Ngb-pt-0695-vol-07-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-600-699/ngb-pt-0695-text.docx.wiki to Ngb-pt-0695-vol-07-text) |
Latest revision as of 10:46, 20 March 2020
Front
Body
གདན་དྲངས་པའོ།། །། རྒྱ་གར་སྐད་དུ། །ཏན་ཏྲ་ཏ་ཏ་ཏྭ་གུ་རྒྱ། བོད་སྐད་དུ། དེ་ཁོ་ན་ཉིད་གསང་བའི་རྒྱུད། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་སངསརྒྱས་ཐམས་ཅད་པའི། །དེ་ཁོ་ན་ཉིད་གསང་བའི་མཆོག །གྲུབ་པའི་འབྲས་བུ་དམ་པ་ནི། རབ་ཏུ་བཤད་དེ་དེ་ཉིད་འདི། །ཞི་བ་དང་ནི་རྒྱས་པ་དང་། །རེངས་དང་གསད་དང་འགུགས་པ་དང་། །བཅིང་དང་འཕབ་དང་འཐབ་པ་དང་། །སྡེ་དང་དཔུང་རྣམས་གཞོམ་པ་དང་། །གྲོང་དང་ཁྱིམ་དང་གྲོང་ཡུལ་དང་། །གྲོང་ཁྱེར་རྣམ་པར་འཇིག་པ་དང་། །ལྷ་དང་ཀླུ་དང་ལྷ་མ་ཡིན། །མི་དང་མི་མ་ཡིན་པ་དང་། །གསང་བ་པ་དང་དྲི་ཟ་དང་། །ལྟོས་འདི་ཡིས་བྱེད། །གང་གི་རི་དང་རི་བདུན་དང་། །རྒྱལ་ཆེན་བཞི་ཡི་གནས་དག་དང་། །ནོར་གཏེར་དང་ནི་བརྒྱ་བྱིན་དང་། །གང་ཡང་སུམ་ཅུ་རྩ་གསུམ་གྱི། །གནས་དང་འཐབ་བྲལ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་། །ཚངས་པའི་གནས་དང་འོག་མིན་མཐར། །གང་དག་ཡོད་པར་གྱུར་བ་དང་། །ལྷ་ཡི་བུ་མོ་ཡིད་འོང་ཞིང་། །རྒྱན་དང་ལྡན་པར་གྱུར་པ་དང་། །བདེ་སོགས་ལ་སོགས་བུད་མེད་རྣམས། །རང་གི་འདོད་བཞིན་སྤྱོད་བྱེད་པ། །རབ་ཏུ་གསང་བ་འདི་ཉིད་ཡིན། །གང་ཡང་འཛམ་བུ་གླིང་པ་དང་། །གླིང་བཞི་པ་དང་ཉི་ཟླ་དང་། རྒྱལ་ཆེན་བཞི་ཡི་གནས་རྣམས་དང་། །སུམ་ཅུ་རྩ་གསུམ་པ་དང་ནི། རྩོད་མེད་བདེ་བར་ལྡན་པ་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་། །ཚངས་པ་འཁོར་དང་བཅས་པ་དང་། །བསམ་གཏན་གཉིས་དང་གསུམ་པ་དང་། །བཞི་པ་གཉིས་ཀྱི་པད་ཉི་ཅན། །གནས་དང་ལུས་དང་ལོངས་སྤྱོད་རྣམས། །ལག་ཏུ་ཤིང་ཐོག་བཞག་པ་བཞིན། །ལྷ་ཡི་མི་གིས་ལྟ་བྱེད་པ། །གསང་བའི་ཐེག་པ་འདི་ཉིད་ཡིན། །གང་ཡང་རང་ལུས་འོད་ལྡན་པ། །གཞན་ལ་གཏང་པར་བྱ་བ་དང་། །དེ་བཞིན་གཞན་ལ་གནས་གྱུར་པ། །རང་གིས་ཡོངས་སུ་ལོངས་སྤྱོད་དང་། །ལུས་ནི་རྣམ་པར་འགྱུར་བྱས་ཏེ། །མི་ལས་གཞན་དུ་གྱུར་པ་ཡི། །དུད་འགྲོ་རྣམས་དང་ཤ་ཟ་དང་། །གང་ཡང་དུད་འགྲོའི་མཆོག་གྱུར་དང་། །གང་ཡང་ནམ་མཁར་འགྲོ་བྱེད་པའི། །ལུས་དང་ལྷ་དང་དྲི་ཟ་དང་། །ལྷ་མ་ཡིན་དང་མི་རྒོད་དང་། །ཆེ་བའི་མཚོན་ཆ་ཅན་དང་ནི། །དེ་བཞིན་རྫུ་འཕྲུལ་ལུས་ཅན་དུ། །འདོད་པ་རྣམ་པར་རྒྱུ་བྱེད་པ། །གསང་བ་མཆོག་ནི་འདི་ཡིས་བྱེད། །དམྱལ་བ་པ་ཡི་ལུས་དག་ནི། །གང་གི་རྡོ་རྗེའི་ལུས་ལྡན་དང་། །གང་ཡང་ཡི་དགས་གྱུར་པ་རྣམས། །བདུད་རྩི་བཏུང་བ་སྤྱོད་བྱེད་པ། །གསང་ཆེན་འདི་ཡིས་བྱེད་པ་ཡིན། །གང་འདིར་དུད་འགྲོ་གཏི་མུག་པ། །གང་ཡང་ལྷ་ཡི་མིག་ལྡན་ཞིང་། །དེ་བཞིན་ལྷ་ཡི་རྣ་བ་དང་། །རིག་པ་གཞན་དང་ལྡན་བྱེད་པ། །གསང་བའི་ཐེག་པ་འདི་ཡིས་བྱེད། །བསྐལ་པ་སྟོང་དུ་གྱུར་པ་ཡང་། །སྐད་ཅིག་ཙམ་དུ་གནས་བྱེད་དང་། །དེ་བཞིན་འཇིག་རྟེན་ཐམས་ཅད་ཀུན། །གདུལ་ཆ་ཕྲ་མོར་འཇུག་གྱུར་པ། །འཕེལ་འགྲིབ་མེད་པར་གདོད་པ་ཡང་། །གསང་བའི་སྙིང་པོ་འདི་ཡིས་བྱེད། །ས་གསུམ་པོ་འདི་ཐམས་ཅད་ཀུན། །གང་གིས་རང་དབང་སྒྱུར་བ་དང་། །སྡེར་བཅས་འཇིག་པར་བྱེད་པའང་། །གསང་བ་འདི་ཡིས་བྱེད་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་པའི། །ཞིང་ཁམས་རྣམ་པར་དག་གྱུར་པ། །ཀུན་ཏུ་སོན་པར་གྱུར་པ་དང་། །དེ་བཞིན་སངས་རྒྱས་ཐམས་ཅད་ལ། །གསང་བ་གང་ཞིག་ཉན་པ་དང་། །ཡོངས་སུ་འཛིན་པར་གྱུར་པ་དང་། །ཀློག་དང་ཁ་དོན་བྱེད་པ་དང་། །ཚུལ་བཞིན་ཡིད་ལ་བྱེད་པ་དང། དེབཞིནགཞནལ་སྟོན་བྱེད་པ། །གསང་བའི་དམ་པ་འདི་ཡིས་བྱེད། །འཇིག་རྟེ་ཁམས་ནི་ཐམས་ཅད་ནས། །སངས་རྒྱས་སྲས་དང་བཅས་པ་དང་། ཁྲོ་བོ་དང་ནི་ཁྲོ་མོ་དང་། ཕོ་ཉ་ཕོ་དང་ཕོ་ཉ་མོ། །གང་དག་ཇི་སྙེད་གནས་གྱུར་པ། རང་གི་ཁྱིམ་དུ་བཀུག་ནས་ནི། །གཟུག་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱའི་ཁྱད་པར་གྱིས། །ཡོངས་སུ་མཉེས་པར་བྱེད་ན་ཡང་། །གསང་བའི་ཐེག་པ་འདི་ཡིས་བྱེད། །ལྷ་དང་མི་ལ་སོགས་པ་ཡི། བདེ་བ་དུས་གཅིག་བསྡུས་ནས་ནི། །རང་ལ་རྒྱས་པར་བྱེད་པ་དང་། གཞན་ལ་སྟེར་བར་བྱེད་པ་ཡང་། །གསང་བ་འདི་ཡིས་བྱེད་པ་ཡིན། །མདོར་ན་འཇིག་རྟེན་ཐམས་ཅད་ཀུན། །ཇི་ལྟ་ཇི་ལྟར་གནས་འགྱུར་བ། །དེ་ལྟར་རང་གི་ལོངས་སྤྱོད་པ། །གསང་བ་འདི་ཡིས་བྱེད་པ་ཡིན། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །ཇི་ལྟ་ཇི་ལྟར་འདུལ་གྱུར་པ། །དེ་ལྟར་འཁོར་ལོ་སྐོར་བྱེད་པ། །གསང་བ་འདི་ལ་གང་གནས་པ། །རིགས་མིན་རིགས་སུ་གྱུར་པ་ཏེ། །རྒྱལ་པོ་མིན་པར་རྒྱལ་པོར་འགྱུར། །བྲམ་ཟེ་གདོལ་པ་ལས་གྱུར་དང་། དམན་པ་རྗེ་རིགས་དག་ཏུ་འགྱུར། །ཆད་བར་གྱུར་པ་ཉན་ཐོས་ཏེ། །དེ་ཉིད་རང་རྒྱལ་ཉིད་འགྱུར་ཞིང་། དེ་ཉིད་འགྲོ་ལ་ཕན་པར་འགྱུར། །གང་ཡང་དམྱལ་བ་པ་རྣམས་ནི། །བདེ་བ་ཉིད་ལ་སྤྱོད་པ་དང་། ཡི་དགས་ལུས་གཟུགས་ལ་སྤྱོད་དང། །དེབཞིནདུདའགྲོརྟོག་པ་ཡི། ཁྲེས་རབ་ལ་ནི་སྤྱོད་འགྱུར་ཏེ། །མི་འདི་ཡིས་བྱེད། །གང་ཡང་བསམ་པ་དོན་ཡོད་པ། །དེ་བཞིན་དོན་མེད་བྱ་བ་དང་། །དེ་དག་དགའ་དང་དགའ་བྲལ་དང་། །ལྷན་ཅིག་གནས་དང་མི་གནས་དང་། ཅི་བཞིན་པ་ལས་བཟློག་གྱུར་བ། །གསང་བའི་ཐེག་པ་འདི་ཡིས་བྱེད། །འཇིག་རྟེན་ཁམས་ནི་ཐམསཅད་ན། །སྒྲ་ཆེ་བ་དང་ཅིག་་༑ས་སྒྲ། །དམ་པ་མིན་དང་དམ་པའི་སྒྲ། །བཟང་དང་དེ་ལས་བཟློག་པ་དང་། །དེ་བཞིན་འདོད་པ་སོ་སོའི་སྒྲ། །གང་གིས་ཐོས་པར་གྱུར་པ་དེ། །གསང་བའི་ཐེག་པ་འདི་ཡིས་བྱེད། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །དྲི་རྣམས་ཇི་སྙེད་ཡོད་པ་དང་། །རོ་དང་རེག་བྱའི་ཁྱད་པར་རྣམས། །གང་གི་ཡོངས་སུ་ཤེས་འགྱུར་བ། །བདེ་ཆེན་གསང་བའི་ཐེག་པ་འདི། །གང་གིས་འདི་ལ་རབ་གནས་ན། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོ་རྐུན་པོ་སྦྲུལ་ལ་སོགས། །འཚེ་བ་ཐམས་ཅད་རྣམས་སྤངས་ཏེ། །སེང་གེ་བཞིན་དུ་འདོད་དགུར་སྤྱོད། །སྣ་ཚོགས་རྒྱུ་དང་མི་རྒྱུ་བ། །གང་ཡང་ས་ལ་བརྟེན་པ་དང་། །ནམ་མཁའ་ལ་ནི་གནས་པ་དང་། །ཇི་ལྟ་ཇི་ལྟར་འདོད་པ་ཀུན། །གསང་བའི་ཐེག་པ་འདི་ཡིས་འགྲུབ། །དེ་ནས་ཚངས་པ་ཆེན་པོ་ཡང་ ཚངས་བའི་འཁོར་དང་བཅས་པ་ཀུན། །རབ་ཏུ་འཇིགས་ཤིང་སྐྲག་གྱུར་ནས། །གར་དབང་ཕྱུག་ལ་ལེགས་སྨྲས་པ། །འཇིག་རྟེན་དབང་སྒྱུར་ཚངས་པ་དང་། །སྒྱུ་མ་སྨིག་རྒྱུ་ལ་སོགས་པ། །ཚངས་པའི་སྐྱེ་གནས་ལས་བྱུང་བས། །ཐམས་ཅད་རྟག་པའི་གནས་ལས་བྱུང་། །གང་ཚེ་གཡོ་བ་མེད་པ་ལས། །བྱུང་ཕྱིར་ང་ཉིད་ཚངས་པ་ཡིན། །དེ་ནས་གར་གྱི་དབང་ཕྱུག་གིས། །ཚངས་པ་ལ་ནི་ཚིག་འདི་སྨྲས། །ཀྱེ་མ་ཚངས་པ་ཤིན་ཏུ་བརྗིད། ཁྱོད་ཀྱི་སྨྲས་པ་ལེགས་པར་སྨྲས། ཁྱོད་ཀྱི་འཇིག་རྟེན་དབང་སྒྱུར་ན། །ཚངས་པ་ཅི་ཕྱིར་རྟག་པར་འགྱུར། །གང་ཚེ་ཚངས་པ་གཏི་མུག་འགྱུར། །འགྲོ་བ་གཅིག་པར་ཅི་ཕྱིར་འགྱུར། །གལ་ཏེ་འགྲོ་བ་རིགས་འགྱུར་ན། །ཚངས་པ་གཏི་མུག་ཉིད་མི་འགྱུར། །གལ་ཏེ་ཚངས་པ་རིགས་གྱུར་ན། །རིགས་པས་ཇི་ལྟར་ངན་འགྲོར་བྱེད། །གལ་ཏེ་རིགས་ལས་ངན་སོང་འགྱུར། །ཅི་ཕྱི་མཐོ་རིས་ཡོད་པར་འགྱུར། །གལ་ཏེ་མཐོ་རིས་ངན་སོང་དག །གཅིག་ལས་སྐྱེས་ཕྱིར་རྒྱུ་མེད་འགྱུར། །གལ་ཏེ་ཚངས་པ་རྟག་པ་ལས། །འགྲོ་བ་རིགས་དྲུག་ཅི་ལྟར་འགྱུར། །གལ་ཏེ་རིམ་གྱིས་འབྱུང་ཡིན་ཕྱིར། །ཚངས་པ་ཅི་ཕྱིར་རྟག་པར་འགྱུར། །ཚངས་པ་རྟག་པ་ཉིད་ཡིན་ཕྱིར། །འགྲོ་བ་ཅི་ཕྱིར་རྐྱེན་ལས་སྐྱེས། །ཚངས་པ་དག་པ་ཉིད་ཡིན་པས། །དག་པས་མ་དག་ཇི་ལྟར་འགྱུར། །དག་དང་མ་དག་གཉིས་མིན་ཕྱིར། །ཇི་ལྟར་རྒྱུ་དང་འབྲས་བུར་འགྱུར། །འགྲོ་འདི་ཚངས་པ་ཉིད་མ་ཡིན། །འདི་ལྟར་དམན་དང་བར་མ་དང་། །མཆོག་ཏུ་མཉེས་པ་ཉིད་མ་ཡིན། །གལ་ཏེ་ཚངས་པ་ཆེ་སྤྱོད་པ། །ཚངས་པ་ཚངས་པ་ཉིད་མི་འགྱུར། །དེ་ནས་དབང་ཕྱུག་ཆེན་པོ་ཡང་། །དབང་ཕྱུག་འཁོར་དང་བཅས་པ་ཀུན། །འཇིགས་ཤིང་སྐྲག་པར་རབ་གྱུར་ནས། །གར་གྱི་དབང་ལ་འདི་སྐད་སྨྲས། །འགྲོ་ཀུན་ཆགས་པ་བྱུང་བ་སྟེ། །ཆགས་པ་མ་ཡིན་ཆགས་པ་ང། །ང་ལས་འགྲོ་བ་ཡང་དག་བྱུང་། །ས་གསུམ་པ་ཡང་ང་ལས་བྱུང་། །ང་ནི་འཇིག་རྟེན་བསྐྱེད་པ་སྟེ། །འཇིག་རྟེན་འདི་ཉིད་ང་ཡི་དབང་། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་མེད་པར་འབྱུང་མི་འགྱུར། །དེ་བཞིན་འཇིག་རྟེན་སྣང་བ་ནི། །དབང་ཕྱུག་མེད་པར་འབྱུང་མི་འགྱུར། །ཇི་ལྟར་མར་མེ་ལས་བྱུང་འོད། །མར་མེ་མེད་པར་འབྱུང་མི་འགྱུར། །དེ་བཞིན་གཡོ་དང་མི་གཡོ་ཀུན། །དབང་ཕྱུག་མེད་པར་འབྱུང་མི་འགྱུར། །དེ་ནས་གར་གྱི་དབང་ཕྱུག་གིས། །དབང་སྒྱུར་ལ་ནི་ཚིགས་འདི་སྨྲས། །ཀྱེ་མ་དབང་སྒྱུར་ཤིན་ཏུ་བརྗིད། ཁྱོད་ཀྱིས་སྨྲས་པ་ལེགས་པར་སྨྲས། །དབང་སྒྱུར་ཆགས་པའི་རང་བཞིན་ནི། །ཆགས་པས་འགྲོ་བ་ཇི་ལྟར་བསྐྱེད། གལ་ཏེ་འགྲོ་བ་རྐྱེན་ཡིན་ན། །དབང་སྒྱུར་ཇི་ལྟར་རྟག་པར་འགྱུར། །གལ་ཏེ་དབང་སྒྱུར་རྟག་པ་ལས། །འགྲོ་བ་ཅི་ལྟར་མི་རྟག་འགྱུར། །གལ་ཏེ་རིམ་གྱིས་བྱུང་བ་ལ། །དབང་སྒྱུར་ཇི་ལྟར་རྟག་པར་འགྱུར། །དེ་ཚེ་རྟག་དང་མི་རྟག་པ། །ཇི་ལྟར་བྱ་དང་བྱེད་པོར་འགྱུར། །གལ་ཏེ་རྟག་པ་བྱེད་འགྱུར་ན། །ཇི་ལྟར་འགྲོ་བ་གཞན་ལ་ལྟོས། །འདི་ན་ཕ་དང་མ་མེད་དེ། །ས་བོན་མཆོད་སྤྱིན་ལ་སོགས་ཅི། །གལ་ཏེ་ས་བོན་དབང་སྒྱུར་འགྱུར། །དེ་བཞིན་འགྲོ་བ་སྣང་བ་ན། ཁྱབ་འཇུག་ཇི་ལྟར་བྱེད་པར་འགྱུར། །དེ་ཞིན་གཞན་གྱི་བརྟགས་པ་ཡི། །བདག་དང་ཡིད་དང་སྲོག་དང་གསོ། །སྐྱེས་བུ་གང་ཟག་བྱེད་པོ་སོགས། །ཐམས་ཅད་ལེགས་བར་གནས་མ་ཡིན། །གལ་ཏེ་རྟག་པ་ཡིད་ཡིན་ན། །ཅི་ཕྱི་འགྲོ་བར་བྱེད་པོར་འགྱུར། །གལ་ཏེ་དེ་ཉིད་གཅིག་གྱུར་ན། །ཀུན་གྱི་བྱེད་པོར་ཇི་ལྟར་འགྱུར། །གལ་ཏེ་དེ་ཡི་བདག་ཉིད་ན། །ཐམས་ཅད་གཅིག་པ་ཉིད་མི་འགྱུར། །དེ་ཉིད་གཅིག་ཏུ་ཇི་ལྟར་འགྱུར། །དེ་ཕྱིར་བྱེད་པ་པོ་ཡི་བདག །ཡིད་དང་སྲོག་སོགས་འགྲོ་བས་བརྟགས། །དེ་ཚེ་ས་ཡི་རྣམ་པ་དང་། །ཆུ་དང་མེ་དང་རླུད་ནམ་མཁའ། །རྟག་པ་རྒྱུ་རུ་གང་སྨྲ་བ། །དེ་ནི་བདག་གིས་བཤད་པར་བྱ། །ས་ཉིད་ཕྲ་རབ་རྡུལ་ཡིན་ཏེ། །གལ་ཏེ་དེ་ལ་ཆ་ཤས་ཡོད། །གཅིག་པ་ཉིད་དུ་ཇི་ལྟར་འགྱུར། །དེ་ཚེ་ཆ་མེད་གྱུར་པས་ན། །དེ་ཡི་དུ་མ་ཇི་ལྟར་བསྐྱེད། །རྟག་པས་ནམ་མཁའི་རང་བཞིན་ལྟར། །ཇི་ལྟར་འཀྱུར་བ་ཉིད་ཡིན་སྨྲོས། །མི་རྟག་རང་བཞིན་འཇིག་པའི་ཕྱིར། །གཞན་གྱི་བྱེད་པོར་ཇི་ལྟར་འགྱུར །ས་ཉིད་སྲ་བའི་རང་བཞིན་གྱིས། །ཇི་ལྟར་ཆུ་ལ་སོགས་པར་འཀྱུར། །གལ་ཏེ་ཆུ་ལ་སོགས་ཡིན་ཕྱིར། །དེ་ཚེ་སྲ་བར་ཇི་ལྷར་འགྱུར། །འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་བྱུང་། །ལས་ལས་བྱུང་བར་རྣམ་རྟོག་པ། །ལས་འདི་གནས་པར་གྱུར་པ་ཡིན། །ལས་དེ་བརྟག་པར་འགྱུར་ཞེ་ན། །ཅི་ཕྱིར་འབྲས་བུ་འབྱུང་བར་འགྱུར། །མི་རྟག་པ་ལས་འབྱུང་བ་ཡི། །འབྲས་བུ་ད་ལྟར་ཅི་ཕྱིར་མེད། །གལ་ཏེ་ལས་ཉིད་འདས་པ་ལས། །འབྲས་བུ་ཅི་ཕྱིར་འབྱུང་བར་འགྱུར། །གལ་ཏེ་ལས་ཉིད་ད་ལྟར་ན། །དེ་ཚེ་ཅི་ཕྱིར་འབྲས་མེད་འགྱུར། །འདས་ལས་བྱུང་བ་ཉམས་པའི་ཕྱིར། །འབྲས་བུ་རྒྱུ་མེད་ཅི་ཕྱིར་མིན། །འཇིག་རྟེན་སྔོན་ནས་གྲུབ་གྱུར་ན། །དེ་ཚེ་ལས་ལ་ལྟོས་མ་ཡིན། །གང་ཚེ་ལས་དང་འབྲས་བུར་གྱུར། །དེ་ཚེ་འབྲེལ་བའི་རང་བཞིན་མེད། །གལ་ཏེ་འབྲེལ་བའི་རང་བཞིན་ཡིན། །དེ་ཚེ་བྱེད་དང་བྱེད་པོར་འགྱུར། །འགྲོ་བ་བརྫུན་པའི་རང་བཞིན་ལ། །ལས་ལ་སོགས་པ་ཇི་ལྟར་གནས། །བསམ་ཡས་སངས་རྒྱས་སྤྱོད་ཡུལ་ལ། །ལས་ལས་ཇི་ལྟར་རྣམ་པར་བཞག །ལས་ལས་ཐམས་ཅད་འབྱུང་བས་ན། །སངས་རྒྱས་གཞན་དུ་ཡོད་མ་ཡིན། །འགྲོ་བ་རང་བཞིན་གནས་པ་ལ། །སོ་སོའི་ལས་རྣམས་ཇི་ལྟར་བསམ། །ལས་རྣས་གཟུགས་ཅན་མ་ཡིན་ལ། །འབྲས་བུ་ཇི་ལྟར་གཟུགས་ཅན་འགྱུར། །ལས་ནི་གཟུགས་ཅན་ཉིད་ཡིན་ན། །འབྲས་དེ་ཅི་ལྟར་གཟུགས་ཅན་འགྱུར། །སེམས་ཀྱི་ལས་ནི་གཟུགས་མེད་འགྱུར། །ལུས་ངག་ཇི་ལྷར་གཟུགས་མེད་འགྱུར། །གང་ཡང་བག་ཆགས་ས་བོན་དེ། །ཤེས་གཅིག་ཐ་དད་མ་ཡིན་ཕྱིར། །ཇི་ལྟར་གཟུགས་ནི་འབྱུང་བར་འགྱུར། །གཟུགས་ཅན་ཐ་དད་མིན་འགྱུར་ན། །ཇི་ལྟར་སེམས་ནི་འགྱུར་བར་འགྱུར། །གཟུགས་དང་སེམས་ནི་མ་ཡིན་པར། །གཞན་གང་ཇི་ལྟར་ཡིན་པ་སྨོས། །དེ་ཕྱིར་བརྗོད་དུ་མེད་པ་ལས། །བརྗོད་པ་རང་གི་སེམས་ཉིད་ཡིན། །སྒྱུ་མའི་རྒྱལ་པོ་སྒྱུ་མ་ཡི། །རྒྱལ་པོ་གཞན་ནི་ཕམ་བྱེད་ལྟར། །བརྫུན་པའི་ལས་ལས་གྲུབ་པ་ཡི། །འབྲས་བུ་ཇི་ལྟར་བརྫུན་པ་ཡིན། །བརྫུན་པའི་འབྲས་བུ་བསྐྱེད་པ་ཡི། །ལས་ཀྱང་དེ་ཉིད་ཇི་ལྟར་འགྱུར། །ཇི་ལྟར་རྨི་ལམ་དུག་འཐུངས་པ། །དེས་བསྐྱེད་ནང་དུ་གྱུར་པ་བཞིན། །དེ་བཞིན་འགྱལ་པས་བསྒྲིབས་པ་ཡི། །ལས་ལས་སྣ་ཚོགས་འཇིག་རྟེན་སྐྱེས། །རང་གི་རང་ཉིད་བསླུ་འགྱུར་བས། །བསླུ་བ་གཞན་ན་ཡོད་མ་ཡིན། །གང་གིས་ལས་དང་ལས་བྱས་ པ། ལས་ཀྱི་དངོས་པོ་དག་པ་ཉིད། །དེ་བཞིན་མདོ་སྡེ་ལ་སོགས་པ། །ངེས་པར་དག་པར་མི་འགྱུར་ཏེ། །གང་གིས་འདི་སྐད་བདག་གིས་ཐོས། །དུས་གཅིག་བཅོམ་ལྡན་བཞུགས་ཞེས་བརྗོད། །འདི་སྐད་ཅེས་བྱ་མ་ནོར་བའི། །ཚིག་ཏུ་གང་གིས་སྟན་པ་དེ། །གང་ཚེ་གཞན་དུ་ཇི་ལྟར་ཡིན། །དེ་ཚེ་ཐམས་ཅད་མཁྱེན་པ་ཡིས། །གཞན་དུ་གང་གསུངས་ཐོས་པ་ཡིན། །མིན་ན་འདི་སྐད་ལེགས་མ་ཡིན། །སྡུག་པོ་རང་ལས་མི་ཞན་པས། །གང་གསུངས་དེ་ཉིད་ཐོས་གྱུར་ཕྱིར། །བདག་ནི་བདག་པོར་བྱས་པ་སྟེ། །གཞན་པས་ཐོས་པར་གྱུར་མ་ཡིན། །དུས་གཅིག་པ་ཞེས་གང་གསུངས་པ། །གཅིག་ཉིད་ལེགས་པར་གྲུབ་མི་འགྱུར། །དུས་ནི་བློ་ཡི་ཉེས་པ་ཀུན་སྤོང་བས། །གང་གིས་ཚུལ་ཁྲིམས་ཉིད་དུ་བརྗོད། །ཉེས་པ་གང་ལས་འབྱུང་ཡིན་འགྱུར། །བཟོད་པས་བཟོད་པ་ཞེས་སྨྲ་བ། །གང་གིས་གང་ལ་ཅི་ཕྱིར་བཟོད། །དེ་ནི་བཟོད་པར་ཅི་ལྟར་འགྱུར། །ཕྱུག་པོ་སྤྱིན་པས་འགྱུར་བ་སྟེ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྱུར། །གཟུགས་དང་ལྡན་པ་བཟོད་པ་སྟེ། །དེ་ཀུན་སངས་རྒྱས་ཉིད་མ་ཡིན། །བརྩོན་པ་འཁོར་བ་ཉིད་ཡིན་ཏེ། །བསམ་པས་བསམ་གཏན་ཉིད་ཡིན་ཕྱིར། །གང་གིས་མྱ་ངན་འདས་པ་མེད། །དེ་ཕྱིར་ཤེས་པ་ཤེས་རབ་ཡིན། །ཕུང་པོས་ཕུང་པོར་འགྱུར་བ་སྟེ། །ཕུང་པོ་ལས་ནི་སྡུག་བསྔལ་འགྱུར། །གང་ཚེ་གཙང་མར་སྤྱད་པ་ཡིས། །སྔགས་ལྡན་གྲོལ་བར་འགྱུར་སྨྲ་བ། །གཙང་དང་མི་གཙང་ཤེས་བྱ་ཅི། །གཟུགས་ཅན་དྲི་མ་འཐུང་བ་བཞིན། །ཐ་དད་མེད་ཕྱིར་དྲི་མ་མེད། །གལ་ཏེ་དྲིར་བཅས་གཙང་བ་མེད། །དྲི་མ་ཉིད་ནི་དྲི་མེད་ན། །འདིར་ནི་དྲི་མ་ཞེས་བྱ་ཅི། །མི་གཙང་ལུས་ཉིད་གཙང་མིན་ན། །དེ་ཚེ་གཙང་པ་གང་ཅི་ཞིག །གང་འདིར་ལུས་འདིར་ཤ་ཁྲག་དང་། །རུས་པ་བཤང་གཅི་སོགས་ལྡན་པ། །འདིར་ནི་བྲམ་ཟེ་གཙང་མ་གང་། །བྲམ་ཟེ་ཁུ་བ་ཁྲག་ལས་བྱུང་། །དེ་ཚེ་གཙང་བར་གང་ཞིག་འགྱུར། །དེ་ཕྱིར་ས་ཆུ་ཀུ་ཤ་དང་། །ཙན་དན་དག་པར་བྱེད་འགྱུར་ན། ཁྲ་ལ་སོགས་པ་ཟད་འགྱུར་རམ། གལ་ཏེ་དེ་ཉིད་གཙང་འཀྱུར་ན། འདིར་ནི་དྲི་ལ་ཡང་ཅི་ཞིག །ལུས་དང་ལྡན་ཕྱིར་གཙང་མ་ཡིན། །གལ་ཏེ་ས་ལ་སོགས་པ་ཡིས། །དག་འགྱུར་དེ་ལ་རྟེན་པ་དང་། །ཉ་སོགས་ཅི་ཕྱིར་དག་མི་འགྱུར། །སྦྱིན་སྲེག་མཆོད་སྦྱིན་དག་ཡིན་ཕྱིར། །ལྕགས་བཟོ་བ་དང་དག་ཅི་ཕྱིར་མིན། །དེ་བཞིན་སྔགས་ཉིད་ཡང་དག་མིན། ཁོག་པ་ལྕེ་སོགས་སྔགས་འགྱུར་ན། །དེ་ཚེ་ཀུན་ལ་ཐམས་ཅད་ཡོད། །མི་གཙང་ལུས་ལ་རྟེན་པའི་ཕྱིར། །འདི་ནི་གཙང་བའི་སྔགས་ཟློས་མིན། །ཡི་གེ་གཅིག་སྔགས་གང་ཡང་མིན། །ཅིག་ཉིད་ཀུན་ཏུ་གནས་པ་ཡིན། །ཡི་གེ་མང་པོའང་སྔགས་མིན་ཏེ། །གཅིག་པ་འདུས་པ་མེད་པ་ཉིད། །དེ་དག་འདས་པ་ཡང་མིན་ཏེ། །འདི་ལྟར་འདས་པ་ཡོད་མིན་པས། །གང་ཕྱིར་སྒྲ་ཉིད་ནམ་མཁར་གྲུབ། །ཟུགས་ཉིད་རྡུལ་ལ་བརྟེན་པའི་ཕྱིར། །འདིར་སྔགས་གང་ཡིན་ཟློག་པ་ཡིན། །གང་ཡང་རང་ལྷ་བསྐྱེད་གང་ཡིན། །དེ་ནི་གཟུགས་ཀྱི་བདག་ཉིད་གནས། །ལྷ་དེ་གང་གིས་ཇི་ལྟར་བརྟགས། །ལག་པ་ལ་སོགས་ལྷར་བརྟན་པ། །གང་ཡང་ལྷ་རུ་འགྱུར་མ་ཡིན། །གང་ཚེ་ལག་པ་རྐང་པ་མིན། །མགོ་བོ་སྙིང་ཁ་ཉིད་མིན་ན། །གང་ཕྱིར་འདི་ཡི་ལྷ་གང་ཞིག །གཟུགས་ཅན་དངུལ་དུ་གྲུབ་པའི་ཕྱིར། །རྡོ་རྗེའི་ལུས་སུ་འགྱུར་མ་ཡིན། །རྒྱུ་དང་ས་བོན་ལས་བསྐྱེད་པ། །ཇི་ལྟར་རྡོ་རྗེའི་ལུས་སུ་བརྗོད། །འཇིག་རྟེན་སེམས་ཅན་མེད་གྱུར་ན། །དེ་ཚེ་རྡོ་རྗེའི་ལུས་དེ་ཅི། །གདུལ་བྱ་མེད་པར་སྣང་མི་འགྱུར། །གདུལ་བྱ་ཅི་འདྲའི་ལུས་སྣང་ན། །དེ་ཚེ་སངས་རྒྱས་སྐུ་རུ་འགྱུར། །གདུལ་བྱ་མེད་ཀྱང་སྣང་གྱུར་ན། །སངས་རྒྱས་སྐུ་དེ་བྱེད་པ་ཅི། །དེ་ཕྱིར་སངས་རྒྱས་གཟུགས་ཅན་དུ། །རྣམ་པར་གནས་པ་ཡོད་མ་ཡིན། །དེ་ཉིད་བདེ་བ་བསྒོམ་མི་འགྱུར། །གང་གིས་བདེ་བ་རྣམས་བསྒོམ་པས། །གང་ཚེ་གྲོལ་བར་འགྱུར་བ་ཅི། །གང་གིས་ལུས་ཅན་ཐམས་ཅད་ལ། །ཆགས་པའི་བདེ་བས་ཅི་ཞིག་འགྱུར། །སྐད་ཅིག་མ་ཡི་གཉེན་པོ་ཡིས། །གྲོལ་བར་མི་འགྱུར་བ་དེ་ཅི། །ཏིང་ངེ་འཛིན་དང་ལྡན་གྱུར་ན། །གཟུགས་ཅན་གྲོལ་བར་གང་གིས་འགྱུར། །གང་གིས་གཉེན་པོ་ལྡན་གྱུར་ན། །དེ་ཉིད་ཏིང་ལ་འགྱུ་རམ་ཅི། །འདི་ལྟར་འགྲོ་བ་ཀུན་གནས་པ། །བདེ་ལ་བདེ་བར་ཆགས་བྱེད་ན། །དེ་ནི་གཉེན་པོར་ཇི་ལྟར་འགྱུར། །འདི་ལྟར་ང་ཉིད་གར་དབང་ཆེ། །ཚངས་པ་ཉིད་ཡིན་པས། །འདི་ལྟར་ང་ཉིད་དག་པ་ཆེ། ཁྱབ་འཇུག་ཁྱབ་ཕྱིར་ཁྱབ་པ་ང་། །གང་གིས་གང་ལ་ཇི་ལྟར་ཁྱབ། །དེས་ན་ཁྱབ་འཇུག་ཅེས་སུ་བརྗོད། །སྒྱུ་མའི་ཆོས་ལ་དབང་སྒྱུར་བས། །རིག་པ་དབང་སྒྱུར་ཞེས་སྨྲས་ཏེ། །ཐམས་ཅད་དབང་དུ་སྡུད་པས་ན། །འཇིག་རྟེན་དབང་སྒྱུར་ང་ཉིད། །མ་ནོར་སྟོན་པ་ཨེ་བ༷་ཉིད། །ཐམས་ཅད་ནོར་བ་དེ་མ་ནོར། །འཇིག་རྟེན་མ་ནོར་གང་ཞིག་ཡིན། །གང་གིས་འཇིག་རྟེན་ཐམས་ཅད་ཀུན། །ནོར་བའི་ལམ་དུ་ཁྱམས་པ་ཡིན། །སངས་རྒྱས་ནོར་བུ་རྙེད་མ་ཡིན། །དེ་ཉིད་རྟག་པར་གྱུར་པས་ན། །བདག་དང་སྲོག་དང་གསོ་བ་དང་། །སྐྱེས་བུ་གང་ཟག་ཅེས་སྨྲ་བ། །འདི་ན་བདག་གམ་སེམས་ཅན་མེད། །སྒྱུ་མའི་རྒྱལ་པོས་སྒྱུ་མ་ཡི། །རྒྱལ་པོ་གཞན་ནི་འཕམ་བྱེད་པ། །སྒྱུ་མཁན་རང་ཉིད་དེ་ཉིད་དོ། །ཀུན་ལ་དབང་སྒྱུར་ཀུན་བྱེད་འགྱུར། །གང་གིས་འདི་དག་ཀུན་ཁྱབ་པ། ཁམས་གསུམ་ཐམས་ཅད་སྒྱུ་མ་ཉིད། །ཀུན་གྱི་བྱེད་པོ་རང་རིག་པ། །གཅིག་ཉིད་སྣ་ཚོགས་ངོ་བོར་སྣང་། །ནམ་མཁའི་དཀྱིལ་ནས་ཟླ་ཤར་བས། །ཆུ་ཡི་ནང་གི་ཟླ་གཟུགས་བཞིན། །གང་ཚེ་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་འདི། །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཐོས་པ་ཐོས་ཉིད་མ་ཡིན་པས། །མངོན་དུ་གྱུར་པ་གང་གིས་ཐོས། །གཉིས་མེད་ཡེ་ཤེས་བདག་ཉིད་ཡིན། །སངས་རྒྱས་ཀུན་གྱི་རང་བཞིན་ཕྱིར། །རང་བཞིན་འགྱུར་བ་མེད་ཉིད་དེ། །རིག་པ་ནམ་མཁའ་ཇི་བཞིན་ལ། །སྒྱུ་མ་ལྟ་བུའི་གཟུགས་སྣང་བས། །རང་བཞིན་གང་ཡིན་བདག་ཉིད་ཡིན། །ནག་པོ་གཅིག་ཏུ་བརྗོད་པ་སྟེ། །ཐམས་ཅད་མ་སྐྱེས་དོན་གྱི་ཕྱིར། །གང་གིས་གཅིག་པ་ཉིད་དུ་བསྟན། །གཅིག་པ་འདྲ་བ་ཉིད་ཡིན་པས། །ཐམས་ཅད་སྐྱེ་མེད་དེ་བཞིན་ཉིད། །བཅོམ་པས་བཅོམ་ལྡན་འདས་ཞེས་བཤད། །རང་བཞིན་གནས་པ་བཞུགས་པ་ཉིད། །སངས་རྒྱས་རྒྱལ་པོ་ཉིད་ཡིན་པས། །དེ་ཉིད་བཞུགས་པས་གནས་པར་བཤད། །འདི་ལ་གནས་དང་མི་གནས་མེད། །དེ་བཞིན་གནས་པ་ཉིད་ཡིན་པས། །གནས་ནི་བཙུན་མོ་ཞེས་བརྗོད་དེ། །བཙུན་མོ་ཀུན་གྱི་རྟེན་བྱ་བ། ཁེས་རབ་ཕ་རོལ་ཕྱིན་དེ་བཞིན། །འཆད་བ་པོ་དང་ཆོས་ཉིད་དང་། །ཉན་པ་དང་ནི་སྡུད་པ་དག