Ngb-pt-0177-vol-02-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-100-199/ngb-pt-0177-text.docx.wiki to Ngb-pt-0177-vol-02-text) |
Latest revision as of 08:20, 20 March 2020
Front
Body
དཔོན་རྡོ་རྗེ་གྲོ་ལོད་རྩལ་དང་། ལོ་ཙྭ་བ་ཞང་དྲུང་གིས་འགྱུར།། །། རྒྱ་གར་སྐད་དུ། སརྦ་ཏ་ཐུ་ག་ཏྭ་རཀྟ་རྭ་ག་ཏན་ཏྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རཀྟ་དམར་གྱི་རྒྱུད་ཅེས་བྱ་བ། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཀུན་ཏུ་བཟང་མོའི་བྷ་ག་ཡངས་པའི་ཀློང་ན། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་དང་། ཡུམ་ཀྲོ་དྷི་ཤཱ་རྡི་མ་དང་། སྣུརྙ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཧེ་རུ་ཀ་དང་། ཀརྨ་ཧེ་རུ་ཀ་དང་། སྟུརྙ་ཀྲོ་དྷི་ཤྭ་རྡི་མ་དང་། རཏྣ་ཀྲོ་དྷི་ཤྭ་རྡི་མ་དང་། པདྨ་ཀྲོ་དྷི་ཤྭ་རྡི་མ་དང་། ཀརྨ་ཀྲོདྷི་ཤྭ་རྡི་མ་དང་།གཉི་སུ་མེད་པ་ཐུགས་ལས་བྱུང་བའི་འཁོར་གོ་རི་མ་དང་། སིང་ཧ་མ་དང་། སྒོ་མ་དང་། དབང་ཕྱུག་མ་དང་། མཁའ་འགྲོ་མ་དང་། ཤུགས་འགྲོ་མ་དང་། གིང་དང་ལང་ཀ་དང་། ལས་ཀྱི་དབང་མོ་དང་། འབར་མ་དང་། མ་བདུན་དང་། སྲིང་བཞི་དང་། ཕོ་ཉ་དང་། མ་མོ་ནག་མོ་ཁྲག་གཤོག་མ་དང་། ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་འདུས་ནས་འདི་སྐད་ཅེས་གླེང་ངོ་། །སྟོན་པ་ཁྲག་ངཐུང་རྒྱལ་པོ་ལགས། །་༡ན་མོངས་ཆགས་པ་རྩད་གཅོད་ལ། །ཁྲག་གི་སྦྱོར་ཀ་མི་འཚལ་ལམ། །ཁྲག་ཅེས་བྱ་བའི་དོན་ཅི་ཞིག །དཔའ་བོ་ཆེན་པོས་གསུང་དུ་གསོལ། བཀའ་སྩལ་པ། ཉོན་ཅིག་ཆགས་པ་རལ་པ་ཅན། །སྐྱེ་འགྲོ་ཁྲག་གི་རང་བཞིན་ཡིན། །སྣོད་བཅུད་ཁྲག་གི་རང་བཞིན་ཡིན། །ཁམས་གསུམ་ཁྲག་གི་རང་བཞིན་ཡིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ཁྲག་ལས་མ་སྐྱེས་གང་ཡང་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །ཁྲག་ལས་མ་སྐྱེས་གང་ཡང་མེད། །ཐམས་ཅད་ཁྲག་གི་རང་བཞིན་ནོ། །རཀྟ་དམར་གྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས་འདི་སྐད་ཅེས་གླེང་ངོ་། །དེ་ལ་རཀྟའི་ངོ་བོ་གང་ཞིག་ལགས། །རཀྟའི་ངེས་ཚིག་གང་ཞིག་ལགས། །རཀྟའི་རྣམ་གྲངས་དུ་རུ་ངེས། །རཀྟའི་འབྱུང་ཁུངས་ཇི་ལྷར་ལགས། །རཀྟའི་ལྟ་བ་གང་ཞིག་ལགས། །རཀྟའི་སྤྱོད་པ་ཇི་ལྟ་བུ། །རཀྟའི་དབང་ནི་གང་གིས་བགྱི། །རཀྟའི་ཕྲིན་ལས་ཇི་ལྟ་བུ། །རཀྟའི་དམ་ཚིག་ཇི་ལྟ་བུ། །རཀྟའི་དཀྱིལ་འཁོར་གང་དག་ལགས། །རཀྟའི་མཆོད་པ་ཇི་ལྟ་བུ། །རཀྟའི་འབྲས་བུ་གང་དག་ལགས། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཉོན་ཅིག་ཆགས་པ་རལ་པ་ཅན། །རཀྟའི་ངོ་བོ་ཆགས་པ་ཡིན། །ཐམས་ཅད་རག་པས་རཀྟ་ཡིན། །རཀྟའི་རྣམ་གྲངས་གསུམ་དུ་ངེས། །རཀྟའི་འབྱུང་ཁུངས་གསང་ཡུམ་བཞི། །སྣང་སྲིད་རཀྟར་བལྟ་བས་ལྟ་བ་ཡིན། །སྤྱོད་པ་ཆགས་པ་དག་པ་ཡིན། །རཀྟའི་དབང་ནི་ཕྱི་ནང་རྣམ་པ་གསུམ། །ཕྲིན་ལས་ཞི་རྒྱས་དབང་དྲག་བཞི། །རཀྟའི་དམ་ཚིག་དམར་ཆེན་ཁྲག་གིས་བཟུང་། །མཆོད་པ་དུས་བཞི་འདུ་འབྲལ་མེད། །སྒྲུབ་པ་ཐུན་མོང་ཁྱད་པར་ཡིན། །འབྲས་བུ་སྐུ་དང་ཡེ་ཤེས་ཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་ཉན། །དུས་གསུམ་བདེ་གཤེགས་བྱིན་གྱིས་བརླབ། །གཟུངས་མ་བྲན་འཁོར་དབང་དུ་འདུ། །དགྲ་བགེགས་འབྱུང་པོ་འདར་ཞིང་སྐྲག །རཀྟ་དམར་གྱི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས་ཞུས་པ། སྟོན་པ་ཁྲག་འཐུང་རྒྱལ་པོ་ལགས། །རཀྟའི་ཁུངས་ནི་ཇི་ལྟར་ལགས། །ཉོན་ཅིག་ཆགས་པ་རལ་པ་ཅན། །རཀྟ་ཅེས་ནི་གྲགས་པ་ནི། །གཞི་ཡི་རཀྟ་འབྱུང་བ་ཆུ། ཁུ་ཡི་རཀྟ་པདྨའི་ཁྲག །རིགས་ཀྱི་རཀྟ་སྣང་མཐའ་ཡས། །འབྲས་བུའི་རཀྟ་ཙིཀྟའི་ཁྲག །གྲངས་ཀྱི་རཀྟ་སུམ་ཅུ་ལྔ། །ས་ཡི་རཀྟ་ལྔ་དང་ཤིང་གི་རཀྟ་ལྔ། །མེ་ཏོག་རཀྟ་ལྔ་དང་རྩི་ཡི་རཀྟ་ལྔ། །སྲོག་ལས་བྱུང་བའི་རཀྟ་ལྔ། །སྨན་གྱི་རིགས་ཀྱི་རཀྟ་ལྔ། །འབྲས་བུའི་རཀྟ་ལྔ་ཞེས་སོ། །སའིརཀྟ་ལྔ་ནི། བཙག་དང་ལི་ཁྲི་དམར་པོ་དང་། །ལྡོང་རོས་དམར་པོ་མཚལ་དང་ནི། །རྡོ་དྲེག་དམར་པོ་ལ་སོགས་ལྔ། ཁེང་གི་རཀྟ་ལྔ་ལ་ཀུན་ཏུ་ར། །གོ་ཤིཁོ་དང་ཙསྡོན་དམར། །འདའ་མུར་དམར་པོ་བཙོད་དང་ནི། །ཉི་ཙ་པ་ཙ་པ་ཏ་པ་ཏ། །རྒྱ་སྐྱེགས་དང་། མེ་ར་དམར་པོ་འོམ་བུ་དང་། །ཀཎྜཀ་རི་དམར་པོ་སེང་ལྡེང་ལྔ། །མེ་ཏོག་རཀྟ་རྣམ་ལྔ་ནི། རྟག་བརའདིདཔྱད། །ཧ་ལོ་ཀྲི་ཡང་སེ་བའི་མེ་ཏོག་དང་། །འོག་ཆུ་ཧ་པུཥ་བ་ཨུག་ཆོས། །ལེང་ལེང་ཧའི་པུཥ་པ་མེ་ཏོག་ལྔ། །དམར་པོ་མྱུ་གུའི་པུ༩་པ་སྲད་མའི་མེ་ཏོག་དང་། །ཤིང་ཏའི་པུཥ་པ་ལུག་རུ་དམར་པོའི་མེ་ཏོག་དང་། །རྩིའི་རཀྟ་རྣམ་ལྔ་ནི། །ཚངས་པའི་རཀྟ་སྐྱུ་རུ་ར། །ཨ༷་ལིཀ་ཟླ་བའི་རཀྟ་དང་། །ཉི་མའི་རཀྟ་ལྟ་བུ་དང་། །སྡེལ་ཧི་རཀྟ་རྒུན་འབྲུ་དང་། །ཁྱབ་འཇུག་རཀྟ་འབྲམ་ཏ་ལ་ལྔ། །འབྲས་བུའི་རཀྟ་རྣམ་ལྔ་ནི། ཁེང་གི་ལྷ་མོའི་རཀྟ་སྣ་མའི་འབྲས་བུ། ནགས་ཀྱི་ལྷ་མོའི་རཀྟ་རམ་བུ་དང་། །རྩིའི་ལྷ་མོའི་རཀྟ་ནི་སྤྲིན་དང་ནི། སྨན་གྱི་ལྷ་མོའི་རཀྟ་བུ་རམ་དང་། སའི་ལྷ་མོའི་རཀྟགྲོ་མ་དང་། འབྲས་བུའི་རཀྟ་ལྔ་ཞེས་པ། མ་ཧྭ་པདྨའི་རཀྟ་དང་། །ནཱ་ས་གཡས་ཀྱི་རཀྟ་དང་། །བྱིའུ་འབར་མའི་རཀྟ་དང་། །གདང་བྱིན་རཀྟ་ལ་ཡང་རུང་། །འབྲསབུཙིཀྟའིརཀྟདང། །ཁ་སྦལ་ཁུ་ཧི་སྦལ་པ་ནག་པོའི་རཀྟ་དང་། འདིབར།རྩ་བ་བརྒྱད་ནི་སྦས་པ་ནང་གི་བཞི། །མངོན་པ་ཕྱི་ཡི་བཞི་དང་བརྒྱད། །ཡབ་ཀྱི་ནཱ་ས་གཡས་ཀྱི་ཁྲག །ཡུམ་གྱི་པདྨའི་རཀྟ་དང་། །འབྲས་བུ་ཆེན་པོ་བསྒྲལ་བའི་ཁྲག །རྩ་ཁྲག་རཀྟ་མྱུ་ལ་བཞི། །གླང་པོ་མ་ཧེ་སྟག་དང་ནི། །ཙིསྟ་མཆོག་གི་ཁྲག་དང་བརྒྱད། །རཀྟ་དམར་གྱི་རྒྱུད་་ཐས། རཀྟའི་རྣམ་གྲངས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས་ཞུས་པ། རཀྟའི་རྣམ་གྲངས་དེ་ལགས་ན། །རཀྟའི་འབྱུང་ཁུངས་ཇི་ལྟར་ལགས། །ཞེས་གསོལ་པས། དཔལ་ཁྲག་འཐུང་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །མེ་ཏོག་རཀྟ་ལྔ་ལ།ཧ་ལོ་ཨུག་ཆོས་ཁ་བྱེད་ལ་མ་བུ་མེ་ཏོག་ཨུཏྲུལ་དང་ལྔ། སའི་རཀྟ་ལྔ་ལ། མཚལ་ཅོག་ལ་མ་དང་། ལི་ཁྲི་དང་། ལྡོང་རོས་དང་། ས་རམ་དང་། བཙག་དང་ལྔའོ། །འབྲས་བུའི་རཀྟ་ལྔ་ལ་རྒུན་འབྲུ་དང་། བ་མཁལ་དང་། བུ་རམ་དང་། སྟར་བུ་དང་། ཁ་གསལ་བྲེ་བོ་དང་ལྔའོ། །རྩ་བའི་རཀྟ་ལྔ་ལ། ར་མོ་ཤག་རྩ་བ་དང་། ཉེ་ཤིང་རྩ་བ་དང་། རམ་བུའི་རྩ་བ་དང་། རྙ་ལོའི་རྩ་བ་དང་། ལྕ་བའི་རྩ་བ་དང་ལྔའོ། ཁྲེང་གི་རཀྟ་ལྔ་ལ།སེང་ལྡེང་དང་། སྟར་བུ་དང་། ཁ་གསལ་བྲེ་བོ་དང་། ཤེལ་ཤིང་ནག་པོ་དང་།འོག་ཏུ་ཤངར་ཤང་བྱུང་། སྲེ་ཤིང་སྣ་མ་ལྔའོ། །རྡོའི་རཀྟ་ལྔ་ལ། མེ་ཤེལ་དང་། ཆུ་ཤེལ་དང་། མཆོང་རྡོ་མེ་འབྱིན་དང་། རྡོ་བྲ་མཚལ་དང་། མཚལ་ཁ་དང་ལྔ་ལ་བྱ། དེ་ཀུན་གྱི་ཁུངས་ནི། དང་པོ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས། མ་མོ་བྷ་ག་ཧྲི་ཏི་མ་དེས་སྲིད་རྩེ་ལྷ་གནས་མན་ཆད་ནས། ན་རག་དམྱལ་ཁམས་ཡན་ཆད་ཀུན། ཐུགས་རྗེས་མ་བཟུང་བ་གཅིག་ཀྱང་མེད་དེ། མ་མོའི་རྒྱལ་མོ་ཨེ་ཀ་ཛུ་རྟི་མ་བྱུང་སྟེ། དེ་ལས་ཁྲག་དྭངས་སྙིགས་གསུམ་དུ་ཕྱེས་ཏེ། དྭངས་མ་ལས་སངས་རྒྱས་བྱང་ཆུབ་སེམས་དཔའ་བསྐྱེད། བར་མ་ལས་ལྷ་དང་མི་བསྐྱེད། ཐ་མ་ལས་ངན་སོང་གསུམ་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་ཆེན་པོའི་དཔྲལ་བའི་དབྱིངས་ནས། སྨེ་བ་དམར་པོ་གཅིག་ཕྱུང་སྟེ། སྨེ་བ་དེའི་ནང་ནས་གསང་བའི་ཡུམ་བཞི་ཕྱུང་སྟེ། མཁའ་ལ་གཤོག་གཅིག་མ་ནི་ནམ་མཁའི་དབྱིངས་སུ་རྒྱུ། གཙུག་ན་རལ་གཅིག་མ་ནི་དཔལ་ཆེན་པོའི་དཔྲལ་བའི་དབྱིངས་ན་བཞུགས་སོ། །གླིང་བཞི་དྲག་མོ་རྒྱལ་ནི་ཀུན་ཏུ་རྒྱུའོ། །མཁའ་ལ་གཤོག་གཅིག་མ་ལས་ནི། མེ་ཏོག་གི་རཀྟ་ལྔ་བྱུང་སྟེ། ཁུད་བྱེད་ལམ་དུ་དཔྱིད་སྐྱེ། ཨུག་ཆོས་དབྱར་སྐྱེ། ཨུད་པ་ལ་སྟོན་སྐྱེ། ཧ་ལོ་དགུན་སྐྱེ། མེ་ཏོག་རྒྱ་སྐྱེགས་ཁ་ཐམས་ཅད་དུ་སྐྱེའོ། །གཙུག་གི་རལ་གཅིག་མའི་རཀྟ་ལྔ་ནི། རྩ་བའི་རཀྟ་ལྔ་སྟེ། ར་མོ་ཤག་དང་ཉེ་ཤིང་རམ་བུ་ལྕ་བ་རྙ་ལོའི་རྩ་བ་ལྔའོ། །དབྱིངས་ཀྱི་རལ་གཅིག་མའི་རཀྟ་ལྔ་ནི། རྡོའི་རཀྟ་ལྔ་སྟེ། མེ་ཤེལ་དམར་པོ་དང་། ཆུ་ཤེལ་དམར་པོ་དང་། མཆོང་རྡོ་མེ་འབྱིན་དང་། རྡོ་བྲ་མཚལ་དང་མཚལ་ཁ་དང་ལྔའོ། །གླིང་བཞི་དྲག་མོ་རྒྱལ་གྱི་རཀྟ་ལྔ་ནི། འབྲས་བུའི་རཀྟ་ལྔ་སྟེ། དཔྱིད་ཆུ་བོའི་གཞུང་ལ་འཕྱོ་ཞིང་རླུད་ནག་འཅོས་མའི་སྣ་འདྲེན་པའི་དུས་ན། རཀྟ་བབས་པ་ནི། ཁ་གས་པ་བྲ་བོ་ཏེ་དཔྱིད་སྨིན་ནོ། །དབྱར་གྱི་རིང་བར་སྣང་མཁའ་ལ་གནས་ཏེ། ཞལ་ནས་བདུད་རྩིའི་ཆར་པ་འབེབས་པའི་དུས་ན་རཀྟ་བྱུང་བ་ནི་རམ་བུ་སྟེ་དབྱར་སྨིན་ནོ། །སྟོན་གྱི་རིང་རི་རབ་ཟོམ་ལ་གནས་ཤིང་ལོ་ཐོག་ཀུན་གྱི་བཅུད་ལེན་པའི་དུས་ན།རཀྟ་བྱུང་བ་ནི་སྟར་བུ་སྟེ་སྟོན་སྨིན་ནོ། །དགུན་རྒྱ་མཚོའི་གཏིང་ན་གནས་ཤིང་ཀླུ་རྣམས་ཀུན་དང་སྦྱོར་བ་མཛད་པའི་དུས་ན། རཀྟ་འབབ་པ་ནི་རྒུན་འབྲུ་སྟེ་དགུན་སྨིན་ནོ། །དུས་ཐམས་ཅད་དུ་སྨིན་པ་ནི་གཙུག་གི་རལ་གཅིག་མའི་རཀྟ་སྟེ་ལྔའོ། །སའི་རཀྟ་ལྔ་ལ། མཚལ་ཅོག་ལ་མ་ནི་ཡུམ་ཀྲོདྷི་ཤྭ་རྡི་མའི་རཀྟའོ། །ལི་ཁྲི་ནི་དྲང་སྲོང་སྐར་མ་ལ་དགའ་བའི་རཀྟའོ། །ལྡོང་རོས་ནི་གནོད་སྦྱིན་གསང་བའི་རཀྟའོ། །ས་དམར་པོ་ནི་ལྷ་མོ་ནག་མོའི་རཀྟའོ། །བཙག་ནི་རྒྱ་ཟ་ལྡོང་བུའི་གསང་བའི་རཀྟའོ། །དེ་ལ་ཤིང་གི་རཀྟ་ལྔ་ནི། ཙསྡོན་དམར་པོ་ཀུན་ཏུ་བཟང་མོའི་རཀྟའོ། ་རྐོར་ཤིང་སྤྲེའུ་ཧ་ནུ་མནྟྲའི་ཡིན། སྲི་ཤིང་སྣ་མ་ནི་ལྷ་ཚེ་རིང་གི་ཁྲག་ཡིན།མཛོ་མོ་ཕྲ་མེན་མ་སྨད་འཚོང་མའི