Ngb-pt-0782-vol-08-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:48, 20 March 2020

Front

Body

རྒྱ་གར་སྐད་དུ། །ཨེ་ཀ་ཛ་ཞི་གུ་རྒྱ་མ་མ་རག་ཤ་ནཱ་མ་ཏན་ཏྲ། །བོད་སྐད་དུ། །ཨེ་ཀ་ཛ་ཞི་སྒྲོལ་བྱེད་ནག་མོ་སྤུ་གྲིའི་རྒྱུད་ཅེས་བྱ་བ། །དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། །དཔལ་ཡ་མན་ཏ་ཀ་རང་བཞིན་གྱི་དཀྱིལ་འཁོར་དང་འདུས་ཏེ་སྟབས་ཅིག་གོ །དེ་ནས་འཁོར་གྱི་ནང་ནས་རྡོ་རྗེབདེ་རྩོན་བྱེད་མས་གསོལ་པ། །ཀེ་ཨེ་ཀ་ཛ་ཞི་སྤུ་གྲིའི་དྲག་སྔགས་བཤད་དུ་གསོལ་ཞེས་གསོལ་ཏེ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དཔལ་གྱིས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་བདེ་བྱེད་མ། །སྔགས་བསྲུངས་ཨེ་ཀ་ཛ་ཞི་སྐྲུ་གྲིའི་རྒྱུད་འདི་བཤད་ཀྱིས་གུས་པར་ཉིན་ཅིག ཁྲེན་ཏུ་ཟབ་པའི་ངན་སྔགས་དེ། །དང་པོ་དབེན་པའི་གནས་དུག་ལ། །རྡུལ་ཚོན་བྲི་བར་འདིར་མ་གསུངས། །སྲོག་གི་ཡང་སྙིང་ཟློས་པ་ཡིན། །གསང་བ་མི་མཐུན་སྡེབས་བྱ་བ་ཡིས། །རྣེལ་གྲི་མོ་ཡི་ཐོད་པ་རུས། །འཕྲིན་ལས་རྣམ་བཞིར་དང་ལ་བྲི། །པདྨའི་རག་ཏས་བྲི་བར་བྱ། །དེ་ནང་རྣེལ་མོ་ཙིསྟ་ནི། །དར་གྱིས་བརྒྱན་ལ་གཞག་པར་བྱ། །སྨན་དང་རག་ཏ་གཏོར་མ་བཤམ། །མདུན་དུ་འབྲུབ་ཁུང་ནང་དུ་ནི། །ལིང་ག་བཅུག་ལ་ཐུན་ཡང་བྲབ། །སྐྱེ་ནས་སེང་ལྡེང་ཕུར་པས་བསྟོད། །བདག་ཉིད་ཡ་མན་ཏ་ཀར་བསྐྱེད། །མདུན་དུ་མ་མོ་བསྐྱེད་པར་བྱ། །རངབཞིནསྤྱནདྲངསའདི་ལྟར་བྱ། །མ་མ་ཨེ་ཀ་ཛ་གི་སྒག་རག་ཤ་ཨེ་ཨ་ར་ལི་ཧྲེང་ཛ། །མཧྭ་བ་ལིང་ཨ་མྲི་ཏ་རག་ཏ་པྱུ་ཙ་ཁུ་ཧེ། །ཞེས་མཆོད་པ་དབུལ་བར་བྱའོ། །ཞེས་འཕྲིན་ལས་རིམས་པའི་སྐབས་ཏེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཏྲག་རག་ཤ་མ་ཨེ་ཀ་ཛ་ཞི་ས་མ་ཡ། །སྙིང་ཁ་རག་མ་ཛུ་ཛུ་ཞེས་བོད་པའོ། །མ་མ་རུ་པ་ལུ་བ༷་མི་ཙ་ར་རོ་ལ་ཁམ་ཐུན་སྨྱོ་སྨྱོ། །རྦད་པའོ། །དེ་ནས་ལིང་ག་ལ་ཐུན་བརྡེག་པ་ནི། །ཏྲག་རག་ཤ་ཨེ་ཀ་ཛ་གི་ཁ་ལ་ཁུ་ནེ་བ༷་ལ༷་རག་མོ་མུ་ར་ཡ་རྦད། །རྨར་མ་ཤག་ཏི་ཙིཊ་གུ་ལུ་རྦད་ནན། །ཙིསྟ་ཙ་ལ་ཁུག་སྲོག་བ༷་ལི་བཛྲ་མ་ཧྭ་ཙ་ཏ། ཐུམ་མྱགས། རྩ་ལ་ཐུན་རྦད། ཙི་ཉི་མྱ་ར་ན་སོད། མ་ར་ཡ་རྦད། །ཅེས་གསད་པའོ། །ལས་འོག་་ན་བཟླས་པ་ནི། །མ་མ་ཙི་ཏ་དགྲ་ལ་སྨྱོ།རག་ཤ་ཤ་ན་པ་ཁུ༷་ནི། བ༷་ལ༷་མྱུར་དུ་སོད་ཅེས། །རང་ལ་ཁུ་ལྡོག་མེད་པའི་སྙིང་པོ་ནི། །ཨེ་ཀ་ཛ་གི་གསྒ་ཡུ་ཏྲག་ཤ་བཛྲ་རུ་ནི་སྨྱོ། ཞེས་སོ། །སྦྱིན་སྲེག་གི་དུས་སུ། ཧ་དང་ཧ་པ་ཙ་ལ་ཙརྨ། མ་རུ་རྦད་ཅེས་སོ། །མནན་པ་ཡི་དུས་སུ། སུ༷་ལ་མ་ཏྲག་བ༷་ཀ༷་ས་ཅེས་སོ། །འཁང་བ་ཟེར་གྱིས་དུས་སུ། །བ༷་རུ་ལུ་རུ་ལུ་སྨྱོ་སྨྱོ། །གསང་བའི་ངན་སྔགས་ཀྱི་སྐབས་ཏེ་གསུམ་པའོ། །དེ་ནས་བསྐུལ་བ་ནི། །སྨྱོ། །གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས། །གསང་སྔགས་ཀྱི་བགྲུངས་མ་མཐུ་མོ་ཆེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །རལ་པ་ནག་པོ་ཤར་ར། །བསེ་ཡི་སེན་མོ་ཟངས་སེ་ཟང་། །དར་ནག་བེར་ཆེན་ལྷབས་སེ་ལྷུབ། །སྐུ་ལ་ཞིང་གི་གཡང་གཞི་གསོལ། །ཕྱག་གཡས་ཞེ་སྡང་ཙིརྟི་བསྣམས། །གཡོན་ན་གཡུ་ཡི་སྦྱར་མོ་བསྣམས། །ཐུགས་ལས་གཡུ་ཡི་སྤྱང་མོ་འཕྲོ། །མ་མོ་ནག་མོ་འབུམ་དང་བཅས། །སྒྲོལ་གྱི་ཤན་པ་ཕོ་ཉར་འགྱེད། །དགྲ་བོ་སྒྲོལ་པའི་སྐྲུ་གྲི་མོ། །ཁྱོད་ཀྱི་ཐུགས་དམ་དུས་ལབབ། །དགྲ་བོ་ལས་ངན་སྡིག་ཅན་འདི། །མགོ་ལུས་འབྲལ་བའི་དུས་ལ་བབ། །ནང་གྲོལ་སྦྱོད་པའི་དུས་ལ་བབ། །ཙིསྟ་དབྱུང་བའི་དུས་ལ་བབ།ཤན་པ་ནག་མོ་དགྲ་ལ་སྨྱོ། ཞེས་སོ། །བསྐུལ་བའི་སྐབས་ཏེ་བཞི་པའོ། །དེ་ནས་མང་དག་བཤད་བྱ་བ། །མ་མོ་རྒྱུ་བའི་དུསཉིད་དུ། །དཔྱིད་ཟླ་ར་བ་བཅུ་བཞིའི་ཉེ་མ་ཕྱེད་ལ་མ་མོ་རྒྱུ། དབྱར་ཟླ་ར་བའི་བཙྭ་ལྔ་ལ་མ་མོ་རྒྱུ། །སྟོན་ཟླ་ར་བའི་བཅུ་དྲུག་གི་ནམ་གུང་