ཁ་ཅིག་དག་ནི་སྡང་ཕྱིར་དང་། །གཞན་དག་རྗེས་སུ་བཟུང་ཕྱིར་ཡིན། །གང་གིས་ཆོས་ཀྱིས་ཆོས་ཉིད་གནས། །དེ་ལ་ནད་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འཕྱུང་མེད་ཅིང་། ཁྲ་དང་རུས་པ་ཁྲག་ཀྱང་མེད། །འཇའ་ཚོན་ལྟ་བུའི་ལུས་ཉིད་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །རྨི་ལམ་ན་ནི་རང་གི་ལུས། །དེ་ལ་ཤ་དང་རུས་པ་དང་། ཁྲག་ཀྱང་འཛིན་པར་བྱེད་དམ་ཅི། །ཉི་མའི་འོད་ཀྱི་འཇིག་རྟེན་དུ། ཁྲ་དང་ཁྲག་དང་རུས་པ་དང་། །ཕྱི་ས་དྲི་ཆུ་ལ་བབ་ལ། །མི་གཙང་བ་ཡིས་གོས་སམ་ཅི། །གཉིད་སད་གྱུར་པས་རྨི་ལམ་ན། ཁྲ་རུས་ཁྲག་དང་བཤང་གཅི་སོགས། །མི་གཙང་རྒྱ་མཚོ་ལ་བརྒལ་པ། །བྲལ་པ་ཉིད་དུ་རྟོག་པར་འགྱུར། །རྟོག་པའི་ཉིད་དང་བྲལ་བ་ཡི། །ཡེ་ཤེས་གསལ་བ་མཆོག་མཐོང་ན། །གཙང་དང་མི་གཙང་བ་དེ་ཅི། །པདྨ་ཟུམ་པ་འདམ་ན་གནས། །ཉི་མའི་འོད་ཀྱིས་ཁ་འབྱེད་བཞིན། །བློ་ཡི་པདྨ་ཁ་འབྱེད་པ། ཤེས་རབ་ཉི་མས་ལེགས་པར་ཕྱེ། །དེ་ཁོ་ན་ཉིད་སྔགས་ཡིན་ཏེ། །སྔགས་པས་སྔགས་ཞེས་བརྗོད་པ་ཡིན། །འདི་ནི་གཉིས་སུ་མེད་འགྱུར་བ། །གཉིས་ཀྱིས་གཙང་དང་མི་གཙང་མེད། །གཉིས་ལས་གཙང་དང་མི་གཙང་སྟེ། །གཉིས་སུ་མེད་པ་དེ་མ་ཡིན། །རྒྱལ་པོས་རྒྱལ་པོའི་སྤྱོད་ཡུལ་ལ། །དམན་པ་ཟིལ་གྱིས་གནོན་པ་དང་། བཅུད་ལེན་སྨན་གྱི་ནད་པས་ལུས། །ཐམསཅད་བདེ་བཞི་གྱུར་དེ་བཞིན། །གང་གང་ཕུན་སུམ་ཚོགས་འགྱུར་བ། །དེ་ལ་གང་ཞིག་འབྱུང་བར་འགྱུར། །དེ་ཕྱིར་འགྲོ་ལ་ཐུབ་པ་ཡིས། །ཇི་ལྟར་ཕན་པར་བཞེད་པས་གསུངས། །དེ་ཉིད་དྲང་བའི་དོན་ཉིད་ཕྱིར། །སྨན་ཉིད་ལ་ནི་སྨན་པ་ཡིས། །ཐམས་ཅད་སྤྱིན་པར་བྱེད་ཡིན་ཡང་། །བཅུད་ལེན་སྨན་ནི་མཆོག་འགྱུར་ལྟར། །ཐམས་ཅད་སོ་སོའི་གཉེན་པོ་སྟེ། །ང་ཉིད་ཀུན་ལ་ཕན་བྱེད་པ། །ང་ནི་སངས་རྒྱས་ཐམས་ཅད་པའི། །རང་བཞིན་ཡིན་ཏེ་ཡེ་ཤེས་སྐུ། །ཡེ་ཤེས་མཚོན་ཆ་རྣོན་པོ་ཡིས། །ལོག་རྟོག་སྐྱེ་བའི་རྒྱུན་བཅད་དེ། །མི་རྟོག་ཡེ་ཤེས་དེ་ཉིད་ནི། །དྲི་མ་ཐམས་ཅད་འཁྲུ་བར་བྱེད། །འདི་ཉིད་དག་པར་གྱུར་པའི་སྔགས། །དེ་ཁོ་ན་ཉིད་སྐུལ་བར་བྱེད། །སངས་རྒྱས་ཀུན་གྱི་དེ་ཉིད་འདི། །ཡང་དག་སྔགས་སུ་རྣམ་པར་གནས། །འདི་ལ་བགྲང་འཕྲེང་ལ་སོགས་མེད། །རང་གི་རིག་པའི་དེ་ཉིད་འདི། །གཞན་གྱི་སྒྲ་ལ་འབྱུང་མི་འགྱུར། །མོས་དང་བསྒོམ་པར་གྱུར་པ་ལས། །མི་རྟོག་དོན་གྱིས་དེ་ཉིད་མཐོང་། །གང་ཡང་རྟོག་པའི་དྲ་བ་ཡིས། །རང་གིས་སེམས་ནི་བསྒྲིབས་གྱུར་པས། །དེ་ཉིད་མཐོང་བར་མི་ནུས་ཏེ། །དམུས་ལོང་ལག་གི་ནོརབུབཞིན། །གངཡང་རྟོག་པ་དང་བྲལ་བའི། །ཡེ་ཤེས་མིག་གིས་རྣམ་པ་ཡིས། །འགྲོ་བའི་འཕྲུལ་བ་དག་པ་ལ། །ཕྱིན་ཅི་མ་ལོག་དེ་བཞིན་སྣང་། །གང་འདི་ལུས་ཅན་ཐམས་ཅད་པའི། །དག་པར་བྱེད་པ་འདི་མཆོག་ཡིན། །འདི་ནི་འཁོར་བའི་ཆུ་བོ་ལས། །རབ་སྒྲོལ་བྱེད་པར་གྲུ་ཡི་མཆོག །ལས་ཉིད་དག་པ་བདག་ཉིད་དེ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དག་པས་སྲོག་ཆགས་གསོད་པར་བྱེད། །བདེ་བའི་ཡེ་ཤེས་རང་རིག་པ། །གཞན་གྱི་བྱིན་པ་མེད་བཞིན་བསླང་། །ཆོས་ཉིད་བུད་མེད་དེ་བཞིན་སྤྱད། །སྣང་བའི་དངོས་པོ་ཐམས་ཅད་བརྫུན། །མེད་པར་བརྗོད་པ་སྨྲ་བ་རྩུབ། །ཐོག་མ་མེད་པའི་རྟོག་པ་ཆེ། །བུད་མེད་གཏམ་ལ་བརྟེན་པས་འཁྱལ། །དེ་བཞིན་ཉིད་ལ་ཆགས་པ་ཡི། །རྟོག་པའི་དྲ་བ་འཇོམས་པས་གནོད། །འཁྲུལ་པའི་བསམ་པ་ལོག་པ་ཉིད། །དེ་ཉིད་མི་དགེ་བྱེད་པ་ཉིད། །སྤོང་བ་དྲི་མ་དག་པར་བྱེད། །ཐམས་ཅད་གཏམ་པས་སྦྱིན་པ་ཆེ། །ཉེས་དང་བྲལ་བ་ཚུལ་ཁྲིམས་མཆོག །གནོད་པ་འཁྲུལ་པར་གྱུར་པས་བཟོད། །འཁྲུལ་པའི་ལེ་ལོ་རྣམ་པར་སྤང་། །དེ་ཉིད་རྩེ་གཅིག་བསམ་གཏན་ཏེ། །ཤེས་པ་ཤེས་པ་ཀུན་གྱི་མཆོག །ཡང་ནི་ལྷར་གནས་བདག་གིས་བརྗོད། །འཁྲུལ་པའི་རྒྱུ་ལས་འབྲས་བྱུང་བ། །དེ་ཉིད་མིན་ཕྱིར་ཡང་དག་དན། །འགྱུར་བ་མེད་པས་ཡི་གེ་སྟེ། །སེམས་ཉིད་ངོ་བོ་ཕྱག་མཚན་ཏེ། །དྲི་མ་མེད་པ་ཕྱག་རྒྱ་ཆེ། །སྐུ་ཉིད་སྐུ་ནི་མེད་པའི་སྐུ། །འདི་ཡི་དོན་དམ་བསྙེན་པ་སྟེ། །ཇི་ལྟར་མེ་ལོང་གཟུགས་བརྙན་ནི། །གཅིག་དང་གཞན་ཉིད་སྤངས་པ་ལྟར། །རང་སེམས་ཕྱག་རྒྱ་ཆེན་པོ་ནི། །དེ་བཞིན་ཉིད་དུ་གཅིག་པ་དང་། །དུ་མའི་རྣམ་བ་ཉིད་མ་ཡིན། །གང་ཡང་སྣང་བཞིན་དེ་ཉིད་མིག །གང་ཞིག་བསྟན་པར་གྱུར་པ་ཡིས། །ཙན་དན་ལྟ་བུ་ཡིད་དག་ལ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྟག་པ་ལ་སོགས་དཀྱིལ་འཁོར་ལྡན། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །བདེ་བ་ཆེན་པོའི་གནས་བསྒོམས་ཏེ། །འདི་ལ་སྔགས་དང་ཕྱག་རྒྱ་མེད། །བཟླས་བརྗོད་བགྲང་ཕྲེང་འཆང་ལ་སོགས། །གཞན་ལ་ལྟོས་མིན་རང་སྔགས་ཏེ། །རང་ཉིད་བགྲང་འཕྲེང་རང་ཕྱག་རྒྱ། །སྣང་བ་བསོད་ནམས་ཚོག་འགྱུར་ཏེ། །སྟོང་པ་ཉིད་ནི་ཡེ་ཤེས་བརྗོད། །འདུད་པ་ཕྱག་འཚལ་བ་ཡིན་ཏེ། །མ་ཆགས་མཆོད་པ་ཆེན་པོ་ཡིན། །དག་པ་སྡིག་པ་བཤགས་པ་སྟེ། །དེ་ཉིད་ལ་དགའ་ཡི་རང་བ། །སྙིང་པོ་བསྐུལ་བ་བསྐུལ་བ་ཆེ། །སྔོན་དུ་བྱས་པ་སྐྱབས་འགྲོ་ཉིད། །དོན་གྱི་དམ་པ་སེམས་བསྐྱེད་པ། །རྟོག་པ་ཀུན་སྤངས་རང་ལུས་སྦྱིན། །སྟོང་པས་སྟོང་པ་ཞེས་སུ་བརྗོད། །གཡོ་བས་བསྟན་པ་སྤངས་པ་རླུད་། །རྣམ་རྟོག་བསྲེགས་པས་མེ་ཡིན་ཏེ། །དག་བྱེད་ཆུ་ཡི་དཀྱིལ་འཁོར་ཉིད། །རང་ཉིད་བརྟེན་པས་ས་ཉིད་དོ། །སངས་རྒྱས་ཡོན་ཏན་ཀུན་རྟེན་ནས། །དྲན་པ་ཉེར་བཞག་ནས་བཟུང་ནས། །དབང་པོ་ཐུག་པ་དག་ཕྱིར་སྒོ། །རྣམ་ཐར་བརྒྱད་ལྡན་རྟ་བབས་ལ། །ཏིང་འཛིན་ཁ་ཁྱེར་ཉིད་དུ་བརྗོད། ཁམས་གསུམ་དག་པས་ཟུར་གསུམ་སྟེ། །དབང་གི་ཟླ་གམ་བསྟན་པ་ནི། ཉོན་མོངས་གཅོད་པས་འཁོར་ལོ་སྟེ། །ཆགས་དང་བྲལ་བ་པདྨ་ཉིད། །རྟོག་པ་བསྲེགས་པས་མེ་རི་སྟེ། །བདག་མེད་ཐོད་པ་སྐམ་པོ་ཡིན། །དགོས་པ་ཀུན་འབྱུང་རིན་ཆེན་ཁྲི། །རང་སེམས་དག་པས་རྩ་ཡི་སྐུ། །དུག་ལྔ་སྤངས་པས་ཞལ་ལྔར་ལྡན། །དེ་ཉིད་ལྔར་ལྡན་རྟ་མགོ་ལྔ། །སྟོང་པ་བཅུ་དྲུག་ཕྱག་བརྒྱད་གཉིས། མི་འགྱུར་བ་ཡན་རྡོ་རྗེ་སྟེ། །ཡེ་ཤེས་འགུགས་པས་ལྕགས་ཀྱུ་ཉིད། །རྟོག་པ་མི་གནས་སྦྲུལ་ཞགས་ཉིད། །སྟོང་པའི་སྒྲ་ནི་རྔེའུ་ཆུང་ངོ་། །བདེ་བ་སྐྱོང་བ་ཐོད་པའི་ཁྲག །ས་དགུའི་རྟོག་སྤངས་རྩེ་དགུ་པ། །ཉོན་མོངས་ལྔ་སྤངས་རྩེ་ལྔ་ཉིད། ཁམས་གསུམ་དྲི་མེད་རྩེ་གསུམ་པ། །འཕྲ་བའི་སྒྲིབ་འབྲལ་རྩེ་གཅིག་པ། མི་འགྱུར་ནམ་མཁའི་རང་བཞིན་གྱིས། །གཟུགས་ཅན་བསྲེག་པའི་མེ་ཆེན་པོ། །བྱིང་རྒོད་འཆིང་ཕྱིར་ཞགས་པའོ། །བདེ་སྐྱིད་དོན་ཀྱི་བདག་ཉིད་ཁྲག ཁྲོ་བརྒྱད་སྙིང་ནི་ཐགས་དག་པ། །སྙིང་རྗེས་འཁོར་བ་མི་གཏོང་ཕྱིར། །རྡོ་རྗེ་ལ་ནི་ལྕགས་ཀྱུ་གནས། །ཡེ་ཤེས་མཐའ་དབུས་མེད་ཅང་ཏེལྭ །གསལ་བ་ལ་སོགས་རྔ་རྩེ་གསུམ། །གཙུག་ཏོར་འོག་མིན་ཆོས་ཉིད་དེ། །བདེ་གཤེག་བྱུང་གནས་ཆེན་པོའི་ཕྱིར། །རྡོ་རྗེ་དབྱིངས་སུ་ཡང་དག་བཤད། །ཡེ་ཤེས་ཆོས་ཉིད་དོན་སེམས་ཕྱིར། །ཡེ་ཤེས་སེམས་དཔའ་དེ་ཉིད་དེ། །ཐོགས་དང་ཆགས་པ་མེད་གཤོག་པ། །གནས་ནི་རང་རིག་ཡེ་ཤེས་ཏེ། །ཡུལ་ནི་ཆོས་ཀྱི་ཆོས་ཉིད་ཡིན། །རང་རིག་ཆོས་ཉིད་ཉི་མ་སྟེ། །སྣང་བའི་ཆོས་ཉིད་དེ་བཞིན་ཟླ། །སངས་རྒྱས་སྟོང་དང་དེ་བཞིན་ཁྲི། །ཐམས་ཅད་ཀུན་གྱི་རང་བཞིན་ཉིད། །རྟོག་པ་འཇོམས་པས་དཔའ་ཕྱིར་སྟག །དག་པས་བིཌརླ་བརྗོད་དེ། །མི་འགྱུར་རྡོ་རྗེའི་ན་བཟའ་ཉིད། །སྲ་བ་མཁྲེག་པ་བསེ་ཡི་མགོ །རྟོག་པ་གསོད་པས་སྤྲུལ་གྱི་མགོ །རྟོག་བྲལ་ཟ་བྱེད་ཅེས་ནི་བརྗོད། །མཉེས་ཞིང་འཇམ་པ་དག་དུ་བརྗོད། །མ་གཡོས་ཅིག་པས་གཟིགས་ཉིད་དོ། །དེ་བཞིན་ཉིད་སེམས་བདག་ཉིད་ཅན། །སྐྱོབ་པས་སྔགས་སུ་བརྗོད་པ་སྟེ། །དེ་ཉིད་འཛིན་པ་བགྲང་ཕྲེང་ཉིད། །སྣང་བ་སྟོང་པས་ཁྱབ་པས་སྒྲ། །ཡང་དང་ཡང་དུ་གོམས་པས་ན། །ཡིད་ཀྱི་བརྗོད་པས་བཟླས་པའོ། །དེ་ཁོ་ན་ཉིད་གསང་བ་འདིས། །ཐམསཅད་ཀུན་ལ་ཁྱབ་འགྱུར་ཏེ། །རྒྱ་མཚོ་ས་དང་རི་རྣམས་དང་། །དེ་བཞིན་དག་དང་མ་དག་པ། །དྲི་མ་མེད་པར་སྦྱོང་ནས་ནི། །ཡེ་ཤེས་དག་པའི་ངོ་བོ་སྲ །ལེགས་པར་གཟུང་སྟེ་བདག་གིས་བྱས། །དཀྱིལ་འཁོར་དེ་ཉིད་ཆེན་པོ་སྟེ། །རྟོག་དང་བྲལ་བའི་ཏིང་འཛིན་བསྲུང་། །ཐམས་ཅད་བདག་གིར་བྱས་པའི་ཕྱིར། །ཆགས་སུ་ཚུད་པ་ཕྱག་རྒྱ་ཆེ། །ཐམསཅད་རྟོགས་ལས་ཕྱེ་བའི་ཕྱིར། །ནམ་མཁའ་དང་འདྲར་གནས་པས་ཕྱེ། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །དེ་ཉིད་རིན་ཆེན་ལྔ་ཡི་ཚོན། །དཀྱིལ་འཁོར་ཡིས་སྔར་བཤད་པ། །སྔོན་དུ་བྱས་པ་ཞུགས་པ་སྟེ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །རྣམ་ཤེས་དག་པས་མགོ་བོ་བརྒྱད། །ཡེ་ཤེས་རྡོ་རྗེ་ལག་ཏུ་བྱིན། །ཆོས་ཉིད་དྲིལ་བུས་མངོན་དུ་ཕྱོགས། །རྟོག་པ་སྦྱོང་བར་བྱེད་པས་ཆུ། །འདི་ནི་སངས་རྒྱས་ཐམས་ཅད་པའི། །མཛད་པ་བྱེདཔས་བླ་མ་སྟེ། །འདི་ནི་ཆོས་ཉིད་དེ་ཉིད་ཆེ། །འགྱུར་བ་མེད་པས་རྡོ་རྗེ་རིགས། །ཡོན་ཏན་ཀུན་འབྱུང་རིན་པོ་ཆེ། །མ་ཆགས་པདྨའི་རང་བཞིན་ཏེ། །ཐོག་པ་མེད་པ་ལས་ཀྱི་རིགས། དེ་ཉིད་དེ་བཞིན་གཤེགས་རིགས་ཏེ། །གང་གི་ཡོན་ཏན་ཀུན་འབྱུང་བ། །བསྐལ་པ་གྲངས་མེད་ཐམསཅད་དུ། །ཐོས་བསམ་བསྒོམ་པ་རབ་སྦྱངས་པའི། །ཡེ་ཤེས་མིག་ཅན་རྣམས་ཀྱིས་གཟུང་། །འཇིག་རྟེན་རིན་ཆེན་སྣ་བདུན་གྱིས། །བཀང་སྟེ་དེ་བཞིན་གཤེགས་མཆོད་ཅིང་། །བསྙེན་བཀུར་འབྱོར་པ་བྱས་གྱུར་ཀྱང་། །གསང་བ་འདི་ཡི་ཆར་མི་ཕོད། །གང་གིས་རིན་ཆེན་བཙོ་མ་ཡིས། །སངས་རྒྱས་གཟུགས་ཀྱི་འཇིག་རྟེན་འདི། །རབ་ཏུ་རྒྱས་པར་གྱུར་པ་ཡིས། །གསང་བ་འདི་ཡི་ཆར་མི་ཕོད། །གང་གིས་བདེ་གཤེགས་གཟུགས་བཟང་སྟེ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །གསང་བ་འདི་ཡི་ཆར་མི་ཕོད། །ནམ་མཁའི་ཁམས་ཀུན་བདེ་གཤེགས་ཀྱིས། །ཡོངས་སུ་གང་ལ་གང་ཞིག་གིས། །བསྐལ་པར་བསྙེན་བཀུར་བྱས་པ་ཡིས། །གསང་བ་འདི་ཡི་ཆར་མི་ཕོད། །དེ་བཞིན་བསྐལ་པ་བརྒྱ་དང་སྟོང་། །བསྐལ་པ་བྱེ་བ་གྲངས་མེད་དུ། །བསྙེན་བཛྲ་ཨ་མོ་ཀྟ་སིདྷ་ཧ། ཨོ༷་བཐྲ་ཀརྨ་ཧ། ཨོ༷་བཛྲ་རསྒ་ཧ། ཨོ༷་བཛྲ་ཡསྒ་ཧ། ཨོ་བཛྲ་སན་ཏི་ཧ། ཨོ་བཛྲ་བྲ་སད་དུ་ཨོ་ཨོ་བུདྷི་ལོ་སྣྲོ་ནི་ཨོ། ཨོ་བཛྲ་མུ་མ་ཀི་ཏྲ༷། ཨོ་བཛྲ་ར་བ་ཏྲི་ནི་དྷི། །ཨོ་བཛྲ་ས་མ་དྷ་ར་ཧ།ཨོ༷་བཛྲ་ལྭ་པྱེ་ཧུ༷། ཨོ༷་བཛྲ་མྱ་ལེ་ཏྲ༷། ཨོ༷་བཛྲ་གིརྟི་ཧྲི། ཨོ༷་བཛྲ་ནིར་ཏི་ཨ། །ཨོ་བཛྲ་རྙུ་པེ་ཧུ༷། ཨོ༷་བཛྲ་པྲསྤྲོ་ཏྲ༷། ཨོ་བཛྲ་ཨུ་ལོ་ཀེ་ཧྲི། ཨོ་བཛྲ་གརྙེ་ཧ། ཨོ་བཛྲ་ཨ༷་ཀུ་ཤ་ཧུ༷། །ཨོ་བཛྲ་བཱ་ཤ་ཏྲ༷། ཨོ་བཛྲ་ཕོ་ཊ་ཧྲི། ཨོ་གན་དྷི་ཧ།ཨོ༷་དེ་བི་ཤ་ར་བྱ་དེ་ཧུ༷། ཨོ་བཛྲ་རཏྣ་ར་ཏི་ཏྲ༷། ཨོ༷་བཛྲ་ར་ག་ར་ཏི་ཧྲི། ཨོ༷་བཛྲ་ར་ཏི་ཧ། ཨོ་བཛྲ་ཟླུཉི་ཧུ༷། ཨོ༷་བཛྲ་རཏྣ་མུ་སྤྱི་ཏྲ༷། ཨོ་དྷརྨ་མུ་སྟི་ཏྲི། ཨོ་ཀརྨ་མུ་ཉི་ཧ། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རང་གི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་ཕྱིར། ཕྱག་རྒྱ་དེ་ཁོ་ན་ཉིད་གསུངས་སོ། །སེམས་ཉིད་ཕྱག་རྒྱ་ཆེན་པོ་སྟེ། །གཉིས་སུ་མེད་པའི་ངང་ཉིད་དུ། །ཕྱག་རྒྱ་ཐམས་ཅད་མངོན་སངས་རྒྱས། །ཕྱག་རྒྱ་དེ་ཉིད་ཕྱག་རྒྱ་སྟེ། །གང་ལས་བྱུང་བ་ཕྱག་རྒྱ་ཆེ། །བདག་ཉིད་ཐ་དད་མེད་པ་ལས། །ཐ་དད་ལྟ་བུར་སྣང་བ་སེམས རང་སེམས་ཕྱག་རྒྱ་ཆེན་པོ་ཉིད། །དཀྱིལ་འཁོར་ཀུན་ཏུ་རྣམ་བལྟས་ན།ལུས་ཀྱི་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཇི་བཞིན་གནས་པ་ཕྱག་རྒྱ་ཉིད། །དེ་ལ་ཕྱག་རྒྱའི་མཚན་ཉིད་ནི། །ཐབས་དང་ཤེས་རབ་ངང་ཉིད་དོ། །ལག་གི་འདུ་བྱེད་བསྒོམས་ནས་ནི། །ཐལ་མོ་དམ་སྦྱར་རྩེ་མོ་གཤིབས། །རྡོ་རྗེ་ཐལ་མོ་ཞེས་སུ་བཤད། །སོར་མོ་ནང་དུ་བསྣོལ་ཏེ་བཀན། །གུང་མཛུབ་མཐེ་བོང་མཐེ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བསྐྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །རྐང་སོར་གཡས་ཀྱི་གཡོན་པ་མནན། །ལག་པའི་མཐིལ་གཉིས་དེ་བཞིན་ཏེ། །མཐེ་བོང་རྩེ་སྤྲད་པང་དུ་བླང་། །རྣམ་སྣང་ཕྱག་རྒྱ་ཆེན་པོ་ཡིན། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །གཡས་ཀྱི་མཛུབ་མོ་གཡོན་པའི་ནང་། །ཚོགས་པས་གཅིག་ལ་གཅིག་བཟུང་བ། །འདི་ནི་སྦྱོར་བའི་ཕྱག་རྒྱ་ཆེ། །མཐེ་བོང་གཉིས་དང་མཐེ་ཆུང་གཉིས། །སོ་སོར་རྩེ་སྤྲད་ཟླུམ་པོ་སྟེ། །ལྷག་མའི་འོད་འཕྲོ་གཏིང་ཕྱེ་བ། །མི་བསྐྱོད་པ་ཡི་ཕྱག་རྒྱ་ཡིན། །གཏིང་སྤྲད་གུང་མོ་རྩེ་སྦྱར་ཏེ། །མཛུབ་མོ་ཚིགས་བཅག་གུང་ལ་སྦྱར། །སྲིན་མཐེབ་རྩེ་སྤྲད་མཐེ་ཆུང་སྦ། །རིན་ཆེན་འབྱུང་ལྡན་ཕྱག་རྒྱ་ཡིན། །གུང་མཇུབ་སྲིན་ལག་རྩེ་སྤྲད་དེ། །མཐེ་ཆུང་ངོས་ལ་གཞུག་པར་བྱ། །མཐེ་བོང་རྩེ་སྤྲད་ཟླུམ་པོར་བྱ། །སྣང་བ་མཐའ་ཡས་ཕྱག་རྒྱ་ཡིན། །ཐལ་མོ་སྦྱར་ནས་སོ་སོར་བགྲད། །བསྐྱོད་ནས་འཁོར་ལོ་ལྟར་བྱས་ཏེ། གློག་གི་འཕྲེང་བས་བསྐོར་བར་བྱ། །དོན་ཡོད་གྲུབ་པ་ཉིད་ཀྱི་རྒྱ། །ཕྱག་རྒྱའི་རྒྱལ་པོ་འདི་དག་ནི། །ཐུགས་ཁར་བཅིང་ཞིང་ཉིད་དུ་བསྒོམ། །འཕྲོ་འདུའི་སེམས་ཀྱི་མཁའ་ལ་སྒྲོལ། །རྡོ་རྗེ་དྲིལ་བུ་བཟུང་ནས་ནི། །ཐུགས་ཁ་ལ་ནི་དཀུར་བསྟེན་ནས། །གཅུ་ཐབས་ཟུར་གྱིས་ལྟ་བ་ནི། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིན། །ལག་པ་བསྣོལ་ནས་ཁུ་ཚུར་བཅང་། །གུང་མོ་གཉིས་ནི་བརྐྱང་པར་བྱ། །མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ། །རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཡིན། །ལག་པ་ཁུ་ཚུར་བཅངས་པ་ལས། །གཡོན་གྱི་མཐེབ་མཛུབ་རྩེ་སྤྲད་དེ། །གཡས་ཀྱི་གུང་མོ་བརྐྱང་ནས་གདེངས། །རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱི་སོར་མོ་རྣམས། །སོ་སོའི་གུང་མོའི་ཚིགས་དང་པོར། །ངོས་བཞི་ནས་ནི་རྩེ་མོ་གཟུགས། །རྡོ་རྗེ་ལེགས་པའི་ཕྱག་རྒྱ་ཡིན། །གཏིང་སྦྱར་གུང་མོ་རྩེ་སྤྲད་དེ། །མཐེབ་མཛུབ་སྲིན་ལག་ཚིགས་བཅག་ནས། །དྲུག་ཅར་རྩེ་སྤྲད་མཐེ་ཆུང་སྦ། །རྡོ་རྗེ་རིན་ཆེན་ཕྱག་རྒྱ་ཡིན། །མཐེ་བོ་མཐེབ་ཆུང་རྩེ་སྤྲད་ནས། །ལུ་གུ་རྒྱུད་དུ་སྦྲེལ་བར་བྱ། །ལྷར་མེ་འོད་ལྟར་འབར་བྱས་པས། རྡོ་རྗེ་ཉི་མའི་ཕྱག་རྒྱ་ཆེ། །གཡོན་གྱི་སྟེང་དུ་གཡས་གཞག་ནས། །སོར་མོ་ཚིགས་སྤྲད་བྱས་ནས་ནི། ཁ་ཡི་ཐད་ཀར་གཟུང་བར་བྱ། །རྡོ་རྗེ་བཞད་པའི་ཕྱག་རྒྱ་ཡིན། །གཡོན་གྱི་སོར་མོའི་རྩེ་ནས་ནི། །མ་ཕྲད་ཙམ་དུ་བསྡུས་ནས་ནི། །གཡས་ཀྱིས་འབྱེད་པ་ལྟར་བྱེད་པ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཡིན། །གཡས་ཀྱི་ལག་པ་བསྒྲེང་བར་བྱ། །མཐེ་བོང་མཐེའུ་ཆུང་རྩེ་སྤྲད་དེ། །ལྷག་མ་གསུམ་ཡང་བསྒྲེང་བར་བྱ། །གཡོན་པའི་ཁུ་ཚུར་དཀུར་བསྟེན་པ། །རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