Ngb-pt-0905-vol-10-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 

Revision as of 07:55, 20 March 2020

Front

Body

རྒྱ་གར་སྐད་དུ། ཨ་པི་ཤུ་པྲི་པི་ཤུ་ཙག་ཤུར་ཙ་དྷ་ར་མ་ར་ན་ཏནྟྲ། བོད་སྐད་དུ། བཙན་གྱི་རྒྱལ་པོ་སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད། དྲེགས་པ་འདུལ་བའི་གཉེན་པོ་ཐུགས་རྗེ་སྤྲུལ་པའི་སྐུ་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བྲག་རི་རྒྱུད་ལ་གནས་པའི་དྲེགས་པ་ཅན་རྡོ་རྗེ་བྲག་ཆེན་གཏམས་པའི་ཕོ་བྲང་ན། ཡབ་བཙན་རྗེ་བླ་བ་ཐོད་དཀར་ཞེས་ཀྱང་བྱ། བཙན་གྱི་རྒྱལ་པོ་ཨང་ལིང་གཏེར་ཞེས་ཀྱང་བྱ། གནམ་གྱི་ཨག་སེ་རྒྱལ་བ་ཞེས་བྱ་བ་དང་། ཡུམ་ཀླུ་མོ་ཟངས་མགྲིན་མ་ཞེས་ཀྱང་བྱ། བཙན་གྱི་རྒྱལ་མོ་ཤིབ་མི་སྨྲས་ཞེས་ཀྱང་བྱ། ས་སྲིན་མ་མོ་ཞེས་བྱ་བ་གཉིས། སྲ་བརྟན་བྲག་གི་ཐེམ་ལ་བཤོས་པ་ལས། ཟངས་སྒོ་་་དམར་པོ་གཅིག་བྱུང་། དེ་ལས་མི་རིང་དམར་པོ་མདུང་ཙམ་ཅིག་ཏུ་བྱུང་། དེ་ལ་བྲག་བཙན་དམར་པོ་ཞེས་ཀྱང་བྱ། སྲོག་ཟན་དམར་པོ་ཞེས་ཀྱང་བྱའོ། །དེ་ལས་སྤྲུལ་པའི་བཙན་བཀའི་གྲོགས་ཟླ་བ་བཙན་ཁ་བཞི་བྱུང་བ་ནི། ཤར་ཕྱོགས་དྲི་ཟའི་བཙན། །མི་དཀར་རྟ་དཀར་བརྒྱ། །ལྷོ་ཕྱོགས་གཤིན་རྗེའི་བཙན། །མི་སྔོན་རྟ་སྔོན་བརྒྱ། །ནུབ་ཕྱོགས་ཀླུ་ཡི་བཙན། །མི་དམར་རྟ་དམར་བརྒྱ། །བྱང་ཕྱོགས་གནོད་སྦྱིན་བཙན། །མི་སེར་རྟ་སེར་བརྒྱ། །བཀའ་ཡི་གྲོགས་ཟླ་ཕྱེད། །དེ་ལ་བཙན་ཁ་བཞི་བྱའོ། །དེ་ལས་སྤྲུལ་པའི་བཙན། །བཀའ་ཡི་གྲོགས་ཟླ་བརྒྱ། །མགྱོགས་སྡེ་བརྒྱད་དུ་བྱུང་བ་ནི། །ལྷ་བཙན་བས་དང་རྗེས། །མི་དཀར་རྟ་དཀར་བརྒྱ། །ཀླུ་བཙན་རོལ་པོ་གློག་འགྱུ་ནི། །མི་བཀྲ་རྟ་བཀྲ་བརྒྱ། །གཟའ་ཟན་འཁྲོལ་བ་ནི། །མི་སྨུག་རྟ་སྨུག་བརྒྱ། །སྲིན་བཙན་དགུ་པོ་ཁ། །མི་སྔོན་རྟ་སྔོན་བརྒྱ། །དམུ་བཙན་རོལ་པོ་སྐྱ་བདུན་དང། །གནམ་བཙན་ཐོག་པ་རྗེ། །ས་བཙན་གྲ་ནམ་སྐྱོལ། །དྲི་བ་གཟེར་ཐབས་བརྒྱད། །དེ་ལྟར་སྡེ་བརྒྱད་ཀྱང་། །བཀའ་ཡི་གྲོགས་ཟླ་ཕྱེད། །འབྱུང་བ་གཡོ་འགུལ་བཙན། །ནམ་མཁའ་སྟོང་ལ་དབང་སྒྱུར་བཙན། །མེ་བཙན་དམར་པོ་དང་། །ཆུ་བཙན་སྔོན་པོ་དང་། །ས་བཙན་གྲི་བོ་དང་། །རླུད་བཙན་འཕྱོ་བ་དང་། །གསང་བཙན་གར་པོ་དང་། །བྲག་བཙན་སྨ་བོ་དང་། །སེ་བཙན་སྐྱ་རོལ་དང་། །དུང་བཙན་རྐུན་བུ་དང་། །གཡའ་བཙན་གོས་སྔོན་དང་། །ནགས་བཙན་སྨུན་པ་དང་། །སྤང་བཙན་རྣར་ལ་སོགས། །ལུང་པ་བརྒྱ་ཡི་བཙན། །སུལ་མང་སྟོང་གི་བཙན། །བཀའ་ཡི་གྲོགས་ཟླ་བྱེད། །འཇིག་རྟེན་དབང་བྱས་ནས། །སྐྱེ་འགུལ་མྱལ་ཐག་གཅོད། །སྔ་ཞགས་མདའ་ལྟར་འཕེན། །ཕྱོགས་ཞགས་གློག་ལྟར་འགྱུ། །ཤ་འཕྲེང་ཞགས་པ་ཀླད་ལ་བསྐོར། །གཟེར་ལྟར་ཕུར་ཐབས་འདེབས། །ཁྲག་སྒྱུག་དར་ལྟར་རློབ། །སྲོག་ལ་ཧབ་ཐོབ་བྱེད། །དབུགས་ལ་ཧུར་ཐུམས་བྱེད། །ཚེ་ལ་བར་ཆོད་བྱེད། །སད་དང་སེར་བ་དང་། །བཙན་དང་མུ་གེ་དང་། །དམེ་དང་མཚོན་འཁྲུག་གཏོང་། །ཡམས་ནདགླང་ཐབས་གཏོང་། །འཇིག་རྟེན་རླག་པར་བྱེད། །དེའི་ཚེ་དེའི་དུས་ན། །ཆོས་ཉིད་ཞི་བ་ལས། །ཐུགས་རྗེ་སྤྲུལ་པའི་སྐུ། །དྲེགས་པ་འདུལ་བའི་གཉེན་པོ། །པདྨ་ཧེ་རུ་ཀ། །འབར་བའིཆ་བྱད་ཅན། །ག་་ཁྲོ་རྔམ་པའི་གཟུགས། །མི་བཟད་སྐུར་བསྟན་ནས། །སྤྲུལ་པའི་ཕོ་ཉ་ཡིས། །འཇིག་རྟེན་ལྷག་གིས་བསྐང་། རྔམ་པའི་ང་རོ་ཡིས། །ཧུ༷་དང་ཕཊ་ཀྱི་སྒྲ། འབྲུག་སྟོང་ལྡིར་བར་བསྒྲགས། འཇིག་རྟེན་ཁམས་ཀུན་ཀྱང་། དྲག་ཏུ་གཡོས་པར་འགྱུར། སྲོག་ཟན་དམར་པོ་ཡིས། །བཀའ་ཡི་གྲོགས་ཟླར་བཅས། །བརྒྱལ་ཞིང་རེངས་པར་འགྱུར། །བརྒྱལ་སངས་སྲོག་གི་སྙིང་ཕུལ། །འདི་སྐད་གསོལ་བ་བཏབ། །ཧི་བཀའ་བདག་མི་འཚལ་འབངས་སུ་མཆི། །འབངས་ལ་ནན་ཏན་མ་ཆུང་ཞིག །བདག་ཅག་གྲོགས་དང་བཅས་པ་ལ། །ཟས་སྐོམ་ལས་ཀྱི་སྐལ་བ་གང་། །དཔའ་བོས་བཀའ་སྩལ་བསྒོ་བ་ཉན། །ཅེས་གསོལ་པས། འཇིག་རྟེན་དཔལ་གྱིས་བཀའ་བསྒོ་བ། །ཉོན་ཅིག་འཇིག་རྟེན་དྲེགས་པ་ཅན། །ང་ཡི་འཁོར་དུ་འདུས་ནས་ཀྱང་། །ཟས་སྐོམ་ལས་སྐལ་ལུང་བསྟན་གྱིས། །ང་ཡི་བཀའ་ལས་མ་འདའ་བར། །བསྟན་པ་བསྲུང་བར་ཁས་ལོང་ཞིག །བཀའ་ལས་འདའ་ན་བརླག་པར་འགྱུར། །ཅེས་བཀའ་ལ་བཏགས་ཏེ། །གསང་བའི་མཚན་བཏགས་པ་ནི། །རྡོ་རྗེ་དགྲ་འདུལ་མགྱོགས་བྱེད་རྩལ་དུ་བཏགས་སོ། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཙན་བ་་སྲོག་ཟན་དམར་པོ་བཀའི་གྲོགས་ཟླ་དང་བཅས་པའི་མགྲིན་གཅིག་ཏུ་གསོལ་པ། ཀྱེ་ཀྱེ། དཔའ་བོ་འཇིག་རྟེན་པ་ཡི་སྐུ། །མ་འོངས་ཕྱི་རབས་རྣལ་འབྱོར་པས། །བསྟན་པ་བསྲུང་པའི་དོན་ཆེན་དུ། །ཟས་སྐོམ་ལས་སྐལ་གང་ལགས་པ། །ལུང་བསྟན་རིམ་པས་བསྟན་དུ་གསོལ། །ལུང་བསྟན་བཀའ་སྩལ་གང་གནང་བ། །བདག་ཅག་བཀའ་བཞིན་རྗེས་སུ་འབྲེང་། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། འཁོར་གྱིས་གླེང་བསླངས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་ཧེ་རུ་ཀས །དྲེགས་པ་ཅན་ཚར་བཅད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཕྱི་རབས་ཀྱི་བསྟན་པ་བསྲུང་པའི་ཕྱིར་འདི་བསྒྲུབ་ཅིང་ཉམས་སུ་བླང་པའི་ཐབས། དགོས་འབྲེལ་རྒྱས་པར་བཀའ་སྩལ་པ་ནི། འཇིགས་ཏེ་བཙན་རྒོད་གནས་ས་མྲ དབེན་ཞིང་ཡིད་དུ་འོང་བ་སྲ །གཏོར་ཕུད་གསེར་སྐྱེམས་བཏང་བ་དང་། །སྨན་དང་འབྲུ་དང་མངར་སྣ་ཚོགས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །བྱིན་གྱིས་བརླབས་ཏེ་བསྔོས་བྱས་ལ། །བདེན་པ་བདར་ཞིང་དཔང་ཡང་གཟུགས། །ཁྱད་པར་བཙན་གྱི་རྒྱལ་པོ་ལ། །མཆོད་ཅིང་ལས་ཀྱི་གཉེར་གཏད་བྱ། །མཁའ་ལྡིང་ཟག་བཅས་རྟེན་དུ་གཟུག །འདི་ཞེས་ངེས་པའི་དུས་ཀྱང་བཏབ། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་ལ། །གྲུ་ཆད་སྒོ་བཞི་ལྡན་པར་བྱ། །འཁོར་ལོའི་གཞི་ལ་བཙན་བཞི་དགོད། །བར་ཁྱམས་ལ་ནི་སྡེ་བརྒྱད་དགོད། ཁུ་ཆད་ལུང་པ་བརྒྱ་ཡི་བཙན། །སྒོ་ཁྱུད་སུལ་མངས་སྟོང་གི་བཙན། །སྒོ་བཞིའི་སྒོ་རློན་བཞི་ཡང་དགོད། །རས་སམ་གྲོ་ཤོག་གཟུགས་མིང་དང་། །སྲོག་གི་སྙིང་པོ་བྲིས་ལ་དགོད། །དམིགས་པའི་རྟེན་གྱི་ས་བླངས་ཏེ། །ས་བརྙེན་སྨིན་པ་དང་བསྲེས་ལ། །ཁམ་པའི་ཉ་བོ་ཁྲུ་གང་ལ། །མི་དམར་རྟ་དམར་ཞོན་པ་ལ། །ལག་ཏུ་སེང་གཞུ་སྐྱེར་མདའ་ནི། །ལྟས་ངན་སྒྲོབཞིས་བརྒྱན་པ་སྐུར། །ལྷག་གིས་ཁེངས་པའི་གཟུགས་སུ་བྱ། །གྲོ་ག་ཤོག་བུ་དག་ལ་ཡང་། །ཨ་སྟི་ཤུ་ཆེ་གེ་མོ་ཧེ་ཐུམ་བྱ་བ་བྲི། །ཕོ་ཉའི་གཟུགས་ཀྱི་སྙིང་ཁར་བཞུགས། །དཀྱིལ་འཁོར་དབུས་སུ་དམིགས་པའི་རྟེན ། །འབྲུ་སྣ་ཉི་ཤུ་རྩ་གཅིག་གམ། །བདུན་ནམ་ལྔ་ལ་རིན་ཆེན་བདར། །བྲེ་གང་བཙན་བཤོས་གྲུ་བཞི་ལ། །དབུས་སུ་མདའ་དམར་ཟ་འོག་གཟུགས། །ཟུར་བཞི་བཙན་རྒྱང་དམར་པོ་ཡང་། །ཚེ་དང་ཉུངས་ཀར་སྒང་གཤེགས་གཟུགས། །བཤོས་བུ་ཟླ་གམ་དམར་པོ་ལ། །དབུས་སུ་དར་མདུང་དམར་པོ་གཟུགས། །ཟུར་བཞིར་ཚེ་དང་ཉུངས་ཀར་གཟུགས། ཁྲེལ་སྒོང་ཟབ་སློབ་ཙིསྟ་དང་། མཁའ་ལྡིང་ཟབ་སླག་ཙིཀྟ་གདགས། །གང་ལ་བྱ་བའི་མིང་དང་གཟུགས། །སྔོན་དམར་བྱེད་དུ་བཅུག་ལ་གདགས། །གཞན་ཡང་གསེར་སྐྱེམས་མངོན་ཆ་དང་། །སྤྱན་གཟིགསསྣཚོགསབཞགཔར་བྱ། །བདག་ཉིད་དབང་ཆེན་སྐུར་གསལ་བས། །རྟ་ཡི་ཁྲི་ལ་བཙན་བསྐྱེད་དེ། །འཁོར་ལ་མོས་པ་སྐྱེད་དུ་མེད། །ཆགས་པའི་གནས་ནས་སྤྱན་དྲངས་ལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཙན་གྱི་རྒྱལ། །སྐྱེས་བུ་གྲོགས་པོ་གཤུ་ཡོ་ཁྱོད། །འཁོར་ན་བཙན་འཕྲན་འབུམ་གྱིས་བསྐོར། །རྣལ་འབྱོར་བསྒྲུབ་པའི་དཀྱིལ་འཁོར་འདིར། །འཁོར་བཅས་བདག་གི་གྲོགས་པོ་སྦྱོན། །གྲོགས་པོའི་ཚུལ་དུ་དམ་ལ་སྤྱོན། །འཁོར་དང་བཅས་ཏེ་མ་ལུས་གཤེགས་སུ་གསོལ། །ཨེ་ས་ཨ་ཏྲི་སེམས་དཔའ་ཛ་ཛ། དེ་ནས་དམ་ཆུ་ཟླུད་པ་ནི། །བཙན་གྱི་རྒྱལ་པོ་གྲོགས་པོ་ཁྱོད། །ཁྱོད་ནི་བདག་གི་གྲོགས་པོ་སྟེ། །སྔོན་ཡང་ཁྱོད་དང་ཐུགས་དམ་གཅིག །ད་ལྟ་བདག་དང་དབྱར་དམ་གཅིག །ཐུགས་དང་དབྱར་དམ་བརྩེ་དགོངས་ཏེ། །བདག་གི་གྲོགས་ལ་མ་གཡེལ་ཅིག །རིན་ཆེན་རྒྱན་གྱིས་བརྒྱན་པ་ཡི། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཆང་། །གནོད་སྤྱིན་གསེར་སྐྱེམས་འདི་བཞེས་ལ། །བདག་གི་གྲོགས་ལས་མ་གཡེལ་ཅིག །འདས་ན་དམ་ཚིག་དམྱལ་པའི་ཆུ། །ལུས་ངག་རྡུལ་ཕྲན་བཞིན་སོང་ནས། །མཐུ་དང་རྫུ་འབྲུལ་རླག་པར་འགྱུར། །དེ་བས་དམ་ཚིག་ཚུལ་བཞིན་བསྲུང་། །དམ་ལས་མ་འདའ་ས་མ་ཡ། །ཞེས་བརྗོད་ལ་གསེར་སྐྱེམས་སྦྲེང་ངོ། །དེ་ནས་མཆོད་པ་དབུལ་བ་ནི། །སྣ་ཚོགས་འབྲུ་ཡི་ངར་ཕྱེ་ལ། །རིན་ཆེན་སྣ་ལྔ་བདར་བྱས་ལ། །བྲེ་གང་གསང་ཕྱེ་གྲུ་བཞི་ལ། །ཟ་འོག་མདའ་ཡིས་རྣམ་པར་བརྒྱན། །བྲེ་གང་གསང་ཕྱེ་ཟླ་གམ་ལ། །གླེ་བཟངས་ངར་རམ་མདའ་ཡིས་བརྒྱན། །དེ་བཞིན་ཤ་དང་རིན་ཆེན་ཆང་། །སེ་གླུད་རྒྱན་དང་བཅས་པ་འདི། །དམ་རྫས་མཆོད་པ་འདི་བཞེས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག ་ལ་སྒོང་མཁའ་ལྡིང་སེ་བོ་ཡི། །སྙིང་མཆོད་དམ་པ་འདི་བཞེས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །ཨོ་ཨེ་ས་ཨ་ཏྲི་སེམས་དཔའ་པུ་ཙ་ས་མ་ཡ་ཧུ༷། སྒག་རག་ཤ་ཁ་མུན་ཛ་སྙིང་བཛྲ་ཁ་རག་ཙིསྟ་ཁས་ལ་རག །སྙིང་ཁ་ལ་རག །དུན་པོར་རོལ་ཅིག་ཁ་ཧི། ཞེས་བརྗོད་ལ་བཏབ་པར་བྱ། །དེ་ནས་སྔགས་བརྗོད་པ་བསྙེན་པ་བྱ། །བོད་པ་སྐུ་གསུང་ཐུགས་ཀྱི་སྔགས། །ཨ་བི་ཤུ་རག་ཤ་ཚལ་པ་ཨ་དྲི་ཏྲི་མྱ་ར་ཡ། ཨང་གུ་ཤ་ཛ་ཛ། སྐུའི་སྙིང་པོ་བཅོ་བརྒྱད་པའོ། །ཏྲི་ཤུ་ཨ་པི་ཤུ། ཨ་ཏྲི་ཏྲ་སྨྱུ་ར་ཡ་ཨང་གུ་ཤ་ཛ་ཛ །གསུང་གི་དམོད་མོ་བཅུ་དྲུག་པའོ། །ཙ་ཤུ་ཤུ་ཙི་པི་རི་ཙག་པ་ནི། ཨིན་ཏྲི་མུ་ར་ཡ། ཨང་གུ་ཤ་ཤ་ཛ། ཐུགས་ཀྱི་དམོད་མོ་བཅུ་དགུ་པའོ། །བོད་པའི་སྔགས་སུ་ཤེས་པར་བྱའོ། །གཅིག་ཏུ་དྲིལ་བའི་དམོད་མོ་ནི། ཨ་བི་ཤུ་ཏྲི་བི་ཤུ། ཙག་ཤུ །ཆེ་གེ་མོ་ཞིག །ཧེ་ཐུམ།ཁྲག་ཐུམ། པ༷་ཐུམ་རྦད། བམ་ཐུ༷་རིལ་ཤད། རྦད་པའི་དམོད་མོ་ཉེར་གསུམ་པའོ། །དེ་ནས་འཕྲིན་ལས་བཙལ་བ་ནི། ཀྱེ། བཙན་རྒྱལ་གྲོགས་པོ་གཤུ་པོ་ཁྱོད། །ཀྱེ་ཀྱེ་སྐྱེས་བུ་ཁ་ན་བྱོ་ཆོས། །ཁྱོད་ཀྱི་སྐུ་ནི་སྤྲུལ་པ་ལས། །གླང་ཐབས་དྲག་པོའི་སྤྲུལ་པ་འགྱེད། །དམ་ཉམས་དགྲ་ལ་བྱོ་ཆོས། །ཁྱོད་ཀྱི་གསུང་གི་སྤྲུལ་པ་ལས། །གཟེར་ཐབས་དྲག་པོའི་སྤྲུལ་པ་འགྱེད། །དམ་ཉམས་དགྲ་བོའི་མགོ་ལ་བྱོ་ཆོས། །ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ལས། །མི་ནད་ལང་དགུའི་སྤྲུལ་པ་འགྱེད། །དམ་ཉམས་དགྲ་པོའི་ལུས་ལ་བྱོ་ཆོས། །ཀྱེ་ཀྱེ་སྐྱེས་བུ་ཁ་ན་བྱོ་ཆོས། །ཉི་མ་སྟོང་ཁམས་ཁྱབ་པའི་དཀྱིལ་འཁོར་ནས། །སྐྱེས་བུ་ནད་སྟོང་དགྲ་ལ་བྱོ་ཆོས། །གཟའ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ནས། །ཁྲབ་་ཟེར་ནད་སྟོང་དགྲ་ལ་བྱོ་ཆོས། །སྤྲིན་ཆེན་གཏིབས་པའི་དཀྱིལ་འཁོར་ནས། །ཕོ་ལོ་ནད་སྟོང་དགྲ་ལ་བྱོ་ཆོས། །ས་གཞི་བདལ་བའི་དཀྱིལ་འཁོར་ནས། །སྐྱེས་བུའི་ནདསྟོང་དགྲ་ལ་བྱོ་ཆོས། རི་རབ་གདན་དུ་འདིངས་པའི་དཀྱིལ་འཁོར་ནས། སྐྱེས་བུ་གླང་ཐབས་ནད་སྟོང་དགྲ་ལ་ཡ། །རྒྱ་མཚོ་གདན་དུ་འདིངས་པའི་དཀྱིལ་འཁོར་ནས། །སྐྱེས་བུ་ཡམས་ནད་སྟོང་པ་དགྲ་ལ་ཡ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །མཁྲིས་པ་ཤ་ཡ་སྟོང་པ་དགྲ་ལ་ཡ། །རླུད་ནད་གདན་དུ་འདིངས་པའི་དཀྱིལ་འཁོར་ནས། །སྐྱེས་བུ་གློ་བུར་ནད་སྟོང་དགྲ་ལ་ཡ། །མེ་དཔུང་གདན་དུ་འདིངས་པའི་དཀྱིལ་འཁོར་ནས། །སྐྱེས་བུ་བལ་ནད་སྟོང་པ་དགྲ་ལ་ཡ། །ཁྲག་གཟེར་མེ་བཞིན་མཆེད་པའི་དཀྱིལ་འཁོར་ནས། །དམ་ཉམས་དགྲ་བོའི་མགོ་ལ་དྲིལ། །ཁྲག་གཟེར་ཆུ་ལྟར་འཁྲུག་པའི་དཀྱིལ་འཁོར་ནས། །དམ་ཉམས་དགྲ་བོའི་སྙིང་ལ་དྲིལ། །ཁྲག་གཟེར་རླུད་ལྟར་འ་་པའི་དཀྱིལ་འཁོར་ནས། །དམ་ཉམས་དགྲ་བོའི་དབུགས་ལ་དྲིལ། །ཁྲག་གཟེར་སྤྲིན་ལྟར་འཐིབས་པའི་དཀྱིལ་འཁོར་ནས། །དམ་ཉམས་དགྲ་བོའི་ལུས་ལ་དྲིལ། །དགྲ་བོའི་ལུས་རྒྱུད་ཤ་ལ་བྱོ་ཆོས། །དགྲ་བོའི་ཤ་རྒྱུད་ཁྲག་ལ་བྱོ་ཆོས། །དགྲ་བོའི་ཁྲག་རྒྱུད་རུས་ལ་བྱོ་ཆོས། །དགྲ་བོའི་རུས་རྒྱུད་སྙིང་ལ་བྱོ་ཆོས། བཙན་སྒྱུགས་བཅུ་བཞི་ཙེ་རེ་རེ། །དམ་ཉམས་དགྲ་བོའི་མགོ་ལ་བྱོས་ཆོས། །བཙན་སྒྱུགས་ཕོག་གཅིག་ཙེ་རེ་རེ། །དམ་ཉམས་དགྲ་བོའི་ཀླད་ལ་བྱོ་ཆོས།། བཙན་སྒྱུགས་ཕོག་གཉིས་ཙེ་རེ་རེ། །དམ་ཉམས་དགྲ་བོའི་མིག་ལ་བྱོ་ཆོས། །བཙན་སྒྱུགས་ཕོག་གསུམ་ཙེ་རེ་རེ། །དམ་ཉམས་ངགྲ་བོའི་རྣ་བ་ལ་བྱོ་ཆོས། །བཙན་སྒྱུགས་ཕོག་བཞི་ཙེ་རེ་རེ། །དམ་ཉམས་དགྲ་བོའི་སྣ་ལ་བྱོ་ཆོས། །བཙན་སྒྱུགས་ཕོག་ལྔ་ཙེ་རེ་རེ། །དམ་ཉམས་དགྲ་བོའི་ལྕེ་ལ་བྱོ་ཆོས། །བཙན་སྒྱུགས་ཕོག་དྲུག་ཙེ་རེ་རེ། །དམ་ཉམས་དགྲ་བའི་ལུས་ལ་བྱོ་ཆོས། །བཙན་སྒྱུགས་ཕོག་བདུན་ཙེ་རེ་རེ། དམ་ཉམས་དགྲ་བོའི་ཡིད་ལ་བྱོ་ཆོས། །བཙན་སྒྱུགས་ཕོག་བརྒྱད་ཙེ་རེ་རེ། །དམ་ཉམས་དགྲ་བོའི་སེམས་ལ་བྱོ་ཆོས། །བཙུན་སྒྱུགས་ཕོག་དགུ་ཙེ་རེ་རེ། །དམ་ཉམས་དགྲ་བོའི་ལག་པ་ལ་བྱོ་ཆོས། །བཙན་སྒྱུགས་ཕོག་བཅུ་ཙེ་རེ་རེ། །དམ་ཉམས་དགྲ་བོའི་ཤ་ལ་བྱོ་ཆོས། །བཙན་སྒྱུགས་བཅུ་གཅིག་ཙེ་རེ་རེ། །དམ་ཉམས་དགྲ་བོའི་ཁྲག་ལ་བྱོ་ཆོས། །བཙན་སྒྱུགས་བཅུ་གཉིས་ཙེ་རེ་རེ། །དམ་ཉམས་དགྲ་བོའི་རུས་ལ་བྱོ་ཆོས། །བཙན་སྒྱུགས་བཅུ་གསུམ་ཙེ་རེ་རེ། །དམ་ཉམས་དགྲ་བོའི་དབུགས་ལ་བྱོ་ཆོས། །བཙན་སྒྱུགས་བཅུ་བཞི་ཙེ་རེ་རེ། །དམ་ཉམས་དགྲ་པོའི་བླ་ལ་ཡ། །བཙན་རྒྱལ་གྲོགས་པོ་གཤུ་བོ་ཁྱོད། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །བདག་གི་སྟོང་དང་གྲོགས་ལ་སྤྱོན། །ཁྱོད་ནི་བཙན་གྱི་རྒྱལ་པོ་ཡིན། །ཁྱོད་ནི་བཙན་བདུད་ཕོ་ལྷ་ཡིན། །འཁོར་ནི་བཙན་ཕྲན་སྟོང་གིས་བསྐོར། །གོང་གསུམ་འགྲིམ་ཞིང་གཡབ་མོས་འདེབས། །སྒྱུགས་པའི་གླུ་ལེན་ཀྱུ་རུ་སྲ །སྐྱེས་པ་དར་གྱི་བདུད་གཅོད་དོ། །ན་ཆུང་གཞོན་པའི་མངལ་ཉུལ་ལོ། །འགྲན་གྱི་ཟླ་མེད་ཆེ་བའོ། །ཆིབས་སུ་བཙན་རྟ་སེར་པོ་ཆིབས། །སྟག་རལ་གཡས་ལ་གཟིག་ཤུགས་གཡོན། །སྐུ་སྟོད་ཟ་འོག་འཇོལ་བེར་གསོལ། །སྐུ་སྨད་བམ་ཏི་ཤམ་ཐབས་ཅན། །ཀུན་ཀྱང་དེ་འདྲ་དཔའ་མཚན་ཅན། །སྔ་ཞགས་དགྲ་ལ་མདའ་ལྟར་འཕེན། །ཕྱི་ཞགས་དགྲ་ལ་གྲུ་ལྟར་སྐྱོང་། །དམ་ཉམས་དགྲ་བོའི་སྲོག་གཅོད་པོ། །ལེགས་ཉེས་ཀུན་གྱི་ལྟང་འཛིན་པའོ། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །དབྱིད་ཀྱི་དུས་ལ་བབ་པའི་ཚེ། །རོལ་པོ་ཁ་ནག་སྲོག་གཅོད་པོ། །དབྱར་གྱི་དུས་ལ་བབ་པའིཚེ། །རྩིཏིགསྣརགྱིསྲོགགཅོད་པོ། །སྟོན་གྱི་དུས་ལ་བབ་པའི་ཚེ། །སྤང་པོ་ཁ་སེར་སྲོག་གཅོད་པོ། །དགུན་གྱི་དུས་ལ་བབ་པའི་ཚེ། །འཁྱག་རུམ་སལ་སིལ་སྲོག་གཅོད་པོ། །སྐྱེ་འགྲོ་ཡོངས་ཀྱི་བདུད་གཅོད་པོ། །དམ་ཉམས་སྡིག་ཅན་ལས་ངན་འདི། །དང་པོ་བྱུང་ཡང་འབྱུང་བ་ལྔ་ལས་བྱུང་། །བར་དུ་ཆེ་ཡང་འབྱུང་བ་ལྔ་ཡི་གཉེན་པོར་ཆེ། །ཐ་མར་ཐིམ་ཡང་འབྱུང་བ་ལྔ་ཡི་ནང་དུ་ཐིམ། །འབྱུང་བ་ལྔ་ཡི་རྒྱུད་ལས་ཐིམ་པ་ལྟར། །དམ་ཉམས་སྡང་པའི་དགྲ་བོ་འདི། །འབྱུང་བ་ལྔ་ལ་དབང་སྒྱུར་བའི། །བཙན་གྱི་རྒྱལ་པོ་གྲོགས་པོ་ཡིས། །འབྱུང་བ་ལྔ་ཡི་ནང་དུ་ཐིམ་པ་ར་མཛོད། །ཅེས་བསྐུལ་ཞིང་བླ་དགུག་གཟུགས་ལ་བསྟིམ། །ཕུར་བུས་གདབ་ཅིང་གསང་སྔགས་བཟླས། །རྒྱུ་བྲེ་ཐུམ་རིལ། སྟམ་པ་ཀ་སོ་སེག་སྟེ། ཙ་ལོ་ཀྱི་བ་ག་མེ། ཀི་ལི་ཀི་ལ་ཡ་ཧྭ༷་ཕཊ། དེ་ནས་གཟུགས་ཀྱི་ཡན་ལག་དབྲལ། །ས་བདག་གཉན་པོ་གནས་པར་གནན། །གཟུགས་གཅིག་ཁམ་པའི་ཉ་པོ་དང་། །རྫས་ཀུན་ཁྱེར་ནས་བཙན་གནས་སར། །བསེ་གདོང་དམར་པོ་གྲུ་གསུམ་དུ། །ཁ་པའི་ཉ་པོ་དོང་དུ་གསལ། །དགྲ་ཕྱོགས་ཁ་བསྟན་ཟུར་གཅིག་ལ། །དགྲ་གཟུགས་བཞག་ལ་མེད་རྩེ་གཏད། །ཟུར་གཉིས་དག་ལ་བཤོས་པུ་རེ། །མངོན་ཆ་སྤྱན་གཟིགས་རྫས་ཀུན་བཞག །དུར་ཁྲོད་གཡམ་པས་ཁ་བཅད་ལ། །ལྷ་སྲིན་སྡེ་བརྒྱད་ཀུན་ལ་གཏད། །དམ་བདར་དཔང་གཟུགས་གཏད་ཁྲམ་བྱ། །ཁྱད་པར་གནས་ཀྱི་བདག་པོ་ལ། །དམ་ཉམས་དགྲ་བོ་འདི་གཏད་ཀྱིས། །ཞག་དང་ཟླ་བ་འདི་ཙམ་ན། །དགྲ་ལ་རྟགས་ཕྱིན་གཏང་རག་ཁས་བླངས་བྱ །དགྲ་ལ་ཕྱི་རྟགས་མ་བྱུང་བར། །ཟླ་བ་ཉ་རེ་དེར་ཕྱིན་ལ། །གསེར་སྐྱེམས་མངོན་ཆས་གནས་བདག་མཆོད། །རྟགས་ཕྱིན་གཏང་རག་དུས་སུ་བཏང་། །རྒྱུན་གྱི་ཡི་དམ་རྩེ་གཅིག་ཏུ། །གོང་གི་སྙིང་སྣ་ཁྲག་སྣ་དང་། །ཆང་ཕུད་རིན་ཆེན་བདར་ཞིང་མཆོད། ཁྲ་རེག་རོག་པོ་ལྟ་བུ་ལ། །སྙིང་རེག་འབངས་སུ་ཐ་ཚིགས་བབས། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། སྤྱི་གཅིག་ཏུ་དྲིལ་བའི་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྲག་བཙན་བསྒྲུབ་བྱ་བ། །གནས་ཀྱི་དཀྱིལ་འཁོར་བྱང་ཤར་དུ། །སྟེགས་བུ་གྲུ་གསུམ་དམར་པོར་བྱ། །དེ་ཡི་སྟེང་དུ་རྒྱ་ཕོར་རམ། །ཟངས་གཞོང་གླ་གོར་གཙང་མ་མྲ །བཙན་བཤོས་གྲུ་གསུམ་ཆ་གང་ལ། །སེ་མདའ་སྟོང་དམར་འུག་ཕོད་བརྒྱན། །པགས་བུ་དམར་གྲོ་སེ་ལུ་དང་། །ལེ་བརྒན་དར་གྱིར་བརྒྱན་པ་གཟུགས། །གང་ལ་བྱ་བའི་མིང་དང་རུས། །གྲོ་ཤོག་ལ་བྲིས་མདའ་ལ་གདགས། །འུག་པའི་སྒྲོ་ཡིས་བརྒྱན་པའི་མདའ། །སེ་བ་དྲུག་ཅིག་བཅིངས་ལ་བསྟན། །ཁམ་ཀྱོང་དམར་པོ་ཟུར་གསུམ་དུ། །སྤང་མ་ཚེ་དང་ཉུངས་ཀར་བླུགས། །དེ་ཡང་སྟེགས་བུའི་སྟེང་དུ་གཞག །ར་དམར་ཁམ་པ་རྟེན་དུ་གཟུགས། །ཞག་དང་ཟླ་དུས་འདི་བཞེས་ལ། །རྟགས་ཕྱིན་གཏང་རག་ཁས་བླངས་བྱ། །གསང་མཚན་བོད་ཅིང་དམོད་ཀྱང་གཟུགས། །རིན་ཆེན་ཕུད་དགོད་གཙང་མ་གཏོར། །ནུབ་མོ་ལྟ་བའི་རྒྱལ་མཚན་ཅིག །མདུང་རྩེ་སྲིན་མོ་རྐང་ལ་གདགས། །བསྒྲུབ་དུས་ར་གསུམ་རྒྱུན་དུ་གཏང་། །ནས་སྨུག་ཉི་ཤུ་རྩ་བརྒྱད་དང་། །ར་སྙིག་ཕྱེ་མ་ཚེ་ཉུངས་ལ། །སྔགས་བཟླས་དགྲ་ཕྱོགས་ཁ་བསྟན་གཏོར། །སྲོད་དང་ཐོ་རངས་ཉི་མའི་ཟེར་ལ་བཟླས། །ཨ་པི་ཤུ་ས་མ་ཡ་ཏྲི་ཤམ་རྦད་སྨྱོ། ཡང་སྙིང་འབྲུ་བཅུ་རྒྱུན་དུ་དྲང་། །ཟོར་གྱི་ཁམ་སྐྱོགས་དགྲ་ཕྱོགས་འཕང་། །དེ་ནས་བྲག་བཙན་སྲོག་བདག་བསྐུལ། །བཞེངས་ཤིག་སྲ་བརྟན་བྲག་གི་མངའ་བདག་པོ། །ཡབ་ནི་གནམ་གྱི་ཨ་སེ་རྒྱལ་བ་ལགས། །ཡུམ་ནི་ས་ཡི་ཀླུ་སྲིན་དམར་མོ་ལགས། །བཤོས་ནི་སྲ་བརྟན་བྲག་གི་ཐེམས་ལ་བཤོས། །ཟངས་སྒོང་དམར་པོ་གཅིག་ཏུ་སྲིད། །ཟངས་སྒོང་བརྟོལ་པའི་ནང་ཤེད་ནས། །མི་རེངས་དམར་པོ་མདུང་ཙམ་གཅིག་ཏུ་བྱུང་། །དབུ་སྐྲ་བསྐལ་པའི་མེ་དཔུང་འབར། །སྨིན་མ་ལྕགས་ཀྱུ་འཁྱིལ་བ་འདྲ། །སྤྱན་རྩ་དམར་པོ་དམ་ཉམས་དགྲ་ལ་བཟློག །སྐུ་ལ་ལེ་བརྒན་དམར་པོའི་འཇོལ་བེར་གསོལ། །གཡས་ཀྱི་ཕྱག་ན་བཙན་གྱི་རྒྱུ་ཞགས་དམར་པོ་དགྲ་ལ་འདེབས། །ཕྱག་མ་གཡོན་པ་བྲག་ཆ་འུག་པ་ཐོགས་ནས་དགྲ་ལ་ལྟས་ངན་སྣ་ཚོགས་འབེབས། །ཞབས་ལ་ལྕགས་ལྷམ་ཡུ་ཐུང་གསོལ། །སྦྲུལ་ནག་སྟོང་གི་ཆུན་འཁོར་ཅན། །སྦྲུལ་དམར་གཞིབས་པའི་སྐུ་རེགས་ཅན། །སྐར་ཆེན་མང་པོའི་ཚར་ཙར་ཅན། །བཞུགས་ནི་བྲག་ཕུག་སྐམ་དང་ནང་ན་བཞུགས། །ནམ་གྱི་གུང་ལ་རྒྱུ་ཙམ་ན། །བྲག་གི་ཝ་མི་ཁ་ནང་བཅིབས། །ཉི་མའི་ཟེར་ལ་རྒུ་ཙམ་ན། །བྲག་ཤ་གླ་བ་ཆིབས་སུ་ཆིབས། །ཉི་མའི་གུང་ལ་རྒྱུ་ཙམ་ན། །གྲ་ནག་རྟིང་དཀར་ཆིབས་སུ་ཆིབས། །རྣལ་འབྱོར་བདག་གིས་བསྐུལ་པའི་ཚེ། །ཕ་བས་བྱམས་ཤིང་ཁུ་བས་གདུང་ཞིང་གཤེགས །མདའ་བས་བདེ་ལ་མདུང་བས་རྣོ་སྟེ་གཤེགས། །ཁྱོད་ཀྱི་མཚན་གྱི་སྣ་འདྲེན་པ། །སྲིན་བྱའི་བུ་མོ་འཕྲིན་ངན་སྐྱེལ། །དགྲ་ལ་ལྟས་ངན་སྣ་ཚོགས་འབེབས། །ཉིན་གྱི་དེ་ནི་སྣ་འདྲེན་པ། །དམུ་ལུང་ཚུབ་མས་སྣ་ཡང་འདྲེན། །དཔྱིད་ཟླ་གསུམ་ལ་སྣ་འདྲེན་པ། །སྐར་མ་གཟིགས་མས་སྣ་ཡང་འདྲེན། །དབྱར་ཟླ་གསུམ་ལ་སྣ་འདྲེན་པ། །འབྲུག་དང་གློག་གི་སྣ་ཡང་འདྲེན། །སྟོན་ཟླ་གསུམ་ལ་སྣ་འདྲེན་པ། །སེར་བ་ཁུ་འཕངས་སྣ་ཡང་འདྲེན། །དགུན་ཟླ་གསུམ་ལ་སྣ་འདྲེན་ལ། །ཁ་བ་བུ་ཡུག་སྣ་ཡང་འདྲེན། །ཁྱོད་ནི་རྣལ་འབྱོར་གྲོགས་པོ་སྟེ། ཁྲ་རག་ནི་མཐུ་ཆེན་ཁྱོད། །ཐ་ཚིགས་བགོས་ཤིང་དམ་ཚིག་བསྲེ་བའི་མདོ། །དགྲ་བོ་གསད་པར་ཁས་བླང་བ། །ཁྱོད་ཀྱང་དམ་ལས་མ་འདའ་ཞིག །ང་ཡང་དམ་ལས་མི་འདའ་ཡིས། །བདག་གིས་གསང་བའི་མཚན་བཏགས་པ། །རྡོ་རྗེ་མགྱོགས་ཕྱེད་དགྲ་འདུལ་བཙན། །གྲོགས་པོ་བདག་གིས་བསྔགས་པའི་ཚེ། །དམ་ཉམས་དགྲ་ལ་བདུད་དུ་ཕོབ། །བཙན་གྱི་ཤོད་མས་ད་ཐོབ་ཅིག །དགྲ་ལ་བཙན་གྱི་སེ་ལོང་གིས། །དགྲ་ལ་ཐ་རམ་བརྒྱ་ཡིས་ཐོབ། དགྲ་ལ་དམོད་མོ་སྔགས་ཀྱིས་གཟེར། །དགྲ་བོའི་སྙིང་རུམ་སྔགས་ཀྱིས་ཁོང་། །དམ་ཉམས་སྡང་པའི་དགྲ་འདི་ལ། །བམ་ལོག་ཏུ་ནི་རྟགས་ཕྱུང་ཞིག །མངགས་པའི་ལས་ལ་གོང་མ་གཡེལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །གོང་གི་བཙན་བཤོས་དམར་པོ་ལ། །ཕུད་སྦྲེང་སྐོར་བཟློག་སྔགས་བཟླས་ཏེ། །ཨོ་སྐོར་སོད། ཆུ་ཟློག་དྲིལ་ནོན། ཡམས་ཡམས། སྦྲུགས་སྡོབས། ཉམས་ཉོམས།དུན་དུན། བཙན་དགྲ་བོ་ཐུམ་རི་ལི་ལི། དགྲ་བོའི་སྲོག་རྩ་ཆོད། དབུགས་ལ་ཡ། སྙིང་ལ་ཐུན། རཀྟ་རཀྟ། སྙིང་རྩ་ལ་ཤོགས་ཞེས་པ་བཙན་གྱི་བསྐོར་ལོག་སྔགས། །དགྲ་ཕྱོགས་ཁ་བསྟན་དྲག་ཏུ་བཟླས། །བཙན་བཤོས་རྩེ་གཅད་ཕུད་དུ་དབུལ། །མིང་བྱང་མདའ་ལ་བཏགས་པ་དེ། །བཤོས་བུའི་ཞབས་ཀྱི་ནང་དུ་རྩལ། །བཙན་གནས་བྲག་སྲད་དགེད་སྒོར་གནན། །བྲག་བདག་དེ་ལ་གཏད་གཉེར་བྱ། །ཞག་དང་ཟླ་བ་འདི་ཞེས་པ། །གཏང་རག་གཏང་བར་ཁས་བླངས་བྱ། །ཞག་གསུམ་བར་དུ་བསྒྲུབ་པར་བྱ། །སྲོག་གི་སྙིང་པོ་རྒྱུན་མི་གཅད། །གནད་ནས་བསྐུལ་ཞིང་ཕུད་ཀྱིས་མཆོད། །རག་ཤ་བན་དྷ་གསེར་སྐྱེམས་བཏང་། །འདི་ལ་ཐེ་ཚོམ་ཡིད་གཉིས་སྤང་། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། བྲག་བཙན་དམར་པོ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཙན་བདུད་བསྒྲུབ་བྱ་བ། །བཙན་བདུད་གནས་པའི་རྟེན་སནས། །ས་བླངས་ཁམ་པ་སྨིན་དང་སྦྱར། །བདག་པོ་དེ་གཟུགས་ཁྲུ་གང་བ། །མི་དམར་རྟ་དམར་ཞོན་པ་ལ། །སེ་བའི་གཞུ་ལ་སྔོན་དམར་རྒྱུད། །སྐྱེར་པའི་མདའ་ལ་ལྟས་ངན་སྒྲོ། །སྲིན་བྱ་འུག་པ་པུ་ཤུད་དང་། །སྲེག་པ་དང་བཞིའི་སྒྲོ་ཡིས་བསྐྱོན། མདའ་གང་མདེ་རྩེ་དགྲ་ཕྱོགས་བསྟན། །སྙིང་ཁར་ཐོད་ཚལ་དུམ་བུ་ལ། །ཨ་པི་ཤུ་ཆེ་གེ་མོ་ཞིབ་ཧེ་ཐུམ་ཞེས་པ་བྲི། །སྟོང་དུ་བཟླས་པ་སྙིང་ཁར་གཞུག །མགོ་ལ་བྲག་ནག་ཚེ་ཡང་གཟུགས། །སེ་གདོང་གྲུ་གསུམ་ཁྲུ་གང་ནང་། །རྡོ་ལེབ་ཁ་གཅད་སས་བདལ་ལ། །དེ་སྟེངས་དར་ཟིན་རི་རབ་གཟུགས། །ཟུར་གཅིག་བཙན་བརྒྱང་དམར་པོ་གཟུགས། །ཟུར་གསུམ་ཉུངས་ཀར་གང་བུ་རེ། །བསེ་དོང་དམར་པོའི་ནང་དུ་བཞག །ཡོད་ངེས་བདག་པ་གནས་པའི་སར། །འཕན་དང་གསེར་སྐྱེམས་མ་ཉམས་པ། །རིན་ཆེན་སྨན་དང་འབྲུ་སྣ་ཚོགས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ། །བཙན་གྱི་རྒྱལ་པོ་གྲོགས་པོ་ཁྱོད། །གྲོགས་པོ་བྱ་བར་དམ་བཅས་སོ། །ཁྱོད་ཀྱང་དམ་ལས་མ་འདའ་ཞིག །བདག་ཀྱང་དམ་ལས་མི་འདའ་འོ། །དམ་ལས་ལོག་ན་ན་ར་སྐན། །ཁྱོད་ལ་གསང་བའི་མཚན་བཏགས་པ། །རྡོ་རྗེ་འབར་བ་དགྲ་འདུལ་རྩལ། །འཕན་དང་གསེར་སྐྱེམས་འདི་བཞེས་ལ། །ཆེ་གེ་མོ་དའི་ཆིབས་ཀྱི་ཟུངས་དམར་བཞེས། །ཆེ་གེ་མོ་འདི་ལ་བཙན་བདུད་ཕོབ། །ཆེ་གེ་སྙིང་རུམ་ཁྲག་གིས་ཁོང་། །གློ་བུར་བམ་ལོག་འདི་ལ་ནི། །བམ་ལོག་ཏུ་ནི་རྟགས་ཕྱུང་ཞིག །ཆེད་ཙམ་ཆེད་ཙམ་ནི། །བཙན་གྱི་རྒྱལ་པོ་གྲོགས་པོ་ཁྱོད། །སྐུ་ལ་ཅི་གསོལ་ན། །ན་བཟའ་དར་བེར་ནག་པོ་གསོལ། །ཐོད་པེར་ནག་པོ་བཅིངས། །ཆིབས་སུ་ཅི་ཆིབས་ན། །གྲ་ནག་རྟིང་དཀར་ཆིབས། །སྟག་རལ་གཡས་ན་བཀྲ། །གཟིག་ཤུགས་གཡོན་ན་འཁྱུག །དགྲ་ལ་མངགས་པའི་ཚེ། །གཟིགས་ཤུགས་གཡོན་རོལ་ནས། །མཆོག་དཀར་གྲ་འགུགས་ལ། །སྟག་རལ་གཡས་གོང་ནས། །ལུང་མ་སྟོང་སྦྱར་ཏེ། །དགྲ་བོའི་སྙིང་ལ་གཟེར། །བསེ་དོང་ནག་པོ་སྲ །ཐ་རམ་རྒྱ་ཡིས་ཐོབ། །དམོད་མོ་སྔགས་ཀྱིས་གཟེར། །སྙིང་རུམ་ཁྲག་གིས་ཁོང་། །བམ་ལོག་རྟགས་བྱུང་ཞིག །ཆེད་ཙམ་ཆེན་ཙམ་ན། །བཙན་གྱི་རྒྱལ་པོ་གྲོགས་པོ་ཁྱོད། །སྐུ་ལ་ཅི་གསོལ་ན། །ན་བཟའ་དར་བེར་སེར་པོ་གསོལ། །དབུ་ལ་གསེར་གྱི་མཛུབ་ཐོད་བཅིངས། །སྟག་རལ་གཡས་ན་བཀྲ། །གཟིགས་ཤུགས་གཡོན་ན་འཁྱུག །ཆིབས་སུ་ངང་བུ་སེར་པོ་ཆིབས། །བཀའ་ཡི་གྲོགས་ཟླ་ནི། །མི་སེར་རྟ་སེར་བརྒྱ། །དགྲ་ལ་མངགས་པའི་ཚེ། །གཟིག་ཤུགས་གཡོན་རོལ་ནས། །མཆོག་དཀར་ར་ཁུག་ལ། །སྟག་རལ་གཡས་གོང་ནས། །ལུང་མ་སྟོང་སྦྱར་ལ། །ལྕགས་དོང་སྐྱ་བོ་སྲ །ཐ་རམ་རྒྱ་ཡིས་ཐོབ། །དམོད་མོ་སྔགས་ཀྱིས་གཟེར། །དགྲ་བོའི་སྙིང་རུམ་ཁྲག་གིས་ཁོང་། །བམ་ལོག་རྟགས་ཕྱུང་ཞིག །བཙན་བདུད་འདྲིལ་སྔགས་འདི། །དྲག་ཏུ་བཟླས་ལ་གདབ། །ཨོ་ཀྲི་ལིང་ཤང་ཀ་དུ། ཏྲ་ཏ་ཧ་མུ་ཀེ་ན་ཟེར། སྙིང་ཁྲག་སྲོག་གཅོད། དབུགས་ལོང་། པྲ་ཧ་ཏ་ཡ། དུ་ལ་རྦད། སྲོག་པ་རྩ་ལ་རྦད། སྙིང་རྩ་ལ་སྨུགས། གློ་རྩ་ལ་ཐིབས་སོད། དམར་པོ་སིག་ཤི་བཛྲ་པྲ་མ་ཡ་ཐུན་སྦྱོ། ཙ་ན་ཤ་ཤ །ཧྲིང་ཧྲིང་ས་མ་ཡ་དགྲ་བོ་དྲི་མ་ར་ཡ་སོད་སོད། ཆུ༷་ཐུ༷་རི་སྦྱོ། ཁུ་རུག་ཤུ། གཟེར་ནུད་ཁྲག་ཏུ་སྒྱུགས། དམ་ཉམས་དགྲ་ལ་ཐུན་སྨྱོ། སྙིང་ལ་རག་ཤ། སྦོས་ནད་གླང་ཐབས་དམ་ཉམས་དགྲ་ལ་ཐུན་སྨྱོ། ཀླད་པའི་རྒྱས་སུ་ཐུན་སྨྱོ། དབང་པོ་ལྔ་ལ་ཐུན་སྨྱོ། ལུས་ཀྱི་ཚིགས་ལ་ཐུན་སྨྱོ། རྐང་པའི་མཐིལ་དུ་ཐུན་སྨྱོ། དབྲིགས་པྲིགས་རྒྱུ་སྲོག་ལ་ཐུན་རྦད། མྱགས་མྱགས། མྱོགས་མྱོགས། ཤ་རྒྱུད་སྙིང་ལ་ཐུན་སྨྱོ། མྱོགས་མྱོགས་གུག་ཆར་ལང་། ཐུ༷་ཤུ་ཐུབས་ཐུབས། དབུགས་ཐུ༷། ཐུམ་ཤི་པྲ་མནར་ཡ་དམ་ཉམས་འགྲ་བོ་བཙན་ནད་ཁྲག་ཏུ་སྒྱུགས་ཐུན་སྨྱོ། ཞེས་པ་དྲག་ཏུ་བཟླས། །དམོད་མོ་སྔགས་ཀྱི་གཟེར། །སྙིང་རིམ་ཁྲག་གིས་དགང་། །ཐར་མ་རྒྱ་ཡིས་གདབ། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། བཙན་བདུད་དུ་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།ལྕམ་དྲལ་མིང་སྲིང་བྱང་སྡེབས་ལ། །དགྲ་བོའི་སྙིང་དུ་གཞུག་པ་དང་། །ནང་ཞབྲུགས་སྨེ་ཡི་ལས་ཐབས་བྱ། །དམ་རྫས་ར་དམར་ཤ་དང་ཁྲག །བསེ་སྣོད་དམ་གཞོང་དམར་པོར་བཤམས། །ཟོར་ལ་ཚེ་དང་ཉུངས་ནག་དང་། །སྦང་མ་ཟངས་ནང་དུ་བཤམ། །ར་དམར་བསྒྲལ་པའི་རྒྱལ་མཚན་ལ། །གཡས་པའི་རྭ་ལ་མིང་བྱང་གདགས། །གཡོན་པའི་རྭ་ལ་མིང་བྱང་གདགས། །ཕོ་ལྷ་ཡུལ་ལྷ་གྲོ་ག་ལ། །བྲིས་ལ་བརྡ་ངས་ཞབས་མས་དྲིལ། །གུ་གུལ་ཁྱི་ལུད་དུག་སྣས་བདུག །དགྲ་བོའི་མིང་རུས་གཟུགས་དང་བཅས། །ར་ཙའི་ཁ་གདངས་ནང་དུ་གཞུག །ཞག་གསུམ་བསྒྲུབ་པ་གཞུད་བཞིན་བྱ། །འབྲུ་སྣ་ལྔ་ཡི་གཏོར་མ་ལ། །བ་དམར་དམར་འདུ་སྟི་ལ། །ཀླུ་སྨན་རུ་སྦལ་ཁོག་པར་བཤམ། །ཕྱི་རོལ་གང་ལ་བྱ་བ་བྲི། གོང་གི་དམར་གཏོར་གཞིབས་ལ་གཞག །ཟོར་ལ་སྔགས་བཟླས་གཏོར་ཐུན་དབབ། །ནང་འཁྲུག་མེ་ཡི་ཐུན་སྔགས་ལ། །ཨ་པི་ཤུ་ས་མ་ཡ་ཏྲི་ཤམ་ཆེ་གེ་མོ་ལ་རྦད་སྨྱོ། སྙིང་ལ་སྨྱོ། ཨ་པི་ཤུ་ཆེ་གོ་མོའི་སྙིང་དཀྲུགས། ཨ་པི་ཤུ་དུམ་བུ་དུམ་བུ་དགྲ་བོའི་ཕན་ཚན་དུ་མ་སྟོང་དུ་ཐོང་ཞིག ཤུ་ཤུ་ས་མ་ཡ་ཏྲི་ཤམ་ཤིག་ཤིག །དགྲ་བོའི་ཕ་ཚན་ཤིག་ཤིག ཁུ་ཤུ་རསྣ་ས་མ་ཡ། དུན་དུན་ཐུམ་རིལ་རིལ། དགྲ་བོའི་སྙིང་ལ་ཤོག །སྙིང་ལ་ཞུགས །ཕ་བསད་དམེ་གྱིས། མཚོན་ནང་བསྣོལ། ལྷ་ཞག་ཕྱིར་ཕོ། ཕ་དང་མེས་པོར་ཕྲོལ། སྤུན་ནང་ཕྲོལ། བུ་དང་ཚ་བོར་ཕྲོལ། ཡུལམཁར་གཏན་ནས་སྤོས། ཕོའི་ཐུན་སྔགས་ཉིན་མོ་དབབ། མོའི་ཐུན་སྔགས་མཚན་མོ་བཟླས། ཙི་པི་ཤུ་ས་མ་ཡ། ཏྲི་ཤམ་རྦད་སྨྱོ། མན་ཆད་གོང་དང་མཐུན་པར་བཟླས། །གོང་གི་གཏོར་མ་དམར་པོ་ཆེད། །དངོས་སམ་ཕྱོགས་སུ་འཕང་བར་བྱ། །ཕྱེད་དང་དཀར་གྱི་གཏོར་མ་གཉིས། །བྲག་བཙན་གང་ན་ཡོད་པ་ན། །ནཱ་ག་གདུག་པ་ཡོད་པར་ངེས། །ཀླུ་བཙན་དྲག་པོ་ཡོད་པའི་སར། །མདའ་གང་གྲུ་བཞིའི་དོང་བྲུས་ལ། །གོང་གི་རྫས་ངན་མིང་བྱང་རྣམས། །གཡས་ཀྱི་ཕྱོགས་སུ་གཞག་པར་བྱའོ། །ཕོ་ལྷ་ཡུལ་ལྷ་འོག་ཏུ་གཞུག །འཇག་མའི་མི་ལ་བཙག་གིས་བྱུག །དེ་ཡི་ལག་པ་གཡས་པ་ན། །རྒྱུ་ཞགས་དགྲ་ལ་འདེབས་པར་བྱ། །དེ་ཡི་གཡོན་དུ་བག་ཕྱེ་ལ། །བུད་མེད་ན་ཆུང་གཞོན་ནུའི་གཟུགས། །དར་དཀར་གོས་སུ་གོན་པ་ལ། །སྦྲུལ་གྱིས་བརྒྱན་པ་གཞག་པར་བྱ། །དེ་པར་གོང་གི་གཏོར་མ་ལ། །ཐུན་སྔགས་མང་དུ་བཟླས་ལ་གསལ། །དེ་ཡི་ཁ་ཆོད་ཤིང་ལེབ་ལ། །ནང་གི་ངོས་ལ་ཚིག་འདི་བྲི། །བཙན་གྱི་རྒྱལ་པོ་ཨག་སེ་རྒྱལ། །ཡུམ་ཀླུ་སྲིན་མ་མོ། །དེ་གཉིས་སྤྲུལ་པའི་སྲས། །བཙན་གྱི་རྒྱལ་པོ་སྟེ། །རྡོ་རྗེ་སྲ་བརྟན་དང་། །དེ་ཡི་ལྕམ་མོ་ནི། །ཀླུ་ཡི་རྒྱལ་མོ་དེ། ནཱ་ག་མདའ་མི་འབར། །ཀླུ་བཙན་ལྕམ་སྲིང་ལ། །འཕྲིན་ལས་བཅོལ་བ་ནི། །ཆེ་གེ་མོ་འདི་རྣམས་ལ། །རྣལ་འབྱོར་ཡོངས་ལ་འདི་གནོད་པས། །ཆོ་འཕྲུལ་ཆེན་པོ་ཐོང་། །ད་ལྟ་བཙན་གྱི་ཕོ་བྲང་ལ། །སེམས་ངན་གདུག་པ་བྱས། །ལུས་ངནསྦྱོར་།མབྱས། །ཀླུབཙན་གནས་ལ་འདི་བསྡོས་པས། །ཆེ་གེ་མོ་འདི་རྣམས་ལ། །བཙན་གྱི་ཞགས་པས་ཐོབ། །བཙན་གྱི་སྐྱ་བབས་དང་། །བཙན་གྱི་བདུད་ཕོབ་ཅིག །སྙིང་རུམ་ཁྲག་གིས་ཁོང་། །དམོད་མོ་སྔགས་ཀྱིས་གཟེར། བཙན་གྱིས་དཀྲུགས་མ་གྱིས། །གོང་གི་སྔགས་རྣམས་བྲིས་ལ་གཞུག །ཀླུ་མོའི་རྒྱལ་མོ་ནཱ་ག་དྷ་མི་འབར་ལ་འཕྲིན་ལས་བཅོལ་ལོ། །རྒྱལ་ཁམས་ཡོངས་ལ་འདི་གནོད་ཀྱིས། །ད་ལྟ་ཁྱོད་ཀྱི་ཕོ་བྲང་ལ། །གནོད་པ་འདི་བྱས་པས། །ཀླུ་ཡི་དལ་ཁ་མྱུར་དུ་ཕོབ། །ཆེ་གེ་མོ་ལ་ནཱ་ག་ཕེབས། ཐེད་ཐེད་འབུར་ཆིངས་ནཱ་ག་དུ་ན་ག་ཏུ། ཙི་ཙི་ཛ་ལ་ཐུལ་བུ་ཐུལ་བུ། ཉམས་མྱོགས།དམོད་མོ་སྔགས་ཀྱིས་གཟེར་ཅིག །སྙིང་ལ་ནཱ་ག་ཞུན། ཞུན་ཐུར་བུ་ཐུར་བུ། ཆེ་གེ་མོ་ལ་མཛེ་ལ་གྲྭཧྭ། བཙན་གྱི་རྒྱལ་པོ་དང་། ཀླུ་མོ་ལྕམ་སྲིང་གཉིས། ཆེ་གེ་མོ་འདི་གཏད་པས་མྱུར་དུ་རྟགས་ཐོན་ཅིག །ཅེས་པའི་ཚིག་གིས་བརྗོད་ཅིག ཁོང་གིས་སྔགས་རྣམས་དྲག་ཏུ་བརྗོད། །ཆེ་གེ་མོའི་ཕོ་ལྷ་དང་ཡུལ་ལྷ་གཉེན་པོ་ཁྱེད་རྣམས། །ཆེ་གེ་མོ་ལ་སྔགས་གཟེར་དང་གདུག་པའི་རྫས་སྦྱོར་དྲག་པོ་བྱེད། །ཁྱེད་ཅག་དེའི་སྟོངས་མ་བྱེད། །དཀྲུགས་མ་རྟོར་ཡད་ཀྱིས། །དེ་ནས་དོང་ཁ་ལེགས་པར་གཅད། །མིས་མ་ཚོར་བར་ནན་ཏན་བྱ། །དེ་ཡིས་ནང་ཞབྲུགས་ཡུལ་ཁམས་སྨྱོ། །སྐྲུན་དང་ཉེ་བ་དམེ་ཞབྲུག་བྱེད། །མཛེ་དང་བམ་ལོག་ཁྲག་ཏུ་སྒྱུག། །གུ་གུལ་ཐུལ་གྱི་ནད་ཀྱིས་འཛིན། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། ཀླུ་བཙན་ལྕམ་སྲིང་བྱད་སྡེབས་པའི་ལེའུ་སྟེ་བདུན་པའོ།། །།བྲག་བཙན་ཀླུ་བཙན་ལྕམ་སྲིང་དང་། །ཡབ་ཡུམ་སྒྲུབ་ཐབས་སོ་སོ་ཡང་། །བོད་རྦད་གསད་པ་དྲིལ་བ་དང་།།འགོར་ན་གནད་ལ་བོར་བ་དང་། །ལྷང་དུབ་བྱེད་ན་སྤོབས་པས་བསྟན། །གཅིག་ཏུ་དྲིལ་ཏེ་བཟླས་པའི་སྔགས། ཏྲི་ར་ཙ་ས་མ་ཡ། ར་ཏྲི་ཤོར་བ་ཨ་ནི་ཏྲི།ཡག་ཤ་ཁ་ལ་དུན། སྟིག་སྣ་སྲོག་ལ་ཛ་ཛ་། ནཱ་ག་ཙི་བི་ཤུ་ས་མ་ཡ་ཐིབས གློ་རྩ་ཐུམ་རྦད། བདུད་པོ་སྲོག་ལ་ཆོ་ཆོ། རག་ཤ་ཁྲག་ལ་རྡུབས། ནཱ་ག་ཁལ་ཡེ་དུན་ཛ། བསྙེན་པ་ཟོར་མནན་པ་དང།་ ལས་ཀྱི་མཇུག་ཆོད་དྲིལ་ལ་སྔགས། །ང་བཞི་པ་འདི་བར་མི་གཅད། །བོད་རྦད་བསདཔ་དྲིལ་བའི་སྔགས། །ལས་རྣམས་ཐམས་ཅད་འགྲུབ་བར་ངེས། །འགོར་ན་གནད་ལ་བོར་བའི་སྔགས། །ཡག་ཤ་ཁ་ལ་བསྐོར་ཆུམ། ཨ་ཏྲི་སྲོག་ལ་ཡིད་དུ་ཛ། །སྤྲུགས་སྡོབས་མྱགས་ཐུ༷་རི་ལི་ལི། ཤ་རྒྱུད་སྲོག་ལ་རོལ། སྲོག་རྒྱུད་དབུགས་ལ་རོལ། མ་མ་ཨེ་དུ་ན་རྦད། སོ་ལྔ་པ་འདི་གནས་ཀྱི་སྔགས། །འགོར་ན་གནད་ལ་བོར་བར་བྱ། །རྭ་ཛ་དམར་པོ་སྲོག་པའི་རྩར། །གཟུགས་མིང་སྲོག་སྙིང་བཅུག་ནས་ཀྱང་། །ལེ་བརྒན་དར་དུ་དྲིལ་ལ་བཅང་ བར་བར་སྔགས་འདིས་གནད་ལ་བོར། །དེ་ནི་སྲོག་གབ་བླ་རྡོ་ཡིན། །བྲག་དམར་བསེ་ཡི་མཁར་དུ་མཐོང་། །འདིས་ནི་ལྷ་སྲིན་སྡེ་བརྒྱད་ཀྱང་། །རང་དབང་མེད་པར་གནད་ལ་འབེབས། །རྟག་ཏུ་བཟླས་པར་མི་བྱའོ། །དྲིལ་ཞིང་གབ་སྔགས་འདི་བཟླས་པས། །ཟླ་དྲུག་ཚུན་ཆད་རྟགས་འབྱུང་ངེས། །དེ་བས་བུལ་ན་གནས་པ་ཡི། །སྤོགས་ཐབས་ཆོ་ག་ཐ་མ་བསྟན། །ཀླུ་བཙན་དྲག་པོ་གནས་པའི་ས། །བྲག་གི་སྣ་འམ་རི་སྒྲོམ་དུ། །ཆུ་གཏོར་གསེར་སྐྱེམས་མངོན་ཆ་ཡིས། །གནས་བདག་མཆོད་ལ་དཔང་ཡང་གཟུགས། །ཐ་རམ་དོང་གསུམ་བཅའ་ཐབས་ལ། །མདའ་གང་གྲུ་བའི་ཁྲུ་ཕྱེད་ལ། །མཚན་གྱི་བསེ་དོང་དམར་པོར་བྱའོ། །དེ་ཡི་དབུས་སུ་མཐོ་གང་བ། །རྒྱ་དང་གཏིང་ཏུ་བརྐོས་བྱས་ལ། ཁུ།་གསུམ་སོལ་དོང་ནག་པོར་བྱ། །དེ་དབུས་ཟླུམ་པོ་ཐུར་ལ་བྲུ། །དཀར་པོ་ལྕགས་དོང་དཀར། །རང་དུ་མིང་དངགཟུགས་བཅུག་ལ། །རབས་ཆད་ཐོད་པའི་རི་རབ་གླིང་། །ཕྱི་རོལ་ཁ་ཁྱེར་དྲིལ་སྔགས་བསྐོར། །དུག་སྣ་ཐུན་རྫས་ཟས་ངན་དང་། །རེ་བས་བཀའ་ལ་ཐོད་པ་སྤུབ། །སོལ་དོང་ནག་པོར་ཤུ་བོ་དང། །ལྕམ་མོའི་བར་དུ་མིང་བྱང་གཞུག །དཀར་གསུམ་མངར་གྱི་གཏོར་མས་མནན། ཁེང་ལེབ་དྲག་སྔགས་བྲིས་ལ་བཅད། །བསེ་དོང་དམར་པོར་ཉ་བོའི་གཟུགས། །དགྲ་གཟུགས་ལིང་ག་མེད་རྩེ་གཏད། །གཏོར་མ་ཐུན་རྫས་ཉ་བོས་མནན། ཤེང་ལེབ་དག་ལ་ཏྲག་རག་ཤ། །བྲིས་པ་ཁ་གཅད་སྟེང་ནས་མནན། །ནཱ་ག་ཁ་ལ་ཡེ་ཐུན་སྦྱར། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། དྲིལ་གབ་སྤོགས་པའི་ལེའུ་སྟེ་བརྒྱད་པའོ།། །།སྲོག་ཟན་དམར་པོ་བསྒྲུབ་བྱས་ཀྱང་། །གལ་ཏེ་ལས་བྱེད་མ་འདོད་ན། །གནད་ལ་དབབ་པའི་ལས་འདི་བྱ ། །དམ་ཤིང་ཕྱར་ཁྲག །རྒྱུ་ཁྲག །སྙིང་ཁྲག་རྦད་མྱལ་མྱལ། སྐྱེར་པའི་མདའ་དང་སེ་བའི་གཞུ། །ཐབས་དང་ཤེས་རབ་གཉིས་མེད་ལས། །འོད་ཟེར་ཐབས་ཀྱིས་གཟེར་མདའ་བསམ། །ཨོ་ཏྲད་མོ་ཏྲི་ཁང་ཏྲག་རྦད། འདི་ཚལ་པ་ཤ་ཏྲུ༷་མྱལ་མྱལ། འུག་པ་མཚན་མོ་མིག་རྣོ་བས། །གསལ་བར་བྱེད་པ་འོད་དུ་འབར། །གཟུགས་ཀྱི་རྣམ་ཤེས་ཀུན་ལ་བརྡེག །མིང་རུས་སྙིང་ཁར་རྡོག་པས་མནན། །རྐང་པ་བདག་གི་འོག་ཏུ་གཞུག །གཟེར་སྔགས་འདི་དག་དྲུག་ཏུ་བཟླས། །གཟེར་འདྲེན་ནི་སྙིང་ལ་གཟེར། །སྙིང་གཟེར་ནི་ཁྲག་ཏུ་ཟེར། །ཁྲག་གཟེར་ནི་ཁྲག་ཏུ་གཟེར། ཁུ་གཟེར་ནི་སྣ་རུ་གཟེར། །སྣ་གཟེར་ནི་ཕོ་བར་གཟེར། །གཟེར་ཐབས་སྣ་དགུ་ཡིས། །དམ་ཉམས་དགྲ་ལ་ཞེན། །ཐལ་བ་རྡུལ་དུ་རློག །གཟེར་སྔགས་གཟུགས་ལ་དབབ། །སྨ་དབབ་ཁར་ན་དཀྲི། །ཕུད་གཏོར་ཟོར་བདག་བསྐུལ། །དང་པོ་བཙན་བྱུང་གང་ནས་བྱུང་། །དང་པོ་ཅི་ཡང་མི་གནས་ཏེ། །དང་པོ་འབྱུང་བ་ལྔ་ལས་སྲིད། །ས་རླུད་མེ་ཆུ་འབྱུང་བ་བཙན་གྱི་རྒྱུ། །གནམ་བཙན་དཀར་པོ་ཐོག་གི་རྗེ། །སྐྱ་རི་ཕྲག་པའི་མིག །ཆིབས་སུ་དཀར་པོ་ཕུམ་དམར་ཆིབས། །ཕྱག་ན་གནམ་ལྕགས་ཕུར་པ་བསྣམས། །ཞལ་ནས་འབྲུག་སྒྲ་ཆེམ་ཆེམ་སྒྲོགས། །སྟོང་ཁམས་མ་ལུས་སྒྲོལ་བར་བྱེད། །སྤྲིན་དང་ན་བུན་མཐོངས་གསལ་ནས། །རི་བོ་ཀུན་གྱི་རྩེ་འདྲིམ་ཞིང་། །སད་དང་སེར་བའི་སྣ་ཡང་འདྲེན། །སྡང་བའི་དགྲ་ལ་ཐོག་སེར་འབེབས། །དགྲ་བགེགས་མ་ལུས་རྡུལ་དུ་རློག །དེ་ཡི་གཅུང་པོ་བ། །ས་བཙན་ཁྲ་བོ་ཅིག །ཀླུ་བཙན་ཁྲ་བོ་བཙན་གྱི་རྗེ། །ས་ཡི་རྒྱལ་པོ་ས་བཙན་བདག །དགྲ་དང་བགེགས་ལ་ཐོག་སེར་ཕོབ། །ལེགས་ལྡན་ནག་པོ་ཀྱེ་འུ་རྒྱལ། །ཆིབས་སུ་དྲ་བོ་རྟིང་དཀར་ཆིབས། །ཕྱག་ན་ཀླུ་ཤིང་བེར་ཆེན་བསྣམས། །ཞལ་ནས་གཟེར་ཐབས་སྣ་དགུ་གཏོང་། །སྐྱེ་འགྲོ་ཐམས་ཅད་བརླག་པར་བྱེད། །དེ་ཡི་གཅུང་པོ་བ། །ཆུ་བཙན་སྔོན་པོས་བྱ། །བེའུའི་ལུས་ལ་སྲམ་གྱི་མགོ། །སྦྲུལ་འཛིན་སྔོན་པོ་བཙན་གྱི་རྗེ། །སྐུ་ལ་ཉ་ལྕིབས་སྔོན་པོ་གསོལ། །ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས། །ཕྱག་ན་ཆུ་སྲིན་གདུག་པ་འགྱེད། །ཞལ་ནས་མཛེ་དང་སྐྲང་ལྷོག་གཏོང་། །དེ་ཡི་གཅུང་པོ་བ། །ཀླུ་བཙུན་ཕྱུར་བ་དམིགས་དང་རྗེ། །ན་བཟའ་སྐྱི་གསེར་རལ་ཀ་གསོལ། །ཆིབས་སུ་རླུབ་རྟ་ངང་པ་ཆིབས། །ཕྱག་ན་རླུད་གི་རྐྱལ་བ་བསྣམས། །ཞལ་ནས་བུ་ཡུག་ཚུབ་མ་གཏོང་། །དགྲ་བགེགས་མ་ལུས་ཕུང་པར་བྱེད། །དེ་ཡི་གཅུང་པོ་བ། །མེ་བཙན་དམར་པོ་ཚིག་གི་རྗེ། །དྲང་སྲོང་བུམ་གླང་སྣ། །མེ་ལྷ་དྲང་སྲོང་ར་མགོ་ཅད། །ན་བཟའ་མེ་འོད་འབར་བ་གསོལ། །ཆིབས་སུ་མེ་རྟ་འབར་བ་ཆིབས། །ཕྱག་ན་ཟངས་ཀྱི་སྐྲུ་གྲི་བསྣམས། །ཞལ་ནས་མེ་ཡི་ཚ་ཚ་འཕྲོ། །ཁམས་གསུམ་མ་ལུས་བསྲེག་པར་བྱེད། །བྲག་དམར་མ་ལུས་རྩེ་འདྲིམས་ནས། །རྩ་དང་སེར་བའི་སྣ་འདྲེན་ཅིང་། །དགྲ་བགེགས་མ་ལུས་བསྲེག་པར་བྱེད། །ཅིར་མི་འོང་གི་སྤུན་ལྔ་པོ། །འཁོར་ནི་བཙན་འཕྲན་འབུམ་གྱིས་བསྐོར། །རྒྱ་རང་ཀུན་ཏུ་རང་རང་ས། །ཕུལ་ནས་མིང་རུས་བཅས་ལ་སྦ། །མདའ་འཕང་གླང་ཟོར་དགྲ་ཕྱོགས་བརྡེག །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། ཟོར་གྱི་ལེའུ་སྟེ་བཅུ་པའོ།། །།ཐུན་བསྒྲུབ་ཟོར་གྱི་གསང་ཐབས་ལ། །བྲག་དམར་བཙན་རྒོད་གནས་པའི་སར། །བྲག་བཙན་སྲོག་བསྒྲུབ་གཞུང་བསྲང་ལ། །བསད་པ་ཐུན་གྱི་རྫས་བསགས་ཏེ། །ཐན་བྱ་འུག་པའི་ཐོད་པ་སྲ །བྱ་དག་རི་དགས་རྨིག་ཟླུམ་ཁྲག ་་ས་ཀར་ཟི་ར་མྱོས་ཆང་དུག །སྦྱར་ལ་དར་དམར་ཁ་ཡང་བཅད །དེ་ལ་རིམ་པར་བསྒྲུབ་བྱ་སྟེ། །བོད་རྦད་བསད་པའི་སྔགས་རྣམས་བརྡེག །བཙན་བཅོས་ཁ་ལ་འུག་རྒྱུག་བྲེ་ཐུན་ཡང་། །ཡག་ཤ་རྩ་ལ་ཁ་ལ་ཙི་ཤ་ཐུན། ཅེས་པ་བཟླས་ཤིང་ཐུན་ལ་བྲབ། །དེ་ནས་ཐུན་ལ་དྲག་ཏུ་བསྐུལ། །ཧུ༷། བཞེངས་ཤིག་བཞེངས་ཤིག་སྲིད་པའི་བཙན། །འབྱུང་བའི་བྲག་བཙན་ཆེན་པོ་སྟེ། །རིན་ཆེན་བྲག་གི་ལོགས་ཤེད་ན། །རིན་ཆེན་བྲག་ཕུག་སྐམ་དང་ལ། །བྱི་རུ་དམར་པོའི་སྒོ་མོ་གསལ། །མཐིང་ཞུན་སྔོན་པོའི་རེ་བཞི་ཅན། །དུང་གི་གཡག་ཤིང་མཛེས་པ་བཅུག །དེ་ལྟ་བུ་ཡི་ནང་ཤེད་ན། །རིན་ཆེན་བྲག་གི་སྟེགས་བུ་ལ། །སྲིད་པའི་བྲག་བཙན་དམར་པོ་བཞུགས། །སྐུ་ལུས་དམར་པོ་ལྡེམ་པ་ལ། །རལ་པ་དམར་པོ་གྱེན་དུ་བརྗེས། །རལ་པའི་སྟེ་བཅུ་གཅིག་པའོ།། །།དེ་ནས་སྦོས་དྲིར་བསད་ཐབས་བསྟན། །བཙན་གནས་ས་འམ་ཡིད་མཐུན་པར། །སྲོག་བསྒྲུབ་བསྟན་པ་ཐོབ་པ་དང་། །བྲ་སླུད་མགོ་གཞུག་མ་ཉམས་པ །བུག་རྡོལ་མེད་པར་མཉེ་བཏུལ་ལ། །གྲ་ཤོག་མིང་དང་རུས་ཀྱང་བྲི། རྒྱབ་ཏུ་བཙན་དང་རྒྱལ་པོ་དང་། །དྲི་བོ་བདུད་ཀྱི་མིང་བྲིས་ལ། །འདི་ཞེས་སྤོས་དྲིར་སོད་ཅེས་བྲི། །གཟུགས་ཀྱི་གཡས་ནས་བསྐོར་ལོག་སྔགས། །མགོ་བོ་ནང་བསྟན་དམེ་ཁྲག་ལ། །སྲོག་སྔགས་བཤམས་ལ་སྔགས་འདི་སྦྱར། །དུར་བྱིན་དུར་བྱིན། ཕུང་ཕུང་ཤིག་ཤིག །ཐེར་རྦུད་ཐེར་རྦུད། རུ་ཏི་རྦུད་རུ་ཏི་རྦུད། ཁར་ཐུམ་རྦད་ཁར་ཐུམ་རྦད། དུ་ཏྲི་དུ་ཏི། ཁྲུ༷་ཁྲུ༷། ཤིག་ཤིག །དུ་རུ་དུ་རུ་ཤམ་ཏེ་རྦད། ཅེས་པ་འབུམ་དུ་བཟླས་ཤིང་བརྡེག །ཚོན་སྐུད་ཀྱིས་བཅིངས་རྐྱལ་པར་གཞུག གང་ལ་བྱ་བའི་རྗེས་དང་བྲུན། །མེ་ལོང་གིས་བླང་སྔགས་གདབ་དཀྲུག །གསེག་མ་སྨྱུག་མའི་ཐུར་མ་གསུམ། །བྲག་ནག་ཚེ་གསུས་ཉུངས་ཀར་གསུམ། །ནས་སྔོན་གསུམ་ལ་སྔགས་བཟླས་གདབ། །ཕུས་གདབ་ཐེར་ཆད་ཚོན་སྐུད་བཅིང་། །ར་རྐྱལ་ལུག་གི་གྲོད་པར་གཞུག །ཕུས་གདབ་དོག་པ་ནག་པོས་བཅིང། །དཀྱིལ་འཁོར་སྟེང་བཞག་བསྙེན་བསྒྲུབ་བྱ། །ཕོ་ཉས་བཀུག་ལ་སྔགས་ཀྱིས་བརྡེག །སྟག་ཚེར་ཚོན་སྐུད་སྣ་ལྔས་བཅིང་། །གོང་གི་སྔགས་བཟླས་དྲུག་ཏུ་བརྡུང་། །བར་བར་རྐྱང་པ་ཕུས་གདབ་ཅིང་། །རྗེས་ཤུལ་བསྡུ་བའི་དུས་སུ་བཟླས། །རྟགས་བཟང་བྱུང་ན་མནན་གཏད་བྱ། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། སྤོས་དྲིར་བསད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཆུ་གྲིར་བསད་ཐབས་ནི། །སྒྲུབ་པ་གཞུང་བཞིན་བྱས་ནས་ཀྱང་། །སེ་བའི་གཟིངས་ལ་དགྲ་གཟུགས་བསྐྱོན། །བྲ་རྗེའི་ལག་ཏུ་སྐྱ་བ་བསྐུར། །སྲོག་སྔགས་བཤམ་ལ་སྔགས་འདི་སྦྱར། །མ་ཁམ་ནཱ་ར་ན་ཁ་ཕུབ། ནམ་མཁའ་ཕུབ། གྲུ་རྐྱལ་ཕུབ། ཐམ་ཁམ་ཁོང་ཕཊ། ཅེས་པ་བརྗོད་ཅིང་སྐྱ་བས་སྐྲུབ། །ཀུན་ཁ་ཐུམ་ཁ་ཐུམ། དེ་སྐད་བརྗོད་ལ་ཆུར་བསྒྱུར་ན། །ཆུ་གྲིར་འཆི་བར་ཐེ་ཙོམ་མེད། །བསྟན་པའི་དོན་དུ་མ་ཡིན་པ། །འཕྲན་ཚེགས་ཙམ་ལ་དམྱལ་བར་ལྟུང་། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། ཆུ་གྲིར་བསད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ལྟས་ངན་དབབ་ཐབས་བསྟན། །བྱ་དང་རི་དགས་བཏང་བ་ནི། །ལྟས་ངན་བྱ་གཅན་འདུ་བའི་སར། །བསྒྲུབ་པ་སྔོན་བཞིན་བྱས་པ་ལ། །བྲག་རྗེའི་སྲོག་དང་ལྟས་ངན་སྦྱར། །ཙ་ཙ་ཤོ་ལ་བམ་ཡེར། ཡེར་དུ་ཛ་ཡེ་ཁུ་ཕཊ །ཏང་ཏང་ཡེར་ཏ་ཡ་ཁུ་ཛ་ཕཊ། ཅེས་པ་བཟླས་ཤིང་ལྟས་ངན་གཟུགས། ཁྲ་ཁྲག་རུས་པ་ངར་དང་སྦྱར། །དབང་པོ་དོན་སྙིང་ཐུན་དང་སྦྱར། །ཐུན་གྱི་མཐའ་ལ་གཟུགས་ཀྱིས་བསྐོར། ་།བ་ནས་དགྲ་ཕྱོགས་ཁ་བསྟན་རྦད། །ལྟས་ངན་ཐན་པ་གར་འདོད་འབེབས། །ལྟས་ངན་ཐུན་འཕང་རྒྱལ་མཚན་གདབ། །གང་ལྟར་འདོད་པའི་ལྟས་ངན་ཡང་། །བྲག་རྗེས་འབེབས་བར་ཐེ་ཙོམ་མེད། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། ལྟས་ངན་དབབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བྲག་བཙན་དམར་པོ་ཡིས། །གནམ་ལྕགས་སེར་བ་འབེབས་འདོད་པས། །ཀླུ་བཙན་དྲག་པོ་གནས་པའི་སར། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །དབུས་སུ་འབྲུབ་ཁུང་གྲུ་གསུམ་བྱ། །བཤོས་བུ་གྲུ་གསུམ་ཁྲག་གིས་བྱུག །བྱ་རྒོད་མདའ་བཟགས་ལེ་བརྒན་བརྒྱན། །ར་སྙིང་སྦྱར་བའི་གཏོར་མ་རྣམས། །གྲུ་གསུམ་དབུས་སུ་རྟེན་དུ་གཟུགས། །གསེར་སྐྱེམས་བཤོས་བུ་རྒྱུན་དུ་བཏང་། །དེ་ནས་ཡེ་ཤེས་ལྷ་བསྙེན་བྱ། །བཟླས་པ་ཕྲ་མ་ཡངས་པ་འབུམ། །མཐུན་རྫས་གླང་རྭ་རྟ་ཁྱི་བཞི་པའོ། །ཁྲག་ལ་རྒྱུན་དུ་བཟླས་པ་བྱ ། །བསྙེན་སྔགས་འདི་ནི་སྲོག་དང་སྦྱར། །ཨོ་རག་ཤ་ཧྲིལ་ཡ། ཁ་སྲིང་ཡ། ཀ་ཏྭ་སྭ་ཡ། ཀ་ཏ་ས་ཡ། དུ་རུ་ཀང་། དུ་རུ་ཀང་། པྲ་མ་ན་པྲ་མ་ན། ད་རུ་ཡ་གྲྭ་ཧྭ། ཁུ་ཁུ་ཁུ། ཧ་ཧ་ཧ། ཧི་ཧི་ཧི། དུ་རུ་དུ་སྲ སྨུ་རུ་སྨུ་སྲ ཡ་ཏིང་སྤུ་རུ་གྲྭ་ཧྭ། དེ་ནས་གར་འདོད་དབབ་པའི་སྔགས། །ཨོ་ཙིན་དུ་ཙིན་དུ་ཤད་ཤད། ཛ་ཧུ༷་ཕཊ། མཁའ་ལྡིང་མཚལ་བུའི་རག་ཏ་ཡིས། །བག་པྱེའིརིལུབཅུགཅིགབྱུག །ཁམ་ཕོར་བླུགས་ལ་དྲག་རྗེས་བསྐུལ། །བྱང་ཤར་མཚམས་ན་བཞུགས་པ་ཡི། །དམར་པོ་སྤྱན་མི་ཟུར་གསུམ་པོ། །ཕྱག་གཡས་དར་དམར་གཡབ་གྱིས་གཡོབ། །གཡོན་ན་བཙན་ཞགས་དམར་པོ་འདེབས། །རླུད་དང་སེར་བ་ཆིབས་སུ་ཆིབས། །བྱ་བཙན་བརྒྱ་ཡི་རུ་དཔོན་མཛད། །སྲོད་ལ་བསྒྲུབས་ཤིང་བོས་པའི་ཚེ། །ལྕགས་ཀྱི་མི་རྟ་སྟོང་དང་གཤེགས། །གུང་ལ་བསྒྲུབས་ཤིང་བོས་པའི་ཚེ། །ཉི་ཟླ་གཟའ་སྐར་ཆིབས་ཤིག་གཤེགས། །སྐུ་མདོག་དམར་པོ་རྐྱང་ལ་ཆིབས། །ལྕགས་ཀྱི་སེར་བ་སྐར་ལྟར་འཕྲོ། །རི་ལུངས་མ་ལུས་ཁུ་ཡིས་ཐོག །གཡོན་ན་མདུང་དམར་ཆེམས་སེ་ཆེམས། །དུང་གི་སེར་བ་ཆར་ལྟར་འབེབས། །སྔོན་ཚེ་བསྙེན་ཅིང་བསྒྲུབ་པ་ཡི། །དུས་འདིར་མ་གཡེལ་མྱུར་དུ་གཤེགས། །སྤྲུལ་པའི་བརྡ་ཡིས་ལན་གསུམ་བོད། །དེ་ནས་ལས་ལ་སྦྱར་བྱ་བ། །ར་དམར་ཐོད་པར་ཁྲག་སྣ་དང་། །ཡུལ་དང་ཡུལ་ལྷའི་མིང་བཅུཀ་ལ། །གུ་གུལ་བདུགས་ལ་ལྷ་རྟེན་མནན། །དེ་ནས་ཡུལ་མཐོང་རི་གཉེན་ཁར། ཁུ།་གསུམ་བྲུས་ལ་དམར་པོར་བྱུག །མཚན་ངན་ཐོད་པ་གླིང་བཞི་པར། །བསྒྲུབ་རྫས་སྟེང་དུ་མི་ཁྲག་དང་། །ཁྱི་རྒྱ་བོ་ཡི་ཁྲག་གེས་བསྣུན། ་་ས་ཀར་སྔགས་བཟླས་ནང་དུ་བྲབ། །ཡམ་ཤུད་དམར་པོ་སེར་བ་ཕོབ། །དེ་སྐད་བརྗོད་ཅིང་གོང་གི་རྫས། །བཤོས་སུ་ཐོད་བའི་ནང་དུ་སྐོལ། །མདའ་ཡང་ཐོད་པའི་རྩ་རུ་གཟུགས། །སྒྱུགས་བས་བོས་ཅིང་ཞིང་ལྤགས་གདབ། །ཙ་ར་ཁམ་པ་བརྟེན་དུ་གཟུགས། །ནང་སྐྱེད་བཙུགས་ལ་ཐབ་ཏུ་སླུད། །ར་ལྕགས་གདབ་ཅིང་སྔགས་འདི་བཟླས། །ཨོ་ཡག་ཤ་ཁ་སྲིང་ཡང་། ཁ་སྲིང་ཡང་། ཀ་ཏ་ས་ཡ། ཀ་ཏ་ས་ཡ། དུ་རུ་ཀ་ཡ། དུ་རུ་ཀ་ཡ། ས་ན་ཡ། ད་ར་ཡ། ད་ར་ཡ། ཁུ་ཁུ ། ཨོ་ཧ་ཧི་ཧི། དུ་རུ་དུ་སྲ སྐྲུ་རུ་སྤུ་རུ་གྲྭ་ཧྭ། ཨོ་ཙིན་དུ་ཙན་དུ། ཤད་ཤད་གྲྭཧྭ།གཟའ་ལ་གཏད་དེ་དྲག་ཏུ་བཟླས། །ཡུལ་བདག་གཟིར་ཏེ་གནད་ལ་དབབ། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། སེར་བ་དང་དབབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །ཁུ།བ་ཀྱང་ལས་བྱེད་མ་འདོད་ན། ཁྲན་དམར་སློན་དམར་དབབ་ཐབས་བསྟན། ཁྲེལ་ནི་སེ་པོ་སྟག་ལག་གམ། །མཁའ་ལྡིང་མཚལ་བུ་སྤུན་གསུམ་གྱིས། །བསྒྲུབ་དུས་རྟེན་གཟུགས་བར་བར་བསྐར། །ཙ་ར་ཁམ་པ་ལྡན་དམར་ལ། །གང་ལ་བཅའ་བའི་དམིགས་པ་བཅའ། །མིང་རུས་བླ་དགས་བརྡས་མཚོན་པ། །རྨེ་བས་བདུག་ཅིང་མཚང་ཆུས་གདབ། །ར་ཙའི་སྙིང་སོགས་གཡས་ལ་གདགས། །བྱང་ཤར་འབྲུབ་ཁུང་ཁར་བཞག་ལ། །བོད་སྔགས་གཟེར་སྔགས་རིམ་པས་གདབ། ཁེས་པ་དགུག་ཅིང་བསྟིམ་པར་བྱ། །མཚན་རྟགས་ལ་ཕེབས་པ་དང་། །ཁྱད་པར་རྗེ་གནས་པའི་སར། །གཟའ་བཙན་གྱི་འུ་ཀ་རྒྱུ་བའི་ཚེ། །རྒྱ་མཚོ་ཤ་ཁྲག་རློན་དམར་དང་། །སྐྲུ་དང་པགས་པ་མིང་རུས་དང་། །ཕུང་རྒོད་རྩང་མར་བཅས་ལ་གཏོར། །ཞེ་སྡང་དྲག་པོའི་རྔམ་སྟབས་ཀྱིས། །མ་ཉེས་དཔང་གཟུགས་འོ་དོད་འབོད། །ཚིག་ཏུ་འདི་སྐད་བརྗོད་ཅིང་གཏམ། །ཆེ་གེ་ཞེས་པའི་ཡུལ་ཕྱོགས་སུ། །ཆེ་གེ་མོ་ཞེས་བྱ་བའི་བཙན། །རྒྱ་མཚོ་ར་ཙ་ཁམ་པ་འམ། །སེ་བོ་སྐྲུན་གསུམ་སྟག་ལ་གས། །ཤན་དམར་སྲོག་དམར་མགྲོན་དུ་སྤྱོན། །དམ་ཉམས་ཆེ་གེ་ཞེས་བྱ་འདི། །བཙན་ལ་དོ་སྡོ་འགྲན་ཚོལ་ལས། །ཕྱིགས་ཀྱི་གཟུགས་མར་བཞེས་སུ་གསོལ། །བཙན་གྱི་སེ་ལོངས་འདི་ལ་གྱིས། །མགྱོགས་ཀྱི་གཤེད་པོ་འདི་ལ་ཐོབ། །ཡུལ་ཆེ་གེ་མོའི་བཙན། །ཨ་པི་ཤུ་ས་མ་ཡ་ཏྲི་ཤམ་རྦད་སྨྱོ། ཆེ་གེ་མོ་ཤད་ཀ་ལ་ཀུ་རུ་ཆེ་གེ་མོ་དེ་ཆུག་དེ་ལ་ཕོབ་ཡ། དེ་ནསབསྐོར་བཟློག་དམོད་མོས་གདག །འཇིག་རྟེན་ཁམས་ན་གནས་པ་ཡི། །བཙན་དམག་བསྡུ་ཞིང་དམར་ལ་དབབ། །དུན་པོར་དམིགས་ལ་རང་གཉེར་གཏད། །མིང་རུས་སྙིང་དང་སྲོག་རྩལ་གསལ། །མགོ་བོར་བཅུག་ལ་སྲོག་ཐུན་དབབ། །བྲག་རྗེ་གར་གནས་ཐ་རམ་དབབ། །ལས་ཀྱི་མཐའ་བརྟུལ་འདི་བྱས་ལ། །འཇིག་རྟེན་སྒྱུ་མའི་ཆུ་བུར་དེ། །མྱུར་དུ་བརླག་པར་ཐེ་ཙོམ་མེད། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུས་ལས། བཙན་ཤ་དམར་སློན་དམར་ལ་དབབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་སྐྱེས་བུ་བྲག་བཙན་གྱིས། །ཐུགས་དམ་མདོས་ཀྱིས་བསྐང་བ་སྟན། །གསང་བའི་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་ཚོགས་པའི་ཕྱེ་མ་ལ། །རིན་ཆེན་སྣ་ཚོགས་བདར་བྱས་ལ། །བསེ་ཡི་ཡུལ་དང་མཁར་དུ་བཅས། །རྩེ་ལ་བྲག་བྱ་འུག་པ་དང་། །བཙན་གྱི་ཐན་བྱ་སྲིན་བྱ་དང་། །ཟུར་ལ་བསེ་སྦྲུལ་དམར་པོ་འཁྲིལ། །ལོགས་ལ་བསེའི་སྤྲེའུ་དམར་པོ་འཛེག །སྒོ་ཟུར་གཡས་གཡོན་གླ་དང་ཝ། །མཁར་གྱི་མཐར་མ་རྟ་པས་བསྐོར། །གསེར་གཡུ་ངར་མི་ཐ་མ་ལ བསེ་ཡི་ར་སྐྱེས་དམར་པོ་དང་། །བསེ་གླང་དམར་པོ་སྟག་རིས་དང་། །བསེ་ལུགས་དང་འཕར་སྤྱང་དང་། །བསེ་ཡི་རི་དགས་ཡང་དགོད། །བསེ་ཡི་ངར་གླུད་དམར་པོ་དང་། །བཤོས་བུ་དམར་པོ་བསེ་ཞལ་དང་། །མདའ་དམར་རྒྱང་བུ་དམར་པོ་དང་། །ནམ་མཁའ་དམར་པོ་ཁྲི་བཞད་པ། །བྱ་དམར་ཕོད་ཀྱིས་བརྒྱན་པ་དགོད། །ཕུད་དང་སྦྱན་གཟིགས་དཀོར་ཆ་དང་། །མར་མེ་མདངས་ཀྱིས་ཐུགས་དམ་བསྐང་། །རྫས་རྣམས་འཚོགས་ན་བྱིན་གྱིས་བརླབ། །དེ་ཡང་བཙན་གྱི་རྟེན་གནས་ནི། །རིགས་ཀྱི་ཁ་དོག་སོ་སོར་བྱ། །བསྔོ་བའི་ཚིགས་བཅད་འདི་སྐད་བརྗོད། །ཧྭ༷། བྲག་བཙན་སྐྱེས་ཆེན་གདུག་པའི་བུ། །སྐྱེས་བུ་བཙན་ཆེན་བྲག་གི་བདག །བྲག་བཙན་དམར་པོ་འབྱུང་བའི་བདག །ཡུལ་ནི་བཙན་ཡུལ་ཡ་གི་ན། །བསེ་བྲག་དམར་པོ་རུམས་སུ་འབར། །བྲག་དམར་འབར་བའེ་ཐེམ་པར་ན། །བྲག་བཙན་དམར་པོ་དེ་ནི་བཞུགས། །བྲག་བཙན་ཁྱོད་ཀྱི་བཞུགས་གནས་དེ། །རིན་ཆེནའབར་བའི་གཞལ་ཡས་ནས། །བྲག་ཆེན་གཏམས་པའི་བར་ན་བཞུགས། །བསེའི་སྒོ་མོ་ལ། དུང་གི་རེ་བཞི། དེའི་ནང་ཤེད་ན། བྲག་ཕུག་སྐམ་དང་གཞལ་ཡས་ཁང་། །དེ་ན་བྲག་བཙན་དམར་པོ་བཞུགས། །བྲག་བཙན་ཁྱོད་ཀྱི་ཕ་སྨོས་པ། །ཕ་ནི་ཨག་སེ་རྒྱལ་བ་ལགས། །མ་ནི་ས་སྲིན་མ་མོ་ལགས། །དེ་གཉིས་བཤོས་པའི་སྲས །བྲག་བཙན་དམར་པོ་བྱུང་། །བཙན་དམར་ནི་ལྡེན་པ་ལ། །སྐུ་ལ་དར་དམར་བེར་ཆེན་གསོལ། །དབུ་ལ་ལེ་བརྒན་འགྱིང་ཐོད་བཅིངས། །བསེ་ནི་རལ་གྲི་དང་། །བསེ་ནི་གཞུ་མོ་བསྣམས། །བསེ་མདའ་ནི་སྟག་རལ་དཀར། །འཁོར་གསུམ་ནི་གཡས་དང་གཡོན། །ཚོན་སྣ་ལྔ་ཡི་ཞགས་པ་བསྣམས། །བསེ་ཡི་ཡུ་ཐུང་སྐྱེད་ལ་བཙུགས། །བྲག་གི་ཝ་མོ་ཁ་ནག་དང་། །བྲག་ཤ་ནི་གླ་བ་དང་། །བྲག་གི་སྲིན་བྱའི་བུ་མོ་དང་། །འཕར་བ་ནི་དམར་པ་རྣམས། །ཆིབས་དང་ནི་སྐོར་དུ་མངའ། །བསེ་ཁྱི་དམར་པོ་ཁངས་སེ་ཁངས། །བསེ་ཡི་ཁྲབ་ཆེན་ནི་སིལ་ལི་ལི། །གདུག་བྱ་འུག་ཕྱག་ཏུ་ཐོགས། །བྲག་བཙན་དམར་པོའི་འཁོར་གྱིས་བསྐོར། །གདུག་པའི་ཀླུ་སྲིན་ཕོ་ཉར་གཏོང་། །བྲག་བཙན་གྱི་གདུག་པ་ཅན། །སྲིད་པའི་མདོས་བཞེས་ཤིག །སྲིད་པ་ཀུན་ལ་དབང་དུ་སྒྱུར། །གདུག་རྩུབ་ནད་ཀྱི་བདག་པོ་ཁྱོད། །སྤྲུལ་པ་བྱ་དམར་མང་པོ་འགྱེད། །བྲག་བཙན་དམར་པོ་བསྐྱོད་པའི་ཚེ། །ཁ་ནས་ཁྲག་གི་གཟེར་མདའ་འཕེན། །གཟེར་ནད་མང་པོ་གཏོང་བར་བྱེད། །ལག་ནས་མཚོན་གྱི་ཞགས་པ་འཕེན། །ཞགས་པ་སྡོག་ཅིག་ཉམས་པ་སྒྲོལ། །གང་ལ་བབས་པ་འཛིན་ཅིང་སྒྲོལ། །ལྟས་ངན་ཐན་བྱ་མང་པོ་གཏོང་། །སྲིད་པ་ཡོངས་ལ་གནོད་པ་བྱེད། །སྲོད་ལ་བྱ་ཡི་ལྟས་ངན་གཏོང་། །གུང་ལ་སྡིག་པ་ཁྱོད་ཀྱིས་གཏོང་། །ཐོ་རངས་ཝ་རྒྱལ་ཁྱོད་ཀྱིས་གཏོང་། །ཐོ་རངས་ཁྱི་ངུ་ལྟས་ངན་གཏོང་། །ལྟས་ངན་མང་པོ་ཁྱོད་ཀྱིས་གཏོང་། །མ་ཉེས་བཙན་གྱི་ཁ་ཡོགས་དགྲ་ལ་འདེབས། ཁྲ་མ་འདྲལ་དུ་བྱེད་ཅིང་ཁྲག་མ་འཐོར་དུ་བྱེད། །བཙན་གྱི་ཤོད་མས་དགྲ་ལ་འདེབས། །སྒྱུགས་པའི་གླུ་ལེན་ཀྱུ་རུ་མྲ །མེ་འོད་དམར་པོ་བྲེང་ངེ་བྲེང་། །བྲག་བཙན་འཁོར་རྣམས་སིལ་ལི་ལི། །སྲིད་པ་ཀུན་ཏུ་ནད་རྣམས་གཏོང་། །མིང་ནི་བྲག་བཙན་དམར་པོས་བྱ། །དི་རིང་མཐུན་པའི་ཡས་ཀྱིས་མཆོད། །དི་རིང་སྲིད་པའི་མདོས་ཀྱིས་མཆོད། །དེ་སྐད་བརྗོད་ཅིང་རིམ་པས་བསྔོ། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། བསྐང་བ་མདོས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བྲག་བཙན་དམར་པོ་ཡི། །ལས་ཀྱི་མཐའ་སྡུད་གནན་པའི་ལས། །གསང་བས་སྲོག་ལེན་རྟད་ཀྲམ་བསྟན། །ཡོད་ངེས་ཡིད་དང་མཐུན་པ་མྲ །དཀྱིལ་འཁོར་གཞུད་དང་མཐུན་པ་བྲི། །ཡང་ན་སྣམ་ཕྱིང་གཙང་མའི་ཁར། །བཤོས་བུ་ལྔ་དང་བཙན་རྒྱང་ལྔ། །ནེ་བུ་ལྔ་ལ་ཤིང་རིས་ལྔ། །བཙན་གྱི་གཟུགས་ལ་བྲིས་ལ་དགོད། །བཙན་གཟུགས་ཁ་དོག་རིགས་དང་སྦྱར། །སེ་གཞུ་སྐྱེར་མདའ་ཐོགས་པར་བྱ། །དེ་ལྔའི་མདུན་དུ་འབྲང་རྒྱས་ལྔ། །ཚེ་དང་ཡུངས་ཀྱིས་བརྒྱན་པར་གཞག །གསེར་སྐྱེམས་མངོན་ཆས་ལྔ་དང་འདྲ། །ར་དམར་རྟ་སྙིང་གསུར་དུད་གཏང་། །དེ་ནི་བསྙེན་པའི་དམ་རྫས་ཡིན། །རུས་ཆེན་གང་ཡིན་རྟེན་པའི་མགོ། །ཕག་ར་ཁྱི་ཡི་ཐོད་པ་གསུམ། །ཕག་ཐོད་སྡིག་པའི་གཟུགས་ལྔ་བྲི། །བར་བར་བྲི་བའི་སྔགས་འདིའོ། །གུར་ཏྲི་གུར་ཏྲི་ཆུམ། ཀུ་རུ་ཀུ་རུ་ཆུམ། བྲག་རྗེའི་སྲོག་སྔགས་དག་དང་སྦྲེལ། །ཁྱི་ཐོད་ར་ཐོད་གཉིས་ལ་སྦལ་སྡིག་གཉིས་ཀ་བྲི། །སྦལ་ནག་གཟུགས་གསུམ་བྲི། །སྲོག་སྔགས་བཤམས་ལ་སྔགས་འདི་བྲི། །ཀྱི་སྙིང་ལ་ཟོ ། རྦད་རྦད། ཆོད་ཆོད་ཐུམ་རིལ། ཙིསྟ་རྦད། ལིང་ཀ་མི་ཡི་ཁྲག་གིས་བྲི། །སྔོན་དམར་ཚོན་སྐུད་སྐྲ་ལག་བཅིང་། །ཐོད་པ་གསུམ་དུ་རེ་རེ་གཞུག །ཀྱི་བལ་ཐི་གུ་ཕྱིན་ག་ལོག །གསུམ་གྱིས་ཐོད་པ་སོ་སོར་བཅིང་། །མཐིང་ནག་གྲུ་གསུམ་ཁྲུ་གང་གྲུ། །ཐོད་པ་བཅུག་ལ་གུར་ནག་དབུབ། །གཞུང་བཞིན་བསྒྲུབས་ལ་ཡས་ཀུན་དྲང་། །ཆུ་གཏོར་མངོན་དང་ངར་སྦགས་གཏང་། །བདེན་བདར་ལྷ་འདྲེ་དཔང་ཡང་གཟུགས། །ཕྱོགས་བཞིར་གཡབ་ཅིང་འདི་སྐད་བརྗོད། །བཙན་གྱི་རྒྱལ་པོ་ཨང་མེ་སྟེར། །བཙན་གྱི་རྒྱལ་པོ་ཤིབ་མོ་སྟེ། །དེ་ལས་སྤྲུལ་པའི་བཙན་ཁ་བཞི། །མངག་གཞུག་ཕོ་ཉ་མགྱོགས་སྡེ་བརྒྱད། །སེ་རེ་སེ་བཙན་ཞེས་པ་དང་། །བྲག་རྗེ་བྲག་བཙན་དམར་པོ་དང་། །བཙན་བདུད་རོལ་པ་སྐྱ་བདུན་དང་། །བཙན་ཡབ་སྐྱ་ཅིག་ལ་སོགས་ཏེ། །ཡུལ་ཡུལ་བཙན་རྒོད་མིང་སྨྱོས་ལ། །གཅིག་གིས་གཅིག་བསྐུལ་འདིར་འདུས་ཤིག །ཆེ་གེ་མོ་ཡི་དུར་ས་འདིར་འདེབས་པས། །སྤྱན་འདྲེན་མཆོད་འབུལ་ལས་འཆོལ་བས། །འདིར་གཤེགས་བརྗོད་ལ་སྔགས་ཀུན་དྲང་། །བསྒྲུབ་པ་ཐོབ་ནས་ལས་ལ་སྦྱར། །ཡོད་ངེས་མཚན་མ་ཅན་གྱིས་གནས། །བྲག་དམར་སེར་པོ་དམར་པོ་དང་། །སྔོན་པོ་དཀར་པོ་ཁྲ་བོ་བསོགས། །ཁ་དོག་རིགས་དང་སྦྱར་ལ་གཏད། །ཁ་བོ་ཆེ་དང་ར་བོ་ཆེ། །མི་ཡི་གཟུགས་ཅན་དབྱིབས་དང་སྦྱར། །གོང་གི་རྫས་རྣམས་རིགས་དང་བསྟུན། །ཕུད་གཏོར་བདེན་བདར་དཔང་ཡང་གཟུགས། །གཡབ་ཅིང་བཅོལ་བསྐལ་ངབ་ཏ་བྱ། །ཉམས་ཀྱི་མཚན་མ་བྱུང་བ་དང་། །ཁ་དང་ར་བྲག་ལག་ཏུ་གཏད། །དེ་ནས་མནན་གཏད་ས་མཚན་ནི། །བཙན་གྱི་གྱིང་ཤང་ཆེན་པོ་བསྟན། །ས་མཚམས་ཉམས་དང་སྦྱར་བ་དེར། །དགྲ་ཡི་དུར་ས་གདབ་པར་བྱ། །གོང་དུ་སྨོས་པའི་བཙན་རྣམས་དང་། །ཁྱད་པར་འདི་ན་གནས་པའི་བཙན། །ཆེ་གེ་དུར་ས་འདིར་འདེབས་པས། །གཏད་དོ་རྟགས་ཕྱིན་གཏང་རག་གཏང་། །དེ་སྐད་བརྗོད་ལ་གཟིར་གནོན་བྱའོ། །བདུན་རྒྱུད་ཁྲམ་ལ་ཐེབས་ཞེས་བྱ། །འཁོར་བ་མེད་པའི་ལས་སུ་བསྟན། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། སྲོག་གཤེད་སྤྱིར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཙན་བདུད་འདུས་པའི་འཁོར་དེ་རྣམས་ཡི་རངས་ཏེ། མཐུ་དང་རྫུ་འཕྲུལ་གྱིས་བརྒྱན་པར་འགྱུར་རོ། །ཀུན་གྱིས་མགྲིན་གཅིག་ཏུ་གྱུར་ནས་གསོལ་བ ། ཐུགས་རྗེའི་བདག་པོ་བྱམས་ཐུགས་ལྡན། །ག་་ཁྲོ་དྲེགས་པ་འདུལ་མཛད་པ། །གསུང་གི་ང་རོས་ཁམས་གསུམ་སྒྲོལ། །དྲི་མེད་པདྨ་དབང་ཆེན་ལ། །རྟག་ཏུ་མི་ཕྱེད་དད་པས་འདུད། །བཀའ་དང་བསྟན་པ་བསྲུང་བར་བགྱིས། །ལུང་བསྟན་རྗེས་སུ་བདག་ཅག་འདྲེང་། ཁུད་འདི་འཆང་བར་གང་བྱེད་པ། །གཙུག་གི་ནོར་བུ་བཞིན་དུ་བཀུར་བར་བགྱིད། །གལ་ཏེ་བཀའ་ལས་འདས་གྱུར་ན། །པདྨ་གར་གྱི་དབང་ཕྱུག་གིས། ལུས་ངག་རྡུལ་ཕྲན་བཤིག་ནས་ཀྱང་། །མཐུ་དང་རྫུ་འཕྲུལ་བརླག་པར་འགྱུར། །དམ་ལས་མི་འདའ་ང་་མ་ཡ། །ཞེས་དམོད་བཙུགས་སོ། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། རྗེས་སུ་ཡི་རང་ཞིང་དམ་ཚིག་གི་དམོད་བཙུགས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དཔ་་་ཆེན་མི་གནས་དབྱིངས་སུ་ཐིམ། །འཇིག་རྟེན་དྲེགས་པ་རང་སར་དེངས། །སྟོན་པའི་བསྟན་པ་བསྲུང་བའི་རྒྱུད། །དོན་ལ་མཚན་དུ་གསོལ་བ་འདི། །མི་ནུབ་ཡུན་གྱི་རྟགས་སུ་བཞག །སྣོད་ལྡན་རིམ་པས་སྤྱད་པ་ལས། །གཟུ་ལུམ་ར་ཆོད་བྱེད་པ་ལ། །བསྟན་ན་དམ་ཚིག་ཉམས་པར་འགྱུར། །ལོང་བས་ལོང་བ་འཁྲིད་པ་བཞིན། །གཉིས་ཀ་ངམ་གྲོག་གཡང་སར་ལྷུང་། །དད་པ་དམ་ཚིག་ལྡན་པ་ཡི། །བཀའ་དང་གཞུདབཞིནབྱེདཔཡིས། །སྤྱད་ན་མི་ནུབ་རྒྱལ་མཚན་ཐོབ། །སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད། །བསྟན་པ་བསྲུང་པའི་སྐྲུ་གྲི་ཉེས་དམིགས་དང་བཅས་པ་རྫོགས་སོ། །པདྨ་སམ་བྷ་ཝས་བསྒྱུར་པའོ། སྙི། རྒྱ་རྒྱ།། །། ༄་། །དམོད་པ་དྲག་སྔགས་ཀྱི་སྤྱི་རྒྱུད། དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོ་རྣམས་ཀྱིས།