་ཁྲག་ཡིན་ནོ། །རཀྟ་དམར་གྱི་རྒྱུད་ལས། རཀྟའི་འབྱུང་ཁུངས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསོལ་པ། རཀྟའི་བྱུང་ཁུངས་དེ་ལགས་ན། །རཀྟའི་བསྡུ་ཐབས་ཇི་ལྟར་ལགས། །སྟོན་པ་ཁྲག་འཐུང་བཤད་དུ་གསོལ། །ཉོན་ཅིག་ཆགས་པ་རལ་པ་ཅན། །བརྐོ་བའི་དུས་ནི་འདི་ལྟ་སྟེ། །སྟོན་ཟླ་ར་བའི་ཉ་གསུམ་ལ། །བརྐོ་བའི་དུས་ནི་དེ་ལ་བསྟན། །སྟོན་ཟླ་ར་བ་ནམ་ཟླ་དུས་བཞིའི་ནང་ན་གཉན། །བཅོམ་ལྡན་དེ་ཉིད་དེ་ན་བཞུགས་པ་ལ། །གཞན་གྱི་དུག་ཐུལ་མི་ཐུབ་པས། །སྨན་བཅུད་ཐམས་ཅད་གཅིག་ཏུ་འདུས། །དུས་རྣམས་དེ་ལ་བརྐོ་བར་བྱ། །དེ་ཡང་ཤིན་ཏུ་གཉན་པས་ན། །བརྐོ་བའི་ཚེ་ཡང་མཎྜལ་བྱ། །ཙསྡོན་དམར་པོས་དེ་ལ་བྱུགས། །སྣང་བ་མཐའ་ཡས་སྤྱན་དྲངས་ལ། །མཆོད་བསྟོད་གཏོར་མ་གཞུང་བཞིན་བྱ། །རྩི་ཡི་ལྷ་མོ་གཤེགས་སུ་གསོལ། །ཨོ་རཀྟ་མྱུ་ལ་པུརྨྱེཔུཛིསྲུ་ཧྭ།ཞེས་པ་བགྲང་ཞིང་བརྐོ་བྱའོ། །ཨོ་ནི་སྐུ་ལྔ་ཡེ་ཤེས་ལྔ། །རཀྟ་ཆགས་པའི་རང་བཞིན་ལ། །མྱུ་ལ་རྩ་བའི་དངོས་གྲུབ་སྩོལ། །པྲརྨྱེཔུརྗེབསོད་ནམས་ཀྱི། །ཚོགས་ནི་ཟད་པར་མི་ཤེས་པས། །དེ་ལྟར་བཟླས་ལ་བརྐོ་བའོ། །སྲུ་ཧྭ་ཞི་བ་ཆེན་པོའོ། །དངོས་གྲུབ་མྱུར་དུ་སྩོལ་ཅིག་པའོ། །རཀྟ་མྱུ་ལ་ཁྲག་གི་ཉུང་མ་ཞེས། །མང་ཡུལ་ཁྲི་བབས་བོད་ཡུལ་གྱི། །གླང་ཐང་སྒྲོལ་མའི་གནས་སུ་སྐྱེ། །འདི་ཡང་སྲིད་པའི་རཀྟ་ཡིན། །མེ་ཏོག་རཀྟ་དུས་གཅིག་བཏུ། །འབྲས་བུའི་རཀྟ་དུས་བཞིར་བཏུ། །རྩི་ཡི་རཀྟ་ངེས་པ་མེད། །རཀྟ་དམར་གྱི་རྒྱུད་ལས། །རཀྟ་བཏུ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས་ཞུས་པ། རཀྟ་བསྡུ་བ་དེ་ལགས་ན། །རཀྟ་སྒྲུབ་པ་ཇི་ལྟར་ལགས། །ཁྲག་འཐུང་ཆེན་པོས་བཤད་དུ་གསོལ། །ཉོན་ཅིག་ཆགས་པ་རལ་པ་ཅན། །ཡིད་འོང་བར་ཆད་མེད་པའི་གནས། །ཡང་ན་ཞི་རྒྱས་དབང་དྲག་བཞི། །ཕུན་སུམ་ཚོགས་པ་ལྡན་པ་སྲ །ས་ཡི་བྱ་བ་ཀུན་རྫོགས་ནས། །བསོད་ནམས་ཚོགས་གསོག་མཆོད་སྦྱིན་བྱ། །ཕྱི་ནང་བར་ཆད་བསལ་ནས་ཀྱང་། །ར་བ་གུར་གྱིས་མཚམས་བཅད་ནས། །སྟེགས་བུ་མདའ་གང་གྲུ་བཞི་ལ། །བདུད་རྩི་ལྔ་ཡིས་སྐྱང་ནུལ་བྱ། །ཡང་ན་ཁྲག་ཆེན་བྱུག་པར་བྱ། །ཐིག་གདབ་ཚོན་རྣམས་རིམ་པར་དགྱེ། །ཕོ་ཐོད་མོ་ཐོད་ཁ་སྦྱར་དུ། །རཀྟ་སྣ་ཆོགས་འབྱོར་པར་བསགས། །དཀྱིལ་འཁོར་རྣམ་གསུམ་བསྐྱེད་བྱས་ནས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་བསྟིམ། །མཆོད་དང་བཟླས་པ་སྔོན་དུ་དབྱུང་། །རབ་འབྲིང་ཐ་མའི་རྟགས་ཐོན་ནས། །བསྒྲུབ་པ་ཆེན་པོ་བརྩམ་པར་བྱ། །རཀྟ་དབང་གི་དཀྱིལ་འཁོར་བསྐྱེད། །རཀྟ་ཐུན་མོང་ལས་བརྒྱད་རྫོགས་པར་སྦྱར། །བཟླས་པ་མཐར་དབྱུང་བཤགས་བསྟབ་བྱ། །དངོས་གྲུབ་ཅི་རིགས་བླངས་བྱས་ནས། །དབང་བསྐུར་བྱིན་རླབས་ཁྱད་པར་ཅན། །རིགས་ཀྱི་བུ་མཆོག་དེ་ལ་སྤྱིན། །དེ་དག་བསྐུར་བའི་སློབ་དཔོན་ལ། །ཡོན་མཆོག་དད་པས་དབུལ་བར་བྱ། །ལྷག་མས་མཁའ་འགྲོ་བསྐྱང་བ་དང་། །ཟ་ལམ་བསྟན་དང་སྦྱིན་སྲེག་བྱ། །མི་ཟད་གཏེར་སྦ་སྨོན་ལམ་བཏབ། །དཀྱིལ་འཁོར་བསྡུ་ཞིང་སྤྱོད་ལམ་བྱ། །རཀྟ་དམར་གྱི་རྒྱུད་ལས། སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས། རཀྟའི་སྒྲུབ་པ་དེ་ལགས་ན། །རཀྟའི་དམ་ཚིག་ཇི་ལྟར་ལགས། །ཉོན་ཅིག་ཆགས་པ་རལ་པ་ཅན། །རྒྱས་པར་དམ་ཚིག་འབུམ་སྡེ་ཡང་། །རྩ་བའི་དམ་ཚིག་ཉི་ཤུ་བརྒྱད། །བསྡུས་པས་རྩ་བ་གསུམ་དུ་གསུངས། །མི་འདའི་ཕྱིར་ན་དམ་ཚིག་སྟེ། །རྡོ་རྗེ་སློབ་དཔོན་གཙོ་ཉིད་དང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལུས་དང་སྲོག་ལ་བབ་གྱུར་ཀྱང་། །ཞེ་སྡང་མནར་སེམས་མི་བསྐྱེད་དོ། །ལུང་དང་ལྡན་པའི་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་སློབ་མ་ལ། །ཡི་དམ་གསལ་བའི་ལྷ་ཕོག་ནས། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཐུན་མོང་མ་ཡིན་གསང་ཆེན་ནི། །མན་ངག་གཞན་དུ་སྤེལ་མི་བྱ། །མན་ངག་གཞན་དུ་མ་སྤེལ་ཅིག །གསང་བཅུ་གཞན་ལ་མ་སྨྲ་ཞིག །སྦྱོར་སྒྲོལ་མ་བྱིན་ལེན་དང་རྫུན་དུ་སྨྲ། །ཚིག་བརླང་ལ་སོགས་ཉོན་མོངས་ལྔ། །འགྲོ་དོན་བཀའ་གཞུང་བཞིན་དུ་སྤྱད་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཉོན་མོངས་ལྔ། །རིགས་ལྔའི་རང་བཞིན་ཡིན་པར་ཀུན་གྱིས་སྤྱད། །དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་དང། །མདངས་ཆེན་ལ་སོགས་དམ་རྫས་ལྔ། །ཐེ་ཚོམ་མེད་པར་ཀུན་གྱིས་སྤྱད། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རྣམ་ཤེས་ལྔ་དང་ཡེ་ཤེས་ལྔ། །ཡབ་ཡུམ་ལྔ་ལ་སོགས་པར་སྦྱོར་ཞིང་ཤེས། །རྡོ་རྗེའི་རིགས་དང་དེ་བཞིནགཤེགསཔའིརིགས། །རིན་ཆེན་པདྨ་ལས་ཀྱི་རིགས་ལ་སོགས། །བསྒྲུབ་པར་བྱ་བའི་དམ་ཚིག་མཐའ་རུ་དབྱུང་། །བསྲུངས་པའི་ཡོན་ཏན་བསམ་མི་ཁྱབ། །ཉམས་པའི་རྣམ་སྨིན་བསམ་མི་ཁྱབ། ཁེས་པར་བྱས་ལ་ཀུན་གྱིས་སྤྱད། །ཚེ་འདི་ཉིད་ལ་སངས་རྒྱའོ། །རཀྟ་དམར་གྱི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས། ཁྲག་འཐུང་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། །དམ་ཚིག་སྲུང་ཐབས་དེ་ལགས་ན། །དབང་གི་རིམ་པ་ཇི་ལྟར་ལགས། །ཁྲག་འཐུང་རྒྱལ་པོས་བཀའ་སྩལ་པ། །ནུབ་རི་མཐོ་ལ་ཤར་རི་གཞོལ། །ལྷོ་རི་བྱང་རི་སྤོ་ནས་སྐྱོར། །ཧྲད་ཧྲོད་སྒང་གཤོང་མེད་པའི་གནས། །ཆུ་བྲན་སྣ་ཚོགས་འབབ་པ་ལ། །མེ་ཏོག་ཤིང་རྩི་སྣ་ཚོགས་སྐྱེ་གནས་སུ། །ས་ཡི་བྱ་བ་ཀུན་བྱས་ནས། །བར་གཅོད་བགེགས་རྣམས་བསལ་བྱས་ཏེ། །གྲོགས་མཆོག་མཚན་ལྡན་བཙལ་བྱས་ནས། །རྫས་དང་ཡོ་བྱད་ཁྱེར་ནས་སུ། །ཡོན་ཏན་བརྒྱད་ལྡན་བླ་མ་ལ། །སྐྱོན་དྲུག་སྤངས་པའི་སློབ་མ་ཡིས། །རབ་ཏུ་ཡིད་འཐད་རབ་ཏུ་འབུལ། །དཀྱིལ་འཁོར་རིམ་བཞིན་བརྩིགས་ནས་ནི། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །ཐིག་བཏབ་དཀྱིལ་འཁོར་བྲིས་ནས་ཀྱང་། །དབང་རྫས་རིམ་པར་བཀོད་ནས་ཀྱང་། །བྱིན་བརླབ་གཞུང་བསྲང་བསྙེན་པ་བཟླས། །བདུན་འབུམ་ཉི་ཁྲི་སྔོན་དུ་སོང་། །རབ་འབྲིང་ཐ་མའི་རྟགས་ཐོན་ནས། །བསྒྲུབ་པ་ཆེན་པོའི་ལས་ལ་འཇུག །དངོས་གྲུབ་ཞལ་ཟས་བསྟར་བྱསནས། །མཚནསྟོནབསྙེན་པ་རྫོགས་པ་དང་། །སློབ་མ་དཀྱིལ་འཁོརནསབཏོནནས། །སློབ་དཔོན་སངས་རྒྱས་བཞུགས་པ་དེས། །དབང་གི་རྫས་རྣམས་ཐོགས་ནས་སུ། །རིགས་ཀྱི་བུ་མཆོག་མངོན་དུ་བཞག །བདེན་བདར་མཚམས་བཅད་བསྒྲག་བཤད་བྱ། །རིམ་པས་དབང་རྣམས་བསྐུར་བར་བྱ། །ཕྱི་ནང་དབང་རྣམས་རྫོགས་པ་དང་། །དབང་རྒྱས་བཏབ་ལ་མན་ངག་བཞིན། །མི་དམིགས་བལྟ་བའི་དོན་ལ་གནས། །རྒྱལ་པོ་རྒྱལ་རིགས་དབང་བསྐུར་བ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན། །རིགས་ཀྱི་བུ་མཆོག་སློབ་མ་དེ། །སངས་རྒྱས་ས་ལ་འཁོར་ལོ་བསྒྱུར། །འཇིག་རྟེན་དབང་ལྟ་སྨོས་ཅི་དགོས། །ཞེས་གསུངས་སོ། །རཀྟ་དམར་གྱི་རྒྱུད་ལས། དབང་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་ཆགས་པ་རལ་པ་ཅན་གྱིས་ཞུསླ་པ། སྟོན་པ་ཁྲག་འཐུང་རྒྱལ་པོ་ལགས། །དབང་གི་རིམ་པ་དེ་ལགས་ན། །དཀྱིལ་འཁོར་རིམ་པ་ཇི་ལྟར་ལགས། །ཁྲག་འཐུང་རྒྱལ་པོས་བཀའ་སྩལ་པ། །སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་། །ཁྲག་འཐུང་རྒྱལ་པོའི་སྐུ་ལ་འདུས། །དབུས་ཞལ་མཐིང་བ་དཔལ་ཆེན་ཉིད་ཀྱི་ཞལ། །གཡས་དཀར་ཁྲོ་མོ་ཀོ་རི་མ། །གཡོན་དམར་ལྷ་མོ་པྲ་མོ་ཧ། །ཕྱག་མཚན་དྲུག༷ ་པོ་ལྷ་མོ་དྲུག །རྒྱན་ཆས་འཁོར་གྱི་ལྷ་རྣམས་ཏེ། །ལྔ་བཅུ་ཐམས་པ་ཚང་བར་བསྒོམ། །གསུང་གི་དཀྱིལ་འཁོར་བསམ་ཡས་ཀྱང་། །ཁྲག་འཐུང་རྒྱལ་པོའི་གསུང་དུ་འདུས། །རུ་ལུ་འབྲུ་བརྒྱད་གསུང་གི་སྔགས། །ཨཱོཾ་ནི་ཡེ་ཤེས་ཁྲག་འཐུང་ལྔ། །རུ་ལུ་གོང་མ་གོ་རི་བརྒྱད། །རུ་ལུ་འོག་མ་སིང་ཧ་བརྒྱད། །ཧུ༷་ནི་ཕྱག་རྒྱ་སྒོ་མ་བཞི། །སྨྱོ་ནི་རྣལ་འབྱོར་ཉི་ཤུ་བརྒྱད། །ཧུ༷་ནི་ཡེ་ཤེས་སེམས་དཔའི་ཐུགས། །བསྙེན་པའི་དཀྱིལ་འཁོར་གསུང་གི་ལྷ། །ཐུགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀྱང་། །ཁྲག་འཐུང་རྒྱལ་པོའི་ཐུགས་ལ་འདུས། །ཡེ་ཤེས་སེམས་དཔའ་ཐུགས་དམ་ལྷ། །སངས་རྒྱས་རྩ་གཉིས་ཐུགས་ཀྱི་དངོས། །ཐིག་ལེ་བྱང་ཆུབ་སེམས་ཉིད་དེ། །བྱ་བཙལ་མེད་པར་ཀུན་ལ་གནས། །འཛིན་ཆགས་མེད་པ་ཐུགས་ཀྱི་མཆོག །མ་འགགས་ཤར་བ་ཐུགས་ཀྱི་རྒྱན། །རང་སར་རྫོགས་པ་ཐུགས་ཀྱི་གནས། །ཞེས་གསུངས་སོ། །རཀྟ་དམར་གྱི་རྒྱུད་ལས། དཀྱིལ་འཁོར་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས་གསོལ་པ།སྟོན་པ་ཁྲག་འཐུང་རྒྱལ་པོ་ལགས། །རཀྟའི་དཀྱིལ་འཁོར་དེ་ལ་ལགས་ན། །རཀྟའི་མཆོད་པ་ཇི་ལྟར་ལགས། །ཉོན་ཅིག་ཆགས་པ་རལ་པ་ཅན། །རཀྟ་བྱིན་གྱིས་བརླབས་པ་ནི། །བན་དྷ་མཚན་ལྡན་སྐྱ་ཡོལ་དུ། །རཀྟ་སུམ་ཅུ་རྩ་ལྔ་ལ། །མཆོག་བསྒྲལ་རཀྟ་ཉི་ཤུ་གཉིས། །ར་ས་ཡ་ན་ལ་སོགས་གསུམ། །སྐྱ་ཡོལ་ནང་དུ་གཅིག་ཏུ་སྦྱར། །ཞེ་སྡང་མ་སྤངས་རྭ་ཏྲེརེ་ཁྲག །མ་ཧྭ་དེ་ཝ་གཏི་མུག་ཁྲག །ཚངས་པ་ང་རྒྱལ་བསྒྲལ་བའི་ཁྲག །འཇོག་པོ་འདོད་ཆགས་བསྒྲལ་བའི་ཁྲག །ཁྱབ་འཇུག་ཕྲག་དོག་བསྒྲལ་བའི་ཁྲག །དུག་ལྔ་བསྒྲལ་བའིཁྲགཆེནཡིན། །རྣམ་ཤེས་ཚོགས་བརྒྱད་རང་རྒྱུདསྤྱོད། །ལྷཆེནབརྒྱདཔོདྲེགས་ཅན་དང་། །མ་ཧྭ་དེ་བ་བིཁྱི་རྭ་ཙ་དང་། །སྙི་གི་རི་ཏི་ཚོགས་བདག་དང་། །དགའ་བྱེད་དབང་ཕྱུག་ཁྱབ་འཇུག་དང་། །སྟོབས་བཟང་གཞོན་ནུ་སྨིན་དྲུག་བསྒྲལ་བའི་རོ། །རྣམ་ཤེས་ཚོགས་བརྒྱད་བསྒྲལ་བའི་ཁྲག །བསྒྲལ་བའི་ཞིང་བཅུ་བསྒྲལ་བའི་ཁྲག །མི་དགེ་བཅུ་པོ་བསྒྲལ་བའི་ཕྱིར། །སངས་རྒྱས་བསྟན་པ་བཤིགས་པ་དང་། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །དབེན་རིགས་གཉེན་པོ་འཇོམས་པ་དང་། །ཞེ་སྡང་མེ་ལྟར་འབར་བ་དང་། །གཏི་མུག་མུན་ལྟར་གཏིབས་པ་དང་། །ང་རྒྱལ་རི་ལྟར་སྐྲུངས་པ་དང་། །འདོད་ཆགས་ཆུ་ལྟར་འབྲུབ་པ་དང་། །ཕྲག་དོག་རླུང་ལྷར་འ་ས་པ་དང་། །བུ་ལྟར་གསོས་ནས་དགྲ་ལྟར་སྡང་། །མི་ཤེས་ཤེས་རྫུ་འདེབས་དང་བཅུ། །བསྒྲལ་བའི་ཁྲག་ནི་བསྟན་པ་གཉེན། །ཁྲག་འཐུང་ཆེན་པོའི་ཏིང་འཛིན་གྱིས། །ར་ལས་རཀྟའི་རྒྱ་མཚོར་བསྐྱེད། ཁྲར་གྱི་རྦ་རླབས་ནུབ་ཏུ་འཕྱོ། །ནུབ་ཀྱི་རྦ་རླབས་ཤརདུ་འཕྱོ། །ལྷོ་ཡི་རྦ་རླབས་བྱང་དུ་འཔྱོ། །བྱང་གི་རྦ་རླབས་ལྷོ་རུ་འཕྱོ། །སྟེང་གི་རྦ་རླབས་འོག་ཏུ་འཕྱོ། །འོག་གི་རྦ་རླབས་སྟེང་དུ་འཕྱོ། ཁྲ་ཆེན་ལྷུ་དུམ་ལང་ལོང་དང་། །ཙིསྟ་ཚིལ་ཆེན་ཆོ་ལོ་ལོ། །རཀྟའི་རླངས་པ་ཕྱུ་རུ་སྲ །དྲི་ཡི་ངད་པ་ཆི་ལི་ལི། །གཟུགས་ཀྱི་ལྷ་མོས་བམ་དབྱུག་འཕྱར། །སྒྲ་ཡི་ལྷ་མོས་རྐང་གླིང་འབུད། །ཡང་ན་བན་དྷ་ཆ་ལང་བརྡེབ། །དྲི་ཡི་ལྷ་མོསགསུརཆེནབསྣམས། །རོ་ཡི་ལྷམོསཤཆེནཐོགས། །རེག་བྱའི་ལྷ་མོས་ཞིང་ལྤགས་གྱོན། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོས་ཚོགས་སུ་རོལ། །རྣལ་འབྱོར་དབང་ཕྱུག་དབྱར་དམ་བསྐང་། །ཁྲག་འཐུང་ཆེན་པོའི་ཐུགས་ཀ་ནས། །བཟླས་པའི་སྙིང་པོ་འདི་བརྗོད་དོ། །རཀྟ་ཛ་ལ་མཎྜལ་ཧུ༷། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །མདོག་དམར་པོ་གང་ལ་རེག་པ་དོན་བྱེད་ནུས་པར་བྱིན་གྱིས་བརླབས་ལ། མཆོད་པའི་རྫས་སུ་གཞག་གོ །རཀྟ་དམར་གྱི་རྒྱུད་ལས།བྱིན་རླབས་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ཆགས་པ་རལ་པ་ཅན་གྱིས། ཁྲག་འཐུང་རྒྱལ་པོ་ལ་ཞུས་པ། རཀྟ་བྱིན་རླབས་དེ་ལགས་ན། །རཀྟའི་མཆོད་པ་ཇི་ལྟར་ལགས། །ཉོན་ཅིག་ཆགས་པ་རལ་པ་ཅན། །ཕྱི་ཡི་དུས་ན་དམར་གྱི་གཏོར་མ་ཡིན། ནངགིབ གསང་བའི་མཎྜལ་ཁྲག་གིས་ཆག་ཆག་གདབ། །ཐིག་གི་དུས་ན་ཡུམ་གྱི་གསང་བའི་ཁྲག །རྫས་རྒོད་དུས་ན་ཡབ་ཀྱི་ནཱ་སའི་ཁྲག །རྟགས་ཀྱི་དུས་ན་ཁྲག་ཆེན་ཐིག་ལེས་མཚན། །དབང་ཆེན་དུས་ན་རཀྟའི་རྒྱ་མཚོར་རླབས། །ཕྱག་མཚན་དུས་ན་བན་དྷ་དམར་གྱིས་བཀང་། །སྤྱན་དྲང་དུས་ན་ཁྲག་འཐུང་འཁོར་བཅས་གཤེགས་སུ་གསོལ། །མཆོད་པའི་དུས་ན་དམར་ཆེན་རྒྱ་མཚོར་སྐྱིལ། །གསོལ་བའི་དུས་ན་རཀྟ་ཁུ་ཧི་བརྗོད། །དབང་གི་དུས་ན་བྱང་སེམས་དཀར་དམར་ཁྲག །ལྷག་མའི་དུས་ན་མཆོད་པ་དམ་རྫས་ཁྲག །བཀའ་ཉན་རོལ་པའི་བུ་མོ་ནི། །རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ། །འདོད་ཅིང་ཆགས་པ་ཆགས་པའི་མཆོག །མཆོད་པའི་རྫས་སུ་བཞུགས་སུ་གསོལ། །རཀྟ་མ་ཧྭ་ས་མ་ཡ་ཏིཛི་ལྷན། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མ་ཧྭ་མྱ༷་ས་རཀྟ་ཨ་མྲི་ཏ་ཁུ་ཧི་ཧ་ཧ་ཧེ་ཧེ། ཨ་ལ་ལ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མཐའ་དག་གདུལ་བྱའི་ཕྱིར། ཁྲ་རུས་ལ་སོགས་བཟའ་བར་བྱའོ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲུ་བ་ཆགས་པའི་རྒྱུད། །དམར་ཆེན་པོ་ནི་རྒྱ་མཚོར་བསྐྱིལ། །མཁའ་འགྲོའི་ཚོགས་བཅས་རྣམས་ལ་རོལ། །མ་ལུས་བཅས་ནས་གཤེགས་སུ་གསོལ། །མ་ཧྭ་རཀྟ་ཁུ་ཧི། མ་ཧྭ་ཙིསྟ་ཁུ་ཧི། གོ་རོ་ཙ་ན་ཁུ་ཧི། ག་ཎ་ཁུ་ཧི། ཙཀྟ་ཁུ་ཧི། བ་སུ་ཏ་ཁུ་ཧི། བ་ལིང་ཏ་ཁུ་ཧི། ཀེང་ནི་རི་ཏི་ཁུ་ཧི། མྱང་ས་ཁུ་ཧེ། བག་ཤུ་ཁུ་ཧི། ཞེས་མཆོད་པའི་ལྷ་མོ་ནམ་མཁའ་གང་བ་དང་། ས་གཞི་གང་བ་དང་། བར་ནང་གང་བས་མཆོད་དོ། །རཀྟ་དམར་གྱི་རྒྱུད་་ལས། མཆོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས་ཞུསཔ། མཆོདཔའིལསནིདེ་ལགས་ན། །ཕྲིན་ལས་རིམ་པ་ཇི་ལྟར་ལགས། །སྟོན་པས་གསུངས་པ། ཉོན་ཅིག་ཆགས་པ་རལ་པ་ཅན། །བཀྲ་ཤིས་ཉམས་དགའ་ཡིད་འོང་དུ། །ཕུན་སུམ་ཚོགས་པ་བཞི་ལྡན་པས། །ཕྲིན་ལས་ཞི་རྒྱས་དབང་དྲག་བཞི། །ཞི་བའི་དཀྱིལ་འཁོར་ཟླུམ་པོ་ལ། །ཙསྡོན་ལྡེ་གུས་ལེགས་བྱུགས་ཏེ། །སྣང་བ་མཐའ་ཡས་འཁོར་བཅས་བཀོད། །ཞི་བའི་མཆོད་པ་རྒྱས་ཕུལ་ནས། ཁྲན་ཏིང་ཀུ་རུའི་སྔགས་བརྗོད་པས། །ནད་དང་གདོན་ཚོགས་ཞི་བར་འགྱུར། །རྒྱས་པའི་དཀྱིལ་འཁོར་གྲུ་བཞི་ལ། །སྲི་ཤིང་ཆུ་ཡིས་ལེགས་བཏབ་ནས། །འབྱུང་ལྡན་འཁོར་བཅས་སྤྱན་དྲངས་ཏེ། །མེ་ཏོག་རཀྟ་ལྔ་ཡིས་མཆོད། །པུཛི་ཀུ་རུའི་སྔགས་བརྗོད་པས། །ཚེ་དང་ལོངས་སྤྱོད་རྒྱས་པར་འགྱུར། །མཎྜལ་ཟླ་ཁམ་ལེགས་པ་ལ། །ལི་ཁྲི་དམར་པོས་ལེགས་བྱུགས་ལ། །འོད་དཔག་མེད་པ་སྤྱན་དྲངས་ནས། །ས་ཡི་རཀྟས་མཆོད་པ་ནི། །ཝ་ཤང་ཀུ་རུའི་སྔགས་བརྗོད་པས། །གཟུངས་མ་བྲན་རྣམས་དབང་དུ་འདུས། །མཎྜལ་ནག་པོ་གྲུ་གསུམ་དུ། །བསྒྲལ་བའི་ཁྲག་གིས་ལེགས་བྱུགས་ནས། །ཁྲག་འཐུང་འཁོར་བཅས་སྤྱན་དྲངས་ཏེ། །འབྲས་བུའི་ཁྲག་གིས་མཆོད་པ་ནི། །མ་བྷ་ནི་ཡི་སྔགས་བརྗོད་པས། གོབསོང །དགྲ་བགེགས་ལ་སོགས་སྨོས་ཅི་དགོས། །རཀྟ་དམར་གྱི་རྒྱུད་ལས། ཕྲིན་ལས་བཞིའི་ལེའུ་སྟེ་བཅུ་གཉིས་པའོ། འདིན་ཀྱངགོཁཤ་བསོང། །ཉོན་ཅིག་ཆགས་པ་རལ་པ་ཅན། །དྲག་པོའི་ཁྲག་ཟོར་སྒྲུབ་པའི་ཐབས། །དྲག་པོ་ལས་ཀྱི་དཀྱིལ་འཁོར་དུ། །ཨེ་ཀ་ལི་ཡིས་དབྱིང་ཕྱུགམམོསཡིནནམ།བསྒྲུབ་པའི་ཟོར། །ཡུལ་མཁར་ཁྱིམ་ལ་ཁྲག་ཟོར་ཡ། །གཟའ་སྐར་ཚོགས་ཀྱི་དཀྱིལ་འཁོར་དུ། །དྲང་སྲོང་དེ་བས་བསྒྲུབ་པའི་ཟོར། །མཆན་གྱི་བུ་སྨན་ཁྲག་ཟོར་ཡ། །གཤིན་རྗེའི་རྒྱལ་པོའི་དཀྱིལ་འཁོར་དུ། །མ་མོའི་ཚོགས་ཀྱིས་བསྒྲུབས་པའི་ཟོར། །བེ་ལུག་སྦུ་ཕྱུགས་ཁྲག་ཟོར་ཡ། །པདྨ་ཧེ་རུའི་དཀྱིལ་འཁོར་དུ། །མ་མོའི་ཚོགས་ཀྱིས་བསྒྲུབ་པའི་ཟོར། །འོག་གི་ནག་མོ་པུས་འགྲོ་མ། །རྒྱུ་ཁྲག་བཅོས་ཤིག་རོ་ཙ་ན། །རླུད་ལྷ་དེ་བའི་དཀྱིལ་འཁོར་དུ། །ཆོས་དབྱིངས་མ་མོས་བསྒྲུབ་པའི་ཟོར། །དམ་ཉམས་དགྲ་བོའི་མགོ་ལག་ཟོར། །བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་མ་གཡོས་བསྒྲུབས་པའི་ཟོར། །དབང་པོས་བཅོས་ཤིག་ད་ར་མ། །སྟེང་གི་ལྷ་ཡི་དཀྱིལ་འཁོར་དུ། །ཕྱག་ན་རྡོ་རྗེས་བསྒྲུབས་པའི་ཟོར། །བདུད་འདུལ་དབང་པོ་ཡོངས་ལ་གཟོར། །བར་སྣང་མི་ཡི་དཀྱིལ་འཁོར་དུ། །པདྨ་ཧེ་རུས་བསྒྲུབས་པའི་ཟོར། །སྲིན་པོའི་གྲོང་ཁྱེར་ཚོགས་ལ་གཟོར། །དམ་ཉམས་སྙིང་ལ་ཙིཏྣ་ཀུ་ཏ་ན། །དང་པོ་ཟོར་གྱི་སྐྱེས་བུ་ནི། །འཕེན་བྱེད་ཆེན་པོའི་དུས་ལ་བབ། །ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ། །དྲི་ཟའི་འཁོར་ལ་མངའ་བརྙེས་པ། །དུང་གི་གླང་པོའི་གདན་སྟེང་ན། །དུང་གི་སྐྱེས་བུ་སྤྱན་གཅིག་པ། །དབུ་ལ་ཤེལ་གྱི་ཞྭ་དཀར་གསོལ། །དངུལ་ཁྲབ་ཞོལ་མོ་འཇོལ་ལེ་འཇོལ། །ཕྱག་ན་ཐོད་པ་ཁྲག་གིས་བསྐང་། །དམ་ཉམས་དགྲ་བོའི་སྙིང་ལ་གཟོར། །ཙ་ཏེ་ཙི་ཏ་ཟོར། ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི། །གཤིན་རྗེ་གྲུལ་བུམ་མངའ་བརྙེས་པ། །ཅང་ཤེས་རྟ་ཡི་གདན་སྟེང་ན། །བསེ་ཡི་སྐྱེས་བུ་དབང་བྱེད་དོ། །དབུ་ལ་རིན་ཆེན་བཞད་གར་གསོལ། །ཆིབས་སུ་གཡུ་ཡི་སྤྱང་ཁུ་ཆིབས། །གཡུ་ཁྲབ་སྔོན་མོ་འཇོལ་ལེ་འཇོལ། །གཡས་ཀྱི་ཕྱག་གིས་གཞུ་བདུངས་ནས། །མཐིང་གི་མདའ་མོ་ལྟོང་སྦྱར་ནས། །ད་ནི་གཟོར་རོ་དགྲ་ལ་གཟོར། །ངག་གི་དབང་པོ་ལྕེ་ལ་གཟོར། །སྨྱོ་ལྕེ་ལ་ཏི་ལྕེ་ཏི་གཟོར། །ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི། །ཀླུ་རྒྱལ་དབང་ཆེན་མངའ་བརྙེས་པ། །རྨ་བྱ་མཛེས་པའི་གདན་སྟེང་ན། །བསེ་ཡི་སྐྱེས་བུ་གདུག་པ་ཅན། །དབུ་ལ་བསེ་ཡི་ལྡན་དཀར་གསོལ། །ཆིབས་སུ་བསེ་ཡི་སྤྱང་མོ་ཆིབས། །བསེ་ཁྲབ་ཁྲ་བོ་འཇོལ་ལེ་འཇོལ། །གཡས་པས་བསེ་ཡི་གཞུ་བདུངས་ནས། །ཟངས་ཀྱི་མདའ་མོ་ལྷོང་སྒུར་ནས། །དེ་ནི་སྡང་བའི་དགྲ་ལ་གཟོར། །གྲོས་ཀྱི་བདུན་ཕུང་སྤྱི་བོར་གཟོར། །གཟོར་རོ་གཟོར་རོ་ཐིལ་གཟོར་རོ། །བྱང་གི་ཕྱོགས་ནས་བསྐུལ་བ་ནི། །གནོད་སྦྱིན་ནག་མོ་མངའ་བརྙེས་མ། །ཞིང་ཆེན་བསྣོལ་བའི་གདན་སྟེང་ན། །ལས་ཀྱི་སྐྱེས་བུ་གདུག་པ་ཅན། །དབུ་ལ་བསེ་ཡི་ཞྭ་གསོལ་པ། །ཆིབས་སུ་གསེར་གྱི་སྤྱང་ཀི་ཆིབས། །གསེར་ཁྲབ་སེར་པོ་འཇོལ་ལེ་འཇོལ། །གཡས་པས་གསེར་གྱི་གཞུ་བདུངས་ནས། །ར་གན་མདའ་མོ་ལྟོང་སྦྱར་ཏེ། །ཉམས་པའི་དགྲ་བོའི་དབུགས་ལ་ཡ། །ཕོག་པར་གྱིས་ཤིག་ཨུ་ཀོ་ཊ། །སྐྱེས་བུ་དེ་ཡི་ཞབས་དྲུང་ན། །སེམས་ཅན་བཞི་ཡི་གདན་གཏིང་ཞིང་། །དུས་བཞིར་སྤྱང་ཀི་བཞི་ཡང་འགྱེད། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །དྲག་པོ་ཡེ་སེང་སྨྱོ་རུ་ལུ་རུ་ལུ། ཞེས་བཟླས་ཞིང་ཕྲིན་ལས་བཅོལ་ལོ། །དུས་ཀྱི་བརྙའི་ནང་དུ་བུད་མེད་ཡུགས་ས་མོའི་ཁྲག་སྒྱུར་ཞིང་དེ་བཟླས། འཕེན་པའི་སྔགས། ཡ་ཡ་ད༷་ད༷་མེ་ཐྲིག །ཨེ་མྱག་མྱག ཐུན་ཐུན། རམ་རམ། མྱོག་མྱོག ཅེས་བྱ་ཞིང་བརྡེག །ལས་དེ་གང་དུ་བྱས་ཀྱང་འགྲུབ་པར་འགྱུར། །གཏོར་མ་ལྷོ་ནུབ་མཚམས་སུ་ནི། །ཀྱི་ལྕེ་ནག་པོ་དབྱི་མོང་དང་། །སྤྱང་ཚེར་དུག་སྣ་སྣ་ཚོགས་དང་། །ཐར་ནུ་ཁྲག་དང་སྦྱར་བཤམས་ལ། །མ་མོ་སེར་ནག་ངས་ནི་མ་ཉེས་སོ། །དམ་ཉམས་ཐལ་བ་བཞིན་དུ་རློགས། །དེ་སྐད་བྱས་ལ་འོ་དོད་འབོད། །ཧྲི༷༷དཔལ་གཏོར་དུག་གི་གཏོར་ཆེན་འདི། །མ་མོ་མཁའ་འགྲོའི་དམ་རྫས་རྟེན། །ཁྲོ་བོ་ཀུན་གྱི་རེ་གནས་ཡིན། །དུར་ཁྲོད་ཀུན་གྱི་གནས་ཉུལ་ནི། །གང་དུ་མངགས་པ་ཐལ་བར་རློགས། །དམ་ཚིག་ཚུལ་བཞིན་མི་གཤེགས་སམ། །མ་མོ་ཆེན་མོ་རལ་གཅིག་མ། །རལ་པའི་ཟར་བུ་གཡས་གཡོན་འཁྱིལ། །ཞལ་ནས་ཁྲག་དང་ཞག་འཛག་མ། །མི་གནས་མཆི་མ་བདུད་རྩི་འབབ། །ལག་ན་དུག་གི་ཕོར་པ་ཐོགས། །འདིའདྲགཅིགཏུམངེས་ཏེ། །མ་མོ་ཀུན་ཀྱངདེབཞིནནོ། །བསྐུལ་ལོ་མཁའ་འགྲོ་མི་བཟད་མ། །དྲག་ཤུལ་ཆེན་པོ་རབ་མཛད་དེ། །གང་དུ་འཕངས་པས་ཕུང་བར་བྱེད། །སྔོན་གྱི་དམ་བཅས་བསྙེལ་མ་རིང་། །ཧུ༷་ཁོན་རྫོང་གི་རིགས་ལ། །དུག་གི་ཕོར་པ་བརྒྱབ་པ་ཡིས། །རྫོང་ཡང་སྒལ་པ་ལིངས་ཀྱིས་བཏང་། །རོལ་པས་སྤྲུལ་ལོ་འདུ་འཕྲོ་ཡིས། །མ་མོ་ཀུན་ཀྱང་འདར་ཞིང་གཡེང་། །ཁྱད་པར་སྤྱན་དམར་མི་བཟད་པ། །གང་དུ་བབ་པ་ཐལ་བར་རློགས། །ཞེས་གསུངས་སོ། །རཀྟ་དམར་གྱི་རྒྱུད་ལས། དྲག་པོ་ཁྲག་ཟོར་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཆགས་པ་རལ་པ་ཅན་གྱིས་ཡང་ཞུས་པ། སྟོན་པ་ཆེན་པོ་རྒྱལ་པོ་ལགས། །ཆགས་པའི་ཟོར་ནི་དེ་ལགས་ན། །ཆགས་པ་རྒྱལ་པོ་ཇི་ལྟར་ལགས། །ཁྲག་འཐུང་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་པ་དང་། ཉོན་ཅིག་ཆགས་པ་རལ་པ་ཅན། སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ། བསྐལ་པ་དགའ་བ་ཞེས་བྱ་བ་ལ། སྟོན་པ་འོད་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་བསྟན་པ་ལ། རྒྱ་གར་གྱི་ཡུལ་འོད་མ་ཅན་ཞེས་བྱ་བ་ན། རྒྱལ་པོ་འོད་སྣང་བ་ཞེས་བྱ་བ་ལ། ཡུམ་པདྨ་ཅན་ཞེས་བྱ་བ། ལོངས་སྤྱོད་ཆེ་བ། མངའ་ཐང་ཆེ་བ། རིན་པོ་ཆེའི་བང་མཛོད་མངའ་བ་ལ། སྲས་མེད་ནས། ཡུམ་བརྒྱ་ཁབ་ཏུ་བཞེས་ནས། གཞན་ལ་སྲས་མ་བྱུང་། ཡུམ་པདྨ་ཅན་ལ་སྲས་གཅིག་འཁྲུངས་པ་ལཡབ་མངའ་ཐང་གིས་མ་ངོམས་ནས། གླིང་བཞི་གླིང་ཕྲན་བཅུ་གཉིས་དང་། དེས་ཀྱང་མ་ངོམས་ནས། སྟེང་ལྷའི་འཇིག་རྟེན་དུ་རིན་པོ་ཆེ་སྣ་བདུན་དངཆསནསགཤེགསཔས། ལྷའི་དབང་པོ་བརྒྱ་བྱིན་ལངས་ནས་ཚུར་སྤྱན་དྲངས་རྒྱལ་པོ་བྱོན་པ་ལེགས་སོ་ཞེས་ཟེར་ནས། སྟན་ཕྱེད་ལ་བདར་རོ། །དེའི་བར་དུ་རྒྱལ་བུས། རིན་པོ་ཆེའི་བང་མཛོད་མངའ་ཐང་དང་ཡུམ་དང་བཅས་པ་ཐམས་ཅད། སྟོན་པ་འོད་བསམ་གྱིས་མི་ཁྱབ་པ་ལ་ཕུལ་ནས་རྒྱལ་བུ་དད་པ་སྐྱེས་ཏེ། དེ་བཞིན་གཤེགས་པའི་དྲུང་དུ་འདི་སྐད་ཅེས་གླེངས་སོ། །ང་བསྟན་པ་འདི་འདས་པའི་འོག་རོལ་དུ། ཨུ་རྒྱན་གྱི་ཡུལ། བྱན་ལག་མཆོང་ཀྱི་རི། ཀོ་ཆུ་བརྩོད་མ་ཐང་དུ་སྲིན་པོའི་གནས་སུ་རྣག་ཁྲག་གི་མཚོ་གསེབ་ན་སྲིན་པོའི་གྲོང་ཁྱེར་སྟོང་ཕྲག་བརྒྱད་ཅུ་ཡོད་པའི་གནས་ན། ཡབ་ཞེ་སྡང་དུག་གི་རལ་པ་ཅན་དང་། མ་འདོད་ཆགས་ཁྲག་གི་རལ་ཅན་དུ། ང་སྲིན་ཕྲུག་ཁྲག་འཐུང་དུ་སྐྱེས་སོ། སྲིད་པ་གསུམ་བརླག་པར་བྱས་སེམས་ཅན་ཕོ་མཐོང་བསད། མོ་མཐོང་སྦྱར་ནས། ཟས་སུ་ཤ་ཁྲག་དང་རུས་པ་འཆའ། སྐོམ་དུ་ཁྲག་གི་རྒྱ་མཚོ་འཐུངས་ཀྱང་མི་ངོམས། ལས་སུ་སེམས་ཅན་ཐམས་ཅད་བསད་ཀྱང་ཟིན་པ་མེད། ཡབ་དང་ཡུམ་ཐམས་ཅད་མནར་མེད་པར་འགྲོ་བར་གཟིགས་ནས། སྲས་ཀྱིས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །ང་འདི་འདས་པའི་འོག་རོལ་དུ། །ཡབ་ནི་ཞེ་སྡང་དུག་གི་རལ་པ་ཅན། །ཡུམ་ནི་འདོད་ཆགས་ཁྲག་རལ་ཅན། །ང་ནི་སྲིན་ཕྲུག་ཁྲག་འཐུང་སྟེ། །ཕ་བསད་མ་ ར་བྱས་ནས་སུ། །འཁོར་གྱི་ལྷ་མོ་བྲན་དུ་བཀོལ། །དུག་ལྔ་ཚོང་ནས་ཕྱུང་ནས་སུ། །ཞེ་སྡང་རུས་པ་ངས་འཆའ་ཡི། འདོད་ཆགས་ཁྲག་ལ་ངས་འཐུང་ཞིང་། །ང་རྒྱལ་ཤ་ཆེན་ངས་ཟ་ཞིང་། །ཕྲག་དོག་རྩ་རྒྱུས་ངས་བལྡད་ཅིང་། །གཏི་མུག་མུན་ནག་ངས་འཇོམས་ཏེ། །མི་དགེ་བཅུ་ལ་གནས་བཅས་ནས། །མི་དགེ་བཅུ་ལ་མ་ཞེན་ཏེ། །བསྒྲལ་བའི་ཞིང་བཅུ་ང་ཡིས་བསྒྲལ། །དུར་ཁྲོད་གནས་བརྒྱད་ང་ཡི་གནས། །མ་མོ་མཁའ་འགྲོ་ང་ཡི་བྲན། །དྲེགས་པ་རྩ་གཉིས་བསྒྲལ་ནས་ཀྱང་། །ཞི་བའི་བཀའ་ལ་མི་ཉན་པ། །དམ་ཉམས་འབྱུང་པོ་དགྲ་དང་བགེགས། །ཡང་དག་དོན་ལ་མི་གནས་པ། །ཐམས་ཅད་བསྒྲལ་བའི་འཇིགས་བྱེད་དེ། །ཡང་དག་དོན་ལ་མོས་པ་ནི། །དེ་ཡི་མགོན་སྐྱབ་བྱེད་པར་ཤོག །ངན་སོང་ལམ་གྱི་སྒོ་བཀག་ནས། །མཐོ་རིས་ཐར་པའི་སྒོ་ཕྱེ་ནས། །ཉམས་པའི་གནས་ནི་བསྒྲལ་ནས་ཀྱང་། །ཞིང་ལྤགས་གཡང་གཞི་སྐུ་ལ་གསོལ། །ཐོད་རུས་རྣམས་ནི་རྒྱན་དུ་བྱས། །འདོད་ཆགས་ཁྲག་གི་རྒྱ་མཚོ་སྐོམ་དུ་འཐུང་། །གཙང་སྨེ་མེད་པར་ཀུན་ཟ་ཞིང་། །སྙིང་རྗེས་སེམས་ཅན་ཀུན་སྒྲོལ་བ། །ཐབས་ཀྱིས་ཀུན་་་་སྦྱར་བྱས་ནས། །དམྱལ་བའི་གནས་ཀྱང་སངས་རྒྱས་ས། །དེ་ལྟ་བུར་ནི་སྐྱེ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །དེ་ནས་དུས་འདས་པ་དང་ཀོ་ཆུ་བརྩོངས་དམར་ཐང་དུ་ཡབ་རྒྱལ་པོ་ནི། ཞེ་སྡང་དུག་གི་རལ་པ་ཅན། ཞེ་སྡང་གི་མེ་འབར། གཏི་མུག་གི་མུན་གཏིབས། ང་རྒྱལ་གྱི་བྲག་འཚེར། འདོད་ཆགས་ཀྱི་ཆུ་བྲུབ། ཕྲག་དོག་གི་རླུ་་འ་ས་པ། མིག་གིས་མཐོང་ཚད་གསོད་པ། རྣ་བས་ཐོས་ཚད་འཇོམས་པ། སེམས་ལ་དྲན་པ་ལ་ལོག་ལྟ་འབའ་ཞིག་ལས་མེད་པ་ཞིག་བྱུང་སྐད། ཁ་ནས་ནད་ཀྱི་ཆར་འབེབས་པ། མིག་ནས་མེའི་བསྐལ་པ་གཏོང་བ། སྣ་ནས་འ་ས་ནག་དང་ས་གཡོས་གཏོང་བ། ཁ་ནས་ཐོག་སེར་འབེབས་པ། མ་རུངས་པ་ཞིག་བྱུང་སྐད། ཡུམ་ཡང་དེ་འདྲ་བ་གསོད་གཅོད་ལ་བརྩི་བ་ཞིག་བྱུང་ངོ་། །ཆུང་མ་བརྒྱ་ཐམ་པ་ཡང་དེ་དང་འདྲ་བ། རྣག་ཁྲག་གི་མཚོ་བསྐྱིལ། ཀེང་རུས་ཀྱི་མཁར་བརྩིགས། ཤ་ཚིལ་གྱི་བྲུངས་བརྩིགས། དྲི་ཆེན་དྲི་ཆུ་དང་། མུང་ས་དང་། སེམས་ཆུ་ལ་སོགས་པ་ཐང་མར་བརྡལ་བ། ཞིང་ལྤགས་ཞིང་ཕྲན་དང་། བུམ་རིལ་དང་། ཁོག་སྟོད་དང་། ཁོག་སྨད་གསུར་ཆེན་གྱི་དྲི་དང་། ཁྱི་བྱ་རོག་སྟག་གཟིག་དང་། ཁྲ་དང་འུག་པ་དང་། གྲོ་རྟེ་དང་། ཁྲ་ཏ་སྤྱང་ཀི་དང་། དྲེད་དང་ཅེ་སྤྱང་དང་། ཀང་ཀ་དང་སེང་གེ་དང་། དེ་ལ་སོགས་པ་གཅན་གཟན་སྣ་ཚོགས་ཀྱིས་སྒྲ་འབྱིན་སྐྱི་གཡའ་བར་གནས་སོ། །དེ་རུ་རྒྱལ་བུས་སྔོན་གྱི་སྨོན་ལམ་དྲན་ནས། དུས་གསུམ་བདེ་བར་གཤེགས་པ་ལ་གསོལ་བ་བཏབ་པས། སངས་རྒྱས་རྣམས་བཀའ་བགྲོས་ནས། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་དབུ་དགུ་ཕྱག་བཅོ་བརྒྱད་པ། ཞབས་དྲུག་བགྲད་པ། སྐུ་མདོག་སྨུག་ནག་པ། མེ་དཔུང་འབར་བའི་དཀྱིལ་ན་དུར་ཁྲོད་ཀྱི་ཆས་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་བྱོན་ནས་རྒྱལ་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་བུ་སྔོན་གྱི་དམ་བཅས་དྲན་ལགས་སམ། བདེ་བར་གཤེགས་པ་བཀའ་བགྲོས་ནས། །ང་ཉིད་འདི་རུ་བྱོན་པ་ཡིན། །ཁྱོད་ལ་དེ་བཞིན་གཤེགས་པ་ཡིས། །ཏིང་འཛིན་འབུམ་ཕྲག་བརྒྱད་ཅུ་དང་། །མཐུ་རྩལ་བསམ་གྱིས་མི་ཁྱབ་པ། །དབང་མཆོག་མཐའ་དག་ཁྱོད་ལ་བསྐུར། །ང་ཡི་ཆས་སུ་ཞུགས་ལ་ནི། །ཏིང་འཛིན་སྤྲུལ་པ་སྣ་ཚོགས་ཀྱིས། །ཕ་མ་དྲེགས་པ་མ་རུངས་པ། །ངན་སོང་དམྱལ་བར་འགྲོ་བ་དེ། །ཏིང་འཛིན་སྤྲུལ་པས་དེ་སྒྲོལ་ལ། །གནས་དང་འཁོར་ལ་སོགས་པ་ཀུན། །ཏིང་ངེ་འཛིན་གྱི་བྱིན་རླབས་ཀྱིས། །བདེ་གཤེགས་སྤྲུལ་པར་བྱིན་གྱིས་རློབས། །ཞེས་གསུངས་སོ། །དེ་ནས་རྒྱལ་བུ་སྲིན་ཕྲུག་དེ་སྔོན་གྱི་ཏིང་འཛིན་ལ་ཞུགས་ནས། ཧཱུཾ་ཧུ༷་ཧུ༷་ཕཊ་ཕཊ་ཕཊ། ཅེས་བརྗོད་པས། ལུས་མ་བོར་བར་སངས་རྒྱས་ནས་དཔལ་ཁྲག་འཐུང་ཧེ་རུ་ཀ །ཞལ་གསུམ་པ། ཕྱག་དྲུག་པ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པ། སྤྲུལ་པ་སྣ་ཚོགས་འགྱེད་པ་ཅིག་བྱུང་ནས། །དེ་བྱུང་བ་དང་ཡབ་ཡུམ་སྐྲག་ནས་བརྒྱལ། འཁོར་རྣམས་ཀྱང་འགྱེལ། དེར་ཁྲག་འཐུང་དེ་ལ། ཧེ་རུ་ཀ་དགུས་གཡས་དང་པོར་རྡོ་རྗེ་རྩེ་དགུ་པ་བྱིན། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར། རིགས་ཀྱི་ཡུམ་རྣམས་ཀྱིས་གཡོན་དང་པོར་དྲིལ་བུ་བྱིན། དྲེགས་པ་ཡབ་ཀྱིས་ཁ་ཊ༷་ག་རྩེ་གསུམ་པ་གཡས་པར་ཚགས་བྱས། ཡུམ་གྱིས་ཕྱག་མཚན་དུང་དམར་འབར་བ་ཚགས་བྱས། ཁམས་གསུམ་ཀུན་ཏུ་ཆོས་ཀྱི་སྒྲ་སྒྲོགས་པའི་རྟགས་སུ་རྔེའུ་ཆུང་བྱིན། རྒྱུད་དྲུག་གྱེན་དུ་འདྲེན་པའི་རྟགས་སུ་རྒྱུ་ཞགས་ཚགས་བྱས། ཉོན་མོངས་པ་འཇོམས་པའི་རྟགས་སུ་མེ་དཔུང་དཀྱིལ་ན་བཞུགས་པས། སྔོན་གྱི་སྨོན་ལམ་གྱིས་དྲེགས་པ་བསྒྲལ་བ་འདི་སྐད་དོ། །ཧུ༷་པྲཙྭ་ཀེ་ཤི་ཙིསྟ་ཛ་ལ་མཎྜལ་ཧུ༷། མ་ཏྲང་རུ་དྲ་ཧུ༷་ཛ་ཞེས་ཡབ་བསྒྲལ་ལོ། །ཡི་གེ་དཔའ་བོ་འབྲུ་ལྔས་རྒྱུད་ལྔའི་ལམ་གྱི་སྒོ་བཀག །ཡ༷་གིས་རིག་པ་སྤར་རོ། །མ་ཡུམ་ཀྲོ་དྷི་ཤྭ་རི་མར་བྱིན་གྱིས་བརླབས་ནས་སྤྱོད་ཡུམ་བྱས་སོ། །ཡུམ་གཞན་པ་བརྒྱ་པོ་ཚེ་འཕོས་ནས་ཀྱང་། ཀོ་རི་བརྒྱད་དང་། སིང་ཧ་མ་དང་། སྒོ་མ་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་། མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། འབར་མ་དང་། མ་བདུན་དང་། སྲིང་བཞི་དང་། མ་མོ་ཁྲག་གཤོག་ཅན་དུ་བྱིན་གྱིས་བརླབས་སོ། །དུར་ཁྲོད་གནས་ནི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་སོ། །མི་གཙང་རྫས་ནི་དམ་རྫས་ལྔ་རུ་བྱིན་གྱིས་བརླབས་སོ། །ཡབ་ནི་ཕྱིར་མི་ལྡོག་པའི་ས་ལ་འཁོད་པར་བྱིན་གྱིས་བརླབས་ནས་བཞག་གོ །ཕ་བསྒྲལ་མ་ལ་སྦྱར། མི་གཙང་སྨེ་བ་ཟས་སུ་གསོལ་བས། སྨེ་བརྩེགས་ཞེས་བྱའོ། །ཡུམ་དང་འཁོར་རྣམས་ཁྲག་འཐུང་གི་ལྷར་སངས་རྒྱས་སོ། །རཀྟ་དམར་གྱི་རྒྱུད་ལས། ཁྲག་འཐུང་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཁྲག་འཐུང་གིས་ཆགས་པ་རལ་པ་ཅན་ལ་འདི་སྐད་བསྟན་་དིའི་ཚེ་་་་ཅི་ཇིརྟེདི་སྙིརྗེང་་གཅིན། །རྒྱུད་འ ་འཆང་བ ་རྣལ་འབྱར་ལ། ། ་དང་པྲ་དང་ར་ལངས་དང་། རྐང་མགྱགས་ལ་སགས་སྨས་ ་དགས། །འ ག་ ན་འ ར་ཡང་བསམ་པ་འགྲུབ། །སྟང་པ་ ང་ འ་རྣལ་འབྱར་བསྒམ། །ཕྱག་རྒྱ་ ག་་ངངཛིཞིཏེ་དྲི་་བྱེནི་་ཞིནཕྱིཞིངསྐྱེདིམིདང་སྤྲས་པ་ཡ། །རག་འ ན་རྣམ་བ ར་སངས་རྒྱས་ ། །ཉན་དང་འཆད་དང་བསྒམ་པ་དང་། །འ ་དང་ཀླག་འདན་ ད་པ་ ། །མ་མ་མཁའ་འགྲ་བྲན་བ ་ཉན། ། ་མར་སངས་རྒྱས་ ་དུ་ ། །འ ་ལ་ ་མོས་མ་སྦྱངས་ན། །ཁྲག་འཐུང་ཆེན་པོས་སྙིང་ཁྲག་འཐུང་། །རྡོ་རྗེ་དམྱལ་བར་གཏན་དུ་འཁོར། །ཆགས་པའི་རལ་ཅན་ཁྱོད་ལ་གཏད། །ཅེས་གསུངས་ནས། དགོངས་པ་མི་དམིགས་པར་གཤེགས་སོ། །རཀྟ་དམར་གྱི་རྒྱུད་ལས། མཐའ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།རཀྟ་དམར་གྱི་རྒྱུད་རྫོགས་སོ། །གྲོ་ལོད་རྩལ་གྱིས་བསྒྱུར་བའོ།། །།