Ngb-pt-0943-vol-10-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 

Revision as of 07:55, 20 March 2020

Front

Body

ཅིང་ ། །མཐར་ཕྱིན་ ཀུན་ གྱིས་དོན་ མཐར་ མཛད་ འགྱུར་ཅིག །བསྟན་ པའི་ ཉི་ མའང་མི་ནུབ་རྒྱལ་ མཚན་ཤོག །རྣལ་ འབྱོར་ ཆེན་པོའི་ལམ་ གྱི་རིམ་ པའི་རྒྱུད་ ཀྱི་ མཆོག་རྫོགས་ སོ།། །།དམ་ཚིག་བཀོད་པ་བཞིའི་རྒྱུད་བཞུགས་སོ། ། ༄་། །རྒྱ་གར་སྐུད་དུ། ས་མ་ལྭ་ཨགྲ་ཛུ་ཏནྟྲ། བོད་སྐད་དུ། དམ་ཚིག་བཀོད་པས་གཞིའི་རྒྱུད་རིན་པོ་ཆེའི་རྒྱན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ། །བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འོག་མིན་གྱི་གནས་མཆོག་ཆེན་པོ་ན་བཞུགས་པའི་ཚེ། དཔལ་རྡོ་རྗེ་སེམས་དཔས་ཡང་ཏིའི་ཆོས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། སྙན་རྒྱུད་ཀྱི་གདམས་ངག་རྣམ་པ་གསུམ་སྟེ། སངས་རྒྱས་ཉག་གཅིག་དང་། །དམ་ཛིག་ཐུན་གཅིག་དང་། དཔེ་བརྡ་གཅིག་གོ །སངས་རྒྱས་བརྡའི་ལེའུ་སྟེ་དང་པོའོ།། །།རྡོ་རྗེ་སེམས་དཔས་ཞུས་པ། སངས་རྒྱས་ཉག་གཅིག་ནི། རིག་པ་དངོས་མེད་ཡེ་ཤེས་ལ། སྐུ་གསུམ་བཀའ་ནས་མ་གྲུབ་བོ། །ཅི་སྟེ་ལོག་སྣང་མེད་པའི་ཕྱིར། བརྡའ་ནི་མིག་གི་རྣམ་པར་ཤེས་པའོ། །དོན་ནི་ཡེ་ཤེས་རང་ལ་ལྷུན་གྱིས་གྲུབ་པའོ། །སྒྲ་ནི་ཙྭ་ན་ཀྭ་ཡའི་ཨའོ། །སངས་རྒྱས་ཉག་ཅིག་ནི། དགོངས་པ་ལ་ཐུན་མེད་པ་དང་། ཆོས་ཉིད་ལ་བར་དོ་མེད་པ་དང་། ཡེ་ཤེས་ལ་སྐྱེ་བ་མེད་པ་དང་། ཆོས་སྐུ་ལ་སྐད་ཅིག་མ་མེད་པ་དང་། སྐུ་གསུམ་ལ་འདུ་འབྲལ་མེད་པ་དང་། སྙིང་པོ་ལ་འཕོ་འགྱུར་མེད་པ་དང་། ཤེས་རབ་ལ་དགག་སྒྲུབ་མེད་པ་དང་། ཐིགས་ལེ་ཉག་ཅིག་ལ་གཉིས་སྣང་མེད་པའོ། །ལུང་ལས་ཀྱང་གཉིས་མེད་གཉིས་སུ་མེད་པར་བསྟོན་ཅེས་བྱ་བ་དང་། སངས་རྒྱས་སེམས་ཅན་གཉིས་མེད་དེ། ཅེས་པས་གསལ་ལོ། །བརྡའ་དོན་གྱི་ལེའུ་སྟེ་གཉིས་པའོ།། །།ཀུན་ཏུ་བཟང་པོས་བཀའ་སྩལ་པ།དམ་ཚིག་ཐུན་ཅིག་ནི། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ། དཔེར་ན་རིན་ཆེན་གསེར་གྱི་རྡོ་བ་ལ། བྱ་དང་ཁྱི་དང་སྐུ་གཟུགས་རྣམས། །བྱས་ཀྱང་གསེར་ལས་འགྱུར་བ་མེད། བཟང་དུ་མ་སོང་ངན་དྭ་མི་འགྲོ་སྟེ།གཟུགས་ཀྱི་རྣམ་པ་ཐ་དད་ཀྱང་། ངོ་བོ་གསེར་ལས་འགྱུར་བ་མེད། །དེ་བཞིན་དམ་ཚིག་ཐུན་གཅིག་ནི། ཐིག་ལེ་ཉག་ཅིག་དོན་རྟོགས་ན། བསྲུང་དུ་གཉིས་སྣང་མེད་པཧྭཛེ་ཕྱིར། །བསྲུང་བྱ་བྱུང་ན་ཡང་ཏེ་མིན། བསྲུང་བྱ་རྒྱུང་ན་ཉག་ཅིག་མིན། གཉིས་སྣང་བྱུང་ན་གཉིས་འཛིན་ཡིན། །སོ་སོའི་སྐྱེ་བའི་ཁྱུ་རུ་གོལ། །གོལ་ཕྱིར་ཡང་ཏིའི་དམ་ཚིག་མིན། །དེ་ཡང་ལུང་ལས་དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། དབང་པོའི་བསམ་པ་མཁྱེན་མཆོག་གིས། །བརྡ་ནི་དུག་ལྔ་རང་གྲོལ་རང་ཤར་བའོ། །སྒྲ་ནི་ས༷་ཡ་ཏྲི་ཀ་ཡའི་ཨེ་ཀའོ། །ཅེས་གསུངས་སོ། །བརྡ་སྒྲ་དོན་གྱི་ལེའུ་སྟེ་གསུམ་པའོ།། །།ཀུན་ཏུ་བཟང་པོས་བཀའ་སྩལ་པ། དཔེ་བརྡ་གཅིག་ནི།རྒྱ་མཚོ་ཆེན་པོ་སྐུ་གསུམ་བརྡ། ནམ་མཁའ་ཆེན་པོ་ཐུགས་རྗེའི་བརྡ། །སྨན་གྱི་རྒྱལ་པོ་ག་བུར་ནི། སྨན་དང་དུག་དང་ཁ་ཟས་བརྡ། དེ་ནི་ཕྱིའི་བརྡ་གསུམ་ཡིན། །ངོ་བོརང་བཞིན་ཐུགས་རྗེའི་བརྡ། དེ་ནི་འཁྲུལ་པ་གཞི་ཡི་བརྡ། །མ་ནིང་རྣམ་གསུམ་སེམས་ཅན་བརྡ། །སྣང་བ་རྣམ་གསུམ་འཁྲུལ་པའི་བརྡ། །དེ་ནི་ནང་གི་བརྡ་བཞི་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་ནི། །དེ་ནི་ཐིག་ལེ་ཉག་ཅིག་བརྡ། །དུག་ལྔ་ཡེ་ཤེས་ལྔ་ཡིས་བརྡ། །འགྲོ་དྲུག་རང་རྒྱུང་ཡེ་ཤེས་བརྡ། །ཀུཟུང་འཛིན་རིག་པ་ཡེ་ཤེས་བརྡ། །དེ་ནི་གསང་བའི་བརྡ་བཞི་ཡིན། །སྒྲ་ཡི་དོན་ནི་འདི་ལྟ་སྟེ། །ཡེ་ཤེས་སྒྲ་ལ་ཡི་གེ་ཧ། །དབྱིངས་ཀྱི་སྒྲ་ལ་ཡི་གེ་མ། །རོལ་པའི་སྒྲ་ལ་ཡི་གེ་འ། །དེ་ནི་སྒྲ་ཡེ་ཆོས་ཉིད་དོ། །དོན་ཉིད་རྟགས་པའི་རྣལ་འབྱོར་ལ། །རབ་དང་འབྲིང་དང་ཐ་མ་བསྟན། །དབང་པོ་ཡང་རབ་རོལ་པ་ལ། །སངས་རྒྱས་ཆོས་དང་མྱ་ངན་འདས། །དངོས་པོའི་ཆོས་དང་གནས་ལུགས་ཏེ། །བར་དོ་མེད་པར་རང་གྲོལ་ལོ། །འབྲིང་དང་ཐ་མའི་ཆོས་ཉིད་ནི། །ད་ལྟ་ངོ་སྤྲོད་བར་དོར་སངས་རྒྱས་ཏེ། །རྫོགས་ཆེན་ལམ་པའི་ཆོས་ཉིད