Ngb-pt-0877-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:50, 20 March 2020

Front

Body

དུ། །གལ་འགྲོལ་སྔགས་བཤད་མི་འཚལ་ལམ། །གལ་པོས་སྔགས་ཀྱི་དེ་ཉིད་ཞུ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་འོངས་རྣམས་ཀྱི་དོན་ཕྱིར་དུ། །གལ་པོ་དེ་ཉིད་ཞུ་བ་ལེགས། །གལ་གྲོལ་དོན་རྣམས་ངས་བཤད་ཀྱིས། །འགྲོ་ལ་ཕན་ཕྱིར་གུས་པར་ཉོན། །རྟགས་ལ་རྟེན་པས་ཚད་མ་དེ། །གཏན་ཚིགས་ཀུན་ཏུ་གྲུབ་ཕྱིར་རོ། །དེ་ལས་བྱེ་བྲག་རྣམ་པ་བརྒྱད། །མིང་ནི་རྣམ་པ་གསུམ་ཡིན་ཏེ། །ཡི་གེ་མིང་དང་འཕྲིན་ལས་མིང་། །བདག་པོའི་མིང་ནི་གསུམ་དུ་སྦྱར། །ཡི་གེ་མིང་ནི་བརྡ་གྲགས་ཡིན། །འཕྲིན་ལས་མིང་ནི་ཞི་རྒྱས་བཞི། །འཁོར་ལོའི་ཁ་དོག་ལས་བཞིར་སྦྱར། །ཨ་སོགས་ཡུལ་བརྒྱད་ལས་བཞིར་སྦྱར། །བདག་པོ་འཇིག་རྟེན་འདས་པ་དང་། །འཇིག་རྟེན་པ་རུ་ཤེས་པར་བྱ། །གནས་ནི་རྣམ་པ་གསུམ་ཡིན་ཏེ། །བདག་པོ་གནས་དང་མིང་གི་གནས། །འཕྲིན་ལས་གནས་ནི་གསུམ་དུ་སྦྱར། །བདག་པོ་གནས་ནི་འཇིག་རྟེན་དང་། །འདས་པ་རྣམ་པ་གཉིས་ཡིན་ཏེ། །འཇིག་རྟེན་བདག་པོ་ཕྱེད་སྲོག་བདག །འདས་པ་རྫོགས་པའི་བདག་པོར་གྲགས། །འཇིག་རྟེན་པ་ནི་ལྔ་འོག་སྟེ། །འདས་པ་གཅིག་འོག་གནས་པ་ཡིན། །མིང་གི་གནས་ནི་སྒྲུབ་བྱ་གཉིས། ཁོ་ཡི་མིང་ནི་བདག་སྔགས་བར། ཁོ་ཡི་མིང་ནི་ཁོ་རང་གི །ལྷ་སྔགས་བར་དུ་གཞུག་པར་བྱ། །འཕྲིན་ལས་གནས་ནི་གསུམ་ཡིན་ཏེ། །རྩ་བ་འཁོར་ལོ་དྲག་སྔགས་གསུམ། །རྩ་གནས་མཇུག་ལ་འཁོར་ལོ་གཉའ། །དྲག་སྔགས་བར་དུ་གནས་པར་འདོད། །མི་གནས་གཉིས་ཀྱི་ཐ་མ་ནི། །ཡིག་བརྡ་ལྷ་ཀླུ་མི་རུ་སྦྱར། །སྦྱར་བ་རྣམ་པ་གསུམ་ཡིན་ཏེ། །ཡི་གེ་དོན་དུ་སྦྱར་བ་དང་། །འཕྲིན་ལས་དོན་དང་བདག་པོ་གསུམ། །ཡི་གེ་དོན་སྦྱར་རྣམ་པ་གཉིས། །སྔགས་གྲུབ་པ་དང་བཏུ་བ་ཡིན། །འཕྲིན་ལས་དོན་སྦྱར་ལས་བཞི་དུས། །ཐབས་ཀྱི་མགོ་མཇུག་གཉིས་སུ་བཏང་། ཁྲེས་རབ་དེ་བཞིན་སྤགས་པ་དང་། །སྤོགས་པའི་དུས་སུ་གོ་ཟློག་སྦྱར། །བདག་པོ་དོན་སྦྱར་ཐུགས་གསུམ་དུ། །ལྷག་དང