ལ་མ་མོ་རྒྱུ། །དགུན་ཟླ་ར་བའི་བཅོ་བརྒྱད་ཉེན་དུས་སུ་རྒྱུ། །ཉི་ཤུ་གསུམ་ལ་རྟག་པར་རྒྱུ། །དེ་དུས་གཏོར་མ་གཏང་ཞིང་ལས་གཉེར་བསྒོ་བར་བྱ། །ཞེས་རྒྱུ་བའི་དུས་ཀྱི་སྐབས་ཏེ་ལྔ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །བསྙེན་པ་བོད་པའི་སྙིང་པོ་ནི། །བདུན་འབུམ་ཉི་ཁྲི་བཟླས་པར་བྱ། །དེ་ནས་རྦད་པ་འབུམ་ཕྲག་གདགས། །དེ་དུས་བུད་མེད་མོན་མོར་འོང་། །བཀའ་ཉན་ཟེར་ན་དམ་ཚིག་སྡེ། །དེ་ནས་གསད་པའི་རིམ་པ་ནི། །འབྲུབ་ཁུང་ནང་དུ་ལིང་ག་ལ། །ཡུངས་ཀར་ཁྲག་དང་དུག་སྣ་ལ། །ལྕགས་ཕྱེ་ཟེངས་ཕྱེ་རྡོ་ཕྱེདང། །ཟླབགཅིགཏུཐུནབྲབ་དེ་ཡིས་གྲོལ་བར་འགྱུར། །དེ་ལས་འགོར་ན་གནད་སྔགས་གདགས། །དེ་ཡི་མྱུར་དུ་གྲོལ་བར་འགྱུར། །ཐ་མ་སྤྱིན་སྲེག་མནན་པ་དང་། །ཟོར་ཀྱང་འཕང་བར་བྱ་བ་ཡིན། །རང་ལ་རྩེ་སྒོ་བྱུང་སྲིད་ན། །འཁུར་ལྡོག་མེད་པའི་སྙིང་པོ་བཟླས། །ཅེས་མན་ངག་རིམ་པའི་སྐབས་ཏེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་ལྷ་མོས་བསྟོད་པ། །བཅོམ་ལྡན་འདས་དཔལ་ལྡན་འཇམ་པའི་དབྱངས། །སྐུ་གསུང་ཐུགས་ཀྱི་གདུག་པ་འདུལ། །སྲིད་པའི་མ་མོ་དབྱིབས་ནས་འཁོར། །ཡེ་ཤེས་ཁྲོ་བོའི་སྐུ་ལ་དད་པས་བསྟོད། །ཅེས་བསྟོད་དོ། །བདུན་པའོ། །དེ་ནས་འཇམ་དཔལ་གྱིས་བཀའ་སྩལ་པ་། ་།ད་འདི་ནི་ཨེ་ཀ་ཛ་ཞི་གསང་བ་སྐྲུ་གྲིའི་རྒྱུད་ཅེས་བྱ་བ། །འདི་གང་ན་གནས་པ་ན་སྔགས་བགྲུངས་ཨེ་ཀ་ཛ་གི་ཡང་གནས་པའི་བསྟན་པ་བསྲུང་པའི་ཕྱི་བཅང་བར་བྱའོ། །གཟུར་བར་བྱའོ། །ཞེས་རྒྱུད་གཟུང་བའི་སྐབས་ཏེ་བརྒྱད་པའོ།། །།ཨེ་ཀ་ཛ་གི་གསང་སྐྲུ་གྲིའི་རྒྱུད་རྫོགས་སོ།། །།རྒྱ་རྒྱ་རྒྱ། །ཨི་ཏི། །རིམ་བུ་སྙུ་ཡི་ཉིད་ལ་ཞུས། །ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ། །ཨེ་ཀ་ཛ་ཞིའི་གསང་བ་སྒྲོལ་བྱེད་སྐྲུ་གྲིའི་རྒྱུད་ཀྱི་མན་ངག་བསྟན་པ་ནི། །དང་པོ་དུར་ཁྲོད་དམ་དབེན་པའི་གནས་སུ་རྫས་རྒྱུད་ལྟར་དུ་བཤམ་པ་ལ། །ཐོད་པར་དཀྱིལ་འཁོར་བྲིས་ལ་ལིང་ག་བཅའ། །བདག་ཡན་ཏ་ཀར་གསལ་བའི་མདུན་དུ། །སྒག་ལས་ཨེ་ཀ་ཛ་ཏི་སྐུ་མདོག་མཐིང་ནག། །རལ་པས་ས་གཞི་ཁེངས་པར་ཐུགས་ཀ་དང་༄༅ པར་རལ་པའི་ལི་གསེབ་ནས་སྤྱང་མོ་འཕྲོ་བ། །ཕྱག་གཡས་ཙིསྟ་གཡོན་ན་སྤྱང་མོ་བསྣམས་པ། །འཁོར་བུད་མེད་མང་པོ་དང་བཅས་པ་བསྐྱེད་ལ། །སྤྱན་དྲངས་པ་ལ་སོགས་པ་རྒྱུད་ལྟར་སྔགས་ཀྱིས་བྱ། །མཆོད་པ་རྣམ་པ་རྒྱུད་ལྟར་དབུལ། །དེ་ནས་བསྙེན་པ་བདུན་འབུམ་ཉི་ཁྲི་བསྐྱལ། །དེ་ནས་རྟགས་འོང་སྟེ། །བུད་མེད་ནག་མོ་དང་མོན་མོར་འོང་། །དེ་ནས་རྦད་སྔགས་འབུམ་བོད་པ་དང་སྦྲེལ་ལ་བཟླས། །དེ་དུས་སུ་རྟགས་བསྟན་པར་འོང་། །དེ་ནས་གསང་སྔགས་བོད་རྦད་ལ་བཏགས་ལ། །ཟླ་བ་གཅིག་ཏུ་ཐུན་བྱའོ། །དེ་ནས་ཀྱང་རྟགས་འགྱངས་ལ་དགྲ་དེ་བསོད་ནམས་དང་ལྡན་ན། །གནད་ཀྱི་སྙིང་པོ་བཏགས་ལ་ཞག་བདུན་བྱའོ། །དེས་ནི་ཇི་ལྟར་འགོར་ཀྱང་སྒྲོལ་ལོ། །གལ་ཏེ་དེས་ཀྱང་མ་སྒྲོལ་ན། །དུག་ཤིང་ལ་མེ་གཏང་ལ། །མེ་མ་མོར་བསྐྱེད་ལ་སྔགས་གོང་མ་ཚོ་ལ་བསྲེག་སྔགས་བཏགས་ལ་ལན་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་ཐལ་བ་དུར་ཁྲོད་དུ་མནན་སྔགས་བཟླས་ཤིང་མནན་ནོ། །མ་མོ་རྒྱུད་དུས་སུ་གཏང་ངོ། །ཟོར་མ་ར་ངོ་ལ་སྔགས་དྲིལ་ལ་ཐོད་ནང་དུ་ཁྲག་ལ་བསྔགས་ཏེ་འཕང་ངོ། །འཁུ་ལྡོག་བྱེད་ན་འཁུ་ལྡོག་མེད་པ་ནི། །སྙིང་པོ་ཤས་ཙམ་དྲངས་ངོ། །བསྐུལ་ནམ་གུང་ལ་རྒྱུད་ལྟར་བྱའོ། །གསང་བ་སྒྲོལ་བྱེད་ནག་མོ་སྐྲུ་གྲིའི་རྒྱུད་རྫོགས་སོ།། །།བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །འདི་ཡི་སྣོད་ལྡན་མེད་དེ་གཏེར་དུ་སྤས། །ལས་འཕྲོ་ཅན་དང་ཕྲད་པར་ཤོག །རྒྱ་རྒྱ་རྒྱ།། །།འཇམ་དཔལ་ཉིད་ལ་ཕྱག་འཚལ་ལོ། །སྔགས་ཀྱི་ཐེམས་ཡིག་བྲི་བར་བྱ། །སྦྱན་དྲངས་པ་ལ་ཡིག་འབྲུ་བཅྭ་ལྔ། །མཆོད་པ་དབུལ་བ་ལ་བཅུ་གཉིས། །དེ་གོང་ལ་གདགས་སོ། །བོད་