Ngb-pt-0969-vol-10-text: Difference between revisions
m (Move page script moved page /home/ec2-user/Ngb/PT-900-975/ngb-pt-0969-text.docx.wiki to PT-900-975/ngb-pt-0969-vol-10-text) |
m (Move page script moved page PT-900-975/ngb-pt-0969-vol-10-text to Ngb-pt-0969-vol-10-text) |
Latest revision as of 08:01, 20 March 2020
Front
Body
བལྟ་བ་ནི། ཁམས་བདེ་འམ་ཞེས་དྲི་བ་སྟེ། །གཡོན་པ་ལན་དུ་ཤེས་པར་བྱ། །གར་ལ་བསྙེན་པ་གྱེན་དུ་དཀྲོལ། །མཆོད་པ་འབུལ་བའི་བརྡའ་རུ་བཤད། །ལྕེ་ལ་རེག་པའི་ལན་ཚའི་བརྡའི། །པདྨ་རྡོ་རྗེ་ལ་རེག་པ། །སྦྱོར་བ་འདོད་པའི་བརྡའ་ཡིན་ནོ། །བསྐྱེད་པ་དུས་ལ་མ་བབ་བརྡའ། །མཆུ་བསྡམ་སོངས་ཤིག་པ་ཡི་བརྡའ། ཁ་གདངས་མིག་བཟློག་ལྕེ་སྦྱང་བ། །འཇིགས་པར་སྟོན་ཞེས་བྱ་བ་ཡིན། །ཕྲེང་བ་སྟོན་པར་བྱེད་པ་དག །བཟླས་པ་བགྱིས་པར་བསྐུལ་བའོ། །རྫ་རྔ་དྲིལ་བུ་དྲག་བསྐུལ་བ། །བསྐུལ་བར་བགྱིས་པར་སྟོན་པའོ། །ངག་བརྡའ་རྣམ་པར་བཤད་པ་ནི། །ཨ་ཏི་པུ་ཧོ་ཕྱག་གི་བརྡའ། །པྲ་ཏི་པུ་ཧོ་ལན་གྱི་བརྡའ། །ད་ར་གཟུང་མ་ཉིད་ཀྱི་བརྡའ། །དཔའ་བོ་རྣལ་འབྱོར་པ་ཡི་བརྡའ། །ར་ག་ཆགས་པའི་བརྡའ་ཡིན་ནོ། །ཧ་ནི་མཆོད་པ་སྟོབ་པའི་བརྡའ། །ཨ་ཧ་ར་ནི་སྐུ་ལ་གཅིག་པའི་བརྡའ། །ཏྲ་ཏ་ཁྲོལ་གཅིགཔ་ཡི་བརྡའ། །ཚ་ནི་ལན་ཚ་ཞེས་པ་སྟེ། །ཏིཛི་ཧ་ན་སློབ་མ་ཆུག །༼བུ་ཚ་པྱུཙ༽ཧོ་ནི་མཆོད་པ་སྟོབས། །མཧྭ་རྭ་ག་ཆགས་ཆེན་པོ། །ནི་ཚེ་ཞེས་ནི་བྱ་བ་སྟེ། ཁུར་བ་ཟླ་བ་རྒྱས་པ་སྟེ། །ཚད་ནི་དཔའ་བོ་འཇམ་དཔལ་གྲི། །ར་ས་ཡ་ན་བདུད་རྩི་སྟེ། །མཧྭ་མ༷་ས་ཤ་ཆེན་ཡིན། །བྲན་མོ་ཚོད་མའི་བརྡའ་ཡིན་ཏེ། །སྒྱུར་བ་གཡོན་ཅན་མ་ཞེས་བྱ། །མཧྭ་རཀྟ་ཆགས་ཆེན་པོ། །ཧ་ལ་ཧ་ལ་འཇིགས་པར་བགྱིས། །ཏིཛི་བརྟན་པར་གྱིས་ཤིག་གོ །ཨེ་ཧི་ཚུར་སྤྱོན་ཞེས་བྱ་སྟེ། །ཨ་ཧི་ཕར་བཞུད་ཞེས་པའོ། །ས་མ་ཡ་ནི་དམ་ཚིག་བརྡའ། །ས་མ་ཡ་ཧོ་ལ་སོགས་པ་བཞི། །ཆགས་པ་སྤྱོད་པའི་བརྡའ་བཞི་ཡིན། །ཕཊ་ཕཊ་སྤྲོ་བར་བསྟན་པ་སྟེ། །ཧུ༷་ཧུ༷་ཞེས་པ་བསྡུ་བའི་བརྡའ། །མཧྭ་གུ་རྒྱ་གསང་བའི་བརྡའ། །མ་ཧྭ་མ་ར་གསོད་པའི་བརྡའ། །མཧྭ་སྤྲོ་ཊ་ཡམ་ཞེས་བྱ། །སྤོར་ཞིག་པ་རུ་ཤེས་པར་བྱ། ཁུ་ཧི་གསོལ་ཞིག་པ་ཡི་བརྡའ། །བདེ་རིང་ལོངས་པར་བསྟན་པ་སྟེ། །ཛུ་ཧུ༷་ཉོལ་ཞིག་པ་ཡི་བརྡའ། །འདི་ནི་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་དབང་ཕྱུག་ཕོ་དང་མོ། །བརྡའ་སྤྲོད་ལན་དང་བཅས་པ་སྟེ། །དངོས་གྲུབ་བཞི་རུ་ཤེས་པར་བྱ། །དངོས་གྲུབ་བཞིར་གྱུར་རྣལ་འབྱོར་ཚོགས། །བྱ་བའི་ལམ་རྣམས་མཐར་ཕྱིན་ནས། །མཚན་མ་བརྟན་པོ་བྱ་བ་དང་། །འཇིགས་དང་དགའ་བྲོད་ཀུན་སྤངས་ཏེ། །གླུ་དང་གར་དང་རོལ་མོ་དང་། །གཡབ་མོ་གདུང་བའི་དབྱངས་དང་བཅས། །བཤགས་དང་མཆོད་ཅིང་བསྐུལ་བ་སྟེ། །དངོས་གྲུབ་འདོད་པར་གསོལ་གདབ་ཅིང་། །དམ་ཚིག་ཏིང་འཛིན་དྲག་བསྐུལ་བས། །ཐ་མའི་དུས་སུ་ཤེས་བྱ་སྟེ། །རྫས་ནི་སྐུ་ཡི་དངོས་གྲུབ་སྟེ། །རུ་ལུ་འོད་བཅས་གསུང་གི་དོན། །དཔལ་བེའུ་སེམས་དཔའ་ཐུགས་ཀྱི་མཆོག ཁ་ཟས་ལོངས་སྤྱོད་བདུད་རྩི་ཆེ། །དང་པོ་ལྷ་དང་དཔལ་གྱི་དབང་། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི། །གསུམ་པ་མཆེད་ལྕམ་ཡོངས་ཀྱིས་ཏེ། །དུས་གསུམ་མཚན་པ་རོལ་བར་བྱ། །ལྷ་དང་བླ་མ་ཡུམ་གྱི་མཁའ། །བླང་བའི་ཡུལ་དུ་ཤེས་པར་བྱ། །རྫས་དང་བདེ་བ་འཕེལ་བ་དང་། ཤེས་རབ་འཕེལ་བའི་བྱིན་བརླབས་ཆེ། །དབང་དང་གཟི་བྱིན་ལྡན་པ་དང་། །ཏིང་འཛིན་དགོས་པ་དྲོད་དང་ལྡན། །འགྲོ་བ་འདུལ་ཞིང་སྔགས་པ་ཐོབ། །རྫས་དང་ཆོས་ལ་འབྲལ་བ་མེད། །ལམ་མཐར་ཁུལྗོན་མ་ངན༽དུ་མ་གྱུར་ཀྱང་། །ཐུན་མོང་དངོས་གྲུབ་ཐོབ་རྟགས་ཡིན། །གཞན་དོན་རྟགས་ལ་མངོན་དགའ་ཡང་། །རང་དོན་ཉམས་ལ་ལྷུན་གྱིས་གྲུབ།།མྱ་ངན་འདས་ལ་བྲོད་པ་མེད། །འཁོར་བ་འཇིགས་པའི་ཆོས་དང་བྲལ། །ཞེས་གསུངས་པས། །རྡོ་རྗེ་འཛིན་པ་རྡུལ་སྙེད་དང་བཅས་པ་དགྱེས་ཏེ་མངོན་པར་བསྟོད་དོ། །དེ་དག་ཀྱང་རང་བྱུང་གི་ཐིག་ལེ་ཐོག་མ་དང་།ཐ་མ་མེད་པར་ཐིམ་ནས་ཅང་མི་སྣང་བར་གྱུར་ཏོ། །དཔལ་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལས། གསང་བ་ཕྱི་མ་རྣམ་པར་དག་པ་བཀོད་པའི་ལེའུ་སྟེ་སུམ་ཅུ་༼རྩ་༽གཉིས་པའོ།། །།ཧེ་རུ་ཀ་འདུས་པའི་རྒྱུད་ཕྱི་མ་དཔལ་ཧེ་རུ་ཀའི་གལ་པོ་དུར་ཁྲོད་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་རྫོགས་སོ། །རྒྱ་གར་གྱི་སློབ་དཔོན་པདྨ་དང་། བོད་ཀྱི་བསྡེ་བེ་རོ་ཙ་ནས་བསྒྱུར་བའོ།། །།ཏི་རུ་ཀ་ཡི་་རྡརྗེརིག་ཀྱང༽སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་ཏནྟྲ་བཞུགས་སོ།། ཐམས་ཅད་མཁྱེན་པའི་དཔལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་ཏནྟྲ། བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་ཡི་སྒྲུབ་ལུགས་འདི། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་བྱིན་ཏེ་ས་༼བླང་སླ་ང་ཇོ་། །ས་གཞི་དེ་ཡི་ཕྱི་མཚམས་སུ། །ས་ལས་བྱས་པའི་ཐོ་བཞི་བརྩིགས། །མཐུ་ཆེན་རྒྱལ་པོ་སྡེ་བཞི་མྲ །སྤྱན་དྲངས་བྱིན་གྱིས་བརླབས་ལ་བཞག །དེ་ནས་དམ་སྲི་མནན་པར་བྱ། །སྒོ་ནས་འདོམ་གང་ཕྱི་རོལ་ཏུ། །མཁའ་འདྲའི་ཧོམ་ཁུང་་་གང་པ། །གྲུ་གསུམ་ས་ལ་ཟླུམ་པོར་བྲི། །དུར་ཁྲོད་མནན་པའི་ཐོད་པ་ལ། །ནང་དུ་དམ་སྲི་བྲིས་ནས་ནི། །དུར་ཁྲོད་རྐང་གི་ཕུར་བུ་ལ། ཁྲོ་བོ་ཨུརླ་ཨ་ཙ་ལ། །དེ་ནས་སྒྲུབ་པ་པོ་རྣམས་ཀྱང་། །དུར་ཁྲོད་ཕུར་བུ་བཞི་བླངས་ལ། །ཕྱོགས་ནས་དྲིལ་ཞིང་གདབ་པའི་ཚུལ། །བསྟན་ཅིང་གནན་པའི་ལས་བྱའོ། །དཀྱིལ་འཁོར་བཀྲ་ཤིས་བྱ་བའི་ཕྱིར། །བཀྲ་ཤིས་པ་ཡི་སྨོན་ལམ་གདབ། །སྒྲུབ་པ་ཆེ་ཆུང་གང་བསྒྲུབ་པ། །མཚན་དང་ལྡན་པའི་བྷརྙ་ལ། །གསོལ་བྱང་བྲིས་ལ་ཤར་དུ་བཞག །བསྐྱེད་པའི་ས་བོན་འབྱུང་བ་ལྔ། །དཀྱིལ་འཁོར་བསྐྱེད་ཅིང་བསྒོམ་པར་བྱ། །དེ་ལྟར་དབང་ཆེན་བསྐྱེད་ནས་ནི། །གསལ་བར་གྱུར་པ་དེའི་སྟེང་དུ། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །ཏ་ལའི་སྐྱེ་ཤིང་རྩོ་རྩོད་འདྲིལ། །དེ་ནས་དུར་ཁྲོད་གཞལ་ཡས་ཁང་། །རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་། །ཆེ་མཆོག་ཧེ་རུ་ཀ་དབུ་དགུ་ཕྱག་བཅོ་བརྒྱད། །སྤྱན་འབར་བ་ཉི་ཤུ་བདུན། ཞབས་བརྒྱད་དུ་་རྣེ༽་བལྟམས་པའོ། །ཧུ༷་ཧུ༷། དེ་ནས་ཞལ་ཟས་ལ་སོགས་ལ། །ཟླ་བའི་དཀྱིལ་འཁོར་གསལ་བར་བསྐྱེད། །དེ་སྟེང་ཚོམ་བུའི་དཀྱིལ་འཁོར་བསྒོམ། །དེ་ལྟར་གསལ་བར་བསྒོམས་ནས་ནི། །དཀྱིལ་འཁོར་དེ་ཡི་སྔ་དེ་ནུབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྤང་སྐོང་ཀླག་པ་དང་། ཚ་ཚ་གདབ་པ་ལ་སོགས་པ་དགེ་བའི་རྩ་བ་ཆེར་བསྐྱེད། དེ་ནས་མཎྜལ་བའི་ཀོ་བ་ཙམ་བྱས་ལ། མཆོད་པརྒྱས་པ་ལྔ་བཤམས་ལ། དུས་གསུམ་བདེ་བར་གཤེགས་པ་དང་། འཕགས་པ་དཀོན་མཆོག་གསུམ་ལ་མཆོད་པ་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་མཆོད་པ་དང་། ཁམས་གསུམ་སྙིང་རྗེའི་མགྲོན་རྣམས་ལ་མཆོད་པ་དང་། རེ་བ་བསྐང་བ་དང་། སྡིག་པ་བཤགས་པ་དང་། སྨོན་བཅོལ་བགྱིའོ། །དེ་ཡང་གཏོར་མ་ཆ་གསུམ་རྣམས་ལ། རིམ་གྱིས་མཆོད་ཅིང་བཏང་བར་བྱ། གཏོར་མ་ཐ་ལ་དམིགས་ཀྱང་།ལན་ཆགས་ཀྱི་བགེགས་སུ་གྱུར་པ་རྣམས་ལ་བསྔོ། དེ་ནས་ར་སོགས་གཡས་པ་ལ། ཁྲག་གི་ཡི་གེ་བྲིས་ནས་ནི། །གཞལ་ཡས་སྒོ་ལ་གདགས་པར་བྱ། །དེ་ནས་ཕུར་པ་དར་གྱི་ཅོད་པན་བཅུ་མངའ་གསོལ་ལ། ཕྱོགས་མཚམས་སུ་བཞག་གོ །དེ་ནས་རྡོ་རྗེ་གཞོན་ནུ་དང་སྲུང་བའི་འཁོར་ལོས་ལས་བྱའོ། །ཚོན་རྩི་རྣམ་པ་ལྔ་པོ་ཡང་། །ཚོམ་བུ་ལྔ་ཡི་ལྷ་བཀོད་ཅིང་། །སྙིང་པོ་ལྔ་ཡིས་བྱིན་བརླབས་པ། །གསང་བའི་དཀྱིལ་འཁོར་ཁྲུ་གང་པ། །བདུད་རྩི་༼ལྔ༽་ཡི་འགོ་མ་ཡང་། །དྲི་ཅན་དྲི་ཆུའི་སྐྱང་ནུལ་བྱ། །དེ་ནས་གཟུང་མ་མཚན་དག་ལྡན་པ་གཅིག་ལ། ལས་ཀྱི་རྡོ་རྗེ་མོར་དབང་བསྐུར་ལ། ཐིག་སྐུད་འཁེལ་དུ་གཞུག་གོ །དེ་ནས་ཐིག་སྐུད་སྤྱི་བོར་བཞག་ལ། གནས་ལྔར་དཔའ་བོ་འབྲུ་ལྔ་དགོད་དོ། །འབྲུ་ལྔ་སྤྲོས་བསྡུས་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་དབང་བསྐུར་ལ། ཡེ་ཤེས་ལྔར་བྱིན་གྱིས་བརླབས་སོ། །མོ་ཧ་ར་ཏི་ཛ་ཞེས་ བརྗོད་པས། ཡུམ་ཀུན་ཏུ་བཟང་མོར་བྱིན་གྱིས་བརླབས་སོ། །དེ་ནས་ཡབ་ཡུམ་གྱི་མཁའ་རྡོ་རྗེ་པདྨར་བྱིན་གྱིས་བརླབ་བོ། །བྱང་ཆུབ་ཀྱི་སེམས་འོད་དུ་གྱུར་པས། དཀྱིལ་འཁོར་གྱི་ཐིག་ཏུ་དཀར་མེར་གྱིས་གྱུར་པར་བསམ་མོ། །དེ་ནས་ཙྭ་ན་ཧུ༷་ཞེས་བརྗོད་གནམ་ཐིག་གདབ། བཛྲ་སུ་ཏྲ་མ་ཏྲི་ཀྲ་མ་ཧུ༷་ཞེས་བརྗོད་པས། ས་ཐིག་གདབ། སྟེགས་བུ་འདོམ་གང་གྲུ་བཞི་ལ། །དབུས་སུ་ཟླ་གམ་ཟླུམ་པོར་བྱ། །མཐའ་མ་རྡོ་རྗེ་ར་བས་བསྐོར། །སྒོ་བཞི་དག་དང་ལྡན་པར་བྱ། །དེ་ལྟ་བུ་ཡི་དཀྱིལ་འཁོར་ལ། །དབུས་སུ་བསྟོ་མཚན་ལྡན་ལ། །ཡབ་ཡུམ་སྙིང་པོ་བྲིས་ལ་བཞག །དབུས་ཀྱི་བནྟྲའི་མདུན་དྲང་དུ། །བནྟྲ་ཤིང་ལོའི་འདབ་མ་ལ། །མ་བརྒྱད་སྙིང་པོ་བྲིས་ལ་བཞག །བརྙ་ཚལ་བུ་བཞི་༼པ༽་ ལ། །བསྒྲུབ་པའི་གསང་མཚན་དང་གསོལ་བྱང་བྲིས་ལ་བཞག །གཞན་ཡང་ཞིང་ཆེན་གྱིས་རས་རོས། ཤ་ཆེན་གྱི་ལང་ལིང་། རྒྱན་གྱིས་བརྒྱན་པ་བཞག །ཚིལ་ཆེན་གྱི་མེ་མར་ལ། དུར་ཁྲོད་ཀྱི་ཞིང་རས་ཀྱིས་སྡོང་བུ་བྱས་ལ་བཏང་ངོ་། །དེ་ནས་ལྷ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ལ་ཤ་ཆེན་གྱིས་ཞལ་ཁེབ་ཅན་དང་། སྒྲུབ་པ་པོ་རྣམས་ཀྱི་མདུན་དུ། བནྟྲའི་བཟེད་ཕོར་དང་། དམར་གྱི་ཨརྒ་དང་བཅས་དྲངས་སོ། །དེ་ནས་སྒྲུབ་པ་པོ་རྣམས་ལ་རཀྟའི་ཐིག་ལེ་དང་། ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ཚོམ་བུས་གདབ་བོ། །རྟགས་དང་མཚན་མས་བཏབ་ནས། བརྒྱན་སྤེལ་ཏེ་བཞུགས་སོ། །དེ་ནས་ཞི་ཁྲོའི་ལས་གཞུང་བཞིན་བྱས་ལ། ལྷ་རེ་རེ་ལ་བསྙེན་པ་བརྒྱ་རྩ་བརྒྱད་བརྒྱད་འབུལ་ལོ། །འཛབ་རྫོགས་པ་དང་ཐུགས་དམ་བསྐུལ། འཕྲིན་ལས་བཅོལ་ལོསྟོང་ཚིགས་ཀྱི་མཆོད་པ་ཆོ་གས་དབུལ། ཡང་ན་བསྟོད་ཚིག་གིས་མཆོད་པ། ཡང་ན་ཞལ་ཟས་མཆོད་པ་དབུལ། ཡང་ན་བསྙེན་པ་ཡང་ཉིན་མཚན་གཅིག་ལ་དྲུག་སྟོང་དུ་དྲོངས། དགོང་དང་ཐོ་རངས་གཏོར་མ་བཏང་།གཏོར་མ་སླད་མ་ཡང་དེའི་རྗེས་ལ་དྲངས། དེ་ལན་རེ་ལ་མཚམས་བཅད་པ་དང་། ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་དོ། །སྟན་མི་སྤྲུག་གྲལ་མི་བསྐོར། ལངས་པའི་ཚ་སྟན་བྱིན་གྱིས་བརླབས། དེ་ནས་བསྒྲུབ་པ་ཕྱིན་པ་དང་། གཏོར་མ་ཚོ་གསུམ་དུ་བཅད་དེ། ཚོ་གཅིག་ལ་སྦྱིན་སྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱངས། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦ། དེ་ནས་སྒོ་དབྱེ། པྲ་གདབ། སྒྲུབ་པ་པོ་རིམ་པ་ནས་དཀྱིལ་འཁོར་ནས་དབྱུང་ཞིང་དབང་བསྐུར། དངོས་གྲུབ་བཀྲ་ཤིས་བསགས་ལ་ཚོགས་བྱ། དེ་ནས་དཀྱིལ་འཁོར་བསྡུ། སློབ་དཔོན་ལ་ཡོན་འབུལ། ཚངས་པ་ནོད། བཟོད་པར་གསོལ། དེ་ནས་གཏོར་མ་ཆ་གཅིག་ལ་ཚངས་པ་དང་བརྒྱ་བྱིན་ལ་བསྒོ། མཚམས་གློད། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་པུཎྜ་རི་ཀའི་རྒྱུད་ལས། ཟླ་གམ་གཅིག་པའི་སྒྲུབ་ལུགས་སྟེ་གཅིག་པའོ།། །།དེ་ནས་དཔལ་ཆེན་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས། ཕྱག་རྒྱ་ཆེན་པོ་དགུ་བསྒྲུབ་པའི་ཕྱིར། ཟླ་གམ་དགུ་པའི་བསྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་བཅལ་ཏེ་ས་བསླང་ངོ་། །ཕྱི་ནང་ས་ཡི་མཚམས་རྣམས་སུ། །ཕྱོགས་བཞི་དག་ཏུ་ཐོ་བཞི་གཟུགས། །རྒྱལ་ཆེན་བཞི་རུ་མངའ་གསོལ་ལོ། །དེ་ནས་ཤེས་རབ་མཚན་དང་ལྡན་པ་གཅིག་༼ལ༽་ཐིག་སྐུད་འཁེལ་དུ་བཅུག །དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས། ཙ་དྷ་དྷ་ར་ཧེ་ཞེས་ཐིག་གདབ། འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ། ཟླ་གམ་དམར་པོ་ཁ་བྱང་དུ་བསྟན་པ་བྲི། རྩིབས་བརྒྱད་ཟླ་གམ་རེ་རེ་ཁ་ནང་དུ་བསྟན་པ་བྲི། དེའི་ཕྱི་རིམ་དུ་རྡོ་རྗེ་ར་བས་འཁོར་བར་བྲི། སྒོ་བཞི་དང་ལྡན་པར་བྲི། དེའི་ཕྱི་རིམ་བསྐལ་པའི་མེ་དཔུང་འབར་བར་བྲི། དཀྱིལ་འཁོར་དབུས་སུ་བནྟྲ་མཚན་དང་ལྡན་པ་ལ། དཔལ་ཆེན་ཡབ་ཡུམ་བྲིས་མ་ཡང་དྲངས། གཏོར་མ་ཚོ་གསུམ་དུ་བཅད་ལ། ཚོ་གཅིག་ལ་སྤྱིན་བསྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་གཏེར་དུ་སྦ། རྒྱལ་ཆེན་ལ་སྲུང་མའི་གཏང་རག་གཏང་༼བར༽་ བྱ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རི་ཀའི་རྒྱུད་ལས། ཟླ་གམ་དགུ་པའི་དཀྱིལ་འཁོར་སྒྲུབ་ལུགས་ཏེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས། འཕྲིན་ལས་ཀྱི་བསྒྲུབ་ལུགས་འདི་གསུངས་སོ། །ཟླ་ གམ་བཅོ་བརྒྱད་པའི་བསྒྲུབ་ལུགས། འཕྲིན་ལས་ཀྱི་གོ་རིམ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞི་བརྟག་པར་བྱ། །ས་བདག་རྣམས་ལ་ས་རིན་བཅལ། །སླང་དང་སྦྱང་བ་ཚུལ་བཞིན་བྱ། ཕྱོགས་བཞི་དག་ཏུ་ཐོ་བཞི་གཙུགས། །བསྲུངས་དང་མཚམས་ཀྱི་ལས་རྣམས་བྱ། །གཟུང་མ་མཚན་དང་ལྡན་པ་ལ། །བྱིན་གྱིས་བརླབས་ཅིང་ཐིག་སྐུད་འཁེལ་དུ་གཞུག །ཙན་དྷ་ད་ར་ཧི་ཞེས་ཐིག་གདབ། འཁོར་ལོ་རྩིབས་བརྒྱད་དུ་ཐིག་གདབ། དབུས་ཟླ་གམ་དཀར་དམར་ཁ་སྤྲོད་བྱས་སྟན་ལ་བྲི། འཁོར་ལོ་རྩིབས་བརྒྱད་ལ། ཟླ་གམ་ཁ་སྤྲོད་དུ་བྲི། སྒོ་བཞི་དང་ལྡན་པ། མཐའ་རྡོ་རྗེའི་ར་བས་བསྐོར་བ། དེའི་ཕྱིར་རིམ་བསྐལ་པའི་མེ་རིས་བསྐོར་བ་བྲི། དབུས་སུ་བསྟོ་མཚན་དང་ལྡན་པ་ཅིག་ལ། དཔལ་ཆེན་པོ་ཡབ་ཡུམ་བྲིའོ། ཁྲར་དུ་ཚལ་བུ་གཅིག་ལ་བཛྲ་ཧེ་རུ་ཀ་དང་། ཡུམ་བཛྲ་ཀྲོ་ཏི་ཤྭ་རི་བྲིས་ལ་བཞག །ལྷོར་རཏྣ་ཧེ་རུ་ཀ་བྲིས་ལ་བཞག །ནུབ་ཏུ་པདྨ་ཧེ་རུ་ཀ་བྲིས་ལ་བཞག །བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །ཤར་དུ་བསྟོ་མཚན་དང་ལྡན་པ་ལ་གསོལ་བྱང་བྲིས་ལ་བཞག །སྒོ་བཞིར་ཛ་བཞི་བྲིས་ལ་བཞག །དེ་ནས་ཤར་ལྷོའི་འཁོར་ལོ་ལ། ཚལ་བུ་ལ་རསྒ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །ལྷོ་ནུབ་༼ཏུ་༽རསྒ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །ནུབ་བྱང་དུ་གུ་རྒྱ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །བྱང་ཤར་དུ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །དེ་ནས་མཆོག་ཕུར་དར་གྱི་ཅོད་པན་ཅན་བཅུ། ཁྲོ་བོ་བཅུར་མངའ་གསོལ་ནས་མཚམས་བཅད་དོ༷། །སྣང་སྲིད་སྒྱུ་མའི་རང་བཞིན་ལ། །ཡེ་ནས་དག་པའི་མཆོག་ཕུར་འདིས། །གདེང་དང་ལྡན་པའི་སྔགས་འཆང་གིས། །བྱིན་ཆེན་དབབ་པར་མངའ་གསོལ་ལོ། །ཡོངས་ལ་མངའ་མཛད་གཞན་གྱིས་མི་ཐུབ་རྒྱལ། །ཨོ་ཨུ༷༷ཧྭ༷། སྐྱེ་ལ་དབང་མཛད་བྲན་ཚུལ་མི་གཡོ་མགོན། ཨོ་ཨུ༷༷ཧྭ༷། ཚེ་ལ་དབང་བྱེད་འཇིགས་བྱེད་གཤིན་རྗེ་གཤེད། ཆོས་ལ་དབང་མཛད་༼ཧྲ་ཧ་༽ཡ་གྲི་བ་དཔལ། ཨོ་ཨུ༷༷ཧུ༷། ལས་ལ་དབང་མཛད་བདུད་རྩི་ཀུཎྜ་ལི། ཨོ་ཨུ༷༷ཧཱུཾ། ཡེ་ཤེས་དབང་མཛད་དབྱུག་པ་སྔོན་པོ་ཅན། ཨོ་ཨུ༷༷ཧཱུཾ། སེམས་ལ་དབང་མཛད་ཁྲོ་བོ་འདོད་པའི་རྒྱལ། ཨོ་ཨུ༷༷ཧུ༷། རྫུ་འཕྲུལ་དབང་མཛད་འཇིགས་བྱེད་སྟོབས་པོ་ཆེ། ཨོ་ཨུ༷༷ཧུ༷། སྐྱེ་བཞི་མངོན་པར་རྫོགས་མཛད་ཧུ༷་ཀ་ར། ཨོ་ཨུ༷༷ཧུ༷། སྨོན་ལམ་དབང་མཛད་འདམ་སྐྱེས་ཀུཎྜ་ལི། ཨོ་ཨུ༷༷ཧཱུཾ། དེ་ནས་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དུར་ཁྲོད་རྫས་ཀྱིས་ཆག་ཆག་གདབ། །བདུད་རྩི་དྲི་ཆེན་ཡེ་ཤེས་ལྔ་ལྡན་པས། །དེ་བཞིན་གསང་མཆོག་རིགས་ཀྱིས་དངོས་གྲུབ་པས། །བཀའ་གསང་ཆེན་པོ་བསྒྲུབ་པའི་དཀྱིལ་འཁོར་དུ། །དམ་རྫས་བདུད་རྩི་འབར་བའི་ཆག་ཆག་འདེབས། །ཨོ༷་མ་ཧྭ་བ་སུ་མཎྜ་ལ་ཧུ༷། དམ་རྫས་དག་པའི་བདུད་རྩི་དྲི་ཆུ་འདིས། །ཡེ་ཤེས་རང་བྱུང་བདུད་རྩི་བསྒྲུབ་པའི་ཕྱིར། །གསང་བའི་བདུད་རྩི་ཆེན་པོའི་ཆག་ཆག་འདེབས། །མ་ཧྭ་ས་མ་ཡ་མ་མ་ཀི་ཀུ་ཀུ་ལ་མཎྜལ་ཧུ༷། བཀའ་གསང་རྨད་བྱུང་གསང་བའི་དཀྱིལ་འཁོར་འདིར། །འཁོར་བའི་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་ངང་། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་ཁང་། །རཀྟ་གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས། །མ་ཧྭ་རཀྟ་མཎྜ་ལ་ཧུ༷། །རོ་ཡི་ཚོལ་སྟངས་རྣམ་བཞི་ཡིས། །དུར་ཁྲོད་རྫས་མཆོག་མ་ཉམས་བཙལ། །དུར་ཁྲོད་རོ་ཡི་ཉིང་ཝམོསྐབུང་དུ། །སེང་ལྡེང་ཕུར་བུ་སོར་བརྒྱད་གདབ། །ཨུབྱ་ཨ་ཙ་ལ་ཧུ༷། བྱས་པས་བྱིན་གྱིས་བརླབས་ལ་བཞག །དེ་ནས་དུག་གསུམ་འཁོར་བ་རབས་བརྒྱུད་གཅོད་པའི་བྲོ་བརྡུང་ངོ་། །དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར། །དུག་གསུམ་རབས་བརྒྱུད་གཅོད་པའི་བྲོ། །སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ། །དབང་པོ་འདྲེས་པའི་སྒོ་དགུ་སྲ །སྐུ་དགུ་བཀོད་པའི་བྲོ་བརྡུངས་པས། །ཡེ་ཤེས་དགུ་ཡི་བྱིན་བརླབས་ལས། །ཚོར་ཞིང་ལེན་པའི་རྣམ་ཤེས་དགུ། །ཀློང་ཆེན་དགུ་རུ་ལྷུན་གྱིས་གྲུབ། །ཞེ་སྡང་འདུས་པའི་ཕུང་པོ་ལ། །ཧུ༷་གི་འཕྲོ་འདུའཇུག་པ་ལ། །མཐིང་ནག་ཆེན་པོ་འཇིགས་པའི་གཟུགས། །ཀློང་ཆེན་དགུ་ཡིས་བྱིན་བརླབས་ལས། །ཞེ་སྡང་ཅན་དང་དམྱལ་བའི་གནས། །དུག་གསུམ་སྐྱེ་བའི་རྒྱུན་བཅད་ནས། །ཐིག་ལེ་ཆེན་པོའི་ངང་དུ་བསྒྲལ། །སུམ་བྷ་ནི་སུམ་བྷ་ནི་ནན། །གཏི་མུག་འདུས་པའི་ཕུང་པོ་ལ། །ལྟ་བྱེད་གཡས་ཀྱི་དབང་པོ་ལ། །ཨོ་གྱི་འཕྲོ་འདུ་འཁྲུཊ་པ་ལས། །བུརྙ་ཁྲག་འཐུང་སྤྲིན་ཕུང་བཞིན། །༼དམུག་སྨུག༽ནག་ཆེན་པོ་འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས། །གཏི་མུག་ཅན་དང་བྱོལ་སོང་གནན། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། །ལྟ་བྱེད་གཡོན་གྱི་དབང་པོ་ལ། །ཨུ༷་གྱི་འཕྲོ་འདུ་འཁྲུགས་པ་ཡིས། །པདྨ་ཁྲག་འཐུང་སྤྲིན་ཕུང་བཞིན། །དམར་ནག་ཆེན་པོ་ འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས། །འདོད་ཆགས་ཅན་དང་མི་ཡི་གནས། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། །སྣོམ་བྱེད་དབང་པོ་གཡས་པ་ལ། །ས་ཡི་འཕྲོ་འདུ་འཁྲུགས་པ་ཡིས། །རཏྣ་ཁྲག་འཐུང་སྤྲིན་ཕུང་བཞིན། །སེར་ནག་ཆེན་པོ་འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས། །ང་རྒྱལ་ཅན་དང་ལྷ་མིན་གནས། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། །སྣོམ་བྱེད་གཡོན་གྱི་དབང་པོ་ལ། །ཧ་ཡི་འཕྲོ་འདུ་འཕྲོས་པ་ཡིས། །ཀརྨ་ཁྲག་འཐུང་སྤྲིན་ཕུང་བཞིན། །ལྗང་ནག་ཆེན་པོ་འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས། །ཕྲག་དོག་ཅན་དང་ཡི་དྭགས་སུ། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། །ཉན་བྱེད་དབང་པོ་གཡས་པ་ལ། །ཧུ༷་གི་འཕྲོ་འདུ་འཁྲུགས་པ་ཡིས། །སྨུག་ནག་ཆེན་པོ་འཇིགས་པའི་གཟུགས། །གཏུམ་པོ་རྔམ་ཆེན་ཞབྲུགས་པ་ཡིས། །ཞེ་སྡང་ཅན་དང་དམྱལ་བའི་གནས། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། སུམ་བྷ་ནི་སུམ་བྷ་ནི་ཧུ༷། གྲིཏྣ་གྲིཏྣ་ཧུ༷། གྲིཏྣ་པ་ཡ་གྲིཏྣ་པ་ཡ་ཧུ༷། ཨ་ན་ཡ་ཧོ། བྷ་ག་བན་བིབྱ་རྭ་ཛ་སྤྲོ་ཊ་བ༷། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབྱུང་བ་ལྔ་ཡིས་བསླང་བ་དང་། །ཉོན་མོངས་ལྔ་ཡི་བཅིངས་པ་རྣམས། །སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ། ཤརྙི༷་ཀུ་རུ་ཨ་ལ་ལ་ཧོ། །ལྷོ་སྒོར་གཟི་ལྡན་ཡུམ་བྱུང་སྟེ། །དུར་ཁྲོད་ཆེན་པོའི་གནས་འདི་སྲ །ཡེ་ཤེས་ལྔ་ཡི་ཀློང་དཀྱིལ་དུ། །གཟི་ལྡན་ཡུམ་གྱི་བྲོ་བྱུང་ངོ་། །དུག་ལྔ་དབྱིངས་སུ་ལྷན་གྱིས་གྲུབ། །དབང་པོ་ལྔ་ཡི་ཡུལ་ལྔ་ལ། །ཡུམ་ཆེན་ལྔ་ཡིས་བྲོ་བརྡུངས་པས། །སྐུ་ལྔ་དབྱིངས་སུ་ལྷུན་གྱིས་གྲུབ། །རྣ་བའི་ཡུལ་ལབྲོ་བྱུང་ངོ་། །བུརྙ་ཀྲོ་ཏིའི་བྲོ་བྱུང་ངོ་། །ཆགས་པའི་དབྱིངས་སུ་སྡུད་པའི་བྲོ། །གཏོ་མུག་གནས་སུ་དག་པའི་བྲོ། །བྲོ་བརྡུངས་བྱོལ་སོང་སྙིང་ལ་བརྡུངས། །གཏི་མུག་གཙོ་བོའི་ཐལ་བར་ལྷོགས། །བྱོལ་སོང་འཇིག་རྟེན་ཐམས་ཅད་ཀུན། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །སྣོམ་བྱེད་ཡུལ་ལ་བྲོ་བྱུང་ངོ་། །པདྨ་ཀྲོ་ཏིའི་བྲོ་བྱུང་ངོ་། །འདོད་ཆགས་དབྱིངས་སུ་དག་པའི་བྲོ། །བྲོ་བརྡུངས་མི་ཡི་སྙིང་ལ་བརྡུངས། །འདོད་ཆགས་གཙོ་བོ་ཐལ་བར་ལྷོགས། །མི་ཡི་འཇིག་རྟེན་ཐམས་ཅད་ཀུན། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །སྣོམ་བྱེད་ཡུལ་ལ་བྲོ་བྱུང་ངོ་། །རཏྣ་ཀྲོ་ཏིའི་བྲོ་བྱུང་ངོ་། །ང་རྒྱལ་དབྱིངས་སུ་དག་པའི་བྲོ། །བྲོ་བརྡུངས་ལྷ་མིན་སྙིང་ལ་བརྡུངས། །ལྷ་མིན་གཙོ་བོ་ཐལ་བར་ལྷོགས། །ལྷ་མིན་འཇིག་རྟེན་ཐམས་ཅད་ཀུན། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །སྣོམ་བྱེད་ཡུལ་ལ་བྲོ་བྱུང་ངོ་། །ཀརྨ་ཀྲོ་ཏིའི་བྲོ་བྱུང་ངོ་། །ཕྲག་དོག་གནས་སུ་དག་པའི་བྲོ། །བྲོ་བརྡུངས་ཡི་དྭགས་སྙིང་ལ་བརྡུངས། །ཕྲག་དོག་གཙོ་བོར་ཐལ་བར་ལྷོགས། །ཡི་དྭགས་འཇིག་རྟེན་ཐམས་ཅད་དུ། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །ཉན་བྱེད་ཡུལ་དུ་བྲོ་བྱུང་ངོ་། །བཛྲ་ཀྲོ་ཏིའི་བྲོ་བྱུང་ངོ་། །ཞེ་སྡང་དབྱིངས་སུ་དག་པའི་བྲོ། །བྲོ་བརྡུངས་དམྱལ་བའི་སྙིང་ལ་བརྡུངས། །ཞེ་སྡང་གཙོ་བོ་ཐལ་བར་ལྷོགས། །དམྱལ་བའི་འཇིག་རྟེན་ཐམས་ཅད་ཀུན། །དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ། །ཀྲོ་ཏིའི་ཤྭ་རི་བདེ་ཀློང་མཁའ་ལ་འདུས། །ནུབ་ཏུ་གསང་བ་ཧེ་རུ་ཀ་བཞིའི་བྲོ་བྱུང་སྟེ། །ཉན་བྱེད་གཡོན་གྱི་དབང་པོ་ལ། །གསང་བ་ཡབ་གྱི་བྲོ་བྱུང་ངོ་། །རསྒ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །བདུད་དང་མུ་སྟེགས་དབང་དུ་བསྡུད། །ཚོར་བྱེད་ལྕེ་ཡི་དབང་པོ་ལ། །ས་ནུ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་། །འདའ་བཀའ་ཐུགས་ཀྱི་ཡེ་ཤེས་ཀྱིས། །བདུད་དང་མུ་སྟེགས་དབང་དུ་བསྡུད། །ཆགས་པར་བྱེད་པའི་གསང་གནས་ལ། །གསང་བ་ཡབ་ཀྱི་བྲོ་བྱུང་ངོ་། །གྱུ་ཡ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་། །ཀློང་དུ་གྱུར་པའི་ཡེ་ཤེས་ཀྱིས།༷།བདུད་དང་མུ་སྟེགས་དབང་དུ་བསྡུས། །རེག་བྱ་ཡུལ་གྱི་དབང་པོ་ལ། །གསང་བ་ཡབ་ཀྱི་བྲོ་བྱུང་ངོ་། །ཡསྒ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་། །དབྱིངས་སུ་སྒྲོལ་བའི་ཡེ་ཤེས་ཀྱིས། །བདུད་དང་མུ་སྟེགས་དབང་དུ་བསྡུས། །ཨོ་སུལྷ་ནི་སུསྦྱུ་ནི་ཧཱུཾ། གྲིཏྣ་གྲིཏྣ་ཧུ༷། གྲིཏྣ་པ་ཡ་གྲིཏྣ་པ་ཡ་ཧུ༷། ཨུ་ན་ཡ་ཧོ། བྷ་ག་ལྭན། བི་དྭ་རྭ་ཛ་ཧུ༷་བཛྲ་སྤྲོ་ཊ་བ༷།བྱང་སྒོར་གསང་བ་ཡུམ་གྱི་བྲོ་བྱུང་ངོ་། །ཉན་པའི་ཡུལ་ལ་བྲོ་བྱུང་ངོ་། །རཀྟ་ཀྲོ་དྷའི་བྲོ་བྱུང་ངོ་། །དྲོད་ལས་སྐྱེས་པའི་གནས་བཅོམ་ནས། །སྐྱེ་བཞི་ཕྱགས་མས་བཏབ་ནས་ནི། །ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས། །ཚོར་བྱེད་ཡུལ་ལ་བྲོ་བྱུང་བ། །ས་ནུ་ཁྲོ་མཆོག་བྲོ་བྱུང་ངོ་། །འདོད་ཆགས་སྐྱེ་བའི་གནས་བཅོམ་ནས། །སྐྱེ་བཞི་ཕྱགས་མས་བཏབ་ནས་ནི། །ཕྱག་རྒྱ་བཞིའི་ངང་དུ་རྫོགས། །སྐྱེ་གནས་ཡུལ་ལ་བྲོ་བྱུང་ངོ་། །གུ་རྒྱ་ཀྲོ་དྷིའི་བྲོ་བྱུང་ངོ་། །རྫུས་ནས་སྐྱེ་བའི་གནས་བཅོམ་ནས། །སྐྱེ་བཞི་ཕྱགས་མས་བཏབ་ནས་ནི། །ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས། །རེག་བྱ་ཡུལ་ལ་བྲོ་བྱུང་བ། །ཡཀྟ་ཀྲོ་དྷིའི་བྲོ་བྱུང་ངོ་། །སྤྲུལ་ཏེ་སྐྱེ་བའི་གནས་བཅོམ་ནས། །སྐྱེ་བཞི་ཕྱགས་མས་བཏབ་ནས་ནི། །ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས། །གསང་ཆེན་བཞི་ཡི་ཕྱག་རྒྱ་ཡིས། །བཏབ་པས་ཐིག་ལེའི་ངང་དུ་རྫོགས། །དེ་ནས་བྱང་ཤར་མཚམས་སུ་དཀྲི་བར་བྱའོ། །ཐིག་སྐུད་བཅུ་ཚལ་གདབ་པར་བྱ། །མགོ་ལུས་ཡན་ལག་ལྔ་པོལ། །མཚོན་ཆ་ལྔ་ཡིས་བགྲོ་བར་བྱའོ། །དེ་ནས་སྐོས་གདབ་བོ། །སྐོས་ལ་སྤྱན་དྲང་ངོ་། །འོག་མིན་ཆོས་ཀྱི་ཕོ་བྲང་ནས། །དགུ་ཀློང་འབར་བའི་སྐོས་ལ་སྤྱོན། །དབང་པོ་དགུ་ནི་ཡབ་ཀྱིས་སྐོས། །དེ་ཡི་ཡུལ་དགུ་ཡུམ་གྱི་སྐོས། །དཔལ་ཆེན་འཁོར་ཚོགས་སྐོས་ལ་སྤྱོན། །དེ་ནས་སྨོན་ལམ་བཏབ། ཧོ་དགོངས་སུ་གསོལ། སྟོང་གི་རབ་འབྱམས་འཇིག་རྟེན་གྱི་ཁམས་ཐམས་ཅད། འཁོར་བ་དང་ངན་སོང་ལས་ཐུགས་རྗེས་བསྒྲལ། སྐུ་གསུང་ཐུགས་སུ་མཉམ་སྦྱར་ནས། གདལ་པ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་པར་གྱུར་ཅིག །དེ་ནས་བྱང་ཤར་མཚམས་སུ་ཕུང་པོ་བཤིག་གོ །མ་ཏྲང་གི་དབང་པོ་ལ་རིགས་ལྔའི་ཡུམ། ཧེ་རུ་ཀའི་རྫས་སུ་དབུལ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །སྐུ་མཆོག་བུརྙ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་བུརྙ་ཤི་ཧེ་རུ་ཀ་ཧུ༷། ཤར་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་བཛྲ་ཤི་ཧེ་རུ་ཀ་ཧུ༷། ལྷོ་ནས༷་རང་རྒྱུང་གྲུབ་པའི་ལྷ། །ཡོན་ཏན་རཏྣ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་རཏྣ་ཤི་ཧེ་རུ་ཀ་ཧུ༷། ནུབ་ནས་རང་བྱུང༷་གྲུབ་པའི་ལྷ། །གསུང་མཆོག་པདྨ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་པདྨ་ཧེ་རུ་ཀ་ཧུ༷། །བྱང་ནས་རང་རྒྱུང་གྲུབ་པའི་ལྷ། །འཕྲིན་ལས་ཀརྨ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ༷་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་ཀརྨ་ཧེ་རུ་ཀ་ཧུ༷། །ཤར་ལྷོ་མཚམས་ནས་རང་བྱུང་གྲུབ་པའི་ལྷ། །སྦྱོར་བ་རསྒ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་རསྒ་ཧེ་རུ་ཀ་ཧུ༷། །ལྷོ་ནུབ་མཚམས་ནས་རང་བྱུང་གྲུབ་པའི་ལྷ། །དམ་ཚིག་ས་ནུ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་ནས། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིངབརྟན་པར་བཞུགས་སུ་གསོལ། །ཨོ་ཡསྒ་ཧེ་རུ་ཀ་ཧུ༷། །ནུབ་བྱང་རང༷་བྱུང་གྲུབ་པའི་ལྷ། །གསང་བ་གུ་རྒྱ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་ནས། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་གུ་རྒྱ་ཤི་ཧེ་རུ་ཀ་ཧུ༷། བྱང་ཤར་རང་བྱུང་གྲུབ་པའི་ལྷ། །སྒྲོལ་བ་ཡསྒ་ཧེ་རུ་ཀ །ཡེ་ཤེས་འབར་བའི་ཀློང་དཀྱིལ་ན། །དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་ཡསྒ་ཧེ་རུ་ཀ་ཧུ༷། །དབུས་ཀྱི་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །བྲརྙ་ཀྲོ་ཏི་ཤྭ་རིའི་སྐུ། །དགྱེས་པ་ཆེན་པོའི་བདག་ཉིད་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཤར་གྱིས་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །བཛྲ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་པ་ཆེན་པོའི་སྟབས་ཀྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ཡི་ཡུམ་ཆེན་མི་ཕྱེད་མ། །རཏྣ་ཀྲོ་ཏི་ཤྭ་རིའི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་ཀྱི་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་ནི། །པདྨ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་༄༅། ཁེང་བརྟན་པར་བཞུགས་སུ་གསོལ། །བྱང་གི་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །ཀརྨ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་ སུ་གསོལ། ཁྲར་ལྷོའི་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །རསྒ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ནུབ་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །ས་ནུ་ཀྲོ་དྷི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་བྱང་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །གུ་རྒྱ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྱང་ཤར་ཡུམ་ཆེན་མི་ཕྱེད་མ། །གཙོ་ལ་བརྟེན་པའི་བདག་ཉིད་མ། །ཡསྒ་ཀྲོ་ཏི་ཤྭ་རི་སྐུ། །དགྱེས་པ་ཆེན་པོའི་ཚུལ་གྱིས་ནི། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དེ་ནས་བནྟྲ་བླངས་ལ། མཚན་དང་དབུས་གསོལ། དབྱངས་བླངས་ལ་འདི་སྐད་དོ། །འཕྲུལ་ཞལ་ཡིད་བཞིན་ཕྲ་མེན་རྒྱན་གྱིས་བཀླུབས། །རྐང་མེད་མཁའ་ལ་འགྲོ་བའི་ཐོག་ཐོག་རྐན་སྒྲ་ཅན། །སྔོན་གྱི་སྐྱེ་མཆོག་སྒྲུབ་པའི་རྫས་ཡིན་ཏེ། །སུ་ཞིག་དངོས་གྲུབ་འདོད་པ་ད་ལྟ་ང་ལ་ལོངས། །གང་ཞིག་བཀའ་ལྟར་མི་བྱེད་དམ་ལ་མི་གནས་ན། །འདི་ཡི་སྒྲ་ཐོས་གཟུགས་ཉིད་མཐོང་བས་ཀྱང་། །ལུས་ངག་ཡིད་གསུམ་མོད་ལ་བརླག་པར་འགྱུར། །དཀར་པོ་ཟང་ཡག་འཚེར་བ་ནི། །སྔ་རབས་འདས་པའི་བཅོམ་ལྡན་འདས། །ཆོས་ཀྱི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །རློན་པ་ལྕང་ལོར་ལྡན་པ་ནི། །ད་ལྟར་བཞུགས་པའི་བཅོམ་ལྡན་འདས། །ལོངས་སྤྱོད་རྫོགས་པའི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །དམར་པོ་ར་རི་ཆགས་པ་ནི། །སླད་ནས་འབྱོན་པའི་བཅོམ་ལྡན་འདས། །སྤྲུལ་པའི་སྐུ་དང་རབ་ལྡན་པ། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །ཟླ་གམ་གྱི་ནི་དབུས་སུ་བཞག །བརྒྱད་ལ་ཡབ་ཡུམ་བཅུ་དྲུག་བྲིས་ལ་བཞག །བསྐུལ་བའི་རྡོ་རྗེ་ཨང་ཀུ་ཤ །རྟ་གདོང་དཀར་མོ་གཤེགས་སུ་གསོལ། །བསྐུལ་བའི་རྡོ་རྗེ་བཱ་ཤ་ཧུ༷། །ཕག་གདོང་སྔོན་མོ་གཤེགས་སུ་གསོལ། །བསྐུལ་བའི་རྡོ་རྗེ་སྤྲོ་ཊ་བ༷། །སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་མ། །རྨོངས་བྱེད་ཆེན་མོ་གཤེགས་སུ་གསོལ། །བསྐུལ་བའི་རྡོ་རྗེ་བྷརྙེ་ཧོ། །ཐལ་བྱེད་ལྗང་ནག་གཤེགས་སུ་གསོལ། །འདི་བཞི་དོན་གྱིས་དགོད། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །རྡོ་རྗེ་ཐབས་ཀྱི་རང་བཞིན་ནི། །དྲིལ་བུ་ཤེས་རབ་རང་བཞིན་དང་། །དཀྱིལ་འཁོར་དབུས་སུ་བརྟན་པར་དགོད། །དེནསམཆོདཔདགྲམཔནི། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ། དམ་རྫས་ཚང་བའི་གཏོར་མ་ལ། སྤྲིནགྱིཆེནགྱིཞལབགབ་སྤྱན་དྲང་ངོ་། །དེ་ནས་བསྒྲུབ་པ་པོ་ཀུན་གྱི་མདུན་དུ། བརྙ་བཟེད་ཕོར་དུ། དམར་གྱི་ཨསྙེ་དྲང་ངོ་། །ཏིལ་ཆེན་གྱི་མེ་དམར་དགུ་བཏང་། དེ་ནས་སྒྲུབ་པ་པོ་རྟགས་དང་མཚན་མ་གདབ་སྟེ། ཞལ་བླངས་ལ། དོན་དམ་བཅུད་ཀྱིས་རྒྱས་བཏབ་པས། །ཀུན་ཏུ་འོད་ཀྱི་ས་མནན་ནས། །དཔལ་ཆེན་སྐུ་དང་མཉམ་པར་སྦྱོར། །ཐལ་ཆེན་གདུག་པ་འདུལ་བའི་རྒྱུན། །སྤྲུལ་པའི་སྐུ་དང་ལྡན་པ་ཡིས། །འཁོར་ལོ་རྫོགས་ཆེན་ས་མནན་ནས། །མ་ཚོགས་ཕྲ་མེན་ཚོགས་དང་སྦྱོར་ཏོ། །རཀྟ་ཐུགས་རྗེ་ཆགས་པའི་རྒྱན། །ལོངས་སྤྱོད་རྫོཊ་སྐུར་ལྡན་པ་ཡིས། །པདྨ་ཅན་གྱི་ས་མནན་ནས། །ཡུམ་ཆེན་སྐུ་དང་མཉམ་པར་སྦྱོར། །ནང་གི་དམ་པར་མཛད་དུ་གསོལ། །རྒྱན་སྤེལ་ཏེ་བཞུགས་སོ། །དེ་ནས་སྒོ་དབྱེ། དུར་ཁྲོད་བརྒྱད་ཀྱི་གཞལ་ཡས་ཁང་། །ཡེ་ཤེས་བརྒྱད་ཀྱི་སྒོ་ཕྱེ་ཤིག །མཁའ་དབྱིངས་དག་པའི་གཞལ་ཡས་ཁང་། །མི་གནས་ཡེ་ཤེས་ཆེན་པོའི་སྒོ་པྱེ་ཤིག །དེ་ནས་དངོས་གྲུབ་གསོལ་ཏེ། སྐྱེ་ཤི་མེད་པའི་ཚེ་ཡི་དངོས་གྲུབ་དང་། །འདུ་འབྲལ་མེད་པ་གཟུངས་ཀྱི་དངོས་གྲུབ་དང་། །འཕོ་འགྱུར་མེད་པ་གནས་ཀྱི་དངོས་གྲུབ་རྣམས། །གསུམ་པོ་འདི་རྣམས་དུས་འདིར་བསྩལ་དུ་གསོལ། །དེ་ལྷར་དངོས་གྲུབ་གསོལ་ནས། ད་ནི་དམ་བཅའ་སྟེ། དུར་ཁྲོད་གནས་པའི་དཔལ་ཆེན་ཧེ་རུ་ཀ །རྟོགས་མཐར་རྨོངས་པའི་འབྱུང་པོ་ཟ་བྱེད་ཅིང་། །རྔམ་པའི་ཚུལ་གྱི་སྲིན་པོའི་ཚུལ་སྟོན་པ། །མཁའ་མཉམ་པའི་དུས་སུ་གཉིད་ཆངགི་དབང་དུ་མི་བཏང་བའོ། ཁྱད་པར་གྱི་དམ་ཚིག་བཞི་ནི། སྲིད་པ་ཡོངས་བསྒྲལ་ནས་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ་ཤེས་པར་བྱ་བ་དང་། ཁམས་གསུམ་དབང་དུ་བསྡུས་ནས་དུག་གསུམ་མཆོད་པར་སྦྱར་བ་དང་། དེ་ལྟ་བུའི་རྫས་ལ་བློ་ལ་ཁུ་འཕྲིག་མེད་པར་དང་དུ་བླང་བའི་དམ་ཚིག་དང་། དེ་ལྟ་བུའི་མཛད་སྤྱོད་ཅི་མཛད་ཀྱང་། ཡིད་ཆོས་ཉིད་བྱང་ཆུབ་སེམས་ལས་མ་གཡོས་པར་བྱ་བའི་དམ་ཚིག་བཞིའོ། །ཉམས་ལེན་བར་ཆད་བཞི་ཟློག་སྟེང་། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །དེ་ནི་སྔོན་གྱི་ཉམས་ལེན་ཏེ། །དགོངས་ཀྱི་ཏིང་ངེ་འཛིན་མི་གནས། །གྲིབ་སོ་སྡུད་པའི་དབང་མོ་ཆེ། །རྫུ་འཕྲུལ་བྱ་རོག་རྐང་བཞི་མ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། ཁ་དོག་ནུབ་ཀྱི་དམར་ཐག་འདྲ། །རལ་པ་སྤྱིན་དམར་འཁྲིག་པ་བཞིན། །རལ་པ་སྤྲུག་པའི་སྐྲ་གསེབ་ནས། །གཟའ་རྒོད་མིག་དམར་ཆར་དུ་འབེབས། །ཨ་ལ་ལ་པའི་ཕྱག་མཚན་ནི། །གནམ་ལྕགས་ཞུན་མའི་ཁྲོ་ཆུ་བསྒོལ། ཁྲོད་ནས་གཉེན་པོ་སྦེད་པའི་ཚེ། ཁྲོ་ཆུ་ཁོལ་མའི་སྐྱིན་ཐང་འབེབས། །སྲིན་པོའི་འཇིག་རྟེན་ལྔ་ལ་གཡང་། །དམ་ལས་འདུས་པ་བཙོ་སྲེག་བྱེད། ཁྱོད་ཀྱི་འཕྲིན་ལས་སྐལ་ཕོག་པ། །དགོངས་ཀྱི་བར་ཆད་མེད་པའི་བདུད། །དགྲ་བགེགས་ཐམས་ཅད་ཐལ་བར་རློགས། །རསྒ་རུ་ཧྲ་ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧུ༷་ཕཊ། དེ་ཡི་འདུལ་སྐལ་ཆེན་མོ་ནི། །སྲོད་ལ་ཏིང་འཛིན་མི་གསལ་ན། །སྔོན་གྱི་ཉམས་ལེན་ཆེན་མོ་སྟེ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །ཐོགས་མེད་རླུད་ལྟར་འཔྱོ་བ་ཡིས། །སྲིད་པའི་རྒྱལ་མོ་སྲོག་གི་བདག །སྲིད་བདག་ཆེན་མོ་ཀུན་གྱི་རྗེ། །ཡེ་ཤེས་འོད་སྟོང་འབར་བའི་རྫུ་འཕྲུལ་ཅན། །སྲོག་ལ་བར་ཆད་བྱེད་པའི་བདུད། །དགྲ་བགེགས་ཐམས་ཅད་ཐལ་བར་རློགས། །རསྒ་རུ་དྲ་ཡ། ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧུ༷་ཕཊ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །ནམ་ཕྱེད་ཏིང་འཛིན་མི་གསལ་ན། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །རལ་པ་སེར་སྒྲིན་འཁྲིགས་པ་འདྲ། །སྤྱན་ནི་ཉི་ཟླ་ཞུན་མ་ལ། །སྔགས་པས་བཏུབས་ནས་བོས་པའི་ཚེ། །མཆི་མ་ཐུ་ལུམ་ཆར་དུ་འབེབས། །མཆི་མཐུ་ལུམ་ཐིགས་རེས་ཀྱང་།དཀར་པོ་བུ་བྲན་མ་ལུས་ཀུན། །གཞོབ་རྒོད་རྡོག་པས་བརྫིས་པ་བཞིན། །བཟོད་གླགས་མེད་པར་དམྱལ་ཐག་གཅོད། །ནམ་ཕྱེད་བར་ཆད་བྱེད་པའི་བདུད། །དགྲ་བགེགས་ཐམས་ཅད་ཐལ་བར་རློགས། །རསྒ་རུ་ཏྲ་ཡ། ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧྭ༷་ཕཊ། དེ་ཡི་འདུལ་སྐལ་ཆེན་མོ་ནི། །ཐོ་རངས་ཏིང་འཛིན་མི་གསལ་ན། །ཐོ་རངས་བར་ཆད་བྱེད་པའི་བདུད། །ཧོར་སྟོན་བུ་མོ་མ་རུང་མ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །མགོ་ཡང་སེང་གེའི་མགོ་བོ་ལ། །བདུད་མོ་སེང་གེའི་ང་རོ་སྒྲོག །སྲིད་པའི་གནམ་ས་འགྲུམ་འགྲུམ་སྐོང་། །རལ་པ་སེར་སྤྲིན་འཁྲིགས་པ་བཞིན། ཁྱོད་ཀྱིས་འཕྲིན་ལས་དུས་ལ་བབ། །ཐོ་རངས་བར་ཆད་བྱེད་པའི་བདུད།།དགྲ་བགེགསཐམས་ཅད་ཐལ་བར་རློགས། །རསྒ་རུ་་་ཡ། ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧུ༷་ཕཊ། ཤར་སྐར་ཏིང་འཛིན་མི་གསལ་ན། །ཤར་གྱི་ཟེར་ལ་བར་གཅོད་མ། །སྲབ་མདའ་ཟེར་ལ་ཞོན་པ་མོ། །དེ་ཡི་འདུལ་སྐལ་ཆེན་མོ་ནི། །དུང་གི་གདོང་ལ་ཤེལ་གྱི་ལྕེ། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །གནམ་ལྕགས་ཐོག་གི་སེར་ཆེན་འབེབས། ཁྱོད་ཀྱིས་འཕྲིན་ལས་དུས་ལ་བབས། །ཤར་ཀའི་ཟེར་ལ་བར་གཅོད་པའི། །བདུད་དགྲ་ཐམས་ཅད་ཐལ་བར་རློགས། །རསྒ་རུ་་་ཡ། ཡསྒ་ཚལ་པ་ཁུ་ཧི། ཧ་ན་ཧ་ན་ཧུ༷་ཕཊ། ཉམས་ལེན་ལྔ་དེ་ལྟར་བཟློག་གོ །བསྒྲུབ་པ་ཞག་དུ་དམ་བཅས་པའི་ཕྱི་དོ་ནུབ། གཏོར་མ་ཚོ་གསུམ་དུ་བཅད་དེ། ཚོ་གཅིག་སྦྱིན་སྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦ། དེ་ནས་ཧེ་རུ་ཀའི་སྦྱིན་བསྲེག་བྱ་སྟེ། འགྲོ་རྣམས་ཇི་ལྟར་འདུལ་ཞིང་གཤེགས་མཛད་པ། །ཤེས་རབ་ནམ་མཁའི་བསྐལ་པ་རྒས་བརྒྱུད་སྟོངས། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་རྡོ་རྗེ་བུརྙ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་བསྲེག་ལ། །་དྷ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཀློང་ན་དཔལ་ཁྲག་འཐུང་བཞུགས་པ་ལ། སེམས་ཅན་ཉོན་མོངས་པ་གཏི་མུག་གི་དབང་གིས། འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བས། ཆོས་ཀྱི་དབྱིངས་ཡེ་ཤེས་དང་ལྡན་པར་གྱུར་ཏོ། །ཡེ་ཤེས་རྡོ་རྗེས་ཉོན་མོངས་འཁོར་བ་འཇོམས ཐབས་འཛིན་མཚོན་ཆས་བསྐལ་པའི་དངོས་པོ་འཇིག །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པའི། །ཞེ་ སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་བསྲེག་འདི། །བཛྲ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན། རིག་པའི་རྒྱལ་པོ་བཛྲ་ཧེ་རུ་ཀ་བཞུགས་པ་ལ། སེམས་ཅན་ཉོན་མོངས་པ་ཞེ་སྡང་གི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུད་དེ་ཕུལ་བས། མེ་ལོང་ལྷ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཏོ། །རིན་ཆེན་དབྱིངས་ལྟར་རེ་འདོད་ཀུན་སྐོང་ཞིང་། །བདག་ཉིད་མི་གནས་ཆུའི་བསྐལ་པས་འཁྲུས། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་རྒྱལ་དཔལ་ཆེན་རཏྣ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་༼ལ་འངད༽། །རཏྣ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཀློང་ན་དཔལ་རཏྣ་ཧེ་རུ་ཀ་བཞུགས་པ་ལ། སེམས་ཅན་ཉོན་མོངས་ང་རྒྱལ་གྱི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ། ཐམས་ཅད་བསྡུས་ཏེ་ཕུལ་བས། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་ཏོ། །འཁོར་བའི་འདམ་ནས་པད་ལྟར་སྐུ་འཁྲུངས་ཀྱང་། །ལྷག་མཐོང་ཤེས་རབ་བསྐལ་པའི་མེ་ཡིས་བསྲེག །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་དཔལ་ཆེན་པདྨ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་༼ལ་འངད༽། །པདྨ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན། རིག་པའི་རྒྱལ་པོ་དཔལ་པདྨ་ཧེ་རུ་ཀ་བཞུགས་པ་ལ། མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས། འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བསསོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་པར་གྱུར་ཏོ། །ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་ཅིང་། ཁྲེས་རབ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཕྲག་དོག་དཔལ་ཆེན་ཀརྨ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་༼ལ་འངད༽། །ཀརྨ་ཧེ་རུ་ཀ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན་དཔལ་ཀརྨ་ཧེ་རུ་ཀ་བཞུགས་པ་ལ། སེམས་ཅན་ཉོན་མོངས་པ་ཕྲག་དོག་གི་དབང་གིས། འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བས། བྱ་བ་ནན་ཏན་པོཏོ༽་ ཡེ་ཤེས་སུ་གྱུར་ཏོ། །དེ་ནས་ཁྲག་འཐུང་གི་དབང་མོ་ལྔ་ལ་མཆོད་པ་འབུལ་ཏེ། ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཀྱང་། །སྙིང་རྗེ་མཐར་ཕྱིན་ཞེ་སྡང་རྣམ་པར་དག །རྟོགས་པའི་རེག་བྱའི་མཆོད་པས་མཉེས་མཛད་པས། །སྲ་བརྟན་ཁྲོ་བོའི་དབང་བསྐུར་ཁྲོ་གསུང་གི་ལོངས་སྟོད་སྣ་ཚོགས་མི་དམིགས་ཀྱང་། །ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག །གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་མ། །ལྷག་མཐོང་ཡེ་ཤེས་དབང་བསྒར་ཁྲོ་མོའི་རྒྱལ། །ཡེ་ཤེས་ཀློང་ཡངས་འཁྱོལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་སྲེག་ལ། །པདྨ་ཀྲོ་དྷིའི་སྐུ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོ་ཀློང་ན་ཡུམ་པདྨ་ཀྲོ་ཏི་ཤྭ་རི་བརྙུགས་པ་ལ།སེམས་ཅན་ཉོན་མོངས་པ་མེས་བསླད་པ་ཐམས་ཅད་བསྡུས་ཏེ་ཕུལ་བས། །ཡེ་ཤེས་ཆེན་པོར་ཐིམ་མོ། །འཕྲིན་ལས་ལོངས་སྒོད་སྣ་ཚོགས་མི་དམིགས་ཀྱང་། །བཟོད་པ་མཐར་ཕྱིན་ཕྲག་དོག་རྣམ་པར་དག །ཚུལ་ཁྲིམས་དྲི་ཡི་མཆོད་པས་མཉེས་མཛད་པས། །ཐོགས་མེད་ལས་ལ་དབང་བསྒྱུར་ཁྲོ་མོའི་རྒྱལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་ ༼ལ་འངདགོ། །ཀརྨ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན། །ཡུམ་ཀརྨ་ཀྲོ་ཏི་ཤྭ་རི་བཞུགས་པ་ལ། སེམས་ཅན་ཉོན་མོངས་པ་རླུང་གིས་བསླད་པ་ཐམས་ཅད་བསྡུད་ཏེ་ཕུལ་བས། ཡེ་ཤེས་ཆེན་པོའི་ངང་དུ་ཐིམ་མོ། །མཚམས་ཀྱིས་ཧེ་རུ་ཀ་བཞི་ལ་མཆོད་པ་འབུལ་ཏེ། སྒྲ་ཡི་ཚད་དང་དངོས་པོ་ཡིས། །བག་ཆགས་རྟོག་པ་འཇོམས་མཛད་པ། །ཡེ་ཤེས་དཔལ་ཆེན་རསྒ་ཧེ་རུ་ཀ །བྷ་ན་ཆེན་པོའི་ཚུལ་གྱིས་སྤྱན་དྲངས་ནས། །༄༅ ༼མས་མེད༽དཔལ་ཆེན་ཡསྒ་ཧེ་རུ་ཀ །རེག་བྱ་གཟུགས་ཀྱི་རྟོག་པ་བཅོམ་ནས་ནི། །བདེ་བ་ཆེན་པོའི་དབྱིངས་སུ་སྒྲོལ་བའི་ངང་། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་ལ། །ཡསྒ་ཧེ་རུ་ཀ་མཆོད་པ་འབུལ། །གཟུགས་སུ་སྣང་བའི་རེག་བྱ་ཐམས་ཅད་བསྡུས་ཏེ་ཕུལ་བས། རེག་བྱའི་རྣམ་པར་རྟོག་པ་ཐམས་ཅད་གཏན་སྤངས་ནས། སྐྱེ་ཤི་དང་རྒས་རྒུད་མེད་དེ་ཆོས་ཀྱི་སྐུའི་དངོས་གྲུབ་ཐོབ་བོ། །ད་ནི་གསང་བའི་ཡུམ་ཆེན་མོ་བཞི་ལ་མཆོད་པ་འབུལ་ཏེ། སྒྲ་རྣམས་རྟོག་པ་འཇོམས་མཛད་པ། །རསྒ་ཁྲོ་མོ་ཉིད་ཀྱི་སྐུ། །དྲོད་ལས་སྐྱེས་པའི་གནས་རྣམས་འཇོམས། །སྐྱེས་བཞི་དབྱིངས་སུ་སྒྲོལ་མཛད་པ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་སྲེག་ལ། །རསྒ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །སྒྲའི་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས། ཆོས་ཀྱི་གསུང་རྣམ་པར་དག་པར་གྱུར་ཏོ། །ཚོར་བྱེད་ཡུལ་རྣམས་འཇོམས་མཛད་པ། །ས་ནུ་ཀྲོ་ཏི་ཤྭ་རིའི་སྐུ། །ཆགས་པའི་སེམས་ཅན་འཇོམས་མཛད་པ། །སྐྱེ་ཤི་ཕྱགས་མས་དབྱིངས་སུ་འདེབས། །མཁའ་བཞི་དབྱིངས་སུ་རྫོགས་མཛད་མ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྤྱིན་བསྲེག་ལ། །ས་ནུ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །ཡུམ་ས་ནུ་ཀྲོ་ཏི་ལ་ཚོར་བའི་ཡུམ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས། ཟླ་གམ་གྱི་ལྗགས་རྣམ་པར་དག་པའི་དངོས་གྲུབ་ཐོབ་བོ། །སྐྱེ་གནས་མི་ཡི་ཡུལ་རྣམས༷་འཇོམས་མཛད་པ། །གུ་རྒྱ་ཀྲོ་ཏི་ཤྭ་རིའི་སྐུ། །རྫུས་པའི་སྐྱེ་གནས་ཐམས་ཅད་འཇོམས་མཛད་པ། །སྐྱེ་བཞི་མཁའ་བཞིར་ཕྱགས་མས་འདེབས། །བྷ་ག་བཞི་ཡི་ངང་དུ་རྫོགས། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོ་ཁུང་དུ། །དམ་རྫས་བདུད་རྩི་སྤྱིན་བསྲེག་ལ། །གུ་རྒྱ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །ཡུམ་གུ་རྒྱ་ཀྲོ་ཏི་ཤྭ་རི་ལ། སྐྱེ་གནས་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས། མཁའ་བཞིའི་ཀློང་དུ་མངོན་པར་སངས་རྒྱས་པར་གྱུར་ཏོ། །རེ༷ག་བྱའི་ཡུལ་རྣམས་འཇོམས་མཛད་མ། །ཡསྒ་ཀྲོ་ཏི་ཤྭ་རིའི་སྐུ། །སྤྲུལ་ཏེ་སྐྱེ་བའི་གནས་བཅོམ་ནས། །སྐྱེ་བཞི་མཁའ་བཞིར་ཕྱགས་མས་འདེབས། །བྷ་ག་བཞི་ཡི་ངང་དུ་རྫོགས། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་ལ། །ཡསྒ་ཀྲོ་ཏིའི་སྐུ་ལ་མཆོད་པ་འབུལ། །ཡུམ་ཡསྒ་ཀྲོ་ཏི་ཤཱ་རི་ལ། སྐྱེ་གནས་མཚན་མའི་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས། དུས་གསུམ་འགྱུར་བ་མེད་པའི་སྐུ་ཐོབ་པར་གྱུར་ཏོ། །དོན་གྱིས་མཆོད་པ་སྒོ་བ་བཞི་ལ་ཡང་འབུལ་ལོ། །དེ་ལྟར་ཚོ་གཅིག་ལ་སྤྱིན་སྲེག་བྱ། ཚོ་གཅིག་གཞལ་ཡས་ཁང་གི་ཕྱི་རོལ་དུ་ཁྱེར་ཏེ། ལྷག་མའི་གནས་བདུན་བྱ། གོམ་པ་བཅུ་གསུམ་བོར་ཞིང་གནས་རེ་རེ་བྱས་ཤིང་ལས་བཅོལ་ལོ། །གོམ་པ་བདུན་གསུམ་རྩ་གཅིག་ཙམ་དུ་ཕྱིན་པ་དང་། ཧོ་ཁུང་ཟླ་གམ་རྐོས་ལ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་སྦྱིན་བསྲེག་བྱ། དེ་ནས་སླར་ལོག་ནས། བརྙ་ལ་རིགས་ལྔའི་མཚན་བྱང་ཡང་བྲིས་པས། སློབ་དཔོན་གྱི་ས་བླངས་ལ།དཀྱིལ་འཁོར་གྱི་དབུས་སུ་སེང་གེའི་གདན་ལ་འདུག་ལ། སློབ་མས་རུ་ལུ་གར་གྱི་བྲོས་བསྐོར་ལ། དངོས་གྲུབ་གསོལ་ལོ། །དུར་ཁྲོད་གསང་༼བའི་བ༽མཆོག་གི་དཀྱིལ་འཁོར་དུ། །བང་རིམ་དམར་པོ་དག་ལ་རྟེན་བཅས་ཤིང་། །ཟླ་གམ་དམར་པོའི་སྟེང་དུ་དབང་ནོད་ན། །མེ་དམར་དགུ་པ་དག་ལ་མདངས་ཕྱུང་ནས། །བརྙ་མཚན་ལྡན་དག་ལ་ཐ་ཚིག་བསྒོས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །བདག་ཅག་སྒྲུབ་མཆོག་རྣམས་ལ་བསྩལ་དུ་གསོལ། ཨོ་རུ་ལུ་རུ་ལུ་ཧུ༷་སྟོ་ཧུ༷། སློབ་མ་ཀུན་གྱིས་བཟླས། དེ་ནས་སློབ་དཔོན་གྱི་རིམ་བཞིན་དབང་བསྐུར་རོ། །བདག་ཉིད་དངོས་གྲུབ་བླང་བ་འདི་སྐད་དོ། །དཔལ་དང་ལྡན་པའི་བརྙ་མཆོག །རང་བཞིན་གནས་པའི་ལྕང་ལོ་ཅན། །བདུད་རྩིས་བསྐང་བས་ཚེ་མཆོག་སྟེ། །ཐམས་ཅད་དབང་གི་རང་བཞིན་ལ། །བདག་ཉིད་དབུས་སུ་འདུག་ནས་ནི། །རང་བཞིན་རང་བྱུང་ཡེ་ཤེས་ལྷ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ཕྱི་མའི་དུས་ལ་མི་བཞེངས་བར། །ད་ལྟ་བདག་ལ་བསྩལ་དུ་གསོལ། །ཞེས་བརྗོད་ལ་རང་ལ་བདག་ཉིད་ཀྱི་དངོས་གྲུབ་བླང་ངོ་། །དེ་ནས་སློབ་དཔོན་གྱིས་རིམ་པ་བཞིན་དུ་དབང་བསྐུར་ཏེ། སློབ་མ་རྣམས་ཀྱིས་ཀྱང་། དུར་ཁྲོད་ཀྱི་མེ་ཏོག་ཐལ་མོའི་བར་དུ་བཅུག་ལ་འདི་སྐད་བརྗོད་དོ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །དུར་ཁྲོད་རྫས་ཀྱིས་མེ་ཏོག་བོར་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དེ་སྐད་བརྗོད་ནས་དཀྱིལ་འཁོར་ལ་འབུལ་ལོ། །དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་དུ་རྡོ་རྗེ་བྱིན་ནས། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེ་ལམ་ལ་དྲངས་ནས་ནི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་དབང་བསྐུར་རོ། །རང་ལ་མེ་མར་དང་བནྟྲས་དབང་བསྐུར་བ་འདི་སྐད་དོ། །ཡེ་ཤེས་གཉིས་མེད་འཁྱིལ་བའི་རྒྱ། །སྣ་ཚོགས་ཚོགས་ཆེན་འབྱུང་བའི་རྒྱུ། །སྐལ་ལྡན་འདི་ལ་དབང་བསྐུར་བའི་ཕྱིར། །བདུད་རྩི་མཆོག་བསྒྲུབ་དམ་རྫས་ཀ་བཱ་ལ། །གསང་རྫོགས་ཐུགས་ཀྱི་དངོས་གྲུབ་འདི་ལ་སྦྱིན། །བཛྲ་ཛུ་ཡུ་ཛུ་ཡུ། དེ་ནས་སྐུ་ལྔས་དབང་བསྐུར་སྟེ་འདི་སྐད་དོ། །མཐིང་ནག་གྲུ་གསུམ་འགྱུར་བ་མེད་པའི་སྐུ། །རྟག་ཏུ་ཧྭ༷་ཆེན་ཀློང་ནས་འཁྱིལ་བ་ཡི། །བདེ་ཆེན་བྱང་ཆུབ་སེམས་སུ་མངོན་རྫོགས་ཏེ། །བཛྲ་ཧེ་རུ་ཀ་ཡིས་དབང་བསྐུར་རོ། །ཆགས་པས་མི་གཏོང་དབང་གི་རྒྱལ་པོ་སྟེ། །དབང་ཕྱུག་གཏེར་ལྡན་ལྔ་དང་རྟག་ཏུ་འཁྱིལ་བ་ཡིས། །འཁོར་བ་མ་ལུས་མྱ་ངན་མངོན་འདས་ནས། །པདྨ་ཧེ་རུ་ཀ་ཡིས་དབང་བསྐུར་རོ། །དཀར་༄༅ བས་ཆོས་ཉིད་ཅིར་ཡང་གསལ་བའི་སྐུ། །མཁའ་མཉམ་དབྱིངས་ཕྱུག་བརྒྱད་དང་རྟག་ཏུ་རོལ་བ་ཡི། །སྲིད་པའི་ཆོས་ལ་ཡིད་ཀྱིས་དབང་བསྐུར་ཞིང་། །བུརྙ་ཧེ་རུ་ཀ་ཡི་དབང་བསྐུར་རོ། །སེར་པོ་ཡིད་བཞིན་ཡོན་ཏན་བརྒྱན་པའི་སྐུ། །རི་རབ་ཆེན་པོའི་སྤྱི་བསྐོར་བརྒྱད་དང་རོལ་པ་ཡིས། །འདོད་དགུ་ཡིད་བཞིན་རེ་བ་སྐོང་མཛད་ཅིང་། །རཏྣ་ཧེ་རུ་ཀའི་དབང་བསྐུར་རོ། །ལྗང་ཁུ་འཕྲིན་ལས་སྣ་ཚོགས་ཅིར་ཡང་་༢བྱུར་བའི་སྐུ། །བསྙེན་པས་སྐྲུངས་པའི་གདན་དང་རོལ་པ་ཡིས། །འགྲོ་བ་མ་ལུས་བྱང་ཆུབ་བདེ་ལ་འགོད། །ཀརྨ་ཧེ་རུ་ཀའི་དབང་བསྐུར་རོ། །བཛྲ་ཧེ་རུ་ཆེ་བ་དང་། པདྨ་ཧེ་རུ་ཀའི་མཆོག་དང་། བུརྙ་ཧེ་རུ་ཀའི་དངོས་གྲུབ་དང་། རཏྣ་ཧེ་རུ་ཀའི་བསྟན་པ་དང་། ཀརྨ་ཧེ་རུ་ཀའི་བྱིན་བརླབས་དང་། ཧེ་རུ་ཀ་ལྔའི་གྲུབ་པ་མི་འགྱུར་བར་གནས་སོ། །ད་ནི་གསང་བའི་ཧེ་རུ་ཀ་བཞི་ཡིས་དབང་བསྐུར་ཏེ། འཁོར་བ་དབྱིངས་སུ་སྦྱོར་བས་དབང་གི་རྒྱལ་པོ་སྟེ། །འཁོར་བའི་སེམས་ཅན་མ་ཆགས་ཀློང་དུ་སྦྱོར། །ཆགས་མེད་པདྨ་བདེ་ཆེན་འཁྱིལ་བ་ཡིས། །རསྒ་ཧེ་རུ་ཀ་ཡི་དབང་བསྐུར་རོ། །ཐུགས་རྗེས་མི་བསྙེལ་འཁོར་བའི་མཐའ་ལ་དགོངས། །ཐུགས་དམ་གཟུངས་ཀྱིས་འབྲེལ་བས་རྟག་ཏུ་དགོངས། །དམ་ཚིག་རྫོགས་ཆེན་བླ་མེད་འཁྱིལ་བ་ཡིས། །ས་ནུ་ཧེ་རུ་ཀ་ཡིས་དབང་བསྐུར་རོ། །གསང་བའི་ཐུགས་རྗེ་གཟུངས་ཀྱི་བྱིན་བརླབས་ཀྱིས། །ཉོན་མོངས་ཐ་བའ་རྒན་དུད་རླན་མཛད་ཅང་། །གསང་བས་འཁྱལ་པའ་བདེ་ཆེན་ཡུམ་གྱ་མཁའ། །གུ་རྒྱ་ཧེ་རུ་ཀ་ཡས་དབང་བསྐུར་རོ། །ཉོན་མོངས་འཁོར་བ་མ་ལུས་རྩད་གཅོད་ཅང་། །ཐུགས་རྗེས་མ་ལུས་བདེ་ཆེན་དབྱངས་སུ་སྒྲོལ། །དྲག་ཤུལ་རྔམ་པས་སྲིད་པ་ཚར་གཅོད་དེ། །དོན་དམ་བྱང་ཆུབ་སེམས་ལ་གསལ་བར་མཛད། །ཡསྒ་ཧེ་རུ་ཀ་ཡིས་དབང་བསྐུར་རོ། །དེ་ལྟར་རྡོ་རྗེ་དབྱིངས་ཕྱུག་མ་ནི་ཆེ་བ་ཡབ་ཀྱི་དབང་། །པདྨ་དབྱིངས་ཕྱུག་མ་ནི་གསང་བ་ཡུམ་གྱི་དབང་། །རིན་ཆེན་དབྱིངས་ཕྱུག་མ་ནི་ཡོན་ཏན་རྫོགས་པའི་དབང་། །ལས་ཀྱི་དབྱིངས་ཕྱུག་མ་ནི་འཕྲིན་ལས་རྒྱ་མཚོའི་དབང་། མཁའ་ལ་དབྱིངས་ཕྱུག་མ་ནི་སྤྱིའི་འབྱམས་རྒྱ་མཚོའི་དབང་།།དབྱིངས་ཕྱུག་རྒྱལ་མོ་ལྔ་ཡིས་དབང་བསྐུར་རོ། །འབྱུང་ལྔས་བསྡུས་པ་ཀུན་གྱི་རྒྱལ་པོར་འགྱུར། །རསྒ་ཀྲོ་ཏི་ཆགས་མེད་སྐྱོན་བྲལ་དབང་། །ས་ནུ་ཀྲོ་ཏི་དམ་ཚིག་རྫོགས་པའི་དབང་། །གུ་རྒྱ་ཀྲོ་ཏི་སྐྱེ་ཤི་མེད་པའི་དབང་། །ཡསྒ་ཀྲོ་ཏི་འཁོར་བ་རྩད་གཅོད་དབང་། །གསང་བ་ཡུམ་ཆེན་བཞི་ཡིས་དབང་བསྐུར་བས། །འདུ་འབྲལ་མེད་པའི་ཀློང་དུ་ལྷུན་གྱིས་གྲུབ། །དེ་ནས་རང་ལ་བནྟྲས་དབང་བསྐུར་ཏེ། མཚན་མའི་སྐྱོན་བྲལ་བརྙའི་རྫས་མཆོག་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །དེ་བཞིན་གཤེཊ་པའི་དངོས་གྲུབ་ཐོབ་པར་འགྱུར། །བརྙས་དབང་བསྐུར་བས། ཆོས་སྐྱེ་བ་མེད་པའི་དོན་རྟོགས་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་ཀྱི་དབང་བསྐུར་སྟེ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རྫས་མཆོག་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། མ་འགགས་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །དེ་ནས་ཤ་ཆེན་གྱི་དབང་བསྐུར་ཏེ། ཁམས་གསུམ་བསྒྲལ་བའི་རྫས་མཆོག་ཤ་ཆེན་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རིན་ཆེན་རིགས་མཆོག་དངོས་གྲུབ་ཐོབ་པར་འགྱུར། ཁྲ་ཆེན་གྱིས་དབང་བསྐུར་བས། རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །དེ་ནས་རཀྟས་དབང་བསྐུར་ཏེ། གསང་བ་མཆོག་གི་རཀྟའི་དམ་རྫས་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །གསུང་མཆོག་པདྨའི་རིགས་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །པདྨ་རཀྟས་དབང་བསྐུར་བས། པདྨའི་རིགས་ཀྱི་དངོས་གྲུབ་ཐོབ་ནས། སོ་སོ་རྟོག་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །དེ་ནས་དྲི་ཆུས་དབང་བསྐུར་ཏེ། །ལས་མཆོག་གྲུབ་པའི་རྫས་མཆོག་དྲི་ཆུ་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །དྲི་ཆུས་དབང་བསྐུར་བས། ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་ནས། བྱ་བ་ནན་ཏན་ཡེ་ཤེས་དང་ལྡན་པར་གྱུར་ཅིག །གྲུབ་པའི་རྫས་དང་ཡོན་ཏན་ལ། །དང་དུ་མི་ལེན་བློ་ཆུང་ན། །འདི་ནི་སྤང་ཞིང་དབྱུང་བར་བྱ། །ཞེས་བཀའ་བསྩལ་ཏོ། །དེ་ནས་བཀྲ་ཤིས་པའི་རྫས་དང་། རྡོ་རྗེ་ཚེ་གསོལ་བས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ཅིག །སྨོན་ལམ་བཏབ་ནས། དཀྱིལ་འཁོར་ནས་དབྱུང་། བསྒྲུབ་པ་པོའི་རིམ་པ་ནས་དབང་བསྐུར་རོ། །དེ་ནས་ལས་ཐམས་ཅད་དངོས་གྲུབ་དུ་བྱ། དངོས་གྲུབ་དབང་དུ་བྱ་བ་ནི། ཟླ་གམ་དབང་གི་ལྷ་བཤོས་དང་། །སྤྱན་གཟིགས་སྣ་ཚོགས་པ་དྲངས་ཏེ། །དབང་ཆེན་གྱི་ཞེ་༽དཀྱིལ་འཁོར་བསྐྱེད། །དབང་གི་དངོས་གྲུབ་ནི། ཟླ་གམ་གྱི་ལྷ་་ཤོས་ལ་བསྟིམ་མོ། །བཤོས་ཀྱང་བཏབ་ལ་གསོལ་ལོ། །དེ་ནས་བསྒྲུབ་པ་མཐར་ཕྱིན་པ་དང་། སློབ་དཔོན་ལ་ཡོན་དབུལ་གཏང་རག་གཏང་། དེ་ནས་དཀྱིལ་འཁོར་བསྡུ། ད་ནི་དཀྱིལ་འཁོར་མཐའ་ནས་བསྡུ། །དཀྱིལ་འཁོར་མཐའ་ནས་མི་བསྡུ་མྲ །སྣངསྲིད་འཁོར་བའི་སེམས་ཅན་རྣམས། །བདེ་ཆེན་ཀློང་དུ་དྲིལ་བའི་དོན། །ད་ནི་དཀྱིལ་འཁོར་མཐའ་ནས་བསྡུ། །དཀྱིལ་འཁོར་ལྷ་ཚོགས་དབུས་ཀྱི་གཙོ་བོའི་ཐུགས་ཀར་བསྡུ། དབུས་ཀྱི་གཙོ་བོ་ཕྱག་མཚན་རྡོ་རྗེ་ལ་བསྡུ། ཕྱག་མཚན་རྡོ་རྗེ་ཡི་གེ་ཧུ༷་ལ་བསྡུ། ཡི་གེ་ཧུ༷་ནི་སྐྱེ་ཤི་མེད་པའི་དོན། མཐའི་ཕོ་བྲང་དབུས་ཀྱི་འཁོར་ལོའི་ལྟེ་བར་བསྡུ། འཁོར་ལོའི་ལྟེ་བར་མ་སྤྲོས་སྤོས་པ་མེད་པའི་ངང་། །སྤྲོས་མེད་སྐྱེ་ཤི་མེད་པས་བདེ་བ་ཆེན་པོའི་ཀློང་། །ད་ནི་སྣང་སྲིད་མཐའ་ནས་བསྡུ། །སྣང་སྲིད་མཐའ་ནས་མི་བསྡུ་མྲ །སྣང་སྲིད་ཐམས་ཅད་སངས་རྒྱས་རྒྱུ། །དུག་གསུམ་སྐུ་གསུང་ཐུགས་སུ་བསྡུ། །ཉོན་མོངས་ལྒ་རྣི་ཡེ་ཤེས་ལྔ་རུ་བསྡུ། །སྨན་ཤིང་བཟའ་བའི་དམ་རྫས་བདུད་རྩི་ལྔ་རུ་བསྡུ། །སྣང་སྲིད་ཐམས་ཅད་ཀུན་བཟང་ཀློང་དུ་བསྡུ། །ཕྱི་ནང་སྣོད་བཅུད་ཐིག་ལེའི་དབྱིངས་སུ་བསྡུ། །ཅེས་བཀའ་བསྩལ་ཏོ། །དེ་ནས་གཏེར་སྦསཏེ། ཉྭ༽ནུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྐུ་མཆོག་བྱང་ཆུབ་སེམས་སུ་བཞུགས་པའམ། །སྣང་སྲིད་ཐམས་ཅད་མི་རྟག་དུས་བྱུང་ན། །ཟད་མེད་མི་ཟད་གཏེར་གྱིས་མདུན་ནས་བསུ། །སྐྱེ་ཤི་མེད་པའི་ཚེ་དང་འཕྲད་པར་ཤོག །དུག་གསུམ་སྐུ་གསུང་ཐུགས་སུ་གཏེར་སྦས་པས། །དུག་གསུམ་རྣམ་པར་དག་པའི་འཁོར་ལོ་གསུམ་གྱི་ངང་། །སྐུ་གསུམ་འདུ་འབྲལ་མེད་པའི་ངང་དུ་སྦ། །འགྱུར་བ་མེད་པའི་ཐིག་ལེའི་གཏེར། །རྫོགས་པ་ཆེན་པོའི་ཐིག་ལེ་བདེ་ཆེན་ཀློང་། །ཐིག་ལེ་བདེ་ཆེན་ཀློང་དུ་གཏེར་དུ་སྦས་པས། །སྣང་སྲིད་ཐམས་ཅད་བདེ་ཆེན་ས་ལ་དགོད། །ལམ་གྱེ་ནང་ན་ཉེ་ལམ་བདེར་རྫོགས་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པ་སྟེ། །ཟད་མེད་བྱང་ཆུབ་སེམས་ཀྱི་གཏེར་སྦས་པས། །དུས་གསུམ་སངས་རྒྱས་སེམས་ཅན་གཉིས་མེད་དེ། །མི་ཟད་གཏེར་གྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །ཧུ༷་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །འབྲུལ་ཞལཡིད་བཞིན་བརྙའི་རྫས་མཆོག་དང་། །མ་རིག་མུན་སེལ་མེ་མར་དགུ་པ་དང་། །ཟླ་གམ་བཅོ་བརྒྱད་གསང་བའི་གནས་འདི་སྲ །ངན་སོང་འཁོར་བ་རྣམས་ཀྱང་བསྒྲལ་ལགས་ལ། །དུག་གསུམ་རྒྱལ་བ་རྣམས་ཀྱང་མཆོད་ལགས་ལ། །དཔལ་ཆེན་ཧེ་རུ་ཀ་ཡང་བསྒྲུབ་ལགས་ལ། །མ་སྲིང་རྒྱ་མཚོ་རྣམས་ཀྱང་བསྒྲུབ་ལག་ལ། །དངོས་གྲུབ་དབྱིངས་མཆོག་རྣམས་ཀྱང་བླངས་ལགས་ལ། །མི་གནས་ཡེ་ཤེས་ཐུགས་ཀྱང་བསྒྲུབ་ལགས་ཀྱིས། །དང་པོའི་གནས་དང་ཆོས་ཀྱི་དབྱིངས་སུ་གཤེགས། །དེ་ནས་སློབ་དཔོན་གྱིས་སྨོན་ལམ་བཏབ་སྟེ། མི་གནས་ཡེ་ཤེས་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །འདི་ལྟ་བུ་ཡི་མན་ངག་ལུང་སྟོན་པའི། །བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་དང་། །སྲོག་གི་ལུ་གུ་རྒྱུད་ཀྱིས་འབྲེལ་བ་རྣམས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །དུག་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། །གསང་བ་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག།དེ་ནས་ཕུར་པ་ཅོད་པན་བཀྲོལ་ལ། སྐུ་ཁྲུས་གསོལ། གཏོར་མ་ཆ་གཅིག་བཤམས་ལ། རྒྱལ་ཆེན་དང་ཕྱོགས་སྐྱོང་ལ་བསྔོས་ལ། མཚམས་གློད་ལུས་བསྲུང་། བཟོད་པར་གསོལ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ཟླ་གམ་བཅོ་བརྒྱད་པའི་དཀྱིལ་འཁོར་བསྒྲུབ་ལུགས་ཏེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས་བྱུང་སྟེ།མ་ཏྲང་ཞལ་གྱི་དཀྱིལ་འཁོར་དུ་སྒྲུབ་ལུགས་འདི་ གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་ གཞི་བརྟག་པར་བྱ། །ས་བདག༷་རྣམས་ལ་ས་རིན་ གཞལ། །བསླང་དང་སྦྱང་བ་ཚུལ་བཞིན་བྱ། །ཕྱོགས་བཞི་དག་ཏུ་ཐོ་བཞི་རྩིག །བསྲུང་དང་མཚམས་ཀྱི་ལས་རྣམས་བྱ། །མཚམས་ཀྱི་དུས་ཕུར་བུ་དར་གྱི་ཅོད་པན་ཅན་གྱི་བཏེགས། ཨོ་བཛྲ་ཀྲོ་དྷ་ཀི་ལི་ཀི་ལ་ཡ་ཧཱུཾ་ཕཊ། བན་དྷ་༼བན་དྷ༽་ ཧཱུཾ་ཕཊ།གརྫ་གརྫ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། སྟིསྡོ་སྟིསྡོ་ཧུ༷་ཕཊ། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཏིཁྱི་ཏིཇི་ཧུ༷་ཕཊ། ཚིན་དྷ་ཚིན་དྷ་ཧུ༷་ཕཊ། སྤྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། བན་དྷ་བན་དྷ་ཧུ༷་ཕཊ། སྟེགས་བུ་འདོམ་གང་བ་ལ། ཐིག་གདབ། དེ་ནས་མ་ཊམ་གནན་པར་བྱ་སྟེ། མ་རྨྱུ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་མཛད། །ད་ཡང་རྣལ་འབྱོར་དབང་ཕྱུག་གི །བསྒྲལ་ནས་དཀྱིལ་འཁོར་ཆེན་པོར་མཛད། །ཛ༷༷ཧུ༷་བ༷་ཧོ། མཧྭ་ཤི་ཧེ་རུ་ཀ །མ་ཏྲ༷་རུ་་། ཧ་ན་ཧ་ན། ད་ཧ་ད་ཧ། ཧ་ཧ་ཧ། པྲ་བེ་ཤ་ཧུ༷་ཕཊ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་༼པ༽། །མི་གཡོ་ཕྱག་རྒྱ་ཆེན་པོ་ཡིས། །རུ་ཧྲ་ཆེན་པོ་བསྒྱེལ་ནས་ནི། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །མ་ཏྲ༷་མགོ་ལུས་ཡན་ལག་ལ། །དཀྱིལ་འཁོར་བཅུ་གཅིག་བྲི་བར་བྱ། །ཞལ་དུ་མཐིང་ནག་གྲུ་གསུམ་བྱ། །ཡམ་ཤིང་དག་གིས་བརྫངས་ནས་ནི། །སྦྱིན་བསྲེག་རྣམ་གསུམ་ཚུལ་བཞིན་བྱ། །སྙིང་ཁར་གྲུ་གསུམ་བརྩེགས་པ་ལ། །དཀྱིལ་འཁོར་བང་རིམ་གསུམ་པར་བྱ། །ཕུར་བུ་ཉི་ཤུ་རྩ་བདུན་དགོད། །ལྟེ་བར་གྲུ་གསུམ་མཐིང་ནག་ལ། །ཚལ་བུ་དགུ་ལ་ཁ་ཏྲ༷་དགུ། །ཕུར་བུ་བཅུ་དང་བསྒྲགས་ལ་བཞག །སྟེང་འོག་ཕྱོགས་མཚམས་བརྒྱད་དུ་བཞག །གནས་བརྒྱད་དག་ཏུ་དཀྱིལ་འཁོར་བྲི། །བསྐལ་པའི་མེ་རི་འབར་བས་བསྐོར། །གཞུང་བཞིན་རྫས་ཀྱང་དགོད་པར་བྱ། །བརྙ་མཚན་དང་ལྡན་པ་ལ། །དཔལ་ཆེན་ཡབ་ཡུམ་མཚན་བྲིས་ཏེ། །བང་རིམ་དང་པོའ་སྟེང་དུ་བཞག །བར་མ་མེ་མར་དགུ་པ་དགོད། །ཐ་མ་བནྟྲ་མཚན་ལྡན་བཞི་༼པ་༽ལརིགས་བཞི་ཡབ་ཡུམ་དགོད་པར་བྱ། །དཀྱིལ་འཁོར་ཆེན་པོར་བརྒྱད་པོ་ལ། །མ་མོ་ཆེན་མོ་བརྒྱད་དགོད་དོ། །དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་པོའི་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་ཏྲང་བསྣོལ་བའི་གདན་སྟེང་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲར་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བུརྙ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་སྒ་་བསྣོལ་བའི་རྣམ་ཤེས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །ཡོན་ཏན་རཏྣ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་ཏྲ༷་རུ་ཏྲའི་རྣམ་ཤེས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་ནས་རབ་བྱུང་གྲུབ་པའི་ལྷ། །གསུང་མཆོག་པདྨ་ཧེ་རུ་ཀ །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་ཏྲར་བསྣོལ་བའི་རྣམ་ཤེས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྱང་ནས་རང་བྱུང་གྲུབ་པའི་ལྷ། །འཕྲིན་ལས་ཀརྨ་ཧེ་རུ་ཀ།དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ། །མ་ཏྲང་གི་ནི་རྣམ་ཤེས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྒྱ་གར་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཀིའུ་རིའི་གནས།།དུར་ཁྲོད་ཆེན་པོའི་གནས་ཆེན་དུ། །འདི་ཡི་ཡན་ལག་གཡས་པ་ ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལི་ཡི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཙོའུ་རི་མ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །འདི་ཡི་ཡན་ལག་གཡོན་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བལ་པོའི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་པྲ་མོ་ཧ། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་རྐང་པ་གཡོན་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཐོ་གར་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་བི་ཏ་ལི། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །འདི་ཡི་རྐང་པ་གཡས་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཟ་ཧོར་ཡུལ་ནས་གྲུབ་པ་མོ། །མ་མ་ཆེན་མོ་པུསྐ་སི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་དཔྲལ་བར་བཞུགས་སུ་གསོལ། །ཨུ་རྒྱན་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་བྷསྨ་རི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་ མཁལ་ མ་གཡས་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །སིང་ཧའི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་སྨེ་ཤ་ནི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་མཁལ་མ་གཡོན་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཀློང་དགུའི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཙནྟྲ་ལི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་ཕོ་མཚན་དཀྱིལ་འཁོར་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །འདི་ཡི་དཔུང་པ་གཡས་གཡོན་ལ། །སྟག་སེང་གཉིས་དང་རྒོད་ཀང་གཉིས། །༼བསྟོད་བ་ཏག༽ཅེང་ཟ་བའི་ཚུལ་དུ་བཞུགས། །བརླ་ནི་གཡས་དང་གཡོན་པ་ལ། །ཝ་སྦྱང་གཉིས་དང་བྱ་རོག་འུག །་ཏོད་བ་༄བྱེང་ཟ་བའི་ཚུལ་དུ་བཞུགས། །གཡས་གཡོན་ལག་པའི་བོལ་གཉིས་ལ། །ལྕགས་ཀྱུ་ཞགས་པ་སྟོབ་པའི་ཚུལ། །འདི་ཡི་རྐང་བོལ་གཡས་གཡོན་ལ། །ལྕགས་སྒྲོགས་དྲིལ་བུའི་་ཏོད་བ་༽པའི་ཚུལ། །དེ་ཡི་འཁོར་ལོ་སྒལ་ཚིགས་ལ། །གཡག་མགོ་ཅན་ལ་སོགས་པ་ཡི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་། །ཟ་ཞིང་་རྟོད་བ་ཀེཔའི་ཚུལ་དུ་བཞུགས། །དེ་ནས་རྫས་དགྲམ་སྟེ། ལྷ་བཤོས་ཟླ་གམ་ལ།རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ལ། སྤྲིན་ཆེན་གྱི་ཞལ་ཁབ་སྤྱན་དྲང་ངོ་། །བསྒྲུབ་པ་པོའི་མདུན་དུ། བརྙའི་བཟེད་ཕོར་དང་། དམར་གྱིས་ཨསྙེ༷་དྲང་ངོ་། །རྫས་ཀྱི་དཀྱིལ་འཁོར་གྱིས་བསྒྲུབ་ལུགས་སོ། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། །ཕུར་བུ་ཉི་ཤུ་རྩ་བདུན་དགོད། །མ་ནོར་ལྷུན་གྲུབ་དབྱིངས་ཀྱི་ངང་། །རང་བཞིན་ལྷུན་གྱི་གྲུབ་པའི་ཀློང་། །དེ་ནས་སེམས་ཀྱི་འབྲས་བུ་བསྐྱེད། །གདོད་ནས་མ་སྐྱེས་ལྷུན་གྱི་གྲུབ། །དེ་ནས་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །དེ་ནས་ཕུར་བུའི་བྱང་ཆུབ་སེམས། །རྒྱུ་འབྲས་གཉིས་མེད་མྱ་ངན་འདས། །དེ་ནས་བདག་གི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་བསྐུར་ཞིང་། །བཅོམ་ལྡན་འདས་དང་སྐལ་བ་ཅིག །གསང་བ་བྱང་ཆུབ་སེམས་རབ་བརྟན། ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །གྲུབ་པའི་ཡེ་ཤེས་ཚོན་གང་བ། །གསང་བ་སྔཊ་ཀྱིས་བཏབ་ནས་ནི། །སྐུ་དང་ལྡན་པར་རབ་བརྒྱན་ཏེ། ཁམས་གསུམ་ཁྲོ་བོས་གང་བར་མཛད། །མཉམ་ཉིད་རིག་པའི་རྩལ་འཕང་གིས། །བསྒྲལ་ནས་ཧུ༷་གི་རང་བཞིན་ཏེ། །ཕུང་པོའི་ཆོས་སྐུ་ཐོབ་པར་འགྱུར། །དུས་གསུམ་རྒྱལ་བའི་སྲས་སུ་སྐྱེ། ཁམས་གསུམ་ཀུན་གྱི་དོན་བྱས་ནས། །སྤྲོས་པས་སྟོང་གསུམ་ལྷུན་གྱིས་གྲུབ། །སྣང་སྲིད་སྲོག་སྟེ་སངས་རྒྱས་ཐུགས། །སྐུ་གསུང་ཐུགས་ཀྱི་ས་བོན་ཏེ། །སྣང་སྲིད་ཧེ་རུ་ཀ་ཡི་ཐུགས། །ཐམས་ཅད་རབ་ཏུ་བརྗིད་བསྒྲལ་བས། །དེ་ནས་སེམས་ཉིད་མྱ་ངན་འདས། ཁམས་གསུམ་དུར་ཁྲོད་ཁྲག་ཡིན་ཏེ། །ཐུགས་རྗེ་ཆགས་པས་བསྒྲལ་ཕྱིར་དུ། །སྣང་སྲིད་བདར་ཤ་བཅད་ནས་ཀྱང་། །སྤྱོད་པ་རྣམ་པ་བཅུ་དང་ལྡན། །མཛད་སྤྱོད་ཐམས་ཅད་ཀུན་བཟང་ཀློང་། །ཡི་གེ་ཧུ༷་གི་སྐལ་བ་བཟང་། །སྣང་སྲིད་དབང་དུ་འདུས་ནས་ཀྱང་། །སྣང་སྲིད་ཀུན་ལས་འདས་པར་སྒོམ། །གཟུང་འཛིན་རྣམ་གཉིས་གཏན་སྤངས་ནས། །རིག་པའི་ཡེ་ཤེས་སྐད་ཅིག་ལ། །སྣང་སྲིད་གཉིས་འཛིན་རྟོག་པ་རྣམས། །གསང་བ་ལས་ཀྱང་མྱ་ངན་འདས། །སྣང་སྲིད་མྱ་ངན་ལས་འདས་པས། །ཀུན་བཟང་ཀློང་དུ་ངང་གིས་སྤྱོད། །སྲིད་པ་གསུམ་ཀྱང་མྱ་ངན་འདས། །སྣང་སྲིད་འཁོར་བའི་སྐྱེ་རྒྱུད་བཅད། །བྱང་ཆུབ་སེམས་ཀྱི་གོ་ལས་བཅད། །དེ་ནི་བྱང་ཆུབ་སེམས་ཀྱི་དོན། །བྱང་ཆུབ་སེམས་ཀྱི་ཕུར་བུ་འདི། །དྲིལ་བས་འཁོར་བ་རྩད་བཅད་ནས། །སྣང་སྲིད་ཕུར་བུས་ཐེབས་ཞེས་བྱ། །སྣང་སྲིད་ཐིག་ལེའི་ངང་དུ་རྫོགས། །དུས་གསུམ་ཀུན་བཟང་ངང་དུ་ཐིམ། །ལྟེ་བར་གྲུ་གསུམ་མཐིང་ནག་ལ། །ཟུར་ལ་ཐོད་པ་ཞལ་གསུམ་བྲི། །གཞུང་བདུན་དགྲ་སྟ་བརྒྱད་ཀྱང་དགོད། །ཕུར་པ་དགུ་དང་ཁ་ཊ༷་དགུ། །རྩང་དམར་དྲུག་ཅུ་རྩ་བརྒྱད་དགོད། །དབུས་སུ་རྡོ་རྗེ་རྒྱ་གྲམ་མོ། །སྐེ་ཚེ་ལྡོང་རོས་ལན་ཚྭ་རྣམས། །དུག་དང་བསྲེས་ལ་གཏོར་མ་བྱ། །ཐུགས་རྗེ་ཆེན་པོའི་ཞི་བ་ལས། །གདུག་པའི་ལས་རྣམས་གཏན་སྤངས་ཏེ། ཁེན་ཏུ་གདུག་པའི་གཏུམ་པོ་ལ། །ཞི་བས་འདུལ་བར་མི་འགྱུར་ཏེ། ཁྲེས་རབ་ཐབས་ཀྱི་སྦྱོར་བ་ཡིས། ཁྲོས་པའི་སྐུ་མཆོག་འབར་བ་དང་། །སྤྲུལ་པའི་ཁྲོ་བོ་མང་པོ་ཡིས། །གདུག་བྱེད་མ་ལུས་བཏུལ་ནས་ནི། །དུག་གསུམ་རྩ་བ་བཅད་ནས་ནི། །གཏན་དུ་འཕོ་བའི་ལས་ཀྱང་བྱ། །དབྱུང་བའི་དགོངས་པ་གཏན་འཕོ་བའི་ལས་བྱ། དེ་ནས་ཏིང་ངེ་འཛིན་རྣམ་གསུམ་བསྐྱེད། འཛབ་འབུམ་བཟླས་ཐམས་ཅད་པ་དང་། དངོས་གྲུབ་གསོལ། ཐུགས་དམ་བསྐུལ། འཕྲིན་ལས་བཅོལ། གཏོར་མ་དགོངས་དང་ཐོ་རངས་བཏང་། སྤྱིན་བསྲེག་གཞུང་བཞིན་བྱ། སྒྲུབ་པ་མཐར་ཕྱིན་པ་དང་། གཏོར་མ་གཅིག་ལ། རྒྱལ་ཆེན་དང་ཕྱོགས་སྐྱོང་ལ་བསྔོས་ལ། གཏང་རག་བཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། མ་ཏྲང་ཞལ་གྱི་སྒྲུབ་ལུགས་ཏེ་བཞི་པའོ།། །།དེ་ནས་དཔལ་ཆེན་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས། དུག་གསུམ་གྱི་དཀྱིལ་འཁོར་བང་རིམ་གསུམ་པ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་གཞལ་ནས་ས་བླང་ངོ་། །ས་གཞི་དེ་ཡི་ཕྱི་རིམ་དུ། །ཐོ་བཞི་དག་ཀྱང་གཟུག་པར་བྱ། །སྤྱན་དྲངས་བྱིན་གྱིས་བརླབས་ལ་བཞག །བསྲུང་དང་མཚམས་ཀྱི་ལས་རྣམས་བྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །ཕྱིའི་སྤང་སྐོང་གཞུད་བཞིན་བྱ། །གཟུང་མ་བྱིན་རླབས་ཐིག་སྐུད་བཀལ། །རྩ་བའི་དཀྱིལ་འཁོར་ཆེན་པོ་ལ། །སྒྲུབ་ལུགས་ཆེན་པོ་བཅོ་བརྒྱད་དོ། །ཡང་དག་ཐབས་མཆོག་རྫོགས་པ་ཡིས། །སངས་རྒྱས་བདེ་ཆེན་གཅིག་པུ་ཉིད། །འབྲས་བུ་བདེ་ཆེན་ཀུན་འདུས་པས། །རྣལ་འབྱོར་ཟབ་མོ་སྐུ་གསུང་རྫོགས། །ངེས་པར་བརྟགས་པའི་ས་གཞི་ལ། །བློ་ལ་ངེས་པའི་ལུང་འདི་བསྟན། །རོ་ཡི་སྒྲུབ་ཐབས་ཆེན་པོ་ནི། །ལུང་དང་མན་ངག་གཏན་ཚིགས་སོ། །ལྟ་བ་འདི་ལས་མ་འདས་ན། །སྒྲུབ་པ་རྣམས་ཀྱང་དེ་བཞིན་བསྒྲུབ། །སྟེགས་བུ་འདོམ་གང་གྲུ་བཞི་ལ། །བར་མ་མཐིང་ནག་གྲུ་གསུམ་པ། །མ་ཏང་དམར་ནག་ཟླ་གམ་མོ། །བསྟོ་མཚན་དང་ལྡན་པ་ལ། །དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་བཞག །ཚལ་བུ་བརྒྱད་ལ་ཀོ་རི་མ་བརྒྱད་བྲིས་ལ་བཞག །ཚིལ་ཆེན་གྱི་མེ་མར་དགུ་བཏང་། བར་མ་ལ་ཤ་ཆེན་དང་ཞིང་རས། ཐ་མ་ལ་ཕྱག་རྒྱ་བཞི་དགོད།ཕུར་བུར་དར་གྱི་ཅོད་པན་ཁྲོ་བོ་བཅུའི་རྫས་སུ་དགོད་དེ། སྣུམ་པ་ཡི་ནི་དམ་ཚིག་དང་། །གཙང་དང་འཇིག་པའི་བརྟུལ་ཞུགས་ཅན། །དེ་དག་བསྒོམས་ནས་ཉམས་སུ་བླངས། །བློ་གཞན་ཤེས་རབ་ཆུང་བས་ནི། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །ཕུང་བྱེད་གཉི་ག་བསྲེག་བྱས་ནས། །དེ་བས་གཞན་དུ་སྤེལ་བ་མིན། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞི་བརྟགས་ནས་ནི། །དཀྱིལ་འཁོར་དམར་ནག་གྲུ་བཞི་ལ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་བྱ། །དེ་ཡི་དབུས་སུ་རོ་བཞག་ནས། །སྣང་མཛད་སྐུ་རུ་བསྒོམས་ནས་ནི། །དེ་ནས་རྩ་བའི་སྔགས་ཀྱིས་གདབ། །རྫོགས་པའི་ལྟ་བའི་ངང་དུ་བཞུགས། །མཚན་མ་བྱུང་ནས་དངོས་གྲུབ་བླང་། །མཚན་མ་ཀ་ནས་སྤོག་པར་བྱ། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་པུཎྜ་རྡི་ཀའི་རྒྱུད་ལས་དུག་གསུམ་བང་རིམ་གསུམ་པའི་སྒྲུབ་ལུགས་ཏེ་ལྔ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས་སྐུ་གསུང་ཐུགས་ཡོན་ཏན་གྱི་སྒོ་ནས་འཕྲིན་ལས་ཀྱི་སྒྲུབ་པ་ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གྭ་ཞི་བརྟག་པར་བྱ། །ས་བདག་རྣམས་ལ་ས་རིན་གཞལ། །བླང་དང་སྦྱང་བ་ཚུལ་བཞིན་བྱ། །ཕྱོགས་བཞི་དག་ཏུ་ཐོ་བཞི་གཟུགས། །སྲུང་དང་མཚམས་ཀྱི་ལས་རྣམས་བྱ། །སྡིག་སྦྱངས་བྱང་ཆུབ་སེམས་ཀྱང་བསྐྱེད། །ཕྱ་ཡི་སྤང་སྐོང་གཞུད་བཞིན་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །གཟུང་མ་བྱིན་བརླབས་ཐིག་སྐུད་བཀལ། །དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པོ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །སྒོ་བཞི་དག་དང་ལྡན་པར་བྱ། །དེ་ཡི་ཕྱི་རིམ་སྣམ་བུ་ནི། །དམར་པོ་སྒོ་བཞི་ལྡན་པར་བྱ། །དེ་ཡི་ཕྱི་རིམ་མེ་རི་ལ། །ལག་ཆུ་ཧྭ་དང་ལྡན་པར་བྱ། །དབུས་སུ་དཔལ་ཆེན་ཡབ་ཡུམ་ལ། །ཕྱི་རིམ་ཁྲག་འཐུང་ཡབ་ཡུམ་མོ། །རྩིབས་ལ་གོ་རི་མ་བརྒྱད་དགོད། །རྩིབས་ཆེན་ལ་སིང་ཧ་མ་བརྒྱད་དགོད། །སྒོ་བཞི་དག་ཏུ་ཕྱག་རྒྱ་མ། །དེ་ཡི་ཕྱི་རིམ་དམར་ནག་ལ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད། །དེ་ཡི་ཕྱི་རིམ་ལག་ཆུ་ཧྭ། ཁྲོ་བོ་ཆེན་པོ་བཅུ་རྣམས་དགོད། །བ་སུ་ཏ་ཡི་རྒྱུ་ཕྲེང་གིས། །དཀྱིལ་འཁོར་ཆེན་པོ་བསྐོར་བར་བྱ། །འགེབས་པའི་གཡང་གཞི་ཆེན་པོ་ན། །བླ་རེ་དག་ཏུ་བྲེ་བར་བྱ། །དགུ་འམ་དྲུག་ཅུ་རྩ་བརྒྱད་དོ། །དེ་ནས་སྒྲུབ་པ་པོ་རྣམས་བརྒྱན་བཞི་དང་། དབང་ལྔ་ཡང་བསྐུར་རོ། །དེ་ལྟ་བུའི་དཀྱིལ་འཁོར་ལ། དམ་རྫས་དགྲམ་པ་ནི། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ལ། སྤྲིན་ཆེན་གྱི་ཞལ་ཁེབ་ཅན་དྲང་ངོ་། །བནྟྲའི་གཟེད་ཕོར་ཚིལ་ཆེན་གྱི་མེ་མར། དམར་གྱི་ཨསྙེ༷་དང་བཅས་པར་དགྲམ་མོ། །དེ་ནས་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད། འཛབ་རྫོགས་པ་དང་། བསྟོད་ཚོགས་ཀྱི་མཆོད་པ་འབུལ། དངོས་གྲུབ་གསོལ། གཏོར་མ་དགོང་དང་ཐོ་རངས་བཏང་། སླད་མ་ཡང་རྗེས་ལ་དྲངས། ལྷ་བསྐྱེད་མཆོད་པ་འབུལ། འཛབ་བགྲང་། དེ་ནས་སྒྲུབ་པ་ཕྱིན་པ་དང་། གཏོར་མ་ཚོ་གསུམ་དུ་བཅད་ལ། ཚོ་གཅིག་ལ་སྤྱིན་བསྲེག་བྱ། ཚོ་གཅིག་མཁའ་འགྲོ་མ་རྣམས་ལ་བསྔོ། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦས། དེ་ནས་པྲ་་གོ་བེ༽ཤས་སྒོ་དབྱེ་དཀྱིལ་འཁོར་ནས་དབྱུང་། དབང་བསྐུར་ཡོན་འབུལ། གཏང་རག་བཏང་། དེ་ནས་ཕྱི་རོལ་དུ་གཏོར་མ་ཆ་གཅིག་སྲུང་མ་ལ་མཆོད། སླར་གཤེགས་སུ་གསོལ། རྡོ་རྗེ་རིགསཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ཟླ་གམ་དྲུག་ཅུ་རྩ་བརྒྱད་པ་སྟེ་དྲུག་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས། འཁོར་ལོ་རྩིབས་གོང་བུ་གཅིག་པའི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་གཞལ་ཏེ་ས་སླང་ངོ་། །སྦྱང་དང་བསྲུང་བ་ཚུལ་བཞིན་བྱ། །དེ་ནས་བསྒྲུབ་པ་གཞུང་བཞིན་བྱ། །དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་བྱ། །དུར་ཁྲོད་ཆག་ཆག་རྣམ་གསུམ་བྱ། །དབུས་སུ་བརྙ་མཚན་ལྡན་བཞག །ཤར་དུ་བནྟྲ་ཟླུམ་པོ་བཞག །ལྷོ་རུ་སུལ་མང་བཞག །ནུབ་ཏུ་ཟླ་གམ་བཞག །བྱང་དུ་གྲུ་གསུམ་བཞག །དབུས་སུ་དྲི་ཆེན། ཤར་དུ་བྱང་ཆུབ་སེམས། ལྷོར་ཤ་ཆེན། ནུབ་པདྨ་རཀྟ། བྱང་དུ་དྲི་ཆུ། དབུས་སུ་གླང་པོ་ཆེ་ལ་སོགས་པ་རྨིག་པ་ཁ་བྲག །ཤར་དུ་སྟག་དང་སེང་གེ་ལ་སོགས་པ་མཆེ་བ་ཅན། ལྷོར་མི་ལ་སོགས་ཏེ་རྐང་ལེབ། ནུབ་ཏུ་རྟ་ལ་སོགས་ཏེ་རྨིག་ཟླུམ། བྱང་དུ་ནམ་མཁའ་ལྡིང་ལ་སོགས་ཏེ་འདབ་ཆགས། དབུས་སུ་ཀ་ཀོ་ལ། ཤར་དུ་དུ་རུ་ཀ །ལྷོར་ཛུ་ཏི་ཕ་ལ། ནུབ་ཏུ་ཏི་ཀི་ཤམ། བྱང་དུ་ལྕེ་པོག་དཀར་པོ། དབུས་སུ་ཨ་རུ་ར། ཤར་དུ་ག་བུར། ལྷོར་གུར་གུམ། ནུབ་ཏུ་ལི་ག་དུར། བྱང་དུ་རྩིའི་ཆེ། དབུས་སུ་ཨོ། ཤར་དུ་ཧུ༷། ལྷོར་གྲྭ། ནུབ་ཏུ་ཨུ༷༷བྱང་དུ་ཧྭ། དབུས་སུ་དཔལ་ཆེན་པོ་ཡབ་ཡུམ། ཕྱོགས་བཞི་རིགས་བཞི་ཡབ་ཡུམ། བནྟྲ་ཚལ་བུ་བརྒྱད་ལ། ཀིའུ་རི་ལ་སོགས་བརྒྱད་ཀྱི་སྙིང་པོ་བྲིས་ལ་དགོད། ཏིལ་གྱི་མར་མེ། དུར་ཁྲོད་ཀྱི་ར་རོས། ཡུམ་ནི་དུས་གསུམ་གྱི་ཕྱེ་མ། ཟླ་གསང་དཀར་མར་རླུད་དཀར་ལྕེ། ཉུངས་ཡང་པན་ཙ་ཡན་ཆད་དོ། །མི་ཕྱེད་པ་ནི་བདུད་གནས་པའི། །ཐུགས་ཀྱི་དངོས་གྲུབ་དམ་པ་ནི། །རེ་དོགས་མེད་པ་དངོས་གྲུབ་བླངས། །དེ་ཚེ་འབྲུ་ག་དམ་པར་བྱ། །མ་དག་པ་ནི་མཚམས་བཅད་དོ། །ལས་ཀྱི་གཙོར་ནི་བསྐང་གསོ་བྱ། །སྦྱང་དང་བསག་དང་དཔལ་དང་མདངས། །ནན་ཏན་གྱིས་ནི་བརྩོན་འགྲུས་བྱ། །ཐེ་ཚོམ་མེད་ན་ངེས་པར་འགྲུབ། །ཞེས་བཀའ་བསྩལ་ཏེ། ཤིན་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡིད་རངས་ཏེ། བཅོམ་ལྡན་འདས་སྐུས་གསུངས་པ་ལ་བསྟོད་དོ། །ཨེ་མ་སངས་རྒྱས་ལས་རྒྱུང་བའི། །བྱང་ཆུབ་བདེ་ཆེན་ཉིད་ལ་རྫོགས། །འཁོར་ལོ་རྩིབས་བརྒྱད་གོང་བུ་གཅིག་པའོ། །དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལ། །སྨན་དང་འོ་མ་གཉིས་བསྲེས་ཏེ། །ལྕགས་ཀྱི་པར་བུ་གསེར་དང་བཅས། །དེ་ཡི་སྟེང་དུ་མཚན་ལྡན་བཞག །དར་དཀར་གྱིས་ཞེ་གིབ་བཅད་དེ། །གཟུངས་ཐག་དག་གིས་བཏགས་ལ་བསྒྲུབ། །འཁོར་ལོ་རྩིབས་བརྒྱད་པའི་ལུགས་ཏེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། བདུད་རྩི་ཆེན་པོའི་སྒྲུབ་ལུགས། པདྨ་འདབ་བརྒྱད་ཕྱེ་མ་སྦྱངས་པའི་དཀྱིལ་འཁོར་གྱི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །སྦྱང་དང་བླང་བ་ཚུལ་བཞིན་བྱ། །དེ་ནས་ སྒྲུབ་པ་གཞུང་བཞིན་བྱ། །བདུད་རྩིའི་སྒྲ་ལས་དྲངས་ནས་ནི། །བྷ་ག་པདྨ་ལྡན་པ་སྲ །ཐབས་དང་ཤེས་རབ་ལྡན་པ་མྲ །ཐམས་ཅད་ཡེ་ཤེས་ལྔ་རུ་འགྲུབ། །དཀྱིལ་འཁོར་འདོམས་གང་གྲུ་བཞི་སྲ །དུར་ཁྲོད་ཆག་ཆག་རྣམ་གསུམ་གདབ། །དྷ་ར་ཧི་ཞེས་བརྗོད་ནས་ནི། །པདྨ་འདབ་བརྒྱད་ཐིག་ཏུ་གདབ། །དེ་ནས་པདྨ་འདབ་བརྒྱད་དུ་བྱས་ལ། དེ་ཡི་ཕྱི་རིམ་དུ་ཟླ་གམ་དམར་པོ་སྒོ་ཡོད་པར་བྲི། མཐའ་རྡོ་རྗེ་ར་བས་བསྐོར་བར་བྲི། དེ་ནས་རྫས་དགྲམ་པ་ནི། དཀྱིལ་འཁོར་དབུས་སུ་བརྙ་མཚན་ལྡན་སུལ་མེད་བྱ་སྟེ། སྲུབས་མེད་པ་བཞག །ཤར་དུ་བརྙ་སུལ་འགྲེང་ཞེས་བྱ་སྟེ། ཚངས་པའི་སྐུད་པ་ཅན་བཞག །ལྷོར་བརྙ་སུལ་མང་ཞེས་བྱ་སྟེ། གཙུག་ན་འབུར་བཞི་ཡོད་པ་བཞག །ནུབ་ཏུ་བརྙ་ཟླ་གམ་ཞེས་བྱ་སྟེ། ཤོག་བུ་གཉིས་པ་བཞག །བྱང་དུ་༼བརྙ་༽སུལ་རྒྱ་གྲམ་ཞེས་བྱ་སྟེ། ཤོག་བུ་བཞི་པ་བཞག །དབུས་སུ་བྱང་ཆུབ་སེམས། ཤར་དུ་དྲི་བཞག །དེ་ཡི་ཕྱི་རིམ་ཟླ་གམ་ལ། །ཚལ་བུ་བརྒྱད་ལ་མ་བརྒྱད་བྲི། །དཀྱིལ་འཁོར་ཕྱི་རིམ་བསྐོར་ལ་བཞག །དཀྱིལ་འཁོར་ཆེན་པོའི་མཐའ་བསྐོར་དུ། །ཤ་དང་ཞིང་གི་རས་མ་བཞག །ཞལ་ཟས་ཚང་བའི་གཏོར་མ་ལ། །སྨིན་ཆེན་གྱི་ཞལ་ཁབ་ཀྱིས་བཀང་ལ་དྲང་ངོ་། །བརྙའི་བཟེད་ཕོར་དམར་གྱི་ཨསྙེ༷་དྲང་ངོ་། །དཀྱིལ་འཁོར་གཞུང་བསྲང་ངོ་། །ཆོས་སྐུ་ཡེ་ནས་དག་པ་ལ། །སྒ་མ་བསླང་བ་མ་ཡིན་ཡང་། །རང་རིག་བྱང་ཆུབ་སེམས྅་ རྟོ་ངང་། །དུག་ལྔ་ཡེ་ནས་བདུད་རྩི་ལྔ། །རྣམ་པར་དག་པའི་འབྲས་བུ་སྟེ། །སྐུ་ལ་ཡེ་ཤེས་ལྔ་རུ་གསལ། །མུ་ཏིག་དཀར་པོ་དྲེ་མེད་དང་། །ཙན་དན་སྨུག་པོ་རྨ་་མེད་དང་། །བསེ་ཕོར་མཚན་ལྡན་སྲུབས་མེད་དང་། །རྒྱ་ཕོར་ནང་དམར་གཞུང་ལྡན་དང་། །བདུད་རྩི་ཆེན་པོའི་དོན་ལྡན་དང་། །ཆོས་ཉིད་ཆེན་པོ་རང་རྟོགས་དང་། །བདེ་བ་ཆེན་པོ་རྒྱུ་གཅིག་བརྒྱད། །དེ་བརྒྱད་ཚོགས་པས་དཔལ་དང་ལྡན། །ཆོས་ཉིད་ཆེན་པོའི་རང་རྟགས་དང་། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཀུན་ཏུ་བཟང་མོ་ཡུམ་གྱི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ལྡན་པའི་བྱིན་བརླབས་ལས། །སྣོད་བཅུད་བདུད་རྩིའི་བྱེ་བྲག་རབ་སྦྱངས་ཏེ། །ཐམས་ཅད་ཡེ་ཤེས་ལྔ་རུ་བསྒྱུར་ནས་ཀྱང་། །འབྲས་བུ་སྐུ་གསུང་ཐུགས་སུ་རབ་སྒྲུབ་སྟེ། །སྐྱེ་ཤི་མེད་པའི་བདུད་རྩི་ཆེན་པོ་བྱ། །འཚོལ་དང་བརྟག་པར་བྱའོ། །དེ་ནས་བསྟོ་མཚན་ལྡན་ལ། །བརྟག་བཙལ་འཚོལ་ནས་བླངས་ནས་ནི། །དར་དཀར་གྱིས་ཁ་བཅད་དེ། །གསང་བའི་རྒྱ་ཡིས་བཏབ་ནས་ནི། །གཟུངས་ཐག་དག་གིས་བཏགས་ནས་ནི། །དབུས་སུ་བཏགས་༼ལ༽་བསྐོར་བར་བྱ། །ཨོ་ཨུ༷༷ཧུ༷། སརྦ་པ྅་ཨ་མྲི་ཏ་ཀུཎྜ་ལི་ཧུ༷་ཧྲི་ཋ། ཨོ་རྙོ་ན་བཛྲ་ཧུ༷་ཕཊ། བསྒོམ་ཤིང་བསྒྲུབས་པས་རྟགས་རྣམས་འབྱུང་། །རྟགས་རྣམས་མྱུར་དུ་མ་བྱུང་ན། །སྤོགས་དང་སྦྱར་བའི་ལས་རྣམས་བྱ། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །དེ་ཚེ་དམ་ཚིག་གཟུངས་ལྡན་ནས། །ཡི་དམ་ལྷ་ལ་མཆོད་པ་འབུལ། །ཉི་ཟླ་པདྨའི་གདན་སྟེང་དུ། །བརྙ་དཔལ་དང་ལྡན་པར་བསྒོམ། །བརྙ་དཔལ་དང་ལྡན་བསྒོམས་པས། །ཆོས་ཉིད་རྣམ་པ་ལྔ་ཡི་ངང་། །དང་པོར་ལྷ་ལ་མཆོད་བྱས་པས། །ལྷ་དང་གཉིས་སུ་མེད་པར་ཏེ། །ཡི་དམ་ལྷ་ཡི་ཐུགས་དམ་སྐོངས། །ལྟེ་བ་རྡོ་རྗེ་ཐེག་ཆེན་པོ། །ནམ་མཁའ་རྡོ་རྗེ་མཐའ་ཡས་པར། །འཁོར་ལོ་རྡོ་རྗེ་བསྐོར་བསྐུལ་ཞིང་། །འདི་ནི་པརྩི་ཨ་སྤོ་ཏ། །ལྷ་ལ་མཆོད་པས་ཐུགས་དམ་སྐོང་། །རྣལ་འབྱོར་མཆེད་ལ་མཆོད་བྱས་པས། །བཞི་བརྒྱ་རྩ་བཞིའི་ནད་བསལ་ནས། །ངན་སོང་སྦྱོང་ཞིང་མཐོ་རིས་ཐོབ། །མི་མཐུན་བགེགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་ལྡན་ཞར་པར་ནག་་པར༽་ གྱུར། །ཨོ་ཨུཿཧུ༷། སརྦ་པ྅་ཨ་མྲི་ཏ་ཀུཎྜ་ལི་ཧུ༷་ཧྲི་ཋ། །དེ་ནས་དངོས་གྲུབ་གསོལ་ཏེ། །ཨོ་དཔལ་ལྡན་རྡོ་རྗེ་སྐུ་འཆང་བས། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པས། །བྱིན་གྱིས་བརླབས་པའི་གནས་མཛོད་ཅིག །ཨོ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་བཛྲ་སྭབྷ་ཝ་ཨཏྣ་ཀོ྅ཧ༷། ཨོ་དཔལ་ལྡན་རྡོ་རྗེ་༼སྐུ་གསུང༽འཆང་བས། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་སངས་རྒྱས་གསུང་འཛིན་པས། །བྱིན་གྱིས་བརླབས་པའི་གནས་མཛོད་ཅིག །ཨོ་སརྦ་ཏ་ཐུ་ག་ཏ་ཝསྐ་བཛྲ་སྭ་བྷ་ཝ་ཨཏྣ་ཀོ྅ཧ༷། ཧྭ༷་དཔལ་ལྡན་རྡོ་རྗེ་ཐུགས་འཆང་བས། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་སངས་རྒྱས་ཐུགས་འཛིན་པའི། །བྱིན་གྱིས་བརླབས་པའི་གནས་མཛོད་ཅིག །ཨོ་སརྦ་ཏ་ཐུ་ག་ཏ་མ་ཧྭ་ཙིསྟ་བཛྲ་སུ་བྷ་ཝ་ཨཏཱ་རྐ་྅ཧ༷། །བདུད་རྩིའི་སྒྲ་ལས་དྲངས་ནས་ཀྱང་། །བྷ་ག་པདྨ་ལྡན་པ་སྲ །ཐབས་དང་ཤེས་རབ་ལྡན་པ་ཡིས། །ཐམས་ཅད་ཡེ་ཤེས་སྐུ་རུ་འགྲུབ། །ལས་འདི་ལུང་གིས་བསྒྲུབ་བྱ་བ། །མི་སྤངས་པ་དང་དང་དུ་བླང་། །སྤྱད་པའི་དམ་ཚིག་བཅོ་ལྔ་བསྲུང་། །དེ་ཡང་མཧྭ་ས་མ་ཡ། །བཞི་པོ་རྫོགས་ནས་ཀུན་ཏུ་བཟང་། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །མནན་ཟློག་དྲུག་ནི་གཅིག་ཏུའོ། །དེ་ནས་བདུད་རྩི་གྲུབ་པ་དང་། །ཚོ་གཅིག་ཡེ་ཤེས་ལྷ་ལ་འབུལ། །ཚོ་གཅིག་རྣལ་འབྱོར་ཡོངས་ལ་བསྔོ། །ཚོ་གཅིག་སློབ་དཔོན་ཡབ་ལ་འབུལ། །བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཡེ་ཤེས་ལྔ་རུ་སྒྲུབ་པ་འདི། །ཚོ་གཅིག་ཡེ་ཤེས་ལྷ་ལ་དབུལ། །ཡེ་ཤེས་ལྷ་ལ་མི་དབུལ་དུ། །སྐུ་གསུང་ཐུགས་ཀྱི་མངའ་བདག་ལགས། །ཚོ་གཅིག་སློབ་དཔོན་ཡབ་ལ་དབུལ། །སློབ་དཔོན་ཡབ་ལ་མི་དབུལ་དུ། །བསྒྲུབས་པ་རྣམས་ཀྱི་མངའ་བདག་ལགས། །ཚོ་གཅིག་རྣལ་འབྱོར་ཡོངས་ལ་མི་བསྔོ་མྲ །དངོས་གྲུབ་ཡོངས་ཀྱིས་སྐལ་བ་ལགས། །དེ་ནས་བསྒྲུབ་པ་ཕྱིན་པ་དང་། གཏོར་མ་ཚོ་གསུམ་དུ་བཅད་ལ། གཅིག་སྤྱིན་བསྲེག་བྱ། གཅིག་གི་མཁའ་འགྲོ་མ་བསྐྱང་། གཅིག་མི་ཟད་པའི་གཏེར་དུ་སྦས། པྲ་དབང་བསྐུར། དཀྱིལ་འཁོར་བསྡུ། གཏོར་མ་ཆ་གཅིག་མགོན་པོ་ལ་གཏང་རག་བཏང་། གསྣྲོ་གཤེགས་སུ་གསོལ། བར་ཆད་མེད་པར་ལས་དྲག་བྱ། གཅིག་ལ་གཅིག་བཟོད་པར་གསོལ། བཤགས་པ་བྱ། གཏང་རག་བཏང་། རྡོ་རྗེ་རིགས་ཀྱི་བསྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། སྨན་ཕྱེ་མ་སྒྲུབ་ལུགས་ཏེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་དཀྱིལ་འཁོར་ལས། བདུད་རྩི་ཆེན་པོ་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །སྦྱང་དང་སྦྱར་བ་ཚུལ་བཞིན་བྱ། །དེ་ནས་སྒྲུབ་པ་གཞུད་བཞིན་བྱ། །ཐམས་ཅད་ཡེ་ནས་དག་པ་ལ། །ལོག་རྟོག་རྣམ་པ་གཉིས་སུ་གྲུབ། །ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས། །ཐམས་ཅད་ཚང་ཞིང་དྲི་མེད་ལས། །རྣམ་རྟོག་མི་མཐུན་སོ་སོར་འགྱུར། །ལ་ལའི་སྨན་ལ་ལའི་དུག །སྨན་དུ་མ་གྱུར་གང་ཡང་མེད། །དུག་ཏུ་མ་གྱུར་གང་ཡང་མེད། །ཐམས་ཅད་མ་ལུས་རྒྱུ་གཅིག་ལ། །མི་མཐུན་ཁྱད་པར་སོ་སོ་སྣང་།།༄༅ སུས་ཀྱང་མ་བྱས་སུ་བྱེད་ཡོད། །རྣམ་རྟོག་ཞགས་པས་སོ་སོར་བཅིངས། །ལུས་གནས་ལོངས་སྤྱོད་སྣ་ཚོགས་དང་། །སྡུག་བསྔལ་འཁྲུལ་འཁོར་སྣ་ཚོགས་དང་། ཁམས་གསུམ་ཕྱིན་ཅི་ལོག་བཞི་དང་། །ཉོན་མོངས་སྡུག་བསྔལ་སྦྱོང་བར་བྱེད། །རྣམ་པར་ཐར་པ་ལྔ་རྫོགས་ཏེ། །ས་བཅུར་རྫོགས་ཤིང་སངས་རྒྱས་བྱེད། །དེ་ཕྱིར་སྨན་འདི་རབ་ཏུ་བསྒྲུབ་པར་བྱ། །ཀུན་ལ་ཕན་པའི་སྨན་ཡིན་པས། །དེ་ཕྱིར་ང་དང་བདག་རྒྱ་འཛིན། །གཙང་དང་རྨེ་བའི་བློ་རྟོག་བོར། །ཐམས་ཅད་མཉམ་པ་ཉིད་དུ་སྤྱོད། །རྩ་བ་བྱང་ཆུབ་སེམས་ཉིད་རྫོགས། །ཐབས་ཀྱི་ཕ་རོལ་ཕྱིན་པ་སྒྲོད། །སྙིང་རྗེ་ཆུད་མ་ཟོས་པར་བགྱིད། །བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩི་ལས་ནི་རྣམ་རྟོག་སྦྱོར། །བདག་གི་དཔལ་ཚོ་གས་འགྲོ་དོན་མཛད། །སྨན་གྱི་བྱིན་བརླབས་བསམ་མི་ཁྱབ། །ངན་སོང་སྦྱོར་ཞིག་བླ་མེད་སྒྲོལ། །གསེར་འགྱུར་སྨན་དང་མུན་སེལ་ཞིང་། །གཞན་ཡང་དགོས་པ་སྣ་ཚོགས་འགྲུབ། །རྐྱེན་ལས་གྱུར་པའི་དུག་རྣམས་དང་། །རྩ་བའི་དུག་དང་སྦྱར་བའི་དུག །ཀླུ་དུག་སྦོད་གཏོང་དུག་ལ་སོགས། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །དུག་རྣམས་མ་ལུས་འདུལ་བའི་ཕྱིར། །དཀྱིལ་འཁོར་མ་ལུས་ཚང་བར་བསྒོམ། །དེ་ནས་དཀྱིལ་འཁོར་དབྱིངས་སུ་བསྟིམ། །དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི། །བདག་ཉིད་བདུད་རྩི་འཁྱིལ་བར་བསྒོམ། །སྐུ་མདོག་གངས་ལ་ཉི་ཤར་འདྲ། །ཟླ་བ་པདྨའི་གདན་ཁྲི་ལ། །ཉི་མ་སྟོང་གི་དཀྱིལ་འཁོར་ལྡན། །ལྟ་དང་ལྷ་མོའི་ཚོགས་ཀྱི་བདག ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་བཅས།གནས་དང་ཡུལ་གྱི་ཕྱག་རྒྱ་བཅས། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །དབུས་སུ་བདུད་རྩི་འཁྱིལ་བ་སྟེ། ཁྲར་དུ་རྡོ་རྗེ་སེམས་དཔའ་ཉིད། །ལྷོ་རུ་རིན་ཆེན་འགྱུང་ལྡན་ཏེ། །ནུབ་ཏུ་སྣང་བ་མཐའ་ཡས་སོབྱང་དུ་དོན་ཡོད་གྲུབ་པའོ། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཕྱག་རྒྱ་རྣམས་ཀྱང་གསལ་བར་སྒོམ། །སྙིང་པོ་འབྲུ་གཅིག་གསལ་བར་བཟླས། །དེ་ནས་བདུད་རྩིའི་ཕྱག་རྒྱ་ནི། །བནྟྲ་ཡིད་བཞིན་འབར་བ་སྟེརེ་བ་ཡིད་བཞིན་བསྐོང་བར་བྱེད། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །འོད་ལྔའི་ཡོན་ཏན་ལྡན་པར་བྱེད། །དངོས་གྲུབ་ཆེན་པོ་བླ་མེད་པོ། །བདུད་རྩི་ཆར་བཞིན་འབེབས་པར་བྱེད། །སྒོ་བཞི་ཕྱག་རྒྱ་བཞི་དང་ལྡན། །ཨ་མྲི་ཏ་ཡི་རྒྱུད་འདི་ནི། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆེན་དྲི་ཆུ་མ༷་སར་བཅས། །པདྨ་རཀྟ་ལ་སོགས་ཏེ། །གཞན་ཡང་འདོད་ཡོན་སྣ་ཚོགས་བཅས། །དབྱེ་བའམ་ཡང་ན་མི་དབྱེ་ན། །བདུད་རྩི་ཉིད་དུ་བྱིན་གྱིས་བརླབས། །རྟོགས་པའི་བག་ཆགས་སྦྱང་བའི་ཕྱིར། །གཙང་རྨེ་མེད་པར་བཟའ་བར་བྱ། །དབྱིངས་སུ་ཡང་ནི་ཐིམ་པར་བྱ། །ཕྱག་རྒྱ་འོད་ཟེར་འབར་བར་བསྒོམ། །བཞི་བརྒྱ་རྩ་བཞིའི་ནད་བསལ་ནས། །དུས་གསུམ་སྡུག་གསུམ་མེད་པར་དང་། །བསྐལ་པར་ཡུན་རིང་གནས་པ་དང་། །དངོས་གྲུབ་ཆེན་པོ་ཐོབ་འགྱུར་ཏེ། །ཚོགས་གཉིས་རྫོགས་ཞེས་ཡང་དག་གསུངས། །དེ་ནས་སྨན་ཚོ་གསུམ་དུ་དགོད།གཏོར་མ་ཚོ་གསུམ་དུ་བཅད། གཅིག་ནི་མི་ཟད་གཏེར་དུ་སྦ། གཅིག་ལ་སྤྱིན་བསྲེག་བྱ། གཅིག་ལ་མཁའ་འགྲོ་མ་བསྐྱང་། པྲ་དབྱེ་དབང་བསྐུར་རོ། །དཀྱིལ་འཁོར་བསྡུ། བར་ཆད་མེད་པའི་ལས་དྲག་ཏུ་བྱ། གཅིག་ལ་གཅིག་བཟོད་པར་གསོལ། བཤགས་བྱང་བྱ། གཏང་རག་བཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། བདུད་རྩི་ཆེན་པོའི་དཀྱིལ་འཁོར་བསྒྲུབ་ལུགས་ཏེ་དགུ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཚེ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །སྤྱང་དང་བསླང་བ་ཚུལ་བཞིན་བྱ། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཐུགས་ཀར་བརྩེགས་པའི་ཧུ༷་ལས་ནི། །དབུས་སུ་ཨ༷་དཀྱིལ་བསམ་པ་ནི། །བྱིངས་དུར་གྱུར་པས་ཨ་ཡུའོ། །སྟེང་དུ་བམ་ལས་རྡོ་རྗེ་ཡིས། །ལུ་གུ་བརྒྱུད་ཀྱི་རྒྱ་གྲམ་དུ། །འདི་ནི་ཨུ་ཡུ་བཅིང་པའོ། །དེ་ནས་ཨུ་ཡུ་དགུག་པ་ནི། །ལག་སོར་བསྣོལ་མར་འགྲོལ་བྱས་ལ། །ཨོ་བཛྲ་མུག་ཏ་ཧོ། །འདི་ནི་ལན་གསུམ་བརྗོད་པ་ཡིས། །འཇིག་རྟེན་བཅིངས་པ་དཀྲོལ་འགྱུར་ཏེ། །ཨ་ཡུ་དབང་དུ་སྦས་ཡང་ནི། །ལྷ་མོ་དཀར་མོ་ལྕགས་ཀྱུ་ཅན། །མང་བོས་དེ་བཀུག་བསམ་པ་ན། །ཨུ་ཡུ་དགུག་པའི་ཆོ་གའོ། །དེ་ནས་ཨུ་ཡུ་བསྣན་པ་ནི། །ནཱ་ས་གཉིས་ནས་ཧུ༷་བསྒྲིལ་ནས། ཁྱད་པར་སེམས་ཅན་མང་པོ་ཡི། །ཚེ་ཟད་ནད་པ་བདེར་འགྱུར་ཏེ། །ཤེས་རབ་ཐབས་སུ་འབྲེལ་བ་ཡིས། །བོ་དྷི་ཙིསྟས་དབང་བསྐུར་རོ། །ཨུ་ཡུའི་སྟེང་དུ་མུ་ཏིག་བཞིན། ཁུ་འཕང་དཀར་ལ་འདྲིལ་བ་བཞིན། །འདི་ཡི་ཨུ་ཡུ་བསྣན་པའོ། །ཧུ༷་ནི་རྣམ་བཞི་བཀོད་པ་ཡིས། །ཡུམ་གྱི་ཕྱག་རྒྱར་གྱུར་པ་ཡི། །ཐམས་ཅད་མ་ལུས་མཁའ་འགྲོ་བའི། །དབང་བསྡུད་ཚེ་དབང་ཕུན་སུམ་ཚོགས། །ཐུགས་ཀར་མཚན་གང་གཟུགས་ལས་ནི། །སྐུད་པས་མེ་ཏོག་དཀར་པོ་གཉིས། །སྔགས་བཟླས་བརྒྱ་རྩ་བརྒྱད་དབུལ་བར་བྱ། །ལངས་ནས་གཟི་མདངས་ཞབྲུགས་པར་འགྱུར། །སྔ་རྨིའི་རྒྱ་གྲམ་ནང་དུ་ནི། །གཟུགས་འགྱུར་བོས་ནི་སྤྱི་ནས་སུ། །བསྙེན་པའི་བུམ་པས་དབང་བསྐུར་རོ། །གཟུགས་བརྙན་དཀྱིལ་འཁོར་དེ་དབུས་སུ། །བརྙ་དཔལ་དང་ལྡན་པར་བསྒོམ། །ཟླ་གམ་དམར་པོའི་སྟེང་དུ་ནི། །ཚེ་ཡི་དངོས་གྲུབ་གསོལ་བྱང་བཞག །བཙལ་བའི་དངོས་གྲུབ་གསོལ་གཏབ་ནས། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ཏིང་ངེ་འཛིན་གྱི་ཚེ་སྒྲུབ་པ་སྟེ་བཅུ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། གསང་བའི་དཀྱིལ་འཁོར་ལ་ཚེ་སྒྲུབ་པ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །བརྩམ་དང་བསྲུང་བ་བསླང་བ་དང་། །ས་གཞི་ཡོངས་སུ་སྦྱང་བར་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་གཅིག །ཙ་ད་ར་ཧི་ཞེས་ཐིག་གདབ། །དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། །དབུས་སུ་ཟླ་གམ་གཅིག་པ་ལ། །མཐའ་ལ་རྡོ་རྗེ་ར་བས་བསྐོར། །སྒོ་བཞི་པ་དང་ལྡན་པར་བྲི། །བནྟྲ་མཚན་དང་ལྡན་ནང་དུ། །ཚད་དང་ཚ་འབྲས་ཀྱིས་བཀང་སྟེ། །བསྟོ་གཅིག་ལ་ཚེ་དཔག་མེད་ཡབ་ཡུམ་བྲིས་ཏེ། བསྟོ་ཁ་སྤྲོད་དུ་བྱས་ལ། སྒྲུབ་པ་པོ་ཡབ་ཡུམ་གསང་མཚན་དང་། དངོས་གྲུབ་ཅི་གསོལ་བ་བྲིས་ལ། གཟུངས་ཐག་གིས་བཏགས་ལ་དབུས་སུ་བཞག །དེའི་ཕྱི་རིམ་ལྟེ་ཁྱམས་ལ། བནྟྲ་ཚལ་བུ་བཞི་ལ། ཡབ་ཡུམ་བཞི་བྲིས་ལ་བཞག །ཤར་དུ་དཔལ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་རྣམ་པར་སྣང་མཛད་ཡབ་ཡུམ། བྱང་དུ་དོན་ཡོད་གྲུབ་པ། སྒོ་བཞིར་ཚལ་བུ་བཞི་ལ་སྒོ་མ་བཞི་བྲིས་ལ་དགོད། ཏིལ་གྱི་མེ་མར་དགོད། དེའི་ཕྱི་རིམ་དུ་མདའ་དར་ཅན་བཞི་གཟུགས། རྒྱན་ཆ་རྣམས་ཀྱང་དགོད་པར་བྱའོ། །དེའི་ཕྱི་རིམ་དུ་ཕུར་༼པ༽་ དར་གྱི་ཅོད་པན་བཅུ་ཐམ་པ། ཁྲོ་བོ་བཅུར་མངའ་གསོལ། དེ་ནས་མཆོད་པ་དགྲམ་པ་ནི། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་བནྟྲའི་བཟེད་ཕོར། དམར་གྱི་ཨསྙེ༷་དྲང་ངོ་། །མཁའ་འགྲོ་མའི་ཁྲུས་བྱ། རྟགས་དང་མཚན་མ་གདབ་བོ། །རྒྱན་སྤེལ་ཏེ་བཞུགས་སོ། །རྫས་ཀྱི་དཀྱིལ་འཁོར་ཚོམ་བུ་ལྔ། །ཧུ༷་ནུབ་ཕྱོགས་པདྨ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་ཀྱི་དཔལ་བེའུ་ཟླ་གམ་གའུ་ན། །བྱང་ཆུབ་སེམས་ཀྱི་ཨུ་ཡུ་དམར་པོ་འདི། །རྩེ་གཅིག་བདག་ཅག་བསྒྲུབ་པའི་ཚེ་ལགས་ན། །བྱིན་གྱིས་བརླབས་ཤིང་བདག་ལ་ཚེ་དབང་སྩོལ། །ཕྱག་རྒྱའི་ཚོགས་ཆེན་ཡེ་ཤེས་གསང་བའི་ཚེ། །འབྱུང་བ་དང་ནི་འབྲས་བུ་བྱང་ཆུབ་སེམས། །ཚོམ་བུའི་ལྔ་ཡི་དཀྱིལ་འཁོར་ནས། །བདེ་གཤེགས་ཡབ་ལྔ་གསང་བའི་ཐུགས། །ཤ་ཡི་ཁམས་ནས་ཚེ་ཉམས་ན། །ས་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་སངས་རྒྱས་སྤྱན། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབྱུང་བ་ས་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། ཁྲ་ཡི་གནས་སུ་བསྟིམ་པར་བྱ། ཁྲག་གི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མྱ་མ་ཀི །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ཆུ་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། ཁྲག་གི་གནས་བསྟིམ་པར་བྱ། །དྲོད་ཀྱི་ཁམས་ནས་ཚེ་ཉམས་ན། །མེ་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ན་བཟའ་དཀར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་མེ་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །དྲོད་ཀྱི་གནས་སུ་བསྟིམ་པར་བྱ། །ལྕགས་ཀྱི་ཁམས་ནས་ཚེ་ཉམས་ན། །རླུང་གི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་དམ་ཚིག་སྒྲོལ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་རླུང་གི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །དབུགས་ཀྱི་གནས་སུ་བསྟིམ་པར་བྱ། །ཡིད་ཀྱི་ཁམས་ནས་ཚེ་ཉམས་ན། །ནམ་མཁའི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ཀུན་ཏུ་བཟང་། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ནམ་མཁའི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །ཡིད་ཀྱིས་གནས་སུ་བསྟིམ་པར་བྱ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །མེ་ཆུ་ས་རླུད་ལ་སོགས་ཏེ། །འབྱུང་བ་ཆེན་པོ་ལྔ་ཡི་རང་བཞིན་ནོ། །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། ཁྲར་ཕྱོགས་འཁོར་ལོ་རྩུབ་མོའི་ཞིང་ཁམས་ནས། །དཀར་མོ་མགྱོགས་མ་ཞི་བྱེད་འོད་ཟེར་འཕྲོ་བའི་ཚོགས། །ཚེ་དང་གཟི་བྱིན་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ལྷོ་ཕྱོགས་པདྨ་བི་ཌབྱའི་ཞིང་ཁམས་ན། །སྔོན་མོ་དྲག་ཤུལ་འོད་ཟེར་འཕྲོ་བའི་ཚོགས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ནས། །དམར་པོ་དབང་བསྡུད་འཕྲོ་བའི་ཚོགས། །ཚེ་དང་ཡེ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །དབུས་ཀྱི་གཙོ་བོ་འདི་དཔལ་པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྙིང་པོ་བྲིས། བནྟྲ་ཅིག་ཚེ་སྐྱེམས་དང་། ཚེ་འབྲས་ཀྱིས་བཀང་ནས། བནྟྲ་ཁ་སྤྲོད་བྱས་ལ། གཟུངས་ཐག་གིས་བཏགས་ལ། དབུས་ཀྱི་གཙོ་བོའི་མངའ་གསོལ། དེའི་རིམ་པདྨའི་ལྟེ་ཁྱམས་ལ། བསྟོ་ཚལ་བུ་བཞི་ལ། གསང་བའི་ཡུམ་བཞི་བྲིས་ལ་བཞག ཁྲར་དུ་དཔལ་རྡོ་རྗེ་ཧེ་རུ་ཀ་བྲིས་ལ་བཞག །ཀིའུ་རི་པུསྐ་སི། སིང་ཧ་ཀྲི་ཏ་མ་དང་བཞི། ལྷོར་རཏྣ་ཧེ་རུ་ཀ །འཁོར་ཙོའུ་རི། བྷསྨ་རི། བྱ་སྒྲོ་མ། ཀང་ཀ་མ་དང་བཞི། ནུབ་ཏུ་བུརྙ་འཁོར། པྲ་མོ་ཧ། སྨ་ཤ་ནི། སྲི་ཀ་མ། ཁུ་ཁ་མ་དང་བཞི། བྱང་དུ་དཔལ་ཀརྨ་ཧེ་རུ་ཀ །བི་ཏ་ལི། ཙན་ཌ་ལི། ཤྭ་ན་མ། ཨུ་ལུ་མ་དང་བཞི། རྫས་ལ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། དེ་ནས་ཚེ་བསྐུལ་དགུག་པ་དང་། ཚེ་བསྡུད་ཅིང་གནས་བྱ་བ་ལ་སོགས་པ་བྱ།རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ཁྲོ་བོ་ཚེ་བསྒྲུབ་པ་སྟེ་བཅུ་གཉིས་པའོ།། །།དེ་ནས་དཔལ་རྡོ་རྗེ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། འཕྲིན་ལས་ཀྱི་དཀྱིལ་འཁོར་ལ་ཚེ་བསྒྲུབ་པ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །སྦྱང་དང་བསྲུང་དང་བསླང་བར་བྱ། །མ་ཏྲང་ཨེ་ཡི་དཀྱིལ་འཁོར་ནས། །དབུས་སུ་འཁོར་ལོ་རྩིབས་བརྒྱད་པ། །དེ་དབུས་འཁོར་ལོ་རྩིབས་བརྒྱད་དགོད། །དྲུག་ཅུ་རྩ་བརྒྱད་དོན་བསྒོམས་ནས། །མི་འབྲལ་ཕྱོགས་བཅུར་གང་བར་གནས། ༼བྲུ༷་སྒྲུ༷༽ཛ༷༷ཧུ༷་བ༷་ཧོ༷༷དགུག །སྐུ་གསུང་ཐུགས་ཀྱི་སྙིང་པོའི་མཆོག །ལུས་ངག་སེམས་ལ་བསྟིམ་པར་བྱའོ། །དེ་ཉིད་དངོས་སམ་ཡིད་བཞིན་མཆོད། །བུམ་པའི་མཆོག་ནི་བཟང་པོ་ཡི། །ཚེ་བཞག་ནས་ནི་དེ་ཡིན་ཏེ། །ཡང་དང་ཡང་དུ་བཀུག་བྱས་ནས། །མངོན་སུམ་སྨིན་པར་གྱུར་པ་དང་། །དབྱིངས་སུ་ཡང་ནི་སྦ་བར་བྱ། །རྡོ་རྗེ་ཆོ་ག་བསྲུངས་པ་ཡིན། །བརྟན་ཞིང་འཁོར་ལོས་བརྒྱན་པར་བྱ། །སྙིང་པོ་འབྲུ་ལྔའི་ནང་དུ་བསྟིམ། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །རྒྱལ་བ་ཚེ་དཔག་མེད་པར་བསྒོམ། །སྐུ་མདོག་གངས་རི་འཚེར་བ་ལ། །རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཡིད་བཞིན་རིན་ཆེན་ཕྲེང་བ་དང་། །ཡིད་བཞིན་རིན་ཆེན་ཟ་མ་ཏོག །རིན་ཆེན་རྒྱན་དང་ཟ་མ་ཏོག །གཞན་ཡང་འགྲོ་བའི་དོན་བྱ་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །བགེགས་ཀྱི་མི་རྣམས་མི་སྟེར་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །སྒྲ་སྐད་དྲག་པོ་སྟོན་ནས་ནི། །ཐམས་ཅད་མ་ལུས་གདུལ་བར་བྱ། །དབང་དུ་ཚེ་དཔག་མེད་པར་སྒོམ། །ཚེ་བསྙེན་དང་ནི་ཉེ་བསྙེན་དང་། །ཚེ་སྒྲུབ་དང་ནི་སྒྲུབ་ཆེན་དང་། །ཐབས་དང་ཤེས་རབ་འབྱོར་བ་ཡིས། །ཅི་འདོད་ལས་རྣམས་གྲུབ་པར་གསུངས། །ཚེ་དབང་མོ་ནི་བརྒྱུད་འཕེལ་ལོ། །དཀར་མོའི་མདོག་ལ་འོད་འཕྲོ་འབར། །ཕྱག་ན་སྣ་ཚོགས་ཅིར་ཡང་འགྱུར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །གནས་པའི་འགྲོ་དྲུག་མ་ལུས་ཀུན། །ཕན་པའི་ཚེ་དབང་འདིར་སྦྱིན་ནོ། །དེ་ལས་ལྷག་པའི་བརྒྱུད་འཕེལ་མེད། །དེ་ཡི་བཟླས་པ་ཆེན་པོ་འདི། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་མ་བཅད་ན། །ཨོ༷་ཧུ༷་སྭ་ཨ༷་ཧ༷་བ༷་༼བྲུ༷་ཧཱུཾ༽བཛྲ་ཨུ་ཡུ་ཁེ་ཧུ༷་ཨུ༷༷ཨོ། ཚེ་དབང་དུ་མ་གྱུར་ན། །བདེ་གཤེགས་ལྔ་དང་ཚེ་དཔག་མེད། །སྐུ་གསུང་ཐུགས་ཀྱི་གཟུངས་ཀྱིས་ནི། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །ཕྱག་རྒྱ་ཚོགས་ཆེན་སྣ་ཚོགས་ཀྱིས། །འཇིག་རྟེན་ཕྱོགས་བཅུའི་བདུད་རྣམས་བཅོམ། །འགྲོ་ལྔའི་ཚེ་རྣམས་དབང་དུ་བསྡུ། །ཕྱག་རྒྱའི་གཤོལ་ལ་སོགས་པ་ཡི། །འོག་གི་འཇིག་རྟེན་ཁམས་དཀྲུགས་ནས། །གཤིན་རྗེའི་གནས་ནས་ཚེ་བཀུག་སྟེ། །སྙིང་པོ་ལྔ་ལ་བསྟིམ་པར་བྱ། །ཕྱག་རྒྱའི་འཁོར་ལོ་ཆེན་པོ་ཡིས། །སྟེང་གི་འཇིག་རྟེན་ཁམས་བསྐོར་ཏེ། །དབང་ཕྱུག་ལྷ་ཆེན་ལ་སོགས་དང་། །བར་སྣང་ཁམས་རྣམས་རྒྱུ་བ་ལས། །མིའི་ཚེ་རབ་ཏུ་དགུག་པར་བྱ། །འཁོར་ལོའི་དབུས་ལ་བསྟིམ་ནས་ནི། །དེ་ནས་ཡི་གེ་འབྲུ་ལྔ་སྟེ། །དྲི་ནི་ནམ་མཁར་བསྟིམ་པར་བྱ། །ཨོ་ཨོ་ཨོ། བཛྲ་ཀ་བ་ཙཀྟ་ཧ༷། ཨོ་སརྦ་ཏ་ཐུ་ག་ཏ་བཛྲ་ཨ་དྷི་ཏིཛི་གྲྭཧྭ། ཕྱག་རྒྱ་བསྲུང་བའི་ཆོ་ག་སྟེ། །འབྲུ་ལ་ཡི་གེ་འབྲུ་གཅིག་སྟེ། །འབྲུ་གཅིག་དམིགས་མེད་དབྱིངས་སུ་ཐིམ། །ཨུ་ཡིད་བཞིན་བུམ་པ་རིན་པོ་ཆེ། །རྒྱན་དང་རིནཆེན་ཕྲེང་བས་བརྒྱན། །རིན་ཆེན་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་སྤོས་ལྔ་ཉུངས་དཀར་བཅས། །སྔགས་མཁནརབ་ལྡན་བློ་བརྟན་པས། །ཡན་ལག་མ་ཉམས་སྔགས་བཟླས་བསྒོམ། །རྒྱན་ཆ་ལྔ་དང་ལྡན་པས་ན། །མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས། །མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར། །དེ་ལྟ་བུ་ཡི་དོན་རྟོགས་ནས། །བསྒྲུབ་པ་ཟིན་ནས་གཏོར་མ་གསུམ་དུ་གཅད་ནས། ཚོ་གཅིག་ལ་སྤྱིན་བསྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦ། པྲ་དབྱེ་དབང་བསྐུར། འཕྲིན་ལས་ཀྱི་དཀྱིལ་འཁོར་ལ་ཚེ་བསྒྲུབ་པ་སྟེ་བཅུ་གསུམ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒོ་ནས། གསང་བ་ཆེན་པོ་འདི་གསུངས་སོ། །ཡེ་ཤེས་ཆེན་པོ་བདེ་བ་ཆེ། །ཡེ་ནས་དག་ཀུན་བཟང་ཀློང་། །རྣམ་དག་ལམ་ཆེན་བསྒྲལ་བའི་ངང་། །མ་སྐྱེས་པས་ན་འགག་པ་མེད། །ཆེན་པོ་ལྔ་ཉིད་བདེ་ཆེན་ཀློང་། །ཆེན་པོ་ལྔ་ཡི་ངང་ཉིད་དུ། །ཐམས་ཅད་མ་ལུས་སངས་རྒྱས་སོ། །ཐམས་ཅད་ཐིག་ལེའི་རང་བཞིན་ཏེ། །སྣང་སྲིད་ཐམས་ཅད་མྱ་ངན་འདས། །ཐམས་ཅད་ཧུ༷་གི་རང་བཞིན་ཏེ། །ཡི་གེ་ཧུ༷་ཡང་དངོས་གཞི་ཀུན་དང་བྲལ། །ཡེ་ནས་དག་པས་བདེ་ཆེན་བྱང་ཆུབ་སེམས། །ཆེན་པོ་ལྔ་ཡི་ངང་དུ་སྣང་སྲིད་ཐམས་ཅད་སྦྱོར། །ཐིག་ལེ་གཅིག་གི་ངང་དུ་བསྒྱུར་བས་དུས་གསུམ་ལྷུན་གྱིས་གྲུབ།།ཕྱིར་གཏངམན་ངག་སྒྲུབ་ལུགས་སྟེ་བཅུ་བཞི་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། བསྒྲལ་བའི་ལུང་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་བཅལ་ཏེ་ས་བསླང་ངོ་། །སྦྱང་དང་བསླང་བ་ཚུལ་བཞིན་བྱ། །དེ་ནས་སྒྲུབ་པ་བཞིན་བྱའོ། །སྣང་སྲིད་ཐམས་ཅད་སྐྱེ་མེད་དབྱིངས་སུ་བསྒྲལ། །ཡི་གེ་བྲུ༷་ནི་བྱང་ཆུབ་སེམས་ཀྱི་ངང་། ཁྲག་དང་རུས་པས་སེམས་༼ཅན་༽དབུགས་ལ་སོགས། །བསྒྲལ་བའི་རྒྱུ་ལ་དཔའ་བོ་འབྲུ་ལྔ་དགོད། ཁྲོ་ཆེན་བཅུ་ནི་རྔམ་པའི་སྟངས་སྟབས་ཅན། །དེ་ལྟར་བསྒྲལ་ན་དོན་གྱི་སྙིང་པོ་ཡིན། །ཏ་ན་བསྒྲལ་བའི་ལུང་གི་སྒྲུབ་ལུགས་སྟེ་བཅོ་ལྔ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །ག་ནའི་སྒྲུབ་ལུགས་འདི་གསུངས་སོ། །མ་སྐྱེས་དབྱིངས་སུ་མི་འགགས་སྦྱར། །ཀུན་ཏུ་བཟང་མོའི་ངང་དུ་སྣང་སྲིད་ཐམས་ཅད་སྦྱར། །པདྨ་ཅན་དང་དུང་ཅན་དང་། །བུ་མོ་མིག་རིང་ཞེས་བྱའོ། །ཟླ་གསང་དཀར་མར་བླུ་དཀར་ལྕི། །ལྗོན་ཕྲན་དང་ནི་ལྕུག་ཕྲན་དང་། །མི་རོ་ཅན་དང་གདོང་གཅིག་མ། །མ་རབས་དང་ནི་རིགས་ངན་ནོ། །མཚམས་བཅད་བྱིན་བརླབས་དབང་བསྐུར་ནས། །དེ་ལས་སྦྱོར་བའི་ཆོ་ག་ནི། །ཏིང་ངེ་འཛན་གྱིས་གསལ་བསྒོམས་ནས། །ཚོམ་བུ་ཉི་ཤུ་རྩ་ལྔ་དགོད། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ག་ན་ཆེན་པོའི་སྒྲུབ་ལུགས་ཏེ་བཅུ་དྲུག་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། མ་ཏྲ༷་བཞི་བསྣོལ་གསང་བ་༼ཡང༽་གཏེར་གྱི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་གཞལ་ནས་ས་བསླང་ངོ་། །སྦྱང་དང་བསྲུང་བ་གཞུང་བཞིན་བྱ། །དེ་ནས་སྒྲུབ་པ་ཚུལ་བཞིན་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །གྲུ་བཞི་སྟེགས་བུ་མཁྱུད་རེ་བྱ། །དེ་སྟེང་མ་ཏྲང་བཞི་བསྣོལ་བྱ། །མཐའ་མ་རྡོ་རྗེའི་ར་བས་བསྐོར། །དེ་ཡི་ཕྱི་རིམ་མེ་རི་དགོད། །དེ་ཡི་ཕྱི་རིམ་ཐོད་པ་བྲི། །དེ་ཡི་ཕྱི་རིམ་སྟེགས་བུ་ལ། །མེ་ཡི་སྤུ་གྲི་འབར་བབྲི། །དེའི་ཕྱིར་རིམ་སྒོ་བཞི་བྲི། །དེ་ཡི་ཕྱི་རིམ་སྒོ་ཁྱུད་ལ། །ཞིང་གི་ཟ་ར་ཚགས་པ་བྲི། །དེ་ནས་བནྟྲ་མཚན་ལྡན་ལ། །དཔལ་ཆེན་ཡབ་ཡུམ་སྙིང་པོ་བྲི། །ཚལ་བུ་རལ་པ་ཅན་བརྒྱད་བྲི། །དེ་ཡི་ཕྱི་རིམ་ཚལ་བུ་ལ། །ཕྲ་མེན་མ་བརྒྱད་བྲི། །ཚལ་བུ་བཞི་ལ་སྒོ་མ་བཞི་བྲི། །ཐར་པ་གནས་ཀྱི་དཀྱིལ་འཁོར་དུ། །གདོལ་པ་འབྱུང་པོ་ང་རྒྱལ་ཅན། །ཞེ་སྡང་རྣམས་ཀྱིས་བསླང་བའི་རྒྱུ། །དེ་ཡི་དུག་གསུམ་གཞིག་པའི་ཕྱིར། །དོན་གྱི་སྒྲུབ་པ་ཆེན་པོ་བཤད། །བགེགས་ནི་མ་རྟོགས་སེམས་ལས་བྱུང་། །མ་དག་རྣམ་གསུམ་རྒྱུ་ཡི་རྩ་བ་ཡིན། །ཐུགས་རྗེ་དབང་བ་བཅོམ་ལྡན་འདས། །སྒྲུབ་པ་དོན་གྱི་དཀྱིལ་འཁོར་རྩ་བ་ཡིན། །དུག་གསུམ་སླང་བ་རྣམས་ཀྱི་རྩ་བ་ཡིན། །དུར་ཁྲོད་ཆེན་པོའི་གནས་ཀྱང་ཡིན། །བརྗིད་ལྡན་སྐུ་བརྙེས་དཔལ་ཆེན་ཧེ་རུ་ཀ །བདག་རྟོག་འཇོམས་པའི་ཏིང་འཛིན་གྱིས། །སྟོང་གསུམ་རུ་་་ཁོག་སྦུགས་སུ། །དུར་ཁྲོད་བདག་པོ་སྤྱན་དྲངས་ཏེ། །མ་རིག་སྦུགས་ཀྱི་ཁ་ཕྱེ་ནས། །དུག་གསུམ་འབྱུང་བའི་སྒོ་བཅད་ནས། །རྣམ་རྟོག་གཟུང་འཛིན་མཚམས་བཅད་དེ། །ངན་སོང་གསུམ་དུ་དུག་གསུམ་གྱིས། །ཉོན་མོངས་སེམས་ཅན་སྡང་བྱེད་པ། །ཞེ་སྡང་དང་ནི་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལྔ་པོ་ཡང་། །ཆེ་བའི་ཡེ་ཤེས་ཆེན་པོ་ཡིས། །བསྡུས་ནས་ཐམས་ཅད་ནམ་མཁའ་ཆེ། །བདེ་བ་སྤྱིན་པའི་མཆོད་པ་ཡིས། །རོ་མཆོག་ལྔ་དང་མཉམ་སྦྱོར་བས། །བདེ་ཆེན་སྤྱིན་པའི་མཆོད་པ་ཆེ། །སྣ་ཚོགས་བདེ་བར་བསྒྲུབ་པའི་ཕྱིར། །དམ་ཉམས་དགྲ་བོ་མཆོད་པར་བཞེས། ཁམས་གསུམ་དྲ་བ་གཞོམ་པའི་ཕྱིར།།ཁྲོ་བདག་ཕྱག་རྒྱར་བཅས་པ་ནི། །མགྱོགས་པའི་ཕོ་ཉས་བསྐུལ་བར་བྱ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྒྲལ། །རྐང་པ་བྱང་ཤར་མཚམས་སུ་བསྒྲལ། །ཡན་ལག་གླིང་བཞིའི་ཡུལ་དུ་བསྒྲལ། །ལག་པ་གཡས་པའི་དུར་ཁྲོད་ནི། །རྒྱ་གར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཀིའུ་རི་མ། །མཐིང་ནག་འབར་བའི་རལ་པ་ཅན། །དུར་ཁྲོད་ལག་པ་གཡོན་པ་ལ། །ལི་ཡི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཙོའུ་རིམ། །སེར་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡེབས་དུར་ཁྲོད་སྒྲོལ། །དུར་ཁྲོད་རྐང་པ་གཡས་པ་ནི། །བལ་པོའི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་པྲ་མོ་ཧ། །དམར་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་རྐང་པ་གཡོན་པ་ལ། །ཐོ་གར་ཡུལ་དུ་བསྒྲལ་བྱའོ། །དེ་ཡི་བདག་མོ་བི་ཏ་ལི། །ནག་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་འདི་ཡི་མགོ་བོ་ནི། །ཟ་ཧོར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་པུསྐ་སི། །དམར་སེར་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་མཁལ་མ་གཡོན་པ་ནི། །ཨུ་རྒྱན་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཀྟསྨ་རི། །དཀར་ལྗང་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་འདི་ཡི་ཕོ་མཚན་ནི། །སིང་ང་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་སྨ་ཤ་ནི། །མཐིང་ནག་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་མཁལ་མ་གཡས་པ་ནི། །གླིང་དགུའི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཙནྟྲ་ལི། །ལྗང་སེར་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་བརྡབས་དུར་ཁྲོད་སྒྲོལ། །དུར་ཁྲོད་དཔུང་མགོ་གཡས་གཡོན་ནི། །ཕྲ་མེན་སྟག་དང་སེང་གེའི་རྫས། །དུར་ཁྲོད་༼བླ་བརླ༽ནི་གཡས་དང་གཡོན། །ཕྲ་མེན་ཝ་སྤྱང་བྱ་རོག་འུག །ཕོ་ཉའི་རྒྱལ་མོ་དེ་ཡི་རྫས། །དུར་ཁྲོད་ཐར་པ་རྐང་ལག་བཞི། །ཕོ་ཉ་འགུགས་མ་དེ་བཞིན་རྫས། །དུར་ཁྲོད་བདག་པོ་སྤྱན་དྲངས་ཏེ། །བགེགས་ཀྱིས་རྒྱལ་པོ་རུ་ཏྲ་བསྒྲལ། །བདེ་བ་ཆེན་པོའི་ངང་ཡིན་ཏེ། །ང་ནི་དུར་ཁྲོད་དབང་ཕྱུག་སྟེ། །སངས་རྒྱས་སྐུ་སྟེ་ཡེ་ཤེས་ཡིན། །འཇམ་དཔལ་རྣོན་པོའི་མཚོན་ཆ་ཡིན། །ལོག་རྟོག་འཁོར་བའི་རྒྱུན་བཅད་དོ། །ཨོ་མཧྭ་ཤི་ཧེ་རུ༷་ཀ །པ་ཙ་བཛྲ་མཧྭ་ཀྲོ་ཏ་ཧུ༷་ཕཊ། །སྟོང་གསུམ་རུ་ཏྲོཛེ་ཁོག་སྦུགས་ལ། །ཟ་བྱེད་ལྔ་དང་འཇིགས་བྱེད་ལྔ། །དུར་ཁྲོད་གནས་སུ་བཀོད་བྱས་ནས། །རྫོགས༷་པའི་ཏིང་འཛིན་དབྱིངས་སུ་སྒྲོལ་ཞེས་བྱ། ཁྲོ་བོ་དབུ་ལྔ་ཧོ་ལྔའི་དཀྱིལ་འཁོར་དུ། ཁྲག་འཐུང་ཡམ་ཤིང་བརྫངས་པ་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་ལ། །ཉོན་མོངས་ལྔ་ཡི་རྫས་བསྲེགས་པས། །ཞེ་སྡང་ཁྲོ་བོ་ཞལ་གྱི་ཧོ་ཁུང་དུ། །རྡོ་རྗེ་ཁྲ༷ག་འཐུང་ཡམ་ཤིང་བརྫངས་པ་ལ། །མེ་ལོང་ལྟ་བུའི་མེ་སྦར་ལ། །ཞེ་སྡང་རྫས་རྣམས་བསྲེགས་བྱས་པས། །རྡོ་རྗེ་རིགས་ཀྱང་མཉེས་གྱུར་ནས། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །གཏི་མུག་ཁྲོ་བོ་ཞལ་གྱི་ཧོ་ཁུང་དུ། །བནྟྲ་ཁྲག་འཐུང༷་ཡམ་ཤིང་བརྫངས་པ་ལ། །ཆོས་དབྱིངས་ཡེ་ཤེས་མེ་སྦར་ཞིང་། །གཏི་མུག་རྫས་རྣམས་བསྲེགས་བྱས་པ། །བདེ་གཤེགས་རྣམས་ཀྱང་མཉེས་གྱུར་ནས། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ང་རྒྱལ་ཁྲོ་བོ་ཞལ་གྱི་ཧོ་ཁུང་དུ། །རིན་ཆེན་ཁྲག་འཐུང་ཡམ་ཤིང་བརྫངས་པ་ལ། །མཉམ་ཉིད་ཡེ་ཤེས་མེ་སྦར་ཞིང་། །ང་རྒྱལ་རྫས་རྣམས་བསྲེགས་བྱས་པས། །རིན་ཆེན་རིགས་ཀྱང་མཉེས་པར་འགྱུར། །ཡོན་ཏན་དངོས་གྲུབ་སྩལ་དུ་གསོལ། །འདོད་ཆགས་ཁྲོ་བོ་ཞལ་གྱི་ཧོ་ཁུང་དུ། །པདྨ་ཁྲག་འཐུ༷ང་ཡམ་ཤིང་བརྫངས་པ་ལ། །རྟོག་པའི་ཡེ་ཤེས་མེ་སྦར་བས། །འདོད་ཆགས་རྫས་རྣམས་བསྲེགས་བྱས་པས། །པདྨ་རིགས་ཀྱང་མཉེས་གྱུར་ནས། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །ཕྲག་དོག་ཁྲོ་བོའི་ཞལ་གྱི་ཧོ་ཁུང་དུ། །ཀརྨ་ཁྲག་འ༷ཐུང་ཡམ་ཤིང་བརྫངས་པ་ལ། །ནན་ཏན་ཡེ་ཤེས་མེ་སྦར་བས། །ཕྲག་དོག་རྫས་རྣམས་བསྲེགས་བྱས་པས། །ལས་ཀྱི་རིགས་ཀྱང་མཉེས་གྱུར་ནས། །འཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །ཟ་བྱེད་ཁྲོ་བོའི་ཧོ་ཁུང་དུ། །ཕུད་དང་ལྷག་མའི་རྫས་རྣམས་བསྲེག ཁྲག་མཐུང་རསྒ་མཉེས་གྱུར་ནས། །ཆོ་ག་ཕྱི་མ་གཞན་དང་མཐུན། །རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། མ་ཏྲ༷་བཞི་བསྣོལ་གསང་གཏེར་གྱི་སྒྲུབ་ལུགས་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལས། མཆོག་སྒྲུབ་ཆེན་པོ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞིར་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལས། །ས་རིན་གཞལ་ཏེ་ས་བསླང་ངོ་། །སྦྱང་དང་བསྲུང་བ་ཚུལ་བཞིན་བྱ། །དེ་ནས་སྒྲུབ་པ་གཞུང་བཞིན་བྱ། །སྡིག་སྦྱང་བྱང་ཆུབ་སེམས་བསྐྱེད་དེ། །བཤགས་སྦྱང་སྤང་སྐོང་ཚ་ཚ་གདབ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞི་རྒྱས་སྦྱིན་བསྲེག་ཚུལ་བཞིན་བྱ། །རྒྱས་པ་རབ་འབྲིང་གཞུང་བཞིན་འདོན། །སྦྱིན་པ་རྒྱ་ཆེན་དུས་བཞིར་བྱ། །དེ་ནས་སྒྲུབ་པ་གཞུང་བཞིན་བྱའོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །ཕྱོགས་བཞིར་འཕྲིན་ལས་དཀྱིལ་འཁོར་བྱ། །དབུས་སུ་དཀྱིལ་འཁོར་བརྩེགས་མ་བྱ། །དེ་དཀྱིལ་ཟླ་གམ་བརྒྱད་དུ་བྱ། །ཕྱོགས་བཞི་དག་ནི་མེ་རིས་བསྐོར། །ལྔ་ཡི་ཕྱི་རིམ་ཐོད་ཕྲེང་བསྐོར། །དེ་ཡི་ཕྱི་རིམ་མེ་དཔུང་བྲི། །གྲུ་བཞི་པ་ལ་སྒོ་བཞི་དགོད། །དབུས་སུ་བསྟོ་མཚན་ལྡན་ལ། །ཡབ་ཡུམ་སྙིང་པོ་བྲིས་ལ་བཞག །དེ་ཡི་ཕྱི་རིམ་ཟླ་གམ་ལ། །མ་མོ་ཕྲ་མེན་བརྒྱད་ཀྱང་ཚུལ་བཞིན་དགོད། ནག་པོ་ལ་ནི་མེ་རིས་བསྐོར། །སེར་པོ་ལ་ནི་ཐོད་པས་བསྐོར། །དམར་པོ་ལ་ནི་ཤ་ཆེན་བཞག །སྒོ་ལ་སྒོ་བ་ཡབ་ཡུམ་སྟེ། །སྒོ་ཁྱུད་ལ་ནི་དབང་ཕྱུག་མ། །དེ་ནས་སྒྲུབ་པའི་མདུན་མདུན་དུ། །བནྟྲའི་བཟེད་ཕོར་རེ་རེ་དང་། །དམར་གྱི་ཨསྙེ༷་ཡང་དྲང་ངོ་། ཁྲོ་བོའི་འཕྲིན་ལས་གཞུང་བཞིན་བྱ། །བསྟོད་ཚོགས་མཆོད་པ་གཞུང་བཞིན་དབུལ། །འཇིགས་བྱེད་བསྐལ་བའི་དཀྱིལ་འཁོར་དུ། །ཟ་བྱེད་ལྔ་ཡི་དཀྱིལ་འཁོར་བཅས། །ཐལ་བ་ཚར་གཉིས་བསྒྲལ་བའི་ཕྱིར། །དྲོད་ཚད་གསུམ་གྱིས་གཏན་ལ་དབབ། །དག་པ་གསུམ་གྱིས་བསྒྲལ་བར་བྱ། །མཚན་རྟགས་བཟང་པོ་ཡོད་པ་རྣམས། །དེ་ཉིད་སྒྲུབ་པའི་རྒྱུ་ཡིན་ཏེ། །ཟ་བྱེད་ལྔ་ཡི་དཀྱིལ་འཁོར་དུ། །འཇིགས་བྱེད་ལྔ་ཡི་ཆོ་འཕྲུལ་གྱིས། །བུ་གུ་སྒོ་ལྔའི་དཀྱིལ་འཁོར་དུ། །བདུད་རྩི་ལྔ་ཡི་ཟིལ་མངར་གྱི། །ཕ་གུ་ལྔ་ཡི་ཐིག་གདབ་བོ། །ད་ནི་ཟ་བྱེད་ཚོགས་བཀོད་དེ། །དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བུརྙ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །ཐུགས་མཆོག་རསྒ་ཧེ་རུ་ཀ །དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཤར་ནས་རང་བྱུང་གྲུབ་པའི་ལྷ། །སྐུ་མཆོག་བཛྲ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །སྐུ་མཆོག་རསྒ་ཧེ་རུ་ཀ །ཤར་གྱི་དཀྱིལ་འཁོར་ཆེན་པོ་མྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །ཡོན་ཏན་རཏྣ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །ཡོན་ཏན་རསྒ་ཧེ་རུ་ཀ །ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོ་མྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་ནས་རང་བྱུང་གྲུབ་པའི་ལྷ། །གསུང་མཆོག་པདྨ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །གསུང་མཆོགརསྒ་ཧེ་རུ་ཀ །ནུབ་ཀྱི་དཀྱིལ་འཁོར་ཆེན་པོ་མྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྱང་ནས་རང་བྱུང་གྲུབ་པའི་ལྷ། །ཕྲིན་ལས་ཀརྨ་ཧེ་རུ་ཀ །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་༼ལྷ་མཆོག༽། །ལས་མཆོག་རཀྟ་ཧེ་རུ་ཀ །བྱང་ཕྱོགས་དཀྱིལ་འཁོར་ཆེན་པོ་མྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །མཐིང་ནག་རག་ཏའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །ཤར་གྱི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་མོ་ཁྲོ་བའི་གཟུགས། །སེར་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུས་གསུམ་དབྱིངས་སུ་བསྡུད་པའི་མཆོག །ལྷོ་ཡི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །དམར་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་དབྱིངས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྒྲོལ་བའི་མཆོག །ནུབ་ཀྱི་འཁོར་ལོའི་རྩིབས་སྟེང་ དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །ལྗང་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །བྱང་གི་འཁོར་ལོའིརྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །གསེར་མདོག་སིང་ང་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་རྙི། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ཤར་ལྷོའི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །དམར་ནག་བྱུ་སྙི་རཀྟ་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་སྡུད་པའི་མཆོག །ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །མཐིང་ནག་ཤྭ་ན་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །དམར་ནག་སྲི་ལ་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུས་གསུམ་དབྱིངས་སུ་བསྡུད་པའི་མཆོག །བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །དམར་སེར་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག ཁྲར་གྱི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །དཀར་ལྗང་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ལྷོ་ཡི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །༄༅ མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །མཐིང་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ནུབ་ཀྱི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས། །སེར་ནག་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །བྱང་གི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །དཀར་སེར་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག ཁྲར་ལྷོའི་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །སྐྱ་སྣར་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་ཆེན་མོ་གཏུམ་ཁྲོའི་གཟུགས། །མཐིང་ནག་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུས་གསུམ་དབྱིངས་སུ་བསྡུད་པའི་མཆོག །ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས། །སྣ་ཚོགས་རཀྟའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་སྒྲོལ་བའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བསྐུལ་བ་རྡོ་རྗེ་ཨང་ཀུ་ཤ །དཀར་ལྗང་འབར་བའི་རལ་པ་ཅན། །རྒྱུ་དྲུག་གནས་སུ་འདྲེན་པའི་ལྷ། །དུག་གསུམ་དབྱིངས་སུ་བསྡུད་པའི་མཆོག །དཀྱིལ་འཁོར་ཆེན་པོའི་ཤར་སྒོ་སྲ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོའི་ཆེན་པོ་ཨུབྱ་ཨ་ཙ་ལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །དཀར་ལྗང་རཀྟའི་རལ་པ་གྱེན་དུ་འཁྱིལ། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོའི་ཆེན་པོ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །མཐིང་ནག་རསྒའི་རལ་པ་གྱེན་དུ་འཁྱིལ། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོའི་མཚོན་ཆེན་རྟ་མཆོག་དཔལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །དམར་ནག་རཀྟའི་རལ་པ་གྱེན་དུ་འཁྱིལ། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །ལྗང་ནག་རཀྟའི་རལ་པ་གྱེན་དུ་འཁྱིལ། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་ཆེན་མོ་སྙེམས་ཆེན་མ། །དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་གཙོ་བོའི་སྐུ་ལ་འཁྲིལ། །གཡོན་པ་བརྙ་གཙོ་ལ་སྟོབས། །རཀྟའི་རལ་པ་ཁམ་ནག་གྱེན་དུ་འཁྱལ། །གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་དུར་ཁྲོད་བདག་ཆེན་མོ། །དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་གཙོ་བོའི་སྐུ་ལ་འཁྲིལ། །གཡོན་པ་བནྟྲ་གཙོ་ལ་སྟོབས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་ཁྲོ་མོ་གཏུམ་ཆེན་མོ། །དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་གཙོ་བོའི་སྐུ་ལ་འཁྲིལ། །གཡོན་པ་བསྟོ་གཙོ་ལ་སྟོབས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྡོ་རྗེ་ཁྲོ་མོ་སྒྲ་འབྱིན་པའི། །དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་གཙོ་བོའི་སྐུ་ལ་འཁྲིལ། །གཡོན་པ་བརྙ་གཙོ་ལ་སྟོབས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས། །རིན་ཆེན་འབར་བའི་ལྟེ་བ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཤར་ནས་རང་བྱུང་གྲུབ་པའི་ལྷ། །སྒྲོལ་བ་རཀྟ་ཧེ་རུ་ཀ །མཐིང་ནག་རཀྟའི་རལ་པ་ཅན། །སྔོན་ཚེ་བསྙེན་ཅིང་སྒྲུབ་པའི་ལྷ། །སྔོན་ཡང་ཐུགས་དམ་དབྱིངས་སུ་གཅིག །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །དམ་ཚིག་ས་ནུ་ཧེ་རུ་ཀ །སེར་ལྗང་འབར་བའི་རལ་པ་ཅན། །སྔོན་ཚེ་བསྙེན་ཅིང་བསྒྲུབ་པའི་ལྷ། །སྔོན་གྱི་ཐུགས་དམ་དབྱིངས་སུ་ཅིག །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ནུབ་ནས་རང་བྱུང་གྲུབ་པའི་ལྷ། །གསང་བ་གུ་རྒྱ་ཧེ་རུ་ཀ །དམར་ནག་འབར་བའི་རལ་པ་ཅན། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །སྔོན་གྱི་ཐུགས་དམ་བདག་དང་ཅིག །ཟླ་གམ་དབང་གི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྱང་ནས་རང་བྱུང་གྲུབ་པའི་ལྷ། །སྦྱོར་བ་རཀྟ་ཧེ་རུ་ཀ །ལྗང་ནག་རཀྟའི་རལ་པ་ཅན། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །སྔོན་གྱི་ཐུགས་དམ་བདག་དང་ཅིག །ཟླ་གམ་དབང་གི་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཡུམ་བཞི་ཡང་དགོད། བྱང་གི་དཀྱིལ་འཁོར་དུ། དབང་ཕྱུག་ཉི་ཤུ་ཡང་དགོད། ཁྱམས་ཟླ་གམ་དུ་བྲིས། དེ་ནས་དཔལ་གྱི་སྤྱིན་བསྲེག་བྱ། དེ་ནས་གཏོར་མ་ཚོ་གསུམ་དུ་བཅད་ལ། མཆོད་པ་བགྱི། ཕུར་པ་དབྱུང་། ཁྲུས་བགྱི། གཏོར་མ་གཅིག་བྱིན་གྱིས་བརླབས་ལ། རྒྱལ་པོ་ཆེན་པོ་བཞི་མཆོད། སླར་གཤེགས་སུ་གསོལ། དེ་ནས་སློབ་དཔོན་ལ་ཡོན་དབུལ་བ་དང་སླད་མ་ཀུན་གཞན་དང་མཐུན། མ་ཏྲང་བཞི་བསྣོལ་གསང་བ་གཏེར་གྱི་སྒྲུབ་ལུགས་ཏེ་བཅུ་དགུ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ལང་ཀའི་དཀྱིལ་འཁོར་རལ་པ་ཅན་གྱི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །གནས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་གཞལ་ཏེ་ས་བསླང་ངོ་། །སྦྱང་དང་བསྲུང་བ་ཚུལ་བཞིན་བྱ། །སྡིག་སྦྱངས་བྱང་ཆུབ་སེམས་བསྐྱེད་དེ། །བཤགས་སྦྱང་སྤང་ཀོང་ཚ་ཚ་གདབ། །དེ་ནས་དཀྱིལ་འཁོར་གཞུད་བཞིན་བྱ། །ལང་ཀའི་ཁོག་སྦུགས་བསྒྱེལ་བ་ལ། །སྙིང་ཁར་འདོམ་གང་གྲུ་བཞི་བྱ། །དུར་ཁྲོད་ཆག་ཆག་གསུམ་གྱིས་གདབ། །འཁོར་ལོ་རྩིབས་བརྒྱད་ཐིག་ཏུ་གདབ། །དབུས་སུ་རིན་ཆེན་ཟུར་བརྒྱད་བྲི། །ཕྱི་རོལ་པདྨ་འདབ་བརྒྱད་བྱ། །དེ་ཡི་ཕྱི་རིམ་མེ་རི་བྱ། །དེ་ཡི་ཕྱི་རིམ་རྡོ་རྗེའི་ར་བས་བསྐོར། །དེ་ཡི་ཕྱི་རིམ་སྒོ་བཞི་བྲིས། །སྟེང་ནས་བགེགས་པའི་གཡང་བཞི། འོག་ཐར་པའི་རྐང་ལག །བསྟོ་ཅང་ལོ་ཅན། ཕྱི་ན་བནྟྲའི་བཟེད་ཕོར། དམར་གྱི་ཨསྙེ༷། གཏོར་མ་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ་དང་། དེ་ནས་རྫས་དགོད། དུར་ཁྲོད་འབར་བའི་ཕོ་བྲང་དུ། །ལང་ཀ་ཆེན་པོའི་ཁོག་སྦུབས་སུ། །རལ་པ་ཅན་རྣམས་སྤྱན་དྲངས་ནས། །རྫས་དང་བྱ་བ་གཞུང་བཞིན་བྱ། །རཀྟ་འཛོམས་པའི་ཕོ་ཉ་ནི། །ཟ་བྱེད་ལྔ་ཡི་རལ་པ་ཅན། །དབང་པོ་ལྔ་ནི་རྫས་ལ་དབང་། །མགྱོགས་མ་བརྒྱད་ནི་དུར་ཁྲོད་འཇོམས། །གཏུམ་མོ་བརྒྱད་ནི་དབྱིངས་ན་རོལ། ཁྲོ་བོ་བརྒྱད་ནི་རོལ་པ་མཛད། །རཀྟའི་འབར་བའི་རལ་པ་ཅན། །སྲིད་པ་ནམ་མཁའི་མཐུ་བྱེད་ན། །དཔལ་ལྡན་མ་མོ་ལས་བྱེད་ཅིང་། །རྫས་ལ་དབང་བྱེད་མཐུ་མཁྲེག་མ། །དེ་ནས་ཁྲོ་བོའི་འཛབ་སྟོང་དྲངས། །བསྟོད་ཚོགས་མཆོད་པ་འབུལ། ཐུགས་དམ་བསྐུལ། བཟོད་པར་གསོལ། དངོས་གྲུབ་བླང་། དབང་བསྐུར། ཕྲ་གདབ། དེ་ནས་གཏོར་མ་ཚོ་གསུམ་དུ་བཅད། ཚོ་གཅིག་ལ་ནི་སྤྱིན་བསྲེག་ལ་སོགས་བྱ། དེ་ནས་ཡོན་དབུལ། གཏང་རག་བཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། ལང་ཀའི་དཀྱིལ་འཁོར་རལ་པ་ཅན་གྱི་སྒྲུབ་ལུགས་ཏེ་ཉི་ཤུ་པའོ།། །།དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས། བམ་སྒྲུབ་ཆེན་པོ་ཟླ་གམ་བརྒྱད་ཅུ་རྩ་གཅིག་པའི་སྒྲུབ་ལུགས་འདི་གསུངས་སོ། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །རྫས་དང་ས་གཞི་བརྟག་པར་བྱ། །ས་བདག་ལྷ་ཀླུ་ཐམས་ཅད་ལ། །ས་རིན་གཞལ་ཏེ་ས་བསླང་ངོ་། །སྦྱང་དང་བསྲུང་བ་ཚུལ་བཞིན་བྱ། །དེ་ནས་བསྒྲུབ་པ་ཚུལ་བཞིན་བྱ། །སྡིག་སྦྱངས་བྱང་ཆུབ་སེམས་བསྐྱེད་དེ། །བཤགས་བྱང་སྤང་སྐོང་ཚ་ཚ་གདབ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། སྒྲུབ་པའི་དཀྱིལ་འཁོང་གཞུང་བཞིན་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དུར་ཁྲོད་ཆག་ཆག་རྣམ་གསུམ་གདབ། དབུས་སུ་འཁོར་ལོ་རྩིབས་བརྒྱད་ཐིག་གདབ། དབུས་སུ་ཐིག་བཞི་གདབ་ལ་ལིང་ཚེ་དགུ་བྱ། དབུས་སུ་ཟླ་གམ་དཀར་དམར་གཉིས། ཕྱོགས་མཚམས་སུ་ཟླ་གམ་བྲི། དེ་ཡི་ཕྱི་རིམ་དུ་ཁ་ནང་དུ་བསྟན་པ་བྲི། དེ་ཡི་ཕྱི་རིམ་དུ་ཁ་ཕྱིར་བསྟན་པ་བྲིས། དེ་ཡི་ཕྱི་རིམ་དུ་བཞི་ནང་དུ་བསྟན་པ་བྲི། དེ་ཡི་ཕྱི་རིམ་དུ་ཟླ་གམ་བཞི་ཁ་ནང་དུ་བསྟན་པ་བྲིས། དེའི་ཕྱི་རིམ་དུ་ཟླ་གམ་བཅུ་ཁ་ཕྱིར་བསྟན་པ་བྲི། དེའི་ཕྱིར་རིམ་ཟླ་གམ་ཉི་ཤུ་རྩ་དགུ་ཁ་ཕྱིར་བསྟན་པ་བྲི། དེའི་ཕྱི་རིམ་དུ་ཟླ་གམ་བཞི་ཁ་ནང་དུ་བསྟན་པ་བྲི། དེ་ནས་རྫས་དགོད་པ་དང་། ལས་དང་བྱ་བ་ཀུན་འཕེལ་བསྡུད་ལ་ལྟོས། བསྒྲོའི་གཞལ་ཡས་ཁང་དུ། ལྷ་གཞུང་བཞིན་བསྐྱེད། ༼བྲུ༷་སྣྲུ༷༽ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་དུ། །དབང་ཆེན་རྒྱ་གྲམ་ཟླ་གམ་གཏམས་པ་ལ། །རྡོ་རྗེ་ཡེ་ཤེས་མི་ཕྱེད་དགུ་འབར་བ། །ཆེ་བ་དགུ་ཡི་ཁྱད་པར་བྱེ་བྲག་ལས། །དཔལ་ཆེན་དགུ་ནི་སྐུ་ལ་རྫོགས། །ཡུམ་ཆེན་དགུ་ནི་དབྱིངས་སུ་རོལ། །རྡོ་རྗེ་དགུ་ནི་ཐུགས་ལ་འབརཧུ༷་ཆེན་དགུ་ནི་ཀློང་ན་འཁྱིལ། ཁུ་བྱུག་དགུ་ནི་སྐད་དུ་རྫོགས། །བརྙ་དགུ་ནི་དཔལ་གྱི་སྐུ། །ཟླ་གམ་དགུ་ནི་ཡུམ་གྱི་དབྱིངས། །ཐིག་ལེ་དགུ་ནི་བྱང་ཆུབ་སེམས། །མེ་མར་དགུ་ནི་ཡེ་ཤེས་ངང་། །དེ་ལྟར་དགུ་དགུ་དགུ་བྱུང་བ། །དགུ་སློང་འབད་པ་གཅིག་གི་ངང་། །དགུ་བཀག་གཅིག་ཕྱེ་ཐིག་ལེའི་དོན། །ཞེས་བརྗོད་ལ་སྤྲོ་བསྡུ་བྱ། དེ་ལྟ་བུའི་དེའི་དཀྱིལ་འཁོར་དུ་མཆོད་པ་དྲངས་བ། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་༄༅ ཐམས་ཅད་བདེ་ཆེན་གཅིག་གི་ངང་། །ཞེས་གསུངས་སོ། །དེ་ལྟ་བུའི་དཀྱིལ་འཁོར་དུ་མཆོད་པ་དགྲམ་པ་ནི། འཛབ་དྲུག་སྟོང་དྲུག་ལ་བསྟོད་་བྱོག་གི་ཚོགསཀྱང༽མཆོད་པ་དབུལ། ནངས་པར་གཏོར་མ་བཏང་། ཕུད་བཅད་ལ་བཞག །དཀྱིལ་འཁོར་སྟོང་པར་མི་བཞག །རེ་མོས་ལངས། སྟན་མི་སྤྲུགས། སྟན་བྱིན་གྱིས་བརླབ། ལུས་བསྲུང་། སླར་ཚོགས་པ་དང་། མཚམས་བཅད། དེ་ནས་མཆོག་སྒྲུབ་དེ་ཤ་བཅད་སྐམ་ལ་དེའི་ཕྱི་ལོ་དུས་སུ་བདུད་རྩིའི་བསྒྲུབ་པ་བྱ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ལས། མཆོག་ཕྲན་གཙང་མའི་སྒྲུབ་ལུགས་ཏེ་ཉི་ཤུ་རྩ་གཉིས་པའོ།། །།རུས་པ་ཐལ་ཆེན་དུ་སྒྲུབ་པ་རྡོ་རྗེ་རིགས་ཀྱི་སྒྲུབ་ཐབས་ཁྲོ་བོ་པུཎྜ་རྡི་ཀའི་རྒྱུད་ཆེན་པོ་རྫོགས་སོ། །སྡུད་པ་པོ་རྡོ་རྗེ་སེམས་དཔས་བསྡུས། ལས་ཀྱི་སྒྲུབ་པ་གཞུང་པདྨ་ས༷་བྷ་ཝས་བསྲང་། ལས་མདེའུ་ཆུང་ཧུ༷་ཀྭ་རས་བསྲངསརྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་བཞུགས་སོ།། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ། སརྦ་དྷརྨ་བྲརྙ་མ་པྲ་ཏི་པ། མ་ཧྭ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་དུས་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་ཉིད། ཆོས་ཐམས་ཅད་སོ་སོ་མ་ཡིན་པའི་བདག་ཉིད་ཏེ། མཐའ་དང་དབུས་མེད་པའི་འོག་མིན་གྱི་གནས། དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང་། རྒྱུ་རིན་པོ་ཆེ་འབར་བ་སྣ་ཚོགས་དང་། འཇིགས་བྱེད་དྲག་པོའི་རྒྱན་མང་པོས་བཀླུབས་པ། རྣམ་པ་ཐ་དད་ཅིང་སོ་སོ་ན་གསལ་བ། ངོ་བོ་ཉིད་གཅིག་ཅིང་ཡེ་ནས་གསལ་བ་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། འཇིགས་བྱེད་ཀྱི་རྒྱལ་པོ་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དབུ་གསུམ་པ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་དང་འཁོར་ལོ་ལ་སོགས་པའི་རིགས་དང་། གྲངས་དང་། ཕྱག་རྒྱ་དང་། ཁ་དོག་ལ་སོགས་པའི་ངོ་བོར་བཞུགས་སོ། །དེ་ནས་ཡང་རིགས་ཀྱི་ཡབ་དང་ཡུམ་དང་། སེམས་དཔའ་དང་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོར་བཅས་པར་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་ངོ་། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནི། །ཡེ་ཤེས་ཆེན་པོར་དབང་བསྐུར་ཅིང་། །དཀྱིལ་འཁོར་ཐུགས་རྗེ་འབྱུང་བའི་ངང་། །རང་བཞིན་ཏིང་འཛིན་གཟུགས་བརྙན་དག །སྐུ་གསུང་ཐུགས་ཀྱི་ངང་ལས་བྱུང་། །ཡོན་ཏན་འཕྲིན་ལས་དེ་བཞིན་ཏེ། །བདེ་ཆེན་མཆོག་གི་གནས་ཉིད་དོ། །ཅེས་གསུངས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དཔལ་བདེ་བ་ཆེན་པོ་ཀུན་དུ་བཟང་པོའཇིགས་བྱེད་ཀྱི་རྒྱལ་པོ་མ་ལུས་པ་ཐམས་ཅད་ཀྱི་རང་བཞིན་གྱི་ཚུལ་རྡོ་རྗེས། མ་ཆགས་ཡུམ་གྱི་དཀྱིལ་འཁོར་དང་། གཉིས་སུ་མེད་པར་བྱ་བ་དང་། གདུག་པ་ཅན་ཐམས་ཅད་གདུལ་བའི་ཕྱིར་རབ་ཏུ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཉིད་མ་གཡོས་ཤེས་བྱའི་དབྱིངས། །མ་བཅོས་རང་བཞིན་བདེ་བའི་ཡུམ།།རང་བཞིན་མ་གཡོས་དཀྱིལ་འཁོར་ནི། །བདག་ཡིན་བདག་གི་ཡིན་ན་ཡང་། །ཕྱག་རྒྱ་སྣ་ཚོགས་སོ་སོར་གསལ། །བདེར་གཤེགས་རྒྱལ་བས་སྦས་པའི་གཏེར། །སུས་ཀྱང་དཔག་པར་དཀའ་བ་དེ། །ཀུན་ཏུ་བཟང་པོ་བདག་ལ་གསལ། །ཅེས་བརྗོད་པས། མ་ཆགས་ཡུམ་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གྱུར་ཏོ། །གྱུར་པས་ཡུམ་གྱིས་འདི་སྐད་བརྗོད་དོ། །ཆོས་ཉིད་དབང་སྒྱུར་བྱེད་པའི་གཙོ། །བདེ་གཤེགས་རྒྱལ་བ་ཀུན་བཟང་ཡིད། །རང་བཞིན་ཡེ་ཤེས་དྲུག་ཡིན་ཏེ། །ཀུན་བཟང་བདེ་ཆེན་ཉིད་ཀྱི་བརྒྱན། །བདེ་ཆེན་ཐུགས་ཀྱི་རང་བཞིན་ནོ། །བདེ་བར་གཤེགས་པའི་ཐུགས་ཀྱི་མཆོག །སྐལ་མེད་རྣམས་ལ་རང་བཞིན་གསང་། །སྐུ་གསུང་ཐུགས་གནས་དབང་མཆོག་ཡིན། །ཅེས་བརྗོད་དོ། །ཐམས་ཅད་གཅིག་གི་རང་བཞིན་དུ། །དབྱེར་མེད་པར་གྱུར་པས། ཉིད་ཀྱི་ཡེ་ཤེས་ལས། ཀརྨ་ཧེ་རུ་ཀའི་ངོ་བོར་གྱུར་ནས། ཞུ་བ་པོའི་བདག་ཉིད་དུ་གྱུར་ཏོ། །དེའི་བཀའ་ཡི་ལུང་གོ་ནས་འདི་སྐད་ཅེས་གསོལ་ཏོ། །ཆོས་ཉིད་མ་བཅོས་དོན་འདི་ལ། །སྤྲོས་མེད་བརྗོད་མེད་ཡེ་གནས་ན། །སྐལ་མེད་ཐུགས་རྗེས་ཇི་ལྟར་གཟུང་། །གཉིས་མེད་སེམས་ཀྱི་རང་བཞིན་ལ། །སྐལ་མེད་འབྱུང་བ་ཇི་ལྟ་བུ། །དོན་དེ་མི་གནས་བདག་ཉིད་ལ། །གཉིས་མེད་རྒྱལ་པོས་བཤད་དུ་གསོལ། །ཅེས་བརྗོད་པས་བཀའ་བསྩལ་པ། མ་བཅོས་ཆོས་ཉིད་རང་བཞིན་ལ། །ཡེ་ཤེས་བརྗོད་མེད་ཡེ་གནས་ཀྱང་། །འཁྲུལ་པའི་བག་ཆགས་ཕྲ་མོ་ཡིས། །གཟུང་འཛིན་དངོས་པོ་གཉིས་སུ་རེད། །ཕྱིན་ཅི་ལོག་ཏུ་གོལ་བ་དེ། །གཉིས་མེད་དོན་གྱི་ངོ་བོ་ལས། །ཐབས་ཆེན་འབར་བའི་རོལ་པ་ཡིས། །བདེན་པ་གཉིས་ཀྱི་ངང་དུ་བསྒྲལ། །ཅེས་གསོལ་པས། །ཀརྨ་ཧེ་རུ་ཀས་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །མ་བཅོས་ཆོས་ཉིད་རང་བཞིན་ལས། །རོལ་པའི་སྐུ་ནི་ཇི་ལྟར་འབྱུང་། །ཡང་དག་བདེན་པས་ཇི་ལྟར་བསྒྲལ།།དངོས་སུ་བསྒྲལ་བའི་ཡོན་ཏན་ཅི། །ཞེས་གསོལ་པས། ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡས། ཡེ་ཤེས་མེད་པ་མ་ཡིན་པའི་དབྱིངས་ནས། ཤིན་ཏུ་དྲག་པོ་མི་བཟད་པའི་སྐུ་ཕྱུང་སྟེ། ཐེག་ཆེན་གསང་བའི་བསྟན་པ་འདི། །རྒྱ་ཆེར་གྲགས་པར་གྱུར་པ་ནི། །མྱ་ངན་འདས་ཀར་ལུང་བསྟན་ཏེ། །འབྲས་བུ་ཆུབ་པར་སྟོན་པ་ཡི། །རྡུལ་མེད་དྲི་མེད་བསྟན་པ་ཞིག །མཆོག་གི་ཞིང་ཁམས་དམ་པ་འདིར། །སྣང་བ་ཐོབ་པའི་སྐལ་ཅན་ལ། །དོན་གྱི་ངོ་བོ་བཤད་པར་བྱ། །ང་ནི་སྣང་བ་འདི་ནུབ་ནས། །ཆོས་ཀྱི་མེ་ལོང་དམ་པ་ཞིག །ང་འདས་གླིང་གི་འཇིག་རྟེན་འདིར། །འབྱུང་བ་གླེང་སློང་སྐལ་ལྡན་ལ། །བསྟན་པའི་ཆར་ཆེན་ཕབ་ནས་ནི། །ཀུན་དང་མཐུན་པར་གྲགས་གྱུར་ཅིང་། །ང་སྣང་མི་གནས་དེ་རྗེས་ལ། །ལོ་ནི་བརྒྱད་བཅུ་རྩ་གཉིས་ན། །གསང་འདུས་མྱ་ངན་འདས་པ་འདི། །བྱང་ཆུབ་སྙིང་པོ་ཅན་ཞེས་པའི། །ས་ལེ་གསེར་གླིང་བྱ་བ་དེར། །ལས་དང་ཐུགས་རྗེས་མཐུན་པ་ཡིས། །ཆོས་ཀྱི་མིག་འབྱེད་འཀྱུར་བ་གཅིག །རིགས་ལྡན་ཀུན་གྱིས་ཐོབ་གྱུར་ཅིག །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡས། སྙིང་རྗེ་རོལ་པའི་ཏིང་ངེ་འཛིན་ལ་ཞུགས་ནས། ཀྱེ་མ་ཧོ་སངས་རྒྱས་མང་པོའི་ཚོགས། །སྣང་བ་ངོ་བོ་ཀུན་དུ་རབ་ཏུ་འདིར། །སྲིད་པ་ལོག་པའི་གདུག་པ་ཅན། །འཁོར་བའི་ས་བོནརྩུབ་མོས་འཕངས། །སྡུག་བསྔལ་ཆེན་པོས་ཡི་དྭགས་ཏེ། །ལས་ཀྱིས་འཇིག་རྟེན་ཁམས་འདིར་བྱུང་། །དྲག་པོ་རང་གི་༼རྐ་དཀའ༽ཐུབ་ཀྱིས། །སྲིད་པ་གསུམ་གྱི་བདག་པོར་སྨིན། །དྲག་པོ་རུ་་་གདུག་དཔལ་གྱིས། །འགྲོ་རྣམས་མཐར་རློག་འཇོམས་བྱེད་པའི། །གདུལ་བར་བྱ་བའི་འོས་མཆོག་སྟེ། །སྙིང་རྗེའི་བདག་པོ་ཀུན་འདུས་པ། །སྡུག་བསྔལ་ལས་ཀྱི་རྒྱུན་བཅད་དེ། །བདེ་ཆེན་ས་ལ་གཞག་པར་རིགས། །ཞེས་གསོལ་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཁུངས་དང་གླེང་སླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡས། ཉིད་ཀྱི་ཡེ་ཤེས་ལྔ་རིགས་ཀྱི་ཁྲོ་བོར་སྤྲུལ་ནས། མི་གདུལ་བར་དགོངས་ནས་བཀའི་འགྲོ་བ་མཛད་དོ། །བཅོམ་ལྡན་འདས་ཁྲག་འཐུང་གི་སྙིང་པོས་བགྲོས་པ། ཀྱེ་མ་འོ་འདས་པའི་ཚོགས་ཆེ་དག །འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟར་དུས་འདིར་བྱུང་བ་སྟེ། །དེ་བཞིན་གཤེགས་པའི་གསུང་རབ་ལས། །བདག་ཉིད་ཆེན་པོ་རྟག་པ་ཡིས། ཁྲོ་བོའི་ཚུལ་དུསྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། ཁེན་ཏུ་ཁྲོ་དྲག་གདུག་པར་འགྱུར། །ཤིན་དུ་ཁྲོ་དྲག་གཏུམ་པའི་ས། །འོ་དོད་འབོད་པར་གཏུམ་པར་འགྱུར། །མི་བཟད་ཆེན་པོའི་སྡུག་བསྔལ་ཏེ། །དུག་གསུམ་མཐའ་ལས་མངོན་ཞེན་པའི། །ཇི་ལྟ་བ་ཡི་ཐབས་ཀྱིས་འདུལ། །ཞེས་བགྲོས་སོ། །བཅོམ་ལྡན་འདས་གཏི་མུག་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཤིན་ཏུ་གཏུམ་པའི་སེམས་ཅན་དེ། །ཇི་ལྟར་དེ་གར་བཞག་འགྱུར་ན། །བག་ཆགས་ངན་པའི་ཆུ་རླབས་ཀྱིས། །བདུད་ཀྱི་ཚོགས་སུ་མངོན་འཕེལ་ནས། །རིག་པ་འཛིན་པའི་རྒྱུད་གཅོད་ཅིང་། །བསྟན་པའི་གསུང་རབ་འཇིག་པར་འཀྱུར། །དེ་ཚེ་ལས་ཀྱི་མུན་པ་ཡིས།འགྲོ་བ་མ་ལུས་འཁོར་བར་འཁྱམས། །དུག་ནད་རིམས་ནད་ཕྲ་མེན་མ། །གནོད་སྤྱིན་གདོན་དང་ལོག་འདྲེན་ཉིད། །སྲིད་པ་གསུམ་པོ་འཇིགས་བྱེད་ཅིང་། །དམ་ཚིག་གཉན་པོ་འདྲལ་བར་བྱེད། །ཇི་ལྟ་བ་ཡི་ཐབས་ཀྱིས་འདུལ། །ཞེས་བགྲོས་སོ། །བཅོམ་ལྡན་འདས་ང་རྒྱལ་ཆེན་པོའི་ཚོགས་ཀྱིས་བགྲོས་པ། འདས་པའི་དུས་ན་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་དྲག་གདུག་པར་འགྱུར། །ཤིན་ཏུ་ཁྲོ་དྲག་གཏུམ་པ་ཡིས། །འོ་དོད་འབོད་པར་གཏུམ་པར་འགྱུར། །མི་བཟད་ཆེན་པོའི་སྡུག་བསྔལ་དེས། །དུག་གསུམ་མཐའ་ལས་མངོན་ཞེན་པའི། །ལས་ཀྱིས་གདུག་པའི་རུ་་་དེ། །རྒྱལ་བ་འདས་པའི་སྦྱོར་བ་ཡིས། །ཇི་ལྟར་ཁྲོ་དྲག་གཏུམ་པར་ལྟར། །ད་ལྟ་འདི་ཆེར་འབྱུང་བ་ཡི། །དུག་གསུམ་བརྩེགས་པའི་རི་བོ་འདི། །འབར་འཕྲོ་འཁྲུག་པའི་སྦྱོར་བ་ཡིས། །ཇི་ལྟར་འཚམ་པ་བཞིན་དུ་འོས། །སངས་རྒྱས་ཐམས་ཅད་འདུས་ནས་ཀྱང་། ཁྲོས་པའི་སྤྲིན་ནག་གཏིབས་པ་ཡིས། །མངོན་སྤྱོད་རོལ་པའི་ཐབས་ཆེན་གྱིས། །འཁོར་བ་བསྒྲལ་བའི་དུས་ལ་བབ། །ཅེས་བགྲོས་སོ། །བཅོམ་ལྡན་འདས་འདོད་ཆགས་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། ཁྲོ་བོའི་ཚུལ་འཆར་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་བསྲེགས་བྱེད་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཅེས་བགྲོས་སོ། །བཅོམ་ལྡན་འདས་ཕྲག་དོག་ཆེན་པོའ་ཚོགས་ཀྱིས་བགྲོས་པ། རང་བཞིན་དག་པའི་ངོ་བོ་ལསལོག་རྟོག་ཕྱིན་ཅི་ལོག་གིས་བཅིངས། །དངོས་པོ་རང་གར་ཞེན་པ་ཡི། །གདུལ་དཀའ་མ་ལུས་འདུལ་བ་དང་། །དམ་ཚིག་ལ་སྡང་རྣམས་སྦྱར་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད། །ཅེས་བགྲོས་སོ། །ཕུར་བུ་མྱ་ང་ལས་འདས་པའི་རྒྱུད་ཆེན་པོ་ལས། ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱིས། བཀའ་མོལ་མཛད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས་འཁོར་མང་པོ་འདུས་པའི་ནང་ནས། ཤིན་ཏུ་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡས། རིགས་ཀྱི་ཁྲོ་བོ་ཚོགས་དང་བཅས་པ་ལ་འདི་སྐད་ཅེས་བརྗོད་དོ། ཁྲག་འཐུང་ཆེན་པོ་བཛྲ་ཀི་ལ་ཡས། །དཀའ་ཐུབ་ཅན་གྱིས་སེམས་ཅན་ཆེན་པོ་འདི། །རྒྱུ་དང་རྐྱེན་ནི་ཅི་ལས་བྱུང་། །འབྲས་བུ་སྨིན་པ་ཇི་ལྟར་སྨིན། །རིགས་དང་སྡེ་ནི་གང་དུ་གཏོགས། །ལས་སྐལ་སྤྱོད་པ་ཅི་ཞིག་བྱེད། །མ་བ་་བ་ཡི་སྐྱོན་ནི་ཅི། །བ་་ན་ཡོན་ཏན་ཇི་ལྟར་ཐོབ། །ཅེས་བརྗོད་པས། བཀའ་བསྩལ་པ། ལོག་པའི་སེམས་ཅན་ཆེན་པོ་དེ། །ལེགས་པའི་རྒྱུ་རྐྱེན་ལས་མ་བྱུང་། །ཉེས་པའི་རྒྱུ་རྐྱེན་ལས་བྱུང་སྟེ། །རྒྱུ་ནི་གཟུང་འཛིན་རྟོག་ལས་བྱུང་། །རྐྱེན་ཡང་ལོག་པར་སྤྱོད་པ་ལས། །འབྲས་བུ་ཉོན་མོངས་ལྔ་རུ་སྨིན། །རིགས་ནི་འཁོར་བའི་རིགས་ཅན་ཏེ། །སྡེ་ནི་གདོལ་གྱི་རིགས་སུ་གཏོགས། །ལས་སྐལ་ཆགས་སྡང་སྤྱོད་ལ་ཞེན། །མ་བཏུལ་བ་ཡི་སྐྱོན་བསྟན་ན། །ལྷ་དང་མི་ཡི་སྲིད་རླག་འགྱུར། ཁ་ལོ་ལོག་པར་བསྒྱུར་ནས་སུ། །སངས་རྒྱས་ཞིང་ཁམས་རབ་སྟོངས་ཏེ། །འཁོར་བ་གཏེར་ཆེན་དེ་ལུས་ལ། །སངས་རྒྱས་གཉན་རིས་སུ་ལུས་ནས། །དོན་ལས་མི་ཕན་སྐྱོན་ཡོད་དོ། །བཏུལ་ན་ཡོན་ཏན་དཔག་ཏུ་མེད། །དུག་གསུམ་རྩད་གཅོད་འཁོར་