Ngb-pt-0972-vol-10-text: Difference between revisions
m (Move page script moved page /home/ec2-user/Ngb/PT-900-975/ngb-pt-0972-text.docx.wiki to PT-900-975/ngb-pt-0972-vol-10-text) |
m (Move page script moved page PT-900-975/ngb-pt-0972-vol-10-text to Ngb-pt-0972-vol-10-text) |
Latest revision as of 08:01, 20 March 2020
Front
Body
བཏབ་ནས་ ཀྱང་། །ཚོགས་ཀྱི་བདག་ལ་ཕུལ་ནས་ནི། །ལྷུ་གཟུགས་ཐམས་ཅད་འཕྲལ་བར་ངེས། །ངས་གསུངས་ངས་གསུངས་པ་ཡི་ལུང་འདི་ལ། སྐྱེ་བོ་གང་ཞིག་དད་མོས་པ། །འཇིག་རྟེན་འདི་ཡི་ཡོན་ཏན་ཡང་། །ཡིད་བཞིན་ནོར་བུ་འབར་བ་བཞིན། །འཇིག་རྟེན་ཕྱི་མའི་དངོས་གྲུབ་ཀྱང་། །ཐར་པ་བདེ་བའི་འབྲས་བུ་ཡིན། །རིག་འཛིན་ས་ལ་གནོད་གདོན་མི་ཟ། །སྐྱེ་འགག་མེད་པའི་དངོས་གྲུབ་ཀྱིས། །མི་འགྱུར་རྡོ་རྗེའི་དངོས་གྲུབ་ཐོབ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དེ་སྐད་ཅེས་བཀའ་བསྩལ་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། རིགས་ལྔའི་སངས་རྒྱས་དང་། སྲིད་ཕྲའི་ཕྲ་མེན་རྒྱ་མཚོ་མ་ལ་སོགས་ཏེ་མ་མོ་སྟོང་གི་ཚོགས་དང་། ལྷ་ཆེན་པོ་གནོད་འདུལ་ལ་སོགས་ཏེ་གཡུང་དྲུང་གི་རིགས་མང་པོ་དང་། རྡོ་རྗེ་གཞོན་ནུ་ལ་སོགས་པ་རིག་འཛིན་གྱི་བུད་མེད་མང་པོ་དང་། ཧེ་རུ་ཀ་སྣའི་ལ་སོགས་ཏེ་འཇིག་རྟེན་གྱ་དབང་མོ་ཆེ་མང་པོ་དང་།གུས་པས་ཡིད་རབ་ཏུ་རངས་ཏེ། ཐར་པ་བདེ་བ་ཡང་ཐོབ་ནས། ཨ་ལ་ལའི་སྒྲ་ཕྱུང་ནས། རིག་འཛིན་དམ་ཚིག་ཅན་དུ་གྱུར་ཏོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། མོས་པ་དང་བསྐུར་བའི་སྐྱོན་ཡོན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་རྫོགས་སོ།། །།ཨུ་རྒྱན་པད་འབྱུང་དང་། ཙྭ་ན་ཀུ་མུ་རས་བསྒྱུར་ཅིང་ཞུས་སོ། །འབྲོག་མི་དཔལ་གྱི་ཡེ་ཤེས། ཐ་སྟོན་ཟླ་་༄༅ བཟང་པོ་ལ་སོགས་པའོ། །སྲིད་པ་མཚོ་བཞི་ནི་རྒྱུད། །སྐད་ལུང་ལས་ཀྱི་རྒྱ་མཚོ། །མཁའ་འགྲོ་ལས་ཀྱི་རྒྱ་མཚོ། །བྱང་ལུང་ལས་ཀྱི་རྒྱ་མཚོ། །དབང་ཕྱུག་ལས་ཀྱི་རྒྱ་མཚོའོ། །པརྙི་ཏ་ལྷུ་ཡ་གསང་བའི་དབང་ཕྱུག་དང་། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་རོ།། །།ཡུམ་གཟུང་མའི་དངོས་གྲུབ་ཆེན་མོའི་རྒྱུད་མ་མོ་སྲིད་པའི་རྫོང་ལུང་ཆེན་མོ་འབྲས་བུ་ངེས་པར་བསྟན་པའི་རྒྱུད་ཕྱི་མ་བཞུགས་སོ། །ཆོ་ག་རྫོགས་ལུང་ཆེན་པོ་འདི། །གང་གིས་རྙེད་པ་དངོས་གྲུབ་སྟེ། །མ་ཉམས་དག་ན་བསམ་པ་འགྲུབ། །དམ་ཚིག་གཙང་ན་རྙེད་པར་འགྱུར། །སྲིད་པ་གསང་བའི་རྫོགས་ལུང་འདི། །འགྲོ་བའི་དོན་ལ་དགའ་བ་དང་། །ཐེག་པ་ཆེན་པོ་གཙོར་ལེན་ཅིང་། །རྡོ་རྗེ་སློབ་དཔོན་མཆོད་བྱེད་ཅིང་། །ལུ་གུ་བརྒྱུད་ལ་བརྩེ་བསྡམས་པའི། །སྐལ་ལྡན་དེ་དང་འཕྲད་པར་ཤོག །གུ་རྒྱ་གསང་བའི་དབང་ཕྱུག་ལ། །ཤི་ཙྭ་ནས་གསང་བསྒྲུབས་པ། །བོད་ཡུལ་འཇིག་རྟེན་སྒྲོགས་པ་ནི། ། ཤི་ཙྭ་ནས་ཡང་དག་བཤད། །དེ་སྐད་དཔལ་གྱི་རྙོ་ན་གླེང་། །བཤོད་བགོད་ཉི་འོད་དྲག་ཤུལ་སྩལ་། །ལྔ་ཕུང་ཡན་ལག་མིར་སྣང་ཡང་། །སྔོན་གྱི་ཡོན་ཏན་བསོད་ནམས་ཆེན་པོ་དང་། །རང་བྱུང་ཡེ་ཤེས་རྩལ་ཆེན་ཏེ། །ལུ་གུ་རྒྱུད་ལ་རྩེ་བསྡམས་ནས། །ཆོས་ཉིད་རྣལ་འབྱོར་ལེའི་དཀྱིལ་འཁོར་གསུམ། །ཞི་བའི་སེམས་ཀྱིས། ཡེ་ཤེས་སེམས་དཔའ་རྫོགས་པ་ཆེན་པོའི་ས་དང་། ཀུན་ཏུ་བཟང་པོ་རྫོགས་པས་འཛིན་གྱི་ས་དང་། བྱང་ཆུབ་སེམས་ཐིག་ལེའི་རྒྱལ་མཚན་དང་། མི་གཡོ་བ་བདེ་ཆེན་པོའི་རྒྱལ་མཚན་དང་། མི་འགྱུར་བ་བྱང་སེམས་ཀྱི་ཐིག་ལེའི་བླ་མའི་རྒྱལ་མཚན་དང་གསུམ་མོ། །སྐུ་ཆེ་བའི་ཡོན་ཏན་གྱི་ལེའུ་ཉི་ཤུ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འགྲོ་བའིཆེ་མཆོག་བསྡུ་བ་དང་། །རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། །མངོན་རྫོགས་ཡབ་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །རྣལ་འབྱོར་པ་ཡི་ཚེ་མཆོག་ནི། །ཡང་དག་ཉིད་དུ་ངས་བཤད་དོ། ། དེ་ལ་ཚེ་ལུང་རྣམས་པ་མང་མཆིས་ཀྱང་། ལུས་ལས་མན་ངག་ཏུ་བསྒྲུབས་པས། མི་འཕྲོགས་པ་རྡོ་རྗེ་ངེས་པའི་ཚེ། འཕེལ་འགྲིབ་རྟེན་གྱི་ཚེ་དང་གཉིས་སོ། །དེ་ལ་མི་འཕྲོགས་པ་རྡོ་རྗེ་ངེས་པའི་ཚེ་ལབསྒྲུབ་པ་ཆེན་པོ་དུས་ལ་བབ་མ་བབ་བསྟན་པ་དང་། དུས་ལ་བབ་ན་རིགས་ལྔ་གང་དུ་འགྲོ། ཡང་བསྒྲུབ་པའི་ཐབས་དང་། ཡོན་བདག་ལ་རྒྱས་པར་བྱ་བ་དང་། ༼བསྒྲུབས་ནས་གཏམས་སྒྲུབ་གནས་བརྟག༽་ པའི་ས་དང་། སྔགས་མཁན་ཉིད་ལ་བསྒྲུབ་པ་དང་ལྔའོ། །དེ་ལ་བསྒྲུབ་པ་ཆེན་པོ་དུས་ལ་བབ་མ་བབ་བརྟག་པ་ནི། ལས་གར་ལེན་གནས་གང་དུ་འགྲོ་བ་བསྒོམ་པས་ཐག་བཅད། དུས་ལ་བབ་ན་བསྒྲུབ་པའི་ཐབས་ནི་བདག་ཨ་ནུ་བ་ནི་དུ་ཨ་བི་ཐུགས་གསལ་བ་དང་། ཚེའི་རིགས་ཨ་ཡུསྒྲོ་ན་༼འཛར་ཛརསྐ་ གསལ་བ་གཉིས། བི་དུན་ཡི་ཐུགས་གསང་བ་བྱང་ཆུབ་སེམས་དཀར་ལ་འཚེར་བ་དང་། བི་དུན་ཇོའི་ཐུགས་གསང་བ་བྱང་ཆུབ་སེམས་དམར་ལ་༼གདང་བ་དྭངས་པ༽་ སྐྱེད་པའི་བྱང་ཆུབ་ཀྱི་སེམས་འཕྲོ་འདུ་ལས། གསེར་དངུལ་བསྲེས་པ་ཞེས་བྱ་བའི་ཁ་དོག་འདྲ་བའི་འོད་ཟེར་གྱིས་རིགས་ལྔའི་གནས་རིཊ་ལྔའི་གནས་སུ་ཁྱབ་པར་བྱ་སྟེ།རིགས་ལྔ་ཐམས་ཅད་ཆགས་པའི་ཐུགས་བསྐྱོད། གསང་བ་དགྱེས་པ་བསྐྱེད་ནས་བདེ་བའི་ཆོས་ལ་ཕུལ་ལོ། །རིགས་ལྔ་ཞེས་བྱ་ནི་མཁའ་བཞི་དབྱིངས་དང་ལྔ་སྟེ། དུང་ཅན་མཛོད། །བདེ་བ་རྒྱས་འདེབས་ཚེ་ནི་རྡོ་རྗེར་བརྟན། །བདེ་བ་རྨོངས་བྱེད་ཚེ་འདི་པདྨར་བརྟེན། །བདེ་བ་ཟ་བྱེད་ཚ་འདི་ངེས་པར་སྤེལ། །བདེ་བ་ཚེ་འཕེལ་འགྲོ་བའི་རེ་བ་སྐོངས། །བདེ་ཀློང་ཡངས་པ་སྲིད་པ་ཀུན་གྱི་ཡུམ། །གང་འདིར་དུས་ལ་བབ་ཀྱང་སླར་སྒྱུར་ཅིག །དེ་ལ་ཉམས་བསྣུར་ལ་གདགས་པའི་ས་ནི་སླར་མཁའ་དབྱིངས་དང་ལྔ་ཉིད་གསང་བའི་འཕྲོ་འདུ་དབང་གི་དཀྱིལ་འཁོར་བསྐྱེད་ལ་གདམས་སོ། །དེ་ལ་སྐུལ་ཚིག་ནི། ཤར་ཕྱོགས་བདེ་ཀློང་ཕོ་བྲང་ནས། ། ངེས་པའི་ཚ་ལ་དབང་བསྒྱུར་བའི། །སྐུ་མདོག་དཀར་མོ་བསྒྱིངས་པ་ལ། །སྤྱན་གསུམ་དུང་གི་ལན་ཚར་ཅན། །འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོ། །མ་ཆགས་ཐབས་ལ་མངོན་པར་རོལ། །གསང་བའི་མཁའ་ལ་ཤེལ་གྱི་ག་བུར་བསྐྱིལ། །གཡས་ཀྱི་ཕྱག་ན་རྡོ་རྗེ་རྩེ་དགུ་བསྣམས། །གཡོན་གྱི་ཕྱག་ནི་ག་པུར་ཉིད་ལ་བརྟེན། །རྡོ་རྗེ་རྩེ་གསུམ་ཤར་ཕྱོགས་དབང་དུ་བསྡུད། །ཤེལ་གྱི་ག་བུར་ངེས་པའི་ཚ་གདམས་སོ། །ལྷོ་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་བསྒྱུར་མ། །སྐུ་མདོག་སྔོན་མོ་བསྒྱིངས་པ་ལ། །ནོར་བུ་རིན་ཆེན་ལན་ཕྲན་ཅན། །སྤྱན་གསུམ་མཆེ་བ་གཙིགས་མཛད་མ། ། འོད་ཟེར་སྔོན་པོ་ཕྱོགས་བཅུར་འཕྲོ། །གཉིས་སུ་མེད་པའི་ཐབས་ལ་རོལ། ། གསང་བའི་མཁའ་ལ་རིན་ཆེན་ག་པུར་བསྐྱིལ། །གཡས་ཀྱི་ཕྱག་ན་ནོར་བུ་རིན་ཆེན་ཀེ་ཀེ་རུ། །གཡོན་པ་ག་བུར་ཉིད་ལ་བརྟེན། །ནོར་བུ་རིན་ཆེན་ཀེ་ཀེ་རུ། །ལྷོ་ཕྱོགས་འཛམ་གླིང་དབང་དུ་སྡུད། ། རིན་ཆེན་ག་བུར་ངེས་པའི་ཚེ་གདམས་པའོ། །ནུབ་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་བསྒྱུར་བ། །སྐུ་མདོག་དམར་མོ་བསྤྱིངས་པ་ལ། །སྤྱན་གསུམ་བྱི་རུའི་ལན་ཕྲན་ཅན། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོ། །མི་ལེན་ཐབས་ལ་མངོན་པར་རོལ། ། གསང་བའི་མཁའ་ལ་བྱི་རུའི་ག་བུར་བསྐྱིལ། །གཡས་ཀྱི་ཕྱག་ན་པདྨའི་ག་བུར་བརྩེགས་པ་བསྣམས། །གཡོན་གྱི་ཕྱག་ན་ག་བུར་ཉིད་ལ་བརྟེན། །པདྨ་དགུ་བརྩེགས་ནུབ་ཕྱོགས་དབང་དུ་སྡུད། །བྱུ་རུའི་ག་བུར་ངེས་པའི་ཚ་གདམས་སོ། །བྱང་ཕྱོགས་བདེ་ཀློང་ཕོ་བྲང་ནས། ། ངེས་པའི་ཚ་ལ་དབང་སྒྱུར་ཞིང་། །སྐུ་མདོག་ལྗང་མཚན་མ་སྣ་ཚོགས་སུ་སྣང་། དེར་སྣང་ཞིང་གསལ་བའི་ངོ་བོ་འབྱུང་། །དེ་ལ་འཁོར་ཀྱང་དེ་བཞིན་ཏེ། །ཡི་གེ་བརྒྱད་ཀྱང་འཁོར་བར་བཞག །ལས་ཀྱི་བུམ་པར་བསྟིམ་པར་བྱེད། །དེ་ནི་ཕུང་པོ་ཡང་དག་བརྒྱད། །གཟུགས་ཉིད་རི་རབ་པས། ཆེ་བར་བྱིན་གྱིས་བརླབས་ནས་སུ། །ཅིས་ཀྱང་མི་འཇིག་བརྟན་པར་བསྒོམ། །དེ་ནི་རྒྱས་པར་བྱ་བའོ། །ཚེ་སྔགས་མཁན་ལ་བསྐུལ་བ་ནི། བདག་ཉིད་རྡོ་རྗེ་༼རྩི་བའི་ཚེ་ཡི༽་ལྷར་བསམས་ཏེ།། དྲོད་ཀྱི་འཕྲོ་འདུས་ཡང་བསམས་ལ། །རྒྱུན་མི་ཆད་པར་དགྱེས་པ་ཡི། །དབྱིངས་ལ་སོགས་པའི་ཐུགས་དམ་སྐོངས། །ངེས་པ་ཉིད་དུ་གཉིས་སུ་གསལ་བ་ལས། །ཨ་དང་ཨེ་གཉིས་རྒྱུན་མི་ཆད་པར་གྱེས་པ་ཡིས། །མཁའ་བཞི་དབྱིངས་དང་ལྔ་ཡི་ཐུགས་དམ་བསྐང་། །གཅིག་ནས་གཅིག་ཏུ་གནས་གྱུར་ཏེ། །འདྲེན་པའི་ཕྱག་རྒྱས་གསལ་བར་དྲངས། །གསང་བ་ཉིད་དུ་འདུ་བར་བསྒོམ། །བདག་ཉིད་རིན་ཆེན་དཀྱིལ་འཁོར་དུ། །ཐུགས་ཀའི་ངོ་བོར་གསལ་བསྒོམས་ཏེ། །ཤེས་རབ་དབང་གི་མཆོད་པར་འབུལ། །དྭངས་མའི་ལམ་དུ་ཕྱུང་ནས་ནི། །ཡེ་ཤེས་སྲས་སུ་བཞག་ནས་ནི། །ཡེ་ཤེས་སྦས་པའི་ཚེ་ཞེས་བྱ། །ཚིག་ཏུ་ཡང་།ཁྲོ་བོའི་ཐུགས་ལས་བསྐྱེད་པའི་འཕྲོ་འདུ་ཡིས། །ཨུ་ཡུ་རྙོ་ན་བིན་དུ་ཨ་ནི་ཐབས་ཀྱི་སྐུ། །ཨུ་ཡུ་རྙོ་ན་བིན་དུ་ཛ་ཏི་ཤེས་རབ་གསལ། །ཐབས་ཀྱི་རང་བཞིན་སྐུ་མདོག་དཀར་བ་ལ། །ཡུམ་གྱི་ཚོམ་བུ་འོད་ལམ་ལམ། །གཡས་ན་རྡོ་རྗེ་ཐུགས་ཀར་གསོལ། །གཡོན་པ་མཁའ་ལ་ཆགས་པའི་གཡབ་མོ་འདེབས། །ཡུམ་གྱི་སྐུ་མདོག་ལེབ་རྒན་ལ། །དགྱེས་པའི་རྟགས་སུ་གསེར་གྱི་འོད་ཟེར་འཕྲོ། །ཕྱག་གཡོན་རྡོ་རྗེ་ག་བུར་བསྣམས། །གཡས་ན་ལེབ་རྒན་གཡབ་མོ་༼མདོར་འདེབས་༽། །སྲིད་པར་དབང་སྡུད་ཡབ་ཀྱི་ཐུགས་བསྟིམས་ཤིང་བྱིན་དུ་ཛ། །དེ་ལྟར་ཐུགས་ལ་མཆོད་པ་ཕུལ་ནས། དཔལ་གྱི་འཁོར་ཚོགས་སྐོར་ཏེ་བཞག །འཕེལ་འགྲིབ་པའི་བསྟན་པའི་ཚ་ལ་དོན་རྣམ་པ་ལྔ་སྟེ། བསྟན་པའི་ཚ་ཉམས་མ་ཉམས་བརྟག་པ་དང་། ཉམས་ན་དགུག་པའི་ཐབས་དང་། ཁུགས་ནས་བསྐུར་བ་དང་རྒྱལ་བར་བྱ་བ་དང་། བརྟན་པར་བྱ་བའོ། །དེ་ལ་ཚེ་ཉམས་མ་ཉམས་བརྟག་པ་ནི། པྲ་དང་མཚན་མ་ལྟས་དང་མོ་ཕྱུ་ཡན་ཆད་ཀྱི་བརྟག་གོ །ཉམས་ན་དགུག་པའི་ཐབས་ནི་བདག་ཉིད་དབང་གི་ཧེ་རུ་ཀར་བསྒོམས་ལ་ཐུགས་ཀར་ཡེ་ཤེས་ཀྱི་འོད་ཟེར་སྤྲོས་ལ། ཚེའི་མ་མོ་བསྐུལ་ཏེ་དགུག་གོ །དགུག་པའི་དངོས་པོ་ནི་ཡི་གེ་དྲི་ལས་ཕོ་ཉ་བཀུག་པས་ཧུ༷་དུ་དམིགས་ཏེ། ལྕགས་ཀྱུའི་ཕྱག་རྒྱས་དྲང་ངོ་། །ཧུ༷་ཤར་ཕྱོགས་བྷ་གའི་ཀློང་ཡངས་སུ། ། འབྱུང་པོའི་ལག་ཏུ་ཚ་ཉམས་པ། །དྲི་ཟའི་ལག་ཏུ་དཔལ་ཉམས་པ། །དེའི་ཕོ་ཉ་བསྐྱོད་མཛད་དེ། །སྐུ་མདོག་སེར་སྐྱ་སྤྱན་གསུམ་རལ་པ་ཅན། །ཕྱག་མང་གཡས་ན་ལྕགས་ཀྱུ་དགུས་གཏམས་ཤིང་། །གཡོན་པ་གར་ཐབས་གཡབ་༼འདོར་འདེབས་སྐམ། །འབྱུང་པོའི་ལག་ནས་ཚེ་དྲོངས་ལ། །དྲི་ཟའི་ལག་ནས་དཔལ་སྐྱོབས་ཤིག །ལྷོ་ཕྱོགས་བྷ་གའི་ཀློང་ཡངས་སུ། །གཤིན་རྗེའི་ལག་ཏུ་ཚེ་ཉམས་པ། །སྲིན་པོའི་ལག་ཏུ་དཔལ་འཕྲོགས་ཀྱང་། །དེ་ཡི་ཕོ་ཉ་སྐྱོབས་མཛད་དེ། །སྐུ་མདོག་སྔོན་མོ་སྤྱན་གསུམ་རལ་པ་ཅན། །གཡས་ཀྱི་ཕྱག་ན་ལྕཊ་ཀྱུ་དགུས་གཏམས་ཤིང་། །གཡོན་པའི་གར་ཐབས་གཡབ་༼འདོར་འདེབས༽་ མ། ། གཤིན་རྗེའི་ལག་ནས་ཚེ་དྲོངས་ལ། །སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག། ནུབ་ཕྱོགས་བྷ་གའི་ཀློང་ཡངས་སུ། །ཀླུ་ཡི་ལག་ཏུ་ཚ་ཉམས་མ། །ཡི་དྭགས་ལག་ཏུ་དཔལ་འཕྲོགས་ན། ། དེ་ཡི་ཕོ་ཉ་བསྐྱོད་མཛད་དེ། །སྐུ་མདོག་མཚལ་དུ་སྤྱན་གསུམ་རལ་པ་ཅན། །གཡས་ཀྱི་ཕྱག་ན་ལྕགས་ཀྱུ་དགུས་གཏམས་ཤིང་། །གཡོན་པ་གར་ཐབས་གཡབ་༼འདོར་འདེབས་༽མ། །ཀླུ་ཡི་ལག་ནས་ཚེ་དྲོངས་ལ། །ཡི་དྭགས་གནས་ནས་དཔལ་སྐྱོབས་ཤིག །བྱང་ཕྱོགས་བྷ་གའི་ཀློང་ཡངས་སུ། །གནོད་སྤྱིན་ལག་ཏུ་ཚེ་ཉམས་སམ། །བགེགས་ཀྱི་ལག་ཏུ་དཔལ་འཕྲོགས་ན། །དེ་ཡི་ཕོ་ཉ་བསྐྱོད་མཛད་མ། །སྐུ་མདོགས་ལྗང་ཁུ་སྤྱན་གསུམ་རལ་པ་ཅན། །གཡས་ཀྱི་ཕྱག་ན་དྲིལ་བུ་དགུས་གཏམས་ཤིང་། །གཡོན་པ་གར་ཐབས་གཡབ་༼མདོར་འདེབས༽་ པ། །གནོད་སྤྱིན་ལག་ནས་ཚ་དྲོངས་ལ། །བགེགས་ཀྱི་ལག་ནས་དཔལ་སྐྱོབས་ཤིག །སྟོང་གི་བྷ་ག་ཀློང་ཡངས་སུ། །ཡབ་བསྟིམ། དེ་ནས་བཛྲ་ཤང་ཀི་གི་རི་གིར་ཞེས་བརྗོད་དེ། ཚེ་རྡོ་རྗེ་གུར་དུ་གྱུར་པར་བསྒོམ་མོ། །དེའི་ནང་དུ་ཚེ་ཧུ༷་མཐིང་ཀར་དམིགས་ཏེ། ཁྲོ་བོ་ཧ་ཡ་སྒྲི་བས་བསྲུང་བར་བསྒོམ། གུར་གྱི་ཚེ་རོལ་དུ་མགོ་བརྙན་མ་བརྒྱད་བསྒོམ། རྒྱས་གདབ་པའི་ཚིག་བཤད་བྱས་ལ་རྒྱས་གདབ་བོ། །ཚིག་ཏུ་ཡང་། སྲིད་པ་རྒྱས་འདེབས་དབང་ཕྱུག་ང་ཡི་རྒྱ། །དེ་ནས་གཉིས་མེད་རོལ་པ་བདེ་མཆོག་ཡུམ་གྱི་རྒྱ། །དེ་ནས་མཁའ་འགྲོ་གྲུབ་པའི་རྒྱ། །རང་བྱུང་རྒྱས་བཏབ་ལས་མཁན་རྒྱས་ཐོབ་ཅིག །ཞེས་བརྗོད་ལ་ལས་མཁན་མོ་རྒྱས་གདབ། རྒྱས་པར་བྱ་བ་ནི་ཚེ་དཔའ་བོ་འབྲུ་ལྔར་དམིགས་ལ་ཕུང་པོ་ལ་བསྡུས་ཏེ། དེ་ནས་རྡོ་རྗེ་རྒྱ་གྲམ་གྱི་གོ་བགོ །དེ་ནས་རྡོ་རྗེ་རྐྱང་བཀའ་ནན་བྱ། དེའི་སྔགས་ནི་སརྦ་མི་ཏྲི་ཀྲི་ཀ་ལ་ཙེ་ན་བམ། དུང་པུར་ཏེ་རག་ཧུ༷་ཧུ༷། བསྐུལ་པ་ནི་ངེས་པའི་ཚེ་ན་མཐུན་ནོ། །རྡོ་རྗེ་ཚེའི་ལེའུ་སྟེ་ཉེར་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། ། སྲིད་པའི་དབང་ཅན་ཐབས་ཀྱི་ནི། །དགྲ་བགེགས་ཐུན་ལ་དབབ་པའི་ལས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དགྲ་བགེགས་ཐུན་ཟོར་དབབ་པ་དང་། །དེ་ཡི་བསྐུལ་ཚིག་འདི་སྐད་དོ། །ཧུ༷་གསེར་གྱི་ནམ་མཁའ་སེར་པོ་ཕྱུང་དཀྱིལ་ན། །གསེར་མཚོ་ཡེ་མོ་ཕྱང་ངེ་ཕྱང་། །གསེར་མཁན་སེར་མོ་ཕྱང་དཀྱིལ་ན། །མངའ་བདག་རྗེ་མོ་སུ་བཞུགས་ན། །གནམ་གྱི་གཙོ་མོ་གསེར་གྱི་རྒྱལ་མོ་བཞུགས། །ཕྱག་ན་གསེར་ཕུར་སེར་པོ་བསྣམས། །ནན་ཏུར་དགྲ་ལ་འཕེན་པའི་ཚེ། །གསེར་གྱི་ཕུར་བུ་བདུན་བདུན་འཕེན། །གཅིག་ནི་དཔྲལ་བའི་མཚམས་སུ་བརྡེག །ཚེ་དང་སྲོ་ག་གི་རྟེན་འབྲེལ་མ། །གཅིག་ནི་མིག་གི་དཀྱིལ་དུ་བརྡེག །ལྟ་བ་ཀུན་གྱི་བཅུད་འཕྲོག་མ། །གཅིག་ནི་ལྕེ་ཡི་དཀྱིལ་དུ་བརྡེག །སྨྲ་བ་ངག་གི་དབང་སྡུད་མ། །གཅིག་ན་དཔུང་འོག་གཉིས་སུ་བརྡེག །སྟོབས་ཆེན་ཀུན་གྱི་རྩལ་འཕྲོག་མ། །གཅིག་ནི་སྙིང་གི་དཀྱིལ་དུ་བརྡེག །ཚེ་སྲོ་ག་གཉིས་ཀྱི་དབང་སྡུད་མ། ། གཅིག་ནི་ཕོ་མཚན་དཀྱིལ་དུ་བརྡེག ། སྐྱེ་ཤི་གཉིས་ཀྱི་རབས་གཅོད་མ། །གཅིག་ནི་པུས་མོའི་དཀྱིལ་དུ་བརྡེག །འགྲོ་་བ་ཀུན་གྱི་དབང་སྡུད་མ། །གཡུ་ཡི་ནམ་མཁའ་སྔོན་མོ་ཕྱང་ངེ་ཕྱང་། །མངའ་བདག་རྗེ་མོ་སུ་བཞུཊ་ན། །ནམ་མཁའི་གཡུ་ཡི་གཡུ་སྐུ་བཞུགས། །ཕྱག་ན་གཡུ་ཡི་ཟོར་བ་སྔོན་པོ་བསྣམས། །དངུལ་གྱི་ནམ་མཁའ་དཀར་པོ་ཕྱང་ངེ་ཕྱང་། །མངའ་བདག་རྗེ་མོ་སུ་བཞུགས་ན། །དངུལ་གྱི་བཙུན་མོ་བླ་མ་བཞུགས། །ཕྱག་ན་དངུལ་ཟོར་དཀར་མོ་བསྣམས། །ཟངས་ཀྱི་ནམ་མཁའ་དམར་མོ་ཕྱང་ངེ་ཕྱང་། །མངའ་བདག་རྗེ་མོ་སུ་བཞུགས་ན། །ཟངས་ཀྱི་རྡོ་རྗེ་དམར་མོ་བཞུགས། །ཕྱག་ན་ཟངས་ཟོར་དམར་པོ་བསྣམས། །ལྕགས་ཀྱི་ནམ་མཁའ་སྔོན་པོ་ཕྱང་དཀྱིལ་ན། །དུག་མཚོ་ནག་མོ་ཕྱང་དཀྱིལ་ན། །མངའ་བདག་རྗེ་མོ་སུ་བཞུགས་ན། །སྲོག་གི་བདུད་མོ་ཆེན་མོ་བཞུགས། །སྡེར་མཆུ་མང་པོས་རྩ་རྒྱུས་འདྲེན། །སྙིང་གི་རྩ་ཆེན་སྲུབ་ཅིང་ཟ། །མ་མོ་མཁའ་འགྲོ་ལས་ཀྱི་དུས། །སྟག་གི་མགོ་ཅན་མ་མོ་ནི། །རུས་མགོ་སུམ་བརྒྱ་དྲུག་ཅུ་འབྲེལ། །འཐོག་ཅིང་འགྱེད་པའི་མ་མོ་ཡིན། །ལས་མཁན་ཆེན་པོ་ལས་མཛོད་ཅིག །རྒྱུད་མཁའ་ཆེན་མོས་རྒྱུད་བསྐུལ་ཅིག །མ་མོ་ཟོར་མཁན་ཆེན་མོ་ནི། །༼རྩིན་དྷ་ཙིཀྟ༽་ མ་ནི་སྔགས་བཟློས་ཤིག །མུ་སྟེགས་ཕུང་པོ་ཤིག་བྱེད་མ། །མཛངས་མ་ཆེན་པོ་ཡིད་འཕྲོག་ཡིན། །འདོད་ཆགས་ཁྲག་གི་དཀྱིལ་འཁོར་ན། །མ་མོ་ཟོར་མཁན་སྟོང་གི་བསྐོར། །ནན་ལྟར་གཡོས་པའི་དུས་བྱུང་ན། །ཡ་བླ་བདུད་ཀྱང་མི་ཆེའོ། །མ་བླ་བདུད་མོ་མི་ཆེའོ། །བཙན་ལ་ཁ་བཞི་ག་ལ་ཆེ། །མགྱོགས་མ་སྡེ་བརྒྱད་ག་ལ་ཆེ། །གནམ་༼ཐི་ཐེའུ༽་ དཀར་མོ་ག་ལ་ཆེ། །དྲི་བོ་དྲི་མོ་ག་ལ་ཆེ། །མ་མོ་མཁའ་འགྲོ་ལས་ཀྱི་དུས། །རུས་པའི་ཕུར་བུ་བདུན་བདུན་འཕེལ། །ཡ་ལ་བདུད་ཀྱང་མི་ཆེའོ། །འཐབ་བྲལ་གནས་ནས་ཞགས་ཐོགས་ན། །སུམ་བརྒྱ་སྤྲུལ་པས་འགྱེད་པ་ཡི། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ལ། །མངག་པ་རྡོ་རྗེ་ལས་མཛོད་ཅིག །གཞན་འཕྲུལ་དབང་བྱེད་གནས་སུ་འཕེན། །རྣལ་འབྱོར་དམ་སྲི་དམ་བྲལ་གྱིས། །ཡ་བླ་བདུད་ཀྱང་མི་ཆེའོ། །མ་བླ་བདུད་ཀྱང་མི་ཆེའོ། །གནམ་ཟོར་ཆེན་མོ་བཅུ་གསུམ་གྱིས། ། བགེགས་ཀྱི་ཁོང་ཁྲོག་སྤྲུག་ཅིང་ཟ། །ས་ཟོར་ཆེན་མོ་བཅུ་གསུམ་གྱིས། །དགྲ་བོའི་སྙིང་ཁྲག་འཁྲུག་ཅིང་འཐུང་། །དེ་ལྟར་ཟོར་གྱི་བདག་མོ་དང་། །མི་ནད་རིམ་གྱི་བདག་མོ་དང་། །རྟ་ཡི་ཁྲག་དང་བོང་བུའི་ཆུ། །རའི་ཁྲག་དང་གསེར་བདར་བའི། །གཡུ་བདར་ཆང་དབང་ཕུད་ཀྱི་ནང་། །ཡུངས་ཀར་བླངས་ལ་སྔགས་འདི་བཟླས། །ཧུ༷་སྙི་སྨྱོ། སྙིང་ན་བ་ཏུ་ཏ༷། ཁོང་ཁྲག་རུ་བིར་རྟ་སརྦ་ན་སྭཧྭ། ཡང་ན་བརྒྱ་རྩ་བདུན་བཟླས། ཡང་ན་ཉི་ཤུ་རྩ་བདུན་བཟླས། ཡང་ན་བཅུ་བདུན་བཟླས་པར་བྱ། །ཆོ་ག་འདི་བརྟེན་ཡོན་ཏན་གང་། །སྲིད་པ་གསུམ་ཡང་ཐལ་བར་རློག །ལྷ་རྣམས་ཀུན་ཀྱང་འདར་ཞིང་གཡོ། །བདུད་དང་སྲིན་པོ་ཐལ་རླག་ན། །མ་ལུས་དགྲ་བགེགས་སྨོས་ཅི་དགོས། །མ་མོ་གསེར་ཟོར་གྱི་ལེའུ་སྟེ་ཉེར་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྒྲུབ་ལ་བར་ཆད་བྱེད་པ་དང་། །བསྟན་པ་གཉན་པོ་གཤིག་པ་དང་། །དགེ་བའི་བཤེས་གཉེན་སྐུ་དགྲ་ལ། །མ་མོའི་ཁྲག་ཟོར་ཇི་ལྟར་བཏང་། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་བསྩལ་པ། ། ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །བསྟན་པ་འཇིག་དང་བར་ཆོད་ལ། །སྐུ་སྒྲར་གྱུར་པ་བསྒྲལ་བ་ནི། །ཡང་དག་ཉིད་དུ་ངས་བཤད་དོ། །དེ་ལ་དང་པོར་ཁྲག་ཟོར་བཏང་བ་ནི། དངུལ་སྐྱོགས་དཀར་པོར་ཤ་རུས་སྦྱར་བ་བཞག །གཡུ་སྐྱོགས་སྔོན་པོ་དབུགས་དང་དྲི་ཆུ་བཞག །ཟངས་སྐྱོགས་དམར་པོར་རཀྟ་སྣ་ལྔར་སྦྱར་ལ་བཞག །ལྕགས་སྐྱོགས་སྔོན་པོར་དྲོད་དང་མ༷་ས་དྲི་དང་བཞག །གསེར་སྐྱོགས་སེར་པོར་བཀྲག་མདངས་ཤ་ཆེན་བཞག །སྐྱེ་ཚེ་དང་ལན་ཚྭ་དང་ཡུངས་ནག་ལ་སོགས་གང་བྱ་བ་སྨོས་ཅི་སྩོལ། །དེ་ལ་བསྐུལ་ཚིག་འདི་སྐད་དོ། །ཧུ༷་དངུལ་སྐྱོགས་དཀར་པོ་མྲ །བདུད་རྩི་སེམས་སྦྱར་ནས། །དམར་ཆེན་ཁྲག་བླུགས་ཤིང་། །ཟོར་རོ་ཤར་དུ་ཟོར། །འཕང་ངོ་ཤར་དུ་འཕང་། མ་མོ་ཤར་གྱི་མངའ་བདག་མོ། ཁྲར་བདུད་མཚམས་ཤིག་རྣམ་སྣང་གསལ། །བཙན་ལ་སྒྱུར་ཅིག་རྡོ་རྗེ་དབང་མོ་ཆེ། ། དགྲ་བོ་ཆོམས་ཤིག་སྦས་པའི་མ་མོའི་ཚོགས། །གཡུ་སྐྱོགས་སྔོན་པོ་སྲ །བདུད་རྩི་ཆུ་སྦྱར་ཞིང་། །དམར་ཆེན་ཁྲག་བླུགས་ཏེ། །ཟོར་རོ་བྱང་དུ་ཟོར། །འཕང་ངོ་བྱང་དུ་འཕང་། །བྱང་གི་མ་མོ་སྨྱོ། །བྱང་བདུད་ཆོམས་ཤིག་ཡང་གསལ་གཡོས། །བཙན་ཁ་སྒྱུར་ཅིག་ལས་ཀྱི་དབང་མོ་ཆེ། །དགྲ་བོ་ཆོམས་ཤིག་སྦས་པའི་མ་མོ་ཚོགས། །ཟངས་སྐྱོགས་དམར་པོ་མྲ ། བདུད་རྩི་རཀྟ་སྦྱར། །དམར་ཆེན་ཁྲག་བླུགས་ཤིང་། །ཟོར་རོ་ནུབ་ཏུ་ཟོར། །འཕང་ངོ་ནུབ་ཏུ་འཕང་། །མ་མོ་ནུབ་ཀྱི་མ་མོ་སྨྱོ། །ནུབ་བདུད་ཆོམས་ཤིག་གཉན་གསལ་མ། །བཙན་ཁ་སྒྱུར་ཅིག་པརློ་དང་། །དགྲ་བོ་ཆོམས་ཤིག་སྦས་པའི་མ་མོའི་ཚོགས། །ལྕགས་སྐྱོགས་ནག་པོ་སྲ །བདུད་རྩི་མ༷་ས་སྦྱར། །དམར་ཆེན་ཁྲག་བླུགས་ཏེ། །ཟོར་རོ་ལྷོ་རུ་ཟོར། །འཕང་ངོ་ལྷོ་རུ་འཕང་། །མ་མོ་ཝོཉ་ཡི་མ་མོ་སྨྱོ། །ལྷོ་བདུད་ཆོམས་ཤིག་འོད་གསལ་འབར། །བཙན་ཁ་སྒྱུར་ཅིག་རིན་ཆེན་དབང་མོ་ཆེ། །དགྲ་བོ་ཆོམས་ཤིག་སྦས་པའི་མ་མོའི་ཚོགས། །གསེར་སྐྱོགས་སེར་པོ་མྲ །བདུད་རྩི་ཆེན་པོ་སྦྱར། །དམར་ཆེན་ཁྲག་བླུགས་ཏེ། །ཟོར་རོ་འོག་དང་སྟེང་དུ་ཟོར། །འཕང་ངོ་འོག་དང་སྟེང་དུ་འཕང་། །མ་མོ་སྟེང་འོག་མ་མོ་སྨྱོ། །ཡ་བདུད་ཆོམས་ཤིག་བཀྲག་གསལ་མཉམ། །མ་བདུད་ཆོམས་ཤིག་རྒྱ་མཚོ་མ། །བཙན་ཁ་བསྒྱུར་ཅིག་ཉི་ཟླའི་ཐོད་ཕྲེང་ཅན། །དགྲ་ཟོར་བགེགས་ཆོམས་ཤིག་རྩ་བརྒྱད་མ། །ཤར་དུ་ཟོར་བཏང་རྒྱལ་རིགས་དགྲ་བོ་བསད། །བྱང་དུ་ཟོར་བཏང་རྗེ་རིགས་དགྲ་བོ་བསད། །ནུབ་ཏུ་ཟོར་བཏང་དམངས་རིགས་དགྲ་བོ་བསད། །ལྷོ་རུ་ཟོར་བཏང་གདོལ་པའི་དགྲ་བོ་བསད། །སྟེང་དུ་༼ཟོར༽་ བཏང་མུ་སྟེགས་དགྲ་བོ་བསད། །གཞན་ཡང་མ་མོར་༼གྲགས་དྲེགས༽་ པ་ཀུན་བསྐུལ་ལོ། །དུག་སྣ་ཚོགས་དང་སྦྱར་ན་རིམས་ནད་དུ་འགྱུར་རོ། །དམར་དང་སྦྱར་ན་དམར་ནད་སྣ་ཚོགས་འགྱུར་རོ། །འཇིག་རྟེན་ན་མཐུ་ཆེ་དབང་ཆེ་བ་ཡང་སྒྲོལ་བར་ངེས་ན། མ་ལུས་དགྲ་བགེགས་སྨོས་ཀྱང་ཅི་དགོས། མ་མོ་ཁྲག་ཟོར་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།ད་ནི་མ་མོའི་ཐུན་ཟོར་འབྱུང་སྟེ།དཀྱིལ་འཁོར་ལེའུ་རྩེ་དགུ་རུ་བྱས་ལ། དེ་ལ་འཁར་ལོ་རྩིབས་བརྒྱད་བྲིའོ། །ཕུར་བུ་བཅུ་གཉིས་རྫས་སུ་དགོད་དོ། །ལྕགས་ཕུར་བཞི་ཡང་དགོད་དོ། །དེ་ལ་ཁྲག་ཅན་དགུའི་ནང་དུ་ཟན་ཟུར་གསུམ་པ་བཅུ་གསུམ་བྱས་ལ། ཟན་གྱི་ཚད་ནི་སོར་གཉིས་པ་བྱས་ལ། དེ་ལ་རྩེ་མོར་ཉུང་ནག་རྩེ་མོ་མ་ཉམས་པ་རེ་གཟུགས་སོ། །དེ་ནས་བསེ་ཁབ་ཀྱི་ནང་དུ་ཤིང་ཙསྡོན་གྱི་རིགས་ནི་དངོས་སུ་བཞག ཁུག་པའི་རིགས་ཀྱི་ཤུན་པ་ལ་དགྲ་བོའི་རུས་སམ་གཟུགས་བྱས་ལ། བསེ་ཁབ་ཀྱི་ནང་དུ་བསྩལ། དེའི་ནང་དུ་བྱ་ཡི་སྙིང་ཀླད་པ་དང་། ཁྲག་མཆུ་བསེ་ཁབ་ཀྱི་ནང་དུ་སྩལ་ལོ། །དེའི་ནང་དུ་ར་དུག་པ་དང་སྤྱང་ཚེར་བ་ཡང་བསྩལ་ལོ། །དུག་སྦྲུལ་དང་གཡབ་མོ་འོག་རྦ་དང་ཀུན་ཀྱང་བླུགས་སོ། །བདག་ཉིད་ཆེ་མཆོག་ཧེ་རུ་ཀར་བསྒོམས། སྐུ་ལ་ཐོད་པ་སྐམ་རློན་སེར་རལ་ཁར་བརྒྱན་པ། ཞབས་སྟོང་བགྲད་པ་སྟགས་ལྤགས་ཀྱི་ཤམ་ཐབ་ཅན། སྦྲུལ་ནག་སྟོང་གི་ལྷུ་ཚིགས་རྒྱན་པ། ཕྱག་སྟོང་གདེངས་པ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ། མཆེ་བ་གཙིགས་པ་རྐན་སྒྲ་གཏོགས་པ། ལྗགས་འདྲིལ་བ། གཏུམ་ག་་རྔ༷་རྔ༷་འདྲ་བ་ཅིག་ཏུ་རང་བསྒོམས་སོ། །དེའི་བསྐུལ་ཚིག་འདི་སྐད་དོ། །ཧུ༷་ཁྲོ་མཆོག་ཡབ་ཀྱི་རྒྱལ་པོ་ནི། །ཐོད་ཕྲེང་འབར་བའི་སེ་རལ་ཅན། ། ཞབས་ནི་རྒྱ་མཚོའི་གཏིང་དུ་བགྲད། །བརྒྱ་ཚར་གཅིག་ནི་ལྷ་ཆེན་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་ཁྱབ་འཇུག་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་བརྒྱ་བྱིན་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་སྲིན་པོ་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་བསྟན་མ་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་དབང་ལྡན་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་རི་ཏྲི་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་ཚ་བའི་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་ལྕགས་ཀྱུ་ཐོགས། །བརྒྱ་ཚར་གཅིག་ནི་རལ་གྲི་ཐོགས། །བརྒྱ་ཚར་གཅིག་ནི་མཚོན་གྱི་རྒྱལ་པོ་འཁོར་ལོ་ཐོགས། །བརྒྱ་ཚར་གཅིག་ནི་རྡོ་རྗེ་རི་རབ་ཕུར་བུ་འདྲིལ། །བརྒྱ་ཚར་གཅིག་ནི་ལྕགས་སྣ་ལྔ་ཡི་ཕུར་བུ་འདྲི་ཐ། །བརྒྱ་ཚར་གཅིག་ནི་བནྟྲ་༼རྣམས་བསྣམས༽། །བརྒྱ་ཚར་གཅིག་ནི་རཀྟ་ལྕང་ལོ་བསྣམས། །བརྒྱ་ཚར་གཅིག་ནི་ཤ་ཆེན་ཞལ་དུ་གསོལ། །བརྒྱ་ཚར་གཅིག་ནི་རྡོ་རྗེ་འོག་ཕུར་འདྲིལ། །བརྒྱ་ཚར་གཅིག་ནི་ཙན་དན་༼བདེ་བེང༽་ ཆེན་གསོལ། །དེ་ལ་དམར་གྱི་ཨརྒ་སྦྲེང་ཞིང་བསྩལ་ལ། །སྙིང་པོ་འདི་སྐད་བརྗོད་དོ། །མ་མ་རུ་རུ་ཏྲག་ཤིག །མ་མ་རུ་རུ་སྨྱོ། །རུ་རུ་མ་གུར་ལན་སྨྱོ། །མ་མོའི་སྙིང་པོ་དེ་སྐད་བརྒྱ་རྩ་བརྒྱད་བཟླས། ཞལ་བརྒྱ་ནས་སྔགས་བཟླས་པ་ནི། གནམ་རྨུགས་ནས་ཡང་རྨུགས། ཞལ་བརྒྱ་ནས་སྔགས་བཟླས་པ་ནི། ཀུན་ཏུ་འུར་འུར་ཆེམ་ཆེམ་རབ་ཏུ་ཆེམ། བསེ་ཁབ་རང་གི་རྡོག་པས་མནན་ལ། ཞབས་སྟོང་དུ་བསམས་ལ་གནོན། དཀར་དམར་གཡབ་༼འདོར་འདེབས༽་ ར་ས་ཁ་ལ་བཀལ་ལ། བརྟེན་ཅིང་བསྐུལ་ལོ། ། བུད་མེད་ཁ་རལ་མའི་སྐྲས་དྲངས་ཞིང་བསྒུལ་ལོ། །ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ། ཨོ༷་ཨོ་ཨོ༷། ཨོ༷་ཨོ༷་ཨོ༷་ཨོ ཨོ༷་ཨོ༷་ཨོ༷་ཨོ། ཨོ༷་བྱི་རི་ཨོ་བྱི་རི། ཨའུ་ཨའུ་ཨའུ་ཨའུ་ཨའུ་ཨའུ་ཨལྭ ཨོ༷་བིར་ཤ་ཧོ། ཨོ་བིར་ཤ་ཧོ།ཨོ་བིར་ཤ་ཧོ། ཨོ༷་བིར་ཤ་ཧོ། ཨོ༷་བིར་ཤི་ཧོ། ཨོ་བིར་ཤོ་ཧོ། ཨོ༷་བིར་ཤ་ཧོ། ཨོ༷་སྣར་ནི། ཨོ་སྣར་ནི། ཨོ་སྣར་ནི། ཨོ༷་སྣར་ནི། ཨོ་སྣར་ནི། ཨོ་སྣར་ནི། ཨོ་སྣར་ནི། ཨོ་པྲ་ལ་ནི། ཨོ༷་པྲ་ལ་ནི། ཨོ༷་པྲ་ལ་ནིཨོ་པྲ་ལ་ནི། ཨོ་པྲ་ལ་ནི། ཨོ༷་པྲ་ལ་ནི། པྲ་མོ་ཁ། པྲ་མོ་ཁ། པྲ་མོ་ཁ། ཧབ་ཧབ་ཧབ། ཧབ་ཧབ་ཧབ། ཧབ་ཧབ། ཧུབ་ཧུབ་ཧུབ་ཧུབ་ཧུབ་ཧུབ་ཧུབ་ཧུབ། ཚལ་ཚལཚལཚལ་ཚལ་ཚལ། ཤི་ཁྲ༷་ཤི་ཁྲ༷་ཤི་ཁྲ༷་ཤི་ཁྲ༷་ཤི་ཁྲ༷།ཀུར་ཤ་ཀུར་ཤ། ཕྲ༷་རྒྱལ་ན། ཕྲེ་རྒྱལ་ན། ཕྲ༷་རྒྱལ་ན། གཟེར་ན་གཟེར་ན། གཟེར་ན། ཨ་ན་ཡོད། ཨ་ན་ཡོད། ཨ་ན་ཡོད། ཨ་ན་ཡོད། དུ་པན་ཙ་དུ། དུ་པན་ཙ་དུ། དུ་པན་ཙ་དུ། ཨ་སུ་སུ་མྲ ཨ་སུ་སུ་སྲ ཨ་བུན་ཏ། ཨ་བུན་ཏ། ཨ་བུན་ཏ། ཨ་བུན་ཏ། ག་པའི་མཆུ། ག་པའི་མཆུ། ག་པའི་མཆུ། ཕག་མོའི་མཆེ་བ་ཅན། ཕག་མོའི་མཆེ་བ་ཅན། སྒྱུང་ཀའི་མཆུ་ཅན་མ། མ་མོ་ཐུར་ཟོར་གྱི་ལེའུ་སྟེ་ཉེར་དྲུག་པའོ།། །།གནོད་འདུལ་ལྷ་ཡི་ཡང་གསོལ་པ། །བསྟན་པ་གཉན་པོ་གཤིག་པ་དང་། །དགེ་བའི་བཤེས་གཉེན་སྐུ་དགྲ་དང་། ། བསྒྲལ་བའི་ལས་རྣམས་མ་བསྟན་ན། །སངས་རྒྱས་བཀའ་འདི་མི་བཙན་ཞིང་། །མུ་སྟེགས་ལོག་པ་མཐུ་དར་བས། །རྣལ་འབྱོར་བསྒྲུབས་པ་དམན་པར་ངེས། །འདི་དག་རྣམས་ལ་ཕན་གདགས་ཕྱིར། །དགྲ་བོ་བསྒྲལ་བའི་ལས་བྱ་ན། །དང་པོ་ལྷ་དང་ཇི་ལྟར་དབྲལ། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་པས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་རྒྱལ་པོས་བཀའ་བསྩལ་པ། །བསྒྲུབ་ལ་བར་ཆད་བྱེད་པ་དང་། །རྣལ་འབྱོར་དགྲ་དང་དམ་འབྲལ་ལ། ། དགྲ་བོ་ལྷ་དབྲལ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དྲག་པོའི་ལས་འདི་མ་བསྟན་ན། །ལོག་པའི་ལམ་ལ་བློ་འཇུག་པས། །དོན་དམ་ཉིད་དུ་ངས་བསྟན་གྱིས། ། དང་པོ་དབང་བསྐུར་བཀའ་ཐོབ་ནས། །ལུང་འདི་ཉན་ཞིང་བསྒོམ་སྒྲུབ་སྟེ། །འདི་ཡི་རྟགས་དང་དངོས་གྲུབ་དང་། ། ལས་ལ་བྱ་བ་དབང་ཐོབ་ནས། །ཐུགས་རྗེའི་དཔྱང་ཐག་ཆད་པ་དང་། །ངན་སོང་གནས་སུ་སྐྱེ་ངེས་ལ། །ཆོ་གའི་ལས་འདི་བྱ་ཐབས་ནི། །བྱ་རོག་གུང་རུ་གཡས་པ་དང་། །འུག་པའི་དང་རུ་གཡོན་པ་ལ། །ཤོག་བུ་གྲུ་བཞིར་མཚོན་གང་གཉིས། །གཅིག་ལ་དགྲ་བོས་མིང་རུས་བྲིས། །གཅིག་ལ་དགྲ་བོའི་ཕོ་ལྷ་བྲི། །གུང་རུས་གཉིས་ལ་གྲོགས་བླ་ན། །བྱ་རོག་སྒྲོ་ཡི་རྩེ་ལ་གདགས། །དགྲ་བོ་ནང་འཐབ་ཏུ་གཞུག་པ་ནི། །སྔགས་མིང་རྣམས་ནི་བྲིས་ལ་བཞག ། དགྲ་བོའི་མིང་འོག་འུག་པས་གནོན། །བྱ་རོག་གིས་ནི་ཕོ་ལྷ་གནན། ཁོ༑ག་ཤོག་མཚོན་གང་གྲུ་བཞི་ལ། །འོག་ནས་འབྱུང་བའི་སྔགས་བྲིས་ལ། །བྱ་རོག་འུག་པའི་བར་དུ་གཞུག །ཚོན་སྐུད་སྣ་ལྔས་བཅིངས་ནས་ནི། ཁེང་རིང་རྩེ་ལ་བཏགས་ནས་ནི། །རླུད་པོ་ཆེ་ལ་འཐབ་ཏུ་གཞུག །བདག་ཉིད་ཆེ་མཆོག་སྐུར་བསྒོམས་ལ། ཁར་ནི་སྔགས་ནི་ཅི་མང་བཟླས། །མ་མ་ཏྲག་རམ་པ་ར་ཡང་། ཉུངས་དཀར་སྐེ་ཚེ་ཏིལ་ནག་ལ། ། སྔགས་དེ་བརྒྱ་རྩ་བརྒྱད་བཟླས་ན། །སྒྲོ་གཉིས་ཀྱི་ནི་སྟེང་དུ་གཏོར། །དེ་ལ་བསྐུལ་ཚིག་འདི་སྐད་དོ། ཁ་ཁ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་རལ་པ་ཅན། །རྟག་པར་ཟས་སུ་ཤ་ཟ་ཞིང་། །རོལ་ཞིག་ཁུག་ཅིག་ཕྲ་མེན་མ། །ཉིན་གྱི་ལས་མཛད་བྱ་རོག་མ། །བནྟྲ་གྲི་ཐོགས་རོ་༼རྔ་ཟ༽་ མ། །འཕྲིན་ལས་མྱུར་མགྱོགས་དྲག་ཤུལ་ཆེ། །གཞན་གྱི་མི་ཚུགས་སྐུ་མདོག་ནག །ཉིན་གྱི་ལས་མཛད་རྣལ་འབྱོར་མ། །ཉིན་གྱི་ཚེ་ཡི་ཕུང་པོ་ཆོམ། །དམ་ཉམས་དགྲ་བོ་འདི་དག་གི །ཕྲག་པ་གཡས་པའི་ཕོ་ལྷ་ཕྲོལ། །མཚན་གྱི་ལས་མཛད་འུག་པ་མ། །སྙིང་འབྱིན་གྲི་ཐོགས་གསོལ་ལ་རྔམ། ། འཕྲིན་ལས་མྱུར་མགྱོགས་དྲག་ཤུལ་ཆེ། །ཡོན་ཏན་མཐའ་རྒྱས་སྐུ་མདོག་སེར། །འཕྲིན་ལས་བདུད་འདུལ་གནས་རིགས་སྟོང་། །མཚན་གྱིས་ལས་མཛད་རྣལ་འབྱོར་མ། །མཚན་གྱི་ཚེ་ཡི་ཕུང་པོ་ཆོམ། །དམ་ཉམས་དགྲ་བོ་འདི་དག་ནི། །ཕྲག་པ་གཡོན་པའི་ཕོ་ལྷ་ཕྲོལ། ། རྩངས་པ་འཐབ་པའི་འགྱོད་པར་ལ། །ཆུ་ཡི་ཉ་རྣམས་གཏོར་བ་བཞིན། །ཐུགས་རྗེའི་ཚམས་ངམ་དྲག་་་་་་གྱིས། །འཛིན་རྟོགས་ངང་ལས་འཐབ་པ་ངུ་། །དགྲ་བོའི་ལུས་ཀྱང་ཕོ་ལྷར་གཏོར། །གཅིག་ལ་གཅིག་གཤེད་དེ་གཤེད་གཉིས། །གཤེད་ཀྱིས་གཤེད་རྒྱོབ་ཁ་ཁ་མ། ། གཉེན་པོར་རྟགས་ཕྱུང་ཧུ་ལུ་ཁ། །གཉིས་རྨིང་འཐབ་པའི་སྤྲུལ་པ་ལས། །ཧ་ཧའི་ང་རྒྱལ་བདུད་དཔུང་བསྒྲལ། །རྒྱོབ་རྒྱོབ་ཚམས་ངམ་ལྷ་ཆེན་བརྒྱལ། །སྲིད་པ་སེམས་གཏོར་དམ་ཚིག་ཉམས་པ་འདི། །མཎྜལ་ལས་ཀྱིས་སྒྲོགས་ཤིག་བྱ་འདྲའོ། །དེ་ལས་ཀྱང་མཐང་ཕུང་གཞུག་ན། ལྷ་འདྲེ་གང་མི་སྲུན་པ་གཅིག་གི་མིང་ཤོག་ཤོག་མཚོན་གང་པ་གཅིག་བྲིས་ལ། བྱ་རོག་གི་གུང་རུ་དག་ལ། དགྲ་བོའི་མིང་རུས་ཤོག་ཤོག་ཚོན་གང་པ་གཅིག་བྲིས་ལ། འུག་པའི་གུང་རུ་ལ་གདགས། གུང་རུ་དེ་ཤིང་རིང་པོ་ལ་གཏགས་ལ་འཐབ་ཏུ་གཞུག་པའི་སྔགས་དང་། ཆོ་ག་གོང་མ་བཞིན་དུ་བྱས་ན་མཐའ་ཕུང་དུ་འཛུད་དོ། །སྔགས་གྲྭ་ཟུར་ཆག་ཏུ་མི་རུང་ངོ་། །དགྲ་བོ་ལྷ་དང་དབྲལ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།རྣམ་པ་མང་པོའི་ལེའུ་ལས། གཡའ་མ་སྔོན་མོ་ཆག་གང་ལ། །དགྲ་བོའི་མིང་དང་གཟུགས་བྲིས་ལ། །ཕོ་ཉ་བཏང་ཞིང་དེར་སྟིམ་ལ། །འབྲུག་ཤིང་དག་གི་ལྕགས་ལ་ནི། །མ་མོ་རྡོ་རྗེ་ཕུང་སྒྲོལ་མ། །སྐུ་མདོག་ནག་མོ་ཆེན་མོ་ལ། །ཆིབས་སུ་སེ་རུ་ཤོན་པ་གཅིག །ཏིང་ངེ་འཛིན་གྱི་གསལ་བར་བསྒོམ། ། འོག་ནས་འབྱུང་བའི་སྔགས་བཟླས་ཤིང་། །དགྲ་བོའི་གཟུགས་ལ་བརྡེགས་ནས་ནི། ། བསྙེན་པ་ཞག་བདུན་བཙུགས་ནས་ནི། །བསྐུལ་ཚིག་གཞུང་བཞིན་བསྐུལ་ནས་ནི། །རྟགས་ཀྱང་ཞག་བདུན་ཉིད་ཀྱིས་སོ། །སྙིང་པོ་རཀྟ་ལས་ནི་དྲུང་། །ཏྲག་རསྒ་མ་ཏྲ་མྱུར་སྦྱོ། རུ་ལུ་རུ་ལུ་ཧུ༷་སྨྱོ།། ཞེས་དེ་བཟླས་ཏེ། དེ་ནི་སྲོག་གི་སྙིང་པོའོ། །སྲོག་ཤིང་མོ་ཡི་དམ་རྫས་ཡིན། །སྔགས་ཟུར་མ་ཆག་པར་བཟླས་ན། མཐའ་ཕུང་སྟེ་འོང་ངོ་། །དེའི་བསྐུལ་ཚིག་འདི་སྐད་དོ། །མཐིང་ནག་ཆེན་མོ་རལ་པ་ཅན། །ཟ་བྱེད་ཆེན་མོ་རྩེན་འབེབས་མོ། །རླུང་དང་བུ་ཡུག་ཆིབས་སུ་ཆིབས། །སྐུ་གཅིག་མི་ཟད་རལ་པས་རྒྱན། །ཟས་སུ་སེམས་ཅན་གསོན་ཟ་མ། །ཆེ་ཞེ་ཆེན་མོ་སྐུ་གཅིག་མ། །ནང་ཡང་སེམས་ཅན་འབུམ་ཟ་མ། །སྲིད་པ་ཟ་བར་བྱེད་པས་སྐྱེ་བའི་རྒྱུན་བཅོད་མ། ཁམས་གསུམ་སྒྲོལ་མཛད་སྟོང་ཁམས་རབ་གཅོད་མ། །གང་ལ་དམིཊ་པའི་དགྲ་བོ་ལ། །མ་མོ་ལས་ཀྱི་ཐུན་ཅིག་དབབ་ཏུ་གསོལ། །མ་མོ་ཐུན་གྱི་ལེའུ་སྟེ་ཉེར་བརྒྱད་པའོ།། །།ཡང་མ་མོ་ཐུན་ལེའུ་གསུམ་པ་ལས། ཆུ་གཙང་མ་དང་ཁྲག་བསྲེས་ལ། མོན་རབས་ཆད་ཀྱི་ཐོད་པར་བླུགས་ལ། རང་བུད་མེད་ནག་མོ་རལ་པ་ཅན་བསྒོམས། བག་ཕྱེ་དང་ཁྲག་བསྲེས་པས་དེའི་ཁ་བཅད་ལ། མཚོན་སྐུད་ཀྱི་ཁ་བཅིངས་ལ། སྙིང་པོ་འདི་བརྒྱ་རྩ་བརྒྱད་བཟླས་ཤིང་། ཞག་བདུན་དུ་བསྙེན་པ་བཙུགས་ཏེ། རག་རཀྟ་ཤ་མ་ཏྲ་སྙིང་ཁ་རག་སྨྱོ། རུ་ལུ་ཞེས་བྱ་སྟེ། དགྲ་བོའི་ཁ་སྤེ་དང་། ཁྱིམ་ལ་གཏོར་ཏེ་ཞག་གསུམ་ལ་འཇིག །གང་ལ་དམིགས་པའི་ཡུལ་ཕྱོགས་སུ་གཏོར་ན་མཐའ་ཕུང་ཏེ་འགྲོ་སྟེ། དེའི་བསྐུལ་ཚིག་འདི་སྐད་དོ། །ལྕགས་ཁང་ཆེན་པོ་ཁ་འབར་མ། །ལྕགས་ཀྱི་རལ་པ་བསིགས་པ་ཡིས། །མཚམས་ཀྱི་འབྱུང་པོ་ཀུན་འདུལ་མ། །དབུ་ནི་ཚོགས་དང་ཁྲག་བསྲེས་ལ་གཏོར་མ་བྱ། དགུན་ཤིང་ཟི་རའི་མར་མེ་དང་ཁྲག་བསྲེས་ལ་གཏོར་མ་བྱ། དེ་བསྐུལ་ཚིག་འདི་བཏང་ངོ་། །ཧུ༷་དཔྱིད་ཀྱི་རྒྱལ་མོར་གཤེགས་པའི་ཚེ། །ཀ་ཤ་དེ་བ་དུར་ཁྲོད་གནས་ཉུལ་མ། །དབྱར་གྱི་རྒྱལ་མོར་གཤེགས་པའི་ཚེ། །བྷ་ག་ཧྲི་ཏི་མཁའ་ལ་ཆར་འབེབས་མ། །སྟོན་གྱི་རྒྱལ་མོར་གཤེགས་པའི་ཚེ། །ཨེ་ཀ་ཛུ་ཏི་རལ་གཅིག་མ། །ཕྱག་ན་གསེར་གྱི་ཟོ་བ་བསྣམས། །འབྲས་བུ་ལོ་ཏོག་བཅུད་ལེན་མ། །དགུན་གྱི་རྒྱལ་མོར་གཤེགས་པའི་ཚེ། །མ་ཟ་བྲག་གྱོན་རྒྱལ་མོའི་གཏིང་སྐེམ་མ། ཁམས་གསུམ་མ་ལུས་དབང་དུ་སྡུད། །དགྲ་བགེགས་མ་ལུས་ཉལ་ཐག་གཅོད། །བྱང་ལ་བྱ་བ་རྟགས་ཕྱུང་ལ། །དཀྱིལ་འཁོར་གཉེན་པོ་འདི་བསྟན་ཅིང་། ། འགལ་བྱེད་དགྲ་བགེགས་རྡུལ་དུ་རློག །ཞེས་བྱས་ལ་དུས་བསྐུལ་ཞིང་བསྒྲུབ་སྟེ། །ཞིང་ལྤགས་དགྲ་བོའི་མིང་དང་གཟུགས་བྲིས་གཏོར་མའི་ནང་དུ་སྤྲུག་ཅིང་བཅུག་ལ། ཤ་རུས་ཟ་བའི་སྙིང་པོ་འདི་བཟླས་སོ། །སྙིང་ཟའི་ཚེ་ལ་མ་ཤ་རོ་ལ་ཁྲག་འཐུང་ཀ་ཤི་ཀི་ཤ་ཤ །ཀྲི་ཁིང་རོ་ལ་ཁྲག་འཐུང་། ཀ་ཐིང་ཀང་ཤ་ཡ། ཡ༷་ཏར་བར་ཧི་ཤ་ལ་ཀྱེ་ཀྱང་། ཁྲ་ཧེ་ཁྲ་ཧེ། རུ་ལུ་རུ་ལུ་སྨྱོ། བན་ཤ་རུས་ཤ་བའི་སྙིང་པོ་སྔགས་སོ། །གྲ་ཟུར་མ་ཆག་པས་བཟླས་ལ། རང་གི་སྲིན་ལག་གཡོན་པ་ལ་ཁྲག་ཕྱུང་སྟེ་དཔྲལ་བའི་དབུས་སུ་བྱུགས་ལ། དགྲ་བོའི་གཟུགས་ཀྱང་གཏོར་མར་བསྲེས་ཤིང་ཉི་མ་ནུབ་ཁར་བཏང་ན་ལྷོགས། །ཅེས་བརྗོད་ལ་ཉིད་ཀྱང་ཆེ་བའི་ང་རྒྱལ་བསྐྱེད་ལ། ཞེ་སྡང་དྲག་པོས་སྙིང་རྗེ་མ་སྐྱེད་པར་ཞག་གྲངས་མང་དུ་བསྙེན་པ་བཙུགས་ན། ལས་མྱུར་བར་འགྲུབ་བོ། །མ་མོ་ཐུན་གྱི་ལེའུ་སྟེ་སོ་གཅིག་པའོ ཡང་མ་མོ་ཐུན་ལེའུ་དྲུག་པ་ལས། འབྲུ་ནག་པོ་ལས་སྦྲུལ་གྱི་གཟུགས་བྱས་ལ་དགྲ་བོ་གང་ཡིན་པར་སྙིང་པོ་དང་། ཀླུ་ནག་པོའི་སྙིང་པོ་བསྲེས་ལ། སྦྲུལ་གྱི་ཁོང་པར་བཅུག་ལ། དེ་དགྲ་བོའི་ཕ་མེས་ཀྱི་ཐོད་པའི་ནང་དུ་བཅུག་ལ། ཀླུ་ནག་པོ་གནས་པའི་ཆུ་མིག་ཏུ་བསྐྱལ་ན། དགྲ་བོ་མཐའ་རླག་ཏེ་འགྲོའོ། །སྙིང་པོ་ནི་ནཱ་ག་བེ་ནི་ནཱ་བེ་ནི། ནཱ་གྭ་རྭ་ཛ་ཧ་ཧ་ཧཱུཾ་ཕཊ། བདག་ཉིད་ཀྱང་སྔགས་བཟླས་ཤིང་ལུས་བསྲུང་ངོ་། །མོན་རབས་ཆད་ཀྱི་ཐོད་པ་དགྲ་བོའི་དུར་དུ་གཞུག །དགྲ་བོས་ཕ་མེས་ཀྱི་རོ་རྙེད་ན་མགོ་བོ་ཆུ་མིག་ཀླུ་ནག་པོ་གནས་པའི་ས་རུ་བསྐྱལ། རྗེའུ་ངར་གྱི་ཤ་དང་སྨད་ཀྱི་ཤ་རུས་གཅིག་བསྡེབས་ལ་རླུང་ཆེན་པོའི་སར་འཕྱགས་ན་ལེགས། དེ་མནན་དེར་སྦས་རབས་ཆད་པར་ངེས་སོ། །དེ་ལ་བསྐུལ་ཚིག་འདི་སྐད་དོ། ། ཞབས་ཀྱི་འཁོར་ལོ་ལས་ནི་གསེར་གྱི་རྒྱལ་མོ་སྟེ། །གཡུ་ཡི་མེ་ཏོག་ནལ་ནལ་འཕྲོ། །རྟ་བྲོ་དང་ནི་ཆོམ་སྒྲ་དང་། །གནམ་གྱི་མཐོང་ཀུན་སྒྲ་ཡི་གང་། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་ཁྱབ། །སྙིང་པོ་དུང་དང་ཧ་ཡིན་ཏེ། །འདི་ལྟ་བུ་ཡི་སྐུ་བྱུང་སྟེ། །ལས་མ་གྲུབ་པར་ཀུན་ཀྱང་རྒྱུག །ཀླུ་རྒྱལ་ཀུན་གྱི་གཤེད་བཞི་མ། །སྐུ་ལ་ན་བཟའ་ཅི་གསོལ་ན། །ཀླུ་རྒྱལ་འབྲུག་གི་སླག་པ་གསོལ། །ཆུ་སྲིན་འབུམ་གྱི་ཤམ་ཐབས་གསོལ། །ཕྱག་ན་ལྕགས་ཀྱུ་འབར་བ་བསྣམས། །ཀླུ་རྒྱལ་ཀུན་གྱི་སྙིང་ནས་འདྲེན། །ཟས་སུ་ཀླུ་ཡི་ཤ་ལ་ཟ། །སྐོམ་དུ་ཀླུ་ཡི་ཁྲག་ལ་འཐུང་། །གོས་སུ་ཀླུ་ཡི་སླག་པ་གོན། །གལ་ཏེ་ལས་འདི་མ་བྱས་ན། །ཀླུ་རྣམས་ཀུན་ཀྱང་ཐལ་བར་རློག །སྙིང་པོ་ཨ་ཚ་ལ་སྨྱོ་རུ་ལུ་ཧཱུཾ། ཞེས་བརྗོད་ལ་ལག་པ་སོར་མོ་གདེངས་ལ། བྱ་བཞིན་དུ་འདབ་མ་ཅན་དུ་བྱས་ན། ལུང་པ་ཁ་བྱང་དྲང་པོར་ལྟས་པ་ལ་ཆུ་མིག་ཀྱང་ཁ་བྱང་དྲང་པོར་ལྟས་པར་ཆུ་མདོག་གནག་ལ་གཏིང་རིང་བར་རྐང་པ་བཙུགས་ཏེ། ཁ་བྱའི་ཆུ་སྐྱེས་པ་བཞིན་དུ་བྱས་ལ། གོང་ནས་བྱུང་བ་བཞིན་དུ་ཐོད་པའི་ཁ་རུ་བཟུང་ལ་ལག་པས་མ་རེག་པར་ཆུ་མིག་ཏུ་བོར་ན་ལས་ལྡོག་མི་སྲིད་དོ། །ནད་ནི་མཛེ་ནད་ཀྱི་འཛིན་ནོ། །མ་མོ་ཐུན་༼གྱི༽་ ལེའུ་སྟེ་སོ་གཉིས་པའོ།། །།ཡང་མ་མོ་ཐུན་ལེའུ་བདུན་པ་ལས། གྲོ་གའམ་ཤིང་ཤུན་ལ་དགྲའི་མིང་བྱང་བྲིས་ལ། བདག་ཉིད་ཀྱང་ཁྲོ་ཆེན་པོའི་སྐུར་བསྒོམས་ལ། ཀླུ་སྲིན་གནས་པའི་ས་རུ་བཅུག་ལ། རྐང་པས་མནན་ལ་སྔགས་ནི་གང་དུ་མ་སྨྱོ་རྭ་ཛ་ཏ་རུ་ལུ་རུ་ལུ་ཞེས་བརྗོད་ལ། གྲངས་མང་དུ་བཟླས་ལ།ཚིག་ཏུ་ཡང་དམ་ཉམས་པ་འདིའི་མཆན་གྱི་བུ་འཕྲོགས་ཤིང་ཡན་ལག་བསྐུམས་ཤིག །ཅེས་བརྗོད་ལ་བསྐུལ་ཚིག་བརྗོད་དོ། །གཡུ་ཡི་འཁོར་ལོའི་རྩིབས་སྟེང་ན། །མི་ཟད་འབར་བའི་སྐུ་བྱུང་བ། །སྲིད་པ་ཆེན་མོ་རྒྱ་མཚོ་བཞིན། །དེ་ལ་ཞབས་ནི་དགོངས་པར་བྱེད། །དེ་ཡི་སྐུ་བརྒྱན་བཤད་པ་ནི། །བ་སྤུ་ཉག་མ་རེ་རེ་ལ། །སྐུ་བརྒྱན་དཀྱིལ་འཁོར་ཡིན་པར་བཤད། །སྤྱན་གྱི་རྫི་མ་རེ་རེ་ལས། །མ་མོའི་སྤྲུལ་པ་འབུམ་འབུམ་འགྱེད། །ཞབས་ཀྱི་ལྷ་སྲིན་ཀུན་མནན་ཏེ། །ཕྱག་དང་ཞབས་ཀྱི་སྤྲུལ་པ་ལས། ། རལ་གྲི་དམར་པོ་རེ་རེ་འབྱུང་། །ཕྱོགས་བཅུ་མ་ལུས་ཐམས་ཅད་ནི། །རིན་ཆེན་གསེར་གྱིས་ཀུན་བཀང་སྟེ། །སྲིད་པའི་སེམས་ཅན་མ་ལུས་པའི། །ཐམས་ཅད་ཀུན་གྱི་སྙིང་ནས་འདྲེན། །དེ་ལས་བྱང་ཆུབ་ལམ་ཆེན་པོའི། །བཅོལ་བའི་ལས་དེར་འགྲོ་བར་ངེས། །གང་ལ་བྱ་བ་གྲུབ་པར་བྱོས། །མ་མོ་ཐུན་ལེའུ་སྟེ་སོ་གསུམ་པའོ།། །།ཡང་མ་མོ་ཐུན་ལེའུ་བརྒྱད་པ་ལས། ཆོ་ག་འདིའི་དཔྱད་ལ། འབྲུའི་ཆང་གྲོ་ཆང་ཆུ་ཆང་དང་། །ས་ལ་སྐྱེས་པའི་དུག་སྣ་ཚོགས། །གླང་པོ་ཆེན་པོའི་མཚན་མ་དང་། །འདི་རྣམས་ཆང་གི་ནང་དུ་བླུགས། །བསེ་གཞོང་ཁ་བཅད་ཀྱི་ནང་དུ་བླུགས་ལ། ཡི་གེ་བརྒྱ་རྩ་བརྒྱད་བྲིས་ལ་བླུགས་ལ། དེའི་ནང་དུ་རྩི་སྨན་སྦྱར་བ་སྣ་ཚོགས་བླུགས། ཞག་གསུམ་བསྙེན་པ་བཙུགས་ལ། དགྲ་བོ་དངོས་ཡོད་ན་ཁང་པ་ལ་ཕོག་པར་བྱ། ཐག་རིང་ན་ཡུལ་ཕྱོགས་སུ་གཏོར་ལ་བཏང་། སྙིང་པོ་ཤཱ་ར་མ་པ་ཤ་རུ་པོ་པ༷་ཤ་ཧུ༷་ཕཊ། ཞེས་བརྗོད་ཅིང་གྲངས་མང་དུ་བཟླས་ལ་བསྐུལ་ཚིག་འདི་སྐད་དོ། །ནག་མོ་གསུམ་མིག་རྡོ་རྗེ་གདོང་། །གཡང་གཞི་གོས་སུ་གྱོན་པའི་རྫུ་འཕྲུལ་པས་སྲིད་གསུམ་གནོན། །ཕྱག་ཆ་སྲིན་པོའི་ཐག་བཟང་ཐོགས། །རྒྱན་དུ་མི་ཡི་ལྤགས་པས་བརྒྱན། །ཟས་སུ་དམ་ཉམས་ཤ་ལ་ཟ། །སྐོམ་དུ་དམ་ཉམས་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་རྒྱན་དུ་བྱས། །བསྡེ་བཤེས་གཉེན་དགེ་བསྙེན་ནས། །བུད་མེད་ཕྲེང་ཐོགས་གང་ཡང་རུང་། །བདག་ལ་དགྲ་བྱ་དམྱལ་ཐག་གཅོད། །ཅེས་བསྐུལ་ན་ལས་ཆུད་མི་ཟའོ། །མ་མོ་ཐུན་ལེའུ་སྟེ་སོ་ལྔ་པའོ།། །།ད་ནི་མ་མོ་ཁྲག་སྐེམས་ཀྱི་ཆོ་ག་བཤད་པར་བྱ་སྟེ། ཡོ་བྱད་ལ་བྱ་ཤ་ཟན་སྣ་ཚོགས་ཀྱི་མགོ་བོ་དང་སྡེར་མོ། གཅན་གཟན་སྣ་ཚོགས་ཀྱི་མགོ་བོ་དང་སྡེར་མོ། སྐམ་ལ་གནས་པ་དང་། གཤེར་ལ་གནས་པའི་ཁྲག་སྣ་ཚང་བ། མི་གྲིར་ཤི་བའི་བམ་ཚོགས་ཚགས་བྱས་ན། དང་པོར་གནས་བརྟག་པར་བྱ་སྟེ། དུར་ཁྲོད་གནས་དང་ཤིང་གཅིག་དྲུང་། །བྲག་ནག་རྨོག་མགུལ་ཆད་དང་། །ཆུ་བོའི་འགྲམ་མམ་རོལ་མཚོའི་གདོང་། །བྱ་རྒོད་འུག་པ་ཕོ་རོག་དང་། ཁྲ་ཟན་བྱ་ཡི་ཚངས་ཡོད་སར། །ཀང་ཀ་དུར་ཁྲོད་བྱ་གནས་སར། ། གནས་ཁང་བཟང་པོ་ཡོད་ན་ལེགས། །མེད་ན་ཁང་བཟང་སྦྲ་ཕུབ་ལ། །གཞུད་ལས་འབྱུང་བའི་དཀྱིལ་འཁོར་བརྩིག །དུར་ཁྲོད་འབར་བའི་ཐིག་བཏབ་པ། ཁ་དོག་སྣ་ལྔའི་ཚོན་རྩི་བཀྱེ། །དཀྱིལ་འཁོར་གྲུ་གསུམ་སུམ་རྩེག་ལ། །དབུས་ཀྱི་མཐིང་ནག་གྲུ་གསུམ་ལ། །མ་མོ་བསྣོལ་བའི་གདན་སྟེང་དུ། །ཆེ་མཆོག་ཡབ་ཡུམ་རྩེག་མར་དགོད།། མཐའ་མ་ཧེ་རུ་མ་བདུན་དགོད། །ཐོད་པའི་ཕྲེང་བས་མཐའ་མ་བསྐོར། །རྒྱན་དང་ཆས་གོས་ནག་པོར་བསྒྱུར། །དུར་ཁྲོད་དགྲམ་དང་བནྟྲ་དགྲམ། །ཡུམ་ཡང་མཐིང་ཁ་མདོང་མདོག་ཕྱེ། །གཉེར་མ་གྱེན་འགྲེང་ཡོད་པ་འཚལ། །སྣོད་ཀྱང་མཁར་གཞོང་ཟངས་གཞོང་དང་། །ལྕགས་ལ་སོགས་པ་གང་ཡོད་པར། །འབྲུ་ཁལ་གཅིག་ལ་གཏོར་མ་བྱ། །ནང་དུ་དབང་པོ་རྣམ་ལྔ་དང་། །བ་སུ་ཏ་ཡིས་མཐའ་མ་བསྐོར། ཁྲག་སྣ་ཚོགས་པ་དེར་བླུགས་ལ། །ངར་ཕྱེ་ཅིག་གཟན་ལ་སོགས་པ། ། དམ་ཉམས་དགྲ་བོའི་གཟུཊ་བྱས་ལ། །མིང་རུས་སྙིང་ཁར་གླན་ནས་ཀྱང་། །གཏོར་མའི་དབུས་སུ་བཞག་པར་བྱ། །དེ་ནས་དཀྱིལ་འཁོར་འཁོར་ལོ་ནི། །ཕྱོགས་སུ་རང་གཞན་བྱས་ནས་ནི། །རྫས་དགོད་སྨན་བརླབ་གཞན་བཞིན་བྱ། །སྒྲུབ་པ་ནང་ལ་ཞུགས་ནས་ཀྱང་། །བདག་ཉིད་དཀྱིལ་འཁོར་གསལ་བསྒོམས་ཏེ། །ལས་ཀྱི་གཞུང་སྲང་འཛབ་ཀྱང་བཟླས། ། མཆོད་པ་དུས་དྲུག་དབུལ་བར་བྱ། །ཐུགས་དམ་ཤེལ་དང་བྱ་ཡི་བསྐང་། །ཙ་ར་རོག་པོས་༼སྨོན་བརྩུགས་དམོད་བཙུགསཀེ་ ཏེ། །ཀུ་ཀ་ར་ལ་དབང་ཐང་བསྒྲལ། །བསྐུལ་ཅིག་ཕོ་ཉ་བཏང་ནས་ནི། །ཤེས་པ་དགུག་ཅིང་གཟུགས་ལ་བསྟིམས། །མ་མོ་མཁའ་འགྲོ་དབང་ཕྱུག་མ། །ཅི་བགྱི་བཀའ་ཉན་ལ་སོགས་པས། །དེ་ཡི་ཤ་ཁྲག་ཟོས་པར་བསྒོམ། །གཡུབ་ན་བརྡབ་ཅིང་གླེའུས་བརྡབ། །དམར་གྱི་ཨརྒ་རྒྱུན་མེད་སྤྲེང་། །བཅོལ་ནས་བཤགས་པ་ནུས་ཚད་བྱ། །འཛབ་དང་བསྙེན་པ་ཚངས་པར་བཟླས། །ཉེན་པ་མེད་པའི་འོ་དོད་བོད། ཁྲ་ཁྲག་ཟ་བའི་སྔགས་ཀྱང་བཟླས། །ཡང་ན་དུག་གསུམ་རྔུབ་པ་བཟླས། །བཅོལ་ཞིང་བསྐུལ་བ་གོང་མ་བཞིན། །ཕོ་ཉ་བཏང་བ་གོང་བཞིན་བྱ། །དགུག་ཅིང་འདྲེན་སྔགས་ཀྱིས་བྱ། །དེ་བཞིན་ལན་གྲངས་ཅི་མང་དུ། །ཟླ་བ་ཕྱེད་དུ་བཟླས་བྱས་ན། །འགྲུབ་འགྱུར་འདི་ལ་གདོན་མི་ཟ། །གཏོར་མ་ཆུ་དང་མེ་ལ་བཏང་། །ཞི་ནས་དམ་ཚིག་གཞུང་དུ་བསྲུང་། །འདིར་ནི་ཤ་ཁྲག་སྐེམས་པར་བྱས། །མ་མོ་ཤ་ཁྲག་སྐམ་པར་བྱེད་པའི་ལེའུ་སྟེ་སོ་དྲུག་པའོ།། །།རིམས་ནད་གཏོང་བའི་ཆོ་ག་ལ། དང་པོར་གནས་བརྟག་པར་བྱ་སྟེ། རིའི་རྩེ་མོ་བྱུང་རྒྱལ་དུ་ཡོད་པ།རིའི་ཁ་ནས་ལྟས་ན་ཀུན་མཐོང་བ། ལྟོང་གཡའ་རལ་པ་གཉིས་པ་འདྲ་བ། བར་སྟག་རིའི་གཏོད་པ་འདྲ་བ། ཞོལ་གྱི་བྲག་ནག་མཚོན་ཆ་ཐོགས་འདྲ་བ། ཆུ་མཚམས་ན་བབ་ན་ཡང་ལེགས་སོ། །ཞབས་ན་ཡིད་དྭགས་ཀྱི་གླིང་ཡོད་པ། དེ་ལྟ་བུར་སོང་ལ་ཡུམ་སྐྲ་ལྕང་ལོར་ཡོད་པ། ཡིད་ཙམ་སེར་བ། མདོག་དམར་བ་སོ་རྣོ་བ། ལྟས་པས་བྱང་ཆུབ་ཀྱི་སེམས་རིག་པ། གཟུགས་བརྗིད་བག་ཏུ་འགྲོ་བ་ཁྲིད་ལ། དཀྱིལ་འཁོར་གཞུང་ནས་འབྱུང་བ་བཞིན་དུ་བརྩིགས་ལ། བདག་ཉིད་ཆེ་མཆོག་ཏུ་བསྒོམ་ལ། ལས་དང་ཆོ་ག་ཚངས་པར་བྱས་ལ།མ་མོ་དབང་ཚད་རིམ་པར་བསྐུལ་ཞིང་རིམས་ནད་ཐོབ་ཅིག་པར་བསྒོས་ན། ནད་སྣ་ཚོགས་པ་འབྱུང་ངོ་། །ཡང་ན་བདག་ཆེ་མཆོག་གིས་ཡེ་ཤེས་ཀྱི་མ་མོ་བསྐུལ། ཡེ་ཤེས་ཀྱི་མ་མོ་ཡིས་རང་བཞིན་གྱི་མ་མོ་བསྐུལ། རང་བཞིན་གྱི་མ་མོས་སྲིད་པའི་མ་མོ་བསྐུལ། སྲིད་པའི་མ་མོས་ཨེ་ཀ་ཛུ་ཏི་རྦད་དེ། ཨེ་ཀ་ཛུ་ཏིས་ནག་མོ་རེ་མ་ཏི་བསྐུལ་ནས། ཨེ་ཀར་ཤ་ནག་མོ་རག་མོ་ཡསྒ་སྨྱོ་རུ་ལུ་རུ་ལུ་སྨྱོ། མ་མོ་ཏྲག་རསྒ་མུ་ཏྲ་མ་ཏྲ་མ་སྨྱོ། ཅེས་གྲངས་མང་དུ་བཟླས་པས་གླིང་བཞིའི་ཡུལ་གང་ཡིན་པར་ཀླད་རིམས་དང་། འཁྲུ་བག་གི་༼ནད་༽སྣ་ཚོགས་འོང་ངོ་། ། དེ་ནས་ཡང་བདུད་ཀྱི་བུ་མོ་དམར་སྐྱ་སྐྱེ་བྱེད་མིག་གཅིག་མ་སྦད་དོ། །རལ་ནག་བསིགས་ཤིག་དེ་རིང་ལྷ་མོ་ཨུ་མ། དེ་རིང་མ་ར་ཡ་སྨྱོ། སྙིང་ཟ་བ་ཙིལྟི་ལ་མ་ཤ་རོ་ལ་ཁྲག་འཐུང་ཀང་ཤ་ཡ།ཏར་བར་ལ་ཧོ། ཤ་ལ་ཀ་ལ་ཀ་ཀིང་གྲང་དེ་རུ་ལུ་སྨྱོ། །ཞེས་རྦད་པས་མི་ཡུལ་གླིང་བཞི་གང་ཡིན་པར། འཁྲུ་བག་གི་ནད་དང་རྒང་ཐབས་ཀྱི་ནད་སྣ་ཚོགས་འོང་ངོ་། ། དེ་ནས་ཕྱུགས་ནད་སྣ་ཚོགས་བཏང་བ་ནི། རལ་གཅིག་མར་བསྒོམས་ལ། ལྷ་མོ་ནམ་གྲུ་མ་སྦད་ཅིང་བསྐུལ་ཚིག་འདི་སྐད་དོ། །ནམ་གྲུ་ཁྱོད་ཆོ་དང་འབྲང་། །མཚན་ཉིད་ཡང་དག་བཤད་བྱ་བ། །ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། །རྒྱབ་ནི་འཛམ་བུ་ཆུ་བོའི་གསེར།ཁྱོད་ཀྱི་བསྡོངས་པ་སྡུལ་ཡིན་ཏེ། །ལྟོ་བའི་ངོས་ནི་རྡོ་རྗེ་མཁྲེགས། །མིང་ནི་མཛོད་དང་མཛོད་སྲུང་བྱེད། ཁྱོད་ཀྱི་མ་ནི་ཀུན་འགྲོ་མ། ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། །བ་ག་ཧྲི་ཏི་ནད་ཀྱི་བདག། ལྷ་ཡུལ་དག་ཏུ་འཁྲུངས་པ་ཡིས། །ན་མོ་བཛྲ་བཱ་ནི་སེ། ཙི་ལི་ཙི་ལི། སྙིན་དེ་སྟིན་དེ། མུརྫི་མུལྤ ཧེ་པ་ལེ་ཏེ་ནེ་གྲྭཧྭ། ཞེས་བརྗོད་ཅིང་བསྐུལ་ན་ཕྱུགས་ནད་སྣ་ཚོགས་འོང་ངོ་། །དེ་ནས་ཕ་རོལ་པོའི་གནོད་ཕུལ་ནས་ནད་སྣ་བཅད་པར་བྱ་ན། བཛྲ་པ་ནི་ར་ཏ་ན་པ་ཡ་ཏི་གྲྭཧྭ། དེ་བས་མ་ནན་པ་ཡན་ཏི་གྲྭཧྭ། ཞེས་བརྗོད་ཅིང་ནམ་གྲུའི་མཚན་དང་། ཆོ་འབྲང་ནོད་ཅིང་། གྲོ་གར་བྲིས་ནས་དགྲ་བོ་ལ་བཏབ་ན། ཡུལ་དེར་ཞི་བ་དང་བཀྲ་ཤིས་པར་འགྱུར་རོ། །མི་ནད་ཕྱུགས་ནད་ལ་སོགས་དང་། ནད་ཐམས་ཅད་མི་འོང་ངོ་། །དེ་ནས་ཀྱང་བཛྲ་ཧེ་རུ་ཀ་རུ་བསྒོམས་ལ། ཨེ་ཀ་ཛུ་ཏི་རལ་གཅིག་མ་སྦད་དེ། སྒག་རསྒ་ཁ་མུན་ཏྲ་ཛྲ་ཏྲིག་སྣ་མ་ཡ་སྨྱོ། སྙིང་ཁར་ག་རག་སྲོག་བམ་རིལ་སྨྱོ་སྦད་པས། དགྲ་བོ་རྒྱ་ནད་ཀྱི་འདེབས་པར་འགྱུརརོ། ། ཡང་ཁྲོ་བོ་དེ་བསྒོམས་ལ་རི་རབ་གླིང་བཞིའི་དབང་བསྒྱུར་བ། བཛྲ་དུར་ཁ་ཏི་གླིང་བཞི་མ་སྦད་དེ། གྲུ་མ་ལ་གུམ་བུའི་བེ་བ་རི་བུར་པ་གོ་ཧྲི།འུ་ཤིག་དགྲ་གྲུད་འདི་ལོངས་པྲ་ཤིང་སྲོག་སྙིང་ཕྱུང་། །ཀླུ་མ་ལ་ཀང་ཀ་རང་ཕྱོད་རྣལ་ཐིམ། པྲ་ལིང་ཙ་ཚར་བུ་ཤིང་རྡུལ་དུ་གཅད་པར་བྱའོ། །ཞེས་གྲོ་གའམ་ཤིང་ལ་རི་མོ་བྲིས་ཀྱང་རུང་སྟེ། དུར་ཁྲོད་ཀྱི་ས་ལ་གཟུགས་སྨུག་ནག་ཏུ་བྱས་ལ་སྦད་ན། དགྲ་བོ་ལ་རིམས་ནད་དང་ཀླད་གཟེར་ཡན་ལག་བཅིངས་པར་འགྱུར་རོ། །དེ་ནས་ཡང་ཁྲོ་བོ་བསྒོམས་ཏེ། རྫོང་གི་ལྷ་མོ་རལ་པ་ཚར་དགུ་པ་སྦད་དོ། ། ཀློང་ཀློང་བ་ཏི་པར་ཀློང་ཁུ་ཁུ་ཐ་ཏྲ། ཁ་ཁ་དུར་དུར་དུར། མོ་ཁ༷་ཁ༷་ཁ༷་རུ་ཁ༷་བདུད་ཀྱི་བདུད་ཀྱི་ཁྲ༷་ལ་དུ། དམ་དམ་ཤ །བདུད་ཀྱི་སྲོག་ལ་ཡ། རམ་ཡ་རམ་ཞེས་སྦད་པས། བདུད་ཉིད་ཀྱང་འཆི་བར་འགྱུར་ན་དགྲ་ལྟ་ཅི་སྨོས། དེ་ཡང་ཁྲོ་བོར་བསྒོམས་ནས། གངས་རིའི་བུ་མོ་དཀར་མོ་སྤྱན་གཅིག་མ་སྦད་ན། ཨ་ལི་དུ་ན་ཀ་རུ་ཀ་ལེ་དབུགས་མར་ཕྱུང་ཤིག་ཤིག །སྲོག་བུ་པ་བསྡུས་པ་རི་བམ་ཞེས་རྦད་པས། དགྲ་བོའི་ཡུལ་ཕྱོགས་སུ་ནད་བཏང་ངོ་། །ཡང་ཁྲོ་བོར་བསྒོམ་ལ། རྡོ་རྗེ་ཤུགས་སྒྲོལ་མ་སྦད་དོ། །ནཱ་ནཱ་ནཱ་ཤིན་རྩིན་དུ་ཤེད་ཤེད་ཏིས་ཏ་རྦད་དམ་བྲུ༷་རིལ་རིལ། ལི་ལི་སྨྱོ་རུ་ལུ་རུ་ལུ་སྨྱོ་ཧུ༷་སྨྱོ་ཧུ༷། དགྲ་བོ་ནད་སྣ་ཚོགས་ཀྱི་འཆི་བར་འགྱུར་རོ། །མན་ངག་དེ་དང་ལྡན་པ་ཡང་། །མ་ཡེངས་བསྒོམས་པས་བསྒྲུབ་བརྩོན་པས། ། དམ་ཚིག་མ་ཉམས་ཡོ་བྱད་ལྡན། །དམ་རྫས་མཆོག་དང་གཞུང་བཙུཊ་པས། །རིམ་དང་ནད་རྣམས་ཅི་དགར་གཏོང་། །སྟོང་གསུམ་ཉམས་༼ཞིང་༽ཕུང་པར་འགྱུར། །བསྐུལ་ཚིག་གཞུང་ན་ཡོད་པ་གཏང་། རིམས་ནད་བཏང་བའི་ལེའུ་སྟེ་སོ་བདུན་པའོ།། །།སེར་བ་དང་ཤ་དང་སད་གཏད་པའི་ཆོ་ག་ནི་ཀླུ་གནད་ལ་འབེབས་པས་སྡིག་ཆེ་བས་འདིར་མ་བསྒྱུར་རོ། ཁྲ་ནད་དང་སེར་བ་གཏད་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།གནོད་འདུལ་ལྷ་ཡི་ཡང་གསོལ་པ། ། ལས་རྣམས་དྲག་པོ་འདི་བརྩམས་ལས། །ཀུན་ལ་བྱ་བར་འབྱུང་ལགས་སམ། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫ་གས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་བ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་བསྩལ་པ། །ལས་རྣམས་བརྩམས་པའི་དམིགས་བསྟན་པ། །ཡང་དག་ཉིད་དུ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །བསྒྲལ་བའི་ལས་འདི་བརྩམས་པ་ཡང་། །ཀུན་ལ་བྱ་བར་མ་གསུངས་ཏེ། །མཚན་དང་ལྡན་པའི་སྐྱེས་བུ་ཡང་། །གཞུད་དང་ལྡན་པའི་སྐྱེ་བོ་དང་། །དོན་དང་ལྡན་པའི་དགེ་འདུན་དང་། །ལུང་དང་ལྡན་པའི་མཁན་སློབ་དང་། །ཆོས་དང་ལྡན་པའི་རྒྱལ་པོ་དང་། ཁྲིམས་དང་ལྡན་པའི་བྲམ་ཟེ་དང་། །རྟགས་དང་ལྡན་པའི་བུད་མེད་ལ། །ལས་འདི་བརྩམས་པར་ཡོངས་མ་གསུངས། །བརྩམས་ཀྱང་མི་འགྲུབ་བདག་ཉིད་ཕུང་། །གཉེན་གྱི་དོན་ནི་གཉེར་བ་དང་། །རོགས་འབྲེལ་དོན་དུ་བརྩམས་པ་དང་། །རང་ནོར་རང་གིས་བླངས་པ་དང་། །རིང་པར་ཟ་བར་བསྐོས་པ་དང་། །ཉམ་ཐག་འཕོངས་པར་གྱུར་པ་དང་། །མ་རྟོགས་གླེན་པའི་མཚན་ཉིད་ལ། །ལས་འདི་བརྩམས་པར་ངས་མ་གསུངས། །བརྩམས་ཀྱང་སྡིག་ཁྲིན་ཆེ་བར་གསུངས། །ལན་པ་རང་གི་ཆེ་བ་དང་། །འཁོན་འཁོན་འཕྲན་ཚེགས་ཡ་ད་པ་དང་། ཁ་སྙེད་ཆགས་པ་ཕྲ་མོ་དང་། །ཆང་དབང་གདོན་ཀླུས་བཀའ་སྩོལ་པ། །ལས་འདི་བརྩམ་པར་ངས་མ་གསུངས། །བརྩམས་ན་ངན་སོང་གསུམ་དུ་ལྟུང་། །འདི་དག་བརྩམས་པའི་མཚན་ཉིད་ནི། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཐེག་པ་ཆེན་པོ་སྨོད་པ་དང་། ། བསྟན་པ་གཉེན་པོ་བཤིགས་པ་དང་། །སྔ་རབས་ཚད་མའི་སྐུ་དགྲ་དང་། །བཀའ་ཀུན་འགལ་བར་བྱེད་པ་དང་། །ཆ་ཡོད་བཞིན་དུ་འཇོམས་ཆེ་དང་། །རང་ཆོག་ཡོད་ཀྱང་གཞན་ལ་འཕྲོག །མ་ཉེས་ཡོངས་ཀྱི་གཉའ་བ་གནོན། །ཉམ་ཐག་ཀུན་ལ་སྙིང་རྗེ་མེད། །སྡིག་པའི་ཕྱོགས་སྟོང་དགེ་བ་སྨོད། །ཡོད་མེད་ཅན་དང་མཁས་པ་གསོད། །རྣལ་འབྱོར་བར་ཆོད་རྐུ་འཕྲོག་བྱེད། །ཕུང་དང་བསྒྲུབ་པའི་ལོངས་སྤྱོད་ཟ། །སྙིང་ནས་ཟ་བར་་༑མ་པ་དང་། ཁྲེལ་འཛམ་ངོ་ཚ་བྲལ་བ་དང་། །རྒྱ་ཁམས་ནག་པོར་བྱེད་པ་དང་། །བདག་དང་ཡོངས་ལ་འཛུགས་པ་དང་། །ཞི་བར་སྨྲས་ཀྱང་མི་ཉན་ཞིང་། །བདེན་པས་དཀྲོལ་༼ན༽་ མི་གོ་བ། ། འདི་དག་བསྒྲལ་བའི་རྒྱུ་ཡིན་པས། །འཕྲིན་ལས་དུས་ལ་བབ་པ་ཡིན། །བསྒྲལ་བའི་ཞིང་བཅུར་གྱུར་པ་སྟེ། །ཞེ་སྡང་མེ་ལྟར་འབར་ཏེ་གཅིག །ཕྲག་དོག་རླུང་ལྟར་འཚུབ་དེ་གཉིས། །འདོད་ཆགས་ཞིང་ལྟར་གཏམས་ཏེ་གསུམ། །གཏི་མུག་རི་ལྟར་སྤུངས་ཏེ་བཞི། །ང་རྒྱལ་སེར་གྱི་ཁེངས་ཏེ་ལྔ། །སེར་སྣ་རྩི་ལྟར་འབར་ཏེ་དྲུག །གཏུམ་ཁྲོ་ཁྲོ་ཆུང་འདྲ་སྟེ་བདུན། །སྲོག་གཅོད་སྲིན་པོ་འདྲ་སྟེ་བརྒྱད། །འཕྲོག་རློན་སྲིན་མོ་འདྲ་སྟེ་དགུ། །ཆོས་ལོག་ཁད་དཔོན་བྱེད་དེ་བཅུ། །འདི་དག་བསྒྲལ་བའི་དམིགས་ཡིན་ཏེ། །འདི་དག་བསྒྲལ་བར་མ་བརྩམས་ན། །སྙིང་རྗེའི་དམ་ཚིག་ཉམས་པར་འགྱུར། །ངན་སོང་སྐྱེ་ཞིང་དམྱལ་བར་འགྱུར། །བླ་མེད་ཐར་ལམ་སྟོང་པར་འཀྱུར། །འདི་དག་བསྒྲལ་བའི་ལས་བརྩམས་ན། །རྣལ་འབྱོར་མཐུ་རྨོག་མཐུ་དཔུང་བཙན། །བསྒྲུབ་ལ་བར་ཆད་བྱེད་པ་མེད། །ལས་ངན་འཕྲོ་བཅད་དམྱལ་ཡུན་ཐུང་། །བླ་མེད་ཐར་པའི་བདེ་སྒོ་ཕྱེ། །ངན་སོང་འཁོར་བ་གཏིང་ནས་སྦྱངས། །བསྟན་པ་བསྲུང་ཞིང་གང་ཟག་བཙུན། །ངེས་པར་ལགས་པའི་དགོངས་པ་བསྒྲུབ། །བསྒྲལ་བའི་དམིགས་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྒྲལ་བའི་ལས་རྣམས་བརྩམ་པ་ཡང་། །རྣལ་འབྱོར་མཐའ་དག་གང་ཟག་གིས། །ཀུན་གྱིས་བརྩམས་ན་འགྲུབ་མི་འགྱུར། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་བསྩལ་པ། །རྣལ་འབྱོར་གང་ཟག་མཐའ་དག་གིས། །བསྒྲལ་བའི་ལས་རྣམས་འགྲུབ་མི་འགྲུབ། །ངེས་པ་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྣལ་འབྱོར་གང་ཟག་སྣ་དགུ་དང་། །ཀུན་གྱིས་བརྩམས་པར་མ་གསུངས་ཏེ། །ཐོས་པ་ཆུང་ལ་མན་ངག་མེད།། འཛིན་རྟོག་ཆེ་དང་བློ་སྡར་བས། །ལས་འདི་བརྩམས་ཀྱང་མི་འགྲུབ་པས། །རྟོག་པའི་ནད་ཀྱི་རང་ལ་འཇུག །དམ་ཚིག་ཉམས་དང་བཀའ་སྩོལ་པས། །བསྡིགས་པ་ཙམ་དང་བཅས་པ་ཡིས། །འགྲུབ་པ་ངེས་པས་མི་འགྲུབ་ལས་འདི་མི་འགྲུབ་སྟེ། །སླར་ཡང་སྨན་མོའི་བཀའ་ཆད་འོང་། །ཆོ་ག་ལས་འདི་བརྩམས་པ་ཡང་ ཐོས་པ་ཆེ་དང་མན་ངག་ཐོབ། །འཛིན་རྟོགས་ཆུང་ལ་བློ་སྟོབས་ཆེ། །བརྟུལ་ཞུགས་ཆེན་པོར་ལྡན་པ་ཡིས། །ལས་བརྩམས་ན་ནི་འགྲུབ་འགྱུར་ཏེ། །རྟོག་པ་གང་གིས་མི་ཚོགས་ཏེ། །དམ་ཚིག་མ་ཉམས་བཀའ་བརྟན་དང་། །སྡིག་ཅན་མ་ཡིན་གྲིབ་འབྱིན་དང་། །བཅངས་ཙམ་མ་ཡིན་ཤུགས་ཕྱུང་ན། །བཙལ་ཞིང་བརྩམས་པས་གྲུབ་པར་འགྱུར། །སྤྱད་ཅིང་བཀོལ་བ་ཉན་པར་འགྱུར། །དེས་ནི་བསྒྲལ་བའི་ལས་འགྲུབ་ཅིང་། །ཡིད་རང་ཆོས་ལ་དད་པ་སྐྱེས། །དམ་རྫས་བདུད་རྩི་སྨན་ཚོགས་དང་། །རྫས་དང་ལག་ཆ་མ་བྲལ་ཞིང་། །བསྒོམ་ལ་བརྩོན་ལ་ངང་རིང་ཞིང་། །རས་ཆོད་ཐུགས་ཐུབ་མ་ཡིན་པར། །ཡིད་ཆེས་ལག་ལེན་དོན་འབྲེངས་པས། །ཆོས་ཉིད་མཉམ་པའི་ཀློང་གྱུར་ཏེ། །ལས་དང་བརྩམས་པ་གོ་བྱེད་པས། །དེས་ནི་བརྩམས་ཀྱང་འགྲུབ་པར་འགྱུར། །རང་གི་འབྲས་བུ་མི་སྒྲིབ་ཅིང་། །བསྒྲལ་བ་འདིས་ཀྱང་མཐོ་རིས་ཐོབ། །ཆོས་ཉིད་ཟབ་མོའི་བློ་ཞུགས་ཤིང་། །ལྟ་བ་མཐོན་པོས་མཆོད་ཏེ། །སེམས་ཀྱི་ཁུ་འཕྲིག་མ་ཚོར་ཞིང་། །རྡོ་རྗེ་སློབ་དཔོན་བློ་ལྡན་ཞིང་། །ཆོས་ལ་དད་ལས་ལུང་འཐོབ་བོ། །བཀའ་རྟགས་ཕྱག་རྒྱ་འབྱིན་པ་ཡང་། །དབང་བསྐུར་གནང་བ་ཐོབ་པ་ཡིས། ལས་འདི་བརྩམས་ན་འགྲུབ་འགྱུར་ཏེ། །ཚེ་སྲོག་བར་ཆད་མི་འོང་ཞིང་། །ཕ་རོལ་དམིགས་ཏེ་བསྒྲལ་བར་ངེས། །ཉམས་དང་མ་འདྲེས་དམ་ཚིག་འཆང་། །སྡིག་ཅན་རྣམས་དང་མ་འགྲོགས་ཤིང་། །སྙིང་རྗེ་ལམ་དང་མ་བྲལ་བས བརྩམས་དང་འབྲས་བུ་འཐོབ་པ་ཡིན། །དད་པ་ཆེ་དང་ཐེག་པ་མཐོ། །སློབ་དཔོན་རིམ་པས་མཉན་པ་དང་། །དེས་ནི་འགྲུབ་པར་ཐེ་ཚོམ་མེད། །སེམས་ཀྱི་ཁུ་འཕྲིག་ཆུང་བ་དང་། །ཚེར་སྐྱོན་སྐྱོ་སྐྱོན་མི་བྱེད་གཅིག །སུན་སྐྱེན་སུར་ལུད་མེད་པ་ཡིན། །བྲག་ལ་ཕུར་པ་བཏབ་འདྲ་བས། །ལུས་འདི་བརྩམས་ན་འགྲུབ་འགྱུར་ཏེ། །ཚེ་སྲོག་བར་ཆད་མི་འོང་ངོ་། །མན་ངག་ཡིན་ཞེས་འདི་ལ་བསྔགས། །གཏིང་ནས་ཐག་གཅད་བསྒྲུབ་པ་དང་། ། འབྱོར་དང་སྒྲ་རུ་མི་གཏོང་བ། །ཚེ་འབྱིན་ཁེངས་པ་སྤངས་ནས་ནི། །གསང་ཞིང་བསྒྲུབ་ལ་བརྩོན་པ་དང་། །མ་ཡེངས་འཛབ་ཟློས་བརྩོན་པ་ཡིན། །ལས་འདི་བརྩམས་ན་འགྲུབ་འགྱུར་ཏེ། །རྣལ་འབྱོར་ཀུན་ཀྱང་བཙུན་པར་བྱེད། །སྒོམ་དང་སྒྲུབ་པ་ཡུན་རིང་ཞིང་། །ཞག་གྲངས་ལོ་ཟླ་གྲངས་མེད་པར། །བསྟན་དང་འཛབ་ཟློས་གྲངས་མང་བས། །བྱས་ན་ལས་འདི་འགྲུབ་འགྱུར་ཏེ། །འགྱོད་སེམས་མེད་ཅིང་བཙུན་པར་འགྱུར། །ཕུད་དང་གཙང་མའི་མཆོད་ཕུལ་ཞིང་། །སོ་སོའི་དམ་རྫས་གཙོར་ལེན་པས། །བྱས་ན་ལས་འདི་འགྲུབ་འགྱུར་ཏེ། ། དམན་མོའི་ཆད་པ་མི་འོང་ཞིང་། །གང་ཡིན་བཀའ་སྒོ་བྲན་བཞིན་ཉན། །སྐྱོན་ཡོན་གཉིས་ཀའི་དོན་འདི་ཡིན། །ཀུན་ལ་བསྟན་པར་མི་བྱ་ཞིང་། །སྣ་དགུས་བྱ་བར་ངས་མ་གསུངས། ། རྣལ་འབྱོར་སྐྱོན་ཡོན་གྱི་ལེའུ་སྟེ་བཞི་བཅུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། ། གཙོ་རུ་དམ་ཚིག་བསྟན་པ་ཡང་། །དམ་ཚིག་ཉམས་པའི་སྐྱོན་རྣམས་དང་། །དམ་ཚིག་བསྲུང་བའི་ཡོན་ཏན་དང་། །དམ་ཚིག་བསྲུང་བའི་རིམ་པ་རྣམས། །དེ་ཡི་ཕན་ཡོན་བསྟན་པ་རྣམས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག།མངོན་རྫོགས་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་གསོལ་བ་བཏབ་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་བསྩལ་པ། །དམ་ཚིག་མཆོག་ཏུ་བསྟན་པ་དང་། །བསྲུང་ཉམས་རིམ་པ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དམ་ཚིག་འདི་ལ་བསྟེན་ནས་སུ། །དམ་ཚིག་འདི་ནི་མཆོག་ཏུ་བསྟན། །དམ་ཚིག་དམ་ཚིག་འདི་དག་ལ། །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་འགྲུབ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་འགྲུབ། །སླད་ཀྱི་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་འགྲུབ། །དེ་ཕྱིར་དམ་ཚིག་ཐེག་ཆེན་འདི། །ཕྱི་རབས་སྔགས་འཆང་ངེས་པར་སྲུངས། །དམ་ཚིག་འདི་ནི་ས་གཞི་འདྲ། །ས་ལ་སྐྱེ་འཁྲུངས་ཀུན་སྐྱེ་ལྟར། །དམ་ཚིག་ས་གཞི་དམ་པ་ལ། །སྐུ་དང་ཡེ་ཤེས་བསྐྱེད་པར་བྱེད། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་དམ་ཚིག་ལྔ་རྣམས་ལས། །མ་འདས་བསྲུངས་ན་སངས་རྒྱས་ཡིན། །དེ་ལས་འདས་ན་སེམས་ཅན་ཡིན། །དམ་ཚིག་གཞུང་བཞིན་བསྲུང་བ་ལ། །མ་མོ་རྣམས་ཀྱང་བསྒོ་བ་ཉན། །གལ་ཏེ་བསྒོ་བ་མ་ཉན་ན། །མ་མོ་ཉིད་ཀྱང་བརླག་པར་འགྱུར། ། ལྷ་ཡང་འདས་ན་རྨོངས་འགྱུར་ན། །རྣལ་འབྱོར་འདས་པ་སྨོས་ཅི་དགོས། །དམ་ཚིག་འདི་༼རྣེ་༽གཙོ་ཡིན་ཞེས། །ཀུན་བཟང་ལྷ་ཡི་ཡང་དག་བཤད། །འདའ་བར་དཀའ་བའི་དམ་ཚིག་གི །དམ་ཚིག་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།འདི་དག་ཉམས་པའི་སྐྱོན་བསྟན་པ། །དམ་ཚིག་ཉམས་པའི་སྔ་རྟགས་འདི། །བྱ་རུ་མི་རུང་སྣ་ཚོགས་བྱེད། །སློབ་དཔོན་བཀའ་བསླུ་སྨོད་བྱེད་དང་། །ལུ་གུ་རྒྱུད་ལ་དབྱེན་བཏང་བའི། །འདི་དག་ཉམས་པའི་སྔ་རྟགས་ཡིན། །སྔགས་དང་ཕྱག་རྒྱ་རྒྱུན་གཅད་ན། །གཞན་ནས་དངོས་འགྲུབ་འདོད་པས། ། འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ལུང་དང་གསང་བའི་མན་ངག་རྣམས། །ཐོས་ནས་ཡིད་ལ་མ་འཕྲོགས་ཤིང་། །བློ་ལ་འདུག་པའི་ཡུལ་མེད་པས། །ཡོང་མ་ཐག་ཏུ་སྟོན་ཅིང་འཆོང་། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ཟང་ཟིང་ནོར་གྱི་མཐོང་ཐོས་ཀྱིས། །སྣོད་མེད་ཀུན་ལ་སྤེལ་བྱས་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །རྫས་དང་ལག་ཆ་མངོན་ཐོགས་ནས། །ཕ་རོལ་གཞན་ལ་བསྡིགས་བྱེད་ན། །དེ་ཡང་ཉམས་པའི་སྔ་རྟགས་ཡིན། ཁྲ་ཁྲག་གཏོར་མ་མངོན་སུམ་དུ། །མི་ནག་༄༅ མང་པོས་སར་སྤྱོད་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དུར་ཁྲོད་དབེན་པར་མི་བསྒྲུབ་པར། །གྲོང་ཁྱེར་ནང་དང་རི་ངོས་དང་། །རྔ་སྒྲ་སྨྱོ་སྒྲ་སྒྲ་འདོན་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །མན་ངག་གཏིང་ནས་མ་ཐོབ་ཅིང་། །རྟགས་དང་མཚན་མ་མ་འབྱིན་པར། །ཨག་ཚར་ཁ་ཡི་ངོམས་སྐྱེན་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དུས་སུ་བྱུང་བ་མ་རྟོགས་ཡིན། །སྣ་ལ་ཁྲག་ཕྱུང་ངོ་བྱུགས་ནས། ། མི་ནག་དཀྱིལ་དུ་བྲང་བརྡུང་པ། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །རིག་པའི་ཐབས་དང་མི་ལྡན་པར། ཁ་ནས་ལྷ་སྲིན་གཉན་པོ་འབོད། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། ། མཚན་དང་ལྡན་པའི་གཟུངས་ལགས། །འཕྲད་ནས་སྦྱོར་བ་མ་བརྩམས་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ལས་ངན་སྐྱོན་ཅན་མཚང་ཕྱོགས་ན། །བསྒྲལ་བའི་ཞིང་བཅུ་མ་བསྒྲལ་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དམ་ཚིག་སྐྱོན་ཉམས་སྐྱོན་རྣམས་ནི། ། རྩ་བའི་དམ་ཚིག་གསུམ་ཉམས་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །དེ་ལ་སྡུག་བསྔལ་བཟོད་བླགས་མེད། །མཆོད་པ་དུས་དྲུག་མ་ཕུལ་ཞིང་། །ལས་ཀྱི་ཕྱག་རྒྱ་མ་བསྲངས་ན། ། འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དེ་རྣམས་བསྐལ་པ་འདོད་མི་སྲིད། །ཡན་ལག་དམ་ཚིག་ལྔ་ཉམས་ན། །འདིར་ཡང་ཉེས་པ་སྣ་བཅུ་འོང་། །ཕྱིས་ཀྱང་ན་རག་དམྱལ་བར་སྐྱེ། ། མགོ་ནས་ཐོ་བ་ཐོགས་པས་རྡུངས། །ལོགས་ནས་སྟ་གྲི་ཐོགས་པས་གཅོད། །ཞབས་ནས་མཚོན་དང་རལ་གྲི་ཐོགས། །སྤྱོད་པའི་དམ་ཚིག་ཉམས་པ་འདི། །འདིར་ཡང་ནདདང་སྡུག་བསྔལ་ཆེ། །མཛེ་དང་ནད་ངན་སྣ་ཚོགས་འོང་། །མ་ཚོགས་སྟོང་གི་སྙིང་ཁྲག་ལེན། ཁྲ་ཟན་སྟོང་གི་ཤ་རུས་འབྲེལ། །རང་བཞིན་མ་མོ་བཅུ་བཞི་ཡང། །དམ་ཚིག་ཉམས་པའི་བདུད་དུ་བབས། །མ་མོ་ཀུན་ཀྱང་གཤེད་དུ་འོང་། །ཚེ་དང་སྲོག་གི་བར་ཆད་འོང་། །འཆི་འཕོ་དམྱལ་བའི་གནས་སུ་སྐྱེ། །དམ་ཚིག་འདི་ལ་མི་གནས་ན། །བརྩམས་པ་མི་འགྲུབ་མིང་ངན་སྣོན། ། བསྒྲུབས་ཀྱང་དངོས་གྲུབ་རྟགས་མི་འོང་། །བཀའ་གསང་དམ་ཚིག་གཞུངབོར་ནས། །ཕྱི་ནང་སྡེ་སྣོད་མཐའ་དག་དང་། །རྒྱུད་དང་ཏནྟྲ་ཅེས་བཤད་ཀྱང་། །དེ་ཡི་འགྲུབ་པར་ངས་མ་གསུངས། །སླར་ཡང་རང་སེམས་བརླག་ག་རེ། །དམ་ཚིག་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དམ་ཚིག་བསྲུང་བའི་ཡོན་ཏན་ནི། །ཅི་བསམ་ལས་རྣམས་འགྲུབ་འགྱུར་སྟེ། །མཁའ་ལ་འགྲོ་ན་བྱ་བཞིན་འཕུར། །ཆུ་ལ་འཛུལ་ན་ཉ་བཞིན་འཕྱོ། །སྔགས་ཀྱི་དངོས་གྲུབ་ཅི་འདོད་དང་། །རིག་འཛིན་རྣམ་གསུམ་གང་ཡང་འགྲུབ། །རང་བཞིན་མ་མོ་བྲན་བཞིན་ཉན། །ཅི་བགྱི་བཀའ་ཉན་ཁོལབཞིན་འཁོར། །མཁའ་འགྲོ་མ་ཆེན་འཁོར་ཞིང་འདྲ། །དངོས་གྲུབ་རྣམ་གསུམ་རིམ་བཞིན་ཐོབ། །ཚེ་དཔལ་དབང་ཐང་བསོད་ནམས་འཕེལ། །འབྱོར་བ་ཀུན་ཚོགས་ལོངས་སྤྱོད་ལྡན། །སྣང་སྲིད་ཀུན་གྱི་རྗེ་བཞིན་ཁུར། །དགྲ་བགེགས་ཀུན་ཀྱང་གཞོམ་བཞིན་འདུལ། །བསྟན་པ་ཀུན་ཀྱང་དར་ཞིང་སྲུང་། །དམ་ཚིག་འདི་དག་གཙོར་ལེན་པ། །འགྲུབ་པར་འགྱུར་བ་གདོན་མི་ཟ། །ཀུན་ཏུ་བཟང་པོ་ཡང་དག་བཞིན། །སངས་རྒྱས་ཀུན་གྱི་གཙོ་ཆེན་ཡིན། །རྒྱལ་བ་ཀུན་གྱི་ལམ་ཡིན་ཞེས། །ཀུན་ཏུ་བཟང་པོས་ཡང་དག་བཤད། །དམ་ཚིག་བསྲུང་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དམ་ཚིག་བསྲུངས་པའི་རིམ་པ་ནི།། རྡོ་རྗེ་སློབ་དཔོན་བཀའ་ཉན་ཞིང་། །མན་ངག་སྟོན་པ་ཁུར་བྱེད་ཅིང་། །རྡོ་རྗེ་རྒྱལ་པོ་ཕ་ལྟར་ཁུར། །ཡུམ་གྱི་དབང་མོ་མ་ལྟར་བཀུར། ། རྒྱལ་འཐེབ་ཀར་མ་བུ་ལྟར་བཀུར། །མཆེད་དང་ལྕམ་དྲལ་བུ་ལྟར་བཀུར། །བསྟན་པ་ཉུང་བཞིན་གཞུང་སྙོམས་ན། །འདིར་ཡང་བསྲུང་བའི་རིམ་པ་བཞིན། །ཉིན་དང་མཚན་དུ་དུས་མེད་པར། །སྔགས་དང་ཕྱག་རྒྱ་རྒྱུ་མེད་པར། །མ་ཡེངས་གསང་བའི་དོན་མཚོན་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །གསང་ཐུབ་མན་ངག་འཚོ་མཁས་དང་། །ཡུན་དུ་བསྟན་པ་ངེས་འཆི་བ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཉན་བསམ་ཐོས་པ་རྒྱ་བསྐྱེད་ནས། །འདུ་འཛིའི་དབང་དུ་མི་གཏོང་བར། །རྟག་ཏུ་བསྒྲུབ་ལ་བརྩོན་བྱེད་ན། །འདི་ཡང་སྲུང་བའི་རིམ་པ་ཡིན། །གབ་པའི་གསང་བའི་གཏིང་འབྱིན་ཅིང་། །སྦས་པའི་གསང་བའི་གཞུང་ཐུབ་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །སློབ་༼དཔོན་སྐམཉེས་པ་ཕུལ་བྱས་ནས། །དབང་རྣམས་རིམ་པར་ནོད་བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །དམ་རྫས་ཡོ་བྱད་འཚོགས་བྱས་ནས། །གཞུང་བཞིན་མ་མོ་བསྒྲུབས་བྱེད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཕ་རོལ་དམ་ཉམས་དགྲ་བོ་ལ། ཁ་ཆོས་སྨོན་འཛུགས་མི་ཟེར་བ། །གསང་ཞིང་འདུག་ནས་ལས་རྩོམ་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །དཀྱིལ་འཁོར་བརྩོན་འགྲུས་ཤུགས་ཕྱུང་ནས། །མི་ནག་བཅའ་ཀར་མི་གཏོང་བ། །འདི་ཡང་བསྲུང་པའི་རིམ་པ་ཡིན། ། མཚན་དང་ལྡན་པའི་གཟུངས་མ་ལ། །བྱིན་རླབས་སྦྱོར་བ་བརྩམས་བྱེད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །བསྒྲལ་བའི་ཞིང་བཅུར་གྱུར་པ་ལ། །དཔྱངས་ཐག་ཆད་པས་བསྒྲལ་བ་ནི། །འདི་ཡང་སྲུང་བའི་རིམ་པ་ཡིན། །མཆོད་པ་དུས་དྲུག་རྣམས་སུ་དབུལ། ། ལས་ཀྱི་ཕྱག་རྒྱ་གཞུང་སྲོང་ན། །འདི་ཡང་བསྲུང་པའི་རིམ་པ་ཡིན། །དུར་ཁྲོད་དབེན་པར་བསྒྲུབ་བྱེད་ཅིང་། །རྟགས་དང་མཚན་མ་མངོན་སུམ་དུ། །མ་བྱིན་པ་རུ་མི་གཏོང་ན། །འདི་ཡང་བསྲུང་པའི་རིམ་པ་ཡིན། །དབྱངས་ལ་ཕར་མཚོང་མ་བྱིན་ཅིང་། །བཅོམ་བསྒྱུང་ཡོན་ཏན་མཚོ་སྦེད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །གཞན་ཡང་ཡོན་ཏན་མཐའ་དག་པ། ། གཞུང་ལས་བསྟན་པ་ཀུན་སྤྱོད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །དམ་ཚིག་བསྲུང་བའི་ལེའུ་སྟེ་ཞེ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོའི་སྤྱིན་བསྲེག་ཇི་ལྟར་དབུལ། །ཉག་གཅིག་ཡལ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱི་བཀའ་སྩོལ་ཅིག །དེ་སྐད་གསོལ་བ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་བསྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ།། དང་པོ་ཕུན་སུམ་ཚོགས་ལྡན་ན། །རྫས་དང་ཡོ་བྱད་འཚོགས་བྱས་ཏེ། །ཞི་རྒྱས་དབང་དང་མངོན་སྦྱོད་དང་། །འཕྲིན་ལས་རྣམ་བཞི་གང་བྱེད་པར། །རྫས་དང་ཁ་དོག་དེ་བཞིན་བསྒྱུར། །ཧོམ་ཁུང་ཡུམ་གྱི་གཞལ་ཡས་སུ། །ཧོམ་ཤིང་ཡབ་ཀྱི་མཁའ་བརྫངས་ཏེ། །གཉིས་སུ་མེད་པར་མེ་སྦར་ནས། །ཡེ་ཤེས་རང་བཞིན་དམན་མོ་རྣམས། །ཆོ་ག་གོང་ནས་འབྱུང་བ་བཞིན། །མེ་དཔུང་འབར་བའི་གཞལ་ཡས་སུ། །སྤྱན་དྲངས་ཕྱག་འཚལ་བཞུགས་སུ་གསོལ། །རྫས་དང་ཡོ་བྱད་ཀུན་ཐོགས་ནས། །མཆོད་པ་དབུལ་བ་འདི་སྐད་དོ། །ཧུ༷་ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་དབྱིངས་སུ། །ཀུན་ཏུ་བཟང་པོ་ཡབ་ཀྱིས་ཞིང་བརྫངས་ནས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མེ་སྦར་ཏེ། །ཆེ་མཆོག་ཧེ་རུ་སྦྱན་འདྲེན་གདན་ལས་བཞེངས། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །དམ་ཚིག་བདུད་རྩི་འབར་བའི་མཆོད་པ་འབུལ། །སྐྱེ་མེད་བྱང་ཆུབ་སེམས་ཀྱིས་མཆོད་པར་བཞེས། །ཡབ་ཡུམ་གཉིས་སུ་མེད་པའི་མེ་སྦར་ཏེ། །ཡུམ་གྱི་རྒྱལ་མོ་སྤྱན་འདྲེན་གདན་ལས་བཞེངས། །བཞི་ཟུར་ཞབས་བརྒྱད་འབར་བར་ཕྱོགས་མཚམས་གནོན། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱར་ཏེ། །དམ་རྫས་བདུད་རྩི་སྨན་གྱི་མཆོད་པ་དབུལ། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །འབར་བ་མེའི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་དབུལ། །སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་འབུལ། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྦར་ཏེ། །རྟག་པའི་རྒྱལ་མོ་འདིར་གཤེགས་གདན་ལས་བཞེངས། །ཤ་རུས་བདག་མོ་རྣམ་སྣང་གསལ། ། འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་འབུལ། །འབྱུང་བ་ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩིའི་དམ་རྫས་མཆོད་པ་འབུལ། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྦར་ཏེ། །རྟག་པའི་རྒྱལ་མོ་སྤྱན་འདྲེན་གདན་ལས་བཞེངས། །དབུགས་ཀྱི་བདག་མོ་མ་མོ་ཡང་གསལ་གཡོས། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། ། སྨན་དང་དམ་རྫས་བདུད་རྩི་མཆོད་པ་དབུལ། །འབྱུང་བ་རླུང་གི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་པར་འབུལ། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྦར་ཏེ། །རྟག་པའི་རྒྱལ་མོ་སྤྱན་འདྲེན་གདན་ལས་བཞེངས། ཁྲག་གི་བདག་མོ་མ་མོ་གཉན་གསལ་འབར འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་འབུལ། །འབྱུང་བ་ཆུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྤངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་པར་དབུལ། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་གསོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྦར་ཏེ། །རྟག་པའི་རྒྱལ་མོ་སྤྱན་འདྲེན་གདན་ལས་བཞེངས། །དྲོད་ཀྱི་བདག་མོ་མ་མོ་འོད་གསལ་འབར འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་དམ་རྫས་བདུད་རྩི་འབར་བའི་མཆོད་འབུལ་གྱིས། །འབྱུང་བ་མེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངསོ་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྦར་ཏེ། །སྲིད་པའི་རྒྱལ་མོ་སྤྱན་འདྲེན་གདན་ལས་བཞེངས། །བཀྲག་དང་མདངས་ཀྱི་བདག་མོ་བཀྲག་གསལ་མཉམ། །འབར་བ་མེའི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །འབྱུང་བ་ནམ་མཁའི་བཀྲག་མདངས་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། ། རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་མཁའ་དབྱིངས་འབྲེལ་པ་འབར་བའི་ཧོམ་ཁུང་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མེ་སྦར་ཏེ། ། རང་བཞིན་མ་མོ་སྤྱན་འདྲེན་གདན་ལས་བཞེངས། །ཡོངས་ཀྱི་བདག་མོ་ཕྲ་མེན་རྒྱ་མཚོ་མ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །སྲིད་པའི་དབང་བསྒྱུར་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་པ་འབར་བའི་ཨོ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྦར་ཏེ། །མ་མོ་སྤྱན་འདྲེན་གདན་ལ་བཞུགས། །དབང་སྒྱུར་མ་མོ་སྤྱན་འདྲེན་གདན་གཞེངས་ལ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །གླིང་བཞི་དབང་སྒྱུར་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ༷་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་བའི་ཧོམ་ཁུང་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྦར་ཏེ།ཁྲོས་པའི་རྒྱལ་མོ་སྤྱན་འདྲེན་གདན་ལས་བཞེངས། །རྡོ་རྗེ་ཉི་མ༷་ཁྲོས་པའི་དབང་མོ་ཆེ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །མ་བཞི་དབང་བསྒྱུར་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ་ཁུང་དུ། ། རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ། །རྡོ་རྗེ་སྲིན་མོ་ཁྲོས་པའི་དབང་མོ་ཆེ། །རྡོ་རྗེ་ཁམས༷་གསུམ་ཁྲོས་པའི་དབང་མོ་ཆེ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །མ་བཞི་བསྒྱུར་བའི་དངས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ནས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་བའི་ཧོ༷་ཁུང་དུ། །སྲིད་པའི་རྒྱལ་མོ་སྤྱན་འདྲེན་གདན་ལ་བཞུཊ། །ཨ་ཕྱི་ཆེན་མོ་སྲིད་པའི་ཆགས་