Ngb-pt-0884-vol-09-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-800-899/ngb-pt-0884-text.docx.wiki to Ngb-pt-0884-vol-09-text) |
(No difference)
|
Latest revision as of 10:50, 20 March 2020
Front
Body
ཤིན་ཏུ་གསང་བའི་རྒྱུད་ཆེན་འདི། རྒྱ་ཡིས་བཏབ་ནས་གཏེར་དུ་སྦས་སོ།། །། རྒྱ་གར་སྐད་དུ། ཨེ་མན་ཏྲ་མར་ཀྭ་ལ་ཏནྟྲ། བོད་སྐད་དུ། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད།འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །ཐམས་ཅད་སུམ་ལྡན་བདེ་བ་ཡིས། །ཟུངས་ཐུབ་མཚན་མ་ཀུན་སྤངས་ཤིང་། །ཡོན་ཏན་མ་ལུས་ཀུན་ལྡན་པས། །བདེ་བ་ཆེན་པོ་ཁྱོད་ལ་འདུད། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མཐའ་དབུས་མེད་པའི་ཕོ་བྲང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ན། འཇིག་རྟེན་པའི་དྲེགས་པ་ཅན་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འཁོར་རྡོ་རྗེ་སྙིང་པོ་ལ་སོགས་པ་མ་སྒྲིབས་ཆོས་ཀྱི་དབྱིངས་ན་གནས་པ་རྣམས་དང་། ས་ལམ་ལ་གནས་པ་རྣམས་དང་། སྒྲོལ་བ་ཕྱིན་ཅི་མ་ལོག་པ་རྣམས་དང་། དྲེགས་པ་འདུལ་བའི་ཁྲོ་ཚོགས་དང་། འཇིག་རྟེན་ཁྲམ་འདེབས་འཐོབ་པའི་ཚོགས་དང་། ཁྲག་སྒྱུག་གཤན་པ་སྲོག་ལ་རྔམ་པའི་ཚོགས་དང་། གདུག་པ་གསུམ་དང་བཅས་པའི་སྡེ་དཔོན་དྲེགས་པ་ཅན་དང་། ཐམས་ཅད་འདུས་པའི་དབུས་ན་འཇམ་པའི་རྡོ་རྗེ་སྙིང་པོས། རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །རྣམ་དག་ཆོས་སྐུའི་རང་བཞིན་ལ། །འགྲོ་བ་འདུལ་ཕྱིར་མཚན་མའི་སྐུ། །ཐབས་ཀྱི་རྒྱལ་པོ་བདེ་བ་ཆེ། །ཡེ་ཤེས་རོལ་པའི་ལས་རྣམས་ཀུན། །རྫོགས་པའི་ཚུལ་དུ་རྒྱས་མཛོད་ལ། །གདུག་པ་འདུལ་བའི་དོན་མཛོད་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཉམ་པ་ཉིད་མི་གཡོ་བ་ལས་རྔམ་ཚིག་དྲག་པོའི་ཏིང་ངེ་འཛིན་ལས་བཞེངས་ཏེ། །མྱེ་བཛྲ་སརྦ་དུ་གིན། །ཞེས་གསུངས་པས། འཇིག་རྟེན་ཐམས་ཅད་འུར། །རབ་ཏུ་འུར། ཆེམ་ཆེམ། རབ་ཏུ་ཆེམ། གཡོ་ཞིང་རབ་ཏུ་སྡེག་གོ ། དེའི་ཚེ་འཁོར་ཐམས་ཅད་བརྒྱལ་ཞིང་སྲོག་དང་བྲལ་དུ་ཆའོ། །ལུས་ས་ལ་བརྡེབས་ཤིང་སྨྲེ་སྔགས་འདོན་ནོ། །རིགས་པའི་རྒྱལ་པོ་བདེ་བ་ཆེ། །འཁོར་དུ་འདུས་པས་སྲོག་དང་བྲལ་དུ་ཉེ། །སྲོག་གི་སྙིང་པོ་འདི་བཞེངས་ལ། །དཀྱིལ་འཁོར་ཆེན་པོ་སྤྲུལ་པར་མཛོད། །ཅེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གཟིགས་ཏེ་རྔམ་པའི་སྒྲ་འདི་བསྒྲགས་སོ། །ཀུན་གྱི་རང་བཞིན་གཅིག་པ་ལ། །རྟོག་སྤྱོད་སྣང་སྲིད་ཀུན་ཁྱབ་བརྡལ། །ཡེ་ཤེས་ཆེན་པོ་ཀུན་འབྱུང་བས། །སྣ་ཚོགས་སྦྱོར་བ་རྒྱས་པའི་ཞིང་། །ཞེས་གསུངས་པས། འཁོར་རྣམས་ཀྱིས་ཐོས་ནས། འཁོར་གྱི་གཙོ་བོ་འཇམ་པའི་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཡང་དག་བདེན་པའི་ལམ་མཆོག་ལས། །གསང་བ་རིན་ཆེན་གབ་པའི་དོན། །ཟུང་འཇུག་ཐབས་དང་ཤེས་རབ་ལམ། །སྨོད་པོ་དྲག་པོ་རྒྱས་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཉིད། དྲེགས་པ་ཅན་འདུལ་ཞིང་སྨོད་པའི་ལས་རྒྱས་པར་མཛད་པའི་ཕྱིར། ཟིལ་གྱིས་གནོན་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་དཀྱིལ་འཁོར་གཙོ་བོ་འདི་ལྟ་ལྟ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དྲག་པོ་ཨེའི་གཞལ་ཡས་ཁང་ན། །སྟོབས་ཆེན་དྲེགས་པ་འདུལ་བའི་སྡེ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ། །འཁོར་ལོ་རྡོ་རྗེ་རལ་གྲི་གཡས། །བེ་ཆོན་ག་་ཤིང་སྡིགས་མཛུབ་གཡོན། །ཞིང་ཆེན་གཡང་གཞི་ཀོ་རློན་དང་། །སྟག་གི་ཤམ་ཐབས་རབ་ཏུ་མཛེས། །སྦྲུལ་དང་རིན་པོ་ཆེ་ཡིས་མཛེས། །སྙན་ཆ་མགུར་ཆུ་ཚངས་སྐུད་དང་། །ཕྱག་ཞབས་རོ་ཉེས་རབ་ཏུ་མཛེས། །དབུ་ལ་ཧེ་རུ་ལྔ་ཡིས་པའི་དབེན་གནས་སུ། །མཆོག་གསུམ་ཚང་བའི་མཚམས་གཅད་ལ། །མཎྜལ་མཐིང་ནག་གྲུ་གསུམ་ལ། །ཕུང་ས་གསུམ་དང་དུག་ཁྲག་སྦྲུ། །ལྷོ་རུ་རྩེ་བསྟན་རྩང་མར་བསྐོར། ཁྲ་ཆེན་སྙིང་སྣས་གཏོར་མ་བརྒྱན། །མོན་པའི་ཐོད་དང་དཔའ་བོའི་རྟ། ཁྱི་སྤྱང་བྱ་སྤྲེའི་ལུག་དང་དར། །རབས་ཆད་ནག་མོ་ཡུག་ས་ཕག །ནལ་བུ་རྒྱ་ཚིལ་བོང་བུ་སྦྲུལ། །འབྲས་བུ་གཅད་དང་དོན་སྙིང་ལ། །དྲེགས་པའི་དམ་རྫས་གཟུང་ལ་དབྱེ། །ལྟ་བ་ཆོས་ཉིད་ཟབ་མོའི་གདེང་། །དབང་རྫོགས་པ་ཡི་རྡོ་རྗེའི་གདེང་། །ཡེ་ཤེས་ལྷུན་གྲུབ་ཕྱག་རྒྱ་གསལ། །གཅོད་པ་སྤྱི་དང་སྒོ་ཡིས་གཟེར། །གནོད་བྱེད་གཟིར་བ་དེ་བཞིན་མིན། །ཆོས་སྐུ་མཉམ་རྫོགས་གཟིར་མི་དགོས། །ལོ་ཐོག་རྐམ་ཆགས་འཁྲུལ་བ་ཡི། །དུག་ལྔའི་ནད་ཀྱིས་ཟིན་པ་ལ། །བདེ་བའི་སྟོབས་མེད་ཞེན་ཆགས་ཅན། །ལོག་པའི་སྟོབས་གཞོམ་དྲག་པོ་གཟིར། །གཤིན་རྗེ་ལ་སོགས་དྲེགས་པ་ཡིས། །རང་རང་སྲོག་དག་སྤྱི་སྲོག་དྲིལ། །ཡི་གེ་གནད་ཀྱིས་འཇོམས་པར་བྱེད། ཁམས་གསུམ་དབང་བྱེད་དྲེགས་པ་ཅན། །དྲེགས་པའི་དེ་ཉིད་ཤེས་གྱུར་ན། །དྲེགས་པ་རང་གཤེད་རང་གིས་བྱེད། །ཀུན་གྱི་སྲོག་སྙིང་ཨེ་ལ་སྡུད། །འབྲུ་གསུམ་སྙིང་རྩ་མགྲིན་པར་གནས། །འབྲུ་གཉིས་མགོ་དང་ཡན་ལ་གནས། །གནོད་བྱེད་འབྲུ་དྲུག་ཤེས་རྒྱུད་དབབ། །དེ་ལ་སྔགས་ཀྱི་སྟོབས་ཀྱི་གཟིར། །རང་གཤེད་ཕྱག་ཆ་རང་ལ་བསྐོར། །ལྷ་རྟེན་བསྟན་ཐུབ་དགྲ་ལ་དབྱུང་། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཕཊ། བདག་ཉིད་སྐུ་གསུང་རྫོགས་པར་བསྒོམ། །སྟོབས་ཀྱི་དྲག་སྔགས་འབུམ་ཚོ་བཅུ། །སྙིང་སྣ་དམ་རྫས་གང་འགྲུབ་དབྱེ། །སྤྱི་དྲིལ་ལས་དང་རང་རང་དབྱེ། །མྱུར་དང་སྟོབས་དཔག་མེད་པ་འབྱུང་། །བསྒྲུབ་བྱ་རང་གི་ཤེས་རྒྱུད་ལ། །རྣོ་དབལ་མཚོན་ཆའི་ཡི་གེ་གནས། །སྙིང་ལ་དྲི་གནས་མགྲིན་པར་ཧཱུཾ༷། །ལྟེ་བར་ཐུགས་དང་གསང་བར་ཛ། །ཀླད་པར་ཏྲིག་གནན་མགོ་སྟེངས་ནན། །རྩ་བཞི་མདུད་པ་འབྲུ་བཞི་གཅོད། །མཚོན་ཆའི་རྒྱལ་པོ་རྣོ་དབལ་ལྡན། །རྩ་སྲོག་ཤེས་རྒྱུད་དྲན་པ་གཅོད། །དེ་བསྐུལ་མཚོན་ཆ་རྒྱུད་ལ་ལྡང་། །སྟོབས་ཀྱི་སྔགས་ཀྱིས་འཕེན་པར་བྱེད། ཨེ་བཛྲ་སརྦ་དུ་་མི་ཏྲིག་ནན། །ཨེ་ཧུར་ཐུམས་ཛ་མྱ་ར་ཡ་རྦད། དེ་ཡི་སྦྱོར་བ་སྟོབས་ཞན་ན། །མིང་དང་སྙིང་པོ་འབྲུ་རེ་སྦྱར། །འབྲུ་བཞི་མཚོན་ཆའི་སྟོབས་ཀྱིས་གཅད། །ལས་དང་སྦྱོར་བ་རྩ་དང་སྲོག །ཐམས་ཅད་འདོད་དང་མི་འཇིགས་གཅོད། །གང་བརྩམས་ལས་ལ་དོན་མེད་ན། །སྟོབས་དང་བཅས་པ་དྲིལ་ལ་རྡེག །རང་ལུས་བསྟན་པའི་ཤེས་རྒྱུད་ལས། །བཛྲ་སརྦ་དུ་་གནས། །རང་ལུགས་གནས་པའི་གོ་ཆས་བསྲུང་། །ཞེས་གསུངས་སོ། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་སྔགས་ཀྱི་སྙིང་པོ་འདི་གསུངས་སོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་ཛ་ཡ ཨེ་བཛྲ་སརྦ་དུ་། ཏྲིག་ནན། ཧུར་ཐུམས་ཛ། ཨེ་ཤཱ་ར་ཡ་རྦད་སྲོག་ལ་ཨེ་བ༷་ཙ་ཤ་རུ་ཧི་དྲི་མུ་ར་ཡ་རྦད། སྲོག་ལ་སྨྱུ་ར་དྲི། སྲོག་ལ་ཙིལྟི་གུ་ལ་དྲི་མྱ་ར་ཡ་རྦད། སྲོག་ལ་ཨེ་བ༷་ར༷་ཡ༷་ཁ༷་དྲི་མྱ་ར་ཡ་རྦད། སྲོག་ལ་ཁྱེར་ཆུང་ཁ༷་ཤག་མྱ་ར་ཡ་རྦད། དྲི་ཧུར་ཐུམས་ཛ། སྟམ་པ་ཡ་ནན། ཨ་གུ་ཤ་ཛ། ཨག་ནེ། ཛ་ལ་ར༷། སྲོག་ལ་ཀི་ལི་ཀི་ལ་ཡ། ཏྲིག་ནན། བིག་ནན། སྙིང་གཏིར་སྦུར་ནན།ཧུར་ཐུམས་ཛ། མྱག་ཐུམས་རིལ་རྦད་ཡ། མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། དྲག་སྔགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་དྲེགས་པ་ཆན་ལ་དབབ་པའི་འཕྲིན་ལས་འདི་གསུངས་སོ ངོ་བོ་མ་བཅོས་བདེ་བ་ཆེན་པོའི་ངང་། །ཆོས་ཉིད་ཡེ་ནས་ལྷུན་གྱིས་གྲུབ། །ཡེ་ཤེས་དཀྱིལ་འཁོར་སྣང་ལ་རང་བཞིན་མེད། །སྤྲུལ་པ་སྣ་ཚོགས་ལོག་རྟོག་མཁས། །ཐ་སྙད་ཚིག་རྣམས་དོན་གྱིས་ཡང་དག་སྟོན། །དེ་ལྟར་རྟོགས་ནས་སངས་རྒྱས་ཉིད་ཡིན་པས། །དེ་ལ་གསད་དང་གནན་པ་མེད། །བདེན་དོན་མ་རྟོགས་སྡུག་བསྔལ་ཕུང་པོར་སྨིན། །ལུས་ངག་སེམས་ཀྱི་འདུ་བྱེད་ཀྱིས། །གཞན་པས་ལྷག་པས་སྟོབས་རྙེད་པས། །དྲེགས་པའི་ལུས་ངག་སེམས་སུ་སྣང་། །གདུག་པའི་སེམས་ཀྱིས་གནོད་ཅིང་རྔམ། །དེ་ལ་སྔགས་ཀྱི་སྦྱོར་བ་སྡེབ། །དྲེགས་པའི་དེ་ཉིད་ཤེས་གྱུར་ན། །དྲེགས་པ་རང་གཤེད་རང་གིས་བྱེད། །ཡི་གེ་སྤྱི་ཡིས་གཟིར་བྱས་ལ། །དྲེགས་པའི་རྣམ་ཤེས་ཡིག་འབྲུ་གཅིག །འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས། །སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན། །གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། །རང་སྲོག་རང་གིས་གཅོད་པར་བྱེ། །དྲེགས་པ་སྤྱི་ཡི་ལས་སུ་བཤད། །དྲེགས་པ་སྒོས་ཀྱིས་སྦྱོར་བའི་སྟོབས། །ལས་དང་ནུས་པར་སྦྱར་ལ་གཟུད། །གཟིར་དང་སྲོག་ལ་རྦད་པའི་ལས། །རང་གནད་གཤོམ་པ་འདི་ལྟ་སྟེ། །ཞི་ཁྲོ་གཤིན་རྗེ་ཕུར་པ་དང་། །མ་མོ་བདུད་མོ་སྲིན་མོ་དང་། །བདུད་དང་མུ་སྟེགས་རྒྱལ་པོ་བཙན། །དམུ་དང་རུ་དྲ་སྲིན་པོ་དང་། །གནོད་སྤྱིན་སྐྱེས་བུ་གིང་དག་དང་། །ཕུག་བདག་སྲིད་ཅན་གདུག་པ་གསུམ། །དེ་ཉིད་མ་ཤེས་རང་སྲོག་གཅོད། །དྲེགས་པའི་ཕྱག་ཆ་རང་ལ་འཁོར། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་འདི་དག་གསུངས་སོ། །ཨེ་བཛྲ་སརྦ་དུ་སྐྱིན། སརྦ་ཤ་ཏྲུ༷་ཨེ་ཤི་བཛྲ་ཀྲོ་དྷ། ཨོ་ཡ་མ་ཡ། མ་མ་རུ་ལུ་མ་དུན་ཏིང་ཀི་ལ་ཡ་རྟཏི་ར་ཏི་ཀ །རུ་་། དུ། དེ་བ། ཨ། དུང་ཏིང་མེ་མུན་མུན། པ་ར་ཛ། རག་ཤར། རག་མོར། ཡག་ཤ །ཀྟ། ཡག་མོ། ཀྟ། ཤུ་ལ་ཛ། བཛྲ་སརྙུ། ཧ་མ་ཤད་ཏྲི། རུ་ཏྲི་རུ་ས་ནཱ་ག་ཕུ། དེ་སྔགས་ཀྱི་གྲོང་ཁྱེར་དེ། སྔགས་པ་ནང་འགྲས་པའི་ལྷ་འདྲེ་རྒྱུད་ལ་གནོད་པ་དང་། རྟགས་དང་སྦྱར་ཞིང་སྔགས་ཀྱི་ཕྱག་ཆ་རང་ལ་བསྐོར། །རྟགས་རྣམས་འཁྲུགས་ན་སྟོང་སྲོག་གཅིག་ཏུ་དྲིལ་ལ་གཟིར། །བདུན་ནམ་བཅུ་བཞི་ཉི་ཤུ་གཅིག །གསུམ་མམ་ལྔ་རུ་དྲག་པོ་གཏིར། །དང་པོ་རང་བསྒྲུབ་སྙིང་པོ་དྲང་། །ཀླད་དུ་གཟིར་ཞིང་དགུག་པར་བྱ། །བོས་ཤིང་གཟིར་ལ་སྲོག་སྙིང་དབྲོག །མིང་དང་རྣམ་ཤེས་འབྲུ་བཞིས་གཅོད། །ཐ་མ་གནན་བསྲེག་དམ་བདར་གཅེས། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། དྲེགས་པ་གཟིར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསད་པ་ལས་ཀྱིས་རང་གཤེད་མཚོན་ཆ་རང་བཟློག་གི་འཁོར་ལོ་འདི་གསུངས་སོ། །ཕུངས་པའི་འབྲུབ་ཁུང་མཐིང་ནག་ཏུ། །མཚོན་ཆ་དམར་པོའི་སྲིན་མོ་ཁྲོས། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །འཁོར་ལོ་རིམ་པ་གསུམ་པ་སྟེ། །དྲག་པོ་དབང་ལ་འཁོར་ལོ་བརྒྱད། །དྲེགས་པ་གང་བསྒྲུབ་ལྟོ་བར་བཅའ། །མིང་དང་རྣམ་ཤེས་བསྒྱུར་ཅིང་གསད། །རང་གཤེད་རང་ལ་དབབ་ཅིང་བསྐོར། །དེ་ཡང་ལུས་སེམས་མ་ཕྱེད་ན། །དུག་ལྔ་ལས་ཀྱི་འཁོར་ལོ་བསྐོར། །དུག་གསུམ་ཤེས་པ་ཨར་ལ་གཏད།ཙིཀྟ་གནད་ལ་དབབ་ཅིང་གསད། །འབྱུང་བ་དཀྲུག་པས་ཕུང་པོ་འཇིག །རང་སྒྲུབ་དམ་ཅན་རང་ལ་བཟློག །ཙིཏི་དཀྲུག་པའི་སྔགས་དང་སྡེབ། །གཤེད་པོ་ལས་རྒྱལ་ལྟོ་བར་གསད། །འགུ་རུ་སེང་གེའི་ཁོག་མིག་གཤིག །དམཚིག་དང་ལྡན་སྔགས་པ་སྤྱི། །རྡོ་རྗེ་སྐྲུན་དང་ཨ་ཏིང་པ། །ལས་ཀྱི་སྐབས་སྦྱར་འཁོར་ལོ་དཀྲུག །འདི་མིན་ལས་གཞན་སྐྲུག་པས་བྱང། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། །གསད་པ་ལསཀྱིསྲོགཏིག་ལས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱིན་ཐང་དྲག་པོ་ཆུ་འཁྱགས་དབབ་པ་འདི་གསུངས་སོ། །གཉན་ར་གདུག་པའི་གནས་དག་ཏུ། །རབ་ཆད་ཐོད་པ་སྤྱང་ཁུའི་ཁྲག །གསུམ་པ་ཁྲག་གིས་ཁ་ས་བསྐུ། ཁྲག་ཏུ་ཡུལ་མི་སྲུན་པ་གཞུག །རྟ་ནག་ལུག་ནག་ཁྱི་དཀར་སྙིང། །ར་དམར་རྒྱ་བོ་སྦྲུལ་གྱི་སྙིང་། །དྲི་བོ་རབས་ཆད་ནག་པོའི་སྙིང་། །དམ་རྫས་བརྟེན་ལ་སྡེ་བརྒྱད་རྟེན། །ཐོད་པ་དུམ་བུར་ཡུགས་ས་རྨེ། །དྲི་དང་རྣོལ་གྱི་ཁྲག་བླུགས་ལ། །དྲག་སྔགས་འབུམ་ཚོ་བཅུ་རེ་བསྟིམ། །ཏ་ཚོ་གསུམ་པོ་མེ་ཐབས་ཚུལ། །ཡུལ་གྱི་རྐང་མདུན་དབུས་སུ་གཞུག །དྲི་དང་བཟློག་སྔགས་སྔོན་དུ་དབབ། །མ་ཕེབས་སྦྱོར་བ་སྟོབས་ཞན་ན། །སྡེ་བརྒྱད་སྙིང་པོ་གནས་ནས་དབྲོག །དམར་ནག་དུག་ཁྲག་ཀློང་དུ་བསྡུ། །སྔགས་རྣམས་དཀྲུགས་ལ་སྡེ་བརྒྱད་གཟེར། །སྙིང་སྣ་བསྲེག་ལ་འོག་ཏུ་གཞུག །གཤིན་རྗེ་གཤེད་དང་སྟོབས་ཆེན་བསྒོམ། །སྙིང་པོ་འབྲུ་བརྒྱད་དབྲོག་ཅིང་སྡུད། །དེ་ཡིས་ཆོ་དགོད་རི་ལྟར་གཏིབས། །དྲིལ་དང་རྟོགས་བསྣོལ་མར་བསྲེག །དེ་ནས་བཅོམ་ལྡན་འདས་ཀྱིས་ཆུ་འཁྱགས་དབབ་པ་འདི་གསུངས་སོ། །ཨེ་བཛྲ་སརྦ་དུ་སྐྱིན། མ་མ་ཡ་མ་རཛམུསཏྲིགནན། ཀུམཧྲི་ཏ་ཕྲ༷་ཕྲ༷་ཤར་ཤར་ཁ༷་ཧུར་ཐོག་ཕོབ། ཏྲི་ས་མུ་ཙ་ད་ལ་ཡ། ཧྲིལ་ཤར་ཕྲོ༷་ཕྲོ༷། ཡ་མ་མུ་ཙ་ཛ་ཙ་མུན་ས་ཏྲི་ཧུར་ཐུམས་ཛ། ཏིག་ནན་ཕྲ༷་ཕྲ༷་ཧྲིལ་ཧྲིལ་ཁ༷་ཤར་ཧྲིལ་ཧྲིལ་སྦྱོ་སུ་ཏྲི་ནན་ས་ན་ཁ༷་༄༅། ཁྲར་ཧྲིལ་ཕོབ། དེ་ཡིས་འཁྱགས་པ་རི་ལྟར་སྤུང་། །མ་ཕེབས་སྦྱོར་བ་སྟོབས་ཆུང་ན། །ཞིང་ལྤགས་རྒྱངས་ལ་གསུམ་དུ་བསྐོར། །དབུས་སུ་ཐིག་བཞི་ལེ་ཚེ་བརྒྱད། །ཕྱི་རིམ་རྩིབས་དྲུག་ཡ་ལེགས་མཚོན། །ལྟེ་བར་ཨེ་དང་བཛྲ་ལ། །ཕྱོགས་བཞིར་སྟོབས་ལ་མཚམས་བཞི་སྲོག །དྲུག་ལ་སྲོག་དབྲོག་གཟེར་བ་སྟེ། །ཐ་མར་མཚོན་ཆ་འབྲུ་བཞི་གཅོད། ཁ་སྦྱར་བཅས་ལ་དྲུག་མེས་བདུག །དེས་སུ་ལས་རྣམས་འགྲུབ་པར་བཤད། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། ཆུ་འཁྱགས་དབབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་རྣམས་ཀྱི་རྟགས་གཟུང་བ་འདི་གསུངས་སོ། །སྔགས་པ་རྦོད་གཏོང་འདྲས་པ་འམ། །དྲེགས་པ་ཚོགས་ཀྱིས་རྟགས་བསྟན་པ། །མོན་དང་ཞིབ་ཆེན་མཛེ་ཅན་རྣམས། །གཤིན་རྗེ་ཡི་ནི་རྟགས་སུ་བཤད། ཁྲག་མཚོ་མོན་པ་མ་མོའི་རྟགས། །མེ་འབར་ཕུར་པ་ན་བུར་རྟགས། །བྱ་ནག་ཤིན་ཆེན་བདུད་ཀྱི་རྟགས། །འབག་སེང་རྩད་པོ་རྒྱལ་པོའི་རྟགས། །ནག་མོ་བཞད་འཕྲོ་བྱ་ནག་འཐབ། །མེ་འབར་འཚེགས་པ་བདུད་མོའི་རྟགས། །རྗེའུ་དང་བན་རྙེ་དགེ་བསྙེན་རྟགས། །རྟ་པ་ཁྱི་སྤྱང་བཙན་གྱི་རྟགས།ཁྱི་དམར་ཁྲག་མཚོ་ཐེ་བྲང་རྟགས། །གཡག་དང་བོན་པོ་མུ་སྟེགས་རྟགས། །རྒོལ་དང་ཁྲོ་ན་རྦོད་གཏོང་ཡིན། །ལས་བྱེད་གར་ཐབས་ཤ་ལ་རོལ། །དེད་དེད་རྟགས་ན་ཐུབ་པའི་རྟགས། །རྨི་ལམ་སྣ་ཚོགས་སྤྱི་ཡི་བརྒྱད་རྫས་ཀྱི་དུ་བས་བདུག །དྲེགས་པ་གནད་ལ་དབབ་པར་བཤད། །བསྲེག་པ་མེ་ཡི་འཁོར་ལོ་དག །མེ་ཐབ་བཅས་ལ་མེ་ལྷ་བསྐྱེད། །ལིང་ག་གདུག་ལ་དུག་ཆུ་བླུགས། །དྲག་སྔགས་བྲབ་ཅིང་བསྲེག་པར་བྱ། །ལས་རྣམས་རྫོགས་ནས་སྟོང་ཉིད་ལ། །དྲེགས་པ་ཐམས་ཅད་ཞི་བར་འགྱུར། །ཕྱིས་ཀྱི་དངོས་གྲུབ་བསྡུ་བར་བྱ། །ལྷ་ལ་སྟོང་པའི་རྒྱ་ཡིས་གདབ། །ཅེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །སྔགས་ཐུབ་གཟིར་ལ་དབབ་བྱ་བ། །ཐོད་ཁྲག་དུག་ཆུ་སྟོང་བསྐོར་ཚད། །ལྡན་པ་གསུམ་གྱི་ཟོར་དུ་འཕང་། །ཉུངས་ཀར་ཐལ་ཆེན་རྡོ་ཐུན་བྲབ། །གཟུགས་དང་ཐལ་བ་དོང་དུ་རེ། །གནས་པ་གསང་བའི་ལས་སུ་རིག །ཅེས་གསུངས་སོ། །མཚན་ནག་པོའི་རྒྱུད་ལས། ལས་ཀྱི་མཐའ་སྡུད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལ་རྒྱུད་གཏད་པ། །ཨེ་མ་རྡོ་རྗེ་སྙིང་པོ་ཆེ། །ང་ཡི་བཀའ་རྒྱུད་མེ་ལྕེ་འདི། །རྒྱལ་བ་ཀུན་གྱི་མཛད་སྤྱོད་དེ། །ཀྱེ་མ་རྡོ་རྗེ་བསམ་དཔག་དཀའ། །སྟོང་ཕྲག་བདུན་དང་བརྒྱ་ཕྲག་བརྒྱད། །སྙིང་པོ་དོན་གྱི་དོན་བསྡུས་པའོ། །བརྗོད་པ་ཀུན་གྲོལ་བཀའ་དང་ལྡན། །བདེ་བ་གཅིག་གིས་བསྒོངས་པ་འདི། །སངས་རྒྱས་སྤྱོད་ལམ་ཀུན་གྲོལ་མེད། །གབ་པ་གསང་བའི་ལམ་ཆེན་འདི། །རིམས་ཅན་རྡོ་རྗེ་སྙིང་པོས་བཟུང་། །ང་ཡི་བཀའ་ཡི་གསང་རྒྱུད་འདི། །མ་འོངས་དམ་ཅན་སྒྲུབ་བྱེད་ན། །ང་ཡང་དམ་ལས་མ་ཡེལ་སྲུན། །རྡོ་རྗེ་བདེ་བའི་རྒྱལ་པོ་དང་། །སྟོབས་དཔག་མེད་པའི་ཁྲོ་ཚོགས་ཀུན། །དམ་ཅན་སྒྲུབ་བྱེད་བསྲུང་ཞིང་གནས། །རྒྱུད་ཀྱི་སྙིང་པོ་རབ་ཏུ་ཟུངས། །རྣམ་རྟོགས་མཚན་མ་རང་གྲོལ་བའི། །རྡོ་རྗེ་རྒྱལ་པོ་བདེ་བའི་བཀའ། །ལྕགས་ཐོག་སྐྲུ་གྲི་རྦད་ཆེན་འདི། །ལྷ་དང་མཁའ་འགྲོ་གསད་པ་ཡི། །ཐུན་མོང་རིགས་དང་ཐུན་མོང་ཀུན། །སྙིང་པོ་སྔགས་ཀྱི་གསང་རྒྱུད་ཟུང་། །དམ་ཚིག་འབྱུང་དང་ཐུགས་བརྩེའོ། །དེ་སྐད་གསུངས་པས། འཁོར་ཐམས་ཅད་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ། །དྲག་སྔགས་མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། རྒྱུད་གཏད་ཅིང་ཡི་རང་བའི་ལེའུ་སྟེ་དགུ་པའོ།། །།སྡེ་བརྒྱད་ཆན་ལ་འབེབས་ངགཤེབེང་་་བེངཅེ་་་་ངང་ཙ་་་་ཤང་རང་ ད་རང་ལ་འ བས་པའ་རྒྱུད། རྡ་རྗ་ཐགས་འ བས་སྐུའ་རྒྱུད་ ས་བྱ་བ་ལྷ་ཡུལ་དུ་གྲགས་པ་རྫགས་ས།། །།བལ་པ་བ་སུ་ད་ར་དང་བད་ཀྱ་སྒྲ་བསྒྱུར་གྱ་ལ་ ་བ་སླབ་དཔན་སངས་རྒྱས་ཡ་ཤས་ཀྱིས། བ་ར་ས་རུ་མཁའ་འགྲོ་དང་བཀའ་བགྲོས་ཏེ་བསྒྱུར་བའོ།། །།