Ngb-pt-0800-vol-09-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-800-899/ngb-pt-0800-text.docx.wiki to Ngb-pt-0800-vol-09-text) |
Latest revision as of 10:50, 20 March 2020
Front
Body
རྒྱ་གར་སྐད་དུ། བཛྲ་ཀྲོ་དྷ་རྭ་ཛ་བཱ་ཁི་གུ་རྒྱ་ཏནྟྲ་ནཱ་མ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གསང་བའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རང་བཞིན་ལྕང་ལོ་ཅན་གྱི་གནས་ན། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ལྗང་སྔོན། གཡས་རྡོ་རྗེ་རྩེ་ལྔ། གཡོན་དཀུ་ལ་བརྟེན་པ་པ་ཏིའི་ཤམ་ཐབས་ཅན། ཁྲུ་ཉི་ཤུ་རྩ་གཅིག་པ། སྐུ་ཡིད་ཙམ་འགྱིང་བག་ཏུ་བཞུགས་ཏེ། ཡེ་ཤེས་ཀྱི་ཁྲོ་བོ་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུའོ། །དེའི་ཚེ་དེའི་དུས་ན་ཁྲོ་བོ་རྡོ་རྗེ་འཛིན་པ་དེས་མ་དད་པ་བསྟན་པ་ལ་གནོད་པ་ཚར་གཅད་པའི་ཕྱིར། འཕྲིན་ལས་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། ཁྲོ་བོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ། གཡས་ན་ཁྲོ་བོའི་རྡོ་རྗེ་རྭ་གྱེས་པ། གཡོན་སྡིགས་མཛུབ་ཅན། ཞབས་གཉིས་བརྐྱང་བསྐུམ་དུ་བགྲད་པ། ན་བཟའ་སྔོན་པོ་འཆང་བ། སྟག་གི་ལྤགས་པས་ཤམ་ཐབས་བྱས་པ། སྦྲུལ་གྱིས་བརྒྱན་པ་ཉིད་དུ་གྱུར་ཏེ། སྐུ་ལས་མེ་དཔུང་འཕྲོས་པས་གདུག་པ་ཐམས་ཅད་བསྲེག་པ་དང་།གསུང་ལྗགས་ལས་རྡོ་རྗེའི་ཐོག་འབབ་པས་གདུག་པ་ཐམས་ཅད་བརླག་པ་དང་། ཐུགས་ཁ་ནས་ཁྲོ་བོ་བྱུང་བས་གདུག་པ་སྒྲོལ་བ་དང་། སྤྱན་ནས་མེ་དཔུང་དུ་གྱུར་པས་བསྲེག་པ་དང་། ཕྱག་གི་རྡོརྗེལམཚོནཆ་བྱུང་བས་རླག་པར་བྱེད་པ་དང་། སྐུ་ཡི་རྒྱན་ཆས་གཞན་ཐམས་ཅད་སྐྲག་པ་དང་། ཞབས་བརྡབས་པས་ཐམས་ཅད་འཇིགས་པ་དང་། རོལ་བའི་འཕྲིན་ལས་ཀྱིས་རྫུན་འཕྲུལ་དཔག་ཏུ་མེད་པ་བྱུང་སྟེ། སྲིད་པ་གསུམ་རབ་ཏུ་གཡོས་པར་གྱུར་ཏོ། །དེའི་དུས་ན་ཁྲོ་བོ་བདུད་རྩི་འཁྱིལ་བ་སྟན་ལས་ལངས་ཏེ། རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཉིད་ནི་དཔག་ཏུ་མེད་དེ་ངོ་མཚར་ཆེའོ། །བདག་ལ་མ་འོངས་པའི་རྣལ་འབྱོར་པའི་དོན་དུ། ཉིད་ཀྱི་སྒྲུབ་པའི་རིམ་པ་བཤད་དུ་གསོལ། ཞེས་གསོལ་པས། ཁྲོ་བའི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་བདུད་རྩི་འཁྱིལ་པ། རྡོ་རྗེ་འཛིན་པ་བསྒྲུབ་པར་འདོད་པས། དང་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གནས་ཏེ། ཞི་བའི་ཚུལ་དུ་རྡོ་རྗེ་འཛིན་པ་བསྐྱེད། རང་བཞིན་སྤྱན་དྲངས་མཆོད་ཅིང་བཟླས། །ཐུན་མཚམས་དུས་སུ་གཏོར་མ་གཏང་། །སྤྱོད་ལམ་ལྷ་ཡི་ང་རྒྱལ་བྱ། ཁུབ་པར་འགྱུར་ཏེ་དངོས་གྲུབ་ཐོབ། །ཅེས་བཀའ་སྩལ་ཏོ། །ཁྲོ་བའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གསང་བའི་རྒྱུད་ལས། གླེང་གཞི་བསྙེན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། གསང་སྔགས་བཀའ་སྩལ་པ་ནི།ཨོ་ཙཎྜ་མ་ཧྭ་རོ་ཥ་ཎ་ཧུ༷་ཕཊ། སྔགས་འདིས་ནི་སྡིག་པ་ཐམས་ཅད་ངེས་པར་ལན་ཅིག་གིས་སྲེག་པར་བྱེད་དོ། །ཐམས་ཅད་དུའང་སྲུང་བྱེད་དོ། །ཡུངས་དཀར་ལ་སྔགས་ནས་གཏོར་ན་གདོན་ཐམས་ཅད་མེད་པར་འགྱུར་རོ། །ཐོད་ལོ་སྐོར་གྱི་ཁམཕོར་ལ་བྲིས་ཏེ་སྒོ་ལ་བཏགས་ན་བྱིས་པ་བཙའ་དུས་སྲུང་བར་བྱེད་དོ། །དེ་ལ་གཏོར་མ་བསྲུང་བའི་སྔགས་ནི། བ་ལིང་ཨི་དམ་གྲིཎྜ་གྲིཎྜ་ཁུ་ཧི། པྲུ་ཛ་ཧོ་རག་ཏ་པི་པ་ཏོ་ས་མ་ཡེ་སྲུཧྭ། ཞེས་བཀའ་སྩལ་ཏོ། །བསྙེན་པའི་སྔགས་དང་། གཏོར་མའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །དྲག་པོའི་ལས་ལ་སྦྱོར་འདོད་ན། །རྡོ་རྗེ་རྒྱ་གྲམ་ཨེ་དབུས་སུ། །སྤྲ་ཚིལ་ལིསྐོ་སོར་བཞི་ལ། །རྡོ་རྗེ་རྒྱ་གྲམ་བར་དུ་གཞུག །བདག་ཉིད་ཞི་ལས་ཁྲོ་བོར་བསྒྱུར། །ལིང་ག་ཐོད་པའི་བར་བཅུག་ལ། ཕུར་པ་རྡོ་རྗེ་འཛིན་པར་བསྐྱེད། །ལིང་ག་དག་ལ་གདབ་པར་བྱ། །ཨོ༷་ཙཎྜམ་ཧྭ་རོ་ཥ་ན་ཨ་མུ་ཀ༷་ཤི་ཏྲ༷་ཀི་ལ་ཡེ་ཧུ༷་ཕཊ། ཀི་ཏི་མུ་ཁ་སྟམ་པ་ཡ་ཤྭ་ཏྲིང་ཀི་ལ་ཡེ་ཧུ༷་ཕཊ། ཧྲི་དང་སྟ༷་པ་ཡ་ཤི་ཏྲང་ཀི་ལ་ཡ་ཧུ༷་ཕཊ། པ་དང་སྟ༷་པ་ཡ་ཤི་ཏྲང་ཀི་ལ་ཡེ་ཧུ༷་ཕཊ། །ཅེས་གདག་པར་བྱའོ། །དེ་ལ་དྲག་པོའི་དུས་སུ་གཏོར་མ་དབུལ་བ་ནི། ཨ་མ་མི་སརྦ་ཤ་ཏྲུ༷་ཆེ་གེ་མོ། མ་ཙ་མེ་ཙ བ་ས་མང་པ། ཛི་བ་སུ་གང་རུ་ཏི་ར་ཕྲི་ཡང་བག་ཁྱ་ནི། བ་ལིང་ཨི་དམ་གྲིཎྜ་གྲིཎྜ་ཁུ་ཧི་ཁུ་ཧི་པུ་ཛ་ཧོ་རག་ཏ་ཨསྙེ༷་པུ་ཙ་གྲིཎྜ་གྲིཎྜ་ཁུ་ཧི་ཁུ་ཧི་རག་ཏ་པི་པ་ཏོ་ཨ་ཏི་ཀྲ་མ་ས་མ་ཡེ་སྲུཧྭ། མཆོད་པ་དབུལ་པ་ནི་ཨོ་བཛྲ་པུ་སྤྲོ་ཨུ༔ཧུ༷། ཨོ་བཛྲ་ ་པེ་ཨུ༔ཧུ༷། ཨོ་བཛྲ་ཨུ་ལོ་ཀེ་ཨུ༷༷ཧུ༷། ཨོ་བཛྲ་གན་དྷི་ཨུ༷༷ཧུ༷། ཨོ་བཛྲ་ནེ་བི་ཏེ་ཨུ་ཧུ༷། ཞེས་གསུངས་སོ། །དྲག་པོའི་འཕྲིན་ལས་ལིང་ག་དང་འབྲེལ་ཏེ་གསད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། གལ་ཏེ་ལས་འགོར་ནས་མ་འགྲུབ་ན། སྤོགས་པའི་རིམ་པ་ནི། ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར།གཡོན་དམར། དབུས་མཐིང་ཀ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ། གཡས་བར་པ་རྡོ་རྗེ། ཐ་མ་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པར་བསྐྱེད་ལ། ལས་སྔགས་དྲིལ་ལ་བཟླས་ན་འགྲུབ་པར་ངེས་སོ། །དང་པོ་ལྷ་ཉིད་བསྐྱེད་དུས་སུ། །རྒྱུན་ཆགས་ཡན་ལག་བདུན་པ་ནི། །བསོད་ནམས་ཚོགས་ཀྱི་ཡན་ལག་གོ །དེ་ནས་སྟོང་ཉིད་ངང་ལས་ནི། །རང་ཉིད་གཏུམ་པོ་ཞི་ཁྲོའི་ཚུལ། །ཡེ་ཤེས་སྤྱན་དྲངས་མཆོད་བཟླས་ན། །འབུམ་ཕྲག་གསུམ་ན་དངོས་གྲུབ་ཐོབ། །ལུས་ལ་བསྲུང་འཁོར་བཏགས་གྱུར་ན། གོ་ཆ་ཡིན་པར་གསུངས་པའོ། །སྤྱིན་སྲེག་དང་ནི་བསྐྲད་པ་ཡང་། རིམ་པར་བྱས་ན་གདུག་པ་འཇོམས། །དེ་ལ་གསང་སྔགས་འདི་ཉིད་ཡིན། ཨོ་ཙཎྜ་མ་ཧ་རོ་ཥ་ཎ་མུ་ཀ༷་རཀྟ་རཀྟ་ཧྭ༷་ཕཊ། ཨོ་ད་ཧ་ད་ཧ་པ་ཙ་པ་ཙ་བ་མི་ཀུ་རུ་ཧུ༷་ཕཊ། ཨུ་ཙ་ཏ་ཡ་ཧུ༷་ཕཊ། སྟ༷་པ་ཡ་ཧྭ༷་ཕཊ། མ་ར་ཡ་ཧུ༷་ཕཊ། བསྲུང་དང་སྦྱིན་སྲེག་བསྐྲད་པ་དང་། མནན་དང་གསར་ལ་སྦྱར་པར་བྱ། །ཞེས་བཀའ་སྩལ་ཏོ། །ལས་ཀྱི་རིམ་པ་འི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་པ་ནི། །རྫོགས་པའི་རིམ་པ་འདི་ལྟ་སྟེ། །རྩ་རླུད་ཐིག་ལེ་བསྒོམ་པར་བྱ། །གོང་ལྟར་རང་ཉིད་ག་་པོའི་སྐུ། །གསལ་བ་ཉིད་དུ་བསྒོམ་པ་ཡང་། །གཞན་ཅིག་གསལ་བ་མ་ཡིན་ཏེ། །རིག་པའི་ཆོ་འཕྲུལ་སྣང་བ་ལས། །ལོགས་ནས་ཅི་ཡང་གསལ་མ་ཡིན། །སྣ་ཚོགས་སྣང་བ་རང་གི་སེམས། །སེམས་ཉིད་ཡེ་ནས་ག་་པོའི་ངང་། །མ་བཅོས་གདོད་ནས་ལྷུན་གྱི་གྲུབ། །རིག་པ་ཆོས་ཉིད་ངང་དུ་གསལ། །དེ་ལྟ་བུ་ཡིདོན་ལྡན་ན། །རྡོ་རྗེ་ག་་པོའི་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །དེ་ཁོ་ན་ཉིད་དུ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ལ། གནོད་སྦྱིན་ནོར་བདག་དང་གང་པ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་གསང་བདག་གི་བསྟན་པ་ལ་འཇུག་པར་བགྱི་སྟེ། །རིག་པ་འདི་དག་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སྨྲས་ཏེ། རིག་པ་ཕུལ་བ། ཨོ་བེ་བྲ་མ་ཎའ་ཡ་སྲུཧྭ། ནོར་བདག་ཆེན་པོའི་འོ། །གང་བཟང་གི ཨོ་པྲཎྜ་བྷ་དྲ་ཡ་སྲུཧྭ། ཞེས་སྨྲ་ཏེ། བདག་ཅག་གིས་མ་འོངས་པའི་དུས་ན་རྡོ་རྗེ་འཛིན་པ་བསྒྲུབ་པ་དང་འཛིན་པ་ལ་བསྲུང་བ་དང་། འཁོར་དང་ལོངས་སྤྱོད་སྤེལ་བ་དང་། བསྟན་པ་ལ་གནོད་པ་ཚར་གཅད་པར་བགྱིའོ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་རིག་པ་ཕུལ་ཏེ་སྨྲསཔབཞིན། མའོངསཔའི་དུས་སུ་དམ་ཚིག་ལ་གནས་པར་གྱིས་ཤིག །ཅེས་གསུངས་སོ། །འཁོར་གྱི་ལས་མཁན་གྱི་རིག་པ་ཕུལ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསམ་གཏན་མེ་ཡི་འཁོར་ལོ་ཡིས། །ནད་པ་གསོ་ན་འདི་ལྟར་བྱ། །ནད་པ་གདོན་གྱིས་ཟིན་པ་ཡི། །གནོད་པ། ཨོ་ཙཎྜ་མ་ཧྭ་རོ་ཥ་ན་གནོད་བྱེད་མ་ར་ཡ་ཧུ༷་ཕཊ། ཅེས་གསུངས་སོ། །ནད་པ་གསོ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཞལ་ཉིད་ལྟ་བར་འདོད་པ་ཡིན། །དམ་ཚིག་འཇིགས་པའི་མཁར་ལྟར་བསྲུང་། །མ་ཡེངས་རྒྱུན་དུ་བསྒོམ་པར་བྱ། །དང་པོ་ལྷ་ཉིད་གསལ་པར་བསྒོམ། །དེ་ནས་ཐུགས་ཁའི་ཡིག་འབྲུ་གསལ། །དེ་ནས་འཕྲོ་འདུ་གསལ་བ་དང་། །དེ་ཉིད་རང་གི་སེམས་སུ་བརྟགས། །ལྷ་ཉིད་སྒྱུ་མར་ཤེས་པར་བྱ། །བསྒོམ་བསྒྲུབ་མ་ཡེངས་གྱུར་པ་ན། །ཁྲོ་རྒྱལ་ཞལ་ངོས་སྟོན་པར་འགྱུར། །དགའ་བྲོད་རེ་བ་དོག་སེམས་སྤངས། །ཐམས་ཅད་རིག་པ་ཆོས་ཉིད་དུ། །རྟོགས་ན་རྡོ་རྗེ་གཏུམ་པོ་འགྲུབ། །ཅེས་གསུངས་སོ། །ཞལ་ལྟ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བདུད་རྩི་འཁྱིལ་པ་ལ་སོགས་པའི་འཁོར་རྣམས་ཀྱིས། །ཁྲོ་བོ་རྡོ་རྗེ་འཛིན་པ་ལ་བསྟོད་པ། །ཧུ༷་པདྨ་ཟླ་བའི་གདན་སྟེངས་ན། །གསང་སྔགས་ཀུན་གྱི་བདག་ཉིད་ཅན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་མཐིང་ནག་ཕྲོས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །དབུ་སྐྲ་ཁམས་ནག་གྱེན་དུ་འཁྱིལ། །སྨིན་མ་གྱེན་བསྐྱོད་ཁྲོ་གཉེར་ཅན། །སྤྱན་གསུམ་རྩ་དམར་ཐད་ཀར་གཟིགས། །ཞལ་གདངས་མཆེ་གཙིགས་ཨག་ཚོགས་འབར། །གཡས་པ་རྡོ་རྗེ་རྩེ་ལྔ་འཕྱར། །གཡོན་པ་བསྡིགས་པའི་མཛུམ་མོ་མཛད། །ན་བཟའ་སྔོ་ནག་དག་དང་ལྡན། །ཐོད་སྦྲུལ་སྟག་གི་ལྤགས་པས་བརྒྱན། །བསྐལ་པ་མེ་རིའི་ཀློང་ན་བཞུགས། །མི་བསྐྱོད་པ་ཡིས་དབུ་བརྒྱན་ཅིང་། །སངས་རྒྱས་ཀུན་གྱིས་དབང་བསྐུར་བའི། །ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་གསུང་ལ་ཕྱག་འཚལ་བསྟོད། །གཉིས་མེད་ཐུགས་ལ་ཕྱག་འཚལ་ལོ། །བདག་གིས་དད་པས་བསྟོད་བྱས་པས། །བདག་ལ་བྱིན་གྱིས་བརླབས་པ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ། །བདག་གི་ལྷག་པའི་བསམ་པ་རྣམས། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཇོད། །ཅེས་བསྟོད་པར་གྱུར་ཏོ། །འཁོར་གྱིས་བསྟོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་ལྡན་འདས་ལ། བདུད་རྩི་འཁྱིལ་པས་གསོལ་པ། བདག་གི་རྒྱུད་འདི་ཇི་ལྟར་གཟུང་པར་བགྱི། ཞེས་གསོལ་པས།རྒྱུད་འདི་ནི་དངོས་གྲུབ་ཐམས་ཅད་འབྱུང་པ་ཞེས་བྱ་བར་ཡང་ཟུང་ཞིག །ཁྲོ་རྒྱལ་གསང་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །ཡང་དག་པའི་དོན་ཅེས་བྱ་བར་ཡང་ཟུང་ཞིག །ཅེས་བཀའ་སྩལ་ཏོ། །རྒྱུད་ཡོངས་སུ་གཟུང་པའི་ལེའུ་སྟེ་བཅུ་པའོ།། །།ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཏུམ་པོའི་གསང་རྒྱུད་ཅེས་བྱ་བ་རྫོགས་སོ།། །།བདག་འདྲ་སངས་རྒྱས་ཡེ་ཤེས་ལ། །གུ་རུ་བ་སུ་དྷ་ར་ཡིས། །ཡི་དམ་གསང་རྒྱུད་ཐུགས་ཀྱི་གནང་། །བདག་གིས་འདི་ཡི་ཞལ་དངོས་མཐོང་། །རྡོ་རྗེ་གཏུམ་པོའི་གསང་རྒྱུད་འདི། །གཏད་པའི་གནས་མེད་གཏེར་དུ་སྦས། །དཔེར་ན་ནོར་བུ་རིན་ཆེན་ཏེ། །དམ་ཚིག་ཅན་གྱི་རྣལ་འབྱོར་པ། །ལས་འཕྲོ་ཅན་དང་ཕྲད་པར་ཤོག། །། རྒྱ་གར་སྐད་དུ། ཀྲོ་དྷ་རྭ་ཛ་ཤི་བཛྲ་བཱ་ནི་ཙཎྜ་མ་ཧྭ་རོ་ཥ་ཎ་ཨ་སྟི་ཁི་྅་ཨུ་པ་དེ་ཤ་གུ་རྒྱ་ནཱ་མ་ཏན་ཏྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གཏུམ་