Ngb-pt-0704-vol-08-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-700-799/ngb-pt-0704-text.docx.wiki to Ngb-pt-0704-vol-08-text) |
Latest revision as of 10:47, 20 March 2020
Front
Body
རང་བཞིན་འདི་ལྟ་བུ་བཀའ་༷སྩལ་པ། བར་དུ་གཅོད་པའི་བགེགས་རྣམས་གཞིལ། །བྱིན་བརླབས་དེ་ལས་བྱུང་བ་ཡི། །མཁའི་དཀྱིལ་དུ་བསྐྱེད་དང་རྫོགས། །བསྐྱེད་པས་དབྱིངས་ཀྱི་དཀྱིལ་འཁོར་རོ། །ཕྱི་དང་ནང་དང་གསང་བས་བསླབ། །ཨཱོཾ་བཛྲ་ཐྲེ་ཧེ་རུ་ཀ། བཛྲ་ཀྲོ་དྷི་ཤྭ་རི་སྟོམ། བཛྲ་ཀོའུ་རི་ཧ། བཛྲ་ཙོ་རི་ཧ། བཛྲ་པྲ་མོ་ཧ། བཛྲ་བེ་ཏ་ལི་ཧ། བཛྲ་པུ་ཀ་སི་ཧ། བཛྲ་བྷས་མ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙ་ནྟྲ་ལ་ཧ། སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ། སྨྱོ་སྦྱོ་སྦྱོ་སྨྱོ། སྨྱོ་སྨྱོ་སྤྱོ། སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྨྱོ། མཐར་ཕྱིན་པའི་ཡི་གེ་བསམ། མཚན་གསུམ་བཟླས་དང་སྤྱན་དྲང་མཆོད། །བསྟིམ་ནས་གཞན་ལ་ལས་རྣམས་བཅོལ། །ལས་ལ་གཟུང་ཅིང་གནད་པ་བསྟམ། །དེ་འོག་དངོས་གྲུབ་ཡང་དག་གོ །ཐུགས་ནི་ཤིན་ཏུ་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ལས་དཔལ་ཡང་དག་གྲུབ་པའི་ཐུགས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དཔལ་ཡང་དག་གྲུབ་པའི་རྒྱུད་ལས། །ཙིསྟའི་དཀྱིལ་འཁོར་དམ་པ་རྫོགས་སོ་ས་ཧོ།། །།རྒྱ་གར་གྱི་མཁན་པོ་རྙོ་ན་གསྟེ་དང་། བོད་ཀྱི་ལོ་སྣྲོ་བ་བི་རོ་ཙ་ནས་བསྒྱུར།། །།རྒྱ་གར་སྐད་དུ། བཛྲ་མ་ཧྭ་གུ་རྒྱ་ཀརྨ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་གསང་བ་ཆེན་པོ་ལས་ཀྱི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན།བཅོམ་ལྡན་ཆོས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དེ། འོག་མིན་ཆོས་ཀྱི་དབྱིངས་ནམ་མཁའི་གཞལ་ཡས་དབུས་མེད་པ་ན། དུས་གསུམ་གྱི་སངས་རྒྱས་དང་། ཁམས་གསུམ་གྱི་སེམས་ཅན་དང་། ཆོས་ཐམས་ཅད་དང་། ཀུན་མཉམ་པར་བཞུགས་པའི་དུས་ན། བཅོམ་ལྡན་འདས་རྡོ་རྗེ་ཀུན་ཏུ་བཟང་པོ་དེ་ཉིད་ཀྱི་ཆོས་ཉིད་ཀྱི་རང་བཞིན་དེ་ལ། ཉིད་ཀྱི་དགོངས་པ་ལ་ཞུགས་པས། ཆོས་ཐམས་ཅད་སངས་རྒྱས་པར་མཁྱེན་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཀུན་ཏུ་བཟང་པོ་རིགས་ཀྱི་བདག་པོ་དེས། དུས་གསུམ་གྱི་སངས་རྒྱས་དང་། ཁམས་གསུམ་གྱི་སེམས་ཅན་དང་། ཆོས་ཐམས་ཅད་ཉིད་དང་མཉམ་པར་བཞེད་ནས་མ་སྐྱེས་པའི་ཆོས་ཉིད་ལ་བཞུགས་སོ། །དེ་ནས་མ་བསྐྱེད་པའི་ཆོས་ཉིད་དེ་ཀུན་ལ་སྣང་བར་བཞེད་ནས། ཡེ་ཤེས་ཀུན་ཏུ་སྣང་བ་ཞེས་བྱ་བའི༷་ཏིང་ངེ་འཛིན་ལ་ཞུགས་ནས། མ་སྐྱེས་པའི་སྙིང་པོ། ཡེ་ཤེས་ཀྱི་ཨ་ཞེས་བྱ་བའི་སྙིང་པོ་འདི་བསྒྲགས་སོ། །ཁམས་གསུམ་ཀུན་ལ་ཨར་གསལ་ལོ། །ཆོས་ཐམས་ཅད་མ་སྐྱེས་པ་ཡེ་ཤེས་ཀྱིརངབཞིནདེཨལསཨཱོཾསྣང་བར་བྱས་སོ། །ཁམས་གསུམ་ཀུན་ལ་ཨོར་གསལ་ལོ། །ཨོའི་སྒྲ་ཡང་གྲགས་སོ། །ཀུན་ལ་ཨཱོཾ་དུ་གསལ་ལོ། །དེ་ནས་ཨཱོཾ༷་དུ་སྣང་བར་བྱས་སོ། །ཨཱོཾ༷་གྱི་སྒྲ་ཡང་གྲགས་སོ། །ཁམས་གསུམ་ཀུན་ལ་ཨཱོཾ༷་དུ་གསལ་ལོ། །དེ་ནས་བཛྲ་པལྒ ཞེས་བྱ་བའི་སྒྲ་བསྒྲགས་ནས། །གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཉིད་དུ་བྱས་སོ། །ཀུན་ཏུ་རྡོ་རྗེར་གསལ་ལོ། །དེ་ནས་བཛྲ་བྷ་དྲུ་ཞེས་བྱ་བའི་སྒྲ་གྲགས་ནས། །ཉིད་རྡོ་རྗེ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྐུར་སྣང་བར་མཛད་དོ། །ཡེ་ཤེས་ཀྱི་སྐུར་སྣང་བར་མཛད་ནས། མ་སྐྱེས་པའི་ཏིང་ངེ་འཛིན་ལ་ཡང་དག་པར་ཞུགས་ནས། ཆོས་ཀྱི་དབྱིངས་ནམ་མཁའི་གཞལ་ཡས། དེ་བཞིན་ཉིད་དུ་མཉམ་པར་གཤེགས་སོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁམས་གསུམ་གནས་པའི་ལྷ་ཆེན་པོ་ཚངས་པའི་རིགས་དང་། བརྒྱ་བྱིན་དབང་པོའི་རིགས་དང་། མ་ཧྭ་དེ་བ་ཆེན་་་།་དང་། སྟེང་ལྷའི་རིགས་དང་། འོག་ས་བདག་གི་རིགས་དང་། ཤར་དྲི་ཟའི་རིགས་དང་། ལྷོ་གཤིན་རྗེའི་རིགས་དང་། ནུབ་ཀླུའི་རིགས་དང་། བྱང་གནོད་སྤྱིན་གྱི་རིགས་དང་། མེ་ལྷའི་རིགས་དང་། སྲིན་པོའི་རིགས་དང་། རླུད་ལྷའི་རིགས་དང་། དབང་ལྡན་གྱི་རིགས་དང་། ལྷ་མ་ཡིན་མ་ཡིན་པའི་དང་། རྗེ་བོ་དང་བྲན་མོར་གྱུར་པ་རྣམས་དང་། བདག་ཏུ་རྟོགས་པ་ནི་མ་སྤོངས། ཞབྲུལ་པའི་གཟུང་འཛིན་ནི་མ་བྲལ། བླང་དོར་མེད་པའི་ཐེག་པ་ལ་མ་ཞུགས་པའི་དབང་གིས། དེ་དག་ཐམས་ཅད་ལ་སྔོན་རྡོ་རྗེ་ཀུན་ཏུ་བཟང་པོའི་འཐད་པའི་སྒོ་ནས་འདུལ་ཚད་དུ་བསྟན་པ་དེ་བཀྲིད་དྲང་དུ་མ་རྟོགས། ངེས་པར་རྟག་པའི་དབང་གཙོ་སྟེ། རྡོ་རྗེ་ཀུན་ཏུ་བཟང་པོས་ཡེ་ཤེས་ཀྱི་སྐུར་སྣང་བར་མཛད་དེ། ཆོས་ཐམས་ཅད་སངས་རྒྱས་པར་མཛོད་པ་དེ་ལ། བདག་ཏུ་རྟོགས་པས་གཟུང་འཛིན་བླང་དོར་དུ་བརྟགས་ཏེ། ཡེ་ཤེས་ཀྱི་སྐུ་ལ། སྐུ་ཁྲོ་བ། ངག་གཏུམ་པ། སེམས་གདུལ་ལ། འོ་དོད་ཆེན་པོ་འབོད་ཅིང་། ཤིན་ཏུ་སློང་བའི་སྐད་འབྱིན་པ། མནར་མེད་པའི་ཉོན་མོངས་པ། བསྐལ་པ་སྟོང་ཕྲག་ཉི་ཤུའི་བར་དུ་གནས་པ་དང་། དེ་བཞིན་ཉིད་ལ་བརྟག་ཏུ་མེད་པ་ལས། རང་རང་དུ་རྟོག་པའི་ཆོས་ཉིད་ལ་ཞེད་པའི་མཐུ་བརྟས་པས། དུག་ལྔའི་འབྲས་བུ་སྨིན་ཏེ། མི་འཚམས་པའི་ལུས་དང་མི་འཚམས་པའི་བསམ་པ་དང་། མི་འཚམ་པའི་རྣམ་པར་སྨིན་པ་དང་། མི་འཚམས་པའི་འབྲས་བུ་དང་། མི་འཚམ་པའི་སྡུག་བསྔལ་དང་། མནར་མེད་པའི་ཉོན་མོངས་པ་དང་། བསྐལ་པ་སྟོང་ཕྲག་ཉི་ཤུའི་བར་དུ་གནས་པ་དང་། དུས་མེད་པར་ལྷ་དང་མིའི་འཇིག་རྟེན་ཕུང་བར་བྱེད་པ། དེ་ནས་མི་འཚམས་པའི་སྡུག་བསྔལ་ཟད་ནས། གཏི་མུག་དྲན་མེད་པའི་སྡུག་བསྔལ་དྲན་པ་དབྱིངས་སུ་ཆུད་དེ། བྱང་ཆུབ་སྐྱེ་བའི་ཐབས་གཏིང་མེད་པར་གནས་སོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས་རྟོག་པ་རྣམ་སྨིན་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས། ཐུགས་རྗེ་ཡེ་ཤེས་སྐྱེས་ནས། ཆོས་ཀྱི་དེ་བཞིན་ཉིད་ལས་བཞེངས་ནས་འདི་སྐད་གསུངས་སོ། །ཨཱོཾ༷ ། ཡོད་མེད་སྟོང་པ་ཡེ་ཤེས་རྣལ་འབྱོར་སྐུ། །ནམ་མཁའ་བཞིན་དུ་ཁྱབ་པའི་ཐུགས་རྗེ་ཡི། །མི་འཚམས་ཉ་ན་མོངས་སྡུག་བསྔལ་ཞི་མཛད་པ། །ཡེ་ཤེས་ཀུན་ཏུ་སྣང་མཛད་སྐུར་བཞེངས་ཤིག །ཅེས་མ་སྐྱེས་པ་མངོན་དུ་སྐུར་བཞེངས་སུ་གསོལ་ལོ། །དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མ་སྐྱེས་པའི་དབྱིངས་ནས་སྐུར་བཞེངས་སོ། །དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་་ང་བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ། ཨཱོཾ། སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བདག་གི་རྡོ་རྗེ་སྐྱེ་མཆེད་རང་བཞིན་ཏེ། །ཡེ་ནས་རང་འབྱུང་ཡེ་ཤེས་ལྷ་ཡི་ལྷ། །མཐུན་པའི་སྡུག་བསྔལ་ཅན་རྣམས་ཞི་བར་མཛོད། །ཅེས་གསུངས་པས། དེ་ནས་དུས་གསུམ་གྱི་སངས༷་རྒྱས་ཐམས་ཅད་རྒྱུད་མ་དག་པ༷འི་སྡུ༷ག་བསྔལ་ཅན་ཞི་བར་མཛད་པ༷འི་སྐུ། རྡོ་རྗེ་ཀུན་ཏུ་བཟང་པོའི་སྐུར་བཞུགས་སོ། །རྡོ་རྗེ་ཀུན་ཏུ་བཟང་པོ་དེས། སངས་རྒྱས་ཐམས་ཅད་ཀྱི་ཆེ་བ༷་ལྔ་ལྡན་པའི་རྟགས་བཀོད་པ། ཨཱོཾ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་པཎ་ཙ་ཨཱོཾ། ཨཱོཾ་སརྦ་ཏ་ཐ་ག་ཏ་བཱ་ཀ་པཎ་ཙ་ཨཱོཾ། ཧུ༷་སརྦ་ཏ་ཐུ་ག་ཏ་ཙིསྟ་པཎ་ཙ་ཧུ༷། སྭ་སརྦ་ཏ་ཐུ་ག་ཏ་གུ་ན་པན་ཙ་སྭ། ཧ་སརྦ་ཏ་ཐུ་ག་ཏ་ཀརྨ་པཎ་ཙ་ཧ། ཨཱོཾ་སརྦ་ཏ་ཐུ་ག་ཏ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། རྡོ་རྗེ་གསང་བ་ལས་ཀྱི་རྒྱུན་ལས། ཆེ་བ་བྱིན་གྱིས་བརླབས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ༷ ་རྗེ་ཀུན་ཏུ་བཟང་པོ་དེ། རྫོགས་པའི་དཀྱིལ་འཁོ༷ར་འདི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལ༷ས་བྱུང་ངོ་། །ཨཱོཾ༷་བཛྲ་མཧྭ་ཤི་ཧེ་རུ་ཀ །བཛྲ་མཧྭ་ཀྲོ་དྷི་ཤྭ་ར་སྟུ༷། ཨཱོཾ༷་སྟུརྙ་མཧྭ་ཤི་ཧེ་རུ༷་ཀ། བུརྙ་མཧྭ་ཀྲོ་དྷི་ཤཱ་རི་སྟུ༷། ཨཱོཾ་རཏྣ་མཧྭ་ཤི་ཧེ་རུ་ཀ །རཏྣ་མཧྭ་ཀྲོ་དྷི་ཤྭ་རི་སྟུ༷། ཨཱོཾ་པདྨ་མཧྭ་གྲི་ཧེ་རུ་ཀ །པདྨ་ཀྲོ་དྷི་ཤྭ་རི་སྒྱུ༷། ཨཱོཾ་ཀརྨ་མཧྭ་གྲི་ཧེ་རུ་ཀ །ཨཱོཾ་ཀརྨ་ཀྲོ་དྷི་ཤྭ་རི་སྟུ༷། ཞེས་འབར་བ་ཆེན་པོ་ལྔ་ཕྱུང་ནས། ཨཱོཾ་ཨ་ཧུ༷། ཧུ༷་པ་ར་ན་ཕཊ། ཅེས་སྤྲོས། ཧུ༷་ཧུ༷་ཧུ༷། ཞེས་བསྡུས་ནས། གནས་འདིར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་སོ། །དེ་ནས་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་སྤྲོས་སོ། །དེ་ནས་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་སྤྲོས་སོ། །དེ་ནས་ཕཊ་ཕཊ་ཕཊ་ཕཊ་ཅེས་སྤྲོས་ནས། ཨཱོཾ་ཨུ་ཧུ༷། ཧུ༷་པ་ར་ན་ཕཊ། ས༷་ཧ་ར་ན་ཧུ༷་ཧུ༷་ཧུ༷། ཞེས་བསྡུས་ནས། ཁྲོ་མོ་དང་། འཕྲ་མེན་མ་དང་། སྒོ་མའི་ཚིགས་སྤྲོས་ཏེ། ཕྱག་རྒྱ་བཞི་དང་ལྡན་པར་བྱའོ། །རྡོ་རྗེ་ཀུན་ཏུ་བཟང་པོ་འདིའི་སྐུ་ཉིད་དུ་བཞུགས་སོ། །སྐུ་གསུང་ཐུགས་ལས་བྱུང་ནས་སྐུ་ཉིད་དཀྱིལ་འཁོར་གྱི་ལྷར་བསྟན་ནས་བཞུགས་སོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། སྐུ་ལ་རྫོགས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་ངེས་སྐུ་ལྔ་མངོན་དུ་ཕྱུང་སྟེ། ཞེ་སྡང་དང་ཞེ་སྡང་གི་ཡུལ་གནས་སུ་དག་པ་བཛྲ་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་། །འདོད་ཆགས་ཡུལ་དང་ཆས་པ་གནས་སུ་དག་པ་པདྨ་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་། །གཏི་མུག་ཡུལ་དང་ཆས་པ་གནས་སུ་དག་པ་བུརྙ་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་། །ཕྲག་དོག་ཡུལ་དང་ཆས་པ་གནས་སུ་དག་པ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་། །ང་རྒྱལ་ཡུལ་དང་ཆས་པ་གནས་སུ་དག་པ་རད་ན་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་། །དེ་ནས་སྐུ་རྣམ་པ་ལྔ་པོ་དེ་ལྟར་ཕྱུང་ནས། འགྲོ་བ་ལྔའི་གནས་སུ་མཐིང་ནག་དང་། སྨུག་ནག་དང་། སེར་ནག་དང་། དམར་ནག་དང་། ལྗང་ནག་ལ་སོགས་བ་སྐུ་མདོག་དང་ཕྱག་མཚན་རྡོ་རྗེ་དང་། དབྱུག་ཐོ་དང་། ཁ་ཤཱ༷་ཁ་དང་། ཞགས་པ་དང་། གར་གྱི་རྒྱ་གྲམ་དང་། ཞལ་གསུམ་ཕྱག་དྲུག །ལྷ་ཆེན་པོ་རྣམས་ཀྱི་གདན་ལ་ཞབས་བརྒྱད་བརྐྱང་བསྐུམ་དང་། གྱེད་ཀྱི་འདོར་སྟབས་སུ་བཞུགས་ནས། རིགས་དྲུག་དང་མཐུན་པའི་སྐད་ཀྱིས་འགྲོ་བའི་དོན་མཛད་དོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། སྐུ་ལྔ་རྫོགས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་ཀུན་ཏུ་བཟ༷ང་པོ་དེས་ཁམས་གསུམ་དབང་དུ་སྡུད་པ་འདི་གསུངས་སོ། །དུས་གསུམ་གྱི་སངས་རྒྱས་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཧྭ༷་ཧུ༷་ཧུ༷་ཞེས་པས་མངོན་སུམ་དུ་བསྡུས་ནས། ཉིད་ལ་ཐིམ་པར་མཛད་དོ། །ཨཱོཾ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་སི་དྷི་ས༷་ཧ་ར་ན་ཧུ༷། ཞེས་ཁམས་གསུམ་ཧེ་རུ་ཀ་ཉིད་སྐུ་གཅིག་གིས་གང་བར་མཛད་དོ། །ཨཱོཾ༷་སརྦ་ཏ་ཐུ་ག་ཏ་བཱ་ཀ་སི་དྷི་ས༷་ཧ་ར་ན་ཧུ༷། ཞེས་པས་ཁམས་གསུམ་གསུང་གཅིག་གིས་གང་བར་མཛད་དོ། །ཨཱོཾ༷་སརྦ་ཏ་ཐུ་ག་ཏ་ཙིཀྟ་སི་དྷི་སང་ཧ་རཏྣ་ཧུ༷་ཞེས་པས། ཁམས་གསུམ་ཧེ་རུ་ཀ་ཉིད་སྐུ་གཅིག་གི་སྐུ་གསུང་ཐུགས་ལས། གཞན་ཅང་མི་གནས་བར་མཛད་དེ། ཡང་བག་ཆགས་ངན་པའི་མཐུ་ལངས་ནས། རང་རང་གི་ལུས་གྲུབ་སྟེ་ལས་ངན་པ་སྤྱད་པ་ལས། དེ་ནས་ཧེ་རུ་ཀས་ཧུ༷་ཧུ༷་ཧུ༷་བི་ཤ་བཛྲ་ཀྲོ་དྷ་ཛ་ལ་མན་ཌ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧུ༷། ཞེས་བརྗོད་པ་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་གཡོགས་སོ། །འུར་ཆེམ་གྱི་སྒྲ་ཕྱུང་ངོ་། །རབ་ཏུ་ཞུ་ནས་རྡུལ་གཏོར་བས། ལྷ་ཀླུ་གནོད་སྤྱིན་གྱི་རིགས། མཐུ་ཆེ་བ་དབང་ཕྱུག་ཆེན་པོ་ལ་སོགས་པ་བརྒྱལ་དུ་ཡང་ནས་ཡང་བཅུག་ནས།བཀྲག་དང་། གཟིམ་མདངས་དང་། ཤེས་པའི་བཅུད་བསྡུས་ནས། ཤེས་པ་ཉམས་པ་ཐམས་ཅད་བྱས་སོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། དྲག་པོ་དབང་སྡུད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྙིང་པོ་བཟླས་བརྗོད་ཀྱི་ལེའུ་འདུ་གསུངས་སོ། །རྡོ་རྗེ་འཛིན་པས་གླུ་དྲུག་པོ་འདི་བླངས་པས། ཆོས་ཀྱི་དབྱིངས་ན་བཞུ༷ གས་པའི་སངས་རྒྱས་དང་། ཁམས་གསུམ་ན་གནས༷་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་བདག་པོ་དཔལ་ཆེན་པོ་ཉིད་ཀྱི་དོན་གྱི་སྒྲ་འདི་བརྗོད་དོ། །ཅོཏོ་བཛྲ་ཤི་ཧེ་རུ་ཀ་བཛྲ་མཧྭ་ཀྲོ་དྷི་ཤྭ་རི་ས་མ་ཡ་སྟུ༷། ཡོཏོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཞེས་གསུངས་སོ། །གསུངས་པས་དོན་གྱི་སྒྲའི་རྒྱ༷ས་བཏབ་ནས། ཐམས་ཅ༷ ད་བདེ་བ་ལ་གནས་སོ། །དེ་ནས་སྐུ་གསུང་༷ཐུགས་ཡོན་ཏན་འཕྲིན་༷ལས་ཀྱི་སྤྲུལ་པ་ཧེ་རུ་ཀ་ལྔ་ཕྱུང་སྟེ། དོན་གྱི་སྒྲ་ཕྱུང༷་བ་དང་ཆེ་བ་བསྐྱེད་པ།༷ ཨཱོཾ༷་བཛྲ་ཤི་ཧེ་རུ་ཀ་ཧཱུཾ། བཛྲ་ཀྲོ་དྷི་ཤྭ་རི་སྟུ༷། ༷ཨོ་རུ་ལུ་རུ་ལུ་ཧཱུཾ་སྨྱོ་ཧུ༷། ཨཱོཾ་བྲརྙ་ཤི་ཧེ་རུ་ཀ་ཧུ༷། བུརྙ་ཀོ་དྷི་ཤྭ་རི་སྟུམ༷། ཨཱོཾ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཨཱོཾ་རཏྣ་ཐྲི་ཧེ་རུ་ཀ་ཧུ༷་ཕཊ། རཏྣ་ཀྲོ་དྷི་ཤྭ་རི་སྟུམ། ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་སྨྱོ་ཧཱུཾ། ཨཱོཾ་པདྨ་ཐྲེ་ཧེ་རུ་ཀ་ཧུ༷། པདྨ་ཀྲོ་དྷི་ཤྭ་རི་སྟུམ། ཨཱོཾ་རུ་ལུ་རུ་ལུ་ཧུ༷་སྦྱོ་ཧུ༷། ཀརྨ་གྲི་ཧེ་རུ་ཀ་ཧུ༷། ཀརྨ་ཀྲོ་དྷི་ཤྭ་རི་ཧུ༷། ཨཱོཾ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཞེས་ཆེ་བ་བསྐྱེད་ཅིང་དོན་གྱི་སྒྲ་ཕྱུང་ནས། རྣམ་པར་སྨིན་པ་གསུམ་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་གནས་ནས་སྟོངས་པར་བྱས་ནས། ཐུགས་གསང་བའི་དབྱིངས་སུ་བསྡུས། ཡེ་ཤེས་ཀྱི་སྲས་སུ་བསྐྱེད། འཕགས་པ་ཡང་མཆོད་དོན་ཡང་བྱས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐབས་ཅད་བསྡུས་སོ། །དེ་ནས་སྐུ་གསུང་ཐུགས་ཀྱི་ཡན་ལག་ཁྲོ་མོ་དང་། འཕྲ་མེན་དང་། སྒོ་མ་དང་འཕྲིན་ལས་ཀྱི་ལྷ་ཕྱུང་སྟེ། ཨཱོཾ༷་བཛྲ་ཀེའུ་རི་ཧ། ཨཱོཾ༷་བཛྲ་ཙའུ་རི་ཧ། ཨཱོཾ༷་བཛྲ་པྲ་མོ་ཧ། ཨཱོཾ་བཛྲ་བེ་ཏ་ལི་ཧ། ཨཱོཾ༷་བཛྲ་པུ་ཀ་སི་ཧ། ཨཱོཾ༷་བཛྲ་བྷས་མ་རི་ཧ། ཨཱོཾ༷་བཛྲ་སྨ་ཤ་ནི་ཧ། ཨཱོཾ༷་བཛྲ་ཙཎྜ་ལི་ཧ། ཨཱོཾ༷་བཛྲ་སིང་ཧ་མུ་ཁ་ཧེ། ཨཱོཾ༷་བཛྲ་བྱ་སྒྲི་མུ་ཁ་ཧེ། ཨཱོཾ་བཛྲ་སྲི་ལ་མུ་ཁ་ཧེ། ཨཱོཾ༷་བཛྲ་ཤྭ་ན་མུ་ཁ་ཧེ། ཨོ༷་བཛྲ་ཀྲི་ཏ་མུ་ཁ་ཧེ། ཨཱོཾ༷་བཛྲ་ཀང་ཀ་མུ་ཁ་ཧེ། ༷ཨཱོཾ༷་བཛྲ་ཀ་ཀ་མུ་ཁ་ཧེ། ཨཱོཾ་བཛྲ་ཧུ་ཀ་ལུ་མུ་ཁ་ཧེ། ཨཱོཾ༷་བཛྲ་ཨབྱ་དེ་ཙ་ཏེ་ད་ཙ་ཕཊ། ཨཱོཾ༷་བཛྲ་ཨ་མོ་ཀ་ཧུ༷་ཕཊ། ཨཱོཾ༷་བཛྲ་ལོ་ཀ་པ༷་ཕཊ། ཨཱོཾ༷་བཛྲ་པ་སྨིན་པ་ལ་ཡབ་ཏོ་ཧོ་ཕཊ། ཨཱོཾ༷་མ་ནུ་ར་ཤ་སི། ཨཱོཾ༷་པྲ་མ་ནི། ཨཱོཾ་རོའུ་ཏྲི། ཨཱོཾ་བེ་སྣ་བི། ཀོ་མ་རི། ཨིན་ཏྲ་མ། བཛྲ་བིང་ཀ་ལམ། ཨ་མྲི་ཏེ། སོའུ་མ། ད་ཎ་ཌ་མ། རག་ཤ་སི། བག་ཤཱ་སེ། ར་ཏི་ར། རུ་ཏི་ར་མ་ཏི། ཨེ་ཀ་ཙ་ར། མ་ནུ་ཧ་ར༷། སི་ཧི་ཀ་ར༷། བ་ཡ༷་བེ། བཛྲ་མ་ར་ནིབཛྲ་ཨག་ནེ། བྷ་ར་ཧི། བཛྲ་ཙ་མུན་ཏི། པུ་ཏན། བ་རུ་ན། མཧྭ་ཀྭ་ལ། ཙ་ཀྲ་ལི། གུམ་པ་ཀ་ར། ལམ་བོ་དྷ་ར་སྨྱོ། ཨཱོཾ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཞེས་དོན་གྱི་སྒྲ་ཕྱུང་ནས། རྣམ་པར་སྨིན་པ་གསུམ་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་གནས་ནས་སྟོངས་པར་བྱས་ནས། ཐུགས་གསང་བའི་དབྱིངས་སུ་བསྡུས། ཡེ་ཤེས་ཀྱི་སྲས་སུ་བསྐྱེད། འཕགས་པ་མཆོད། དོན་ཡང་བྱས་ནས། དངོས་གྲུབ་ཐམས་ཅད་བསྡུས་སོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། སྙིང་པོ་བཟླས་བརྗོད་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་དེས། གསུང་སྒྲ་དོན་གྱི་ལེའུ་འདི་བསྟན་ཏོ། །ཀྱེ་ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་ནི་ཀུན་གྱི་རྒྱུ། །ང་ནི་ཀུན་གྱི་རང་བཞིན་ཏེ། །བྱང་ཆུབ་སེམས་