Ngb-pt-0040-vol-01-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
No edit summary
Line 1: Line 1:
{|
! '''BASIC METADATA'''
!
|-
| '''Title of Text'''
|
|-
| '''Title on Cover'''
|
|-
| '''Cover Title San'''
|
|-
| '''Cover Title San in Tib'''
|
|-
| '''Cover Title San in Lanydza'''
|
|-
| '''Title on Spine'''
|
|-
| '''Margin Title'''
|
|-
| '''Author of Text'''
|
|-
| '''Name of Collection''' ''(if applicable)''
|
|-
| '''PUBLISHING'''
|
|-
| '''Publisher Name'''
|
|-
| '''Publisher Place'''
|
|-
| '''Publisher Date'''
|
|-
| '''IDs'''
|
|-
| '''ISBN''' ''(if applicable)''
|
|-
| '''Library Call-number''' ''(if applicable)''
|
|-
| '''Other ID number''' ''(if applicable)''
|
|-
| '''Volume Letter''' ''(if applicable)''
|
|-
| '''Volume Number''' ''(if applicable)''
|
|-
| '''Pagination of Text'''
|
|-
| '''Pages Represented in this file'''
|
|-
| '''CREATION'''
|
|-
| '''Name of Agent Creating Etext'''
|
|-
| '''Date Process Begun'''
|
|-
| '''Date Process Finished'''
|
|-
| '''Place of Process'''
|
|-
| '''Method of Process (OCR, input)'''
|
|-
| '''PROOFING'''
|
|-
| '''Name of Proofreader'''
|
|-
| '''Date Proof Began'''
|
|-
| '''Date Proof Finished'''
|
|-
| '''Place of Proof'''
|
|-
| '''MARKUP'''
|
|-
| '''Name of Markup-er'''
|
|-
| '''Date Markup Began'''
|
|-
| '''Date Markup Finished'''
|
|-
| '''Place of Markup'''
|
|-
| '''CONVERSION'''
|
|-
| '''Name of Converter'''
|
|-
| '''Date Conversion Began'''
|
|-
| '''Date Conversion Finished'''
|
|-
| '''Place of Conversion'''
|
|-
| '''PROBLEMS'''
|
|-
|
|
|}
= Front =
= Front =

= Body =
= Body =

''[482]'''[482.1]'''''རྒྱ་གར་སྐད་དུ། རཏྣ་ནི༷༷སྭ་མུ་རྒྱུ་དོ་ཥ་ནི་ར་ས་ན་སྟིརྗུ་ས་སརྦ་པྲ་ཀ་ཊ་ཏནྟྲ། བོད་སྐད་དུ། རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་གསལ་ཀྱི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་བཟང་ཀ་དག་གི་སྐུ་ལ་'''''[482.2]'''''ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། མཁའ་དབྱིངས་ཀུན་ཏུ་བཟང་གི་ཕོ་བྲང་ནི། །ཆོས་ཉིད་དཀྱིལ་འཁོར་རྣམ་དག་འོད་གསལ་ན། །ཀ་དག་ཟང་ཀ་ཆོས་སྐུ་དྲི་མེད་བཞུགས། །ཡན་ལག་'''''[482.3]'''''རྩལ་ཟེར་ངང་དངས་འཁོར་གྱིས་བསྐོར། །དུས་གསུམ་གཅིག་སྟེ་སྔ་ཕྱི་ཁྱད་པར་མེད། །ཅེས་རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་གྱི་རྒྱུད་ལས། ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསལ་དངས་'''''[482.4]'''''རིན་ཆེན་གྱིས། །ཆོས་སྐུ་ཀ་དག་དྲི་མེད་ལ། །སྤྱི་ཡི་རྒྱུད་སྡེའི་དགོས་དོན་གང་། །དགུ་རྩེ་རྒྱུད་རྒྱལ་རྣམ་གྲངས་དུ། །གདམས་པའི་མན་ངག་གང་རྣམས་གཏད། །སྤྱི་གནད་སྐྱོན་སེལ་ཇི་ལྟར་གསལ། །ཐིག་ལེ་ཀུན་'''''[482.5]'''''གསལ་ཇི་ལྟར་བསལ། །རྩོལ་བྲལ་བློ་འདས་ཇི་ལྟར་གསུངས། །ཐིག་ལེ་ཀུན་འདུས་གང་དུ་འདུས། །ཞེས་ཞུས་སོ། །འཁོར་གྱི་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གསལ་དངས་རིན་ཆེན་'''''[482.6]'''''གྱིས། །སྤྱི་ཡི་རྒྱུད་སྡེའི་དགོས་དོན་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོ་ཀ་དག་བློ་ཡི་ཡུལ་ལས་འདས། །རྩལ་ཟེར་ངང་དངས་ཟང་ཐལ་གདོད་ནས་དག །མི་འགྱུར་ས་''[483]'''[483.1]'''''གནོན་ཐུགས་རྗེ་ཤུགས་ལས་འཆར། །ཆེད་དུ་མི་མཛད་ངང་ངམ་ཤུགས་ཀྱིས་འཆར། །དབང་པོའི་ཁྱད་པར་ཇི་བཞིན་དུ། །རྒྱལ་བའི་བཀའ་ཡང་དེ་བཞིན་སྒྲོག །དབང་པོ་རབ་འབྲིང་ཐ་མ་ལས། །ཐ་'''''[483.2]'''''མ་སྡེ་གསུམ་འབྲིང་ལ་སྔགས། །རབ་ལ་བསྐྱེད་རྫོགས་ཡང་རབ་རྫོགས་ཆེན་གསུངས། །ཐོད་རྒལ་སྤྱི་ཏི་དགུ་རྩེར་བསྟན། །བྱར་མེད་བློ་འདས་རྒྱུད་སྡེ་ལ། །བྱ་བཙལ་བློ་ཆོས་མ་གསུངས་སོ། །སྙིང་པོ་རྩལ་ཟེར་'''''[483.3]'''''འཕྲད་པས་དབྱེར་མེད་སྐུ། །ཡེ་ཤེས་ས་ཟིན་ཞབྲུལ་ཆོད་ཀ་དག་རྟོགས། །དགོས་པའི་དོན་ནི་ཀ་དག་ཟང་ཀར་གནས། །ཞེས་གསུངས་སོ། །རྒྱུད་སྡེའི་དགོས་དོན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་'''''[483.4]'''''ནས་གསལ་དངས་རིན་ཆེན་གྱིས། །དགུ་རྩེ་རྒྱུད་ཀྱི་རྣམ་གྲངས་དུ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྤྲོས་གཅོད་རྩ་བའི་རྒྱུད་ཀྱིས་ནི། །སྡེ་ལྔའི་རྩ་བ་བསྟན་པ་ཡིན། །རིན་ཆེན་བཅུད་ཀྱི་ཡང་'''''[483.5]'''''སྙིང་གིས། །ཐོག་མཐའི་དྲས་ཐག་གཅོད་པར་བསྟན། །རིན་ཆེན་བདུད་རྩི་བཅུད་ཐིགས་ཀྱིས། །རིགས་དྲུག་གཡང་ས་གཅོད་པར་བསྟན། །སྣང་གསལ་སྐྲུ་གྲིའི་རྒྱུད་ཆེན་གྱིས། །ཞབྲུལ་གཞིའི་ཞབྲུལ་སྣང་རྩད་'''''[483.6]'''''གཅོད་བསྟན། །སྨད་སྲིད་ཁ་སྦྱོར་བཅུད་ཐིགས་ཀྱིས། །སྣང་སྲིད་འཁོར་འདས་བཏགས་ཆགས་རྣམས། །ཐམས་ཅད་སྤྱི་ཏིར་འདུས་པར་བསྟན། །ཕྱི་ནང་གསང་བའི་རྒྱུད་སྡེ་རྣམས། །རྒྱ་ཡིས་ཐོབ་ཀྱིས་ཨུ་''[484]'''[484.1]'''''ཡ་ཐམ། །སྡེ་ལྔས་རྩ་རྒྱུད་དོན་འགྲོལ་བསྟན། །རྒྱུད་སྡེ་རྒྱུད་ཀྱི་ཁ་བྱང་བསྟན། །སེམས་སྡེས་སེམས་ཀྱི་རྣམ་གྲངས་བསྟན། །ཀློང་སྡེས་སེམས་ཀྱི་ངོ་བོ་བསྟན། །ཆོས་སྡེས་ཐིག་དགུའི་ལྟ་བསྒོམ་བསྟན། །ཆོས་'''''[484.2]'''''རྣམས་ཐམས་ཅད་གསལ་བར་བཤད། །དབང་སྡེས་དབང་གི་བསྐུར་ཐབས་བསྟན། །མན་ངག་ལྔ་ཡིས་དོན་གྱིས་གསང་སྒོ་བསྟན། །སྒྲོན་མ་ལྔ་ཡིས་བལྟ་བསྒོམ་སྤྱོད་འབྲས་བསྟན། །དགོངས་ཉམས་ལྔ་ཡིས་དོན་གྱི་'''''[484.3]'''''གསེར་དང་སྤྲད། །སྤྱིར་ན་འདི་ལ་འདི་བསྟན་བརྗོད་མི་རྫོགས། །བྱེ་མའི་ལའམ་སྐྲ་ཤད་ཕོ་ལྡོང་བཞིན། །དགུ་རྩེའི་ཕྱི་ནང་གསང་སྐོར་ཨུ་ཕག་ཐམ། །ཞེས་གསུངས་སོ། །ཆོས་སྡེ་མདོར་བསྟན་པའི་ལེའུ་སྟེ་བཞི་'''''[484.4]'''''པའོ།། །།དེ་ནས་རྩལ་ཟེར་ངང་དངས་ཀྱིས། །ཀ་དག་ཆོས་སྐུ་དྲི་མེད་ལ། །སྤྱི་ཡི་གནད་དང་སྐྱོན་སེལ་གང་། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྤྱི་ཡི་གནད་དང་སྐྱོན་བསལ་'''''[484.5]'''''བ། །མན་ངག་རྣམས་ཀྱི་ནང་ནས་གསལ། །གཞི་འཁྲུལ་རྩད་གཅོད་བཟློག་ཐབས་ལ་བཟླའི་གནད། །གལ་འགེགས་གདམས་ངག་གསང་བའི་གནད་བསྟན་པ། །གཞི་ཕོ་རྩད་གཅོད་བཟློག་ཐབས་ཉམས་སུ་'''''[484.6]'''''ལོངས། །ཉམས་སུ་མི་ལེན་གཞི་ཐ་དད་ལ་དཔེ་ཟླ་མེད། །མེད་ལས་ཅིར་ཡང་བྱུང་ནས་རང་སར་ཐིམ། །ཐོལ་བྱུང་ངང་དངས་རང་གདངས་ཡིད་རྩད་ཆོད། །འཁྲུལ་པ་རྣམ་གསུམ་བཅད་པས་སྐུ་གསུམ་ཐོབ། །ཀ་དག་''[485]'''[485.1]'''''དངོས་མེད་སེམས་ཡིད་བློས་བཏགས་མེད། །འཁྲུལ་ལོག་རྩད་ཆོད་སྐྱེ་མེད་ཀ་དག་རྟོགས། །མེད་ལས་ཀུན་འབྱུང་ཅིར་ཡང་གྲུབ་པ་མེད། །ཅེས་གསུངས་སོ། །སྤྱིའི་སྐྱོན་སེལ་གྱི་ལེའུ་སྟེ་ལྔ་'''''[485.2]'''''པའོ།། །།རྩལ་ཟེར་ངང་དངས་ཀྱིས་ཞུས་པ། །ཀ་དག་དྲི་མེད་ཀུན་བཟང་ལ། །ཐིག་ལེ་ཀུན་གསལ་ཇི་ལྟར་གསལ། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྐྱེ་མེད་ཀ་དག་ཐིག་'''''[485.3]'''''གསལ་ན། །སྣ་ཚོགས་ཐིག་ལེ་མ་འདྲེས་གསལ། །ཐིག་ནི་མི་འགྱུར་ལེ་ནི་ཁྱབ། །ཀ་དག་ཐིག་ལེ་ཀུན་གསལ་ལོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ངང་'''''[485.4]'''''དངས་ཁྱེའུ་ཆུང་གིས། །རྩོལ་བྲལ་བློ་འདས་ཇི་ལྟར་གསུངས། །ཞེས་ཞུས་པས། །སྟོན་པས་འཁོར་ལ་བཀའ་སྩལ་པ། །རྩོལ་བྲལ་བློ་འདས་ཉན་བཤད་སྨྲ་བརྗོད་མཚོན་དུ་མེད། །ཅེས་གསུངས་སོ། །བྱར་མེད་བློ་'''''[485.5]'''''འདས་བཤད་པའི་སྐབས་སྟེ་ལེའུ་བདུན་པའོ།། །།དེ་ནས་ངང་དངས་རིན་ཆེན་གྱིས། །ཐིག་ལེ་ཀུན་འདུས་གང་དུ་འདུས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཀ་དག་དངོས་མེད་ཐིག་'''''[485.6]'''''ལེ་ཡིས། །ཐིག་ཕྲན་མ་ལུས་ཀུན་འདུས་སོ། །ཐིག་ནི་སྐྱེ་བ་མེད་ལ་བྱ། །ལེ་ནི་འགག་པ་མེད་པ་ཡིན། །ཀུན་ནི་རྩལ་སྣང་ཐམས་ཅད་དེ། །འདུས་ནི་ཀ་དག་ཆེན་པོར་འདུས། །དེ་ནི་ཐིག་ལེ་ཀུན་འདུས་ཡིན། །ཞེས་''[486]'''[486.1]'''''གསུངས་སོ། །ཐིག་ལེ་ཀུན་འདུས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གསལ་དངས་རིན་ཆེན་གྱིས། །ཀུན་གསལ་གདམས་ངག་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་'''''[486.2]'''''བཀའ་སྩལ་པ། །ཀ་དག་ཉིད་ལ་སྨྲར་མེད་ཀྱང་། །བློ་དམན་རྟོགས་པར་བྱ་ཕྱིར་བཤད། །དངོས་མེད་ཀ་དག་རང་བཞིན་ནི། །བརྟག་པར་དཀའ་ཞིང་བསྟན་པར་དཀའ། །བརྗོད་པའི་ཐ་སྙད་བྲལ་ཕྱིར་རོ། །སེམས་'''''[486.3]'''''ཉིད་ཀྱི་གཞི་རྩ་རྒྱུད་བཙལ་བའི་ཕྱིར། གང་གིས་རང་ལ་རང་བལྟས་པའི་དུས་ན། ནང་གི་སེམས་མ་མཐོང་། ཕྱིའི་སེམས་མ་མཐོང་། ཕུང་པོ་དང་། ཁམས་དང་། འདུ་བྱེད་ལ་སེམས་མ་མཐོང་ངོ་། དེས་སེམས་མ་'''''[486.4]'''''མཐོང་བ་དང་། སེམས་དེ་གང་ནས་བྱུང་བལྟས་པས། དེའི་ཚེ་སེམས་དེ་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མ་སོང་། གང་དུ་ཡང་མི་གནས་པས་ཀ་དག་དངོས་པོ་མེད། སངས་རྒྱས་ཉག་གཅིག་གི་དགོངས་པ་དམ་'''''[486.5]'''''པ། སྨྲར་མེད་པ་རྟོག་དཔྱོད་ཐམས་ཅད་དང་བྲལ་བ། འདི་ཞེས་མཚོན་དུ་མེད་པ། རྟག་པར་དཀའ་ཞིང་། བརྟན་པར་དཀའ་ལ། བརྗོད་པའི་ཐ་སྙད་རྣམས་དང་བྲལ་བ། དཔེ་དང་བྲལ་བ་ནམ་མཁའ་ལས་ཀྱང་'''''[486.6]'''''བསྒྲུན་དུ་ཡོད་པ་མ་ཡིན་ནོ། །ཚད་མེད་པ། ཚད་དང་བྲལ་བ། ཚད་མའམ། གཏནཚིགསསམ། དཔག་པས་མི་དཔོགས་པ་སྟེ། གང་ལའང་རག་མ་ལས་པས། སེམས་ལ་གནས་མེད་པ། རྟེན་མེད་པ། ཆད་པ་མ་''[487]'''[487.1]'''''ཡིན། རྟག་པ་མ་ཡིན། སྐྲུངས་པ་མ་ཡིན། རྒྱུ་ལས་མ་རྒྱུང་། རྐྱེན་གྱིས་མ་བསྐྱེད། དེ་ཡང་བདག་མ་ཡིན། གཞན་མ་ཡིན། དེ་ཉིད་མ་ཡིན། རིགས་མེད་པ། རྒྱུ་མེད་པ། མི་འཕྲོ་བ། མི་སྣང་བ།ངོ་བོ་'''''[487.2]'''''མེད་པ། ཇི་ལྟ་བ་དེ་བཞིན་དུ་ཀ་དག་མ་མཐོང་ངོ་། །ཡང་དག་པ། མི་གཡོ་བ། དབེན་པ། ཅུང་ཟད་ཀྱང་མ་མཐོང་། རྣམ་པར་མི་མཐོང་། མི་རྟོག །སྣང་བར་མི་རྟོག །མི་བསྐྱོད། མི་སེམས། མི་སྤྲོ། སེམས་ལ་'''''[487.3]'''''གཟུགས་མེད་པས་བྱང་ཆུབ་ལ་གཟུགས་མེད་དོ། །སེམས་ཀྱི་རང་བཞིན་བྱང་ཆུབ་ལ་བྱང་ཆུབ་ཀྱི་རང་བཞིནཆོས་ཐམས་ཅད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཐིག་ལེ་ཀ་དག་དེཁོ་ན་ཉིད་དོ། །ཐིག་ལེ་ཀུན་'''''[487.4]'''''གསལ་འགག་མེད་རྩལ་ཟེར་ཡན་ལག་སེམས་ཀྱི་སྣང་ཚུལ་ནི། འདི་ལྟར་མྱུར་བ། རབ་ཏུ་མྱུར་བ། མི་གནས་པ། རྒྱུ་བ། སྤྲེའུ་ལྟ་བུ། རླུད་ལྟ་བུ། སྨིག་རྒྱུ་ལྟ་བུ། ཆུའི་རྒྱུན་ལྟ་བུ། མར་མེ་ལྟ་བུ། ལུས་མེད་པ། རིང་དུ་'''''[487.5]'''''འགྲོ་བ། གར་ཡང་མི་འགྲོ་བ། སླར་མི་ལྡོག་པ། ཡུལ་ན་གནས་པ། དྲུག་གི་སྤྱོད་ཡུལ་བ། ཀུན་ཤེས་པ། གཅིག་ཏུ་ཐུབ་པ། མི་འབྱུང་བ། ཐམས་ཅད་འབྱུང་བ། ཞི་གནས་པ། ཐ་དད་པ། གཅིག་པ། མི་གཡེང་བ།'''''[487.6]'''''ཀུན་ཏུ་གཡེང་བ། དེ་བཙལ་ན་མཚན་ཉིད་དང་རང་བཞིན་མེད་པའོ། །མི་དམིགས་པ། གོམས་པར་བྱ་བའོ། །ངེས་པར་རྟག་པ། ཡོངས་སུ་དཔྱད་པའོ། །ཅིར་ཡང་སྣང་ལ་ཡིན་པ་མིན་པའོ། །ཀུན་འབྱུང་ལ་ཐམས་''[488]'''[488.1]'''''ཅད་གཅིག་ཏུ་འདུས་པའོ། །ཡོངས་ལ་ཁྱབ་ཅིང་ཡོངས་ཀྱི་སྐྱེ་བ་མེད་པའོ། །རྣམ་པར་དག་པ་ལ་གང་ཡང་མ་གྲུབ་པའོ། །ཐིག་ལེ་ཀུན་འདུས་ཀ་དག་གིས་ཁྱབ་པ་མེད་པ། མ་ཁྱབ་པ་མེད་པ། མཐོ་དམན་མེད་པ། ཆེ་'''''[488.2]'''''ཆུང་མེད་པ། བཟང་ངན་མེད་པ། ཡངས་དོག་མེད་པ། རྒྱུ་འབྲས་མེད་པ། ཕོ་མོ་མེད་པ། རིགས་རྒྱུད་མེད་པ། གཟུགས་མེད་པ། ལས་རབ་རྣམ་སྨིན་མེད་པ། ཕྱི་ནང་མེད་པ། སྐྱེ་བ་མེད་པ། འཕོ་འགྱུར་མེད་པ།'''''[488.3]'''''མུན་སྣང་མེད་པ། སྔ་ཕྱི་མེད་པ། མཐའ་དབུས་མེད་པ། བདག་གཞན་མེད་པ། རྩོལ་བསྒྲུབ་མེད་པ། བླང་དོར་མེད་པ། ངང་གིས་མ་བཅོས་པ། ཡོངས་ཀྱིས་འོད་གསལ་བ། མ་བསླད་པ། མ་བྱུང་བ། མ་སྐྱེས་པ་ཡིན་'''''[488.4]'''''པའོ། །དེ་ནས་ངང་དངས་ཀྱིས་སྟོན་པ་ལ། ཆོས་སྤྱི་དང་ངང་གི་མཚན་ཉིད་ཅི་ཡིནཞུས་པ་དང་། སྟོན་པས་བཀའ་སྩལ་པ། སྙིང་པོ་སྐྱེ་མེད་ཀ་དག་ལ། སྣང་བ་དང་། མི་སྣང་བ་དང་། ཡོད་པ་དང་མེད་པ། རྟག་པ་'''''[488.5]'''''དང་ཆད་པ། མཐའ་དང་དབུས། སྣང་སྲིད་འཁོར་འདས། སངས་རྒྱས་སེམས་ཅན། ཡུལ་དང་སེམས། བདག་དང་གཞན། དགྲ་དང་གཉེན། སྣང་བཏགས་ཆགས་སྡང་། སྣང་སྟོང་དེ་དག་ཐམས་ཅད་ཀྱང་མཚོན་དུ་'''''[488.6]'''''མེད་པ། དཔེ་མེད་པ། སྨྲར་མེད་པ། བརྗོད་པ་ཚིག་གི་ཐ་སྙད་མེད་པ། མིང་ཙམ་འདི་ཞེས་བསྟན་པར་ནི། །ཀུན་ཏུ་བཟངཔོསམཚོནདུམེད། །དེ་ཡི་ཐིག་ལེ་ཀུན་འདུས་རྟོགས། །ཞེས་གསུངས་སོ། །ཐིག་ལེ་''[489]'''[489.1]'''''གདམས་ངག་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྩལ་དངས་རིན་ཆེན་གྱིས། །ཀ་དག་དྲི་མེད་སྟོན་པ་ལ། །སྤྱི་ཏིའི་འབྲུ་དགུ་གསང་སྔགས་ཀྱི། །སྙིང་པོ་བཅུ་སེམས་འོད་གསལ་'''''[489.2]'''''གྱི། །དཀྱིལ་འཁོར་གནད་རྣམས་ཇི་ལྟར་དགྲོལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དགུ་རྩེ་ཞེས་པ་ནི་ཐེག་དགུའི་རྒྱལ་པོ། །སྤྱི་ཏི་ཞེས་པ་ནི་བརྒྱད་ཁྲི་བཞི་སྟོང་གི་དཔྱིས་ཕྱིན་པར་སྟོན་'''''[489.3]'''''པའོ། །ཀ་དག་ཅེས་པ་ནི་ཡེ་ནས་སྒྲིབ་གཡོགས་དང་། བག་ཆགས་ཀྱི་དྲི་མ་དང་། མ་རིག་པའི་མུན་པ་དང་། ཉོན་མོངས་པའི་དྲི་མ་ཀ་ནས་དག་པའོ། །དངོས་མེད་ཅེས་པ་ནི་སེམས་ཉིད་ལ་དངོས་པོ་གང་ཡང་མེད་'''''[489.4]'''''པའོ། །བློ་འདས་ཞེས་པ་ནི་བློ་བྱེད་པ་པོ་ལས་འདས་པའོ། །ཟང་ཀ་ཞེས་པ་ནི་གཤིས་མ་བཅོས་པ་རྣལ་མར་གནས་པའོ། །སེམས་ཞེས་པ་ནི་མ་བྱས་མ་བཅོས་པར་སྣ་ཚོགས་སུ་འབྱུང་བའོ། །དཀྱིལ་ཞེས་པ་ནི་ཐིག་'''''[489.5]'''''ལེ་གང་ཡིན་པའོ། །འཁོར་ཞེས་པ་ནི་རྩལ་མ་འགགས་པའོ། །འོད་ཅེས་པ་ནི་སྣང་བའོ། །གསལ་ཞེས་པ་ནི་མུན་པའི་སྒྲིབ་གཡོགས་གང་ཡང་མེད་པའོ། །གསང་བ་ནི་སྨྲར་མེད་པ་སྤྱོད་ཡུལ་དུ་མ་གྱུར་པའོ། །སྔགས་'''''[489.6]'''''ཞེས་པ་ནི་ཡོན་ཏན་གྱི་འབྱུང་ནས་བརྗོད་པ་ལ་བྱའོ། །ངོ་བོ་ཉིད་ཅེས་པ་ནི་དངོས་པོ་མེད་པ་མི་དམིགས་པ་ཀུན་ཏུ་འབྱུང་བའི་གཞི་ལ་བྱའོ། །ཇི་བཞིན་ཞེས་པ་ནི་མ་བཅོས་མ་བསླད་པའོ། །དེ་བཞིན་ཞེས་བྱ་བ་ནི་མ་''[490]'''[490.1]'''''བྱས་མ་བརྟགས་པའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མ་ནོར་མི་འགྱུར་བ་ལ་བྱའོ། །སྙིང་པོ་ཞེས་པ་ནི་རྩལ་དང་རང་བཞིན་ལ་བྱའོ། །ཡང་སྙིང་ཞེས་པ་ནི་བྱེད་པ་པོ་མེད་པ་བྱ་བས་བཙལ་དུ་མེད་པས་ཡང་སྙིང་'''''[490.2]'''''ངོ་། །བཅུད་ཅེས་པ་ནི་ཉིང་ཁུའམ་སྙིང་པོ་འདུས་པ་མ་བཅོས་པའོ། །སྐྲུངས་ཞེས་པ་ནི་ཐིག་ལེའི་བཅུད་འདུས་ཤིང་སྐྲུངས་པའོ། །བཅུད་ཐིགས་ཞེས་པ་ནི་གདམས་པའི་སྐལ་པ་དང་ལྡན་པ་ལ་བབས་པའོ། །བདུད་རྩི་'''''[490.3]'''''ཞེས་པ་ནི་ཉོན་མོངས་པ་དུག་ལྔའི་བདུད་ལ་སྐུ་ལྔ་ཡེ་ཤེས་ལྔའི་རྩིས་འདུལ་ཞིང་འཇོམས་པའོ། །འཁོར་བ་ཞེས་པ་ནི་སྡུག་བསྔལ་ཟད་པར་བྱེད་པ་དང་བཅས་པའོ། །ཐོག་མ་ཞེས་པ་ནི་མ་བྱུང་མ་སྐྱེས་ཅི་ཡང་མེད་'''''[490.4]'''''པ་ཐ་སྙད་ལས་འདས་པའོ། །ཐ་མ་ཞེས་པ་ནི་སྐལ་ལྡན་གཅིག་འགྲོ་དྲུག་གི་གཡང་ས་ཆོད་ནས་རང་ངོ་ཤེས་ཤིང་སངས་རྒྱས་པའོ། །གཅོད་ཅེས་པ་ནི་མན་ངག་གོ། །རྒྱུད་ཅེས་པ་ནི་རྒྱུན་མ་ཆད་པའོ། །དགོངས་པ་'''''[490.5]'''''ཞེས་པ་ཆོས་ཉིད་ལའོ། །ངེས་པ་ཞེས་པ་ནི་མ་ནོར་པའོ། །འགྲེལ་པ་ཞེས་པ་ནི་ཡེ་ཤེས་སོ། །ཞེས་གསུངས་སོ། །རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་གསལ་གྱི་རྒྱུད་ལས། གནད་འགྲོལ་བའི་ལེའུ་སྟེ་བཅུ་'''''[490.6]'''''པའོ།། །།རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་འདུས་ཀྱི་རྒྱུད་ལེའུ་བཅུ་པ་རྫོགས་སོ།། །།ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ལོ་སྣྲོ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས།''[491]'''[491.1]'''''རྒྱལ་པོ་ཁྲི་སྲེང་ལྡེའུ་བཙན་ལ་གདམས་ཏེ་རིན་པོ་ཆེའི་གཏེར་དུ་སྦས་སོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། གསང་རྒྱ།། །། རྒྱ་གར་སྐད་དུ། ནི་དྷིཧྲི་ད་ཡ་རརྙ་ཀུཊ་ཏནྟྲ།
རྒྱ་གར་སྐད་དུ། རཏྣ་ནི༷༷སྭ་མུ་རྒྱུ་དོ་ཥ་ནི་ར་ས་ན་སྟིརྗུ་ས་སརྦ་པྲ་ཀ་ཊ་ཏནྟྲ། བོད་སྐད་དུ། རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་གསལ་ཀྱི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་བཟང་ཀ་དག་གི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། མཁའ་དབྱིངས་ཀུན་ཏུ་བཟང་གི་ཕོ་བྲང་ནི། །ཆོས་ཉིད་དཀྱིལ་འཁོར་རྣམ་དག་འོད་གསལ་ན། །ཀ་དག་ཟང་ཀ་ཆོས་སྐུ་དྲི་མེད་བཞུགས། །ཡན་ལག་རྩལ་ཟེར་ངང་དངས་འཁོར་གྱིས་བསྐོར། །དུས་གསུམ་གཅིག་སྟེ་སྔ་ཕྱི་ཁྱད་པར་མེད། །ཅེས་རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་གྱི་རྒྱུད་ལས། ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསལ་དངས་རིན་ཆེན་གྱིས། །ཆོས་སྐུ་ཀ་དག་དྲི་མེད་ལ། །སྤྱི་ཡི་རྒྱུད་སྡེའི་དགོས་དོན་གང་། །དགུ་རྩེ་རྒྱུད་རྒྱལ་རྣམ་གྲངས་དུ། །གདམས་པའི་མན་ངག་གང་རྣམས་གཏད། །སྤྱི་གནད་སྐྱོན་སེལ་ཇི་ལྟར་གསལ། །ཐིག་ལེ་ཀུན་གསལ་ཇི་ལྟར་བསལ། །རྩོལ་བྲལ་བློ་འདས་ཇི་ལྟར་གསུངས། །ཐིག་ལེ་ཀུན་འདུས་གང་དུ་འདུས། །ཞེས་ཞུས་སོ། །འཁོར་གྱི་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གསལ་དངས་རིན་ཆེན་གྱིས། །སྤྱི་ཡི་རྒྱུད་སྡེའི་དགོས་དོན་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོ་ཀ་དག་བློ་ཡི་ཡུལ་ལས་འདས། །རྩལ་ཟེར་ངང་དངས་ཟང་ཐལ་གདོད་ནས་དག །མི་འགྱུར་ས་གནོན་ཐུགས་རྗེ་ཤུགས་ལས་འཆར། །ཆེད་དུ་མི་མཛད་ངང་ངམ་ཤུགས་ཀྱིས་འཆར། །དབང་པོའི་ཁྱད་པར་ཇི་བཞིན་དུ། །རྒྱལ་བའི་བཀའ་ཡང་དེ་བཞིན་སྒྲོག །དབང་པོ་རབ་འབྲིང་ཐ་མ་ལས། །ཐ་མ་སྡེ་གསུམ་འབྲིང་ལ་སྔགས། །རབ་ལ་བསྐྱེད་རྫོགས་ཡང་རབ་རྫོགས་ཆེན་གསུངས། །ཐོད་རྒལ་སྤྱི་ཏི་དགུ་རྩེར་བསྟན། །བྱར་མེད་བློ་འདས་རྒྱུད་སྡེ་ལ། །བྱ་བཙལ་བློ་ཆོས་མ་གསུངས་སོ། །སྙིང་པོ་རྩལ་ཟེར་འཕྲད་པས་དབྱེར་མེད་སྐུ། །ཡེ་ཤེས་ས་ཟིན་ཞབྲུལ་ཆོད་ཀ་དག་རྟོགས། །དགོས་པའི་དོན་ནི་ཀ་དག་ཟང་ཀར་གནས། །ཞེས་གསུངས་སོ། །རྒྱུད་སྡེའི་དགོས་དོན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གསལ་དངས་རིན་ཆེན་གྱིས། །དགུ་རྩེ་རྒྱུད་ཀྱི་རྣམ་གྲངས་དུ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྤྲོས་གཅོད་རྩ་བའི་རྒྱུད་ཀྱིས་ནི། །སྡེ་ལྔའི་རྩ་བ་བསྟན་པ་ཡིན། །རིན་ཆེན་བཅུད་ཀྱི་ཡང་སྙིང་གིས། །ཐོག་མཐའི་དྲས་ཐག་གཅོད་པར་བསྟན། །རིན་ཆེན་བདུད་རྩི་བཅུད་ཐིགས་ཀྱིས། །རིགས་དྲུག་གཡང་ས་གཅོད་པར་བསྟན། །སྣང་གསལ་སྐྲུ་གྲིའི་རྒྱུད་ཆེན་གྱིས། །ཞབྲུལ་གཞིའི་ཞབྲུལ་སྣང་རྩད་གཅོད་བསྟན། །སྨད་སྲིད་ཁ་སྦྱོར་བཅུད་ཐིགས་ཀྱིས། །སྣང་སྲིད་འཁོར་འདས་བཏགས་ཆགས་རྣམས། །ཐམས་ཅད་སྤྱི་ཏིར་འདུས་པར་བསྟན། །ཕྱི་ནང་གསང་བའི་རྒྱུད་སྡེ་རྣམས། །རྒྱ་ཡིས་ཐོབ་ཀྱིས་ཨུ་ཡ་ཐམ། །སྡེ་ལྔས་རྩ་རྒྱུད་དོན་འགྲོལ་བསྟན། །རྒྱུད་སྡེ་རྒྱུད་ཀྱི་ཁ་བྱང་བསྟན། །སེམས་སྡེས་སེམས་ཀྱི་རྣམ་གྲངས་བསྟན། །ཀློང་སྡེས་སེམས་ཀྱི་ངོ་བོ་བསྟན། །ཆོས་སྡེས་ཐིག་དགུའི་ལྟ་བསྒོམ་བསྟན། །ཆོས་རྣམས་ཐམས་ཅད་གསལ་བར་བཤད། །དབང་སྡེས་དབང་གི་བསྐུར་ཐབས་བསྟན། །མན་ངག་ལྔ་ཡིས་དོན་གྱིས་གསང་སྒོ་བསྟན། །སྒྲོན་མ་ལྔ་ཡིས་བལྟ་བསྒོམ་སྤྱོད་འབྲས་བསྟན། །དགོངས་ཉམས་ལྔ་ཡིས་དོན་གྱི་གསེར་དང་སྤྲད། །སྤྱིར་ན་འདི་ལ་འདི་བསྟན་བརྗོད་མི་རྫོགས། །བྱེ་མའི་ལའམ་སྐྲ་ཤད་ཕོ་ལྡོང་བཞིན། །དགུ་རྩེའི་ཕྱི་ནང་གསང་སྐོར་ཨུ་ཕག་ཐམ། །ཞེས་གསུངས་སོ། །ཆོས་སྡེ་མདོར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྩལ་ཟེར་ངང་དངས་ཀྱིས། །ཀ་དག་ཆོས་སྐུ་དྲི་མེད་ལ། །སྤྱི་ཡི་གནད་དང་སྐྱོན་སེལ་གང་། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྤྱི་ཡི་གནད་དང་སྐྱོན་བསལ་བ། །མན་ངག་རྣམས་ཀྱི་ནང་ནས་གསལ། །གཞི་འཁྲུལ་རྩད་གཅོད་བཟློག་ཐབས་ལ་བཟླའི་གནད། །གལ་འགེགས་གདམས་ངག་གསང་བའི་གནད་བསྟན་པ། །གཞི་ཕོ་རྩད་གཅོད་བཟློག་ཐབས་ཉམས་སུ་ལོངས། །ཉམས་སུ་མི་ལེན་གཞི་ཐ་དད་ལ་དཔེ་ཟླ་མེད། །མེད་ལས་ཅིར་ཡང་བྱུང་ནས་རང་སར་ཐིམ། །ཐོལ་བྱུང་ངང་དངས་རང་གདངས་ཡིད་རྩད་ཆོད། །འཁྲུལ་པ་རྣམ་གསུམ་བཅད་པས་སྐུ་གསུམ་ཐོབ། །ཀ་དག་དངོས་མེད་སེམས་ཡིད་བློས་བཏགས་མེད། །འཁྲུལ་ལོག་རྩད་ཆོད་སྐྱེ་མེད་ཀ་དག་རྟོགས། །མེད་ལས་ཀུན་འབྱུང་ཅིར་ཡང་གྲུབ་པ་མེད། །ཅེས་གསུངས་སོ། །སྤྱིའི་སྐྱོན་སེལ་གྱི་ལེའུ་སྟེ་ལྔ་པའོ།། །།རྩལ་ཟེར་ངང་དངས་ཀྱིས་ཞུས་པ། །ཀ་དག་དྲི་མེད་ཀུན་བཟང་ལ། །ཐིག་ལེ་ཀུན་གསལ་ཇི་ལྟར་གསལ། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྐྱེ་མེད་ཀ་དག་ཐིག་གསལ་ན། །སྣ་ཚོགས་ཐིག་ལེ་མ་འདྲེས་གསལ། །ཐིག་ནི་མི་འགྱུར་ལེ་ནི་ཁྱབ། །ཀ་དག་ཐིག་ལེ་ཀུན་གསལ་ལོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ངང་དངས་ཁྱེའུ་ཆུང་གིས། །རྩོལ་བྲལ་བློ་འདས་ཇི་ལྟར་གསུངས། །ཞེས་ཞུས་པས། །སྟོན་པས་འཁོར་ལ་བཀའ་སྩལ་པ། །རྩོལ་བྲལ་བློ་འདས་ཉན་བཤད་སྨྲ་བརྗོད་མཚོན་དུ་མེད། །ཅེས་གསུངས་སོ། །བྱར་མེད་བློ་འདས་བཤད་པའི་སྐབས་སྟེ་ལེའུ་བདུན་པའོ།། །།དེ་ནས་ངང་དངས་རིན་ཆེན་གྱིས། །ཐིག་ལེ་ཀུན་འདུས་གང་དུ་འདུས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཀ་དག་དངོས་མེད་ཐིག་ལེ་ཡིས། །ཐིག་ཕྲན་མ་ལུས་ཀུན་འདུས་སོ། །ཐིག་ནི་སྐྱེ་བ་མེད་ལ་བྱ། །ལེ་ནི་འགག་པ་མེད་པ་ཡིན། །ཀུན་ནི་རྩལ་སྣང་ཐམས་ཅད་དེ། །འདུས་ནི་ཀ་དག་ཆེན་པོར་འདུས། །དེ་ནི་ཐིག་ལེ་ཀུན་འདུས་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