Ngb-pt-0796-vol-08-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:48, 20 March 2020

Front

Body

དེ་ནས་ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་ཉིད། །ཡཀྟ་ཀྲོ་དྷི་ཤི་རིར་གྱུར་ཏེ། །ཡབ་ཀྱི་སྐུ་ལ་འཁྲིལ་ཏེ་གནས་པ་དང་། །ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྤྲུལ་པ་དཔག་ཏུ་མེད་པ་དང་བཅས་པ་དང་། །ལྷ་གནོད་འདུལ་ལ་སོགས་ཏེ། །ལྷའི་ཚོགས་དཔག་ཏུ་མེད་པ་དང་བཅས་པ་དང་། །ཕྱ་ཡ་བདུད་ཀྱི་རྒྱལ་པོ་ལ་སོགས་ཏེ། །བདུད་ཀྱི་ཚོགས་དཔག་ཏུ་མེད་པ་དང་། །གཤིན་རྗེ་ནག་པོལསོགས་ཏེ། །གཤིན་རྗེ་ཚོགས་དཔག་ཏུ་མེད་པ་དང་བཅས་པ་དང་། །ཨེ་ཀ་ཛ་ཏི་ལ་སོགས་ཏེ། །སྲིད་པའི་སྨན་དཔག་ཏུ་མེད་པ་དང་བཅས་པས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་མངོན་རྫོགས་ཡབ་ཀྱི་སྐུ། །གཉིས་མེད་མཁའ་ལྟར་ཡེ་ནས་དག་པ་ལས། ཐུགས་རྗེའི་སྤྲུལ་སྐུ་དཔག་ཏུ་མེད་པ་ཡིས། །མ་རིག་ལོག་རྟོག་བསལ་པ་ཡ་མཚོན་ཆེའོ། །ཨེ་མའོ་ཡེ་ཤེས་སྐུ་མཆོག་རྣམ་རྟོག་གཏིང་བྲལ་ལས། །ཐུགས་རྗེ་ཁྲོ་ཚུལ་སྐུ་ཡིས་དྲེགས་པ་ཕོ་མོ་བཏུལ། །བདུད་རྩི་རོ་རྙེད་སྐུ་མཆོག་མཐོང་བ་ཙམཔགྱིས་ནི། །ཉི་མ་སྟོང་ལས་ལྷག་པའི་འོད་ཀྱི་མ་རིག་བསལ་བ་ཡ་མཚན་ཆེའོ། །ཕྱི་དུས་བསྟན་པ་འཇིག་པ་དུ་མ་བྱུང་ནས་བསྟན་པ་མི་གནས་ཚེ། །མ་སྤྲུལ་དངོས་ཀྱི་ཚིག་བསྒྲུབསྲོགཏིགསྙིངཏིགལསོགས་སྒྲུབ་ཐབས་དང་། །བདུད་མོ་ལ་སོགས་འཁོར་དང་ལྡན་པའི་སྒྲུབ་ཐབས་འདུལ་བ་བསྟན་པ་དང་། ། ནད་བདག་མཚོ་སྨན་ལ་སོགས་ཇི་ལྟར་འདུལ་བཞིན་སྦྲུལ་ཏེ་དེ་བསྒྲུབ་བསྟན། །འཁོར་གྱི་གིང་དང་བདུད་ལ་སོགས་པའི་སྦྱོར་བས་གནན་པ་བཤད་པ་ནི། །ངོ་མཚར་ཨེ་མའོ་ཐུགས་རྗེ་ཤིན་ཏུ་མཆོག་སྟེ་ཨེ་མའོ་ཡ་མཚན་ཆེའོ། །ཞེས་གསོལ་པ་དང་། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་འཁོར་གྱི་དཀྱིལ་འཁོར་ནང་ནས་ལྷ་གནོད་འདུལ་ལ་གཟིགས་པར་གྱུར་ཏོ། །དེ་ནས་ལྷ་གནོད་འདུལ་སྟན་ལས་ལངས་ཏེ། །བསྐོར་བ་ལན་བརྒྱ་ཕྲག་དུ་མ་བྱས་ནས་མར་མེ་མཛད་དང་མཐུན་པའི་རྐྱང་ཕྱག་གིས་ཡན་ལག་ས་ལ་བརྡབས་ཏེ། །ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མ་མོ་བསྒྲུབ་པའི་རྣལ་འབྱོར་པས། །མ་མོ་དབང་དུ་ཇི་ལྟར་བསྡུ། མ་མིའི་དམ་ཚིག་ཇི་ལྟ་བུ། །མ་མོའི་ཤི་ས་གང་ཞིག་ལགས། །འདོད་ཁམས་དབང་ཕྱུག་ཇི་ལྟ་བུ། །ལྷ་མོ་ནག་མོ་ཚོགས་ཀྱི་ཛེ་མོ། །ནག་མོའི་རྣམ་པ་ཇི་ལྟ་བུ། །དེ་ཡི་རྫགས་བསག་བྱུང་ཁུངས་ནི། ཐུན་གྱི་རྣ་མ་པ་དུ་ཞིག་མཆིས། །འཇུག་གི་དོན་ནི་ཇི་ལྟ་བུ། །སྒྲུབ་པའི་ཐབས་ལ་ཇི་ལྟར་བསྒྲུབ། །ཞི་རྒྱས་དབང་དུ་མི་འཚལ་ལམ། །སྲིད་པའི་དབང་ཆེན་མ་མོ་འདི། །བསྐང་བའི་གཙོ་བོ་གང་གིས་བསྐང་། །བསྐང་བའི་ཡོན་ཏན་ཇི་ལྟར་བུ། །ཚིག་གིས་བསྐང་བ་གང་ཞིག་ལགས། །རྫས་ཀྱི་བསྐང་ཚུལ་ཇི་ལྟར་ལགས། །གཏོར་མས་བསྐང་བཟློག་ཇི་ལྟར་ལགས། །གཏོར་མས་བསྐང་བཟློག་ཇི་ལྟར་བགྱི། །དུས་ཟད་ཚེ་བསྒྲུབ་ཇི་ལྟར་བསྒྲུབ། །རྩ་༄༅ བ་འཕེལ་བ་ཇི་ལྟར་བགྱི། །འཁོར་དང་ལྡན་པའི་སྦྱིན་སྲེག་གང་། །འཁོར་ལ་འཕྲ་ན་གང་གིས་གཟིར། །ཕུར་གདབ་རལ་གྲིས་ཇི་ལྟར་ག་། །བན་དེ་ལ་སོགས་ཉམས་པ་ལ། ་་་བའི་ཐབས་ནི་གང་ཞིག་ལགས། །དེ་རྣམས་ལྷ་དང་དབྱེ་བ་ནི། །དམ་བསྲེ་མནའ་བསྒག་ཇི་ལྟ་བུ། །གྲུབ་དང་མ་གྲུབ་བྱེ་བྲག་གང་། །པྲ་དང་རྟགས་ནི་ཇི་ལྟ་བུ། །རྟ་དང་སྔགས་གྲངས་ཇི་ལྟ་བུ། །འཇིག་རྟེན་སྲོག་ཆགས་སྲོག་གཟུང་ཕྱིར། །སེར་བ་ཇི་ལྟར་གཅད་པར་བགྱི། །རྒས་དང་གུ་པའི་སེམས་ཅན་གྱིས། །གོང་མའི་ལས་རྣམས་མི་གྲུབ་པས། །ཐོད་མདའི་སྒྲུབ་ཐབས་ཇི་ལྟར་བསྒྲུབ། །རབས་རྒྱུད་རྩ་བ་ཇི་ལྟར་ལགས། །བདག་གི་ཐེ་ཙོམ་འདི་དག་ནི། །འཛམ་གླིང་མི་ལ་སྨན་སླད་དུ། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱི་བཀའ་སྩལ་བ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཁྱོད་ཀྱི་ཐེ་ཙོམ་འདི་རྣམས་ནི། །ཡང་དག་ཉིད་དུ་ངས་བཤད་དོ། །མ་མོ་བསྒྲུབ་པའི་རྣལ་འབྱོར་པས། །མ་མོ་དབང་དུ་མ་འདུས་ན། །དོན་ཡང་མི་འགྲུབ་རང་ཡང་རླག །དེ་ཕྱིར་དབང་དུ་བསྡུ་བ་རྣམས། །གནོད་འདུལ་ཉོན་ཅིག་ང་ཡིས་བཤད། ཁྲེས་རབ་རྩལ་གྱི་ཆོས་ཉིད་དང་། །ཏིང་འཛིན་རྩལ་གྱིས་གཟིར་བ་དང་། །བདག་ཏུ་འདུལ་བས་ཅིག་པ་དང་། །སྦྱོད་ལམ་དབང་དུ་བསྡུ་བ་དང་། །གདན་དུ་བྱ་བའི་རིམ་པའོ། །མ་ནི་སྤྲོས་པ་མེད་པའི་དབྱིངས། །མོ་ནི་མཉམ་པ་མེད་པའི་ངང་། །མ་ནི་རྟག་ཆེན་གཡུང་དྲུང་མཁའ། །མ་ནི་ཆགས་མེད་བྱང་ཆུབ་ཀློང་། །མ་ནི་སྐུ་གསུང་ཐུགས་ཀྱི་མཁའ། །མོ་ནུ་ལུས་ངག་ཡིད་གསུམ་ཀློང་། །མ་ནི་དགེས་ཆེན་རྟག་པའི་མཁའ། །མོ་ནི་བདེ་ཆེན་ལོངས་སྤྱོད་ཀློང་། །མ་ནི་རྒྱལ་བ་ཀུན་གྱི་མཁའ། །མོ་ནི་སྲིད་པ་ཀུན་གྱི་ཀློང་། །མ་ནི་སྐྱེ་བ་མེད་པའི་མཁའ། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་སྤྲོས་མེད་བྱང་ཆུབ་མཁའ། །མོ་ནི་སྤྲོས་པའི་སེམས་ཀྱི་ཚོགས། །མ་ནི་ཐབས་མཆོག་འདོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་ནམ་མཁའི་དབྱིངས་ཉིད་མཁའ། །མོ་ནི་སེམས་ཀྱི་དབྱིངས་ཉིད་ཀློང་། །མ་ནི་ཆོས་ཀྱི་དབྱིངས་ཉིད་མཁའ། །མོ་ནི་བྷ་ག་དབྱིངས་ཉིད་ཀློང་། །མ་ནི་ཀུན་གཞི་བདེ་ཆེན་དབྱིངས། །མོ་ནི་རྣམ་ཤེས་ཧཱུཾ༷་དུ་འབར། །མཁའ་ཀློང་གཉིས་སུ་བདག་བསྒོམ་ཞིང་། །ཐིག་ལེ་ཆེན་པོར་བློ་བརྟན་པས། །ནམ་མཁའ་འབྱུང་བ་དང་དུ་སྡུད། །སྤྲོས་བྲལ་དབྱིངས་སུ་ཆོས་རྣམས་སྡུད། །བྱང་ཆུབ་སེམས་སུ་མ་མོ་ཡི། །སེམས་ཀྱང་དབང་དུ་བསྡུས་པས་འགྲུབ། །མ་མོའི་ལུས་ཀྱང་དབང་དུ་བསྡུ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཡི་ཤེས་ཚོགས་ཀྱི་རྗེ་མོ་ནི། །ཡེ་ཤེས་ཐིག་ལེ་ཆེན་པོ་དང་། །གསང་ཆེན་བདེ་བའི་ལམ་མཆོག་སྟེ། །མན་ངག་རྫོགས་པའི་དཀྱིལ་འཁོར་ལ། །ཡང་གསང་མ་མོ་དྲུག་པོ་སྟེ། །ཆགས་པའི་དབང་དུ་བསྒོམ་པར་བྱ། །ཡིད་ཀྱི་རང་བཞིནབྱེདཔནི། །འདོད་པའི་དབང་ཕྱུག་རྟོགས་པའི་ཚོགས། །དམན་མོ་རང་བཞིན་གནོད་སྤྱིན་མོ། །སྲོག་རྩའི་རང་བཞིན་རེ་མ་ཏི། །རྩ་བའི་རང་བཞིན་བདུད་མོ་གནན། །བདུད་མོའི་ཚོགས་ཀྱི་རྩ་བྲན་གྱིས། །རང་བཞིན་དམན་མོ་གནོད་སྦྱིན་མོ། །གནན་པའི་དབང་དུ་འདུས་པར་བསྒོམ། །པདྨ་དབང་དུ་གསལ་བ་ཡིས། །དབང་བསྡུ་ཁྱུང་གཤོག་འབར་བ་ཡིས ཐམས་ཅད་ཀུན་ཀྱང་དབང་དུ་སྡུད། །བྱང་ཆུབ་སེམས་དང་གེ་སར་གྱིས། །ཏག་ཏས་བཅས་པས་ཅིག་པར་བསྡུ། །སྟོན་པ་བདེ་གཤེགས་ཀུན་གྱི་དཔལ། །སྐུ་ཡི་ཕྱག་རྒྱ་མི་གཡོ་ཞིང་། །བསྒོ་བའི་ཚོགས་རྣམས་གང་ཉན་པ། །རྡོ་རྗེ་སྤུན་ལ་གདུང་བ་བསྐྱེད། །དེ་ནི་ལུས་ཀྱི་ས་མ་ཡ། །བསྐྱེད་རྫོགས་ས་བོན་རྒྱུན་མི་བཅད། །རྒྱལ་པའི་ཕྱག་རྒྱར་གསལ་བར་བསྒོམ། །འདི་ནི་ངག་གི་ས་མ་ཡ། །གསང་བའི་སྙིང་པོ་ངེས་པའི་དོན། །སྣོད་ངན་རྣམས་ལ་སྤེལ་བ་མིན། །འདི་ནི་སེམས་ཀྱི་ས་མ་ཡ། །སྟན་འགན་དང་ནི་འབྲས་བུ་ལྔ། །སྤང་བར་མི་བྱེད་སྤྱད་པར་བྱ། །ངེས་མེད་ངེས་མེད་མ་མི་སྨད། །ཐབ་དང་གཞོབ་དང་ཁོན་མི་བྱ། །ལས་ཀྱིས་ཉམས་དང་དམ་ཉམས་དང་། །སྲོག་ལས་ཉམས་པ་ཕྲད་མི་བྱ། །གཞན་དུ་མོས་དང་གདུང་མེད་པ། །རྣམ་པ་ཀུན་ཏུ་བྱ་བ་མིན། །ནལ་མི་སྤང་དང་མཆོད་པ་དང་། གཏོར་མ་རྒྱུན་དུ་སྤང་མི་བྱ། །དམིགས་མེད་སྤྱོད་པ་མཐའ་དག་ཀུན། །འདི་ནི་རྫོགས་པའི་ས་མ་ཡ ས་མ་ཡ་ནི་རྡོ་རྗེ་ཆེ། །འདའ་བར་མི་མཛད་རྡོ་རྗེའི་དམ། །བཅོལ་བའི་ལས་རྣམས་བྱེད་པ་ཡིན། །མཁའ་འགྲོ་མ་རྣམས་ས་མ་ཡ། །ནམ་མཁར་འབྱུང་བ་མི་དམིགས་འཆི། །ཆོས་ཉིད་སྤྲོས་དང་བྲལ་བ་ཡས ཆོས་ཅན་དངོས་པོ་འཆི་བར་འགྱུར། །བྱང་སེམས་བདེ་བ་ཆེན་པོ་ཡིས། །སྲིད་པ་གསུམ་གྱི་ཤི་སར་འགྱུར། །ཆོས་ཀྱི་རང་བཞིན་དངོས་པོ་མེད། །དངོས་མེད་ཡི་གེ་སྟོང་པར་སྦྱར། །སྟོང་ཉིད་སྟོང་པས་ཡེ་ནས་དབེན། །སྟོང་པའི་སྣོད་ཀྱང་དངོས་ཀྱིས་སྟོང་། །རྣམ་སྨིན་ལས་ཀྱང་ཉོན་མོངས་སྟོང་། །གདོད་ནས་སྟོང་པའི་འབྲས་བུ་ལ། །རྟོགས་པས་སྟོང་པའི་འབྲས་བུ་ལེན། །ལེགས་དང་ཉེས་པ་གཉིས་མེད་དེ། །ཐིག་ལེ་ཆེན་པོར་ལེན་པ་མེད། །གདོད་ནས་ལེགས་པའི་རྒྱལ་པོ་ཡིན། །ལང་ཀ་པུ་རངས་སྲིན་ཡུལ་དུ། །དཔལ་ཆེན་དཔལ་འབར་འཇིགས་བྱེད་ཀྱིས། །མ་མོ་གསད་དེ་ཤི་ས་ཡིན། །དུར་ས་ལང་ཀ་པུ་རངས་ཉིད། །སྲེག་སའང་ཡུལ་ནི་དེ་ཉིད་དུ། །མེ་དཔུང་སྨུག་ནག་ནང་དུ་བསྲེག །དེ་བས་ཕྱིས་འབྱུང་རྣལ་འབྱོར་པས། །དཔལ་དུ་གནས་པའི་བཀའ་འདས་ན། །ངེས་པར་གསད་པའི་སྦྱོར་བ་བྱ། །དུག་གཏོར་གཡས་ལ་སྨན་གཏོར་གཡོན། །མ་མོའི་སྐུ་གཟུགས་མདུན་དུ་དགྲམ། །རྡོ་རྗེ་ལ་སོགས་མཚོན་ཆ་མ་བདུན། །བདག་ཉིད་དཔལ་གྱི་སྐུར་གནས་ནས། །རྫ་རྔ་བརྡུངས་ཏེ་གདུང་བ་ཡི། །མཆི་མ་ཕྱུང་ནས་བསྒོ་བར་བྱ། །གལ་ཏེ་དེས་ཀྱང་མ་ཉན་ན། །བདག་ཉིད་དཔལ་དུ་གནས་པ་ཡིས། །རྨེ་བ་དཀར་ནག་རྣམ་གཉིས་ལ། །སྤྲུལ་པ་དཔག་མེད་བསྐྱེ་ནས་ཀྱང་། །བརྡེག་པའི་ཚུལ་བསྟན་བསྡིགས་པར་བྱའོ། །གལ་ཏེ་དེས་ཀྱང་མ་ཉན་ན། །དཔལ་ཆེན་ཡ་གཥཧ་རུ་ཀ། །འཁོར་དང་བཅས་པ་གསལ་བྱས་ནས། །སྲོག་སྙིང་རྣམས་ཀྱི་འཇུག་ཉིད་ལ། །མ་ལིང་དུམརྦད་ཛ་ཞེས་བརྗོད། །སྦྲུལ་པ་དཔག་མེད་འཕྲོས་པ་ཡིས། །མ་ཉིད་འཁོར་དང་བཅས་པ་་ཡང་། །བྱ་ནག་མཁའ་ལ་རྒྱུ་བའམ། །ཉ་ཉིད་བྱེ་ཚན་གཞག་པ་བཞིན། ཁུར་ཏེ་ཉམ་ཐག་ཚིག་འབྱིན་པ། །དབང་ཕྱུག་ཆེན་པོ་ཅི་མཛད་ན། །འཇིག་རྟེན་ཁམས་ནས་བདག་ཅག་ལ། །ཉམས་ཤིང་འཁྲུལ་པ་ཅི་མཆིས་པ། །བཀའ་སྩལ་དཔའ་བོ་ཆེན་པོ་ཁྱོད། །དེ་ལ་ལས་ཀྱང་བརྗོད་པར་བྱ། །གལ་ཏེ་དེས་ཀྱང་མ་ཉན་ན། །བདག་ཉིད་དཔལ་དུ་གནས་པ་དེས། །མཚོན་ཚོགས་བརྡེག་ཅིང་དུག་གཏོར་སྤྱིན། །སྲོག་སྙིང་གསད་པའི་སྔགས་ཀྱང་བརྗོད། །གལ་ཏེ་ལས་བྱེད་གྱུར་པ་ན། །སྨན་གྱི་གཏོར་མས་གསོ་བ་དང་། །གསོལ་ལ་སྙིང་སྣས་བསྐང་བ་བྱ། །བསྟོད་ཚིག་བརྗོད་དེ་གཏོར་མས་མཆོད། །ལྷ་དབང་བརྒྱ་བྱིན་བཙུན་མོར་གྱུར། །སུམ་ཅུ་རྩ་གསུམ་དབང་སྒྱུར་མ འཐབ་བྲལ་ལ་སོགས་ནམ་མཁའི་ལྷ། །གཙོ་མོ་རྣམས་ཀྱི་བཙུན་མོའི་ཕྱིར། །ནམ་མཁར་གནས་པའི་དབང་ཕྱུག་མ། །སྲིན་མོ་སྨུག་ནག་འབར་བ་ཡིས། །སྲིད་པ་གསུམ་པོ་དབང་བསྡུས་ནས། །གདུལ་ས་འདོད་པའི་ཁམས་ཡིན་པས། །འདོད་ཁམས་དབང་ཕྱུག་ཅེས་སུ་གྲགས། །འཛམ་གླིང་མི་རྣམས་ཐ་མའི་ཚེ། །བསྟན་པ་གཉན་པོ་འཇིག་པས་ན། །ཞེ་སྡང་ཕྱོགས་གཅིག་ཚུལ་གཟུངས། །གནོད་སྤྱིན་འཁོར་རྣམས་དབང་བསྡུད་པས། །གནོད་སྤྱིན་ནག་མོ་རེ་མ་ཏི། །བདུད་ཀྱི་འཁོར་རྣམས་དབང་བསྡུས་ནས། །བསྟན་པ་འཇིག་པ་སྒྲོལ་པའི་ཕྱིར། །བདུད་མོ་གཉན་གྱི་རེ་མ་ཏི། །ཀླུ་ཡི་གཙོ་མོ་མཛད་ནས་ཀྱང་། །ཀླུ་གདུག་ནག་པོ་འཁོལ་བས་ན། །ཀླུ་མོ་ནག་མོ་རེ་མ་ཏི། །ལྷ་ཡི་བཙུན་མོ་མཛད་ནས་ཀྱང་། །ཞི་རྒྱས་ལས་ཀྱི་དམ་ཅན་ལ། །ཕན་འདོགས་དེ་ཕྱིར་ལྷ་མོ་ནི། །ནག་མོ་རེ་མ་ཏི་ཞེས་གྲགས། །སྲིན་པོ་རུ་ཏྲ་བ་་ནས་ཀྱང་། །སྲིན་མོ་ཐུགས་རྗེས་སྦྱོར་བའི་ཚེ། །དེ་བཞིན་གཤེགས་པའི་ས་ཐོབ་ནས། །ཀུན་ཏུ་བཟང་མོར་གཅིག་པས་ན། །ཡེ་ཤེས་ཚོགས་ཀྱི་རྗེ་མོ་ཉིད། །ལྔ་བསྐྱེད་བཅུ་བཞི་མན་ཆད་འཁོར། །སྔོན་ནི་ཞལ་དུ་ཟོས་པས་ན། །ནལ་པའི་ཤ་གསོལ་དེ་ཕྱིར་རོ། །ཆུ་མིག་གཉན་གྱི་ཆུ་མིག་ན། །སྦལ་པ་ནག་ལ་འཚེར་བས་ན། །སྦལ་པས་བརྟེན་རྫས་དེ་ཡི་ཕྱིར། །ནལ་བུ་སྐྱེས་པའི་ལྟེ་ཁྲག་དང་། །རོགས་མོ་གདུག་པའི་མངལ་ཁྲག་དང་། །བདུད་དམར་བྲག་ཕུག་སྒོ་གར་ནི། །སྣ་རྡོ་ཆོད་པའི་ཁྲག་བསགས་ལ། །དེ་ཕྱིར་ཁྲག་སྣ་གསུམ་པོ་དགོས། །བདུད་ཀྱི་ལག་ཆ་ཕྲོགས་པ་ནི། །དེ་ལྟར་ཁྲམ་ཤིང་བྲི་བར་གཅེས། །ནལ་བུའི་ཡན་ལག་མི་གནས་པའོ། །ཐོད་པ་ནད་ཀྱི་རྐྱལ་པའི་ཕྱིར། །རབས་ཆད་ནག་པོའི་གཏོར་མ་གཅེས། །སྲིན་མོ་ཀྲི་དྷི་ཤྭ་རི་ཉིད། །དབང་དུ་བསྡུས་ནས་དམ་བསྲེས་པས། །རཀྟ་བྱང་སེམས་སྦྱང་བ་བཤམ། །དགྲ་བགེགས་ཤ་ཁྲག་ཕ་མ་ཡིས། །ཟས་སུ་དབང་བསྐུལ་དེ་ཡི་ཕྱིར། ཁྲ་ཁྲག་རྫས་ཀྱི་གཏོར་མ་གཅེས། །བདུད་རྩི་སྨན་ལ་དབང་བྱེད་པས། །སྨན་རྣམས་མྱོས་བྱེད་སྦྱར་བ་བཤམ། །འབྲས་བུ་ལོ་ཏོག་བབ་ལེན་པས། །འབྲུ་རྣམས་འཚོགས་པའི་གཏོར་མ་བཤམ། །མེ་ཏོག་ཀུན་གྱི་རྩི་འཇབ་པས། །མེ་ཏོག་གཏོར་མ་སྦྱར་ཏེ་བཤམ། །འདོད་ཡོན་གུ་གུལ་དྲི་ཉིད་ཀྱང་། །འདོད་ཡོན་ལྔ་ལ་སྲེད་པས་ན། ཁུན་གྱི་རྒྱལ་མཚན་ལ་སོགས་གཟུགས། །མ་མོའི་རྫས་ལ་དུང་ཆེན་སྩོགས། །བརྡུངས་ཤིང་བོས་བས་མཆོད་པར་བྱ། །ཚིལ་ཆེན་གུ་གུལ་དྲི་ཉིད་ཀྱང་། །རྒྱུན་མི་གཅད་པར་མཆོད་པར་བྱ། །བྲོ་བའི་རོ་ཨང་གཏོར་མར་སྤྱར། །སྙོམས་འཇུག་གོས་ཀྱི་མཆོད་པ་ནི། །མེད་དང་ཡོད་པས་སྦྱོར་བར་བྱ། །སྲིན་མོ་དུར་ཁྲོད་རྫས་དགའ་བས། ཁུན་ཆེ་སླག་པ་སྤྱི་བླུགས་ཞྭ། །འཕྲེང་བ་ཆེན་པོ་བགྲང་པ་ཡི། །གཞུང་ལས་སྨོས་པའི་རྫས་རྣམས་ནི། །མང་དུ་སྨྲས་པས་ཇི་བཞིན་བྱ། །ཐེ་ཙོམ་མེད་པར་ཀུན་ཀྱང་བསབ། །ཐུན་གྱི་ནིང་དུ་དུག་བླུག་ལ། །ནད་ཀྱི་བྱེ་བྲག་ཁྲག་བཅས་བསྒྲུབ། །དེས་ཀྱང་ནད་ཀྱི་ཚོགས་ཀྱིས་གསད། །སྙིང་དང་ཐིག་ལེ་དཀར་ནག་རྫས། །མ་མོ་ཐུན་དུ་བསྒྲུབས་པས་གསད། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ནི། །མཚོནི་ཆིའི་ཐུན་དུ་བསྒྲུབས་པས་གཅད། །ཁ་སེར་ཆུ་མིག་ལ་སོགས་ཆུང་། །ཀླུ་ཡི་ཐུན་གྱིས་གསོད་པར་འགྲུབ། །ཐུན་ཐུན་སྔགས་དང་འབྲེལ་བར་ནི། །ནད་ཀྱི་རྣམ་པར་བསྒྲུབ་པར་བྱ། །རྦད་དང་འབྲེལ་བ་མཚོན་གྱིས་གསད། །མ་མོའི་སྔགས་དང་རྦད་སྦྲེལ་བ། །མ་མོའི་ཐུན་དུ་བསྒྲུབ་པར་བྱ། །ཨོ་དང་སྦྱོ་སྦྲེལ་ཀླུ་རུ་སྟེ། །གཉིས་སུ་ལྡན་པས་གཉིས་སུ་འོ། །གསུམ་དུ་ལྡན་པས་གསུམ་ཉིད་དེ། །བཞི་པར་ལྡན་པས་བཞི་རུ་བསྒྲུབ། །ཐུན་བདུན་སྦྱོར་བ་བསྒྲུབ་པ་འདི། །སྣོད་མེད་བུ་ཡའང་སྦྱིན་མི་བྱ། །མཇུག་དུ་འཕང་བ་རྣམ་པ་བདུན། ་།་ཧྲུ་གསོད་ཅིང་ཟ་བ་དམིགས། །མ་མོར་ལྡན་པས་གཏེར་དུ་སྦ། །ཡང་ན་ཁང་པའི་རྨང་དག་གམ། །དུར་ཁྲོད་གནས་སུ་སྦ་བར་བྱ། །སྦས་ནས་རྒྱུན་དུ་གསོད་དམིགས་ཏེ། །གཏོར་མ་གཏང་སྟེ་བསྐུལ་བ་ནི། །བཞི་དང་བཞི་གཉིས་ལྔ་གསུམ་དང་། །དྲུག་གསུམ་ལྔ་གཉིས་གཅིག་ཉིད་དང་། །བཅུ་གཉིས་གཉིས་ཀྱི་དངོས་པོ་དང་། །ལྔ་ལྔ་དེ་བཞིན་བཞི་ཉིད་ལ། །གྲོགས་དང་བཅས་བས་ལག་བྱེད་པའོ། །དེ་བཞིན་ཟླ་དུས་ཉིད་ལ། །ཞག་གི་གནད་ཀྱི་རིམ་པ་ལ། །ཐུན་འཕངས་ལསོགས་རིམ་པ་བྱའོ། །གལ་ཏེ་ཡུལ་དེར་ཆུ་འཕེན་ན། །གཏན་ཏུ་འབེབས་ན་མ་ཚོགས་གཞུག །མྱུར་འབབས་བྱིན་པོ་འཕང་བ་དང་། །བདབ་དང་དྲི་དང་དམར་ཐབ་གསུམ། །བཟློག་ན་བདུན་ལ་དངོས་ཀྱི་བཟློག །སེང་འཕྲུག་འཛིན་པ་གསོད་འདོད་ན། །གཅིག་གིས་བཟློག་སྟེ་གཉིས་བསྐོར་གསད། །རྣམ་པ་བཞི་ལ་རྣམ་བཞིས་བསྒྲུབ། །པདྨ་ཕུར་པར་ལྡན་པ་ཡིས། །བསྙེན་བསྒྲུབ་སྦྱོར་བར་བྱས་པ་ཡིས། །སྦྱོར་བ་རེ་རེས་བསྒྲུབ་པའི་ཕྱིར། །མཇུག་ལ་གང་འདོད་རེ་རེས་གསད། །སྦྱོར་བ་གཞན་རྣམས་བྱས་པ་ན། །འགྲུབ་པར་མི་འགྱུར་སྐྱོན་དུ་འགྱུར། །ཉམས་ཆུང་རྣམས་ཀྱིས་བསྒྲུབ་པ་ནི། །འཁོར་དང་ལྡན་པར་བསྒྲུབ་པར་བྱ། །ཡང་ན་དཀྱིལ་འཁོར་ལྡན་པར་བསྒྲུབ། །གཞན་གྱིས་གྲུབ་པ་མེད་པ་ཡིས། །བདུད་དམ་མཚོ་སྨན་ལ་སོགས་བསྒྲུབ། །ལྟ་བར་ལྡན་པ་བསྒྲུབ་མེད་པས། །ལྷ་མོ་མ་སྦྲུལ་ཚིག་བསྒྲུབ་ཀྱི། །ངན་སྔགས་འདི་ནི་བསྒྲུབ་པར་བྱའོ། །གཏན་ཚིགས་བྱང་ཁུངས་ས་སྐྱེ་རྒྱུད་མཁས་པར་བྱ། །ཉོ་ཚོང་ཤ་ཡིས་གནོད་སྨིན་འཁོར་བཅས་བསྟེན། །མངན་སེམས་ལས་རྣམས་རྫོགས་པར་བྱ་བ་ལ། །ལྔ་ལྔ་དག་ལ་ངན་ཐབས་རྣམ་པ་དགུ། །བན་དེ་སྐྱེ་བོས་བདག་རྒྱལ་པོ་དང་། །བོན་བོ་བུད་མེད་དགྲ་རྣམས་དེ་དག་ལ། །ཨན་ལག་དགུ་དགུ་ཚང་བར་བྱ། །དང་པོར་དགོས་པའི་རྫས་རྣམས་བསག །གཉིས་པར་ལྷ་མོ་བསྐྱེད་བསྒྲུབ་བྱ། །གསུམ་པར་ཕོ་ལྷའི་ཆོ་ག་བྱ། །བཞི་བ་བོད་ས་གཉིས་ཀྱི་བོད། །ལྔ་པ་སྣ་ལྡོན་ཆོ་ག་བྱ། །དྲུག་པ་རྦད་པ་གཉིས་ཀྱིས་རྦད། །བདུན་པའི་གཉིས་ཀྱིས་གསད་པར་བྱའོ། །བརྒྱད་པ་སྤྱིན་སྲེག་སོ་སོར་བྱ། །དགུ་པོ་གནན་པའི་ཆོ་ག་ནི། །ཕུར་ཐུན་ཕུར་པས་གདབ་པ་ཡང་། །དེ་ཡང་གསད་པའི་ལས་ཡིན་ནོ། །ཡང་ཏིག་ཁྲག་ཟོར་སྙིང་ཏིག་ཀྱང་། །དེ་ཡང་གསད་པའི་ལས་ཡིན་ནོ། །ཐ་མར་གཏོར་མ་བསྐྱེལ་པར་བྱ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །ཕན་གནོད་ཐམས་ཅད་ཐོབ་པར་འགྱུར། །ཞི་བར་བསྒྲུབ་པ་གྲུབ་པའི་ཚེ། །གཏོར་མ་དཀར་དང་ལྡན་པར་བྱ། །དཀར་པོ་ཟླུམ་པོའི་ཚེ་ཉིད་ལ། །ནད་ཀྱི་མིང་དང་སྔགས་སྦེལ་བྲི། །དར་དཀར་ཐོད་ཀར་གོན་བཅིངས་ཏེ། །མཎྜལ་ཟླུམ་པོ་ཁྲུ་གང་ལ། །ཕྱག་མཚན་གདན་ཁྲི་འདྲ་བ་ལས། །སྐུ་མདོག་ཞི་ཚུལ་བཞུགས་པ་ཡི། །འོད་ཟེར་དཀར་པོ་འཕྲོ་བའི་གཟུགས། །ནད་པའི་གོས་ཀྱི་སྟེང་དུ་དགྲམ། །མཁའི་དབྱིངས་དང་བའི་ཉི་ཟླའི་སྟེང་། །རྡོ་རྗེ་སེམས་དཔའ་སྟེང་དབྱལ་ལམ། །སྦྲུལ་སྐུ་ཤཱཀྱ་ཐུབ་པ་བསྒོམ། །མཆོད་ཡོན་ལེགས་པར་སྦྱར་བ་ནི། །བཅུ་དྲུག་གཙང་མའི་ཐོད་པར་བཤམ །།སྙིང་ཏིག་སྲོག་ཏིག་ལ་སོགས་པའི། །སྙིང་པོ་གང་ཡང་རུང་བས་ནི། །ཞི་བའི་ཆ་ལུགས་དཀྱིལ་ནས་དང་། །སྡིག་པ་འམ་ཁྱི་གཟུགས་ནད་པ་ཡི། །རྐང་པའི་འོག་ཏུ་གཞག་པར་བྱ། །ནམ་མཁའ་ས་གཞི་ཟླུམ་པ་ཡི། །དཀྱིལ་ནས་བཀའ་ནོད་གནས་པ་ལ། །སྔགས་དང་ཤན་ཏིང་སྦྱར་བས་བསྒོམ། །རང་གིས་སྦྱར་བའི་ནད་རྣམས་ནི། །ཁྲམ་ཕྱིས་ཤོང་པར་རྒྱལ་བས་བཅིངས། །མཚོན་གྱི་གྲུ་གུ་བརྟུལ་བར་བསམ། །གཞན་གྱི་སྦྱར་བའི་ནད་རྣམས་ལ། །མ་མོས་གཟིར་བ་ཙམ་གྱིས་ནི། །སྡིག་པའི་ཁྱི་དང་གདོལ་བ་འབྱུང་། །རྐང་པའི་འོག་དུ་གནས་པ་ལ། །ཁྲམ་ལ་བཏབ་ཅིང་ཐུན་གྱི་གསོད། །མཚོན་གྱིས་གཏུབས་ཏེ་བསྲེག་པར་བྱའོ། །ཕྱི་ནས་མི་འཇུག་བྱ་པའི་ཕྱིར། །ནམ་མཁའ་ཟླུམ་པོའི་མཐའ་ཉིད་དུ། །རྡོ་རྗེར་བ་འམ་གུར་གྱིས་བསྲུང་། །ཕྱི་རོལ་མ་ལ་གཏོར་སྤྱིན་བསྒོ། །མ་ཏང་འཁོར་དུ་བཅས་པ་ཡིས། །ཕྱོགས་མཚམས་ཀུན་ནས་སྲུང་བར་བྱེད། །རང་ངམ་གཞན་གྱི་སྡེ་བས་ནི། །སྦྱར་ཏེ་གནོད་པ་བྱུང་བའི་ཚེ། །མཆོད་རྟེན་ཁྲུ་དོ་ནག་པོར་བྱུག །བུམ་པའི་དཀྱིལ་དུ་གང་བྱེད་ཀྱི། །སྙིང་པོ་བཟློག་ཤིག་བཅས་པཚར་བྲི། །རི་རབ་ནང་དུ་མ་ཉིད་ཀྱི། །སྙིང་པོ་བཟློག་བཅས་བྲིས་པའི་རྫས། །ཟླ་གམ་ཁ་སྟེང་ཉི་ཟླའི་དཀྱིལ། །ཡཀྟ་ཧེ་རུ་གསལ་བ་དང་། །བྱེད་པའི་སྙིང་ནས་དྲངས་ནས་ནི། །མངོན་དུ་ཕྱིན་པར་འོངས་པ་དང་། །དབང་བསྐུར་བྱིན་བརླབས་གཏོར་མས་མཆོད། །ཨོ་ཏབྱ་ཐུ་རུ་རུ་བེ་རོ་བྷ་ཏོ་སི་དྷི། །བ་ཏོ་ཤཐ་བྷ་ཥ་ཐུན་ཟློག་སྨྱོ་སྨྱོ་སྨྱོ། །ཞེས་སུ་བརྗོད་པས་མ་ཡིན་གྱིས། །ཐུན་ཚོགས་གང་ཡིན་མཐུན་པར་བཟློག །མཆོད་རྟེན་འོག་ཏུ་གནས་པའི་ཚེ། །དཔལ་གྱིས་མ་མནན་མ་ཉིད་ཀྱིས། །དེ་ཚོགས་ཤ་ཏྲུ་བཅས་པ་གནན། །ཇི་སྲིད་ཉིད་ཟླ་མེད་ཀྱི་བར། །འཚོར་བར་མི་འགྱུར་གནས་པར་བསམ། །གལ་ཏེ་མོ་ཉིད་སྦོད་གྱུར་ན། །གཏོར་མ་སྨོད་བཙུགས་གཤགས་བཏབ་སྟེ། །ལེགས་ཉེས་ཞལ་ཆེ་རྩོད་པར་བསྒོམ། །རང་ཉིད་ཉེས་པར་གྱུར་པ་ལ། །བཟོད་པར་གསོལ་ཏེ་གཏོར་མས་ཞུ། །དཔང་པོ་ཧེ་རུ་ཀ་གཞག་སྟེ། །ཁྲམ་ཕྱིར་ཤོད་བསྐྱེ་ནང་རྐྱལ་བཅིངས། །མཚོན་གྱི་གྲུ་གུ་བརྟུལ་བར་བྱའོ། །རྒྱས་པ་ཚེ་དང་བུ་ཚ་དང་། །ནོར་ཉིད་རྒྱས་པར་རབ་ཏུ་བཤད། ཁུ།་བཞི་སེར་པོའི་མཎྜལ་ལ། །དྲི་ཞིམ་ཆུ་ཡིས་ཆག་ཆག་གདབ། །ནལ་བུའི་སླུད་བུ་ནོར་བཀང་གཞག། །རཀྟ་ག་པུར་སྦྱར་བ་ཡིས། །མཆོད་ཡོན་ཉི་ཤུ་བསོད་ནམས་རྒྱས། །བུམ་པ་དག་པ་བཤམ་པར་བྱ། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་གཉིས། །མཁའ་དཀྱིལ་རིན་ཆེན་འབར་པའི་སྟེ། །བྱང་ཤར་རིན་ཆེན་གླིང་ཉིད་ནས། །ལྷ་མོ་ཆེན་མོ་རྒྱས་པའི་གཟུགས། །ནེ་ལེ་རྐྱལ་པ་གང་འདོད་ཀྱི། །ནོར་གྱིས་བཀང་བ་བསྣམས་ནས་ཀྱང་། །ཇེ་ཉེ་ཇེ་ཉེ་བྱོན་པར་བསམ། །ནོར་ཉིད་འཇིག་རྟེན་འགེངས་དམིགས་ཏེ། །སྙིང་པོ་གང་ཡང་རུང་བ་ལ། །ནོར་གསོལ་བཏགས་ཏེ་སྤྲོ་བསྡུ་ནི། །ཡང་དང་ཡང་དུ་བཀའ་འགུགས་པ། །ཁུགས་པར་མ་གྱུར་པར་དུ་བྱ། །གང་བྱུང་རྟོག་མེད་གྱུར་པ་ལ། །འདོད་པའི་དངོས་པོ་དེ་སྟེར་ན། །མོ་ལ་གཏོར་མེས་གཏང་རག་གཏང་། །སྔགས་པ་དབང་དུ་གྲུབ་འདོད་པ། །མེ་ཏོག་ནགས་ཀྱི་གླིང་ཉིད་དམ། །མཚན་དང་ལྡན་པའི་ཉམས་དགའ་བར། །ཙན་དན་དམར་པོས་མཎྜལ་ནི། །ཁྲུ་བཞི་ཟླ་གམ་རྒྱས་པར་བྱུག། །མ་མོའི་གཟུགས་ཀྱང་ཙན་དན་གྱིས། །དམར་པོ་རྒྱན་དང་ལྡན་པར་བྱས། །སྙིང་ཀར་སྲིན་ལག་ཁྲག་ཉིད་ཀྱིས། །སྙིང་པོ་དབང་དུ་སྦྲེལ་ཏེ་བྲི། །པདྨ་དབང་ཆེན་གསལ་བ་ཡིས། །མ་མོ་དམར་མོའི་སྙིང་ནས་དྲངས། །གཏོར་མས་མཆོད་རྗེས་གང་རུང་ལ། །དབང་བྱས་བཏགས་ཏེ་བཟླས་པའི་དུས། །སྙིང་ཞུགས་དབང་མེད་བཀའ་ཉན་བསམ། །དབང་བྱ་མངོན་དུ་འོངས་ནས་ཀྱང་། །ཇི་ལྟར་བསྒོ་བ་བཞིན་བྱེད་དུ་དབང་དུ་གྲུབ་པས་གཏང་རག་གཏང་། །འཛམ་བུ་གླིང་གི་མི་རྣམས་ཀུན། །ཉོན་མོང་ཕྲག་དོག་ཞེ་སྡང་གིས། །དམ་ཚིག་བྲལ་ཞིང་བསྟན་པ་འཇིག །དེ་ཕྱིར་གཙོར་ནི་དྲག་པོ་དགོས། །ཞི་རྒྱས་དབང་དྲག་རྣམ་པ་བཞི། །བྱམས་དང་དགའ་ཆགས་ཁྲོས་པས་བསྒྲུབ། །སྨྱོ་ནད་རིམས་ཀྱིས་ཉེན་པ་དང་། །མཛེ་ནད་རིམས་ཀྱིས་ཉེན་པ་དང་། །རིམས་སུ་གྱུར་པས་ཉེན་པ་དང་། །འདུ་བ་རྣམ་བཞིས་ཉེན་པ་དང་། །མཚོན་འཁྲུགས་ནད་ཀྱིས་ཉེན་དང་ལྔ། །གཉིས་པ་བཅོ་བརྒྱད་གསུམ་ལ་ལྔ། །དེ་རྣམས་གསལ་བར་འདོད་པ་ཡིས། །གང་འདོད་གྲུབ་པའི་སྲོག་གིས་ཏེ། །གཏོར་མའི་མཆོད་ཡོན་རཀྟ་དང་། །ལྡན་པས་ཡབ་ཡུམ་དཀྱིལ་འཁོར་ལྡན། །ཁྲག་འཐུང་སྙིང་པོ་སྟོང་རྩ་བརྒྱད། །ཁྲག་འཐུང་གསལ་བས་མ་ཚོགས་ནི། །ཅིག་དང་འཁོར་དུ་ལྡན་པ་དང་། །སྤྲུལ་པའི་སྙིང་པོས་འཁོར་བཅས་བོང་། །ཉེ་བར་གྱུར་པས་ནལ་བུ་ནི། །རྫས་ཀྱི་ཕྱེ་མ་སྙིང་ཕྱེ་དང་། །རཀྟའི་ཕྱེ་མ་དུག་ཕྱེ་སོགས། ཁུན་ཆེན་ནང་དུ་སྦྱར་བྱས་ནས། །རང་རང་གི་འཁོར་ཉིད་དང་། །གཞན་གྱིས་སྦྱར་ཞིང་བཏང་པ་ཡི། །ནད་རྣམས་ཁྲག་གི་གཟུགས་སུ་འབྱུང་། །སྔོན་པོ་དམར་པོ་སེར་པོ་དང་། །ལྗང་ཁུ་འདུས་པའི་ནད་རྣམས་འབྱུང་། །མཁའ་དཀྱིལ་ཆུ་སྐྱེས་ལྟེ་བ་ལ། །སྣ་ཚོགས་བརྫིས་པའི་ཚོགས་ཀྱི་རྗེ། །མངའ་བདག་དེ་ཡི་གནམ་ཞལ་དུ། །ཆེ་མཆོག་ཧེ་རུ་གསལ་བར་སྒོམ། །ཆེ་མཆོག་ཧེ་རུ་གསལ་པ་ཡི། །སྲིད་པའི་དཀྱིལ་འཁོར་ནས་ཡང་བོས་ནས། །འཁོར་བཅས་བསྐུལ་ནས་ནད་རྣམས་དབྱུང་། །སྔགས་མཐར་སོལ་ཅིག་བརྗོད་པར་བྱ། །ནད་ཀྱི་ཐུམ་པོ་ཁྱེར་ནས་ཀྱང་། །གང་ནས་བྱུང་པའི་ཕྱོགས་སུ་སྦ། །ཡང་ན་དགྲ་ལ་འཕང་པར་བྱ། །སྲི་བུ་གསོ་ན་འདྲེ་ཕུང་གནན། །བྱུང་བ་གསལ་བའི་སྦྱོར་བ་དང་། །མ་བྱུང་མི་འབྱུང་བྱེད་པའི་ཕྱིར། །དེ་ནས་སྲིད་པའི་དབང་ཆེན་རྣམས། །བསྐང་བའི་ཆོ་ག་ངས་བཤད་ཀྱིས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །དབེན་ལ་གཉན་པའི་གནས་དེར་ནི། །གོང་གི་གཏོར་མ་བཏང་ནས་ཀྱང་། །རེ་སྣམ་ཡང་ན་དར་ཟབ་ནི། །ཁྲུ་གང་ཚང་དུ་བརྒྱངས་པར་གདིང་། །དེ་སྟེངས་ཕྱིང་པ་གཙང་མ་སྟེ། །གཉིས་མེད་དར་དམར་ཁ་ཚོནི་གསུམ། །འབྲུའི་གཙོ་བོ་ཁ་ཅིག་གཏིང་། །གཙང་ཕྱེ་ཁལ་ཕྱེད་ཚད་ལ་ནི། །རིན་ཆེན་སྣ་ཚོགས་བདར་ནས་ཀྱང་། །མ་ཏང་གཟུགས་ནི་ཁྲུ་དོ་འམ། །ཡང་ན་ཁྲུ་གསུམ་རྒྱས་བར་བྱ། ཁུ་བཞིར་འབྱོར་ན་ཤིན་ཏུ་མཆོག །དེ་ཡི་ལྟེ་བར་ངར་གྱི་མི། །ཁྲུ་གང་པ་ལ་ཤོ་ཤའིསྙིང་། །ལིང་ཐག་མིག་ལ་འགྲོན་བུའི་སོ། །མུ་ཏིག་ཀླད་བ་ལྦབ་ཟེར་སྐྲ། །དུང་ཁཔང་རུས་བ་རྐང་གཡས་ལྕགས། །རྐང་པ་གཡོན་པ་ཤེས་རབ་ཟངས། །ལག་གཡོན་གཡུ་ལ་ལག་གཡས་གསེར། །རིན་ཆེན་སྣ་ཚོགས་ལུས་ལ་གདགས། །ལྟེ་བ་སྙིང་ལ་སྦྱི་བོ་སྲ །ཡེ་ཤེས་རྟགས་སུ་སྡོང་བུ་རེ། །ནད་ལྔས་ཟིན་པའི་སྐེ་ནས་ནི། །ནོར་བུ་གཅེར་ཕོག་སྐེ་རུ་གདགས། །ནད་གོས་དྲི་མ་ཅན་ཅིག་བསྐོན། །དར་པོ་ཆེ་བཞི་མདའ་བཞི་གདགས། །མཚམས་བཞིར་རབ་ཏུ་གཟུགས་པར་བྱ། །ལྷ་སྲིན་ཡོངས་ལ་ཁྱབ་བྱའི་ཕྱིར། །མ་ཏང་ལྷུ་གདུམ་ཡན་ལག་ལ། །ངར་མི་འཛུབ་རེ་བརྒྱ་རྩ་ན། །བརྒྱད་དང་བཅས་པར་རབ་ཏུ་དགོད། །ཀླས་སྐང་རེ་དང་ཟེར་མོ་རེ། ་་ས་ཀར་སྒང་བུ་ཟེ་རེ་གཟུགས། །དར་རམ་བལ་ཤམ་ནག་པོའི་སྟེང་། །ཁམ་ཕོར་རམ་ཕོར་མ་སྤྱད་བདུན། །གྲལ་རིམས་བཞིན་དུ་གཞག་པར་བྱ། །ཁྲག་སྣ་ཅི་སྙེད་ཉི་ཤུའི་བར། །ཆང་ཕུང་ཆུ་ཕུད་བསྲེས་པས་དགང་། །དང་པོའི་ནང་དུ་ཨ་མྲི་ཏ། །ཕྱི་མ་ཉུངས་ཀར་ཉུངས་ནག་དང་། །བྲག་ནག་བ་་པའི་ཚེ་གསལ་ལ། །བལ་ཚོན་སྣ་ཚོགས་འདབ་བརྩེགས་གཏུབས། །ནད་དམ་མཚོན་སྦྱིན་བྱས་པ་གསལ། །བག་ཕྱེ་མ་སྨད་ཕུལ་གང་ལ། །དྲེ་རྟ་རྐང་གསུམ་ཟ་འོག་བསྟན། །ལྷ་མོ་ནག་མོ་མི་མོ་ནི། །ནག་མོའི་གཟུགས་བྱས་དེ་ལ་བསྐྱོན། །བལ་ཚོན་བརྩེགས་བཅད་དུམ་བུ་ལ། །ནད་རྐྱལ་བྱས་པ་ཕྱག་གཡོན་བསྐུལ། །ཁྲམ་ཤིང་སོར་བཞི་གྲུ་བཞི་ལ། །ངོས་ཅིག་ཁྲམ་ཕྱིས་ཁྲམ་དུ་བྲི། །ངོས་ཅིག་ཁྲམ་ཕྱིས་ཤོས་གཏོར་བྲིས། །ལག་གུས་བསྐུར་བ་རེ་མ་ཏི། །དེ་ཡའི་འགྲམ་དུ་གཙང་ཕྱེ་ལ། །འབྲང་རྒྱས་ཟུར་གསུམ་ ་ཕྱེ་ཚད། །རཀྟའི་ཐིག་ལེ་བདུན་བྱས་ལ། །རེ་མ་ཏི་ལ་མཆོད་རྫས་བདུན། ཁྲེལ་ནག་སྤྱི་དཀར་ཡང་ན་ནི། །མཁའ་ལྡིང་ནག་མོ་དེ་ཉིད་ནི། །དཀར་པོའི་ཐིག་ལེ་ཡོད་པ་ནི། །མ་མོ་ཉིད་ལ་བསྐང་བའི་རྫས། །མི་དབང་ཁོག་པའམ་ཤ་ཉིད་གཞག །ས་བོན་དཀར་དམར་མེ་ལོང་བླུགས། །དེ་ནི་བརྟན་པའི་རྫས་སུ་བཤད། །འབྲང་རྒྱས་ཟླ་གམ་བྲེ་ཕྱེད་ཚད། །རཀྟའི་ཐིག་ལེ་བཅུ་གཅིག་གདབ། །དེ་སྟེངས་རང་གི་འབྲི་ནག་ལ། །རིན་ཆེན་མཚོན་དཀྱིལ་བྱས་པའི་སྟེང་། །མཁའ་ལྡིང་ནག་མོའི་སྒོ་ང་ལ། །མཚལ་དང་རམས་ཀྱིས་མིག་དང་་ནི། །གཤོག་པ་གཏོད་ལ་བསྐྱོན་པ་ནི། །ཚོགས་ཀྱི་རྗེ་མོའི་མཐུན་རྫས་ཡིན། །འཁོར་དང་ལྡན་པའི་བསྐང་བལ་། འབྲང་བྱ་་ཁུར་ཕྱེད་ཟླ་གམ་ལ། །མཚལ་དང་ཁྲག་གིས་ཐིག་བཏབ་ནས། །རིན་ཆེན་གཏེར་རྣམས་སྟེང་དུ་ནི། །བུད་མེད་གཟུགས་ནི་རལ་པ་ཅན། །ནག་སེར་དཀར་དམར་ཚོགས་ཉིད་ནི། །གྲངས་དང་མཐུན་པའི་བསྐོར་ཏེ་གཞག །སྔགས་པ་སྔགས་གཡོག་བཅས་པ་ནི། །སྔགས་པ་སྔགས་གཡོག་བཅས་པས་འགྲུབ། །བེར་ནི་སྔོ་བྲ་འམ་སྨུག་པོ་གོན། །ཐོད་མཐིང་ནག་གམ་ལེ་བརྒན་བྱ། །རྩང་གོས་དར་རམ་རེའུ་བྲི་ནི། །གཙང་མ་ཡུག་གཅིག་བགོ་བར་བྱ། །མཐིང་དར་ནི་ཤམ་ཅིག་ལས། །ཕྱག་རྒྱའི་ཕུ་རུང་མཛེས་པར་བྱས། །མེ་ལོང་མགོ་ལ་རྒྱ་གྲམ་དུ། །བཞི་ཉིད་ཐོད་འོག་མཛེས་པར་བྱ། །ཨེ་ཤེས་བཞི་རུ་ང་རྒྱལ་བསྐྱེད། །གསེར་ནི་ས་ཡིས་མ་གོས་གཡའ། །གཡུ་ནི་ཉི་རིས་གཡོན་དུ་མུར། །རིན་ཆེན་འབར་བའི་སྙིང་ཀར་གདགས། །སྐུ་གསུང་ཐུགས་དང་ལྡན་པའི་རྟགས། །ལུས་ལ་སྣུམ་ཆེན་ཞེན་པར་བྱུག །བསྡོ་ལྟག་སྤྲོད་རྔ་ཉིད་ལ། །ཞིང་གི་པགས་པས་གཡོགས་པར་བྱ། །ནང་དུ་ལྷ་མོའི་ཡང་སྙིང་ནི། །བྱང་སེམས་དཀར་དམར་འདྲེས་པ་ཡིས། །ཨོ་ཤི་ཙ་པ་ལ་ཨ་ཤུ་མེ། །ཨ་མ་རཀྟ་ས་མ་ཡ་ཧྲིང་ཧྲིང་། །ཞེས་བྲིས་གཡོག་པའི་རྫས་ལ་ནི། །ན་ཆུང་རཀྟས་ཞེན་པར་བྱུག །ཆགས་པ་སྐྱེ་བའི་རྔ་དེ་ལ། །ལོང་བུའི་ཕོ་ལྟེས་བོན་ཐབས་བརྡུངས། །ནད་པ་འམ་ཡོན་བདག་ཅིག་ཏུ་བསོག །ནད་ཀྱིས་ན་བ་འམ་འདྲེ་གནོད་དམིགས། ཁོ༑ག་བུ་ཡུག་གཅིག་དག་ལ་བྲི། །སྲིའུ་གསོ་ན་ཆུང་སྲི་བྲི། །མདུན་ནས་རྒྱབ་ནས་བཀབ་ནས་ནི། །ཚོན་གྱི་གྲུ་གུས་བཅིངས་ལ་གཞག །བལ་ཚོན་འདབ་མར་རེ་རེ་ནི། །ལྕགས་ཀྱུའི་ཕྱག་འམ་མདའ་ལྟོང་བླང་། །བྱོལ་ཟོར་གཞན་དུ་གཏང་པའི་ཕྱིར། །ཀུན་གྱི་མགོ་ལ་གཞག་པར་བྱའོ། །ཚིལ་ཆེན་དུད་པ་རྒྱུན་མི་གཅད། །དམར་གྱི་གཏོར་མ་མཆོད་ཡོན་སོགས། །གོངམབཞིནདུབཤམཔར་བྱ། །ཁྲག་འཐུང་མཆོད་པ་རྫོགས་ནས་ནི། །གོང་དུ་མ་མོ་བསྙེན་པར་བྱ། །གོང་དུ་བསྙེམ་ནས་མཆོད་པར་བྱ། །གལ་ཏེ་སྤྲོས་ལ་མི་དགའ་ནི། །པདྨ་དབང་ཆེན་སྐུ་མདོག་གམ། །ཡསྒ་ཧེ་རུ་ཀ་རུ་བསྐྱེད། །ཨོ་ཤི་པདྨ་ཧེ་རུ་ཀ་ཡ་བཱ་རྙ་ཀྲི་ཏ་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། །བརྒྱ་འམ་ཉི་ཤུ་རྩ་གཅིག་གིས། །སྲིན་པོས་ང་རོས་གསལ་བར་བརྗོད། །ནང་གི་ཞལ་དུ་རྩང་གདན་གཡག །ཡོན་བདག་རྣམས་ལ་ཉུངས་ནག་བྲིམ། །རྔ་བརྡུང་ཆེ་བའི་ང་རྒྱལ་བསྐྱེད། །ཧཱུཾ༷། །ང་ནི་དབང་ཕྱུག་ཆེན་པོ་སྟེ། །ཁམས་གསུམ་སྲིད་གསུམ་མངའ་བདག་རྗེ། །ང་ནི་ཁྲོ་རྒྱལ་ཀུན་གྱི་གཙོ། །ང་ནི་ཁྲོ་མོ་ཀུན་གྱི་ཡབ། །ང་ནི་མ་མོ་ཀུན་གྱི་རྗེ། །ང་ནི་སྲིད་གསུམ་ཀུན་གྱི་བདག །ང་ནི་དབང་ཕྱུག་ཀུན་གྱི་རྗེ། །ཁམས་གསུམ་སྲིད་གསུམ་ང་ཡི་དབང་། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཡོན་བདག་སྐྱབས་གསོལ་ཐུགས་རྗེ་བཟུང་། །འགྲོ་བའི་རིམ་ནད་ཐམས་ཅད་གཅད། །དིང་འདིར་སྨྱོ་ཟེར་དུས་ལ་བབ། །དེ་རིང་བདུད་ལ་མི་ཅིག་སླུ། །དི་རིང་བགེགས་ལ་གླུད་ཅིག་གཏོང་། །དེ་རིང་བཙན་ལ་ཐན་ཐིག་གཏོར། །དེ་རིང་རྨུ་ལ་ཐན་ཅིག་གཏོང་། །དེ་རི་ཁམས་གསུམ་དབང་དུ་སྡུད། །དེ་རིང་སྲིད་གསུམ་ཟིལ་གྱིས་གནོན། །དོ་ནོད་སྲིད་པའི་དལ་ཁ་བཟློག །དོ་ནོད་བདུད་ཀྱི་དུག་མདའ་བཟློག །དོ་ནོད་བདུད་ཀྱི་ཁྲམ་གཡོའི་ཡིས། །སྲིད་པའི་རྒྱལ་མོའི་གནས་འདིར་མཆི། །ནད་ཀྱི་བདག་མོ་གནས་འདིར་མཆི། །རིམས་ཀྱི་རྐྱེན་མོ་གནས་འདིར་མཆི། །མ་མོ་སྲིད་པའི་རྒྱལ་མོ་ནི། །འོད་སྲུངས་བསྟན་པ་ནུབ་ཀ་སྲ །རྒྱལ་འཐེབ་ཤཱཀྱ་ཐུབ་པ་དང་། །སྨོན་ལམ་གཅིག་དུ་བཏབ་པའི་མཐུས། ཁྲཀྱ་ཐུབ་པའི་བསྟན་པ་ལ། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །སྐུ་ནི་ཀུན་ཏུ་བཟང་མོ་ལོ། །ཐུགས་ནི་སྨྲ་བསམ་བརྗོད་ལས་འདས། །གསུང་ནི་སྒྲ་སྒྲོགས་རྩིས་ལས་འདས། །ཆེ་མཆོག་འབར་བའི་སྐུ་གསུང་ཡང་། །གསང་བའི་མཁའ་ལ་ཕྱེད་ནུབ་ཙམ། །འགྲོ་བའི་དོན་ལ་བདེ་བར་གཤེགས། །ཡབ་ཡུམ་གཉིས་མེད་འཕྲོ་འདུ་ལས། །འབྱུང་བའི་རྒྱལ་མོ་ཐམས་ཅད་བསྐྱེད། །སྣང་སྲིད་མ་མོ་འབྱུང་ཞིང་འཁྲོ། །ནད་ཀྱི་རྒྱལ་བ་སྦྱོར་ཞིང་གཏོང་། །སྐྱེ་ཤིང་རྩ་གཅོད་བདེ་ཀློང་ཐུགས་སུ་ཆུད། །འབྱུང་བ་ཀུན་གྱི་ཆ་ནི་སྙོམས་མཛད་མ། །ཐིག་ལེའི་དབྱིངས་ནས་བསྐྱེད་པའི་ཡུམ་མཆོག་མ། །ཕྱག་ན་སྦྲུལ་པ་གཏོང་ཞིང་མ་ཚོགས་དབང་དུ་སྡུད། །མ་མོར་གྲགས་པའི་བྷ་ག་ཀུན་སྡུད་མ། །བཀྲག་མདངས་དྲོད་དབུགས་འདྲེན་བྱེད་སེམས་ཀྱི་བདག །ཀུན་གྱི་ཡུམ་ཆེན་མ་མོ་འདིར་གཤེགས་ལ། །གླུད་འདི་སྲིད་པའི་མ་མོ་ལྟོ་རུ་བཞེས། །འབྲུ་མཆོག་ངར་གྱི་མི་བོ་ཆེ། ཁོ༑་ཤའི་སྙིང་ལ་ལུག་ཏང་མིག །འགྲོན་བུའི་སོ་ལ་མུ་ཏིག་ཀླད། །ཟེར་མོའི་སྐྲ་ལ་འཕན་བཟངས་འདི། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །རྐང་པ་གཡོན་པ་ཤེས་རབ་ཟངས། །ལུས་ཅན་རྒྱུ་སྦྱོར་ཡོན་བདག་འདིས། །སྐེ་ནས་རིན་ཆེ་ནོར་ཕོག་སྟེ། །གཅེས་སྟེ་ངར་གྱི་མི་ལ་བཏགས། །འཕངས་པའི་ལུས་ལས་གོས་ཕུད་དེ། །རིན་ཆེན་ངར་གྱི་མ་ལ་བསྐོན། །རྣམ་ཤེས་བརྒྱད་ལ་མེ་མར་བརྒྱད། །སྐུ་གསུང་ཐུགས་ལ་མར་མེ་གསུམ། ཁུ་ནི་རིན་ཆེན་འབྲུ་སྣ་བརྒྱད། །རྐྱེན་ནི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འབྲས་བུ་སྐུ་གསུང་ཐུགས་དང་ལྡན། །རྟེན་འབྲེལ་རྣམ་ཤེས་བརྒྱད་དང་ལྡན། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །ཁམས་ཆེན་བཅོ་བརྒྱད་འདི་ལ་ཚང་། །མི་པས་གླུད་བཟང་མདངས་ཡལ་ཡལ། །རྫ་བས་ཁ་དྲི་ཐིབས་སེ་ཐིབས། །བྱ་བས་སྐྲུ་སྡུག་འོད་ལམ་ལམ། །མི་བས་གླུད་བཟང་ཀླུ་བྲུག་ཚག་པ་འདྲ། །མི་བས་འགྲོས་མཁས་ཁྱུ་མཆོག་མ་ཧེའི་འགྲོས། །མི་བས་སྐད་སྙན་ཚངས་པ་ལྷ་ཡི་གསུང་། འདི་འདྲ་དཔག་མེད་ཡོན་བདག་གླུད་དུ་དབུལ། །སྲིད་པའི་རྒྱལ་མོས་ཅི་ཕྱིར་མི་མི་གཏང་། །རིམས་ཀྱི་བདག་མོས་ཅི་ཕྱིར་རིམས་མི་གཅད། །དལ་གྱི་བདག་མོས་ཅི་ཕྱིར་དལ་མི་བཟློག །ནད་ཀྱི་བདག་མོས་ཅི་ཕྱིར་ནད་མི་གཅད། །ཀྱེ་མ་མ་ཅིག་སྲིད་པའི་བདག་མོ་སྟེ། །ཁྱོད་ཀྱི་འཁོར་གཡོག་ལྷ་སྲིད་བདུད། །འཁོར་གྱི་བདུད་ལ་བཀའ་ནན་ཆུང་། །ཁྱོད་ཀྱི་ཕྱག་ཚང་མ་བདུད་མ། །མ་བདུད་མ་ལ་བཀའ་ནན་ཆུངས། །དེ་ཙམ་གནད་ནས་མི་བསྐུལ་དུ། །ཡོན་བདག་གླུད་ལ་ཕྱག་སྦལ་དམ། །བཀའ་ལུང་གཉན་ལ་ཕྱག་སྦལ་དམ། །ཟློག་བྱེད་མ་ཡི་དུས་ལ་བབ། །སྒྱུར་བྱེད་མ་ཡི་དུས་ལ་བབ། །ཆེད་འགའ་ཁྲོས་ཏེ་བསྐུལ་བའི་ཚེ། །མ་མོ་ཆེན་མོའི་ཕྱག་གཡོན་ན། །མ་བདུད་སྒལ་ཚིགས་གཡས་གཡོན་ལ། །མི་གཤེད་དྲག་པོའི་ལས་བྱས་ཏེ། །ཐོག་མདའ་བ་ཡུག་ཆར་ལྟར་འབེབས། །ཁྲག་མདའ་བུ་ཡུག་སེར་ལྟར་འབེབས། །བཀའ་འདའ་བགེགས་ཅེན་དམྱལ་ཐག་གཅོད། །ཟློག་བྱེད་མ་ཡི་དུས་ལ་བབ། །སྒྱུ་བྱེད་མ་ཡི་དུས་ལ་བབ། །ནད་ཀ་བཟློག་པའི་དུས་ལ་བབ། །རིམས་ཁ་བཟློག་པའི་དུས་ལ་བབ། །དལ་ཁ་གཅད་པའི་དུས་ལ་བབ། །བདུད་ལ་བསྒྱུར་ཅིང་བཟློག་གྱུར་ཅིག །ལྟས་ངན་བརྒྱད་བཅུ་རྩ་གཅིག་ཟློག །ཡིད་ལ་གང་འདོད་སྐབས་འདིར་བཅོལ། །སྔགས་གཡོག་ཡོན་བདག་བཅས་པ་ཡི། ཉུངས་ནག་སྔགས་ཤིང་ཁྲག་ཕོར་དུ། །འཕང་པའི་སྔགས་ནི་འདི་སྐད་བཟླས། །ཏིང་ནེ་ཚོ་ཏིང་ལམ་ལམ། །རག་ཤ་ཧ་ར་ཧཱུཾ༷། །སྒག་མུ་ཏྲ་ཁ་མུན་ཏྲ་སྨྱོ་རུ་ལུ་རུ་ལུ། །སྙིང་ཁ་ལ་རསྒ་རྦུད། །ཏི་ལི་ཏི་ལ༷་མ་མ་སྨྱོ་སྨྱོ། །ཉི་ཤུ་གཅིག་ཏུ་གྱུར་པ་དང་། །ཁྲག་པོར་གྲལ་དུ་གཞག་པར་བྱ། །འདི་ནི་སྲིད་པའི་རྒྱལ་པོ་སྟེ། །ཚོགས་ཀྱི་རྗེ་ལ་ཞུ་བར་བྱ། །སྣང་སྲིད་སྐྱེ་འགྲོ་ཐམས་ཅད་ཀྱི། །ཚེ་སྲོག་སྲིད་པའི་རྒྱལ་མོ་ཡི། །ཕྱག་ན་མངའ་བདག་དེ་ཡི་ཕྱིར། །ཚོགས་ཀྱི་རྗེ་ལ་ཞུ་བར་བྱ། །སྲིད་པའི་རྒྱལ་མོའི་ཕྱག་བརྙན་ནི། །ཐ་མ་རེ་མ་ཏི་ཡིན་པས། །འདི་ནི་ནད་གཏོང་གཙོ་མོའི་ཕྱིར། །འདི་ལ་མཆོག་ཏུ་ཞུ་བ་གཅེས། །སྟན་ནག་སྟེང་དུ་བདག་འདུག་སྟེ། །དཀར་ནག་ཚེ་ཡི་ཟླ་གམ་པ། །ཁྲག་གི་ཞལ་བུ་བཅས་པ་ཡང་། །ནད་པའི་མདུན་དུ་གཞག་བྱས་ལ། །གཡབ་དར་ནག་པོས་གཡབ་བྱས་ལ། །ཚིག་ཏུ་འདི་སྐད་བརྗོད་པར་བྱ། །ནད་ཀྱི་བདག་ཅིག་སྤྱན་འདྲེན་ནོ། །རིམས་ཀྱི་བདག་ཅིག་སྤྱན་འདྲེན་ནོ། །ཟློག་བྱེད་མ་ཅིག་སྤྱན་འདྲེན་ནོ། །སྒྱུར་བྱེད་མ་ཅིག་སྤྱན་འདྲེན་ནོ། །ཧཱུཾ༷། །ང་ནི་དབང་ཕྱུག་ཆེན་པོ་སྟེ། །ཁམས་གསུམ་སྲིད་གསུམ་མངའ་བདག་རྫ། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཡོན་བདག་སྐབས་གསོལ་ཐུགས་རྗེས་ཟུར། །དེང་འདིར་བཟློག་བསྒྱུར་ལས་བྱུང་གིས། །གླུད་བདག་ཆེན་མོ་གཤེགས་སུ་གསོལ། །ཁྲོ་རྒྱལ་ཀུན་གྱི་ཡུམ་ཅིག་མ། །མ་མོ་ཀུན་གྱི་ཡང་རྗེ་མོ། །སྐྱེ་འགྲོ་ཀུན་གྱི་སྲོག་བདག་མོ། །བྱང་ཤར་མཚམས་སུ་གནས་བཅས་ཤིང་། །བསེ་ཡི་སྐུ་མཁར་གྲུ་བཞི་ལ། །ལོགས་བཞི་དེ་ནི་བསེ་ལས་བགྱིས། །བསེ་ལོགས་ཁྲ་བོ་ལ། །གཉན་ཏེ་དེ་ལ་རྡུལ་མི་དགོས། །ཟུར་བཞི་དག་ལ་མཆོང་ལ་བགྱིས། །མཆོད་ཟུར་དག་ཀྱང་སྨུག་པོ་ལ། །དེ་ལ་གཉན་ཏེ་སྦྲུལ་མི་འཁྲིལ། །རྨང་རྡོ་དག་ཀྱང་ལྕགས་ལ་བགྱིས། །ལྕགས་རྨང་དག་ཀྱང་སྔོན་པོ་ལ། །དེ་ལ་གཉན་ཏེ་བྱི་མི་འཛུལ། །ཁ་བདག་ཀྱང་གཡུ་ལ་བགྱིས། །གཡུ་བདེ་དག་ཀྱང་ལྡེམ་པ་ལ། །དེ་ལ་གཉན་ཏེ་བྱ་མི་ལྡིང་། །དེ་ལ་གཉན་ཏེ་རྒོད་མི་འབར། །དེ་ལ་ལྕགས་རོ་འབར་བས་བསྐོར། །ལྕགས་རི་ཁྱུད་འཁོར་འབར་བ་ལ། །དེ་ལ་གཉན་ཏེ་བདུད་མི་འདའ། །དེ་ལ་བསྟོད་དེ་བཙན་མི་འདའ ། །སྐུ་མཁར་དེ་ཡི་ནང་ཤེད་ན། །རིན་ཆེན་ཤེལ་གྱིས་སྐས་བཙུགས་ཤིང་། །མི་ར་རྟ་རོའི་གཅལ་སྟེངས་ན། །མི་རྟའི་གསུར་ཆེན་དུལ་ལུ་ལུ། །མི་ཡི་ནང་ནས་མ་ཅིག་མ། །མ་ཅིག་ཆེན་མོ་དེ་ན་བཞུགས། །སྲིང་ཅིག་ཆེན་མོ་དེ་ན་བཞུགས། །སྲུང་ཅིག་ཆེན་མོ་དེ་ན་བཞུགས། །གཤིན་རྗེའི་ཡུལ་ཅིག་དེ་ན་བཞུགས། །བདུད་ཀྱི་ལྕམ་ཅིག་དེ་ན་བཞུགས། །སྐུ་མདོག་མཐིག་ནག་འབར་བ་ལ། །ལུས་རྣམས་ཐལ་བས་ཀུན་བྱུགས་ཤིང་། །དབང་མཚན་དམར་གྱི་ཐིག་ལེས་བརྒྱན། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །ཁ་ནས་མི་ཞག་རྟ་ཞག་འཛག །མིག་ནས་ཁྲག་འཛག་ཟུར་ལུ་ལུ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །དྲ་བ་དགུ་ཡི་ཏེ་ལེན་ཅན། །བྱི་རུ་དམར་པོའི་རྒྱན་སྲབ་ཅན། །དྲེའུ་རྟ་རྐང་གསུམ་བསྐྱོད་པའི་ཚེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་འགྲོ། །རྣལ་འབྱོར་ཆེན་མོ་ཨ་ལ་ལ། །ཁྱོད་ཀྱི་ལག་པ་གཡས་པ་ན། །བདུད་ཀྱི་ཁྲམ་བམ་གནམ་ལ་འཕྱར། །སྲིག་ལུས་བསྡུས་པའི་སྐྱེ་འགྲོ་རྣམས། །སང་ཕོད་དིང་སང་སུ་འཆི་བ། །དོ་ཅིག་དིང་སང་ཁྲམ་ལ་འདེབས། །ཁྲམ་ལ་མི་ཐེབས་མི་སྲིད་ཀྱིས། །བདུད་ཀྱི་ཁྲམ་ཁ་དི་ཕྱས་ཅིག །ཁྱོད་ཀྱི་ལོག་པ་གཡོན་པ་ན། །བཙན་གྱི་ཤོ་རྡེའུ་དཀར་ནག་འགྲེམས། །སང་ཕོང་དིང་སང་སུ་འཆི་བ། །དོ་ཅིག་དིང་སང་ཤོད་ལ་འདེབས། ་༑ད་ལ་མི་འདེབས་མི་སྲིད་ཀྱིས། །ཡོན་བདག་རྒྱུ་སྦྱོར་འཁོར་བཅས་ཀྱི། །སྲོག་གླུད་དམ་པ་འདི་བཞེས་ལ། ་༑ད་རྡེའུ་དཀར་ནག་ད་བརྗེས་ལ། །བྱང་དམར་དཀྱུས་ནས་ང་ཕྱུང་ཞིང་། །ཁྱོད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་པ་སྔོ་དམར་ལ། །སྦྲུལ་ནག་ལྔ་བརྒྱའི་ཁ་ཆིངས་ཅན། །ལྔ་བརྒྱ་ཐ་མའི་སྙིགས་མ་ལ། །འབྲས་བུ་གསང་སྔགས་ཆོས་དར་ཏེ། །རྣལ་འབྱོར་གྲོང་བསྙེན་དར་བའི་ཚེ། །གསང་སྔགས་བོན་ལྟར་གྱེར་པའི་དུས། །དགེ་སྡིག་འཚོལ་བར་སྤྱོད་པ་ཡིས། །རྣལ་འབྱོར་ཡོ་ཉམས་མ་མོ་འཁྲུགས། །མ་མོ་འཁྲུགས་པའི་རྟགས་བསྟན་པ། །བཞི་བརྒྱ་རྩ་བཞི་ནད་རྣམས་འབྱུང་། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་འབྱུང་། །བློ་བུར་བརྒྱད་ཅུ་རྩ་གཅིག་འབྱུང་། །དུས་མིན་འཆི་བ་རྣམ་བརྒྱད་འབྱུང་། །གསང་སྔགས་སྤྱོད་པ་གྲངས་མང་ཡང་། ། གཞུད་ལྟར་སྤྱོད་པའི་རྣལ་འབྱོར་པ། །བཀའ་ལྟར་སྤྱོད་པའི་དབང་ཕྱུག་བདག །མན་ངག་ཁུངས་ཀྱི་རྒྱུད་བསྐུལ་བ། །དཔལ་ཆེན་བདུད་རྩི་རྣམ་ལྔས་མཆོད། །མ་སྲིང་དམར་ཆེན་ཁྲག་གིས་མཆོད། །ལུས་དང་གྲིབ་བཞིན་འགྲོགས་ཏེ་གཤེགས། །གསུར་ཆེན་དུད་པ་རྒྱུན་མི་གཅད། །དབང་ཕྱུག་ཕུ་ནས་ཁུས་འདེབས་ཀྱི། །དཔལ་ཆེན་མདའ་ནས་སྙན་མ་སྲ། །རི་ལུངས་མེད་པར་ཁུ་ཡིས་ཐོབ། །དབང་ཕྱུག་མདའ་ནས་གཡབ་འདོར་གྱིས། །དཔལ་ལྡན་ཕུ་ནས་སྦྱན་མ་བརྟུལ། །ནག་མོའི་ཚོགས་ཀྱིས་སྟོང་ཁམས་ཁོང་། །རི་ལུང་མེད་པར་རྒྱ་ཡིས་ཁོང་། །སྔོན་གྱི་སྲིན་མོ་ཕུར་པའི་ལྷ། །ད་ལྟ་དཔལ་ལྡན་རེ་མ་ཏི། །ལྷ་སྲིན་ཀུན་གྱི་གཤེད་བྱེད་མ། །སྐྱེ་འགྲོ་ཀུན་གྱི་བདུད་གཅོད་ལ། །དགྲ་བོ་ཀུན་གྱི་སྙིང་འབྱིན་མ། །བགེགས་ཕུང་ཐལ་བར་རློག་མཛད་མ། །མི་ཡི་ནང་ནས་མ་ཅིག་མ། །སྲིང་གི་ནག་ནས་སྲིང་ཅིག་མ། །ནད་ཀྱི་བདག་ལ་རིམས་ཀྱི་རྐྱེན། །ལྔ་བརྒྱ་དུས་ཀྱི་ཐ་མལ། །གསང་སྔགས་ཆོལ་པར་སྤྱོད་པའི་ཙེ། །དཔལ་ལྡན་ནག་མོ་ཐུགས་ཁྲོས་པས། །རི་རབ་ལྷོ་ཡི་འཛམ་གླིང་དུ། །ནད་ཀྱི་ཁ་རླངས་སེར་པོ་བཏང་། །མཁའ་ལ་ནད་སྤྱིན་སེར་པོར་འཁྲིགས། །བུད་མེད་སེར་མོ་བསམ་མི་ཁྱབ། །ལྷོ་ཡི་འཛམ་གླིང་ཁྲག་གིས་བཀང་། །ནད་ཆེན་མཁྲིས་བ་གཤའ་ཡ་དང་། ཁྲ་སེར་དག་ནི་མིག་སེར་དང་། །རྒྱ་ནད་མིག་སེར་དེ་ནས་བྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །དེ་རིང་ཡོན་བདག་འཁོར་བཅས་ལ། །ནད་ཁོ་ཆོད་ལ་རིམས་ཁ་སྒྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་ཆོལ་པར་སྤྱོད་པའི་ཚེ། །མ་མོ་དམར་མོ་ཐུགས་ཁྲོས་ཏེ། །ཁ་རླངས་དམར་པོ་བཏང་བ་ཡིས། །ནད་ཀྱི་ན་བུན་སྤྲིན་དི་གཏིབས། །བུད་མེད་དམར་མོས་སྟོང་ཁམས་གང་། །རིམས་ནད་ཚ་བ་སྣ་ཚོགས་དང་། །ཁྲག་ནད་གཟེར་ཐབས་སྣ་ཚོགས་དང་། །ལེ་བརྒན་གཟེར་ནད་སྣ་ཚོགས་དང་། །ཁྲག་དུ་སྐྱུག་པའི་ནད་རྣམས་བྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །རྣལ་འབྱོར་ཀུན་ཀྱང་འདི་ཞེས་པས། ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་གྲོང་བསྙེན་དར་བ་དང་། དགེ་སྡིག་འཆོལ་བར་སྤྱད་པ་ཡིས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །དེ་ནས་ནད་ཀྱི་བསྐལ་བ་བྱུང་། །ལྷོག་པ་དཀར་ནག་འབྲུམ་དང་། །འབྲུམ་བུ་སྣ་ཚོགས་ཏེ་ནས་བྱུང་། །སྐྲངས་ནད་ཐམས་ཅད་དེ་ནས་བྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །རིམས་ཀྱིང་མ་མོ་ཁྱོད་ཀྱི་རིམས། །དེ་རིང་ཡོན་བདག་འཁོར་བཅས་ལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་གྲོང་བསྙེན་དར་བ་དང་། །དགེ་སྡིག་འཚོལ་བར་སྤྱད་པ་ཡི། །མ་མོ་ནག་མོ་ཐུགས་ཁྲོས་ནས། །ཁ་བླངས་སྔོན་པོ་བཏང་བའི་ཚེ། །ནད་ཀྱི་ན་བུན་སྤྲིན་དུ་ཆགས། །བུད་མེད་སྔོན་མོས་སྟོང་ཁམས་ཁེངས། །མིག་ནད་རྣམ་པ་སྣ་ཚོགས་དང་། །བལ་ནད་སྨྱོ་བའི་རིམས་རྣམས་དང་། །བརླ་བ་སྔོལ་སྨྱོ་བའི་རིམས་རྣམས་དང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །དེ་རིང་ཡོན་བདག་འཁོར་བཅས་ལ། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་གྲོང་བསྙེན་དང་བ་དང་། །དགེ་སྡིག་འཚོལ་བར་སྤྱོད་པའི་ཚེ། །མ་མོ་ནག་ཐུགས་ཁྲོས་ཏེ། །ཁ་རླངས་དཀར་པོ་གཏོར་བའི་ཚེ། རླངས་སྨུག་པོ་བཏང་། །ནད་ཀྱི་ན་བུན་སྤྲིན་དུ་གཏིབས། །བུད་མེད་སྨུག་མོས་སྟོང་ཁམས་གང་། །དར་ནག་རུ་མཚོན་ཐིབས་སེ་ཐིབས། །ཕྱག་ན་མདུང་དམར་ཆེབས་སེ་ཆེབས། །བ་དན་ནག་པོ་ལྷུབས་ལྷུབས། །སྐུ་ལ་གོ་མཚོན་ཡལ་བ་གསོལ། །དུས་ཀྱི་འཁྲུག་པ་སློང་བྱེདཅིང་། །མཚན་གྱི་བསྐལ་པ་འབེབས་བྱེད་མ། ཁྲ་དང་སེར་པ་རླུད་དམར་བདག །བདུད་སེར་འབེབས་པའི་སྙིང་མོ་ཆེ། །སྡིག་ཅན་རྨེ་ཡི་བདག་མོ་ཡིན། །ཁྱོད་ཀྱི་མཐུན་རྫས་འབུལ་ལགས་ཀྱིས། །དམར་གྱི་ཨསྙེ༷་འདི་གསོལ་ལ། །རྣལ་འབྱོར་ཀུན་ཀྱང་འདི་བཞེས་པའི། །ཞབྲུགས་པའི་བསྐལ་པ་ཞི་བར་མཛོད། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་གྲོང་བསྙེན་དར་བ་དང་། །དགེ་སྡིག་ཚོལ་བར་སྤྱོད་པ་ཡིས། །མ་མོ་ནག་མོ་ཐུགས་ཁྲོས་ཏེ། །ཁ་རླངས་ནག་པོ་བཏང་བའི་ཚེ།བུད་མེད་ནག་མོས་སྟོང་ཁམས་གང་། །ནད་ཀྱི་ན་བུན་སྦྱིན་དུ་ཆགས། །དེ་ཚེ་ནད་ཀྱི་བསྐོལ་བ་བྱུང་། །མཛེ་ནད་རྣམ་པ་སྣ་ཚོགས་དང་། ཁུ་བ་དང་ནི་གཡན་པ་དང་། །གློ་གཟེར་དང་ནི་སྐྱ་སྦབ་དང་། །རླུང་ནད་རྣམ་པ་སྣ་ཚོགས་བྱུང་། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །དེ་རིང་ཡོན་བདག་ཁོར་བཅས་ལ། ནད་ཁ་ཆིངས་ལི་རིམས་ཁ་སྒྱུར། །རྣལ་འབྱོར་དམ་ཚིག་ཉམས་པ་ཡིས། །ནད་ཀྱི་རྣམ་པ་སྣ་ཚོགས་བྱུང་། །དུས་ཀྱི་ཐ་མ་དབྱེ་བསལ་དཀའ་མོད་ཀྱང་། །མ་ཅིག་དཔལ་ལྡན་གཉན་གྱི་རེ་མ་ཏི། །ཆོས་ཉིད་མཉམ་པའི་ངང་ལ་ལྷུན་དགོངས་ཏེ། །ཐུགས་དང་འགལ་པར་གྱུར་པ་བཟོད་པར་གསོལ། །ཛ༷༷ཧཱུཾ༷་བ༷་ཧོ། །ཨེ་ཧ་ཧི། ཁྲེ་ཙ་པ་ལ་ཨ་ཤུག་མ་གྲྭ་ཧྭ། །དམར་གྱི་ཨསྙེ༷་གཏོར་པར་སྦྲེང་། ་་ས་ཀར་སྔགས་པས་བླུགས་པར་བྱ། །རོལ་མོ་སིལ་སྙན་སྒྲ་བསྒྲགས་ནས། །དཔལ་ལྡན་གནད་ནས་ཐུགས་དམ་བསྐུལ། །ཐུགས་དམ་གནད་ནས་མི་བསྐུལ་དུ། །འཁོར་གྱི་འབངས་ལ་བཀའ་ནན་ཆུང་། །ད་ནི་དཔལ་ལྡན་མཚང་ལ་རྒལ། །མཚང་ལ་ཅུང་ཙམ་མི་རྒལ་དུ། །ཡོན་བདག་གླུད་ལ་ཕྱག་སྦས་དམ། །ཁྱོད་ཀྱི་ཆོ་ལ་ང་རེ་མཁས། །ནམ་མཁའི་མཐོངས་ན་བཞུགས་པའི་ཚེ། །ནམ་མཁའ་ཁམས་ཀྱི་དཔལ་མོ་བཙན། །དེ་ཡང་བྱ་ཤར་རེ་མ་ཏི། །མཚང་མ་རྒོལ་ལོ་རྒུད་ལོང་ལ། །གནད་ནས་བསྐུལ་ལི་མི་ཐོང་ཞིག །དབྱར་ཞིང་མཁའ་ལ་བཞུགས་པའི་ཚེ། །བྷ་ག་དྷི་ཏི་མཁའ་ལ་ཆར་འབེབས་མ། །དེ་ཡང་བྱང་ཤར་རེ་མ་ཏི། །རི་རབ་ཟོམ་ལ་བཞུགས་པའི་ཚེ འབར་མ་མེ་ཁྱེར་གློག་འཕྲེང་འཛིན། །དེ་ཡང་བྱང་ཤར་རེ་མ་ཏི། །རྒྱ་མཚོའི་གཏིང་ན་བཞུགས་པའི་ཚེ། །མེ་ཟ་ཆེན་མོ་བྲག་རྒྱན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །དབང་ཕྱུག་རྩ་བརྒྱད་གཙོ་མོ་མཛད་པའི་ཚེ། །མི་སྲིན་གཡག་མགོ་ཐོད་རློན་འཆང་། །དེ་ཡང་བྱང་ཤར་རེ་མ་ཏི། །མ་བདུན་གཙོ་མོ་པའི་ཚེ། །ཨེ་ཀ་ཛ་ཏི་རལ་གཅིག་མ། །དེ་ཡང་བྱང་ཤར་རེ་མ་ཏི། །བདུད་ཀྱི་གཙོ་མོ་མཛད་པའིཚེ། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །དེ་ཡང་བྱང་ཤར་རེ་མ་ཏི། །སྲིང་བཞི་གཙོ་མོ་མཛད་པའི་ཚེ། ཁྲར་གྱི་དཀར་མོ་མིག་མཛད་གཅིག་མ། །དེ་ཡང་བྱང་ཤར་རེ་མ་ཏི། །དམ་ཚིག་མཐའ་ལ་གནས་པའི་གཙོ་མོ་མཛད་པའི་ཚེ། །མ་བཙུན་ཨུག་ཆོས་དབྱར་མོ་བསིལ། །མ་ཧྭ་དེ་བའི་བཙུན་མོ་མཛད་པའི་ཚེ། །ལྷ་མོ་ཨུ་མ་དེ་བི་ཉིད། །ལྷ་དག་ལྷ་མིན་གཡུལ་འགྱེད་ཚེ། །ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ། །ལྷ་རྣམས་ཡོངས་ཀྱི་རྫོང་བཅས་ནས། །དེ་ཕྱིར་ལྷ་མོ་རྫོང་མོས་བྱ། །དེ་ཡང་བྱང་ཤར་རེ་མ་ཏི། །འཚང་ལ་ཅུང་ཙམ་མི་རྒྱལ་དུ། །ཡོན་བདག་གླུད་ལ་ཕྱག་སྦལ་དམ། །འཁོར་གྱི་འབངས་ལ་བཀའ་ནན་ཆུང་། །བཙན་དང་དམུ་ལབཀའ་ནན་ཆུང་། །ཡོན་བདག་བདུད་བྱོལ་དགྲ་ལ་འཕོངས་། །ཡོན་བདག་བྱོལ་ཁ་དགྲ་ལ་འཕོངས། །མ་མོ་རྟ་བྲོ་ཁྱིལ་ལི་ལི། །དྲག་པོའི་སྒྱུགས་གླུ་ཀྱུ་རུ་སྲ །ཟློག་བྱེད་མ་ཡི་དུས་ལ་བབ། །སྒྱུར་བྱེད་མ་ཡི་དུས་ལ་བབ། །དལ་ཁ་བཟློག་ལ་ནད་ཀ་ཚད། །ཉུངས་ནག་ཁྲམ་ཕོར་ཟློས་ཤིང་བླུགས །དཔལ་ལྡན་ནག་མོ་རེ་མ་ཏི། །སྔོན་ཚེ་རྒྱལ་བ་འདི་སྐད་གསུངས། །སྡིག་བ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །ད་ལྟར་ངས་ཀྱང་དེ་སྐད་བཤད། །དཔལ་ལྡན་ནག་མོ་རེ་མ་ཏི། །གལ་བྱེད་འཁོར་ལ་སྟོད་ཐུན་ཞུ། །ཅིག་བསྒྲུབ་བམ་ཐ་མ་ཉིད་ཡང་། །ཀོག་བཙུན་ནད་སྣ་འདྲེན་པའི་ཕྱིར། །འབྲང་རྒྱས་འབྲུ་བྱ་ནག་མོ་ལ་ཐིག་ཀར་ནད་པའི་མདུན་དུ་གཞག །ཧཱུཾ། ཀོང་ཡུལ་དྲེ་སྣ་མ་གི་ན། །ཀོག་ལ་དཀར་པོའི་སྲིད་ཅིག་མ། །ཀོན་བཙུན་དེ་མོ་བོད་ཁམས་སྐྱོང་། །ན་བཟའ་སྨུག་ནག་འབར་བ་ལ། །མེ་སྟག་འབར་བས་རབ་ཏུ་བརྒྱན། །གསེར་གཡུའི་སྤེལ་མའི་ཐོད་རྡེང་ཅན། །བདུད་མོ་མི་བཟང་སྟོང་གིས་བསྐོར། །ཆིབས་སུ་དྲེ་རྟ་རྐང་གསུམ་ཆིབས། །རོལ་དུ་དྲེ་རྟ་སྟོང་ལ་རོལ། །དྲེ་ནག་བརྒྱ་ལམ་མི་རིས་བརྒྱན། །བདུད་དོ་ཅོག་གི་སྣ་འདྲེན་མ། །གླུད་འདི་བཞེས་ལ་དལ་ཁ་ཆོད། །མ་མོ་འཁྲུགས་པའི་ཐུགས་དམ་འདིས་སྐོངས་ལ། །ལུས་ཅན་རྣམས་ལ་དལ་ཁ་མ་གཏང་ཞིག །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་་ཐ་ཀ་མཁའ་ལ་སྒྱུར། །དལ་ཀ་སྒྱུར་ལ་རིམས་ཁ་ཚོད། ་་ས་ནག་སྔགས་བཟླས་དྲག་ཏུ་འཕང་། །གྲི་ན་ཏིག་ན་མུན། །བརྒྱ་དང་བརྒྱད་དུར་བ་བཟླས་ལ། །ནད་ཀྱི་ངོ་བོ་མིང་ལ་བསྡུ། །བཛྲ་བརྙ་ཏྲ་ཏ་ཕཊ། །ཚོན་སྐུད་བཅིངས་པ་ཀུན་ག་ས་ལ། །ཁྲག་གི་ཕོར་བུར་གཞུག་པར་བྱ། །ནད་ཀྱི་མིང་དང་གཟུགས་བཤུས་ལ། །མ་ཏང་གཟུགས་ལ་གདགས་པར་བྱ། །ནད་ཀྱི་མཚོན་སྤྲིན་པལ་ཚོན་རྣམས། །བསྡུས་ལ་ཁྲག་ཕོར་བླུགས་པར་བྱ། །འོ་མ་ཆུ་དང་རྩི་སྨན་དུ ། །སྦྱར་བའི་བུམ་པ་རྟ་མགྲིན་དང་། །ཨེ་ཀ་ཛ་ཏིའི་སྙོམས་འཇུག་ཆུས། །འཕྲ་བར་གནས་པའི་ནད་རྣམས་ཀུན། །ཟངས་གཞོང་འཁར་གཞག་ཆེན་པོར་བཀྲུ། །ཡི་དམ་ལྷར་བསྐྱེད་བསྲུང་བྱས་ཏེ། །དངོས་སུ་གོ་བསྐོན་མཚོན་ཆ་བསྐུར། །སྔགས་གཡོག་འཁོར་གསུམ་ཚང་བར་གདགས། །ཏིང་འཛིན་གསར་ཏེ་མ་མོའི་ཚོགས། །དགྲ་ལ་བསྒྱུར་བའི་སྔགས་འདི་བརྗོད། །རགློ་ཙ་ཙ་ཁ་ལ་དུན་སྨྱོ། །རགློ་ཙ་རགློ་ཙ་ཙམ་སྦྱོ། །ཧི་ལ་ཧི་ལི་མ་མ་སྨྱོ། །བཛྲ་མྲ་ཏིང་སྨྱོ། །བཛྲ་ཏིང་ཏུང་སྨྱོ་སྦྱོ། །བཛྲ་ཨ་ལིང་སྲིང་ཀ་ལི་ཧཱུཾ༷་སྨྱོ། །བཛྲ་མ་མ་ཧྲིང་སྨྱོ་སྦྱོ། །བསྲིངས་ལ་རིང་དུ་ཁྲོམ་སྣ་དྲང་། །ད་ནི་མ་མོའི་ཁྲོམ་སྣ་བརྒྱད། །དགྲ་བོའི་ཡུལ་དུ་ཁྲོམ་སྣ་བསྒྱུར། །དགྲ་ཡི་ཡུལ་དུ་ཁྲོམ་ཐོབ་ཅིག །བདུད་དང་བཙན་གྱི་ཁྲོམ་སྣ་བསྒྱུར། །དགྲ་བོའི་ཡུལ་དུ་ཁྲོམ་ཐོབ་ཅིག །མ་མོ་རྣམས་ཀྱི་མདུན་ལ་སྦོས། །བདུད་དང་བཙན་གྱི་མདུན་ས་སྤོས། །དགྲ་བོའི་ཡུལ་དུ་དམུན་ལྟང་ཆོད། །ད་ནི་དལ་གྱི་ཁྲོམ་སྣ་བསྒྱུར། །དགྲ་བོའི་ཡུལ་དུ་དལ་ཁྲོམ་ཐོབ། །ད་ནི་ནད་་ཁྲོམ་སྣ་བསྒྱུར། །དགྲ་བོའི་ཡུལ་དུ་ནད་ཁྲོམ་ཐོབ། །དེ་རིང་རིམས་ཀྱི་ཁྲོམ་སྣ་བསྒྱུར། །དགྲ་བོའི་ཡུལ་དུ་རིམ་ཁྲོམ་ཐོབ། །ད་ནི་ཡམས་ཀྱིས་ཁྲོམ་སྣ་བསྒྱུར། །དགྲ་བོའི་ཡུལ་དུ་ཡམས་ཁྲོམ་ཐོབ། །བདག་ལ་བལྟོས་པའི་ཡོན་བདག་འདི། །སྔོན་གྱི་ལས་ཀྱི་འཕྲོ་བྱུང་སྟེ། །དུས་ལ་བབ་ན་ཚེ་ཟད་ཀྱང་། །ལོ་གསུམ་འདི་རུ་ཤོལ་ཐོབ་ཅིག །དབང་ཕྱུང་ང་ཡི་བཀའ་མ་བཅག །ཡོན་བདག་དྲིན་ལན་ཆུད་མ་གསན། །བཀའ་དང་དམ་ཚིག་མ་འདའ་ཞིག །དགྲ་ལ་འདོར་ནཕ་མེས་ཀྱི། །དུར་མཆད་སྟེང་ངམ་ཀུལ་ཕྱོགས་བསྐྱོལ། །བྱོལ་ས་མེད་ན་མ་མོའི་གནས། །དུར་ཁྲོད་ཆུ་བོ་འདུས་པ་དང་། །ཡང་ན་ར་རྩེ་བྲག་དམར་བསྐྱལ། །འདོམ་མམ་མདའ་གང་སྟེགས་བུ་ནི། །གནས་ཀྱི་དབང་གིས་ཅི་འབྱོར་བརྩིག །མཐིང་ནག་གྲུ་གསུམ་བརྩིགས་བ་ལ། །མི་རི་ཐོད་པའི་འཕྲེང་བས་བསྐོར། །ཟླ་གམ་དམར་པོ་རེ་ག་ནི། །འབར་པ་གྲུ་ཆད་ལྗང་ཁུ་བཏང་། །བར་ཁྱམས་གཉིས་ནི་ནག་པོ་དག་། །སྣ་ཚོགས་སྒོ་བཞིར་ལྡན་པར་བྱ། །གྲུ་གསུམ་དཔལ་གྱི་ཞལ་སྟེངས་སུ། །གཏོར་མ་རབ་ཏུ་གཞག་པར་བྱ། །ཟླ་གམ་མ་མོའི་ཞལ་སྟེང་དུ། །མ་མོའི་གཏོར་མ་རཀྟ་དང་། །སྨན་དུ་སྦྱར་བ་གཞག་པར་བྱ། །གྲུ་ཆད་འཁོར་གྱི་ཞལ་སྟེང་སུ། །མ་མོའི་གཏོར་མ་རཀྟ་དང་། །འཁོར་གྱི་བསྐང་རྫས་དེ་རུ་གཞག །ཟླ་གམ་རྟེན་རྫས་བསྐང་རྫས་ནི། །མ་མོའི་རྫས་ཀྱང་གཞག་པར་བྱ། །པར་ཁྱམས་ནག་པོ་ཟ་པའི་སྟེང་། །སྙིང་དང་ནང་ཁྲོལ་གཏོར་མ་གཞག །བར་ཁྱམས་སྣ་ཚོགས་ཟ་བའི་སྟེ། ཁྲ་ཆེན་ལྷུ་གདུམ་བཀྲམ་པ་དང་། །སྤོས་ཆེབ་དུད་པ་གཏང་བར་བྱ། །ཚིལ་ཆེན་མེ་མར་ཁ་ལྔ་ནི། །སྒོ་བཞི་དག་ཏུ་གཏང་བར་བྱ། །སྤྲོས་ལ་དགའ་བའི་དབང་དུ་བཤད། །སྤྲོས་མེད་དགའ་པའི་གོང་ཉིད་དོ། །སྦྱང་བའི་སྔགས་ཀྱིས་སྟོང་པར་བསྒོམ། །སྦེལ་པའི་སྔགས་ཀྱིས་ཤ་ཏྲུ་འམ། །མེད་ན་ལྷ་འདྲེའི་གཟུགས་སུ་བསྒོམ། །དགྲ་ལ་བཟོར་རམ་སྤོགས་པ་ན། །དགུག་སྟེ་དེ་ལ་བསྟིམ་པར་བྱ། །རྫས་ཀྱང་རིན་ཆེན་སྣ་ཚོགས་ཏེ། །ཤ་ཆུའི་རྫས་ཀྱང་བཀུག་སྟེ་བསྟིམ། །ས་ཏྲུ་དངོས་ཉིད་རྫས་བཅས་པ། །ཡོན་བདག་གླུད་དུ་གསལ་བར་བསྟན། །དེ་ལྟར་བསྐང་བའི་ཕན་ཡོན་ནི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ལྷ་རྣམས་སྲོག་ཀྱང་འཆད་འགྱུར་ན། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །སྲིད་པའི་དབང་ཆེན་འདིས་བསྐང་ན། །དུས་མིན་འཆི་ལས་བཟློག་པར་འགྱུར། །དུས་ལ་བབ་ན་བསྣུར་བར་བྱེད། །འཇིག་རྟེན་ལོངས་སྤྱོད་བསྟན་པར་འཀྱུར། །རབས་བརྒྱུད་ཆད་པའི་མི་རྣམས་ཀུན། །ཆོ་ག་འདི་ལ་བརྟེན་བྱེད་ན། །སྨུན་བཞི་བུ་ཡི་བསྡུས་པར་བྱེད། །གང་ཞིག་ཆོ་ག་འདི་བསྒྲུབས་པས། །འཆི་བདག་ཞགས་པས་ཟིན་པ་ཡང་། །ཞགས་པ་ནག་པོ་བཅད་ནས་སུ། །སྣོ་འབོག་ཉིད་ཀྱང་རྣམ་པར་འཇིག །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །འཇིག་རྟེན་འདི་ནའང་བདེ་སྐྱིད་དེ། །རྒྱུད་པའི་སྟོབས་ཀྱིས་རིགས་འཛིན་འགྱུར། །ཆོ་ག་འདི་ཡིས་གང་བསྒྲུབ་པ། །གཞན་ཡང་དམངས་སྐྱིས་ཀྱིས་བཀུར་སྟི་བྱེད། །བྲན་གཡོག་འགབ་རྣམས་འཕེལ་པར་འགྱུར། །རྒྱལ་པོ་ལོངས་སྦྱོར་ཆེ་འགྱུར་ཞིང་། །དབུལ་པོ་ལོངས་སྤྱོད་འཕེལ་བར་འགྱུར། །ནོར་གྱི་དབྱིག་ཀྱངདེབཞིནཏེ། །སྐྱིདཔརྟག་ཅིག་བསམ་པ་འགྲུབ། །མང་པོ་ཕྱོགས་བཞིར་ཡུལ་ཡང་འཛིན། །དེ་ནས་ན་ཚ་སྡུག་བསྔལ་སེལ། །ཕ་རོལ་དམག་དཔུང་འཇིགས་པར་བྱེད། །ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར། །ཆོ་ག་འདི་བསྒྲུབ་གང་ཟག་ནི། །འཇིག་རྟེན་དབང་ཆེན་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་དཔར་བཀུར་སྟི་ཞིང་། །ཚེ་དང་ཆུང་སྲིད་འཕེལ་འགྱུར་ཏེ། །བསྒོ་ཚིག་བྲན་བཞིན་མཆོག་ཏུ་ཉན། །བསོད་ནམས་ཉིད་དུ་གོང་ན་མེད། །ཕྱིས་ནི་བསོད་ནམས་མཆོག་གྱུར་ཏེ། །དངོས་གྲུབ་མཆོག་ཀྱང་ཐོབ་པར་ངེས། །ནད་དང་སྡུག་བསྔལ་ཐམས་ཅད་ནི། །འདོས་ནས་ཕ་རོལ་བཞན་ལ་བསྐྱལ། །དགྲ་ཡི་ཡུལ་དུ་ངེས་པར་མདོས། །སྲིད་པའི་དབང་ཆེན་མ་འདི་རྣམས། །བམ་གྱིས་བསྐང་བའི་འདི་ལྟར་རོ། །ཧཱུཾ༷། །སྲིད་པའི་རྒྱལ་མོ་ཆེན་མོ་སྟེ། །ལྷ་མོ་ཆེན་མོ་ཚོགས་ཀྱི་རྗེ། །སྤྱི་གཙུག་གཡུ་ཡི་རྡོ་རྗེ་རྩེ་དགུ་འབར། །གཡུ་ཡི་རལ་པས་སྟོང་གསུམ་ཁྱབ། །གཡས་ཀྱི་ཕྱག་ན་རིགས་ལྔའི་སངས་རྒྱས་བསྣམས། །གཡོན་གྱི་ཕྱག་ན་བདུད་རྩིའི་ལོངས་སྤྱོད་འགྱེད། །ཡེ་ཤེས་སྤྲུལ་པའི་སྤྱན་གྱིས་ཀུན་དུ་གཟིགས། །ཁམས་གསུམ་སྲིད་པ་གསུམ་ལ་མངའ་མཛད་པའི། །རྟག་ཏུ་དབང་ཕྱུག་རྒྱལ་མོར་གྲགས། །ལྟས་པས་ཅིག་ཀྱང་མེད་པར་མཛད། །འདི་ཡིས་སྲོག་གིས་བསྐང་བྱས་པས། །དམ་ཚིག་རྫས་ཆེན་གང་འབུལ་གྱིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །འཁོར་གྱི་བཀའ་ཉན་ནག་མོའི་ཚོགས། །སྐུ་དང་ཕྱག་སྣ་ཚོགས་སྤྲུལ། ་་ཁྲག་རུས་པས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ང་འབུལ་གྱི། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །དཔལ་ལྡན་ནག་མོ་རེ་མ་ཏི། །སྐུ་ཡི་སྦྲུལ་པ་སྟོང་གསུམ་གཟུགས། །གསུང་གི་སྦྲུལ་པ་སྣ་ཚོགས་སྒྲ། །ཐུགས་ཀྱི་སྦྲུལ་པས་ཀུན་ཏུ་ཕྱིན། །ནད་ཀྱི་བདག་ལ་རིམས་ཀྱི་རྐྱེན། །འགྲོ་བའི་སྙིང་གི་བདག་མོ་སྟེ། །འདི་ཡི་སྙིང་གིས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ང་འབུལ་གྱིས། །ང་ཡི་མིག་གིས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་པར་གྱིས། །མ་ཅིག་དེ་ཡི་བཀའ་ཉན་མ། །རྡོ་རྗེ་གུར་གྱི་གཞལ་ཡས་ན། །དཀར་མོ་དུང་གི་རལ་པ་ཅན། །ཁྱུང་གི་མགོ་ལ་ཉི་ཟླའི་སྦྱན། །འདི་ཡི་མིག་གིས་བསྐང་བྱས་པས། །དམ་ཚིག་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་པར་གྱིས། །འཇའ་ཚོན་འབར་བའི་གཞལ་ཡས་ནས། །འཇིག་བྱེད་འབར་བ་རལ་པ་ཅན། །སྤྱན་གསུམ་སྡང་མིག་འཇིགས་པར་བལྟ། །འདི་ཡི་ཉན་པས་བསྐང་བྱས་པས། །དམ་ཚིག་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་པར་གྱིས། །ཡེ་ཤེས་འབར་བའི་གཞལ་ཡས་ནས། །སྔོ་ནག་མི་སྲུན་མཆེ་བ་ཅན། །སྤྱན་གསུམ་ཞེ་སྡང་ལོག་གིས་བལྟ། །སྣོམ་བྱེད་དབང་པོས་བསྐང་བྱས་པས། །དམ་ཚིག་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་པར་སྒྱུས། །མ་མེན་མཛེས་པའི་གཞལ་ཡས་ནས། །དམར་མོ་བསེ་ཡི་ཐོར་ཚུགས་ཅན། །བྱ་རོག་མགོ་ལ་ཉི་ཟླའི་སྦྱན། །མྱོང་བྱེད་དབག་པོས་བསྐང་བྱས་པས། །དམ་ཚིག་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་རྣམས་གྲུབ་པར་གྱིས། །ཨིནྟྲ་ནི་ལིའི་གཞལ་ཡས་ནས། །དམར་མོ་སྤྱན་གསུམ་མཆེ་བ་ཅན། །གདུག་པ་མ་ལུས་ཀུན་འདུལ་མ། །འདི་ཡི་མགོ་བོས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་བར་གྱིས། །སྣ་ཚོགས་འཕྲོ་བའི་གཞལ་ཡས་ནས། །སྔོན་མོ་མི་སྲུན་འབྲུག་ལ་ཞོན། །ཚངས་པའི་འཇིག་རྟེན་རྡུལ་དུ་རློག །འདི་ཡི་དབང་པོས་བསྐང་བྱས་པས། །དམ་ཚིག་རྫས་ཆེན་ང་འབུལ་གྱིས། ང་ཡི་ལས་བཅོལ་གྲུབ་པར་གྱིས། །པདྨ་འབར་བའི་གཞལ་ཡས་ནས། །ག་་མོ་མི་སྲུན་སེང་གེ་ཞོན། །རུས་སྦལ་དཀར་པོའི་ཐོད་སྡེངས་ཅན། །འདི་ཡི་སྲོག་རྩས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་པར་གྱིས། །བཀའ་ཉན་སེང་གེའི་མགོ་ཅན་ལ། །གསུང་སྡོད་ཕོ་ཉ་ཆེན་མོ་ནི། ཁྲེལ་གྱི་སེང་གེ་རལ་པ་ཅན། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བཀའ་ཉན་ཆེན་མོ་སྟག་མགོ་ཅན། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །སྟག་མོ་གསེར་མགོ་ལྔ་པས་བརྒྱན། །བསྐང་ངོ་བསྐལ་བའི་ཐུགས་དང་བསྐང་། །བཀའ་ཉན་བྱ་རྒོད་ཐང་ནག་ལ། །ཡང་སྤྲུལ་བྱ་ནག་མང་དུ་འཕྲོ། །འབྲུག་སྔོན་གཟུགས་ལ་སོ་རྣོན་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བཀའ་ཉན་ཀང་ཀ་ཆེན་མོ་ལ། །དེ་ཡི་ཡང་སྦྲུལ་ཕོ་ཉ་ནི། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་མ། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །འགྲོ་བཞི་རྐང་པའི་བདག་མོ་སྟེ། །བམ་ཆེན་རྐང་བའི་ལྷུ་བཞིས་བསྐང་། །དམ་ཚིག་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་བར་གྱིས། །དཀར་མོ་ཉི་མའི་སྤྱན་གཅིག་མ། །སྨན་མོ་སྦྲུལ་བའི་ཐུགས་དམ་བསྐང་། །སྔོན་མོ་གཡུ་ཡི་རལ་པ་ཅན། །སྲིད་པ་ལས་མཁན་ཐུགས་དམ་བསྐང་། །དམར་མོ་བསེ་ཡི་ཐོད་རྡེང་ཅན། །བསེ་ཡི་སྤྲུལ་པའི་ཐུགས་དམ་བསྐང་། །སེར་མོ་གཟིགས་ཀྱི་ཤམ་ཐབས་ཅན། །བཀའ་ཉན་ཆེན་མོའི་ཐུགས་དམ་བསྐང་། །ན་ར་ཧ་སའི་སྒོ་བཞི་པོ། །དམ་ཚིག་རྫས་ཆེན་ང་འབུལ་གྱིས། །ང་ཡི་ལས་བཅོལ་གྲུབ་པར་གྱིས། །སྤྱི་བོའི་བདུད་རྩི་ཆེན་པོ་ཡིས། །དྲ་བ་ཅན་གྱི་ཐུགས་དམ་བསྐང་། །དབང་པོའི་དངས་མ་མིག་རྩ་ཡིས། །འདོད་པའི་དབང་མོའི་ཐུགས་དམ་བསྐང་། །བྱ་བ་བྱེད་པའི་ལག་པ་གཉིས ། །གནོད་སྤྱིན་ཧ་འདྲེའི་ཐུགས་དམ་བསྐང་། །རྐང་པའི་མཐེ་བོང་རྣམ་གཉིས་ཀྱིས། །ལྕགས་ཀྱུ་ཅན་གྱི་ཐུགས་དམ་བསྐང་། །སྤྱི་བོའི་ཀླད་པའི་རྒྱ་དེ་ཡིས། །བསྟན་མའི་ཚོགས་ཀྱི་ཐུགས་དམ་བསྐང་། །དེ་བཞིན་འཁོར་དང་བཅས་པ་རྣམས། །རང་བྱེད་ལས་ཀྱིས་བསྐང་བར་གྱིས། ཁྲ་ཆེན་འཇིག་རྟེན་བོད་ཁམས་སྐྱོང་། །སྒལ་ཚོགས་ལ་སོགས་འཚོགས་པ་ཡིས། །ལས་བྱེད་གང་གི་ཐུགས་དམ་བསྐང་། །རུས་པ་ཚོགས་ཀྱི་འཕྲེང་བ་ཡིས། །ལྷོ་ཕྱོགས་གཤིན་རྗེ་བསྐང་བར་གྱིས། །རྣལ་འབྱོར་ཉམས་པར་གྱུར་པ་ཡིས། །མ་མོའི་བཀའ་ཆད་བྱུང་བའི་ཚེ། །འདིས་བསྐོངས་གཞན་གྱིས་བསྐོངས་མི་འགྱུར། ཁྲེལ་དང་ཙར་མཁའ་ལྡིང་ཚོགས། །དངོས་གྲུབ་མྱུར་པར་བྱ་བའི་ཕྱིར། །དབུགས་ཀྱིས་བསྐང་བ་དེ་བཞིན་གྱིས། །དགྲ་ལ་མྱུར་བར་བྱ་བའི་ཐབས། །དམ་ཉམས་བཀུག་བསྟིམ་བསྐང་བར་བྱ། །མཐུན་པའི་རྫས་སུ་བསྐང་བ་ནི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཧཱུཾ༷། །གཙོ་མོ་ཡུམ་གྱི་རྒྱལ་མོ་ནི། །སྒྲུད་གསུམ་དངས་མ་ཀུན་གྱི་བདག །མ་མོ་ཚོགས་ཀྱི་རྗེ་མོ་སྟེ། །དངས་མར་སྦྱར་བའི་ཁྲག་ལ་སྤྱོན། །འཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རྣལ་འབྱོར་ཆག་ཉམས་དག་གྱུར་ཅིག །དུར་ཁྲོད་དབྱིངས་ཀྱི་དཀྱིལ་འཁོར་ནས། །དཔལ་ལྡན་ཆེན་མོ་རེ་མ་ཏི། །ལྷ་མོ་ཆེན་མོ་མཐུ་མོ་ཅེ། །ཀླུ་མོ་ནག་མོ་དུང་སྐྱོང་མ། །གནོད་སྤྱིན་ནག་མོ་སྲོག་གཅོད་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །བུ་ཅིག་སྐྲུ་གུར་མ་ཉམས་སེམས། །འབྲས་བུ་མི་དབང་མཚལ་ཏི་སོགས། །མ་ཡི་དམ་རྫས་ཚོགས་ལ་སྤྱོན། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་དག་པར་མཛོད། །མ་མོ་རྡོ་རྗེ་ཕོ་ཉ་མོ། །བྱིས་པ་སྨྲ་མགྱོགས་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མ་མོ་ཆེན་མོ་ཀུན་ཏུ་བཟང་། །སྔར་མ་ལྦ་ཡི་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མ་མོ་ཡེ་ཤེས་ཆེན་མོ་ཡང་། །འཁྲོ་འདོད་ཁྱི་ཡི་སྙིང་ལ་ཤེག །མཐུན་པའི་རྫས་ཀྱི་ཐུགས་དམ་བསྐང་། །མ་མོ་རྡོ་རྗེ་སྒྲོལ་མ་ཡང་། །འདོད་ཆགས་བྱ་དཀར་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མ་མོ་རྡོ་རྗེ་འདོད་ཆགས་ཀྱང་། །འགྱུར་མེད་བྱ་རོག་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མ་མོ་རྡོ་རྗེ་ཀུན་གསལ་ཡང་། །མུན་མཐོང་འུག་པའི་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང། །མ་མོ་རྡོ་རྗེ་གཡུ་སྒྲོན་མ། །ཁྱིམ་བྱ་ནག་མོའི་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བཀའ་ཉན་སེང་གེའི་མགོ་ཅན་དང་། །ཡང་སྦྲུལ་ཤེལ་སེང་རལ་པ་ཅན། །སེང་གེ་དཀར་པོའི་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མ་མོ་སྟག་གི་མགོ་ཅན་དང་། །ཡང་སྤྲུལ་སྟག་མོ་གསེར་མདོག་ཅན། །སྟག་མོ་དར་མོའི་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྦྲུལ་པ་བྱ་རྒོད་ཐང་ནག་ལ། །ཡང་སྤྲུལ་ཨུར་མོ་སོ་རྣོན་མོ། །བྱ་རྒོད་ཐང་ནག་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྦྲུལ་པ་ཀང་ཀ་ཆེན་པོ་དང་། །ཡང་སྤྲུལ་ལྕགས་ཁྱི་རྐང་གསུམ་མ། །བདུད་བྱ་སྒྱུང་ཁ་མོའི་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུམས་དམ་བསྐང་། །སྲིད་པ་ཆགས་བྱེད་སྤྲུལ་པ་ནི། །སྔོན་མོ་གཡུ་ཡི་རལ་པ་ཅན། །ཚེར་མོར་རག་མོའི་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དཀར་མོ་ཉི་མའི་སྦྱན་གཅིག་མ །གྱི་ལིང་ནག་མེའི་སྙིང་ལ་ཤོག །མཐུན་པའི་རྫས་སྐྱུས་ཐུགས་དམ་བསྐང་། །དམར་མོ་བསེ་ཡི་ཐོད་གདོང་ཅན། །འབར་བ་ལག་སྡེབས་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སེར་མོ་གཟིག་གི་ཤམ་ཐབས་ཅན། །ཟ་བྱེད་སྦྱང་མོའི་སྙིང་ལ་ཤོག །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རྣལ་འབྱོར་ཆག་ཉམས་དག་པར་མཛོད། །ཁ་དོག་བབ་ཀྱི་དམ་པ་དང་། །དྲི་དང་རོ་དང་ཁ་དོག་ལྡན། །གཡའ་མ་སྐྱོལ་དང་རྫས་ལ་ཤོག །འབྱུང་བ་བརྩལ་པའི་རྫས་རྣམས་དང་། །ན་ས་གཡའ་གཡོན་དམར་རྣམས་ལ། །བ་ལམ་དྲེ་སྣ་རྫས་ལ་ཤོག །ལྗང་ཁུ་དམར་དང་དམར་ཆེན་མཛོད། །ལྷུམ་བུ་སྔོ་དང་མཚོན་སྣ་ལྔ། །ཁྲི་སྨྲན་མ་མོ་རྫས་ལ་ཤོག །མཐུན་པའི་རྫས་ཀྱིས་བསྐང་བྱས་པས། །མི་དགའ་པ་རྣམས་དགའ་བར་གྱིས་། །འཁོར་དང་གཡོག་དུ་བཅས་པ་རྣམས། །གང་བྱེད་ལས་དང་རྫས་ཀྱིས་བསྐང་། །བདུད་དང་གིང་དང་བོད་ཁམས་སྐྱོང་། ཁྲ་ཆེན་ཁྲག་དང་བཅས་པས་བསྐང་། །སྒོ་དམ་ཉམས་པར་གྱུར་པ་ཡིས། །མ་མོ་འཁོར་བཅས་མི་དགའ་བ། །ཐེ་ཙོམ་མེད་པར་སྐོངས་པར་འགྱུར། །འདི་སྐོངས་བར་ཆད་མི་འབྱུང་ཞིང་། །བསམ་པ་ཡིད་བཞིན་འགྲུབ་པར་འགྱུར། །གཏོར་མའི་བསྐང་བཟློག་བསྒྲུབ་པ་འདིས། །བསྙེན་དང་ཕན་འདོགས་ཉེ་བ་དང་། །ལས་ཆེན་སྒྲུབ་དང་སྐོངས་བཟློག་འགྱུར། །དཔལ་དང་མ་མོའི་གཏོང་མ་འདིས། །ཀུན་གྱི་གཞུད་བཞིན་བསྙེན་པའི་མཐར། །བྱིན་ཏེ་བཤགས་པས་ཉེ་བར་བྱེད། །བསྒྲུབ་པའི་དུས་སུ་གདུག་རྫས་དང་། །ཀུན་གྱི་གཞུག་དུ་གཏོར་མ་གཉིས། །མཆོད་དང་གསང་པས་སྐོང་ལས་གྲུབ། །ལས་ལ་ཕན་འདོགས་ཡིན་པར་བཤད། །ཉ་དང་གནམ་སྟོང་ཆོས་བརྒྱད་དང་། །རང་རང་རྫས་ཀྱིས་རྣལ་འབྱོར་པ། །མོ་ལ་མཆོད་པ་བྱེད་པ་དེ། །ལུས་དང་གྲིབ་མ་བཞིན་དུ་མཆེད ། །ས་ཕྱོགས་མདའ་གང་ཟླུམ་པོ་ལ། །ཉི་ཤུ་རྩ་བཞིའི་ཆད་དུ་ནི། ཁྲན་ཏིམ་ཙན་དན་དཀར་དྲིས་བྱུག །མེ་ཏོག་རྒྱུ་ནི་རྣམ་ལྔའི་རྩོགས། །མི་དབང་འབྲས་བུ་མམ་ས་ནི། །སྟོད་ནས་བྱུང་བ་རྣམ་པ་ལྔ། །རྩིར་གྱུར་སྟོང་ངམ་ཡང་ན་བརྒྱ། །བརླངས་དང་མ་བརླམས་སྣ་ཚོགས་རྩལ། །ཐོག་ཏུ་གྱུར་པ་རྒྱལ་ཁམས་ཀྱིས། །ཚོགས་པར་གྱུར་པ་ཐམས་ཅད་བླུགས། །དམར་ཆེན་རྣམ་ལྔ་ལ་སོགས་ཏེ། །སྨིན་དང་མ་བྱུང་བྱུང་བར་དུ། །བཅུ་དྲུག་ཆགས་པའི་མཚལ་ཆེན་ནང་མཚལ་ཆེན་དུ་མར་སྦྱར་བ་ལ། །ར་ས་ཡ་ན་རྩ་བརྒྱད་སྟོང་། །དེ་ལ་སྦྱར་ཅིང་བླུགས་པར་བྱ། །མྱོས་བྱེད་སྟོང་ངམ་ཡང་ན་བརྒྱ། །ཐ་མར་གཉིས་ནས་གསུམ་དུ་བླུགས། །ནད་ཀྱི་གཟུགས་ནི་སྤྲེའུ་འམ། །གདོལ་པ་ཁྱི་ཡི་གཟུགས་བྱས་ལ། །མགོ་ནས་རྐང་པའི་བར་དུསྟེ། །ཚོན་སྐུད་དག་གིས་བཅིང་བར་བྱ། །ལྷ་མོ་དཀར་མོ་ཏི། །ཡམ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱིས། །པོས་ཏེ་བྱིན་བརླབས་དབང་བསྐུར་ཞིང་། །ཡོན་ཏན་ལྷར་འགྱུར་བདུད་རྩིར་ནི། ཁུར་ཏེ་མཆོད་ནས་ལས་གྲུབ་པ། །གང་བྱེད་བརྒྱ་ལ་ཤན་ཏིམ་གིས། །སྤེལ་བས་འཁོར་དང་བཅས་པ་ཡི། །ནད་ནི་སྦྲེའུ་འམ་ཁྱི་འདྲ་བ། །གཅད་ཅིང་ག་ས་ནས་ཟད་དམིགས་པའི། །རྒྱ་ཡི་ཁྲུ་དོ་ཟླུམ་ལ་དཀར། ཁྲར་ནས་གནས་ལ་འཕང་བར་བྱ། །རང་གིས་སྤྱར་ན་གོང་དང་མཐུན། །བཅུ་བཞི་བཅོ་ལྔ་བཅུ་དྲུག་ལ། །ཉི་ཤུ་རྩ་གཅིག་བརྒྱ་འམ་སྟོང་། །ནད་པའི་ནད་ཀྱི་རིམ་པར་སྤྱར། །རྒྱས་པ་ས་གཞི་སེར་པོ་ལ། གྲུ་བཞི་སེར་པོའི་སྟེང་ཉིད་དུ། །གོང་གི་པ་ལིང་མཆོད་ཡོན་ལ། །རེ་ཏྲི་འཁོར་བཅས་སེར་མོ་ཡིས། །སྤྱན་དྲང་བྱིན་བརླབས་མཆོད་བྱས་ནས། །རྒྱས་པའི་སྔགས་སྦེལ་བརྒྱ་ཡི་བར། །ཁྲུ་དོ་གྲུ་བཞི་སེར་པོ་ནི། །ལྷོ་ན་གནས་ལ་འཕང་བར་བྱ། །ཚེ་དང་བསོད་ནམས་རྒྱས་པར་འགྱུར། །ཆགས་པའི་དབང་དུདབང་བྱས་ན། །ས་གཞི་མཐའ་བཅགས་ཟླ་གམ་དམར། །སུམ་ཅུ་རྩ་དྲུག་ཚད་ཀྱི་སྟེང་། །བ་ལིང་མཆོད་ཡོན་འདྲ་བ་ལ། །རས་སམ་གྲོ་ག་ཤིང་ཤུན་ལ། གུར་ཀུམ་སྦྱར་པའི་སྔགས་འདིས་བཅིངས། །དབང་དུ་སྦེལ་བར་བྲི་བར་བྱ། །རྫོགས་ནས་དམར་པོའི་འཁོར་བཅས་བོད། །དབང་བསྐུར་བྱིན་བརླབས་མཆོད་བྱས་ནས། །དབང་དང་སྔགས་སྤེལ་བརྒྱ་ཡི་བར། །ཟླ་གམ་ཁྲུ་གསུམ་སྣོད་དུ་ནི། །དབང་གི་གཏོར་མ་མི་ཕན་༄༅ པའི། །སེམས་དང་བཅས་པས་བརླག་བསམ་འཕང་། །མ་མོ་བཞུགས་ཏེ་བདག་སེམས་དང་། །གཅིག་ཏུ་གྱུར་ནས་ཕན་འདོགས་བསམ། །རྒྱས་པ་དང་ལ་ཉི་ཤུ་གཅིག །བརྒྱ་འམ་སྟོང་གི་བར་གྱིས། །དབང་དུ་མ་གྱུར་བར་དུ་བྱ། །དེ་ནས་དྲང་པོ་གསད་འདོད་ན། །དབེན་ལ་གཉེན་པའི་གནས་སམ་ནི། །ཡང་ན་དུར་ཁྲོད་གནས་སུ་བྱ། །གྲུ་གསུམ་ཉི་ཤུ་རྒྱ་དཔངས་སུ། །སོར་གསུམ་བརྩིགས་པར་བ་ལིང་དབྱིབས། །གྲུ་གསུམ་གྲུ་བཞི་ཟླ་གམ་ཟླུམ། །ལས་དང་སྦྱར་རོ་དེབཞེན་ཡང་། །གནག་སེར་དམར་ལ་དཀར་བར་བྱུག །འབྲུ་ནག་ཚ་ཞིང་རྩུབ་པ་དང་། །དམར་ཟིང་འཇམ་མངར་ཆགས་དྲི་ཞིམ། །སེར་ལི་བྱིན་ཚེ་རོ་དྲེ་རྒྱས། །དཀར་ལ་དྲི་ཞིམ་འབྲུ་རྣམས་ལ། །འཕྲིན་ལས་རྣམ་བཞི་གྲུབ་པར་བཤད། །འདི་ནག་དྲག་པོའི་འཕྲིན་ལས་ཏེ། །ལིང་གའི་རྒྱུད་ལས་ལིང་ག་བྱས། །ནམ་མཁའ་གྲུ་སུམ་གྲུ་བཞི་དང་། །ཟླ་གམ་ཟླུམ་པོའི་ནང་དུ་ནི། །པདྨ་འདབ་མ་བརྒྱད་སྟོང་ནི། །ལས་དང་འཐུན་པའི་ཁ་དོག་བྱ། །འདི་ནི་དྲག་པོའི་འཕྲིན་ལས་ཏེ། །ར་བ་དང་པོའི་པདྨ་ནམ་མཁའ་དབྱིངས་དྭངས་པའི་དབྱིངས་ཉི་ཟླ། །མ་གོས་བརྒྱད་ཀྱི་སྟེང་རོ་ལ། །རྫོགས་པ་ཡབ་ཡུམ་ཚུལ་དེ་ཡིས། །ལས་མཐུན་མ་འཁོར་བོས་ནས་ཀྱང་། །ལྟེ་བ་སྟོང་བརྒྱའི་འོག་ཏུ་གཞག །དབང་བསྐུར་བྱིན་བརླབས་དམ་བསྲེ་བསྒོ། །རང་རྟགས་མཐུན་པར་ལས་དང་ནི། །རྫས་དང་རྫས་ཀྱི་དབང་ཡང་བསྐུར། །ནད་དང་སྡིག་པར་གྱུར་པ་དང་། །རྒྱས་པ་དབང་གི་བར་ཆད་བགེགས །ཤ་ཆུའི་བདུད་རྩི་ལྔ་དང་ནི། །དབང་པོ་ལྔ་ཡང་བཀུག་སྟེ་མཆོད། །ཞུ་བར་གྱུར་པས་མཆོད་པའི་རྫས། །དུད་དང་པུ་ལ་སོགས་པ་ཡང་། །ལས་དང་མཐུན་བར་མཆོད་པར་བྱ། །འདི་ནི་དྲག་པོའི་འཕྲིན་ལས་ཏེ། ལྷོ་ཕྱོགས་སྦྱོར་བ་དྲག་པོ་སྟེ། རྒྱ་དང་འཕངས་སུ་བཞི་བཅུ་བརྒྱད། །ནང་དུ་ཤ་ཆུཁེ་གཟུགས་བརྙན་གཞག །ཛ་དང་ཕཊ་ཀྱིས་བརྒྱན་པར་བྱ། །སྨྱོ་དང་ཐུན་སྨྱོས་ཕྱོགས་བཞིར་བརྒྱན། །སྐམ་ཐུན་བྱས་ལ་ཐིག་ལེ་སྟོང་། །མོའི་ཁ་སླངས་མཁའ་དང་ས། །ནད་དང་མ་མོས་གསོད་དམིགས་ཏེ། ཁྲ་ཆུཁེ་གཟུགས་ལ་འཕང་བར་བྱའོ། །དགྲ་བགེགས་རྣམ་པ་གཉིས་ལ་ཡང་། །ཉི་ཤུ་རྩ་གཅིག་སྟོང་བརྒྱ་ནི། ཁུ།བ་པའི་དབང་དུ་བྱས་ཏེ་འཕང་། །ཉི་ཤུ་རྩ་གཅིག་ཐོན་པ་དང་། །དྲག་པོ་ཆེན་པོ་གཏོང་བའི་ཚེ། །བྱང་ཤར་མཚམས་སེ་དབེན་གང་ལྤག ཁུ།་གསུམ་ནང་དུ་གོང་བཞིན་མཆོད། །བརྒྱ་ཡིས་སྤེལ་ཏེ་ཕྱོགས་སུ་འཕང་། །དེ་ཚེ་བསྐུལ་པའི་ཚིག་བརྗོད་པ། །ཧཱུཾ༷། ཁྲར་ཕྱོགས་སྟོང་གི་འཇིག་རྟེན་ན། །དར་དཀར་གུར་ཕུབ་ཀངས་སེ་ཀངས། །དུང་གི་ཚུགས་ཤིང་ཏྲངས་སེ་ཏྲངས། །བྱི་རུའི་རེ་ཐག་རྒྱངས་སེ་རྒྱངས། །དངུལ་གྱི་ཕུར་བཞི་ཐམས་སེ་ཐམས། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །སྨྲ་བོ་ལག་རིངས་ཀུན་དུ་ཉབ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །ནམ་གྲུ་ཁྲམ་ཐོགས་ཡེ་རེ་རེ། །དེ་ཡུལ་དེ་སའི་མངའ་བདག་ནི། །མི་བཟད་རྡོ་རྗེ་རལ་གཅིག་མ། །དར་དཀར་ལ་འུ་འཇོམ་ལོ་ལོ། །ཟ་འོག་ཞབ་མ་གཡུ་བརྒྱན་ཅན། །ནམ་མཁའི་རྒྱལ་མོ་རེ་རེ། །ཁྱི་དང་ཕག་པ་བློ་གར་འབྲེང་། ཁུལ་ནས་ནམ་གྲུ་བོང་བུ་ཞོན། ཁྲར་གྱི་གཏོར་བདག་གཏོར་མ་ལོང་། །ང་ཡ་དགྲ་བོ་ལས་ངན་ལ། །ཁྲག་གི་ཁ་ཆུས་ཐོབ་ལ་དུག་གི་སྒྱུགས་པས་གཏོར། །བཅོལ་པའི་ལས་རྣམས་གྲུབ་པར་གྱིས། །སྨྱོ་ཙ་ཡ་བཛྲ་སྨྱོ། ཁྲར་དང་ལྷོ་ཡི་མཚམས་ཤེད་ན། །མཐིང་གི་གུར་ཅིག་ལྡེམས་སེ་ལྡེམས། །དུང་གི་ཆུགས་ཤིང་བྲེངས་སེ་བྲེངས། །དངུལ་གྱི་ཕུར་བཞི་ཐམས་སེ་ཐམས། །བྱུ་རུའི་རེ་ཐག་བྲེང་སེ་བྲེངས། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །སྨྲ་བོ་ལག་རིངས་ཀུན་ཏུ་ཉབ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །ར་ཧུའི་ཁྲམ་ཐོག་ཡེ་རེ་རེ། །དེ་ཡུལ་དེ་སའི་མངའ་བདག་ནི། །དྲང་སྲོང་དཀར་གྱི་མཆེ་བ་ཅན། །དར་དཀར་ལ་འི་འཇོལ་ལོ་ལོ། །ནམ་མཁའ་རྒྱལ་མཚན་ཡེ་རེ་རེ། །གཟའ་དང་སྐར་མའི་ཆོ་འཕྲུལ་ལ། ཁུལ་ནས་ནམ་གྲུ་བོང་བུ་ཞོན། །ཤར་ལྷོའི་གཏོར་བདག་གཏོར་མ་ལོང་། །ང་ཡི་ལས་ངན་འགྲོ་བོ་ལ། །ཁྲག་གི་ངན་ཆུ་དུག་གི་ངན་སྒྱུགས་གཏོར། །བཅོལ་བའི་ལས་རྣམས་གྲུབ་པའི་གྱིས། །ཧཱུཾ༷། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །སྔོ་ནག་གུར་ཅིག་ལྡམས་སེ་ལྡེམས། །དུང་གི་ཚུགས་ཤིང་་་ས་སེ་ཏྲངས། །བྱུ་རུའི་རེ་ཐག་བྲེངས་སེ་ངས་། །དངུལ་གྱ་ཕུར་བ ་ཐམས་སེ་ཐམས། །དེ་ཡ་སྒོ་ཁྱུད་གཡས་པ་ལ། །སྨྲ་བ་ལག་རིངས་ཀུན་ཏུ་ཉབ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །གཤིན་རྗེ་ཁྲམ་ཐོགས་ཡེ་རེ་རེ། །དེ་ཡིལ་དེ་སའི་མངའ་བདག་ནི། །དཔལ་ལྡན་ནག་མོ་རེ་མ་ཏི། །སྔོ་ནག་ལ་འུ་འཇོལ་ལོ་ལོ། །ཟ་འོག་ཞབ་མ་གཡུ་བརྒྱན་ཅན། །ནམ་མཁའ་དབྱིངས་ཕྱུག་ཡེ་རེ་རེ། །ཁྱི་མོ་ནམ་མོ་ཤེལ་མིག་འབྲེང་། ་།ལ་ནས་ནམ་གྲུ་བོང་བུ་ཞོན། །ལྷོ་ཡི་གུར་བདག་གཏོར་མ་ལོང་། །ང་ཡི་དགྲ་བོ་དམ་ཉམས་ལ། །ཁྲག་གི་ཁ་ཆུ་དུག་གི་སྐྱུགས་པ་ཕྱུང་། །མ་མ་དྲག་མོ་སྨྱོ་སྨྱོ་སྦྱོ། །ལྷོ་དང་ནུབ་ཀྱི་མཚམས་ཤེད་ན། །མཐིང་གི་གུར་ཅིག་སྐངས་སེ་སྐངས། །དུང་གི་ཚུགས་ཤིང་ལྡེམས་སེ་ལྡེམས། །བྱི་རུའི་རེ་ཐག་བྲེངས་སེ་བྲེངས། །དངུལ་གྱི་ཕུབ་བཞི་ཐམས་སེ་ཐམས། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །སྨྲ་བོ་ལག་རིངས་ཀུན་ཏུ་ཉབ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །སྲིན་པོ་ཁྲམ་ཐོགས་ཡེ་རེ་རེ་། །དེ་ཡུལ་དེ་སའི་མངའ་བདག་མོ། །སྲིན་པོ་ནག་མོ་རེ་མ་ཏི། །དམར་ནག་ལའུ་འཇོལ་ལོ་ལོ། །ཟ་འོག་ཞབས་མ་གཡུ་བརྒྱན་ཅན། །ནམ་མཁའི་རྒྱལ་མཚན་ཡེ་རེ་རེ། །སྟག་མོ་ཁྲ་མོ་ཤུལ་ནས་འབྲེང་། །རྗེས་ནས་ནམ་གྲུ་བོང་བུ་ཤོན། །ལྷོ་ནུབ་གུར་བདག་གཏོང་མ་ལོང་། །ང་ཡི་དགྲ་བོ་དམ་ཉམས་ལ། །ཁྲག་གི་ཁ་ཆུ་ཐོབ་ལ་དུག་གི་ གས་པ་གཏོར། །མ་མ་ར ་མ་་་་། ། བ་ཕྱོགས་ ང་གི་འཇིག་ ན། །དར་དམར་གུར་ཅིག་སྐངས་སེ་སྐངས། །དུང་གི་ཚུགས་ཤིང་ལྡེམས་སེ་ལྡེམས། །བྱི་རུའི་ཐག་བྲེངས་སེ་བྲེངས། །དངུལ་གྱི་ཕུར་བཞི་ཐམས་སེ་ཐམས། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །སྨྲ་བོ་ལག་རིངས་ཀུན་ཏུ་ཉབ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །ཀླུ་བདུད་ཁྲམ་ཐགོས་རེ་རེ་ཡོད །དེ་ཡུལ་དེ་སའི་མངའ་བདག་ནི། །འོག་ནི་ནག་མོ་སྐྲུས་འགྲོ་མ། །དེ་མདར་ལ་འུ་འཇོལ་ལོ་ལོ། །ཟ་འོག་ཞབ་མའི་གཡུ་བརྒྱན་ཅན། །ནམ་མཁའི་རྒྱལ་མཚན་ཨེ་རེ་རེ། །ཀང་ཀ་ནག་མོ་ཤུན་འདྲེན་མ། ཁུལ་ནས་ནམ་གྲུ་བོང་བུ་ཤོན། །ནུབ་ཀྱི་གཏོར་བདག་གཏོར་མ་ལོང་། །ནད་པའི་ནད་རྣམས་ཞི་བར་མཛོད། །མ་མ་ནཱ་ག་མ་སྨྱོ་སྨྱོ། །དེབ་ཏད་ཏྭ་བྲན་ཏིང་ཀུ་རུ་སྲུཧྭ། །ནུབ་དང་བྱང་གི་མཚམས་ཤེད་ན། །སྔོ་ནག་གུར་ཅིག་སྐངས་སེ་སྐངས། །དངུལ་གྱི་ཚུགས་ཤིང་ལྡེམས་ལྡེམས། །བྱི་རུའི་རེ་ཐག་བྲེངས་སེ་བྲེངས་། །དངུལ་གྱི་ཕུར་བཞི་ཐམས་སེ་ཐམས། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །སྨྲ་བོ་ལག་རིངས་ཀུན་ཏུ་ཉབ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །རླུད་བདུད་ཁྲམ་ཐོག་ཡེ་རེ་རེ། །དེ་ཡུལ་དེ་སའི་མངའ་བདག་ནི། །རླུད་མ་མངག་བྱེད་རེ་མ་ཏི། །སྔོ་ནག་ལ་འི་འཇོལ་ལོ་ལོ ཟ་འོག་ཞབས་མ་གཡུ་བརྒྱན་ཅན། །ནམ་མཁའི་རྒྱལ་མཚན་ཡེ་རེ་རེ། །བྱ་རྒོད་ཐང་ནག་ལམ་སྣ་འདྲེན། ཁུལ་ནས་ནམ་གྲུ་བོང་བུ་ཞོན། །ནུབ་བྱང་གུར་བདག་གཏོར་མ་ལོང་། །ཚེ་དང་བསོད་ནམས་རྒྱས་པར་སྤེལ། །པ་ཡ་པ་མ་མ་མ་སྨྱོ་སྨྱོ། །དེ་བ་ཏད་ཏྭ་པུཁྱི་ཀུ་རུ་གྲྭཧྭ། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །དར་སར་ལྗང་གུར་སྐངས་སེ་སྐངས། །དུང་གི་ཚུགས་ཤིང་ལྡེམས་སེ་ལྡེམས། །བྱི་རུའི་རེ་ར་ཐོག་བྲེངས་སེ་བྲེངས། །དངུལ་གྱི་ཕུར་བཞི་ཐམས་སེ་ཐམས། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །སྨྲ་བོ་ལ་རིངས་ཀུན་ཏུ་ཉབ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །གནོད་སྦྱིན་ཁྲམ་ཐོགས་ཡེ་རེ་རེ། །དེ་ཡི་ལོགས་སམ་ནང་ཤེད་ན། །དཔལ་ལྡན་གནོད་སྤྱིན་ཨ་ཀ་བཞུགས། །ལྗང་ནག་བོར་ཆེན་འཇོལ་ལོ་ལོ །ཟ་འོག་ཞབས་མ་གཡུ་བརྒྱན་ཅན། །ནམ་མཁའ་རྒྱལ་མཚན་ཡེ་རེ་རེ། །སེང་གེ་དཀར་མོས་ལམ་སྣ་འདྲེན། ་།ལ་ནས་ནམ་གྲུ་བོང་བུ་ཞོན། །བྱང་གི་གུར་བདག་གཏོར་མ་ལོང་། །སྡང་སེམས་ལྡན་པ་བྱམས་པར་མཛོད། །ཀུ་བེར་མ་མ་ཁ་རག་མ་སྦྱོ་སྦྱོ། །དེ་བ་ཏད་ཏྭ་བ་ཤ༷་ཀུ་རུ་གྲྭཧྭ། །བྱང་དང་ཤར་གྱི་མཚམས་ཤེད་ན། །བྱི་རིའུ་གུར་དམར་སྐངས་སེ་སྐངས། །དུང་གི་ཚུགས་ཤིང་ལྡེམས་སེ་ལྡེམས། །བྱི་རིའི་ར་ཐག་བྲེངས་སེ་བྲངས། །དངུལ་གྱི་ཕུར་བཞི་ཐམས་སེ་ཐམས། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །སྨྲ་བོ་ལག་རིངས་ཀུན་ཏུ་ཉབ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །ལོག་འདྲེན་ཁྲམ་ཐོག་ཡེ་རེ་རེ། །དེ་ཡི་ལོགས་སམ་ནང་ཤེད་ན། །རྔ་མོ་ནམ་གྲུ་རེ་མ་ཏི། །དམར་ནག་ལ་འི་འཇོལ་ལོ་ལོ། །ཟ་འོག་ཞབས་མའི་གཡུ་བརྒྱན་ཅན། །ནམ་མཁའི་རྒྱལ་མཚན་ཡེ་རེ་རེ། །མི་འགྱུར་བྱ་རོག་ལག་སྣ་འདྲེན། ཁུལ་ནས་ནམ་གྲུ་བོང་བུ་ཞོན། །བྱང་ཤར་གུར་བདག་གཏོར་མ་ལོང་། །ང་ཡི་དམ་ཉམས་དགྲ་བོ་ལ། ཁྲག་གི་ཁ་ཆུས་ཐོབ་ལ་དུག་གི་སྒྱུགས་པ་ཕྱུང་། །ཨི་ཤ་མ་མ་སྨྱོ་སྨྱོ། །རུ་ལུ་རུ་ལུ་ཆེ་གེ་མོ་མྱ་ར་ཡ་ཕཊ་ཐུན་སྨྱོ། །སྟེང་གི་ཕྱོགས་ཀྱི་ཞིང་ཁམས་ནས། ཁྲེལ་གྱི་གུར་ཆེན་ལྡིང་བ་ན། །སྨྲ་བོ་ལག་རིངས་གཡས་ན་སྡོད། །ལྷ་བདུད་ཁྲམ་ཐོགས་གཡོན་ནས་འདེབས། །ནང་ནས་ལྷ་མོ་རེ་མ་ཏི། །དར་དཀར་ལ་བུ་ཞབས་མར་ལྡན། །ལྷ་ཡི་རྒྱལ་མཚན་ཡེ་རེ་རེ། །ལྷ་གཡག་ཟལ་མོས་ལམ་སྣ་འདྲེན། ཤུལ་ནས་ནམ་གྲུ་བོང་བུ་ཤོན། །སྟིང་གི་གུར་བདག་ཆེན་མོ་སྟེ། །འདིར་གཤེགས་རྒྱན་གྱི་གཏོར་མ་ལོང་། །ས་འོག་རྡོ་རྗེ་གདན་འོག་ནས། །མཚོ་ལ་གུར་ཆེན་ཅི་ལི་ལི། །སྨྲ་བོ་ལག་རིངས་གཡས་ན་ཉབ། །ས་བདག་ཁྲམ་ཐོགས་པ་གཡོན་ན་སྡོད། །ནང་ན་ནག་མོ་སྤྲོས་འགྲོ་མ། །དར་ནག་ལ་བུ་ཞབས་མར་ལྡན། །ས་བདག་རྒྱལ་མཚན་ཡི་རེ་རེ། །ལྟོ་འཕྱིན་ནག་པོས་ལམ་སྣ་འདྲེན། ཁུལ་ནས་ནམ་གྲུ་བོང་བུ་ཞོན། །འདིར་གཤེགས་རྒྱན་གྱི་གཏོར་མ་ལོང་། །ཨུ་མ་ནཱ་ཤཱ་སྦྱོ་སྨྱོ། །རྣལ་འབྱོར་ཉམས་ཏེ་མཚན་ངན་ན། །བ་ལིང་བྱིན་ཏེ་དེ་དུས་བསྐུལ། །བསྙེན་དབྱངས་སྙན་པས་བསྐུལ་ཏེ་བསྐང་། །ཉམས་པ་སེལ་འགྱུར་ཐེ་ཙོམ་མེད། །རང་ངམ་གཞན་གྱི་སྡེ་བ་ཡིས། །ལྷཀླུམམོགཤིནརྗེཡིས། །གནོད་པའི་སྦྱོར་པས་གནོད་བྱེད་པ། །བཟློག་པའི་གཏོར་མའི་འདི་ལྟར་རོ། །དབེན་ལ་གཉན་པའི་གནས་སུ་ནི། །གྲུ་གསུམ་ཉི་ཤུ་རྩ་བཞིར་ཐུར། །སོལ་བས་བྱུགས་པའི་ཁ་ཁྱེད་ལ། །མ་དང་ཐུན་ཟློག་སྤེལ་ནང་དུ། ་་ཏྲུ་ལིང་ག་འོག་མ་ལ་མ། །མགྲིན་གནསལམ་དང་སྙིང་ག་གསུམ། །ཐུན་བཟློག་སྨྱོ་དང་མ་དང་སྤེལ། །དངོས་ཀྱི་ས་དང་བརྗིད་པའི་ས། །མ་མོའི་གནས་ས་ལིང་ག་ཅིག །ཙ་དུར་ས་ལས་ཆོས་ཀྱི་སྐུ། །གཟུགས་བསྙན་ཁྲུ་དོ་རྒྱས་པར་བྱ། །ནག་པོར་བྱུགས་པའི་རྨང་དུ་ནི། །གོང་གི་ཤ་ཆུཁི་གཟུགས་ཀྱང་གཙུག །རི་རབ་སྟེང་དུ་གནོད་སྦྱིན་མོ། །དེ་ཡི་སྟེང་དུ་བདུད་མོ་ཉིད། །གསུམ་པ་ཕྱོགས་བཞིར་རེ་ཏྲི་བཞི། །བཞི་ལ་ཚོགས་ཀྱི་རྗེ་མོ་སྣྲི། །ལྔ་ལཁྲག་འཐུང་ཚོགས་ཀྱིས་སོ། །ཟླུམ་པོའི་ནང་དུ་ཡབ་ཡུམ་གཉིས། །གཏོར་མ་མཆོད་ཡོན་སྐམ་ཐུན་ཡིན། །གོང་མ་བཞིན་དུ་བཤམ་པར་བྱ། །གཉིས་མེད་ཆོས་ཀྱི་སྐུ་ལས་ནི། །སྐད་ཅིག་ཅིག་པའི་ཏང་འཛིན་གྱིས། །ཡབ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱིས། །རྗེ་མོ་མོ་མོ་བདུད་གནོད་སྤྱིན། །རིམ་པས་བསྐོར་ཅིང་གནན་པར་བསྒོམ། །སྤྱན་དྲངས་བྱིན་བརླབས་དབང་བསྐུར་ལ། །མཆོད་པའི་བྱེ་བྲག་དེ་ལ་མཆོད། །རིམ་པར་སྦྲུལ་ཅིང་མཆོད་པས་ནི། །བཟློག་གནན་བསྒོམས་ཏེ་འཕྲིན་ལས་བཅོལ། །མི་ཡས་གནན་ཏེ་སྐམ་མཐུན་ལ། །སྟོང་དུ་ཐུན་བཟློག་སྤེལ་བས་གསད། །བདུན་དངཉིཤུརྩགཅིགདང། །བརྒྱ་ཡི་བར་དུ་བསྒྲུབ་པར་བྱ། །ཡང་ན་བཅས་གཞག་དུས་ལ་བྱ། །ནམ་ཞིག་གུས་པར་གྱུར་པ་ན། །དཀྱིལ་འཁོར་བསྡུས་ཏེ་གཟུགས་བརྙན་ནི། །མི་སྡུག་གཞན་གྱི་ཕྱོགས་སུ་སྤ། །གལ་ཏེ་གུས་པར་མ་གྱུར་ན། །ནམ་རྒུད་མ་རླག་པར་དུ་མི། །དུར་ཁྲོད་གནས་སུ་དེ་བཞིན་སྦའོ། །ཡང་ན་ཕྱོགས་སུ་དེ་བཞིན་ཏེ། །བར་དུ་དགྲའི་ཕྱོགས་སུ་ཉིད། །གཞུ་འཇོམས་བརྒྱ་ཡིས་ཚད་དུ། །ཁྲུ་བཞི་གྲུ་གསུམ་བརྐོས་པའི་ནང་། །ལིང་ག་གོང་མ་བཞིན་དུ་གཞུག ། །མི་གསལ་ཁྲག་གིས་བྲིས་པ་ལ། །གཏོར་མ་ཡོད་ཚད་དེ་ལ་འཕང་། །འདོམ་གང་ས་རུ་གཟུགས་བརྙན་ནི། །གཞུད་འདོམ་བརྒྱ་ཡི་ས་ཚད་དུ། ཁུ་གསུམ་རྒྱས་པའི་གདན་ཁྲིའི་འོག །སེང་ཕྲུག་གཉིས་འཛིངས་ཅིག་ཤོས་ཝ། །ཝ་ཉིད་ཐུ་ལུམ་རླག་པར་འགྱུར། །དུས་ཟད་ཚེ་ན་སྒྲུབ་པའི་ཐབས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །དུས་བབ་མ་བབ་བརྟག་པ་ནི། །གནས་དང་འགྲོ་དང་གང་ནས་འབྱམ། །བསྒོམ་པས་ཐག་གཅད་དེ་རྗེས་སུ། །དུས་ལ་བབ་ན་བསྣུན་པའི་ཐབས། །བདག་ཉིད་ཚེ་ཡི་རིག་པར་གསལ། །གྲོགས་མོ་ཚེ་ཡི་ཡེ་ཤེས་ཉིད། །གསལ་བ་སྙོམས་ལ་འཇུག་པ་ལས། །འདྲེས་གྱུར་འཕྲ་མེན་མ་བྱུང་བ། །རིགས་ལྔའི་གནས་གསང་ཁྱབ་བྱས་ཏེ། །ཆགས་པའི་ཐུགས་བསྐྱོད་དགྱེས་པ་བསྐྱེད། །བདེ་བའི་མཆོད་པ་ཕུལ་བའི་རྗེས། །མ་ཅིག་འདོད་ཁམས་དབང་ཕྱུག་ལ། །གོངབཞིན སྤྲོས་ཏེ་མཆོད་པར་བྱ། །སྤྲུལ་བའི་ཚོགས་ལ་འམ་དེ་བཞིན་ནོ། །ཚེ་སྲོག་དབང་བྱེད་འབྱུང་ལྔ་དང་། །འདོད་ཁམས་དབང་ཕྱུག་སྤྲུལ་བར་བཅས། །ཚེ་སྲོག་དྲངས་ནས་གཏོར་ཟ་བ། །མི་གཏོར་མི་ཟ་ག་འུ་དང་། །ལུས་ལ་མཆོད་དགྱེས་འཛིན་པ་ནི། །སྣུར་བའི་ཐབས་ཏེ་དེ་ཡི་ཚེ། །བསྐུལ་པའི་ཚིག་ནི་འདི་སྐད་བརྗོད། །ཚེ་སྲོག་རིག་པའི་ཡེ་ཤེས་ལས། །གསང་བ་བདེ་བའི་འོད་བྱེད་བ། །རྡོ་རྗེའི་ལམ་ནས་པདྨར་བསྐྱིལ། །མ་ཆགས་མི་ལེན་འཕྲོ་འདུ་ཡིས། །ཡུམ་གྱི་ཐུགས་དམ་རེ་བསྐང་ལ། །འགྲོ་བའི་ཚེ་དཔལ་བརྟན་མཛད་པ། །བདེ་བ་རྒྱས་འདེབས་ཚེ་འདིར་རྡོ་རྗེར་བརྟན། །བདེ་བ་རྨོངས་བྱེད་ཚེ་འདིར་པོདྨར་སྦྱོར། །བདེ་བ་ཟ་བྱེད་ཆེ་འདི་རྒྱས་པར་སྦེལ། །བདེ་བ་ཚེ་ཕེལ་འགྲོ་བའི་རེ་བ་བསྐོངས། །བདེ་ཀློང་ཡངས་པ་སྲིད་པ་ཀུན་གྱི་ཡུམ། །འདོད་ཁམས་དབང་ཕྱུག་ཚེ་སྲོག་བརྟན་པར་འཛིན། །སྤྲུལ་པའི་དབང་ཕྱུག་དགྱེས་ནས་ལེགས་པར་འཛིན། །གང་འདིར་དུས་ལ་བབ་ཀྱང་སླར་བསྣུར་ཅིག །མཁའ་བཞི་དབྱིངས་ལྔ་ཐུགས་དཀྱིལ་དུ། །རིན་ཆེན་གའུ་བརྩེགས་པའི་ནང་། །བཅུག་སྟེ་རྟ་མགྲིན་དབང་གིས་བསྲུང་། །བསྐུལ་ཚིག་སྙན་པ་འདི་སྐད་བརྗོད། ཁྲར་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་སྒྱུར་པ། །སྐུ་མདོག་དཀར་པོ་འགྱིང་བ་ལ། །སྤྱན་གསུམ་དུང་གི་ལན་ཚར་ཅན། །འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོ། །མ་ཆགས་ཐབས་ལ་མངོན་པར་རོལ། །གསང་བའི་མཁའ་ཉིད་ཤེལ་གྱི་ག་འུར་ཁྱིལ། །གཡས་ཀྱི་ཕྱག་ན་རྡོ་རྗེ་རྩེ་གསུམ་བསྣམས། །བཡོ།ན་ན་གའུ་ཉིད་ལ་བརྟེན། །རྡོ་རྗེ་རྩེ་གསུམ་ཤར་ཕྱོགས་དབང་དུ་བསྡུད། སེལ་གྱི་ག་འུར་ངེས་པར་ཚེ་གཏམས་སོ། །ལྷོ་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་སྒྱུར་མ། །སྐུ་མདོག་སྔོན་མོ་འགྱིངས་མ་ལ། །ནོར་བུ་རིན་ཆེན་ལན་འཕྲན་ཅན། །སྤྱན་གསུམ་མཆེ་བ་གཙིག་མཛད་མ། །འོད་ཟེར་སྔོན་མོ་ཕྱོགས་བཅུར་འཕྲོ། །གཉིས་སུ་མེད་པས་ཐབས་ལ་རོལ། །གསང་བའི་མཁའ་ལ་རིན་ཆེན་ག་འུར་བསྤྱིལ། །གཡས་ཀྱི་ཕྱག་ན་ནོར་བུ་རིན་ཆེན་ཀེ་ཀེ་སྲ །གཡོན་གྱི་གའུ་ཉིད་ལ་བརྟེན། །ནོར་བུ་རིན་ཆེན་ཀེ་ཀེ་རུས། །ལྷོ་ཕྱོགས་འཛམ་གླིང་དབང་དུ་སྡུད། །རིན་ཆེན་ག་འུར་ངེས་པའི་ཚེ་གཏམས་སོ། །ནུབ་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་སྒྱུར་མ། །སྐུ་མདོག་དམར་མོ་འགྱིངས་མ་ལ། །སྤྱན་གསུམ་བྱི་་རུའི་ལན་ཕྲན་ཅན། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོ། །མི་ལེན་ཐབས་ལ་ངེས་པར་རོལ། །གསང་བའི་མཁའ་ལ་བྱི་རུའི་ག་འི་བསྤྱིལ། །གཡས་ཀྱི་ཕྱོག་ན་པདྨ་དགུ་བརྩེགས་བསྣམས། །གཡོན་པ་གའུ་ཉིད་ལ་བརྟེན། །པདྨ་དགུ་བརྩེགས་ནུབ་ཕྱོགས་དབང་དུ་སྡུད། །བྱི་རུའི་ག་འུར་ངེས་པའི་ཚེ་གཏམས་སོ། །བྱང་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་སྒྱུར་མ། །སྐུ་མདོག་ལྗང་ཁུ་བསྤྱིངས་བ་ལ། །སྤྱན་གསུམ་རྡོ་རྗེའི་ལན་འཕྲན་ཅན། །འོད་ཟེར་ལྗང་ཁུ་ཕྱོགས་བཅུར་འཕྲོ། ཁྲུབ་པའི་ཐབས་ལ་མངོན་པར་རོལ། །གསང་བའི་མཁའ་ལ་རྡོ་རྗེ་ག་འུར་བསྤྱིལ། །གཡས་ཀྱི་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམ། །གཡོན་པ་ག་འུ་ཉིད་ལ་བརྟེན། །རྡོ་རྗེ་རྒྱ་གྲམ་བྱང་ཕྱོགས་དབང་དུ་སྡུད། །རྡོ་རྗེ་ག་འུར་ངེས་པའི་ཚེ་གཏམས་སོ། །སྟེང་འོག་བདེ་ཆེན་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་མངའ་མཛད་མ། །ཅིར་ཡང་འགྱུར་པའི་སྐུ་མདོག་ལ། །སྤྱན་གསུམ་ལན་འཕྲན་ཅིར་ཡང་འཕྲོ། །ཆེད་འགའ་གཡུའི་འོད་ཟེར་སྨུ་ཚོགས་གླིང་བཞི་འཕྲོ། །གཉིས་མེད་བརྟན་པའི་ཐབས་ལ་མངོན་པར་རོལ། །གསང་བའི་མཁའ་ལ་གཡུ་ཡི་ག་འུར་འཁྱིལ། །གཡས་ཀྱི་ཕྱག་ན་རུས་དུང་ཞིང་གི་རུ་མཚོན་འཕྱར། །གཡོན་ན་བན་ད་རཀྟས་བཀང་ནས་གའུ་ཉིད་ལ་བརྟེན། །རུས་དུང་ཞིང་གི་གཡང་གཞིས་སྲིད་པ་ཐམས་ཅད་དབང་དུ་སྡུས། །གཡུ་ཡི་ག་འུར་ངེས་པའི་ཚེ་གཏམས་སོ། །ནམ་མཁའ་མཐོན་པའི་དཀྱིལ་ཡངས་ནས། །འདོད་ཁམས་ཀུན་ལ་དབང་སྒྱུར་ཞིང་། །འཛམ་གླིང་ཚེ་སྲོག་མངའ་མཛད་མ། །སྐུ་མདོག་དམར་ནག་འབར་པ་ལ། །འོད་ཟེར་དམར་ནག་ཕྱོགས་བཅུར་འཕྲོ། །སྲོག་གཅོད་ལས་ལ་མངོན་པར་བཙོན། །གཡས་ནི་སྙིང་གི་འཕྲེང་བ་བགྲང་། །གཡོན་ན་རིན་ཆེན་བུམ་པ་བསྣམས། །ཐུགས་དཀྱིལ་རིན་ཆེན་ཟ་མ་ཏོག །སྙིང་གི་འཕྲེང་བས་ཀུན་གྱི་སྙིང་འབྱིན་མ། །རིན་ཆེན་བུམ་པར་སྣང་སྲིད་ཚེ་བསྡུས་ནས། །རིན་ཆེན་ཟ་མ་ཏོག་ཏུ་ཚེ་གཏམས་སོ། །དེ་ལྟར་ཚེ་གཏམས་རྒྱས་བྱའི་ཕྱིར། །གཟུགས་ཉིད་རྟ་མགྲིན་མཆོག་ཏུ་སྒོམ་། །ཙིསྟ་རིན་ཆེན་གའུ་ལ། །ཉི་ཟླ་ཁ་སྦྱར་ཁི་འོད་འབར། །རྗོ་རྗེ་པདྨ་འཛིན་པ་ལ། །ཨ་དཀར་ཨུ༷་དམར་གོ་རིམས་བཞིན། །རྩེ་གསུམ་རྩེ་ལ་རབ་གཞག་སྟེ། །སྐྲུ་གུ་ཁོང་སྟོང་ཉི་ཟླར་སྦྱར། །ཡིག་འབྲུ་བརྒྱད་པོ་ཁི་ལ་བསྐོར། །གསང་པ་དགེས་པའི་འཕྲོ་འདུ་ཡིས། །ལྔ་དྲུག་ཕབ།་ནས་ཁ་སྦྱར་དཀྱིལ། །རྩེ་ནས་གཏིམ་ཞིམ་འོད་དུ་འབར། །ལས་ཀྱི་རླུ་་ཡང་སྡོམ་པར་བྱེད། །རྗེས་ལ་རྡོ་རྗེ་ཐག་པས་བཅིངས་། །དེས་ཀྱང་གལ་ཏེ་མ་འདྲོངས་ན། །ལྷག་པ་ལྷ་ཡི་སྙོམས་འཇུག་གིས། །མཁའ་དབྱིངས་ལྔ་ཡི་ཐུགས་དམ་བསྐངས། །ཨ་ཨེ་རྒྱུན་མི་འཆད་པར་དགེས། །ཅི་ནས་གཅིག་ཏུ་གནས་གྱུར་ནས། །རང་གི་ཤེས་རབ་ག་འུར་དྲང་། །སྲོག་གི་ངོ་བོར་གསལ་བསྒོམས་ཏེ། ཁེས་རབ་དབང་གི་མཆོད་པ་འབུལ། །དྭངས་མའི་ལམ་དུ་བྱུང་ནས་ཀྱང་། །རང་གི་གནས་སུ་སྲས་གཞག་པ། །ཡེ་ཤེས་སྦས་པའི་ཚེ་ཞེས་བྱ། །དུས་ལ་བབ་པའི་ཚེ་བསྒྲུབས་ནས། །ཉམས་པ་སྒྲུབ་པའི་ཐབས་བསྟན་པ། །ཉམས་པའི་རྟགས་དག་བྱུང་བ་ན། །ཚེ་རྟེན་ཉི་ཤུ་རྩ་ལྔ་ལ། །རྟ་མགྲིན་དབང་དུ་གསལ་བ་ཡིས། །ཕྱོགས་བཞི་མཚམས་བཞིར་གནས་པ་ཡི། །རེའུ་ཏྲི་བརྒྱད་བསྐུལ་འོད་ཟེར་དང་། །བརྟེན་དབྱངས་ཚིག་བསྐུལ་དེ་བཞིན་ནོ། །ཨོ་ཐོརྫི་བསྡོ་ཉི་ཏ་ཕཊ། །ཧཱུཾ༷་ནི་ཧཱུཾ༷་ནི་ཛ༷༷ཧཱུཾ༷་བ༷་ཧོ། །མ་མ་སྨྱོ་མ་སྨྱོ། །ཚེ་ཉིད་ཁེ་ལ་འཕེལ་བརྟན་ནས། །ཉི་ཟླའི་སྟེང་དུ་གནས་པ་དེ། །ཚེ་རྟེན་རྡོ་རྗེ་གུར་ནང་དུ། །ན་ཐིང་སྐྱའི་ཧཱུཾ༷་དུ་ག་འུར་བསྟིམ། །རྟ་མགྲིན་ཡབ་ཡུལ་སྒོ་སྲུངས་ལ། །ཁྲོ་བོ་བཅུ་ཡིས་མཚམས་གཅད་ལ། །རྒྱས་བཏབ་མི་འགྱུར་བརྟན་པར་བྱའོ། །རྟགས་དག་ངེས་པར་བྱུང་བ་དང་། །རྒྱས་བྱས་གནས་ལྔར་འབྲུ་ལྔ་སྟེ། །ཉི་ཟླ་ཁ་སྦྱར་དཀྱིལ་དུའོ། །རྡོ་རྗེ་གོ་བསྐོན་སྐ་ནན་བྱ། །དེས་ནི་ངེས་པར་རྒྱས་པར་འགྱུར། །དེ་ནི་ངེས་པར་མ་རྒྱས་ན། །གོང་མ་བཞིན་དུ་གཅིག་ནས་གཅིག །གནས་འགྱུར་གསང་བར་བསྡུས་ཏེ་བསྟིམ། །རྩ་བའི་འཕེལ་བར་བྱ་འི་ཐབས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །བདག་ཀྱང་བསྐྱེད་པའི་ས་གཞི་ཡི། །བྲང་ལ་མ་དག་ཁྲག་གིས་བྲིས། །གཏོར་མ་མཆོད་ཡོན་གཞུང་བཞིན་བཤམ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །རྣམ་པར་མི་རྟོག་རྟོག་ལས་འདས། །མཁའ་དབྱིངས་དྭངས་པའི་དབྱིངས་ཉི་ཟླ། །ཡཀྟ་ཧེ་རུ་ཡབ་ཡམ་རྫོགས། མདུན་དུ་རོ་སྟེངས་དྲེའུ་བསམ། །དེ་སྟེངས་བཀའ་ནོད་རེ་མ་ཏི། །རྒྱན་ཆ་ཕྱག་མཚན་ལྡན་པ་ཡི། །བཀའ་ནོད་ཚུལ་དུ་རྣམ་པར་བསྒོམ། །རང་གི་རྩ་བའི་སྔགས་ཀྱིས་ནི། །སྲིད་པའི་དཀྱིལ་ནས་དྲངས་ནས་བསྟིམ། །བྱིན་བརླབས་དབང་བསྐུར་གཏོར་མ་སྤྱིན། །བསྐུལ་ཏེ་བྱིས་གནོད་གང་ཡིན་དེ། །དྲངས་ཏེ་ལྷ་མོས་གསད་པ་དང་། །ཞལ་དུ་བསྟབས་ཏེ་གནན་གཟིར་བྱ། །བདག་ཉད་ཆུང་མའམ་གཞན་དག་ལ། །སྙམས་འཇུག་ཚུལ་གྱས་སྲས་མཆག་བ ད། །མའ་ ་བ་འམ་མངལ་དུ་ན། །མ་ཅག་བྲས་ཏེ་དེ་ཉད་ལ། །ལྷ་མོ་བསྐྱེད་དེ་སྲས་མཆོག་གི། །བཀའ་ཉན་དེ་ལ་དབང་བསྐུར་ཏེ །བྱིན་བརླབས་མཆོད་སྤྱིན་དབང་ཡང་བསྐུར། །བདག་ལ་གནོད་པའི་གདོན་གྱི་ཚོགས། །བཅོ་ལྔ་བཟློག་པར་བཀའ་བསྒོ་བྱ། །མ་མོ་དེ་ཉིད་སྔགས་བཟླས་ཏེ། །ལྷ་གསུམ་བཀའ་ཉན་གསུམ་ལྔན་པས། །ཉིན་མཚན་རེ་ལ་བརྒྱ་འམ་སྟོང་། །བར་མི་གཅད་དེ་གཏོར་མ་བཟུང་། །ཉ་སྟོང་ཚོགས་ཀྱི་དུས་སུ་ཡང་། །བྱིན་ཏེ་བགེགས་ལ་འཕང་བར་བྱ། །འཁོར་དང་ལྡན་པའི་སྤྱིན་སྲེག་ནི། །ཉོན་ཅིག་ངཡིས་་་ད་པར་བྱ། །དབེན་ལ་གཉན་པའི་གནས་སུ་ནི། །ཟ་བྱེད་ཞལ་དུ་དུག་ཤིང་གཟུགས། །ཡཀྟ་མཁར་དཀྱིལ་རལ་གཅིག་རྫོགས། །བཀའ་བསྔོད་ཀྟ་ནག་བདུད་མོ་སྟེ། །ཉིད་ཀྱི་དཀྱིལ་འཁོར་རྫོགས་པར་ནི། །མེ་ཡི།ས་དཀྱིལ་དུ་བསྐྱེད་པར་བྱ། །བསྲེག་པའི་རྫས་རྣམས་ཚོགས་པར་བསག །དཀར་ལ་འཇག་པ་འདོད་ཆགས་རྫས། །གོ་རོ་ཙ་ན་ཙིསྟ་དང་། །མི་འཀྱུར་མུན་མཐོང་ཤ་ཚིལ་དང་། །དཀར་ལ་ཁྲོ་བོ་བྱ་རྒོད་དང་། །མཆུ་མར་འགྱོགས་ནག་ཚེར་མོ་རོག །ར་གཤེད་སྤྱང་མོའི་ཙིསྟ་རྣམས། །རབས་ཆད་ནག་མོའི་ཤ་ཆེན་ནི། །མིང་གིས་མེ་དུ་མི་རུང་ངོ། །ར་བ་འབྲིང་པོ་ཐ་ཆུང་གི། །བླ་འ་ས་དུས་བཞིར་བསྲེགས་པས་འགྲུབ། །བསྲེ ས་པའི་ཤ་ནི་མ་གསོལ་ཕྱིར། །མ་དང་འཁོར་རྣམས་ལས་ལ་གཏང་། །ཆགས་གནས་ལྟེ་བ་ཡན་ལག་གི །གཙོ་བོ་མགོ་སྟེ་དྲན་བྱེད་སྙིང་། །འདོད་ཆགས་གསང་གནས་བསྐྱོད་པ་དང་། །སྤྱོད་པའི་མངོན་གཞི་པུང་པ་གཡས། །ལག་ངར་གཡོན་པ་སྐྱེད་བྱེད་པ། །གཡས་དང་གཡོན་གྱི་བླ་ལ་ནི། །སྟོད་ཀྱི་ཞལ་ཅིག་རེའུ་ཏྲི་དང་། །མ་བདུན་སྨད་ཀྱི་ཕུར་པས་གདབ། །རིག་མོ་ནཱ་ག་ར་ཨ་ཏི་བ་ཏི་རྦད། རེག་མོ་བསྡོ་ཤི་མུ་ཏ་གྲི་བ་རྦད་རྦད། །རེག་མོ་ཙིསྟ་ཏོ་རྦད་རྦད། །རེག་མོ་བྲི་ཤ་བྲང་ཤུ་རུ་རྦད་རྦད། །རེག་མོ་ཨ་ཀ་རྦད་སུ་རུ་རྦད། །རེག་མོ་པ་ལ་བེ་རེ་ཏེ་རྦད །རེག་མོ་ཨུ་ཏུ་རེ་མོ་ར་བ་ཏེ་རྦད། །རེག་མོ་ཛ་ཀ་ན་མྱ་ར་ཡ་རྦད། །རེག་མོ་སྒག་རཀྟ་མ་ར་ཡ་རྦད། །ཧཱུཾ༷། །ང་ནི་སྲིད་པའི་རྒྱལ་མོ་སྟེ། །ཁམས་གསུམ་ཐམས་ཅད་ཟས་སུ་ཟ། །སྲིད་གསུམ་ཁྲག་ནི་སྐོམ་དུ་འཐུང་། །རྣམ་ཤེས་བརྒྱད་ལ་ཤག་ཏི་རྦད། །ཕུང་པོ་ལྔ་ལ་ཤག་ཏི་རྦད། །ཀླད་པའི་རྒྱས་སུ་ཤག་ཏི་རྦད། །འགྲོ་བའི་རྐང་ལ་ཤག་ཏི་རྦད། །མ་ཧྭ་སྲོག་ཤ་སྙིང་ཛ་ལ་ཏིག་སྣ་རྦད། །རགློ་སྙིང་རྩ་བྲེང་བྲེང་རྦད། །སྙིང་རྩ་སྲོག་ལ་བྲི་ཏྲིག་ཤམ་ཤམ་མུགས །རོ་ཤིང་ཤམ་མ་བུ་རྣ་ཤག །མ་རོ་ཟ་ཏི་ཤག །རོ་ཟ་ཏི་ཤག །ཙིསྟ་ཡམ་ཏྲི་ཤག །མ་དུན་ཏིག་ཤག །ཨེ་ཏན་ཏིང་ཤག །ས་བཅུ་ནོན་པའི་སེམས་མ་ཡང་། །སྦྲུལ་པ་ཡི་དྭགས་ཚུལ་འདྲ་བས། །སོ་སོར་རྟོག་པའི་ཤེས་མེད་པས། །བྲག་ཕུག་མདངས་དགར་དེ་ཉལ་ལ། །སྤྲེའུ་སོ་བཏབ་དེས་སྔགས་པས། །ད་ལྟ་སྦྲེའུ་འཇིགས་པའི་ཕྱིར། །དཔལ་དར་སྙིང་ཀར་སྤྲེའུ་སྙིང་གདགས། །གཏོར་མ་མཆོད་ཡོན་རབ་ཏུ་བཤམ། །སྟོང་བ་ཉིད་ཀྱི་ཏིང་འཛིན་ལས། །ཡབ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱི། །ཐུགས་ལས་སྦྲུལ་བ་སྦྲེའུ་དང་། །བྱི་ལིའི་མགོ་ཅན་དག་ལ་ཤོན། །སྲིད་པའི་དཀྱིལ་ནས་དྲངས་ནས་སུ། །སོས་བཏབ་བྲེད་པས་ཁས་བླངས་པ། །དཔང་པོ་ཁྱོད་ཀྱི་འཁོར་རྣམས་ནི། །དེ་རིག་ཕན་ཆད་སྲོག་བཞིན་བསྐྱང་། །དེ་ཚེ་རྟགས་སུ་བྱུང་བའི་ཚེ། །གཏོར་མས་མཆོད་དེ་བཟོད་པར་གསོལ། །བན་དེ་དམ་ཚིག་ཉམས་པ་ལ། །གསང་བའི་མ་མོ་ཤིན་ཏུ་མྱུར། །གང་གི་མིང་ཡང་མི་ཤེས་ཕྱིར། །དེ་ཡི་བཟློག་པ་མཆོག་ཏུ་དཀའ། །བདུད་བྱ་ནག་མོའི་སྒོང་ཐུན་དང་། །དུག་མདས་ངག་འཁྱལ་བོན་པོ་སྒྲོལ། །ངག་འཁྱལ་སྨྲ་བ་ཐམས་ཅད་ཀྱི། །སྲོག་ནི་བདུད་ཀྱིས་གཅོད་པར་བྱེད། །བུད་མེད་བསྒྲལ་བའི་ཞིང་གྱུར་ན། །ལྷ་ངན་ཁྱི་མོ་གདུག་ཚེའི་ཕྱིར། །ཁྱི་གྲོད་ཁྲག་ཐུན་བྲབ་པ་ཡི། །རྐྱལ་བུས་མཆུ་རྣོ་ཕྱིར་ན་བརྡེག །སྐྱེ་བོ་དགྲ་བླ་བསྲུང་བ་ཡི། །དགྲ་གཤེད་མ་མོ་ཉིད་ཀྱིས་མྱུར། །རྒྱལ་པོ་སྒྲལ་པའི་ཞོང་གྱུར་ན། །བདུད་ཀྱི་ངན་སྔགས་ཉིད་ཀྱིས་བསྔགས། །བཅུན་ཡང་རྒྱལ་པོའི་གཉེན་ཕོའི་ཕྱིར། །ངན་པའི་བྱེ་བྲག་ཐམས་ཅད་ནི། །མ་མོས་ཐུན་མོང་བྱེ་བྲག་མེད། །བསྡེ་ཉམས་པ་སྒྲོལ་པའི་ཚེ། །རྟ་བོང་ཤ་ཚིལ་བསྲེགས་པའི་གསུར། །ཆོས་ཀྱི་བསྲུང་མ་ངེས་པར་འགྲེལ། །ངག་ཁྱལ་བོན་པོ་སྒྲོལ་པའི་ཚེ། ཁྲ་ཆེན་བསྲེགས་པས་རྟེན་ཚོགས་དབྲལ། །སྐྱེ་བོ་དགྲ་ལྷ་དབྲལ་པའི་ཚེ། །སྲེ་མོང་ཤ་བསྲེགས་དུ་བས་དབྲལ། །བུད་མེད་སྟོངས་བྱེད་མ་ལྷ་དང་། །ཐེ་རང་ར་ཡི་སྨང་ཁང་དང་། །ར་ཡི་རོ་བསྲེགས་དུ་བས་དབྲལ། །རྒྱལ་པའམ་རྗེ་རིགས་སྒྲོལ་པའི་ཚེ། །བ་གླང་ཤ་བསྲེགས་དུ་བ་ཡིས། །ཕོ་ལྷ་རབ་ཏུ་དབྲལ་བར་བྱ། །བསྒྲུབས་ནས་གྲུབ་པར་གྱུར་པ་དག །རྟགས་དང་མཚན་མ་རིམས་བཞིན་འབྱུང་། །གཟུགས་ཉིད་མངོན་དུ་བསྟན་པའི་ཚེ། །ཡིད་དུ་འོང་བར་མ་གྱུར་ན། །པདྨ་དབང་ཆེན་ཏིང་འཛིན་གསར། །ཡིད་དུ་འོང་བར་གྱུར་པའི་ཚེ། །མ་དང་བུ་སྲིད་དམ་བསྲེས་ན། །རང་གི་བྱང་སེམས་མ་མོ་ཡི། །སྙིང་ཁྲག་དཔལ་གྱིས་དྲངས་ནས་ཀྱང་། །ལྕེ་དང་ལྟེ་ཡིས་བཏུང་ཞིང་གཞིབ། སྙིང་ནས་སྙིང་དུ་གཞིབ་བསྡུས་པས། །མ་གཉིས་གཅིག་པར་གྱུར་བ་ཡིས། །གདུངས་པའི་མཆི་མ་བཏོན་ནས་ཀྱང་། །མ་དང་བུ་རུ་ངེས་དམ་བཅའ། །ཆུང་མ་བྱི་མོ་གྲོགས་མོ་མྲ །གལ་ཏེ་དམ་ཚིག་བསྲེ་བ་ན། །བྱེད་པ་བྱས་པས་སྤྲོ་བསྡུ་ཞིང་། །པདྨའི་ཀུར་གུམ་དབང་དུ་བསྡུ། །རྐང་དཀྲིས་བོར་ནས་འོ་བྱེད་པ། །བྱེད་པ་བྱུ་བར་སྤྲད་ནས་ཀྱང་། །ཕན་ཚུན་གཉིས་པོ་གཉིས་མེད་ཚེ། །ཆགས་པའི་དབང་གིས་དེར་དམ་བསྲེ། །བདེ་བའི་རྒྱུ་ནི་ཡིན་པའི་ཕྱིར། །སིལ་ག་པུར་བསྲེས་པ་ནི། །རྣམ་རྟོག་སྤང་ཞིང་གཉིས་མེད་ཕྱིར། །ལྕེ་ལ་གཞག་ ་དམ་བ ་བྱ། །རྡ་ ་ཐ་ ག་བཅའ་བྱ་ ང་། །ལས་བསྒ་དབང་ཡང་བསྐུར་བར་བྱ། །མཚམས་འ ས་ང་བ་ག ག་པ་དང་། །ཆགས་པའ་དབང་ ས་ལས་བྱེད་འགྱུར། །དེ་ཚེ་ཕྲག་དོག་སྤངས་པའི་ཕྱིར། །ཨེ་ཀ་ཛ་ཏི་ཉིད་དང་སྤར། །ཟླུམ་པོ་གཡས་དཀར་གྲུ་གསུམ་གཡོན། །གནག་སྟེ་ཟླ་གམ་དབུས་སུ་དམར། །གཏོར་མ་མཆོད་ཡོན་འཚོགས་བྱས་ནས། །ཡབ་ཡུམ་གསལ་བའི་ཏིང་འཛིན་གྱིས། །སྲིད་པའི་རྒྱལ་མོ་གཙོ་འཁོར་དྲང་། །དཀར་ནག་འདྲེས་པའི་རེ་མ་ཏི། །སྟོང་གིས་བོས་ཏེ་དབང་པོར་བསྒོམ། །ལེགས་པའི་ཕྱོགས་སུ་དཀར་མོའི་ཚོགས། །དཔང་པོས་གྲོགས་སུ་གྱུར་བསྒོ་དམིགས། །ཉེས་པའི་ཕྱོགས་སུ་ནག་མོའི་ཚོགས། །དཔང་པོས་གསོད་པ་གྱུར་བསྒོ་དམིགས། །དེར་རྗེས་ཚིག་གིས་ཚོགས་ཀྱི་རྗེ། །ལས་རྩོགས་སྲིད་པའི་མ་མོ་དང་། །འདོད་ཁམས་གཙོ་མོ་དབང་ཕྱུག་མ། །ལ་སོགས་འདོད་ཁམས་ལྷ་དང་ཀླ། །ཐམརྨི་ཅད་དཔང་བཙུགས་ཆད་པར་བསྒོ། །གཏོར་མ་ཚོ་གཉིས་ཞི་བ་དང་། །དྲག་པོའི་གཏོར་མར་གྱུར་པ་གཏང་། །མ་དང་བུ་རུ་དམ་བཅས་ཏེ། །དངོས་སུ་མཐོང་ནས་གྲུབ་ཐོབ་པ། །སྲོག་ནས་དྲངས་ཏེ་བསྐུཀླ་པ་ཡིས། །སྐོ་རྒྱུས་དབང་དུ་གང་ཡང་འགྲུབ། །དྲག་པོ་ལྷ་ཡང་སྒྲོལ་བར་འགྱུར། །རེས་མཐོང་དམ་ཚིག་མ་འདྲེས་ན། །སྦྱོར་ཀ་སྟོང་ཕྲག་གཅིག་གིས་འགྲུབ། །བདུན་འབུམ་གྲངས་ནི་ཚང་གྱུར་ན། །འབུམ་ཕྲག་ག྅ག་གི་་ར་ ས་་འགྲུབ། །བྲ་དབབ་སྦྱར་པ་འད་ལྟ་བུ། །ཉན་ ག་གནད་འདུལ་ལྷ་ཡ་ག ། དབེན་ལ་གཉན་པའི་གནས་སུ་ནི། །གཏོར་མ་མཆོད་ཡོན་བཤམས་ནས་ཀྱང་། །དང་པོའི་ནུབ་མོ་གཤགས་བྱང་བྱ། །ནབ་གཉིས་པ་ལ་ཕུར་པ་ཡི། །དཀྱིལ་འཁོར་བཞེངས་གསོལ་བགེགས་བསྐྲད་བྱ། །ནམ་མཁའི་ལྡིང་གི་ཐུགས་དམ་ནི། །ནུབ་གསུམ་པ་ལ་བསྐང་པར་བྱའོ། །ནུབ་བཞིའི་ནབ་མོ་ཙ་རས་བཟློག །ནུབ་ལྔ་མཁའ་འགྲོའི་དཀྱིལ་འཁོར་བཞེངས། །སྨུག་མོ་ཤེལ་གྱིས་ཐུགས་དམ་བསྐང་། །དྲུག་གི་ནང་པར་ཡང་གསང་གི། །དཀར་མོ་རྣམས་ཀྱི་ཐུགས་དམ་བསྐང་། །ཀུ་ཀུ་ནག་མོ་བཤེལ་མིག་རྒིས། །མཚོ་སྨན་ཀླུ་རུ་བཅས་པ་ཡི། །ཐུགས་དམ་བདུན་གྱི་ནུབ་མོ་བསྐང་། །བརྒྱད་ལ་སྟེགས་བུ་ཟླ་གམ་པ། ཁྲུ་གསུམ་ཁྲག་གིས་དམར་པོར་བྱུག །བུམ་པ་ལྔ་ལ་དར་ཉིད་ནི། །ལེ་བརྒན་ལྔ་ཡི་མགུལ་ཆིངས་བྱ། །མེད་ཅན་ལྔ་ནི་དར་དང་ལྡན། །ཡུམ་ཉིད་གཞུག་དཀར་མཚམས་གཅད་དེ། །བཅུ་དྲུག་མཚོནི་གྱིས་མ་ཕོག་པ། །བདུད་རྩི་ཆུ་དང་བཅས་པ་ཡིས། །མགོ་ལུས་དག་པར་བཀྲུས་ནས་ནི། །བྱང་སེམས་ཆགས་པའི་སིང་ཧར་བཅས། ཐིག་ལེ་ལྔ་ནི་གནས་སུ་གདབ། །སྲིན་ལག་གུང་མོ་གཉིས་ལ་ཡང་། །ནག་པོ་དཀར་པོས་གཡོན་བཏགས་ལགས། །ཐབས་ཀྱི་རྐང་སྲིན་ ང་མོ་ཡང་ བཏ ས་ལ་ བབ་པར་བྱ་བའི་ཕྱིར བུམ་པ་ལྔ་ལ་མཁའ་འགྲོ་ལྔ རང་རང་ཡབ་ ང་ ་པ་ལ བ ་བཞིའི་སྦྱོར་བ་ཙང་བྱས་ནས། ། སྟོང་དུ་ལྡན་པས་འོད་གྱུར་པ། །དབབ་པའི་ཡུལ་གྲུབ་བྱའི་ཕྱིར། །བུམ་པ་མཆོག་ཏུ་བྱས་པའི། །ཟླུམ་པོ་གྲུ་གསུམ་ཆུ་སྐྱེས་བརྒྱད། །ལྟེ་བར་དབབ་པའི་ཡུམ་གཞག་སྟེ། །མངོན་རྫོགས་རྒྱལ་པོ་རྫོགས་པ་ཡི། །སྟོང་དུ་ལྡན་པས་འོད་གྱུར་དང་། །མཁའ་འགྲོ་མ་རྣམས་ཡུལ་ལ་བསྟིམ། །རལ་གཅིག་ཡང་གབ་བཞིར་བཅས་པས། །ཕོབ་ཅིག་ལྡན་པ་འབུལ་དུ་སྟེ། །མངོན་རྫོགས་ཡབ་ཀྱིས་བཀང་བསྒོ་བྱ། །དར་གྱིས་གཡབ་ཅིང་ཚིག་གིས་བསྐུལ། །ལུང་དང་མན་ངག་ལྡན་པ་ཡིས། །ཕེབས་ནས་སྣང་སྲིད་གཏམ་ཡང་སྨྲ། །རང་ཉིད་བྱེད་དང་ལྡན་པ་ལ། །ཡབ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱིས། །རང་ཉིད་བྱེད་པའི་དཀྱིལ་ནས་དྲང་། །བཅུ་དྲུག་མཚན་ལྡན་ཡུམ་པ་བསྟིམ། །དབང་བསྐུར་སྨྱོས་ཤིག་སྒོ་ནས་སྨྲ། །རང་ཉིད་རྫོགས་པའི་དཀྱིལ་འཁོར་ལ། །རྣ་བར་ཞུགས་ཏེ་མཉན་བསམ་པས། །སྟོང་དུ་ལྡན་པས་སྒྲ་སྟོན་འགྱུར། །དཀྱིལ་འཁོར་ལྡན་པའི་མིག་ཏུ་ཞུགས། །སྟོང་དུ་ལྡན་པས་ཅི་བྱེད་པ་ལྟ། །ཐེ་ཙོམ་མེད་པར་ངེས་པར་མཐོང་། །རྫོགས་པའི་ཐུགས་སུ་ཞུགས་བསམས་ཏེ། །ཅིག་པར་གྱུར་ན་བལྟ་བྱས་ན། །ཐེ་ཙོམ་མེད་པར་མཐོང་བར་འགྱུར། །བྱ་བ་རྫོགས་པའི་ནང་པར་ཉིད། །བྱང་ཤར་མཚམས་ནས་མཁའ་ལྡིང་གནག །སྦྲུལ་ཅིག་འོང་པར་གྱུར་པའི་ཚེ། །རེ་མ་ཏི་ཉིད་འོངབསྟེ། ཁྲཆུའིཡུལལམགྲོང་ཁྱིམ་དུ། །འགྲོ་འགྱུར་ལ་བྱེད་བསྐལ་པའི་ཕྱིར། །ཁྲག་གི་གཏོར་མ་སྦྱིན་པ་བྱ། །ཉི་དྲོས་ཉི་ཕྱེད་ཚུན་ཆད་དང་། །དེ་བཞིན་བྱུང་ནས་འགྲོ་འགྱུར་ན། །གཡའ་སྐྱོལ་འོངས་ལས་བསྐུལ་ཕྱིར། །ཁྲག་གཏོར་ཉུངས་ཀར་བཅས་པས་བསྐུལ། །ཉི་ནུབ་ས་སྲོས་པར་དག་ཏུ། །དེ་བཞིན་འོང་དང་གྲོ་གྱུར་ན། །དྲེན་འོང་དང་ལས་བྱེད་ཕྱིར། །ཁྲག་གཏོར་དུག་དང་བཅས་པར་བསྐུལ། །བྱ་ནག་ལུག་ནག་ཁྱི་ནག་རྣམས། །ཕན་གདགས་སྲོག་ལུའི་རྟ་རུའི་གཟུགས། །མཆོད་ཡོན་གཏོར་མ་རྫོགས་བྱས་ནས། །རྫོགས་པར་འགྱུར་བའི་བདག་ཆེན་གྱིས། །སྲོག་ནས་བོས་ཏེ་གཏོར་མ་སྦྱིན། །དངོས་དང་སྐྱེ་རྒྱུད་ཐམས་ཅད་ནི། །བགྲངས་ནས་བརྗོད་ཅིང་བསྒོ་བ་ནི། །ཀུན་གྱི་རྟ་རུ་ཀུན་བཙུགས་ཏེ། །དགའ་ཤི་བཅས་བོར་བྱེད་པའི་རྟ། །གཉའ་ལེན་མཁས་ལེན་བྱེད་པའི་རྟ། །དེ་ཕྱིར་རང་ཟས་ཀུན་ལས་སྤྱིན། །སྐོམ་ལས་ཀྱང་ནི་དེ་བཞིན་ཏེ། །གོས་ཀྱི་དུམ་བུ་ཀུན་ཀྱང་གདགས། །རྫས་ནོར་ཀུན་ལས་མགུལ་ཁུག་བྱ། །སྐེ་རུ་བཏགས་ཏེ་གདོང་དང་ནི། །སོགས་པ་བཞི་ཡོང་དམར་པོར་བྱུག །དེ་བཞིན་ཀླུ་བདུད་བརྟན་མ་དང་། །བཙན་འགོང་ཡམ་ཤུད་ལ་སོགས་ལ། །རྟ་ཡི་རིམ་པས་བཟློག་པར་བྱ། །ལོ་གསུམ་ལོ་ལྔ་ལོ་བདུན་ལ། །རིམ་པས་བསླུག་ཞིང་རྟ་རྗེ་བྱ། །ཚར་གཅད་ལས་ཀྱི་རྟ་བསྟན་པ། །བསྡེ་བསྒྲལ་ན་ལུག་ནག་གཟུགས། །ཡ་རབས་བསྒྲལ་ན་བྱི་ནག་སྟེ། །བུད་མེད་ལ་ནི་བྱ་ནག་གོ །བོན་པོ་ལ་ནི་སྒྱུང་ཀའོ། །སྐྱེ་བོ་ལ་ནི་ཕོ་རོག་སྟེ། །གང་བསྒྲུབ་དུས་སུ་རྟགས་བྱུང་ན། །དབུགས་ཀྱིས་བསྐོང་ཞིང་རྟགས་བྱུང་ཚེ། །སྲོག་གིས་བསྐང་ངོ་ཞེས་བརྗོད་དེ། །དེ་བཞིན་བསྐང་བ་ཉིད་དུ་བགྱི། །སྒོ་རྟགས་སྒོ་ཁྱི་འཆི་བར་འགྱུར། །སྙིང་རྟགས་ཕྱུགས་མ་སྙིང་རེག་ལའོ། །སྲོག་རྟགས་མི་ལ་འོང་པ་སྟེ། །སྲོག་རྟགས་ཉིད་ཀྱི་ཚེ་ན་བསྐང་། །རབ་དང་འབྲིང་ལ་ངེས་པ་མེད། །ཐ་མ་དྲུག་འབུམ་བསྡེ་སྟེ། །ལྔ་འབུམ་བཞི་་འབུམ་སུམ་འབུམ་དང་། །ཉིས་འབུམ་བོན་པོ་རྒྱལ་པོ་དང་། །སྐྱེ་བོ་བུད་མེད་དག་ལའོ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །སྦྱར་བའི་ཆུ་ནི་གཅད་པ་ཉོན། །ས་ཕྱོགས་བསྲུང་པའི་ས་མཚམས་སུ། །མཐོ་བརྒྱད་བརྩིགས་པའི་དཀྱིལ་ཉིད་དུ། །རེའུ་ཏྲི་བརྒྱད་ཀྱི་སྙིང་པོ་བརྒྱད། །གཤིན་རྗེ་གཤེད་པོ་གསལ་པ་ཡིས། །ཉི་མའི་དཀྱིལ་འཁོར་ཧཱུཾ༷་ཐུགས་ལས། །ཕྱོགས་མཚམས་བརྒྱད་གནས་ཐུགས་ལས་དྲང་། །བཀུག་བསྟིམ་བརྒྱད་ལ་དབང་བསྐུར་ཏེ། །གཏོར་མ་མཆོད་ཡོན་སྦྱར་བ་ལ། །བསྔོ་ཡོན་ལྡན་པས་བཅོ་ལྔ་ཡི། །ནུབ་མོ་རག་ཏུ་མཆོད་པར་བྱ། །བསྒོ་སྟེ་ཡུལ་ཕྱོགས་འདི་རྣམས་སུ། །སེར་པའི་རྣམ་པ་ཤོར་རརེ། །ཞེས་པའི་བསྐུལ་ཚིག་གཞུག་ལ་གདགས། །ཟླ་བ་ཀུན་གྱི་བཅོ་ལྔ་ལ། །ཕྱོགས་སུ་གཏོར་མ་རེ་རེས་བསྐུར། །སེར་སྤྲིན་སེར་བ་བྱུག་བའི་ཚེ། ་་ས་ཀར་བཤུར་མ་ལག་གཡས་འཕང་། །ལག་པ་གཡོན་པ་གས་མ བ་ན། །བ ངས་ཏ་སྦྲན་ལ་གཏད་པར་བྱ། །སྟང་པ་ཉད་ཀྱ་ཡེ་ཤེས་ལས། །དཔལ་ལྡན་ཡ་མན་ཏ་ཀ་ནི། །ཁ་དོག་ནག་པོ་ཆར་སྤྲིན་གཟུགས། །ལག་གཡས་ཐོད་དབྱུག་ཁྲོ་བོའི་ཕྲོ། །བདུད་དང་མ་མོ་ཟིལ་གྱིས་གནོ༷ན།༷ །ལག་གཡོན་སྡིག་མཛུབ་རྩེ་ལས་ཀྱང་། །ཁྲོ་བོར་འཕྲོས་པས་སེར་བ་བཟློག །མེ་དཔུང་འབར་པས་སྤྲིན་ཚོགས་བསྲེག །དེ་ལ་སྔགས་སུ་བརྗོད་པ་ན། །ཨོ་ཀྭ་ལ་རུ་པ་ཙ་དྷི་ཏོན་སང་ཤོ་ཤ་ཡ། །མོ་ཧ་ཤ་མ་བ་ཡ་ཧཱུཾ་ཧཱུཾ་ཕཊ། ཆོད་པར་མ་གྱུར་བར་དུ་བཟླས། །ཉིན་རེ་ཉུངས་ཀར་སྒྱེ་བུ་ལ། །བརྒྱ་འམ་སྟོང་གི་བར་དུ་བཟླས། །ཐོད་མདས་ཕུང་བར་བྱ་བའི་ཐབས། །རྩ་བ་མེད་པའི་ཐོད་པ་དག །ཁྲག་སྣ་གསུམ་གྱིས་ཞེན་པ་བྱུག །དགྲ་ཡི་མིང་རུས་དེ་ལ་བྲི། །མི་རྟ་ར་ཁྱིའི་ཁུ་བ་དང་། །ཁ་སེར་ཆུ་མིག་ནང་བླུགས་ལ། །བཟླས་པ་བྱེད་པའི་དུས་ཉིད་དུ། །རྫོགས་པའི་མཁའ་དཀྱིལ་ཐུགས་ལ་འོད། །རླང་ནགི་ཚུབ་མ་ཤོན་པ་ཡིས། །མདོག་གནག་ཁ་རླངས་མ་མོ་འཕེན། །དཀྱིལ་ནས་དྲངས་ཏེ་འོངས་པ་ལས། །བཅོལ་ཏེ་བཟླས་པ་བྱེད་བཞིན་པས། །ཁ་རླངས་ཁ་ཆུ་མང་པོ་ཡིས། །ལག་ན་སྟ་རི་ཐོགས་འཕྲོས་པས།་།ཁྲག་ཉིད་གནས་འགྱུར་མ་མོས་གསོད། །དམིགས་ཏེ་བཟླས་པ་བྱ་བ་ནི། །ཏྲག་རསྒ་མུ་ཏ་ ང་ཁ་ལ་ར ་མོ་་ ་ ར་ ་ལ་ ་ ་བ ས ཐུ ་ ་ ས་ངང་མ་རུ་བ བ ་ སི་ ང་པའི་ གྲ་ ང་ ་ང་རྩ་བ ་ ་རབ་བཟླས་ཏེ། །ཞག་གསུམ་དག་གི་བར་དག་ཏུ། ཁྲ་ཆུའ་ཁང་ཁྱམ་མཁར་དང་ ། །དུར་མ་ད་གདང་ལ་སགས་གཏར་བས། ། ་གཅད་ཤ་ཁྲག་ཟ་བར་ད གས། །ཡུལ་ཕྱགས་དག་ཏུ་གཏར་བྱས་ན། །མི་བཟད་ནད་རྣམས་ཤ་ཏྲུ་ལ། །ཐིག་ལེ་ཁོ་ནར་འབྱུང་བར་འགྱུར། །དཔྱིད་མཐའ་དགུན་འབྲང་སྟོན་ར་དང་། །དབྱར་སྟོན་འབྲིང་དགུན་མཐའ་ཡི། །ཚེས་གཅིག་བརྒྱད་དང་བཅོ་ལྔ་ཡི། །ཉི་ཤུ་གཉིས་དང་ཉི་ཤུ་དགུའི། །དུས་སུ་ལས་ལ་འཇུག་པར་བྱའོ། །རབས་རྒྱུད་རྩ་བ་ངས་བཤད་ཀྱིས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །མ་མོ་བདུད་དང་གཤིན་རྗེ་དང་། །སྲིན་པོ་བགེགས་དང་ཡི་དགས་ཉིད། །སྔོན་ལས་ཅི་ལས་གྱུར་པ་བཤད། །འདས་པའི་དུས་ན་སྔོན་བྱུང་བ། །རྡོ་རྗེ་སེམས་དཔའི་བསྟན་པ་ལ། །སྔགས་ལ་ཞུགས་ཏེ་དམ་བསྲུངས་ནས། །དགེ་ཚོགས་ཕལ་དུ་སྤྱད་པ་ལས། །གཞན་གྱིས་ནོར་དང་འཁོར་ཡང་ཕྲོགས། །སྲོག་ལ་བབ་པའི་སེམས་ཅན་དེ། །དུག་གསུམ་མ་བཞིན་འབར་བར་འགྱུར། །ང་རྒྱལ་གཏུམ་ཁྲོས་དམོད་པར་པོར། །ལན་ཆགས་འཆལ་བའི་སྲིན་པོར་སྐྱེས། །འདིར་ཡང་མ་མོའི་འཁོར་དུ་འགྱུར། །སྔགས་ལ་ཞུགས་ཏེ་སྤྱད་པ་ལ། །སེར་ ་ཆགས་སེམས་ལྡན་པའི་ཆ། །ནོར་གྱི་གནོད་པ་པོར་བ་ནི་། ཁེ་ནས་ཡི་དགས་འདྲེ་བཀྲེན་དེ། །ནོར་རྫས་ཕྱིར་ནི་འབྲང་བར་འགྱུར། །འདི་ཡང་མ་མོའི་འཁོར་དུ་འགྱུར། །སྔགས་ལ་ཞུགས་ཏེ་དམ་བསྲུང་འགའ། །གོང་དུ་ཤ་ཁྲག་ལྤགས་འདོད་དེ། ཁྲ་ཁྲག་ཟ་ཟིང་པགས་པ་གྱོན། །སྟངས་ལས་བཅད་དེ་བསད་པས་ན། །དགེ་སྡིག་དབང་གིས་དམོར་པ་པོར། །གཤིན་རྗེར་སྐྱེས་ཏེ་ཁྲམ་ཤིང་ཐོགས། །གསོད་པའི་ལས་ནི་བྱེད་པར་འགྱུར། །འདི་ཡང་མ་མོའི་འཁོར་དུ་འགྱུར། །སྔགས་ཞུགས་དམ་ཚིག་ལེགས་བསྲུངས་ཏེ། །སྲོག་གཅོད་ལ་སོགས་སྒྲ་ཇི་བཞིན། །གཟུངས་ནས་སྤྱོད་པའི་གང་ཟག་དེ། །ཕྱི་དུས་མང་པོ་འདུས་ནས་གསོད། །ཞེ་སྡང་དབང་གིས་དམོད་པ་པོར། །ཉེས་པ་མེད་ལ་སྲོག་གཅད་པས། །འདི་སོགས་ཤ་ཁྲག་ཟ་བ་ཡིས། །མ་མོར་གྱུར་ཏེ་ཚོགས་སུ་ཤོག །དམོད་པ་པོར་པའི་སེམས་ཅན་དེ། །མ་མོ་བདུད་དུ་གྱུར་པ་སྟེ། །དུག་གསུམ་མེ་བཞིན་འབར་བ་ཡིས། །ལུས་ངག་ཡིད་གསུམ་གདུག་པར་འགྱུར། །ང་རྒྱལ་དང་ནི་གཏུམ་ཁྲོ་དང་། །ལུས་ནི་ཆེ་ལ་འཇིགས་མི་སྡུག །རྣོ་བའི་མཚོན་ནི་རབ་ཐོགས་ཏེ། །སྲ་བའི་གོ་ཡང་གོན་བར་འགྱུར། །དུག་གི་རྣམ་པ་ལག་ན་ཐོག །ནད་ཀྱི་རྣམ་པ་ཁྱབ་པར་གཏོར། ཁྲ་ཁྲག་སྲོག་དང་དབུགས་ལ་བརྐམ། །ཆགས་པ་ཆེ་ཞིང་ཚེ་རིང་བ། །ལུས་རྟགས་སྤྲུལ་པ་ཅི་ཡང་འབྱིན། །འདི་ནི་མ་མོ་བདུད་དུ་བརྗོད། །འདི་ཡང་མ་མོའི་འཁོར་དུ་འགྱུར། །གསང་སྔགས་མ་རྟོགས་སྒོར་ཞུགས་ཏེ། །མ་བསྒྲུབས་དགེ་སྡིག་འཚོལ་པར་སྤྱད། །ལས་ཀྱི་དེ་རྣམས་འགྲུབ་པར་འགྱུར། །མ་མོ་འཁོར་རྣམས་རབ་བཤད་ནས། །གཙོ་བོ་ཉིད་ཀྱི་ལས་ཀྱང་བཤད། །འདས་པའི་དུས་ནི་དེ་ཉིད་ཚེ། །རྡོ་རྗེ་སེམས་དཔའི་བསྟན་པ་ལ། །སྐྱེས་པ་ཕྲ་ག་ཏི་ཉིད་དང་། །བུད་མེད་དེ་བ་ནི་ཞེས་པ། །གསང་སྔགས་དོན་རྣམས་མ་རྟོགས་ཏེ། །ཇི་བཞིན་སྒྲ་བཟུང་བསྒྲུབས་པ་ལས། །ཁྱོ་ཁའི་རང་བཞིན་བརྐམ་ཆགས་ཀྱིས། །དམ་ཚིག་ཉམས་པས་དམྱལ་བར་ལྷུང་། །བུད་མེད་ཞི་དལ་རང་བཞིན་གྱིས། །དམ་ཚིག་བསྲུངས་པས་མ་མོ་སྟེ། །བསྒོམ་ཞིང་བསྒྲུབ་པས་རྒྱུ་མཐུན་དང་། །རྣམ་པར་སྨིན་པས་འདོད་ཁམས་ཀྱི། །དབང་མོ་ཆེ་རུ་བྱུར་པ་ལས། །གོང་གི་མ་མོ་གཤིན་རྗེ་སོགས། །ཀུན་གྱི་རྗེ་མོར་གྱུར་པ་དེ། །དཔལ་གྱིས་བསྒྲལ་བར་མ་སྤྱོད་དེ། །ཚོགས་ཀྱི་རྗེ་མོ་ལ་སོགས་པས། །དབྱིངས་དང་ཡེ་ཤེས་མ་མོ་ནི། །སྤྲུལ་ཅིང་གནན་ཏེ་དབང་བསྡུས་ནས། །གསང་བའི་གཟུངས་མར་བྱའི་མོར་བྱས། །དམ་བསྲེས་མནའ་བསྒགས་བཀའ་བསྒོ་བྱ། །ཕྱི་རབས་རྣལ་འབྱོར་བསྲུང་མར་གཞག །ཅེས་གསུངས་པས། །ལྷ་གནོད་འདུལ་དགའི་ཞིང་ཚིམ་པས། །བཅོམ་ལྡན་འདས་ཀྱི་གདོང་དུ་བལྟས་ནས་འདི་སྐད་ཅེས་གསོལ་ཏོ། །འདི་ལ་དད་པའི་ཡོན་ཏན་ཅི། །དེ་བཞིན་སྨད་པའི་སྐྱོན་ནི་གང་། །ཁྱབ་འཇུག་ཏུ་ནི་ཁྱོད་གསུངས་ན། །གཟའ་དང་སྦྱར་བ་ཇི་ལྟ་བུ། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །དེ་སྐད་གསོལ་བ་བཏབ་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ངས་བཤད་པ་ཡི་རྒྱུད་འདི་ལ། །སྔགས་པ་གང་ཞིག་བརྩོན་ལྡན་ཞིང་། །བྱ་བ་མ་ཡིན་གནས་མི་བྱེད། །བསྟན་པ་ཕན་གདགས་དོན་བསྒྲུབ་པ། །སྲིད་པའི་རྗེ་རུ་བྱུར་བ་ནི། །སྒྱེ་བ་འདི་ཉིད་དངོས་ལ་རྫོགས། །ཐམས་ཅད་ཀུན་གྱིས་བསྐུར་བར་འགྱུར། ངས་གསུངས་པ་ཡི་རྒྱུད་འདིལ །སྔགས་པ་གང་ཞིག་ཡིད་མོས་པ། །སྲིད་གསུམ་དབང་ཆེན་ཐམས་ཅད་ཀྱིས། ཁྲེས་རབ་མིག་གིས་བལྟས་པའི་ཚེ། །ཡིད་དུ་འོང་པའི་བུ་བཞིན་མཐོང་། །བསྒོ་པའི་ཚིག་རྣམས་ངེས་པར་ཉན། །རྒྱུད་འདི་དག་ལ་རབ་གནས་ཏེ། །དམ་ཚིག་གཙང་མས་སྒྲུབ་བྱེད་ན། །སྲིང་མོ་མང་བའི་མིང་གཅིག་བཞིན། །བརྩེ་གདུང་རྒྱུན་དུ་ལྡན་པར་འགྱུར། །ངས་གསུངས་པ་ཡི་རྒྱུད་འདི་ཡི། །མ་མོའི་དོན་ཉིད་གོ་གྱུར་པ་ན། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །དགོས་འདོད་འབྱུང་བར་བཀུར་སྟི་བྱེད། །ངས་གསུངས་པ་ཡི་རྒྱུད་འདི་ནི། །དམ་རྫས་འཚོགས་ནས་སྒྲུབ་བྱེད་པའི། །དྲིན་ལན་གྱུར་པའི་མི་རྣམས་ལ། །དྲིན་ལན་ཕོག་རྣམས་ཐམས་ཅད་ཀྱིས། །དྲིན་ལན་ལྡོན་པ་ཇི་བཞིན་ནོ། །ངས་གསུངས་པ་ཡི་རྒྱུད་འདི་ཡི། །ཏིང་འཛིན་གསལ་པས་དབང་བསྡུས་ནས། །རྒྱལ་པོ་ཆད་པས་གཅོད་པ་ཡི། །བསྒོ་པའི་ཚིག་རྣམས་ཉན་པ་ལྟར། །སྲིད་གསུམ་དབང་ཆེན་ཐམས་ཅད་ཀུན། །ཆད་པའི་ཉེས་པསབྲནབཞིནཉན། །བཀའ་ལུང་འདི་ནི་སང་ཐུབ་ན། །མི་བཟད་གཏེར་གྱི་ཁ་ཡིན་ཏེ། །ངེས་པར་རང་སྤྱོད་གཞན་ལ་མིན། །དེ་བཞིན་བསང་ཐུབ་རང་སྤྱོད་དེ། །ཞན་ལ་དངོས་གྲུབ་ཉམས་མི་འགྱུར། །ངས་གསུངས་པ་ཡི་རྒྱུད་འདི་ལ། གང་ཞིག་སྐུར་པ་འདེབས་པ་དེ། །དམ་སྲིད་དམར་ནག་བྱ་བར་སྐྱེ། ཁྲ་ཟ་ཁྲོལ་བུར་ངེས་པར་སྐྱེ། །ངས་གསུངས་པ་ཡི་རྒྱུད་འདི་ལ། །མི་མོས་སྐུར་པ་འདེབས་པ་དེ། །སྲིད་པའི་དམ་ཅན་འདི་ཁྲོས་ནས། །ཚེ་འདི་ཉིད་ལ་སྨྱོ་འབོག་སྟེ། །དུས་མེད་པར་ནི་སྲེག་ཟད་སྐེམས། །ངས་གསུངས་པ་ཡི་རྒྱུད་འདི་ལ།དོན་མེད་ཆལ་པར་བསྒྲགས་པ་དེ། །སྲིད་པའི་དབང་ཅན་སེམས་ཁྲོས་ནས། །གང་བརྩམས་ལས་ལ་ཚེ་ཟད་ནས། །མནར་མེད་དམྱལ་བར་ངེས་པར་སྟོན། །ཐར་པའི་དུས་མེད་འོ་དོད་འབོད། །སླན་ཆད་སྡོམ་ཞེས་ངེས་པར་སྨྲ། །གཤིན་རྗེའི་ཞགས་པས་བཟུང་ནས་ཀྱང་། །ཉེས་དམིགས་ཁྲམ་ལ་ལེགས་བཏབ་སྟེ། །ཚོགས་ཀྱི་རྗེ་ལ་ཕུལ་ནས་ཀྱང་། །ལྷུ་གཟུགས་ཐམས་ཅད་འབྲེལ་པར་ངེས། །འཕགས་མ་བྱང་ཆུབ་སེམས་མ་ནི། །ལེགས་ཉེས་སྟངས་གཅོག་ཡིན་པའི་ཕྱིར། །ཉེས་ན་ཚུར་ཡང་ཆད་པ་གཅོད། །མ་ཉེས་ཕར་ལ་གཅོད་པར་ངེས། །མཉམ་ན་མཉམ་པོར་ངེས་པར་གཅོད། །དམ་ཚིག་གཉན་པོ་འདྲལ་བ་དང་། །བསྟན་པ་གཉན་པོགཤིགཔནི། །བསྐུལ་བ་ཙམ་གྱིས་ངེས་པར་གསོད། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །འདོད་ཁམས་དབང་ཕྱུག་མ་ཡི་རྒྱུད། །རྡོ་རྗེ་ནག་མོ་དངོས་གྲུབ་རྒྱུད། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །ཁྱོད་ཀྱིས་བཟུང་བ་ཉིད་དུ་གྱིས། །དཔལ་ལྡན་ནག་མོ་འཁོར་བཅས་ཀྱིས། །འདི་ནས་འབྱུང་བ་གྲུབ་པར་གྱིས། །གནོད་འདུལ་ལྷ་ཡི་རྒྱལ་པོ་ཡིས། །ཡབ་ཀྱི་བཀའ་ནི་གུས་པར་བླངས་། །འདོད་ཁམས་ལྷ་མོ་འཁོར་བཅས་ཀྱིས། །དེ་ལྟར་བགྱི་འོ་ཞེས་ཀྱང་བརྗོད། །སྲིད་པའི་དབང་ཆེན་ཐམས་ཅད་ཀྱང་། །འདོད་ཁམས་དབང་ཕྱུག་ཐམས་ཅད་ཀྱིས། །འཕྲལ་ལ་བདེ་བ་ཐོབ་ནས་ཀྱང་། །ཨ་ལིའི་སྒྲ་ཕྱུང་སྟེ། །ཚིག་ཏུ་འདི་སྐད་རྗོད་པར་བྱེད། །རྒྱལ་པོ་ཁྱོད་ཀྱི་བཀའ་དྲིན་གྱིས། །བརྫུན་ལ་འཆེལ་པ་རབ་སྤངས་ནས། །དངོས་པོའི་བདེན་པ་ཐོབ་པར་འགྱུར། །ཡང་པ་མ་ལ་རབ་གནས་ཀྱང་། །ཐར་པའི་བདེ་བ་ཐོབ་པར་གྱུར། །དེ་ནས་དཔལ་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མས། །གནོད་འདུལ་ལྷའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་རྣམས་ཉོན་མོངས་ཆུང་བ་དང་། །འདོད་ཡོན་འབྲེལ་བ་མེད་པའི་ཕྱིར། །བསྟན་པ་འཇིག་པར་མི་འགྱུར་བས། །བདག་རྒྱུད་འདི་ནི་གནང་བར་མཛོད། །ལུས་འཕགས་བ་ལོངས་སྤྱོད་ནི། །སྒྲ་མི་སྙན་ན་བསྟན་མེད་པས། །དེ་རུ་འཛིན་པར་མི་འགྱུར་གྱིས། །འཛམ་གླིང་མི་ལ་གྲགས་བྱའི་ཕྱིར། །བདག་རྒྱུད་འདི་ནི་བདག་ལ་གནང་། །ཞེས་རྗོད་ནས། །གླང་པོ་ཆེའི་སྣ་ལྟ་བུར་ལག་པ་བརྐྱང་ནས་རྒྱུད་གུས་པར་བླངས་ནས། །འདི་སྐད་ཅེས་བརྗོད་དོ། །གནོད་སྤྱིན་ཕུག་ཏུ་འཛམ་གླིང་གི །བསྟན་པ་དར་བའི་ཆེད་དུ་སྦ། །མུ་སྟེགས་ནག་པོ་ཞེས་བྱ་བས། །ཕྱིས་ནི་བསྟན་པ་འཇིག་པར་འགྱུར། །དེ་རུ་བདག་གིས་བྱིན་རླབས་ཀྱིས། །ཤཱ་སདྷིས་འདོན་པར་འགྱུར། །གང་དུ་སྲོག་ཆགས་གནས་བ་དེར། །ལས་དང་ཉོན་མོངས་གནས་པར་འགྱུར། །གང་དུ་བསྟན་ལ་གནས་པ་དེར། །བདག་གི་བྱིན་གྱི་རླབས་ནི། །མི་འཇིགས་ཕྱིར་ན་འདི་གནས་བགྱི། །ཞེས་བརྗོད་པས། །གནོད་འདུལ་ལ་སོགས་པ་ལྷ་ཚོགས་ཐོམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་་ངརྗེརྗེངསྟེདེངམི་་་་་ངངཀྱིརྗེང་རྗེ་་བརྗད་པའ་ ས་ལ། །ཐམས་ཅད་ ས་སུ་ཡ་རང་ ། ། ་ཉད་ཀུ་ ་སྣང་བར་གྱུར་ནས། །ས་སར་དགྱས་ས། །དཔལ་འདད་པ་ཁམས་ཀྱས་དབང་ཕྱུག་མའ་རྒྱུད་ ་ ས་སུ་འབྱུང་བའ་རྡ་ ་ནག་མ་དངས་གྲུབ་ཐམས་ཅད་ལེགས་པའི་གནས་རྒྱུད་རྫོགས་སོ།། །།དཔལ་ལྡན་ལྷ་མོའི་རྒྱུད་མཆོག་འདི། །གང་གིས་རྙེད་པས་དངོས་གྲུབ་སྟེང་། །སྣོད་ལྡན་ཚིག་གཙང་བ་དང་ །འགྲོ་དོན་དགའ་ཞིང་བསྟན་བསྲུང་བ། །དེ་ཡི་ལག་ཏུ་འཕེལ་བར་ཤོག །རྒྱ་གར་གྱི་མཁན་པོ་ཤི་སིདྷ་དང་། །བོད་ཀྱི་ལོ་སྣྲོ་བ་བི་རོ་ཙ་ནས་བསྒྱུར་པའོ།། །།