Ngb-pt-0892-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:50, 20 March 2020

Front

Body

མཁམ་ཡབ་ཡུམ་ཁྱེད་བཞི་ཡིས། །སྡང་བའི་དགྲ་བོའི་ལས་ངན་ལ། །ཆོ་འཕྲུལ་སྣ་ཚོགས་ཐོངས་ལ་ཤོག །གཤིན་རྗེའི་ཞགས་པས་ཁྲིད་ལ་ཤོག །ལས་ཀྱི་དབྱུག་པས་གཏོགས་ལ་ཤོག །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། འཁོར་བསྐུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་མོན་མོ་ནག་པོ་དེས། །དཔའ་བོ་ཆེན་པོ་ཨ་ལ་ལ། །རྒྱུད་འདིའི་མཚན་འདི་གང་ལགས་སྟོན། །ཞེས་གསོལ་པས། དཔའ་བོ་ཆེན་པོས་བཀའ་སྩལ་པ། འདི་ནི་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ཅེས་བྱ་བར་ཟུང་ཞིག །ནག་པོ་དར་གྱི་རྒྱུད་ཅེས་བྱ་བར་ཟུང་ཞིག་ཅེས་བཀའ་སྩལ་ཏོ། །མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།མོན་པ་ཕུང་བྱེད་ནག་མོ་ནོར་སྲུངས་ཀྱི་རྒྱུད་རྫོགས་སོ།། །།གིང་ཆེན་གསང་བ་རྡོ་རྗེ་ལེགས་པའི་དྲག་སྔགས་ཤན་པ་གྲི་ཐོགས་ལས་ལ་མངག་པ་འདི་ལ། དང་པོ་རྟེན་དང་དམ་རྫས་བཤམས་པ་དང་། བདག་ཉིད་ལྷ་ཡི་རྣལ་འབྱོར་བྱ་བ་དང་། ཐོག་པ་དང་འཁྲུལ་འཁོར་བཅའ་བ་དང་། གསང་བའི་སྔགས་བཟླས་པ་དང་། དྲག་སྔགས་ཀྱིས་དགྲ་བོ་བསྒྲལ་བ་དང་། མ་གྲུབ་ཤི་ས་ཨར་ལ་གཏད་ཅིང་མྱུར་དུ་བསྒྲལ་བའི་སྤོགས་ཐབས་བསྟན་པ་དང་། རང་ལ་ཚུར་གནོད་པའི་རང་གཏད་བསྟན་པའོ། །དང་པོའི་རྟེན་བཤམ་ལ་ར་ཁྲག་གིས་བྱུག ཁྲར་ཕྱོགས་སུ་དགྲ་ལྷའི་གཟུགས་སྐུ་མདོག་སྔོན་པོ་ལ་ཟ་འོག་གི་སླག་པ་ཅན་དབུ་ལ་སྟག་སྟོང་བཅིངས་པ། གཡས་པ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ལ་གཡོན་པ་ཙིསྟ་བསྣམས་པ། སེང་གེ་གཡུའི་རལ་པ་ཅན་འཕྲུལ་གྱི་གཤོག་པ་དང་ལྡན་པ་གཅིག་ལ་ཆིབས་པ་ཅིག་བྲིས་ལ། ཙ་ར་རྒྱ་བོའིགཡང་གཞི་དབུབ་བཤོས་བུ་ཁྲུགང་དང་། ཙ་རའི་སྙིང་དང་། ཤ་དང་། འབྲུ་ལྔའི་ཆང་ཕུད་བཤམ་མོ། །དེ་ནས་བདག་ཉིད་ཡ་མནཏ་ཀདང་གཞུང་དང་མཐུན་པར་བསྒོམ་ལ། ཨ་ཀྲོ་ལ་བསྙེན་པ་བྱའོ། །དེ་ནས་ཐོད་པའི་འཁྲུལ་འཁོར་ནི། ཐོད་ངན་ཅིག་གནན་པའི་སྟེང་དུ་གཞག་གོ །འཁྲུལ་འཁོར་རྒྱ་ཤོག་ལ། །དཔེ་ཆུངབཞིན་བྲིས་དགྲམ་པའི་ལས་བྱའོ། །དེ་ནས་རང་ལ་ཚུར་མི་ཚུགས་མི་ལྡོག་པརབྱ་བའི་ཐབས་ནི། བླ་རྡོ་ཕ་ཝང་ལོང་བུ་དང་། སྲོག་སྙིང་དང་། རྣམ་པར་ཤེས་པ་གསུམ་རང་ནད་ཀྱི་འཁོར་ལོར་བཅུག་ལ། འུག་བའིསྒོ་ངར་བཅུག་ལ་ལུས་ལ་བཅང་ངོ་། །དྲག་སྔགས་ཀྱིས་དགྲ་བོ་བསྒྲལ་བ་ནི། བསད་པའི་རྣལའབྱོར་མས་གསདཔརབྱའོ། །གསང་བའི་དྲག་སྔགས་བཟླས་པ་ནི། སྲོག་གི་སྙིང་པོ་རྟགས་མ་བྱས་བར་དུ་བཟླས་སོ། །མ་གྲུབ་ན་ཨར་ལགཏད་པའི་གིང་སྔགས་དཀྲུག་ཅིང་ལས་སྦྱོར་བསྐྱར་ལ་བྱའོ། །ཐེན་སྦྱོར་བདུན་པ་གསང་བ་གང་གི་ཡང་སྙིང་རྫོགས་སོ།། །།