ནིརངབཞིནབཤད། །བྱ་བ་ཡེ་ནས་སྐྱེ་བ་མེད། །སྤྲོས་དང་བྲལ་བའི་རང་བཞིན་ཏེ། །ཆོས་སྐུ་མ་སྐྱེས་རྣམ་པར་བྱང་། །ཆུབ་པ་ཀུན་ལ་ཁྱབ་པར་བྱེད། །འདོད་པའི་ལོངས་སྤྱོད་རྫོགས་པའི་ཕྱིར། །སྐྱེ་བ་མེད་ལ་ཐམས་ཅད་སྐྱེས། །སེམས་ནི་ཀུན་གྱི་སྙིང་པོ་སྟེ། །འདོད་པ་ཐམས་ཅད་སེམས་པའི་ཕྱིར། །དེ་ཕྱིར་བསྐྱེད་པའི་སྙིང་པོ་བྱེད། །གང་འདོད་སེམས་ནི་དེ་བསྐྱེད་པ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །སྐྱེ་མེད་འདོད་པས་དེ་བཞིན་ཉིད། །རྣམ་དག་ཆོས་ཀྱི་སྐུར་འདོད་པའོ། །སྐྱེ་བར་འདོད་པ་ཀུན་ཏུ་སྣང་། །ལོངས་སྤྱོད་རྫོགས་པའི་རང་བཞིན་ནོ། །སེམས་དེ་སྐྱེས་པའི་སྙིང་པོ་ནི། །མ་སྐྱེས་སྙིང་པོ་ཨ་དེ་རྒྱུ། །ཀུན་ཏུ་སྤྲུལ་བྱེད་ཡི་གེའི་ཚོགས། །ཨ་རྣི་སུ་ཏྲི་པྲི་དུ་ཚོགས། །འགྲོ་བ་དྲུག་ཏུ་སྣང་བ་ཡང་། །ཀུན་ཏུ་སྤྲུལ་བྱེད་ཆོས་ཉིད་དོ། །མ་སྐྱེས་ཨ་ནི་རྡོ་རྗེ་སྟེ། །རྡོ་རྗེ་ཡེ་ནས་ཀུན་ཏུ་བཟང་། །ད་ནི་ཀུན་གྱི་སྙིང་པོར་བཤད། །ཡན་ལག་ལྔ་ནི་སངས་རྒྱས་ལྔ། །རྣམ་དབང་ཡུལ་དུས་ཆོས་མཚན་ཉིད། །བྱང་ཆུབ་སངས་རྒྱས་དཀྱིལ་འཁོར་བཤ༷ ད། །སངས་རྒྱས་དཀྱིལ༷་འཁོར་ཚོགས་རྣམས་ཀྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཆེ་བའི་ཡོན་ཏན་རྫོགས་བྱས་ཏེ། །གསུང་སྒྲ་གསང་བའི་སྙིང་བརྗོད་པས། །དོན་གྱི་དབྱངས་སྒྲ་དྲུག་ཏུ་གྲགས། །ཨཱོཾ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཨཱོཾ་དང་རུ་དང་ལུ་དང་ནི། །ཧུ༷་དང་སྦྱོ་དང་ཧུ༷་སྟེ་དྲུག །གསང་བའི་སྙིང་པོ་འདི་བརྗོད་པས། །དུག་གསུམ་རྣམ་སྨིན་རུ་ཏྲ་དང་། །ཁམས་གསུམ་རྒྱུད་དྲུག་ཉོན་མོངས་རྣམས། །གཟིགས་པའི་ཐུགས་རྗེ་ཆེན་པོ་ཡིས། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །གསང་བའི་སྙིང་པོ་འདི་བརྗོད་དོ། །དཔེར་ན་དབང་ཆེན་རྗེ་དེ་ཡིས། །ཡང་བྲན་ཁོལ་དུ་བོས་པ་བཞིན། །སྤྱན་སྔར་མི་འདུ་ཐབས་མེད༷་འདུས། །དབྱིངས་སུ་བསྡུས༷་ནས་སྲས་བ༷སྐྱེད་སྤྲོས། །མཆོད་ཅིང་འདོད་པ་བསྡུ་བར་མཛད། །དེ་དོན་འབྲུ་འདི་བཤད་བྱ་ཉོན། །ཆོས་སྐུ་ཡེ་ནས་སྐྱེ་བ་མེད། །མ་སྐྱེས་པ་ཡི་སྙིང་པོ་ཨ། །སྐྱེ་བའི་ཆོ་འཕྲུལ་ཡོན་ཏན་ཨཱོཾ། །ཡན་ལག་རྫོགས་པས་ཨཱོཾ་དུ་སྣང་། །ཨཱོཾ་ནི་སྐུ་ཡི་སྙིང་པོ་སྟེ། །བདེ་གཤེགས་སྐུ་ཡི་སྙིང་པོར་བཤད། །སྐུ་ནི་ཕྱག་རྒྱ་བཞི་ལྡན་སྐུ། །རུ་ནི་རུ་ཏྲེརེ་སྙིང་པོ་སྟེ། །ར་ཏྲ་རུ་ཏྲ་མ་ར་ཏྲ། །ར་ག་ར་ཏ་རག་ཤ་སྟེ། །དུག་གསུམ་རྣམ་པར་སྨིན་པ་སྟེ། །རུ་ཏྲ་གསུམ་གྱི་སྙིང་པོར་བཤད། །ལུས་ནི་འཁོར་བ་ཕྱིན་ཅི་ལོག །དུག་ལྔ་སྨིན་པའི་རྒྱུད་དྲུག་སྟེ། ཁུད་དྲུག་སྤྱི་ཡི་སྙིང་པོར་བཤད། །ཧུ༷་ནི་སྡུད་པའི་སྙིང་པོ་སྟེ། །དབྱིངས་སུ་བསྡུས་ནས་སྦྱོར་བ་ཡིས། །ཡེ་ཤེས་སེམས་དཔའི་སྲས་སུ་བསྐྱེད། །སྨྱོ་ནི་བསྐུ༷ལ་བའི་སྙིང་པོ་སྟེ། །འཕགས་པ་མཆོད་ཅིང་འགྲོ་དོན་བྱེད། །ཧུ༷་ནི་སྡུད་པའི་སྙིང་པོ་སྟེ། །འདོད་པ་སྐུ་གསུང་དངོས་གྲུབ་སྡུད། །དེ་དོན་འདོད་ལྟར་རིམ་པར་གྱིས། །བཛྲ་ཧེ་རུ་ཀས་འདི་བརྗོད་པས། །གསང་བ་ཨཱོཾ་གྱི་སྙིང་པོ་ལ། །རང་རྒྱུད་དག་པའི་བསྙེན་པ་སྟེ། །བཛྲ་ཕྱག་རྒྱ་བཞི་ལྡན་གསལ། །གསང་བ་རུ་ཡི་སྙིང་པོ་ཡིས། །རུ་ཏྲ་རྣམ་གསུམ་སྙིང་ནས་འདྲེན། །གསང་བ་ལུ་ཡི་སྙིང་པོ་ཡིས། །འཁོར་བ་རྒྱུད་དྲུག་ཐུགས་རྗེས་འདྲེན། །རང་རྒྱུད་དག་པའི་ཐུགས་རྗེ་ཡིས། །དམྱལ་བའི་འཇིག་རྟེན་སྟོངས་པར་མཛད། །ཚ་གྲང་སྡུག་བསྔལ་གཏན་ས་ལེན། །ཡང་ནས་ཡང་དི་ལན་གཉིས་སོ། །ཧུ༷་གིས་གསང་བའི་དབྱིངས་བསྡུས་ནས། །གཉིས་མེད་སྦྱོར་བས་སྲས་སུ་བསྐྱེད། །སྦྱོ་ནི་བསྐུལ་བའི་སྙིང་པོ་སྟེ། །གཟུགས་བཞི་གཟུགས་དེ་སྤྲོས་བྱས་ལ། །སྤྲོས་མེད་དབྱིངས་ཀྱི་ཕོ་བྲང་ན། །སངས་རྒྱས་ནམ་མཁའི་ཁམས་གང་མཆོད། །ཧུ༷་གིས་སླར་བསྡུས་དངོས་གྲུབ་དེ། །སྐུ་་་་་་ ་་ན ་ནའཕྲིན་ལས་ཐུགས། །ཕྱག་རྒྱ་བཞི་ལྡན་གནས་སུ་སྡུད།༷།བདག་དང་གཞན་དོན་རྣམ་པ་གཉིས། །ལྷུན་གྲུབ་མཐར་ཕྱིན་གྲུབ་པ་སྟེ། །ཐུགས་རྗེ་འགྲོ་དོན་མཛད་ལས་བྱུང་། །བདག་ཉིད་ལྷུན་གྲུབ་དོན་མི་གཉེར། །རྒྱལ་བའི་རིགས་ཆེན་ཧེ་རུ་ཀ་ལྔས། །གསང་བའི་སྙིང་པོ་ཨཱོཾ་བརྗོད་པས། །རང་རྒྱུད་དག་པའི་གཉེན་པོ་ལྔ། །ཕྱག་རྒྱ་བཞི་དང་ལྡན་གྱུར་ནས། །དྲེགས་པ་རྣམ་གསུམ་འདུལ་བ་དང་། །རང་རྒྱུད་དག་པའི་འདུལ་སྐལ་གྱིས། །རྒྱུད་དྲུག་སྟོངས་མཛད་གོང་མ་བཞིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འཕྲིན་ལས་ལྷག་མ་མེད་པར་ལགས། །འཁོར་བ་རྒྱུད་དྲུག་གནས་སྟོངས་ནས། །བླ་མེད་བྱང་ཆུབ་སངས་རྒྱས་མཉམ། །ཞེས་གསུངས་། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། རུ་ལུ་དོན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཀུན་བཟང་དགེས་པ་དེས། །གླུ་དྲུག་དབྱངས་ཀྱི་དོན་བཤད་པ། །འགོ་རུ་དབྱངས་དང་ཀུན་དེའུ་དབྱངས། ཁྲ་ཏ་བ་དང་གར་བཟང་བ། །བྲེང་ངེ་དབྱངས་དང་དུང་ངེ་དབྱངས། །འ༷གོ་རུ་དང་པོ་སྒྲ་ཆེན་སྒྲོགས། །ཀུན་དེའི་བར་དུ་འགུག་པར་བྱེད། ཁྲ་ཏས་དོན་གྱི་སྙིང་པོ་འཛིན། །གར་ཟས་དེ་ཡི་ལས་བྱེད་ལ། །བྲེང་ངེས་བར་ཆད་མེད་པའམ། །དུང་ངེས་དགའ་དང་འགུགས་པར་བྱེད། །ཨཱོཾ་གྱི་སྙིང་པོ་དབྱངས་བླངས་པས། །དཀྱིལ་འཁོར་ཕྱག་བརྒྱ་བཞི་ལྡན་གསལ། །རུ་ཡི་སྙིང་པོ་དབྱངས་བླངས་པས། །མ་ཌ༷་ཀ་དང་ཁ་ཊ༷་ཁ། །ཨ་ཀ་ར་དང་རྣམ་པ་གསུམ། །དུག་གསུམ་ལུས་ངག་ཡིད་གསུམ་གྱིས། །ཁམས་གསུམ་རུ་ཏྲ་རྣམ་གསུམ་འདུལ། །ལུ་ཡི་སྙིང་པོ་དབྱངས་བླངས་པས། །རྒྱུད་དྲུག་སྤྱི་ཡི་སྙིང་པོ་སྟེ། །དུག་ལྔ་སྨིན་པ་ལམ་ལྔ་ནས། །འཁོར་བ་རྒྱུད་དྲུག་གནས་ནས་འདྲེན། །ཐུགས་རྗེའི་རང་བཞིན་ཡང་དང་ཡང་། །ཧུ༷་ཞེས་གསང་བའི་དབྱངས་འདི་ཡིས། །གདུལ་བྱ་ཡང་དག་དབྱིངས་སུ་སྡུད། །བསྐུལ་བ་སྤྱོ་ཡི་དབྱངས་འདི་ཡས་་། །དབྱིངས་ནས་ཡེ་ཤེས་དེ་ཡིས་ནི། །འཕགས་མཆོད་འགྲོ་བའི་དོན་ཡང་བྱས། །ཧུ༷་ཞེས་བསྡུད་པའི་དབྱངས་དེ་ཡིས། །གང་འདོད་དོན་དེ་གྲུབ་པར་བྱེད། །རིགས་ཞེས་བྱ་བའི་ངེས་པ་ནི། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །ང་ཡི་རང་བཞིན་བསྟན་པ་ཡིན། །འདི་ལས་མ་གཏོགས་པ་ཡིས་ཆོས། །ང་ཡིས་སུ་ལ་བསྟན་པ་མེད། །ང་ལས་མ་བྱུང་ཆོས་ཡོད་ན། །ང་མེན་པ་ཡི་སྟོན་པ་དགོས། །ང་ལས་བྱུང་བའི་རིགས་ཆེན་ལྔ། །དོན་གྲུབ་ལྡན་པའི་དབྱངས་བླངས་པས། །འཇིག་རྟེན་དྲུག་ནི་སྟོངས་པར་མཛད། །སྡུག་བསྔལ་དྲུག་ནི་གཏན་ནས་བརླགས། །རིགས་ཆེན་ལྔ་ཡི་རིགས་སུ་འགྱུར། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །རིགས་ཆེན་ལྔ་དང་མཉམ་པར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། དཔལ་ཧེ་རུ་ཀ་དབྱངས་དྲུག་གིས། རུ་་་དང་རྒྱུད་དྲུག་རིགས་ལྔར་བསྒྲལ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཀུན་ཏུ་བཟང་པོ་དེས་བདག་ཉིད་ཆེན་པོའི་དཀྱིལ་འཁོར་འདི་ཕྱུང་ནས། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཉིད་ཀྱི་བཅུད་བསྡུས་སོ། །བདག་ནི་སངས་རྒྱས་ཐམས་ཅད་ཀྱི། །བདག་པོ་དཔལ་ཆེན་ཧེ་རུ་ཀ ། བདག་ལ་གནས་པའི་ཆོས་རྣམས་ནི། །ཡེ་ནས་རང་བྱུང་གྲུབ་པའི་ལྷ། །བདག་གི་ཕུང་པོ་རྣམ་ལྔ་ནི། །ཡེ་ནས་རང་བྱུང་བཅོམ་ལྡན་འདས། །རིགས་ལྔ་ཧེ་རུ་སྐུ་ལྔ་གསལ། །འབྱུང་བ་རྣམ་ཤེས་ཡུལ་དུས་རྣམས། །འཁོར་གྱི་དཀྱིལ་འཁོར་བྱས་ནས་ནི། །ཕྱག་རྒྱ་བཞི་དང་ལྡན་པ་ཡིས། །སངས་རྒྱས་ཕལ་ཆེན་ཐམས་ཅད་ཀྱི། །ལྷུན་གྲུབ་ཆེ་བ་རྣམ་ལྔའོ། །སངས་རྒྱས་ལྔ་ཡི་བདག་ཉིད་ཀྱིས། །ཇི་ལྟར་སྣང་བའི་ཆོས་རྣམས་དང་། །ཁམས་གསུམ་རྒྱུད་དྲུག་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་དྲང་བའི་ཕྱིར། །དབྱངས་དྲུག་གསུང་སྒྲ་བརྗོད་དོན་ནི། །ཚངས་པ་ལ་སོགས་ཕྱོགས་སྐྱོང་ཚོགས། །ཕ་དང་མ་དང་ཆུང་མ་དང་། །བུ་དང་བུ་མོ་མིང་པོར་བཅས། །སྔོན་བྱུང་བདག་ཉིད་ཆེན་པོའི། །བཀའི་ནོས་འ་ལ་ཏེ་ཉམས་པ་ཡིས། །ལྔ་མི་འཇིབ་རེན་བན་ཕྱང་བ བོང་ང་ཕོས་པ་ངེ་ལར་ངང་ བར་ང་ཁྲོ་མོ་ལ་སོགས་པའི། །སྲིན་པོའི་ཚོགས་ཀྱི་ཕུང་བ་ནི། །ཕྱོགས་སྐྱོང་རྣམས་ཀྱི་བུ་མོ་སྟེ། །སྲིན་མོ་དྲི་འཐོར་ཇི་མོ་ནི། །རྙུན་མོ་ཀེའུ་རི་མ་ཞེས་བྱ།་ །སྔོན་མོ་།སྐོཇི་།གི་་ །གྱིག་པ་ཐོགསྐྲུ།་།རྡོས་ཀྱང་།འཏཇིབ་སྣོན་ཕུང་བཛི་བྱེད། །སྲིན་པོ་གཤིན་རྗེའི་བུ་མོ་ནི། །སྲིན་མོ་རྩེའུ་རི་མ་ཞེས་བྱ། །སེར་མོ་མདའ་གཞུ་ཀུན་ལ་འཕེན། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་བླུན་མོའི་ཟླུ་མོ་རྣོ།། །སྲིན་རྨོ་པྲ་མོ་ཉི་ཞེས་བྱ། །རྡོརྨོཇོ་མོ་མདང་རྩེ་གསུམ་པ་ཐོགས། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་གནོད་སྦྱིན་བུ་མོ་ནི། །སྲིན་མོ་པེ་ཏ་ལི་ཞེས་བྱ། །ནག་མོ་རྡོ་རྗེ་བྱིས་པ་ཟ། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་རྨོ་མེ་ཟའི་ཧཱུཾ་མོ་ནི། །སྲི་ན་མོ་པུ་ཀ་སི་ཞེས་བྱ། །དམར་སེར་བྱིས་པའི་རྒྱུ་མ་འདྲེན། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་ཆེན་མོའི་བུ་མོ་ནི། །སྲིན་མོ་ཀས་མ་རི་ཞེས་བྱ། །དམཇེ་་མོ་་ན་དྲའི་ཁྲརྒོ་འཐུང་།མ། །དེས་ཀྱང་འསྣོབ་ཇེསྣོ་ཕུང་བར་བྱེད། །སྲིན་མོ་རླུད་མོའི་བུ་མོ་ནི། །སྲིན་མོ་སྨ་ཤ་ནི་ཞེས་བྱ། །མཐིང་ནག་བྱིས་པའི་སྙིང་ཟ་མ། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་བགེརྒིས་ཆེན་་བུ་།རྨོ་ནི། །ཧཱུཾན་མོ་ཙཎྜ་ལི་ནིས་བྱ། །སེརྗོ་སྟོབློ་མགོ་དང་ལུས་སུ་འབྲེལ། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །དྲི་ཟ་གཤིན་རྗེ་ཀླུ་མོ་དང་། །མནོད་སྦྱིན་ཆེན་མོ་ལ་སོགས་པས། །སེང་གེ་སྟག་དང་ཝ་སྤྱང་བཞི། །འཇིགས་བྱེད་དཔལ་བརྟུལ་སྩལ་མཐོང་ནས། །འཇིགས་མ་བཞིའི་བུ་བྱུང་བ། །སྲིན་མོ་ལུས་ལ་འཇིགས་བྱེད་མགོ །མིང་ནི་འཇིགས་བྱེད་མིང་བཏགས་ཏེ། །སིང་ང་དང་ནི་བྱ་ཀྲི་དང་། །སྲི་ལ་ཤོ་ལ་རྣམ་པ་བཞི། །སྲིན་མོ་བུ་མོ་སིང་ང་མ། །སེར་མོ་ཁ་ན་རོ་ཡང་ཐོགས། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་བུ་མོ་བྱ་ཀྲི་མ། །དམར་མོ་ལུས་ཀྱི་ཁོག་པ་འདྲལ། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་བུ་མོ་སྲི་ལ་མ། །ནག་མོ་བམ་ཆེན་ལྡག་པར་བྱེད། །དེས་ཀྱང་འཇིག་རྟེ་ཕུང་བར་བྱེད། །སྲིན་མོ་བུ་མོ་ཤོ་ན་མ། །མཐིང་ནག་ཁོག་འདྲལ་ཤ་ཆེན་ཟ། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །མེ་རླུ་་འཚམས་ཀྱི་སྲིན་མོ་བཞི། །མགྱོགས་པར་བྱེད་པའི་སྩལ་འདོདནས། །རྒོད་དང་དུར་བྱ་བྱ་རོག་དང་། །མཐོང་བྱེད་འུག་པ་ལ་སོགས་ཏེ། །མགྱོགས་བྱེད་བཞི་ཡི་བུ་བྱུང་བ། །སྲིན་མོ་བུ་མོ་ཀྲི་ཏ་མ། །དམར་མོ་བ༷་གྲི་ཐོགས་པ་མོ། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་བུ་མོ་ཀང་ཀ་མ། །སྣར་མོ་ཞིང་ཆེན་ཕྲག་ལ་ཁུར། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་བུ་མོ་ཁ་ཁ་མ། །ནག་མོ་རྒྱུ་མ་འདྲེན་པར་བྱེད། །དེས་ཀྱང་འཇིག་རྟེན་ཕུང་བ་བྱེད། །སྲིན་མོ་བུ་མོ་ཧུ་ལུ་མ། །སེར་མོ་གློ་སྙིང་སྲོག་འཛིན་མ། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་བུམ་སྣའི་བུ་མོ་ནི། །རྟ་ཡི་གདོང་པ་ལྕགས་ཀྱུ་ཐོགས། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་རྣམ་འཇོམས་བུ་མོ་ནི། །ཕག་གི་གདོང་པ་ཞགས་པ་ཐོགས། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་ཤ་ཟའི་བུ་མོ་ནི། །སྤྲེའུའི་གདོང་པ་ལྕགས་སྒྲོག་ཐོགས། །དེས་ཀྱང་འཇིག་རྟེན་ཕུང་བར་བྱེད། །སྲིན་མོ་འབོད་འགྲོགས་བུ་མོ་ནི། །སྤྱང་ཁུའི་གདོངས་པ་དྲིལ་བུ་ཐོགས། །དེས་ཀྱང་འཇིག་རྟེན་ཕུང་པར་བྱེད། །འཇིག་རྟེན་འདི་ན་དབང་ཆེ་བ། །མ་རྟོགས་གནོད་སྤྱིན་ཉི་ཤུ་བརྒྱད། །སྲིན་པོ་ཚངས་པ་ལྷ་ཆེན་དང་། །གཏོགས་འདོད་ལ་སོགས་ཆུང་མ་ནི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ། །ལུས་ཀྱི་མདོག་དང་སྣ་ཚོགས་ལ། །ལག་ཆ་རྣམ་པ་སྣ་ཚོགས་ཐོགས། །མ་རྟོག་པ་ལས་གྲུབ་པ་ཡི། །མཐུ་ཆེ་འདི་རྣམས་མ་རིགས་འཇིག་རྟེན་ཕུང་བར་བྱེད། །དེ་ཀུན་བདག་པོ་ཆེན་པོ་ཡི། །མ་ཧྭ་དེ་བ་ལྷ་ཆེན་དང་། །སྲིན་པོ་ཚངས་པ་ལ་སོགས་པ། །སྟོན་པའི་ཞལ་མཐོང་དོན་མ་རིག །དེ་དག་ཡོངས་སུ་འདུལ་བའི་ཕྱིར། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ནི། །དཔལ་ཆེན་ཧེ་རུར་སྐུར་སྤྲུལ་ནས། །དབང་ཆེན་རྣམས་ནི་དྲག་ཤུལ་བ་། །རྨད་དུ་བྱུང་བའི་མཛད་སྦྱོར་ཀྱིས། །ཐམས་ཅད་བྱིན་གྱིས་བརླབས་ནས་ནི། །རིགས་ཀྱི་གདན་དུ་བཀོད་དེ་བཞག །དེ་ནས་ཐུགས་རྗེ་བདག་པོ་དེས། །རང་ལས་བྱུང་༄༅ བའི་ཆོས་རྣམས་ནི། །ཕུང་པོ་རིགས་ལྔའི་སྐུར་བསྐྱེད་ནས། །ལྷ་ཆེན་རྣམས་ཀྱི་གདན་ལ་བཞག །འབྱུང་ལྔ་ཡུམ་དུ་སྐུ་ལ་འཁྲིལ། །རྣམ་ཤེས་བརྒྱད་ལ་ཁྲོ་མོ་བརྒྱད། །ཡུལ་བརྒྱད་ལས་ནི་འཕྲ་མེད་བརྒྱད། །ཚད་མེད་བཞི་ལ་ཁྲོ་མོ་བཞི། །འཕྲིན་ལས་རྣམ་པ་བཞི་ལས་ནི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་བྱུང་། །མཐུན་པའི་མཐུན་པ་གཞོམ་པའི་ཕྱིར། །ལུས་དང་མདོག་དང་ལག་ཆ་དང་། །མིང་དང་ལས་རྣམས་མཐུན་བྱས་ནས། །ལྷ་མོ་ཀེ་རི་བརྒྱད་ཀྱིས་ནི། །སྲིན་མོ་ཀེ་རི་བརྒྱད་རྣམས་བཏུལ། །ལྷ་མོ་འཕྲ་མེད་བརྒྱན་ཀྱིས་ནི། །སྲིན་མོ་འཕྲ་མེད་བརྒྱན་རྣམས་བཏུལ། །ལྷ་མོ་སྒོ་མ་བཞི་རྣམས་ཀྱིས། །སྲིན་མོ་སྒོ་མ་བཞི་རྣམས་བཏུལ། །ལྷ་མོ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱིས། །སྲིན་མོ་ཆེན་མོ་ཉི་ཤུ་རྩ་བརྒྱད་བཏུལ། །དེ་ཡང་ཇི་ལྟར་བཏུལ་ཞེ་ན། །མིང་ལུས་ལས་རྣམས་མཐུན་བྱས་ནས། །སྲིན་མོ་ཚོགས་བྱས་དེ་དག་ལ། །ལྷ་མོ་རྣམས་ཀྱིས་སྨྲས་པའི་ཚིག །ཀྱེ་སྲིན་མོ་གྲོགས་མོའི་ཚོགས། །ལུས་ཀྱི་མདོག་ནི་ཅི་ཡི་དོན། །བརྒྱབ་ཅིང་ཟ་བ་ཅི་ཡི་དོན། །ཅེས་སྨྲས་སོ། །སྲིན་མོ་རྣམས་ཀྱིས་སྨྲས་པའི་ཚིག །གྲོགས་མོ་ཆེན་མོ་ལྷ་མོ་རྣམས། །ལུས་མདོག་ཕ་དང་མ་ཡིས་བསྐྱེད། །ལག་ཆ་བརྒྱབ་ཅིང་ཟ་བའི་དོན། །ཕ་དང་མ་ཡིས་བསྐོས་པ་ཡིན། །ཞེས་སྨྲས་སོ། །ལྷ་མོ་རྣམས་ཀྱིས་སྨྲས་པའི་ཚིག །ལྟུང་བའི་སྡུག་བསྔལ་ལྷ་ལ་ཆེ། །འགྱུར་བའི་སྡུག་བསྔལ་མི་ལ་ཆེ། །ལས་ངན་སྡུག་བསྔལ་ངན་སོང་གསུམ་ལ་ཆེ། །ཞེས་སྨྲས་པ་དང་། སྲིན་མོ་རྣམས་ཀྱིས་སྨྲས་པའི་ཚིག །ལྷ་མོ་ཆེན་མོ་གྲོགས་མོ་དག །ཁྱེད་ཀྱི་ལུས་མདོག་ཅི་ཡི་དོན། །བརྒྱབ་ཅིང་ཟ་བ་ཅི་ཡི་དོན། །དེ་སྐད་ཅེས་ནི་སྨྲས་པ་ལས། །ལྷ་མོ་རྣམས་ཀྱིས་སྨྲས་པའི་ཚིག །བདག་གི་སྐུ་མདོག་ནག་པ་ནི། །བདག་ནི་སངས་རྒྱས་ཐམས་ཅད་ཀྱི། །བདག་པོ་དཔལ་ཆེན་ཧེ་རུ་ཀའི། །ཐུགས་ནི་མི་འགྱུར་རྟགས་སུ་བྱུང་། །ལག་ཆ་འཁོར་བའི་ཉིང་ཐོས་འཇོམས་པའི་རྟགས། །ལྷ་མོ་རྣམས་ཀྱིས་དེ་སྨྲས་སོ། །དེ་རུ་སྲིན་མོའི་ཚོགས་རྣམས་ཀུན། །བདག་ཅག་རྣམས་ཀྱང་བཀའ་ལ་འཇུག ། ཅེས་ཟེར་བས། ལྷ་མོ་རྣམས་ཀྱིས་སྨྲས་པའི་ཚིག །འོ་ན་ཁྱོད་ཀྱི་སྙིང་པོ་གང་། །ཞེས་སྨྲས་པ་དང་། སྲིན་པོ་རྣམས་ཀྱིས་སྙིང་པོ་སྨྲས་པ། རུ་ཏྲ་རུ་ཏྲ་མ་ར་ཏ། བདག་ཅག་ཀུན་གྱི་སྙིང་པོ་ནི། །རུ་རུ་རུ་ཏྲ་ཞེས་བྱ་བ་ལགས། །དེ་སྐད་ཅེས་སྨྲས་པས་ལྷ་མོ་རྣམས། །དཔལ་ཆེན་ཐུགས་ལ་ཞུགས་པ་ནི། །རུ་ལུ་ཞེས་བརྗོད་ཅིང་། །དཔལ་ཆེན་ཐུགས་ལ་ཀུན་ཀྱང་ཞུགས། །དེ་ནས་འཁོར་བཅས་དཀྱིལ་འཁོར་དེས། །དུས་གསུ༷མ་སངས་རྒྱས་ལྷུན་གྲུབ་ཀྱིས། །ཆེ་བའི་ཡོན་ཏན་བསྡུ་པའི་ཕྱིར། །གནས་བཞི་ཕྱག་བརྒྱ་བཞི་ལྡན་གྱིས། །བསྙེན་བསྒྲུབ་རྣམ་བཞི་རྫོགས་བྱས་ཏེ། །ཉིད་ཀྱི་དོན་དུ་ཆེ་བ་བསྡུ། །འགྲོ་བའི་དོན་དུ་སྙིང་པོ་བཟླས། །ཨཱོཾ་རུ་ལུ་རུ་ལུ་ཧུ༷་སྦྱོ་ཧུ༷། ཞེས་རྡོ་རྗེ་གསང་བའི་རྒྱུད་ལས། གསུང་གི་ཁམས་གསུམ་སྒྲོལ་བའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་གསང་བ་ཆེན་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་གུ་རྒྱ་ཀརྨ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་གསང་བ་