་དོ། །སེམས་ཅན་འཁོར་བའི་བློའི་སྣང་ལུགས་ཏེ། །འབྲིང་དང་ཐ་མ་བར་དོར་གྲོལ་ཅེས་འབྱུང་ངོ་། །ཡང་ཏི་དྲང་དོན་དུ་བཤད་པའོ། །བརྡ་འགྱུར་སྒྲ་འགྱུར་དོན་དུ་བསྟན་པའོ། །ཚིག་གསུམ་རྒྱུད་པས་སངས་རྒྱས་ཀྱི་ཆོས་རྒྱུད་པ་བར་མ་ཆོད་པ་རྫོགས།། །།མསྐོལམ། །།ཀུན་བཟང་རྫོགས་པའི་སངས་རྒྱས་ཀྱིས། །ཐིག་ལེ་ཉག་ཅིག་སྐུ་ལ་ཕྱག་འཚལ་ནས། །རྩ་རླུད་ཐིག་ལེའི་རྒྱུད་བཤད་པ། །ཀྱེ་ཐེག་པ་ལྷུན་གྱིས་གྲུབ་པའི་གནས། །སྟོན་པ་ཐིག་ལེ་ཉག་ཅིག་སྐུ། །འཁོར་ནི་རང་སྣང་ཆེན་པོ་ལ། །དུས་གསུམ་དབྱེ་བ་མེད་པའི་དུས། །བསྟན་པ་གཉིས་སྣང་མེད་པར་ཤར། །ཅེས་གསུངས་སོ། །རྩ་རླུད་ཐིག་ལེ་ལེའུ་སྟེ་དང་པོའོ།། །།ཀྱི་གསང་བའི་བདག་པོ་རྡོ་རྗེ་སེམས་དཔའ་ཉོན།རྩ་རླུད་ཐིག་ལེ་བཞིན་གནས་ནི། །ངོ་བོ་ཐ་དང་རང་བཞིན་གཅིག །ཐུགས་རྗེའི་རོལ་པ་རང་ཤར་རོ། ཁྲར་ཚུལ་སྣང་ཚུལ་གཉིས་སུ་བསྟན། །ང་ནི་གཞི་ཡིས་རང་རྩལ་ལས། །འགག་པ་མེད་པའི་རང་བྱུང་དང་། །ཤར་བ་ཡིན་པས་ངེས་པ་མེད། །ཅེས་གསུངས་སོ། །རྩ་རླུད་ཐིག་ལེའི་ལེའུ་སྟེ་གཉིས་པའོ། །རྡོ་རྗེ་སེམས་དཔའ་ཁྱོད་ཉོན་གཅིག །རང་ཤར་ཆེན་པོའི་རྩ་རླུད་ནི། །ཕྱི་རུ་ཤར་བའི་རྩ་ལྔ་དང་། །ནང་དུ་ཤར་བའི་རྩ་ལྔ་དང་གསང་བར་ཤར་བའི་རྩ་ལྔ་དང་། །ཡང་གསང་ཡང་ཏིའི་རྩ་ལྔ་དང་། །གསང་བར་ཆེན་པོའི་རྩ་ལྔའོ། །དེ་ལ་ཕྱི་རུ་ཤར་བའི་རྩ་ལྔ་ནི། །དབྱིངས་ཀྱི་ཐིག་ལེ་ལྔ་ཡིན་ཏེ། །ཐིག་ལེ་ལྔ་ནི་སྟོང་གསལ་དུ། །སྣང་གསལ་ཆེན་པོའི་རྒྱས་གདབ་པོ། །རིག་གསལ་ངང་དུ་ངོ་སྤྲད་པས། །ཐིག་ལེ་ལྔ་ཡང་གཅིག་ཏུ་འབྲེལ། །འབྱུང་བ་ལྔ་ནི་རིག་སྟོང་གསལ། །འབྱུང་བ་ལྔ་ལ་ངོ་སྤྲད་དེ། །ས་དང་ཆུ་དང་མེ་དང་རླུད་། །མཁའ་ཁྱབ་ནམ་མཁའི་ངང་དུ་ནི། །ཚོགས་དྲུག་རོལ་པའི་ངོ་སྤྲད་པས། །འདོད་ཡོན་ལྔ་དང་ཆགས་སྡང་ལྔ། །རང་བྱུང་རང་གྲོལ་རང་ཤར་གསལ། །བདེ་གསལ་ངང་དུ་ངོ་སྤྲད་དོ། །ཅེས་གསུངས་སོ། །རྩ་ལུང་གི་ལེའུ་ལས་ཕྱི་རང་གྲོལ་གྱི་ལེའུ་སྟེ་གསུམ་པའོ།། །།རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །ནང་དུ་་ཤད་པའི་རྩ་ལྔ་ནི། །ཡེ་ཤེས་ཆེན་པོའི་རོལ་པའི་རྩ་ལྔ་སྟེ། །གསལ་བྱེད་ཤེས་རབ་རྒྱས་གདབ་པས། །ནང་གི་རྩ་ལྔ་གཅིག་ཏུ་འཁྱིལ། །ཤེས་རབ་ཆེན་པོ་ཅིག་ཏུ་གསལ། །ཡེ་ཤེས་ལྔ་པོ་གཅིག་ཏུ་གྲོལ། །དབྱིངས་ལྔ་རིག་པའི་ཀློང་དུ་གྲོལ། །རང་གྲོལ་རང་ཤར་ངོ་བོ་ཤེས་པས། །དེ་ནི་རྣལ་འབྱོར་མ་ཡིན་ཞེས་གསུངས་སོ། །རྩ་རླུང་ཐིག་ལེའི་ལེའུ་ལས།ནང་རང་གྲོལ་ལེའུ་སྟེ་བཞི་པའོ།། །།རྡོ་རྗེ་སེམས་དཔའ་ཁྱོད་ཉོན་གཅིག །གསང་བར་ཤར་བའི་རྩ་ལྔ་ནི། །ཐིག་ལེ་ཉག་གཅིག་རོལ་པ་ལྔ། །རང་བྱུང་ཡིན་པར་ངོ་ཤེས་པས། །སྒོམ་སྒྲུབ་མེད་པའི་རང་ཤར་བ། །ད་ལྟར་སྒོམ་སྒྲུབ་བྱེད་པ་ནི། །ང་ཡི་གཞི་ལ་འཆོས་པ་སྟེ། །ཤེས་རབ་ཆུང་བའི་གོལ་ས་ཡིན། །ལྟ་བ་རང་ཤར་ཆེན་པོ་ལ། །སྒོམ་པ་རང་གྲོལ་ཆེན་པོ་ཡིན། །སྒོད་པ་ཚོགས་དྲུག་ལྷུག་པ་ལ། །འབྲས་བུ་ཡུལ་སྣང་མེད་པ་ཡིན། །ཡེ་ཤེས་ཟང་ཐལ་ཆེན་པོ་ལ། །བར་དོ་མེད་པའི་རང་གྲོལ་ཡིན། །ཞེས་གསུངས་སོ། །རྩ་རླུད་གི་ལེའུ་ལས་གསང་བ་རང་གྲོལ་གྱི་ལེའུ་སྟེ་ལྔ་པའོ།། །།བཛྲ་ས་ཏྭ་ཁྱོད་ཉོན་ཅིག །དེ་ཁོ་ན་ཉིད་ཀྱི་རྩ་ལྔ་ནི། །གཉིས་སྣང་མེད་པའི་ཤེས་རབ་ལ། །ཐོགས་པ་མེད་པའི་ཤེས་རབ་ཀྱིས། །འགག་པ་མེད་པའི་རིག་པ་ལ། །རང་རིག་ཡེ་ཤེས་ཟང་ཐལ། །ལྷངས་ཀྱིས་ཤེས་པ་ཤེས་རབ་ཡིན། །ཞེས་གསུངས་སོ། །རྩ་རླུད་ཐིག་ལེའི་ལེའུ་ལས་ཡང་གསང་རང་གྲོལ་གྱི་ལེའུ་སྟེ་དྲུག་པའོ།། །།བཛྲ་ས་ཏྭ་ཁྱོད་ཉོན་ཅིག །རྒྱས་པའི་རྩ་ལ་བསམ་མི་ཁྱབ། །བསྡུ་ན་རྣམ་པ་གཉིས་སུ་འདུས། །ཆོས་རྣམས་ཚིག་གི་རྩ་རྣམས་ནི། །ཡང་དག་དོན་གྱི་རྩ་གཉིས་སོ། །འདི་ནི་ཡང་དག་དོན་གྱི་རྩ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོས་གསུངས་པ་ཡིས། །ཡེ་ཤེས་རྩ་རླུད་གི་རྒྱུད་ཆེན་འདི། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད། །རྡོ་རྗེ་སེམས་དཔའ་སྲོག་གི་ཐིགས་པ། །དགའ་རབ་རྡོ་རྗེའི་སྲོག་གི་འཁོར་ལོ། །སྲོག་གི་ཆན་པ། ཐུགས་ཀྱི་རེག་ཆོད། རིག་པ་སྲོག་གི་འཁོར་ལོ་ཞེས་གསུངས་སོ། །རྩ་རླུད་རྒྱུད་འཇམ་དཔལ་འདུས་པའི་རྒྱུད་ལས།བསྡུས་པ་རྫོགས་སོ།། །།བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡིས། །ལྷུན་གྲུབ་སྐུ་ལ་ཕྱག་འཚལ་ནས། །ཐིག་ལེ་མཐོང་རྟོལ་རྒྱུད་གསུངས་པ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །གནས་ནི་ཐེག་ལེ་མཁའ་ཁྱབ་ཏུ། །འཁོར་ནི་རང་བྱུང་ཡེ་ཤེས་ལ། །དུས་ནི་ཐམས་ཅད་རང་བྱུང་དུས། །བསྟན་པ་གཉིས་མེད་ཐིག་ལེའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འཁོར་གྱི་རྡོ་རྗེ་སེམས་དཔའ་ཁྱོད། །ཐིག་ལེ་མཐོང་རྟོལ་རིག་པའི་འཁོར་ལོ་སྐོར། །ཕུང་མགོ་ཆན་པས་ཐོབ་ལ་སྒོལ། །སྲིད་གསུམ་དབང་དུ་བསྡུས་ལ་སྦྱོར་སྒྲོལ་གྱིས། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། རིག་པ་འགག་པ་མེད་པ་ལ། ཁྲེས་རབ་འགག་པ་མེད་པ་ཡིས། །སྣང་སྲིད་བྱུང་ཐོབ་སྲོག་གི་རྩ་བ་ཆོད། །ཐུགས་ཀྱིཟྭ་ངེག་ཆོད་སྐྲུ་གྲི་ཚོལ། །འཛིན་བྱེད་ཞགས་པ་ཆོད་ལ་ཐོང་། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། ཐིག་ལེ་མཐོང་ནས་རྟོལ་བ་ནི། །ཙིཏིའི་ནང་དུ་རབ་བཏགས་པ། །རིག་པ་སྟོང་པར་གསལ་བ་ནི། །དེ་ནི་ནང་གི་ཐིག་ལེ་ཡིན། །སྣང་པར་སྟོང་བར་ཤེས་པ་ནི། །དེ་ནི་ཐིག་ལེའི་སྤྱི་རྟོལ་ཡིན། །ཉམས་མྱོང་འདྲེས་པའི་བདེ་གསལ་ནི། །ཐིག་ལེ་ཕྱི་ནང་རྟོལ་བ་ཡིན། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། ཐིག་ལེ་ཐོག་མ་མཐོང་ནས་མ་རྟོལ་ན། །རིག་པའི་གནད་དུ་བརྡེག་པར་བྱ། །ཚོགས་དྲུག་རོལ་པ་ཤར་བ་ལ། །རིག་པ་བདེ་བར་རང་ཤར་ལྟོས། །དེ་ནི་ཟིག་ལེ་ཕྱི་རྟོལ་ཡིན། །དཀར་པོ་དུས་སུ་རབ་ཏུ་སྦྱངས། ཁོང་ནས་ཡིད་ཀྱི་འགྱུར་བ་ལ། །འགྱུ་བས་འགྱུ་བའི་དུས་ཚོད་དུ། །བདེ་གསལ་ཉིད་དུ་ལྷང་ངེ་བལྟ། །དེ་ནི་ཐིག་ལེ་ནང་རྟོལ་ཡིན། །གཉིས་སུ་མེདཔའིཡེཤེ།སལ། །རྒྱུདང་རྐྱེན་གྱིས་མ་བསྐྱེད་པས། །རང་ཡན་ཉིད་དུ་ཤེས་པར་གསལ། །དེ་ནི་ཕྱི་རྟོལ་ནང་རྟོལ་ཡིན། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། རིག་པ་ནང་སྤྱིལ་ངས་གསུངས་དང་། །བདེ་སྟོང་ཉིད་དུ་ལྕུར་གྱས་འབྱུང་།