་ཆད་དང་ནོར་དང་གསུམ། །རྟགས་ཀྱི་དབང་དང་གང་ཟག་དང་། ཁུད་ཀྱི་དབང་དུ་ཤེས་བྱ་སྟེ། །རྟགས་རྣམས་མེད་ན་ལྷག་ཆད་ནོར། །གཉན་ནས་ཉ་རུ་མི་འདོད་དང་། །ཉེ་ནས་གྲུབ་ཏུ་མི་འདོད་དང་། །གྲུབ་ནས་ལས་སུ་མི་བྱེད་དང་། །གང་ཡང་རྟགས་མེད་སྐྱོན་སྦྱར་བས། །དམ་ཉམས་བར་ཆོད་དབང་མ་འདུས། །མདོ་སྡེ་སྔགས་དང་འཕྲིན་ལས་སྦྱར། །གང་ཟག་སྦྱར་བ་ཁྱད་པར་ཅན། །མཐོང་ལམ་སྐྱེས་པས་ལྷས་བྱིན་པ། ཁུད་དབང་རང་དང་སྤྱི་གཉིས་ལས། །བཏུ་བ་མེད་པའི་རྒྱུད་སྔགས་ནི། ཁུད་མ་ཚང་སྟེ་རང་རྒྱུད་བཙལ། །དེས་མ་རྙེད་ན་རྟེན་འབྲེལ་སྦྱར། །རྒྱུད་དང་དབྱེ་བ་གསུམ་གསུམ་སྟེ། །ཡི་གེ་རྒྱུ་ནི་ཕ་མ་གཉིས། །བདག་པོ་རྒྱུ་ནི་ཡེ་ཤེས་དང་། །ལས་སུ་ཤེས་པར་བྱ་བ་ཡིན། །འཕྲིན་ལས་རྒྱུ་ནི་གོང་འོག་ཏུ། །འབྲེལ་བའི་སྟོབས་ཏེ་སྦྱོར་བ་ཡིན། །འཕྲིན་ལས་དུས་དང་སྔགས་སྒྲུབ་རྒྱུ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གལ་མདོ་འཕྲེང་བའི་འཁོར་ལོའི་རྒྱུད་ལས། ཚད་བརྒྱད་ཀྱི་ལེའུ་སྟེ་དང་པོའོ།། །།སོ་ནི་འབྲེལ་གཅོད་ངེས་པའི་དོན། །ངེས་ནས་དོན་ལ་འཇུག་ཕྱིར་རོ། །མགོ་བཅད་མགོ་གདགས་རྣམ་པ་གསུམ། །ལྷ་སྒྲུབ་ལས་སྒྲུབ་སྔགས་སྒྲུབ་གསུམ། །བཅད་གདགས་ཡིག་འབྲུ་བཅུ་གཉིས་ཡིན། །འདུག་ས་པོ་དང་མཐའ་རྟེན་གཞུག །ལྷ་སྒྲུབ་ལས་སྒྲུབ་སྔགས་སྒྲུབ་གསུམ། །ལྷ་པོ་གཉིས་ལ་བཞི་རུ་གྱུར། །འདས་པ་གཙོ་འཁོར་ལས་ཕོ་མོ། །སྔགས་དང་ལས་ལ་ལྔ་ལྔར་འགྱུར། །ཕྱི་ལ་སོགས་པ་རིམ་བཞིན་ནོ། །མཐའ་རྟེན་གཞུག་པ་དེ་བཞིན་ལས། །རང་གི་མཐའ་རྟེན་གཞན་མཐའ་རྟེན། །དགུག་དང་རྦད་པའི་ལས་སུ་ཤེས། །ཉིན་སྲིབས་ལྷ་ལས་སྔགས་དང་གསུམ། །ཞི་རྒྱས་དབང་དྲག་དབྱེ་བར་བྱ། །ཐབས་དང་ཤེས་རབ་མ་ནིང་གསུམ། །ལོང་བ་རྒྱབ་སྦྲེལ་གོང་བཞིན་སྦྱར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གལ་མདོ་འཕྲེང་བའི་འཁོར་ལེའི་རྒྱུད་ལས། སུ་ལྔའི་ལེའུ་སྟེ་གཉིས་པའོ།། །།ཐེམས་ནི་མི་འགྱུར་ནན་་ན་དོན། །མི་འགྱུར་གཏན་ལ་འབེབས་ཕྱིར་རོ། །ཕྱི་དྲུག་ནང་བཞི་གསང་བ་གསུམ། །གསང་ཆེན་གཉིས་སྦས་གཏེར་གཅིག་པ། །ལྷ་སྒྲུབ་ལས་སྒྲུབ་སྤྱིར་སྦྱར་བའོ། །སྔགས་སྒྲུབ་ལས་དངདེབཞིནནོ། །རྡོརྗེགཙུག་ལག་དྲག་པོ་ངན་སྔགས་གལ་མདོ་འཕྲེང་བའི་འཁོར་ལོའི་རྒྱུད་ལས། ཐེམས་ལྔའི་ལེའུ་སྟེ་གསུམ་པའོ།། །།གཅོད་ཅིང་ཅེས་པས་སོ་ཡིན་ཏེ། །བྱ་བའི་ལས་རྣམས་གྲུབ་ཕྱིར་རོ། །སོ་ནི་བརྒྱ་དང་ལྔ་བཅུ་སྟེ། །ཕྱི་དང་ནང་དང་གསང་བ་གཉིས། །གསང་ཆེན་དང་ནི་སྦས་པ་གཏེར། ཁྱད་པར་ཤིས་པ་སུམ་ཅུ་པ། །ཚད་ནི་ལྔ་རུ་ཤེས་པ་སྟེ། ཁྱད་པར་ཤེས་ན་ཤིན་ཏུ་ཟབ། །མ་ཤེས་སྭ་བཏགས་ལས་ཕྲན་འགྲུབ། །རང་ཐེམས་གཞན་ཐེམས་ཞི་དྲག་སྦྱར། །སྔགས་སྒྲུབ་སྦྱར་བ་ཞི་དྲག་གཉིས། །དམར་དྲག་སྭ་སྟེ་དབང་དྲག་གཉིས། །དཀར་དང་ཤིན་ཏུ་དཀར་པ་གཉིས། །ཞི་རྒྱས་སྭ་རུ་ཤེས་པར་བྱ། །འདི་བརྟེན་སྭ་ནི་དམར་ན་གཉིས། །ཛ་གཅིག་དྲངས་པས་དམར་པོ་སྟེ། །གཉིས་དྲངས་པ་ནི་ནག་པོ་ཡིན། །དེ་བཞིན་བརྒྱད་དང་ལྔ་བཅུ་སྦྱར། །དམར་པོ་གསང་ཆེན་སྦས་པ་གནག །བརྒྱ་དང་ལྔ་བཅུ་ཀུན་ལ་སྦྱར། །ལས་མཁན་འདས་དང་མ་འདས་དང་། །བསྒྲུབ་བྱ་དགྲ་བགེགས་གཉིས་ལ་སྦྱར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གལ་མདོ་འཕྲེང་བ་འཁོར་ལོའི་རྒྱུད་ལས། སྭ་བརྒྱ་དང་ལྔ་བཅུའི་ལེའུ་སྟེ་བཞི་པའོ།། །།སྡོམས་ནི་ཐམས་ཅད་བསྡུས་པ་སྟེ། །བྱེ་བྲག་ཚིག་ཏུ་སྣང་ཕྱིར་རོ། །ཆོལ་བུ་བཏུ་བ་རྣམ་པ་གསུམ། །རང་དང་གཞན་དང་སྤྱི་དང་གསུམ། །རང་ལ་བཏུ་བ་བསྒྲུབ་ལྔ་སྭ། །དམ་ཚིག་རྗེས་དྲན་གཅིག་ཏུ་དྲིལ། །གཞན་ལས་བཏུ་བ་དེ་བཞིན་ཏེ། །སྤྱི་ལས་བཏུ་བ་རྒྱ་གཙུག་གཉིས། །རང་ལས་བཏུ་བ་ལས་གྲུབ་པ། །གཞན་ལས་བཏུ་བ་མཐུ་འགྲན་དུས། །སྤྱི་ན་བཏུ་བ་ཁ་སྐོང་ཚུལ། །མང་པོ་གཅིག་སྦ༷་གསུམ་དང་ལྔ། །ལྷ་དང་སྔགས་དང་རྣམ་ཤེས་རེ། །བསྒྲུབ་པའི་ཐེམས་ལྔ་སོ་སོར་སྦ༷། །བསྙེན་སྒྲུབ་དྲུག་སོགས་གཅིག་ཏུ་དྲིལ། །སྔ་མི་མི་འདོར་དང་དུ་བཟླས། །མེ་ཆུ་འགལ་སོགས་རྣམ་པ་གསུམ། །ལྷ་སྒྲུབ་ལས་སྒྲུབ་སྔགས་སྒྲུབ་གསུམ། །འབྱུང་བ་མི་མཐུན་སྤྲད་པ་ཡིན། །ལྷ་སྔགས་བྱེད་དང་བསྒྲུབ་བྱ་གསུམ། །འུར་བ་དྲིལ་པ་གསུམ་ལས་དབྱེ། །ཤིན་རྩ་རྣམས་ལ་ལས་ལྔ་དབྱེ། །རྒྱས་པའི་དུས་དང་སྤོགས་པ་དང་། །རང་ལ་ལྔོག་པ་འུར་དྲིལ་ལ། །སྦྱོར་བ་བརྒྱད་དང་ལྔ་བཅུ་སྡེབ། །འུར་བའི་ལས་སྔགས་རྣམ་གསུམ་གདགས། །ལྷ་བསྒྲུབ་ལས་བསྒྲུབ་སྔགས་བསྒྲུབ་པ། །སྤྱི་སྦམ་ཡིན་ཏེ་ཀུན་ལ་སྦྱར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གལ་མདོ་འཕྲེང་བའི་འཁོར་ལོའི་རྒྱུད་ལས། སྡོམ་བཞི་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།གཟིར་བ་རང་དབང་མེད་པ་སྟེ། །རང་རྒྱུད་ནང་དུ་ལྡང་ཕྱིར་རོ། །གཟིར་གཉིས་ལས་ནི་དྲུག་ཏུ་འགྱུར། །ལྷ་བསྒྲུབ་ལས་བསྒྲུབ་སྔགས་བསྒྲུབ་གསུམ། །རང་བཞིན་གཟིར་བའི་ཡིག་འབྲུ་བཞི། །དྲག་པོ་བཞི་ལ་བཙན་ཐབས་བཞི། །འདི་ནི་རྫོགས་པའི་སྦྱོར་བ་སྟེ། །གཞན་ནི་སྔགས་སྒྲ་ཉམས་པ་ཡིན། །སྤྱིར་གཟིར་བ་ལ་ཡིག་འབྲུ་གཉིས། །གསད་དངགཟིར་དང་ཟིལ་གནན་གསུམ། ཁེ་ས་བདུན་གྱི་སྦྱོར་བ་ཡིས། །ལས་རྣམས་བརྒྱད་དང་ལྔ་བཅུ་སོགས། །མཐའ་རུ་འབྱིན་པར་བྱེད་པ་ཡིན། །ཟེར་གྱི་བསྒྲུབ་ལུགས་གཞན་བསྟན་པ། །མཐའ་བ་་ལུགས་དང་སྤོགས་པ་དང་། །སྤྱི་བསྒྲུབ་དག་དང་བསྲེ་བ་དང་། །གཟེར་གཅིག་བསྒྲུབ་པ་བྱ་བའོ། །བཞི་པོ་འདི་ལ་གོང་བདུན་སྦྱར། །གཟིར་བ་རྫོགས་པའི་ལས་སུ་བསྟན། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གལ་མདོ་འཕྲེང་བའི་འཁོར་ལོའི་རྒྱུད་ལས། གཟིར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།རྩིས་ན་གཞན་གྱིས་མཚན་ཉིད་དེ། །གསལ་བས་གཏན་ལ་འབེབས་ཕྱིར་རོ། །འཁྲུལ་འཁོར་འབྲེལ་བ་རྒྱ་ཡིས་རྫིས། །ཐེམས་གཏེམས་འཁོར་ལོ་གསུམ་གྱིས་རྫིས། །ཨར་གཏད་དྲག་སྔགས་གསུམ་གྱིས་རྩིས། །ལྷས་ལས་སྲོག་སྙིང་ལྔ་རུ་འགྱུར། །ལྷས་ལས་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་འཕྲིན་ལས་རྣམ་པ་ལྔ། །རྩ་བ་གཅིག་ཏུ་དྲིལ་དང་དྲུག །སྤྱི་དང་བྱེ་བྲག་ཚུལ་བསྟན་པའོ། །སངས་རྒྱས་སྐུ་བསྒྲུབ་ཆེ་མཆོག་སྟེ། །པདྨ་སངས་རྒྱས་གསུང་སྒྲུབ་པ། །རྡོ་རྗེ་ཕུར་པ་ཐུགས་བསྒྲུབ་པ། །བྱ་ཁྱུང་འཕྲིན་ལས་བསྒྲུབ་པ་ཡིན། །གསང་བདག་སྟོབས་ཆེན་ཡིན་པའི་ཕྱིར། །འདུས་པའི་སྒྲུབ་པ་ཡིན་པར་བཤད། །སྟོབསོ་ཆེན་ཡེ་ཤེས་ཁྱུང་ཆེན་གཉིས། །མཆོག་དང་ཐུན་མོང་ལས་བསྒྲུབ་ཅེས། །བསྟན་དང་འགལ་བར་མི་འགྱུརརོ། །དེབཞིན གཤེགསཔཐམས་ཅད་ལ། །སྲོག་མེད་སྲོག་སྙིང་ཇི་ལྟར་ལགས། །དྲི་བའི་ལས་དུ་བཤད་པ་ནི། །འདུ་འབྲལ་རླུད་གི་སྲོག་མེད་དང་། །དེ་རྟེན་སྐད་ཅིག་ཤེས་མེད་དང་། །ཐེམས་ཀྱིས་སེམས་ཅན་བསྐྱབ་པའི་ཕྱིར། །བྱིན་རླབས་སྣང་བའི་སྲོག་སྙིང་ཡོད། །བྱིན་རླབས་བསམ་གྱིས་མི་ཁྱབ་ཕྱིར། །དཔག་བསམ་བུམ་པ་ནོར་བུ་འདྲ། །འདོད་པ་ཡོངས་སུ་སྐོང་ཕྱིར་རོ། །དམ་ཚིག་རྗེས་དྲན་སྙིང་པོ་ནི། །རྒྱལ་བའི་སྤྱན་སྔར་སྲོག་ཕུལ་བ། །འདས་པ་ལ་ཡང་གནས་པ་སྟེ། །སངས་རྒྱས་ངོ་བོ་གཅིག་མོད་ཀྱང་། །རང་རང་རིགས་ཀྱི་བསྟན་པ་ལ། །འགྲོ་དྲང་དོན་དུ་གལ་མེད་དོ། །རང་དབང་མེད་པ་སྤོབས་པའི་སྔགས། །མཆོག་དང་ཐུན་མོང་གཉིས་ཀ་ཡིན། །དངས་མ་སྐྱེད་པ་སྙེན་པའི་སྔགས། །ནུས་པ་ཆེན་པོར་བྱེད་པར་འགྱུར། །རྣམ་པར་ཤེས་པ་རྒྱུ་ཡིས་སྔགས། །ཡིག་འབྲུ་གཅིག་ཏུ་གསུངས་པ་ཡིན། །རྗེས་མཐུན་སྒྲུབ་པའི་སྔགས་སུ་བཤད། །སྲོག་གི་སྙིང་པོ་དེ་ཀུན་ཀྱང་། །ལྷ་ལ་མཆོད་དང་ཐུན་མོང་སྟེ། །འཇིག་རྟེན་ལས་ཀྱི་ཁྱད་པར་བསྟན། །ཚད་མའི་སྔགས་བཞིས་གཏན་ལ་དབབ། །གསང་བའི་མདོ་རྒྱུད་ཀུན་ལ་བསྒྲག །མདོ་རྒྱུད་ལུང་པ་གཟུང་ཞེས་པ། །དོན་ལ་ཁྱད་མེད་ཚིག་གི་ཁྱད། །ཚིག་གི་འབྲེལ་བ་མཁས་པས་རྟག །སྤྱི་རྒྱ་ཞེས་བྱ་འབྲེལ་བའི་དོན། །རྒྱ་བདུན་དག་གིས་ཡོངས་སུ་འབྲེལ། །རྡོ་རྗེ་གཙུག་ལག་འཁོར་ལོའི་དོན། །བདུན་གྱིས་དོན་གསལ་རྟེན་འབེབས་ཕྱིར། །ཆོས་དབྱིངས་དོན་གྱི་འཁོར་ལོ་ཡི། །བདུན་དུ་རྟེན་མ་འབེབས་པའི་ཕྱིར། །རྡོ་རྗེ་གཙུག་ལག་འཁོར་ལོར་བརྗོད། །ཚིག་གི་བརྒྱ་བདུན་ཡོངས་སུ་འབྲེལ། །བརྒྱ་བདུན་སྔགས་ལ་འབྲེལ་པ་དོན། །གསང་སྔགས་ཐམས་ཅད་སྒྱི་རྒྱར་བརྗོད། །རྡོ་རྗེ་གཙུག་ལག་འཁོར་ལོ་དྲག་པོ་ངན་སྔགས་གལ་མདོ་འཕྲེང་བའི་འཁོར་ལོའི་རྒྱུད་ལས། རྩིས་ཀུན་ཏུ་རྒྱུག་པའི་ལེའུ་སྟེ་བདུན་པའོ།། །།གལ་པོ་དེ་ཉིད་དང་འབྲེལ་བའི། །ལས་རིགས་ཉི་ཤུ་རྩ་གཅིག་བཤད། །དེ་བཞིན་ཉིད་དང་ཀུན་སྣང་རྒྱུ། །དབང་ཆེན་དུར་ཁྲོད་ཕྱི་ནང་གསུམ། །བདུན་དང་བདུན་ནི་བཞི་ལས་བདུན། །གཙོ་བསྐྱེད་འཁོར་དང་ཡེ་ཤེས་སེམས། །བྱིན་རླབས་དབང་བསྐུར་སྤྱན་དྲང་བསྟན། །བདུན་ནི་བདག་པོ་ལས་འདུན་ཡིན། །ཕྱག་རྒྱ་དམ་བཅའ་ཕྱི་ནང་གསང་། །མཆོད་དང་བསྟོད་དང་སྨོན་ལམ་བཅས། །མཉེས་པའི་ལས་བདུན་བསྟན་པ་ཡིན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །ཚད་མེད་གཤིན་རྗེ་སྤྱི་དང་སྒོས། །དྲན་པ་བདུན་དུ་བཤད་པ་ཡིན། །ཡི་གེ་གཤིན་རྗེ་ཡི་གེ་དང་། །སྡིག་པ་རང་ལུས་འཁོར་ལོ་དང་། །ཡི་གེ་སྐྱེད་པ་བདུན་དུ་བཤད། །སྐྱེས་བུ་བསྙེན་དང་བསྒྲུབ་དང་ལས། །ཕྲོག་དང་གཟིར་དང་གསད་པ་དང་། །ཡོངས་སུ་རྫོགས་པའི་སྐྱེས་བུ་བདུན། །གནད་ལ་དབབ་ཅེས་བསྟན་པ་ཡིན། །ཕྱི་དང་ནང་དང་གསང་བ་དང་། །གསང་ཆེན་དང་ནི་སྦས་པ་གཏེར། །ཕྱི་དང་སྤོགས་༄༅ པའི་ལས་བདུན་ལ། །གནན་བསྲེག་འཕང་པ་སྦྱར་བར་བྱ། །གལ་པོ་དེ་ཉིད་དང་འབྲེལ་བའོ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་གལ་མདོ་འཕྲེང་བ་འཁོར་ལོའི་རྒྱུད་ལས། ལས་རིམ་ཉི་ཤུ་རྩ་ངངལེསྟེ་་་་འིཆེངངམེ་སྟེམེ་ཛེའ་སེ་སྤྲེམེ་་་་ཛེགཅག་ག་ འུ་ ་བརྒྱད་པའ།། །།གལ་མད་འཁར་ལ ་རྒྱུད་ ན་འད། །གསང་སྔགས་ཀུན་གྱ་ ་ལང་ ་ལང་མ ས་མའ་སྐྱན་ ལ་ཏ། ། འུས་ ་ལང་སྤང་བར་བྱད། །སྣད་ལྡན་མ ས་མ་ལྟ་བུ་སྤྲེངངངང་ང་དེ་་ཙུ་་ཕྲེ་་འི་ངལེསྟེལས། ། ལ་འདྲའ་མ་ལ་བསྟན་མ་བྱ། །རང་ལ་ཡ་ཆད་སྤང་འདར་བྱད། ། ས་ན་རབ་ཏུ་གསང་བ་བྱ། །རྡ་རྗ་ག ག་ལག་དྲག་པ་ངན་སྔགས་གལ་མད་འ ང་བ་འཁར་ལ ་རྒྱུད་ལས། ཡངས་སུ་གཟུང་བའ་ འུ་ ་དགུ་པའོ།། །།རྡོ་རྗེ་གཙུག་ལག་གལ་མདོ་འཕྲེང་བའི་རྒྱུད་ལས། གཙུག་ལག་མན་ངག་གིས་བཤད་རྒྱུད་རྫོགས་སོ། །རྒྱ་རྒྱ་རྒྱ། རྒྱ་རྒྱ། རྒྱ། རྒྱ། རྒྱ། རྒྱ་བཏབ་པའོ།། །།