གསལ་དངས་རིན་ཆེན་གྱིས། །ཀུན་གསལ་གདམས་ངག་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཀ་དག་ཉིད་ལ་སྨྲར་མེད་ཀྱང་། །བློ་དམན་རྟོགས་པར་བྱ་ཕྱིར་བཤད། །དངོས་མེད་ཀ་དག་རང་བཞིན་ནི། །བརྟག་པར་དཀའ་ཞིང་བསྟན་པར་དཀའ། །བརྗོད་པའི་ཐ་སྙད་བྲལ་ཕྱིར་རོ། །སེམས་ཉིད་ཀྱི་གཞི་རྩ་རྒྱུད་བཙལ་བའི་ཕྱིར། གང་གིས་རང་ལ་རང་བལྟས་པའི་དུས་ན། ནང་གི་སེམས་མ་མཐོང་། ཕྱིའི་སེམས་མ་མཐོང་། ཕུང་པོ་དང་། ཁམས་དང་། འདུ་བྱེད་ལ་སེམས་མ་མཐོང་ངོ་། དེས་སེམས་མ་མཐོང་བ་དང་། སེམས་དེ་གང་ནས་བྱུང་བལྟས་པས། དེའི་ཚེ་སེམས་དེ་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མ་སོང་། གང་དུ་ཡང་མི་གནས་པས་ཀ་དག་དངོས་པོ་མེད། སངས་རྒྱས་ཉག་གཅིག་གི་དགོངས་པ་དམ་པ། སྨྲར་མེད་པ་རྟོག་དཔྱོད་ཐམས་ཅད་དང་བྲལ་བ། འདི་ཞེས་མཚོན་དུ་མེད་པ། རྟག་པར་དཀའ་ཞིང་། བརྟན་པར་དཀའ་ལ། བརྗོད་པའི་ཐ་སྙད་རྣམས་དང་བྲལ་བ། དཔེ་དང་བྲལ་བ་ནམ་མཁའ་ལས་ཀྱང་བསྒྲུན་དུ་ཡོད་པ་མ་ཡིན་ནོ། །ཚད་མེད་པ། ཚད་དང་བྲལ་བ། ཚད་མའམ། གཏནཚིགསསམ། དཔག་པས་མི་དཔོགས་པ་སྟེ། གང་ལའང་རག་མ་ལས་པས། སེམས་ལ་གནས་མེད་པ། རྟེན་མེད་པ། ཆད་པ་མ་ཡིན། རྟག་པ་མ་ཡིན། སྐྲུངས་པ་མ་ཡིན། རྒྱུ་ལས་མ་རྒྱུང་། རྐྱེན་གྱིས་མ་བསྐྱེད། དེ་ཡང་བདག་མ་ཡིན། གཞན་མ་ཡིན། དེ་ཉིད་མ་ཡིན། རིགས་མེད་པ། རྒྱུ་མེད་པ། མི་འཕྲོ་བ། མི་སྣང་བ།ངོ་བོ་མེད་པ། ཇི་ལྟ་བ་དེ་བཞིན་དུ་ཀ་དག་མ་མཐོང་ངོ་། །ཡང་དག་པ། མི་གཡོ་བ། དབེན་པ། ཅུང་ཟད་ཀྱང་མ་མཐོང་། རྣམ་པར་མི་མཐོང་། མི་རྟོག །སྣང་བར་མི་རྟོག །མི་བསྐྱོད། མི་སེམས། མི་སྤྲོ། སེམས་ལ་གཟུགས་མེད་པས་བྱང་ཆུབ་ལ་གཟུགས་མེད་དོ། །སེམས་ཀྱི་རང་བཞིན་བྱང་ཆུབ་ལ་བྱང་ཆུབ་ཀྱི་རང་བཞིནཆོས་ཐམས་ཅད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཐིག་ལེ་ཀ་དག་དེཁོ་ན་ཉིད་དོ། །ཐིག་ལེ་ཀུན་གསལ་འགག་མེད་རྩལ་ཟེར་ཡན་ལག་སེམས་ཀྱི་སྣང་ཚུལ་ནི། འདི་ལྟར་མྱུར་བ། རབ་ཏུ་མྱུར་བ། མི་གནས་པ། རྒྱུ་བ། སྤྲེའུ་ལྟ་བུ། རླུད་ལྟ་བུ། སྨིག་རྒྱུ་ལྟ་བུ། ཆུའི་རྒྱུན་ལྟ་བུ། མར་མེ་ལྟ་བུ། ལུས་མེད་པ། རིང་དུ་འགྲོ་བ། གར་ཡང་མི་འགྲོ་བ། སླར་མི་ལྡོག་པ། ཡུལ་ན་གནས་པ། དྲུག་གི་སྤྱོད་ཡུལ་བ། ཀུན་ཤེས་པ། གཅིག་ཏུ་ཐུབ་པ། མི་འབྱུང་བ། ཐམས་ཅད་འབྱུང་བ། ཞི་གནས་པ། ཐ་དད་པ། གཅིག་པ། མི་གཡེང་བ།ཀུན་ཏུ་གཡེང་བ། དེ་བཙལ་ན་མཚན་ཉིད་དང་རང་བཞིན་མེད་པའོ། །མི་དམིགས་པ། གོམས་པར་བྱ་བའོ། །ངེས་པར་རྟག་པ། ཡོངས་སུ་དཔྱད་པའོ། །ཅིར་ཡང་སྣང་ལ་ཡིན་པ་མིན་པའོ། །ཀུན་འབྱུང་ལ་ཐམས་ཅད་གཅིག་ཏུ་འདུས་པའོ། །ཡོངས་ལ་ཁྱབ་ཅིང་ཡོངས་ཀྱི་སྐྱེ་བ་མེད་པའོ། །རྣམ་པར་དག་པ་ལ་གང་ཡང་མ་གྲུབ་པའོ། །ཐིག་ལེ་ཀུན་འདུས་ཀ་དག་གིས་ཁྱབ་པ་མེད་པ། མ་ཁྱབ་པ་མེད་པ། མཐོ་དམན་མེད་པ། ཆེ་ཆུང་མེད་པ། བཟང་ངན་མེད་པ། ཡངས་དོག་མེད་པ། རྒྱུ་འབྲས་མེད་པ། ཕོ་མོ་མེད་པ། རིགས་རྒྱུད་མེད་པ། གཟུགས་མེད་པ། ལས་རབ་རྣམ་སྨིན་མེད་པ། ཕྱི་ནང་མེད་པ། སྐྱེ་བ་མེད་པ། འཕོ་འགྱུར་མེད་པ།མུན་སྣང་མེད་པ། སྔ་ཕྱི་མེད་པ། མཐའ་དབུས་མེད་པ། བདག་གཞན་མེད་པ། རྩོལ་བསྒྲུབ་མེད་པ། བླང་དོར་མེད་པ། ངང་གིས་མ་བཅོས་པ། ཡོངས་ཀྱིས་འོད་གསལ་བ། མ་བསླད་པ། མ་བྱུང་བ། མ་སྐྱེས་པ་ཡིན་པའོ། །དེ་ནས་ངང་དངས་ཀྱིས་སྟོན་པ་ལ། ཆོས་སྤྱི་དང་ངང་གི་མཚན་ཉིད་ཅི་ཡིནཞུས་པ་དང་། སྟོན་པས་བཀའ་སྩལ་པ། སྙིང་པོ་སྐྱེ་མེད་ཀ་དག་ལ། སྣང་བ་དང་། མི་སྣང་བ་དང་། ཡོད་པ་དང་མེད་པ། རྟག་པ་དང་ཆད་པ། མཐའ་དང་དབུས། སྣང་སྲིད་འཁོར་འདས། སངས་རྒྱས་སེམས་ཅན། ཡུལ་དང་སེམས། བདག་དང་གཞན། དགྲ་དང་གཉེན། སྣང་བཏགས་ཆགས་སྡང་། སྣང་སྟོང་དེ་དག་ཐམས་ཅད་ཀྱང་མཚོན་དུ་མེད་པ། དཔེ་མེད་པ། སྨྲར་མེད་པ། བརྗོད་པ་ཚིག་གི་ཐ་སྙད་མེད་པ། མིང་ཙམ་འདི་ཞེས་བསྟན་པར་ནི། །ཀུན་ཏུ་བཟངཔོསམཚོནདུམེད། །དེ་ཡི་ཐིག་ལེ་ཀུན་འདུས་རྟོགས། །ཞེས་གསུངས་སོ། །ཐིག་ལེ་གདམས་ངག་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྩལ་དངས་རིན་ཆེན་གྱིས། །ཀ་དག་དྲི་མེད་སྟོན་པ་ལ། །སྤྱི་ཏིའི་འབྲུ་དགུ་གསང་སྔགས་ཀྱི། །སྙིང་པོ་བཅུ་སེམས་འོད་གསལ་གྱི། །དཀྱིལ་འཁོར་གནད་རྣམས་ཇི་ལྟར་དགྲོལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དགུ་རྩེ་ཞེས་པ་ནི་ཐེག་དགུའི་རྒྱལ་པོ། །སྤྱི་ཏི་ཞེས་པ་ནི་བརྒྱད་ཁྲི་བཞི་སྟོང་གི་དཔྱིས་ཕྱིན་པར་སྟོན་པའོ། །ཀ་དག་ཅེས་པ་ནི་ཡེ་ནས་སྒྲིབ་གཡོགས་དང་། བག་ཆགས་ཀྱི་དྲི་མ་དང་། མ་རིག་པའི་མུན་པ་དང་། ཉོན་མོངས་པའི་དྲི་མ་ཀ་ནས་དག་པའོ། །དངོས་མེད་ཅེས་པ་ནི་སེམས་ཉིད་ལ་དངོས་པོ་གང་ཡང་མེད་པའོ། །བློ་འདས་ཞེས་པ་ནི་བློ་བྱེད་པ་པོ་ལས་འདས་པའོ། །ཟང་ཀ་ཞེས་པ་ནི་གཤིས་མ་བཅོས་པ་རྣལ་མར་གནས་པའོ། །སེམས་ཞེས་པ་ནི་མ་བྱས་མ་བཅོས་པར་སྣ་ཚོགས་སུ་འབྱུང་བའོ། །དཀྱིལ་ཞེས་པ་ནི་ཐིག་ལེ་གང་ཡིན་པའོ། །འཁོར་ཞེས་པ་ནི་རྩལ་མ་འགགས་པའོ། །འོད་ཅེས་པ་ནི་སྣང་བའོ། །གསལ་ཞེས་པ་ནི་མུན་པའི་སྒྲིབ་གཡོགས་གང་ཡང་མེད་པའོ། །གསང་བ་ནི་སྨྲར་མེད་པ་སྤྱོད་ཡུལ་དུ་མ་གྱུར་པའོ། །སྔགས་ཞེས་པ་ནི་ཡོན་ཏན་གྱི་འབྱུང་ནས་བརྗོད་པ་ལ་བྱའོ། །ངོ་བོ་ཉིད་ཅེས་པ་ནི་དངོས་པོ་མེད་པ་མི་དམིགས་པ་ཀུན་ཏུ་འབྱུང་བའི་གཞི་ལ་བྱའོ། །ཇི་བཞིན་ཞེས་པ་ནི་མ་བཅོས་མ་བསླད་པའོ། །དེ་བཞིན་ཞེས་བྱ་བ་ནི་མ་བྱས་མ་བརྟགས་པའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མ་ནོར་མི་འགྱུར་བ་ལ་བྱའོ། །སྙིང་པོ་ཞེས་པ་ནི་རྩལ་དང་རང་བཞིན་ལ་བྱའོ། །ཡང་སྙིང་ཞེས་པ་ནི་བྱེད་པ་པོ་མེད་པ་བྱ་བས་བཙལ་དུ་མེད་པས་ཡང་སྙིང་ངོ་། །བཅུད་ཅེས་པ་ནི་ཉིང་ཁུའམ་སྙིང་པོ་འདུས་པ་མ་བཅོས་པའོ། །སྐྲུངས་ཞེས་པ་ནི་ཐིག་ལེའི་བཅུད་འདུས་ཤིང་སྐྲུངས་པའོ། །བཅུད་ཐིགས་ཞེས་པ་ནི་གདམས་པའི་སྐལ་པ་དང་ལྡན་པ་ལ་བབས་པའོ། །བདུད་རྩི་ཞེས་པ་ནི་ཉོན་མོངས་པ་དུག་ལྔའི་བདུད་ལ་སྐུ་ལྔ་ཡེ་ཤེས་ལྔའི་རྩིས་འདུལ་ཞིང་འཇོམས་པའོ། །འཁོར་བ་ཞེས་པ་ནི་སྡུག་བསྔལ་ཟད་པར་བྱེད་པ་དང་བཅས་པའོ། །ཐོག་མ་ཞེས་པ་ནི་མ་བྱུང་མ་སྐྱེས་ཅི་ཡང་མེད་པ་ཐ་སྙད་ལས་འདས་པའོ། །ཐ་མ་ཞེས་པ་ནི་སྐལ་ལྡན་གཅིག་འགྲོ་དྲུག་གི་གཡང་ས་ཆོད་ནས་རང་ངོ་ཤེས་ཤིང་སངས་རྒྱས་པའོ། །གཅོད་ཅེས་པ་ནི་མན་ངག་གོ། །རྒྱུད་ཅེས་པ་ནི་རྒྱུན་མ་ཆད་པའོ། །དགོངས་པ་ཞེས་པ་ཆོས་ཉིད་ལའོ། །ངེས་པ་ཞེས་པ་ནི་མ་ནོར་པའོ། །འགྲེལ་པ་ཞེས་པ་ནི་ཡེ་ཤེས་སོ། །ཞེས་གསུངས་སོ། །རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་གསལ་གྱི་རྒྱུད་ལས། གནད་འགྲོལ་བའི་ལེའུ་སྟེ་བཅུ་པའོ།། །།རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་འདུས་ཀྱི་རྒྱུད་ལེའུ་བཅུ་པ་རྫོགས་སོ།། །།ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ལོ་སྣྲོ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས།རྒྱལ་པོ་ཁྲི་སྲེང་ལྡེའུ་བཙན་ལ་གདམས་ཏེ་རིན་པོ་ཆེའི་གཏེར་དུ་སྦས་སོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། གསང་རྒྱ།། །། རྒྱ་གར་སྐད་དུ། ནི་དྷིཧྲི་ད་ཡ་རརྙ་ཀུཊ་ཏནྟྲ།

[[Category:རྙིང་མ་རྒྱུད་འབུམ།]] [[Category:རྙིང་མ་རྒྱུད་འབུམ། Vol 01]]

Revision as of 05:00, 20 March 2020

Front

Body