བྱེད་མ། །སྲིད་པའི་ཆ་སྙོམས་མ་མོ་ཤམ་ཤམ་མོ། །སྲིད་པ་ཆགས་བྱེད་ཨེ་ཀ་ཛུ་ཞི་མ། །ནམ་མཁའ་དབྱིངས་ཀྱི་རྡོ་རྗེ་དཔལ་མོ་བཙན། །སྲིང་ཅིག་ཆེ༷ན་མོ་མ་མོ་འཕྲུལ་མོ་ཆེ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། ཁམས་གསུམ་སྲིད་པ་གསུམ་གྱི་དངོས་གྲུབ་སྩོལ།། ཡེ་ཤེས་༷ཀློང་ཡངས་འཁྱིལ་པའི་ཧོ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་འབྲེལ་པའི་ཧོ་ཁུང་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །དམར་མོ་མ་བདུན་སྤྱན་འདྲེན་གདན་ལ་བཞུགས། །རྡོ་རྗེ་ཀུན་གྲགས་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་ཀུན་ཏུ་བཟང་མོ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་ཀུན་གསལ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་ཡེ་ཤེས་མཆོག་མ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་འོད་འཕྲོ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་གཤེགས་སུ་གསོལ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། ། ཡབ་ཡུམ་མཁའ་དབྱིངས་འབྲེལ་བ་འབར་བའི་ཀློང་། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྦར་ཏེ། །སྲིད་པ་དམན་མོ་སྤྱན་འདྲེན་གདན་ལས་བཞེངས། །རིན་ཆེན་སྲིད་འདེགས་མ་མོ་མཐུ་མོ་ཆེ། །ནག་མོ་ཁྲག་འཛག་མཐུ་མོ་ཆེ། །གླིང་བཞི་སྤྱི་འགྲོ་མ་མོ་མཐུ་མོ་ཆེ། །རྡོ་རྗེ་སྒེག་མོ་མཐུ་མོ་ཆེ། །པདྨ་གར་གྱི་དབང་ཕྱུག་མཐུ་ཆེན་མ༷། །ས་བདག་ཆེན་མོ་པདྨ་ཕྲེང་། །འབར་བ་མེའི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །མཐུ་དང་རྫུ་འཕྲུལ་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ༷་བའི་ཧོ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་འབྲེལ་བ་འབར་བའི་ཧོ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྦར་ཏེ། །གྲུ་འདེགས་བཞི་རྣམས་སྤྱན་འདྲེན་གདན་ལ་བཞུགས། །བྱང་ཤར་ཤན་ཏིང་དམར་མོ་གཤེགས་སུ་གསོལ། །ཤར་ལྷོ་དུན་ཏིང་ནག་མོ་གཤེགས་སུ་གསོལ། །ལྷོ་ནུབ་ཧར་ཏིང་དཀར་མོ་གཤེགས་སུ་གསོལ། །ནུབ་བྱང་གྲུབ་ཏིང༷་སེར་ལྗང་གཤེགས་སུ་གསོལ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་གཤེགས་སུ་གསོལ། །སྨན་དང་བདུད་རྩི་མཆོད་འབུལ་གྱིས། །དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི༷་ཧོ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །དམ་རྫས་བདུད་རྩི་སྨན་གྱི་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་བ་འབར་བའི་ཧོ། །གཉིས་མེད་བྱང་ཆུབསེམས་ཀྱི་མེ་སྦར་ཏེ། །དམག་གི་རྒྱལ་མོ་སྤྱན་འདྲེན་གདན་ལས་བཞེངས། །ལྷོ་ཡི་ནག་མོ་ཁ་དམྱལ་མ། །ནུབ་ཀྱི་དམར་མོ་མཆུ་འཇིབ་མ། །བྱ༷ང་གི་སེར་མོ་རྐང་ལྡག་མ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུཊ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །མཐུ་དང་རྫུ་འཕྲུལ་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། ། སྲིང་མོ་རྣམས་ནི་སྤྱན་འདྲེན་གདན་ལས་བཞེངས། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་མོ་དང་། །མཁའ་ལཁྱུངལྡིངགཤིནརྗེའིསྲིང་མོ་དང་། །དཀར་མོ་གཡག་ཐོད་སྲིང་མོ་དང་། ། ནག་མོ་སྡེར་ཆེན་གནོད་སྤྱིན་སྲིང་མོ་དང་། །འབར་བ་མེའི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོ༷་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱིས། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཉི་ཤུ་རྩ་བརྒྱད་ཀྱི་མཆོད་པ་གཞན་དང་མཐུན་ནོ། །སྤྱིན་བསྲེག་མཆོད་པའི་ལེའུ་སྟེ་ཞེ་ལྔའོ།། །།གནོད་འདུལ་ལྷ་ཡི་ཡང་གསོལ་པ། །མ་མོ་བསྒྲུབས་པའི་གཟུང་མ་ལ། །ག་ནའི་སྦྱོར་བ་ཇི་ལྟར་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱི་བཀའ་སྩོལ་ཅིག །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་བསྩལ་པ། །གཟུང་མ་སྦྱོར་བའི་མཚན་ཉིད་ནི། །ཡང་དག་ཉིད་དུ་ངས་བཤད་ཀྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །གང་བསྒྲུབས་གཟུང་མའི་མཚན་ཉིད་དང་། །སོ་སོའི་མཚན་ཡོད་བསྙེན་ནས་ནི། །དགོན་པ་ཆེན་པོར་བརྩམས་པར་བྱ། །ཆོ་ག་ལས་རྣམས་རྫོགས་ནས་ཀྱང་། །སྦྱོར་བའི་ལས་རྣམས་བརྩམས་པ་ནི། །གཡོན་ཕྱོགས་དག་ཏུ་ཡུམ་བཞག་ལ། །དང་པོ་སྦྱན་དང་ཞལ་གྱི་བརྡའ། །མིག་བཙུམ་མཆུ་སྨེག་བརྡའ་བྱས་ལ། །གཞན་ཡང་བརྡ་སྐད་སྣ་ཚོགས་སྨྲ། །དེ་ནས་ཡུམ་གྱི་སྤྱན་སྲིང་མ། །ཡབ་ལ་ཆགས་པའི་སྙོ་བག་བྱ། །དེ་ནས་ཡབ་ཀྱིས་གསོས་པ་བསྐྱེད། །ནུ་མ་མཉེ་ཞིང་མཆན་ཁུང་བརྡེག །ཡུམ་གྱི་ཆགས་པ་ཡིད་ལ་གོ་སོས་ནས། །ཡབ་ཡུམ་མཁའ་དབྱིངས་བྱིན་གྱིས་བརླབས། །ལུས་ཀྱི་གནས་ལྔ་དག་ཏུ་ནི། །ཚོམ་བུ་ཉི་ཤུ་རྩ་ལྔདགོད། །ཛུ་ཞེས་དཔུང་ནས་གཟུང་བར་བྱ། །ཧུ༷་ཞེས་གཉའ་ནས་འཁྱུད་པར་བྱ། །བམ་ཞེས་སྟོད་སྨད་བསྡམ་པར་བྱ། །ཧོ་ཡིས་ཡབ་ཡུམ་བསྐྱེད་བསྐྱོད་ནས། །བཛྲ་དྷིག་གིས་ཕུལ་ནས་ཀྱང་། །ཧུ༷་བྱང་ཆུབ་སེམས་བསྐྱེད་ནས། །དགེས་པའི་རོ་རྣམས་བཏང་ནས་ཀྱང་། །དཀར་དམར་འདྲེས་པའི་སེམས་དག་ལ། །དཀྱིལ་འཁོར་ལྷ་ལ་གསལ་མཆོད་ཅིང་། །བདག་ཉིད་དངོས་གྲུབ་དམ་པ་བླང་། །འདི་ནི་སྦྱོར་བའི་ལུང་ཞེས་བསྟན། །གན་སྦྱོར་བའི་ལེའུ་སྟེ་ཞེ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །ཐུགས་དམ་བསྐངས་པའི་རྒྱུད་རྣམས་ལ། །བསྒྲལ་བའི་ལས་རྣམས་ཇི་ལྟར་བགྱི། །མངོན་རྫོགས་ཡབ་ལ་བདག་ཉིད་འཚལ། །ཡང་དག་རྫོགས་ཀྱིསབཀའ་སྩོལ་ཞིག །དེ་སྐད་གསོལ་བ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡི་བཀའ་བསྩལ་པ། །ཐུགས་དམ་བསྐངས་པའི་སེམས་ཅན་ལ། །ཏ་ན་སྒྲོལ་བ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། ཁམས་གསུམ་འཁོར་བའི་སེམས་ཅན་འདི། །མ་སྐྱེས་ཕྱིར་ན་གསད་པའི་རིགས། །སེམས་ཅན་འཁོར་བ་ཕུང་པོ་འཁོར། །དམྱལ་བར་འཡོས་པས་རྟོག་པ་འཁྱམས། །ཕུང་པོ་ཆོས་ཀྱི་དབྱིངས་ལ་མ་ཞེས་བྱ། །རྟོག་པ་ཡེ་ཤེས་མཆོག་བྱ་བསྒྲལ། །ཡེ་ཤེས་མཆོག་ལ་མོས་ཞེས་བྱ། །མ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཡེ་ཤེས་རང་བཞིན་དམན་མོ་ལ། །ཟ་བྱེད་བསྟབ་པ་ཇི་ལྟར་བགྱི། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་བ་གསན་ནས་ཀྱང་། །མངོན་རྫོགས་རྒྱལ་པོས་བཀའ་བསྩལ་པ། །ཡེ་ཤེས་རང་བཞིན་དམན་མོ་ལ། །ཟ་བྱེད་བསྟབ་པ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྣམ་རྟོག་དགྲ་བགེགས་བསྟབ་པའི་ཕྱིར། །དེ་ཡི་བསྐུལ་ཚིག་འདི་སྐད་དོ། །ཧུ༷་ཡེ་ཤེས་མ་མོ་ཞལ་ཕྱེ་ཞིག །རྣལ་འབྱོར་ཚོགས་ཀྱི་རྗེ་མོ་དང་། །ཡུམ་གྱི་རྒྱལ་མོ་མུ་ཁ་ལེ། །འགྲོ་བ་ཡོངས་ཀྱི་སྐྱེ་གནས་ཡིན། །ཐམས་ཅད་ཡོངས་ཀྱི་ཚེ་སྲོག་བདག །བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན། །དབུ་གཅིག་ཞལ་ལྔ་གདངས་པ་ལ། །རྣལ་འབྱོར་དགྲ་བགེགས་ཞལ་དུ་བསྟབས། །དུས་གསུམ་མ་ལུས་སྟོངས་པར་མཛོད། །རྟག་པའི་རྒྱལ་མ་ཞལ་ཕྱེ་ཞིག ཁྲ་རུས་བདག་མོ་རྣམ་སྣང་གསལ། །དགྲ་བགེགས་ཤ་རུས་འདི་བཞེས་ལ། །རྣལ་འབྱོར་ཤ་རུས་བསྐྱེད་པར་མཛོད། །རྟག་པའི་རྒྱལ་མོ་ཞལ་ཕྱེ་ཞིག །དབུགས་ཀྱི་བདག་མོ་ཞལ་ཕྱེ་ཞིག །དགྲ་བགེགས་སྲོག་དབུགས་འདི་བཞེས་ལ། །རྣལ་འབྱོར་སྲོག་དབུགས་འདི་བཞེས་ལ། །རྣལ་འབྱོར་སྲོག་དབུགས་བརྟན་པར་མཛོད། །རྟག་པའི་རྒྱལ་མོ་ཞལ་ཕྱེ་ཞིགཁྲག་གི་བདག་མོ་གཉན་གསལ་མ། །དགྲ་བགེགས་ཁྲག་རྣམས་འདི་བཞེས་ལ། །རྣལ་འབྱོར་ཁྲག་རྣམས་འཕེལ་བར་མཛོད། །རྟག་པའི་རྒྱལ་མོ་ཞལ་ཕྱེ་ཞིག །དྲོད་ཀྱི་བདག་མོ་འོད་གསལ་འབར། །དགྲ་བགེཊ་རྣམས་ཀྱི་དྲོད་བཞེས་ལ། །བདག་གི་དྲོད་རྣམས་འཕེལ་བར་མཛོད། །རྟག་པའི་རྒྱལ་མོ་ཞལ་ཕྱེ་ཞིག །བཀའ་གསལ་བདག་མོ་བཀྲག་གསལ་མ། །དགྲ་བགེགས་བཀྲག་གསལ་འདི་བཞེས་ལ། །རྣལ་འབྱོར་བཀྲག་མདངས་འཕེལ་བར་མཛོད། །རང་བཞིན་མ་མོ་ཞལ་ཕྱེ་ཞིག །ཕྲ་མེན་རྒྱ་མཚོ་ཞལ་ཕྱེ་ཞིག །དགྲ་བགེགས་ཕུང་པོ་ཞལ་དུ་བསྟབ། །བདག་གི་ཕུང་པོ་ནད་མེད་མཛོད། །རང་བཞིན་མ་མོ་ཞལ་ཕྱེ་ཞིག །ཉི་ཟླ་ཐོད་ཕྲེང་ཞལ་ཕྱེ་ཞིག །དགྲ་བགེགས་རྣམ་ཤེས་ཞལ་དུ་བསྟབ། །བདག་གི་རྣམ་ཤེས་གསལ་བར་མཛོད། །རང་བཞིན་མ་མོ་ཞལ་ཕྱེ་ཞིག །ཕུང་བྱེད་མ་བཞི་ཞལ་ཕྱེ་ཞིག །དབྱིངས་ཕྱུག་མ་མོ་ཞལ་ཕྱེ་ཞིག །རྒྱན་གྱི་རྒྱལ་མོ་ཞལ་པྱེ་ཞིག །བདག་ཉིད་མ་མོ་ཞལ་ཕྱེ་ཞིག །གཅིག་པུ་མ་མོ་ཞལ་ཕྱེ་ཞིག །དགྲ་བགེགས་ཡན་ལག་ཞལ་དུ་བསྟབས། །བདག་ཉིད་ཡན་ལག་བདེ་བར་མཛོད། །རང་བཞིན་མ་མོ་ཞལ་པྱེ་ཞིག ཁྲོས་པའི་མ་མོ་ཞལ་ཕྱེ་ཞིག །རྡོ་རྗེ་ཉི་མ་ཞལ་ཕྱེ་ཞིག །པདྨ་ཁྲག་འཐུང་ཞལ་ཕྱེ་ཞིག །རྡོ་རྗེ་སྲིན་བྱིན་ཞལ་ཕྱེ་ཞིག །རྡོ་རྗེ་ཁམས་ཚོགས་ཞལ་ཕྱེ་ཞིག ཁྲོས་པའི་རྒྱལ་མོ་བཞི་ཡི་ཞལ་དུ་བསྟབས། །དགྲ་བགེགས་གཟུགས་བཞི་ཞལ་དུ་བསྟབས། །བདག་གི་གཟུགས་བཞི་བདེ་་༄༅ བར་མཛོད། །རང་བཞིན་མོ་ཞལ་ཕྱེ་ཞིག །ཐུགས་ཀྱི་དགེས་སྡེ་ཞལ་ཕྱེ་ཞིག །དཀར་མོ་མིག་གཅིག་ཞལ་ཕྱེ་ཞིག །ནག་མོ་རལ་གཅིག་ཞལ་ཕྱེ་ཞིག །དམར་མོ་དབང་སྡུད་ཞལ་ཕྱེ་ཞིག །སེར་མོ་ལས་མཁན་ཞལ་ཕྱེ་ཞིག །དགྲ་བགེགས་ཡུལ་བཞི་ཞལ་དུ་སྟབས། །བདག་གི་ཡུལ་བཞི་བདེ་བར་མཛོད། །སྲིད་པའི་སྨན་མོ་ཞལ་ཕྱེ་ཞིག །སྲིད་པ་ཆ་སྙོམས་ཞལ་ཕྱེ་ཞིག །ཨེ་ཀ་ཛུ་ཏི་ཞལ་ཕྱེ་ཞིག །མ་མོ་སྐྲུན་གཉིས་ཞལ་ཕྱེ་ཞིག །མ་མོ་བདུན་རྣམས་ཞལ་ཕྱེ་ཞིག །རྡོ་རྗེ་ཀུན་གྲགས་ཞལ་བྱེ་ཞིག །རྡོ་རྗེ་ཀུན་གསལ་ཞལ་ཕྱེ་ཞིག །རྡོ་རྗེ་ཡེ་ཤེས་ཞལ་ཕྱེ་ཅིག །རྡོ་རྗེ་འོད་ཆགས་ཞལ་ཕྱེ་ཞིག །རྡོ་རྗེ་འོད་འཕྲོ་ཞལ་ཕྱེ་ཞིག །རྡོ་རྗེ་གཡུ་སྒྲོན་ཞལ་ཕྱེ་ཞིག །རིན་ཆེན་སྲིད་འདེགས་ཞལ་ཕྱེ་ཞིག །ནག་མོ་ཁྲག་འཛག་ཞལ་ཕྱེ་ཞིག །གླིང་བཞི་སྤྱི་འགྲོ་ཞལ་ཕྱེ་ཞིག །རྡོ་རྗེ་སྒེག་མོ་ཞལ་ཕྱེ་ཞིག །པདྨ་དབང་ཕྱུག་ཞལ་པྱེ་ཞིག །ས་བདག་ཆེན་མོ་ཞལ་ཕྱེ་ཞིག །ཧར་ཏི་དཀར་མོ་ཞལ་ཕྱེ་ཞིག །དུན་ཏིང་ནག་མོ་ཞལ་ཕྱེ་ཞིག ་།ན་ཏིང་དམར་མོ་ཞལ་ཕྱེ་ཞིག །གྲུབ་ཏིང་སེར་མོ་ཞལ་ཕྱེ་ཞིག །གྲུ་འདེགས་རྒྱལ་མོ་ཞལ་ཕྱེ་ཞིག །དཀར་མོ་མཆེ་གཅིག་ཞལ་ཕྱེ་ཞིག །ནག་མོ་ཁ་རལ་ཞལ་ཕྱེ་ཞིག །དམར་མོ་ཆུ་འཇིབ་ཞལ་པྱེ་ཞིག །སེར་མོ་རྐང་ལྡག་ཞལ་པྱེ་ཞིག །དམག་གི་རྒྱལ་མོ་ཞལ་ཕྱེ་ཞིག །ལྟ་ཡི་སྲིང་མོ་ཞལཕྱེཞིག །གཤིན རྗེའིསྲིང་མོ་ཞལ་ཕྱེ་ཞིག །ཀླུ་ཡི་སྲིང་མོ་ཞལ་ཕྱེ་ཞིག །གནོད་སྤྱིན་སྲིན་མོ་ཞལ་ཕྱེ་ཞིག །སྲིང་མོ་ཆེན་མོ་བཞི་རྣམས་ཞལ་པྱེ་ཞིག །ཉི་ཤུ་རྩ་བརྒྱད་ཞལ་ཕྱེ་ཞིག །འདི་དག་ཞལ་ཕྱེ་གཞན་དང་མཐུན། །སྨན་མོ་ལྔ་བཅུ་རྩ་བརྒྱད་ལ། །དགྲ་བགེགས་ནང་གྲོལ་སྒལ་ཚིགས་རྣམས། །སྨན་མོའི་ཚོགས་ཀྱི་ཞལ་དུ་སྟབས། །བདག་གི་ཕྱི་ནང་བདེ་བར་མཛོད། །རོལ་ཅིག་སྦྲུལ་ཅིག་མ་མོའི་ཚོགས། །ཆིངས་ཤིག་སྡོམས་ཤིག་མ་མོའི་ཚོགས། །ཛུ་ཛུ་ཛུ་ཡིས་དམ་དུ་བསྡུ། །ཕཊ་ཕཊ་ཕཊ་ཀྱི་རོལ་པར་མཛོད། ཁ་ཁ་ཁ་ཡིས་ཞལ་དུ་བཞེས། ཁམས་གསུམ་དགྲ་བགེགས་སྟོངས་པར་མཛོད། །བསྒྲུབ་ལ་བར་ཆད་བྱེད་པ་རྣམས། །ཐལ་བ་བཞིན་དུ་མེད་པར་གྱིས། །ས་མ་ཡུ་མ་ར་ཡ་ཁུ་ཧི་ཞེས་བརྗོད་དོ། །ཟ་བྱེད་བསྟབས་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་མངོན་རྫོགས་ཀྱིས་རྒྱལ་པོས། ལྟ་བའི་མན་ངག་གི་ལེའུ་འདི་བཤད་དོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར། །ཀུན་རྫོབ་ཙམ་གྱི་མཚན་མ་རུ། །ཆོས་སྐུ་མཚན་མར་བརྟགས་པ་སྟེ། །ཡེ་ཤེས་རང་གནས་རོལ་པ་ཡིན། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །ཀུན་ཏུ་བཟང་མོའི་དབྱིངས་ཀྱི་རྒྱན། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བརྒྱན། ། ཀུན་བཟང་ཡབ་ཡུམ་རོལ་པ་ལས། །ཕྱི་ནང་མ་ལུས་ཐམས་ཅད་སངས་རྒྱས་སོ། །མཐའ་ལ་ཐུག་པ་མེད་པས་ཆོས་ཀྱི་དབྱིངས་ལ་བྲི་བ་མེད། །དབྱིངས་ལ་གཡོ་བ་མེད་པས་ཆོས་སྐུ་འགྱུར་བ་མེད། །དོན་དམ་དབྱིངས་སུ་ལྟས་པས་ལྟས་དགུ་དེ་ལྟར་གསལ། །ཐམས་ཅད་སེམས་སུ་རྟོག་པས་གང་བསྒྲུབ་ལྷུན་གྱིས་འགྲུབ། །རྣམ་རྟོག་མིང་ཡང་མེད་པས་གང་བསྒྲལ་ཅིས་མི་ལྟས། །ཐབས་མཁས་རོལ་པ་ཡིན་པས་འཁོར་བའི་སྐྱོན་མ་གོས། །ཐུགས་རྗེ་བྱང་ཆུབ་ཡིན་པས་ཐར་པར་བདེ་ཆེན་ཐོབ། །ཀུན་གྱི་བདག་ཉིད་ཡིན་པ་མ་མོའི་རང་བཞིན་འཁོར། །བདེ་ཆེན་རྒྱལ་པོ་ཡིན་པས་འཁོར་གྱི་རྗེ་བོ་ཡིན། །ཐམས་ཅད་བདག་ལ་བྱུང་བས་ཀུན་གྱིས་བདག་པོ་ཡིན། །ང་རྒྱལ་གདུངས་སུ་ཆེ་བས་འགྲོ་དྲུག་ཐབས་ཀྱི་འདུལ། །༼ཐུགས་ཅོམ་ཐུགས་ཐུག་ཆོམཐུག༽་ སྒྲས་ཁམས་གསུམ་ཡོངས་སུ་ལྡིར། །ཐུགས་རྗེའི་བྱམས་ལྡན་ཉི་མའི་འོད་བཞིན་ཤར། །མི་རྟོག་གཉེན་པོར་ཐབས་ཀྱི་རྒྱལ་པོ་འབྱུང་། །འཁོར་བའི་གཉེན་པོ་རང་བྱུང་སངས་རྒྱས་ཏེ། །བདག་དང་སེམས་ཅན་ཐམས་ཅད་ཆོས་ཀྱི་བྱ་བའི་སྐུ་རུ་གཅིག །མི་རྟོགས་ཐབས་ཀྱི་གཉེན་པོ་འདི་ཡི་དོན་རྟོགས་ན། མ་མོའི་འདུལ་བ་བྱ་བ་གཞན་ན་མེད། །འཁོར་བ་མྱང་ངན་འདས་པའི་དོན་རྟོགས་ན། །དགྲ་བགེཊ་བསྒྲལ་ཞིང་ཚར་གཅད་བྱ་མི་དགོས། །ཡེ་འབྱམས་མཚན་མེད་ཀློང་གི་དབང་རྫོགས་ན། །རྒྱལ་བྱེད་རྟགས་ཀྱི་ཕྱག་རྒྱ་བསྒྲུབ་མི་དགོས། །འཕྲིན་ལས་བྱ་བརྩལ་ཀློང་ལས་ཡེ་འདས་ན། །བསྒོམ་བསྒྲུབས་དཀྱིལ་འཁོར་བྱ་བ་ཅི་ཡང་མེད། །འདི་ལྟར་མན་ངག་དོན་རྟོགས་རྡེངས་༼གདེང༽་ གྱུར་ན། །བསྒྲུབས་ཀྱང་སྐྱོན་མེད་མ་བསྒྲུབ་འགལ་བ་མེད། །བསྒོམས་ཀྱང་སྐྱོན་མེད་མ་བསྒོམ་འགལ་བ་མེད། །བསྒྲལ་ཀྱང་སྐྱོན་མེད་མ་བསྒྲལ་འགལ་བ་མེད། །བསམ་དུ་མེད་དོ་ཆོས་སྐུ་ནམ་མཁའ་འདྲ། །བསྒོམས་དུ་མེད་དོ་རང་བྱུང་ཀློང་ན་ཤར། །བདེ་འབྱམས་དབྱིངས་ཕྱུག་ཡུམ་གྱི་རྒྱལ་མོ་ཡིན། །མ་བཀག་ཅི་བདེར་ཡན་བཀྱེ་ཡབ་ཀྱི་མཁའ། །སེམས་ལ་གང་ཡང་མི་རྟོགས་རང་བྱུང་སྐུ། །ཐབས་ལས་གང་ཡང་མ་འགགས་མ་བཅོས་སྐུ། །དོན་ལ་གང་ཡང་མི་རྟོགས་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་སྐྱེ་ཤི་གཡོས་པ་མེད། །འཕོ་འགྱུར་མེད་པའི་ཀློང་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །ཡེ་ཤེས་བྱང་ཆུབ་སེམས་སུ་བདག་རྟོགས་ན། །འདུ་འཛི་བྱིས་པའི་རྩེད་མོས་ཅི་ཞིག་བྱ། །མ་འདས་རླུད་གི་དམ་ཚིག་སྲུང་མེད་ན། །ཉོན་མོངས་བདེ་སྡུག་མྱ་ངན་ཅི་ལ་སྦྱད། །ཐབས་མཁས་རོལ་པའི་ཏིང་འཛིན་ཤར་བ་ལས། །ཕུང་པོ་འབད་རྩོལ་རྩོལ་བསྒྲུབ་ཅི་ལ་བྱ། །ཕྱི་ནང་སྣོད་བཅུད་ཐིག་ལེར་སངས་རྒྱས་ནི། ། གཞན་ནས་བཙལ་ཞིང་སྨོན་དུ་ཅིག་ཀྱང་མེད། །ལྟ་བ་མན་ངག་གི་ལེའུ་སྟེ་ཞེ་དགུ་པའོ།། །། དེ་ནས་ཡབ་མངོན་རྫོགས་ཀྱིས་རྒྱལ་པོ་ཡིས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་འདི་བཤད་དོ། ། འདི་སྐད་ཅེས་གསུངས་སོ། །སྣོད་ཀྱི་འཇིག་རྟེན་མ་བཀག་ཡུམ་གྱི་དབྱིངས། །བཅུད་ཀྱི་འཇིག་རྟེན་མ་བཀག་ཡབ་ཀྱིས་མཁའ། །ཡབ་ཡུམ་མཁའ་དབྱིངས་ཡེ་ནས་འབྲེལ་པ་ལ། །བདེ་ཆེན་བྱང་ཆུབ་སེམས་སུ་ཡེ་ནས་སངས་རྒྱས་སོ། །ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ། །མ་མོ་ཚོགས་ཀྱི་དཀྱིལ་འཁོར་ཡེ་ནས་ཡིན། །ཡིན་པའི་དོན་ལ་རིག་པ་གསལ་བཀོད་པ། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །སེམས་དང་ཡེ་ཤེས་དུས་གཅིག་སངས་རྒྱས་ན། །རྟག་པའི་ཡེ་ཤེས་སེམས་ཀྱི་ཀུན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །འཁོར་བའི་རྒྱུ་ཉིད་ཐར་པའི་ལམ་གྱི་སྐས། །སྡུག་བསྔལ་རྒྱུ་ཉིད་ཆོས་ཉིད་བྱང་ཆུབ་སེམས། །མ་སྤངས་ལྷུན་གྱིས་གྲུབ་པའི་དོན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཆོས་ཉིད་ཀུན་ཏུ་བཟང་པོའི་རིག་པ་ལ། །འཁོར་བ་དང་ནི་མྱ་ངན་འདས་པར་མཉམ། །སངས་རྒྱས་སེམས་ཅན་སེམས་ཉིད་གཅིག་ཏུ་མཉམ། །རྟོགས་དང་མ་རྟོཊ་སྒྱུ་མའི་ངང་དུ་མཉམ། །རིག་དང་མ་རིག་ཆོས་ཀྱི་སྐུ་རུ་མཉམ། །མཉམ་པའི་རྒྱལ་པོའི་དོན་ལ་མ་ངེས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་རུ་སྣང་། །འབྱུང་བ་ལྔ་པོ་ཆོས་ཀྱི་དབྱིངས་སུ་མཉམ། །དབྱིངས་དང་ཡེ་ཤེས་འབྲེལ་བའི་དོན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཡེ་ཤེས་མ་མོ་རང་བཞིན་མ་མོ་དང་། །སྨན་མོ་ལ་སོགས་མང་པོའི་ཚོགས་བརྗོད་ཀྱང་། །བདག་གིས་བྱིན་བརླབས་མ་མོར་སྣང་བ་ལས། །གཞན་ནས་མ་མོར་གྲུབ་པ་ཅི་ཡང་མེད། །བདག་སྣང་གཞན་འཁོལ་ཀུན་ཏུ་བདག་ཡིན་ཏེ། བདག་ཉིད་གཡོས་ན་ཕྱི་ནང་སྣོད་བཅུད་གཡོས། །ཀུན་ཏུ་ཆེ་བཙན་འགྲན་གྱི་དོ་མེད་པས། །ཡོངས་ལ་ཐོགས་མེད་བདེ་འབྱམས་རྒྱལ་པོ་ལ། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །བདེ་ཆེན་ངང་ལ་འཛིན་རྟོག་བརྗོད་དུ་མེད། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡབ་མངོན་རྫོགས་རྒྱལ་པོས་རྒྱུད་ཡོངས་བཟུང་བ་འདི་བཤད་དེ། འདི་སྐད་ཅེས་གསུངས་སོ། །གསང་ཐུབ་བཀའ་བརྟན་ངེས་པ་དང་། །བདེན་པར་སྨྲ་ཞིང་ཡིད་མི་འགྱུར། །དེས་ནི་རྒྱུད་འདི་གཟུང་བར་བྱ། །བརྟགས་ཤིང་རྒྱུད་འཆང་བརྩོན་འགྲུས་ཆེ། །དྲང་ལ་སེམས་འཇམ་གཡོ་སྒྱུ་ཆུང་། །དེས་ནི་རྒྱུད་འདི་གཟུང་བར་བྱ། །འཛངས་ལ་ཤེས་པ་གསལ་བ་དང་།། བརྟག་ཅིང་བྱ་བ་མ་ནོར་བས། །དེས་ནི་རྒྱུད་འདི་གཟུང་བར་བྱ། །གཟུང་ཐུབ་དྲེག་ཐུབ་ཁོང་ཡངས་ཤིང་། །ལེ་ལོ་བར་ཆད་སྐྱོན་སྤངས་ལ། །དེས་ནི་རྒྱུད་འདི་གཟུང་བར་བྱ། །གཞུང་བླ་མ་དང་ཚིག་ལ་རྣམཔ་དོན། །སྤྱོད་པ་ཐོགས་ཆགས་མེད་པ་དང་། །དམ་ཚིག་སྤོང་ལེན་མེད་པ་ཡིས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །ཉན་ཅིང་སྒྲུབ་ལ་བརྩོན་པ་དང་། །འདུ་འཛི་དབང་དུ་མི་གཏོང་བས། །ནོགས་ཐུབ་བཟོད་ཆེ་དེས་པ་དང་།། ཡོངས་ལ་མི་གནོད་ཚུལ་བསྲུན་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །ལུང་མེད་པར་ཀྱང་མི་གཏོང་ཞིང་། །སློབ་དཔོན་རིག་པ་སྟོང་འདུ་བ། །དེས་ནི་རྒྱུད་འདི་གཟུང་བར་བྱ། །རང་ཤེས་མུ་ཚོར་མི་བྱེད་ཅིང་། །རྟོག་ཅིང་ལས་རྣམས་བརྩོན་བྱེད་པ། །དེས་ནི་རྒྱུད་འདི་གཟུང་བར་བྱ། །རྣལ་འབྱོར་སྨན་དང་མི་འབྲལ་ཞིང་། །རྫས་དང་ལག་ཆ་མ་ཐོཊ་པ། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །དད་པ་སྐྱོ་ངལ་མེད་པ་དང་། །སྐྱོན་མེད་དུབ་པ་མེད་པ་ཡིས། ཁུད་འདི་ཡོངས་སུ་གཟུང་བར་བྱ། །དབང་བསྐུར་གནང་བ་ལུང་ཐོབ་ཅིང་། །བརྟགས་ཤིང་ཤེས་པ་ཕྱོགས་འབྱམས་པས། ཁུད་འདི་ཡོངས་སུ་གཟུང་བར་བྱ། །བརྟགས་ནས་བླ་མའི་ལུང་ཡོད་ཅིང་། །བསྙེན་ན་ནུས་པའི་མཐུ་ཡོད་པས། ་རྗེད་འདི་ཡོངས་སུ་གཟུང་བར་བྱ། །རྒྱུད་ཡོངས་སུ་གཟུང་བའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ལྷ་གནོད་འདུལ་གྱིས་གསོལ་པ། ཡབ་གཅིག་ལག་སྣོད་དེ་དང་མི་ལྡན་པས། གཟུང་དུ་རུང་ལགས་སམ། །ཞེས་གསོལ་བ་དང་། མངོན་རྫོགས་རྒྱལ་པོས་བཀའ་བསྩལ་པ། །སྣོད་ནི་དེ་དང་མི་ལྡན་པ། །དྷང་མ་སྣང་འཚོ་བྱེད་པ་དང་། །ཆོས་དཔེ་འཚོང་བར་བྱེད་པ་དང་། །མན་ངག་ཟང་ཐལ་དུ་སྨྲ་བ་དང་། །ལྟ་བའི་གདེང་མེད་པ་དང་། སྤྱོད་པ་མ་ཟིན་པ་དང་། བསྒྲུབ་པ་གཞུང་མ་ཚུགས་པས། རྒྱུད་འདི་བཅངས་ཀྱང་སེང་གེའི་འོ་མ་དང་འདྲ་སྟེ། བདག་ཕུང་གཞན་བརླག་གཉིས་ཀ་འགས། །མཛེ་དང་རིམས་གྱི་བསྐལ་པ་འབྱུང་། །བྱ་རུང་མི་རུང་སྣ་ཚོགས་བྱེད། །འབྲས་བུ་མནར་མེད་པ་རུ་སྐྱེ། དེས་ན་མ་མོ་སྲིད་པའི་རྒྱུད་ལུང་འདི། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །སྣོད་མེད་རྣམས་ཀྱི་བཅང་གྱུར་ན། ། བདག་དང་འགྲོ་བ་གཞན་ཀུན་རླག །དེས་ན་འདི་ནི་གསང་བའི་རྒྱུད་ཅེས་བསྟན་ཏོ། །དེ་ནས་ལྷ་གནོད་འདུལ་གྱིས་གསོལ་༼པཀེ་ ། །མ་མོའི་དཀྱིལ་འཁོར་ཇི་ལྟར་བསྡུ། །ཞེས་གསོལ་པ་དང་། ཡབ་མངོན་རྫོགས་ཀྱི་རྒྱལ་པོས་བཀའ་བསྩལ་པ། མ་མོའི་དཀྱིལ་འཁོར་བསྡུ་བ་ནི། །དང་པོ་བསྐྱེད་པའི་རིམ་པ་བཞིན། །རིམ་བཞིན་རིམ་པས་གཙོ་ལ་བསྡུ། །ཞེས་བཀའ་བསྩལ་ཏོ། །རྒྱུད་འདི་སྣོད་མེད་ལ་བསྟན་པའི་སྐྱོན་དང་། དཀྱིལ་འཁོར་བསྡུ་བའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡབ་མངོན་རྫོགས་ཀྱི་རྒྱལ་པོས། ལྷ་གནོད་འདུལ་ལ་བཀའ་བསྩལ་པ། བསྟན་པའི་སྙིང་པོ་དམ་པ་འདི། །རྒྱུད་དང་ལུང་དང་མན་ངག་དང་། ། ཕྱོགས་དང་གལ་པོར་འབྲབ་པ་ཡི། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་འདི། །བདེ་བ་གནོད་འདུལ་ཁྱོད་ཀྱི་སུ། །འཇིག་རྟེན་གསུམ་དུ་གྲགས་པར་གྱིས། །ལྟ་སྤྱོད་སྒྲུབ་པ་ཚང་བ་ཡིས། ། མ་མོ་སྲིད་པའི་ཏནྟྲ་འདི། །དེ་ལ་གནོད་འདུལ་ཁྱོད་ཀྱིས་ཟུངས། །རྩ་བ་གསུམ་དུ་སྤྲོས་པར་གྱིས། །ཞེས་བཀའ་བསྩལ་ནས། གསེར་གྱི་གླེགས་བམ་དུ་བྲིས་ནས།ལྷ་གནོད་འདུལ་ལ་གཏད་དོ། །ལྷ་གནོད་འདུལ་གྱིས་རྩ་བ་ཆེན་པོ་གསུམ་དུ་སྦས་སོ། །དེ་སྐད་ཅེས་སྟོན་པས་བཀའ་བསྩལ་པ། ཡེ་ཤེས་ཀྱི་མ་མོ་དང་། ཕྲ་ཆེན་རྒྱ་མཚོ་ལ་མ་ལ་སོགས་པ་རང་བཞིན་གྱི་མ་མོ་དང་།ཨ་ཕྱི་ཆེན་མོ་ལ་སོགས་པ་སྲིད་པའི་སྨན་མོ་རྣམས་ཀྱིས། སྐྱེ་བ་མེད་པ་ཆོས་ཀྱི་རོ་མྱོང་ནས། གསང་བའི་དགྱེས་པའི་མཆོད་པ་ཕུལ་ནས་རང་རང་གི་དམ་ཚིག་མནོས་ནས། ཞབས་སྤྱི་བོ་ལ་བླངས་སོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། ལྷ་གནོད་༼འདུལ༽་ ལ་རྒྱུད་གཏད་པའི་ལེའུ་སྟེ་ང་གསུམ་པའོ།། །།མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ། འབྲས་བུ་ངེས་པར་བསྟན་པའི་མཆོག །ཀུན་བཟང་ཐུགས་ཀྱི་ལུང་ཆེན་འདི། །སྐྱེས་མཆོག་འགའ་ཡི་ལས་ཡིན་ཏེ། །ཀུན་ལ་སྤེལ་བར་མ་གསུངས་སོ། །མ་མོའི་ཆོས་འདི་སྤྱི་གབ་སྦ། ། ཞེས་འབྱུང་ན་ཡང་། བོད་ཡུལ་དུ་བསྒྱུར་བ་ལ་འདི་ལ་ལྷག་མ་མ་ལུས་པར་ཡིད་ཆེས་པའི་རྒྱུད་ཁུངས་དང་། དབུ་སྣུང་བཞེས་སོ། །མ་མོ་སྲིད་པའི་རྒྱུད་ལུང་གི་རྒྱུད་རྫོགས་སོ། །བཀྲ་ཤིས། མསྐོལ༷།། །།རྒྱ་གར་སྐད་དུ། ཤི་མཧྭ་ཀྭ་ལ། ཨསྣེ་ཛི་ཧ་ན་ཏྲ། བོད་སྐད་དུ། དཔལ་ལྡན་ནག་པོ་ཆེན་པོ་མེ་ལྕེའི་ཕྲེང་བ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནག་པོ་ཆེན་པོ་དང་ཐབས་ཅིག་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདག་གིས་རྡོ་རྗེ་འཛིན་པའི་རྒྱལ་པོ་ནི། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རིའི་ཚོགས་དབུས་ན། འཁོར་བྱང་ཆུབ་སེམས་དཔའ་མང་པོ་དང་། མཁའ་འགྲོ་དང་། ཤ་ཟ་དང་། ལྷ་དང་། ཀླུ་དང་། གནོད་སྤྱིན་དང་། དྲི་ཟ་དང་། གཤིན་རྗེ་དང་། སྲིན་པོའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་