ཡིན། །སོར་མོ་གང་དུ་བསྣོལ་བ་ལས། །གུང་མོ་རྩེ་སྤྲད་མཛུབ་མོ་འབར། །མཐེ་བོས་གུང་མོ་མནན་པ་ནི། །རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཡིན། །ལག་པའི་འཁྲིག་མ་བསྣོལ་བ་ལས། །གུང་མོ་གཉིས་ཀྱི་ཚིགས་དང་པོར། །ངོས་བཞིར་སོ་སོར་སོར་མོ་བསྡུམ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱི་སོར་མོ་རྣམས། །ཕན་ཚུན་བསྣོལ་བརྐྱང་བསྡམས་པ་ལས། །མཐེ་བོང་གཉིས་ནི་སྤྲེལ་བར་བྱ། །རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །མཛུབ་མོ་གཉིས་ནི་བསྒྲེངས་ནས་ཀྱང། ཁ་འགྲམ་གཉིས་སུ་བརྐྱང་བྱས་པ། །རྡོ་རྗེ་གནོད་སྤྱིན་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །བསྣོལ་ཏེ་ཁ་ནི་སྦྱར་ནས་ཀྱང་། །ཐུགས་ཁར་དམ་དུ་བཟུང་བ་ནི། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཡིན། །རིགས་ཀྱི་ཕྱག་རྒྱ་བསྒོམས་ནས་ནི། །ལག་གི་འདུས་བྱས་འདི་དག་གིས། །འཕྲོ་འདུའི་ཏིང་འཛིན་ལྡན་བྱས་ཏེ། །བཅིང་ཞིང་མཁའ་ལ་དགྲོལ་བར་བྱ། །མཐེ་བོང་མཐེའུ་ཆུང་ནང་དུ་སྤྲད། །གུང་མོ་རྩེ་སྤྲད་བཞི་པོ་བསྒྲེང་། །རྡོ་རྗེ་འཛིན་ལྟར་གཏིང་སྤྲད་པ། །རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཡིན། །རྟིང་སྦྱར་མཐེབ་མཛུབ་རྩེ་སྦྱར་ཏེ། །མཛུབ་མོ་བུ་གར་མཐེའུ་ཆུང་དྲང་། །ལྷག་མ་རྩེ་གསུམ་ལྟར་བྱས་པ། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ཡིན། །ལག་ངར་གཡོན་པ་བསྒྲེངས་ནས་ནི། །གུང་མོ་ཨུཏུལ་ལྟར་བྱས་ལ། །གཡས་ཀྱི་གྲུ་མོ་གཟུང་བར་བྱ། །རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན། །རྐང་པ་གཉིས་ཀྱི་གུང་མོ་ལ། །ལག་པ་གཉིས་ཀྱི་གྲུ་མོ་གཟུགས། །སྤྲད་ནས་ལག་པ་གདེང་པ་ནི། །ཀུན་ཏུ་བཟང་མོའི་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་དཀུར་བསྟེན་ནས། །ལྡན་པ་གཡས་སུ་བྱོ་བ་ལས། །ཆགས་པའི་མིག་ཏུ་ལྟ་བ་ནི། །རྡོ་རྗེ་སྒེག་མོའི་ཕྱག་རྒྱ་ཡིན། །སྲིན་ལག་དང་ནི་མཐེ་བོང་རྣམས། །སོ་སོར་རྩེ་མོ་སྤྲད་བྱས་ཏེ། །དཔྲལ་བའི་ཐད་ཀར་དྲང་པ་ནི། །རྡོ་རྗེ་འཕྲེང་བའི་ཕྱག་རྒྱ་ཡིན། །ལག་པ་གཡོན་པའི་སོར་མོ་བསྡུས། །གཡས་པའི་སོར་མོ་འདྲེན་པ་ལས། །པི་ཝང་རྒྱུད་ལྟར་གནས་བྱས་པ། །རྡོ་རྗེ་གླུ་མའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱི་རྟིང་པ་སྤྲད། །བསྐོར་ཏེ་ཁ་ཕྱོགས་ནས་བཟུང་ནས། །སྤྱི་བོར་ཐལ་མོ་སྦྱར་བྱས་པ། །རྡོ་རྗེ་གར་གྱི་ཕྱག་རྒྱ་ཡིན། །ལག་པ་གཡོན་པ་སོར་མོ་རྣམས། །རྩེ་མོ་བསྡུས་ཏེ་གྱེན་དུ་གདེངས། །གཡས་ཀྱི་དེ་བཞིན་གཡོན་དུ་བཀབ། །རྡོ་རྗེ་བདུག་པའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ནི་ཐལ་སྦྱར་རོ། །བཀན་ཏེ་ཁོ་ཡི་ཕྱོགས་སུ་བཞག །གྱེན་དུ་ཐོར་བ་ལྟར་བྱེད་པ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ནི་རྒྱབ་སྦྱར་ནས། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །མཐེ་ཆུང་སྦྲེལ་ནས་མཛུབ་མོ་བསྒྲེང་། །རྡོ་རྗེ་ལྕགས་ཀྱུ་མ་ཡི་རྒྱ། །ལག་གཉིས་རྡོ་རྗེ་ཁུ་ཚུར་བཅངས། །མཐེ་བོང་མཛུབ་མོ་སྦྱར་བྱས་ཏེ། །ཞགས་མིག་ལྟ་བུར་བྱས་པ་ནི། །རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིན། །ལག་ཉིས་ཁུ་ཚུར་སྔ་མ་བཞིན། །མཐེ་བོང་མཛུབ་མོ་རྩེ་སྤྲད་དེ། །གཡས་གཡོན་ལུ་གུ་རྒྱུད་དུ་སྦྲེལ། །རྡོ་རྗེ་ལྕགས་སྒྲོག་མ་ཡི་རྒྱ། །ལག་གཉིས་རྡོརྗེཁུཚུརགཤིབས། །མཐེབོང་ནང་དུ་བཅུག་ནས་ནི། །གུང་མོ་གཉིས་བསྒྲེང་རྩེ་སྤྲད་པ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་བཅིངས་བྱས་ཏེ། །ལག་པ་མཐེ་བོང་མཛུབ་མོ་མནན། །དེ་བཞིན་གུང་མོ་སྲིན་ལག་དང་། །མཐེ་ཆུང་མནན་པ་མུ་ཏི་རྒྱ། །གང་གི་ཕྱག་རྒྱ་འདི་དག་གིས། །ཇི་ལྟར་འདོད་པ་ཉིད་དུ་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་པའི། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །རྡོ་རྗེ་ཕྱག་རྒྱ་བདེ་བའི་མཆོག །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་སྐུའི་དཀྱིལ་འཁོར་བཀོད་པའི་རྒྱལ་པོ་འདི་གསུངས་སོ། །མགོ་ལ་རྣམ་པར་སྣང་མཛད་དང་། །ཐམས་ཅད་བདག་ཉིད་རྡོ་རྗེ་མ། །སྦྱོར་བའི་ཚུལ་དུ་རྣམས་བསྒོམ་སམ། །རྣམ་པར་སྣང་མཛད་ཉིད་དུ་འགྱུར། །མིག་ལ་རྡོ་རྗེ་སེམས་དཔའ་དང་། །བསྟན་པའི་བདག་ཉིད་རྡོ་རྗེ་མ། །གཉིས་སུ་མེད་པར་བསྒོམ་པ་ལས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །རྣ་བར་རྡོ་རྗེ་རིན་ཆེན་དང་། །འབར་བའི་རྡོ་རྗེ་བདག་ཉིད་ཆེ། །སྦྱོར་བ་ཡི་ནི་ཚུལ་བསྒོམས་ནས། །རྡོ་རྗེ་རིན་ཆེན་ཉིད་དུ་འགྱུར། །སྣ་ལ་ཆོས་ཀྱི་རྡོ་རྗེ་དང་། །རྡོ་རྗེ་བདུད་བྱེད་བདག་ཉིད་ཆེ། །སྦྱོར་བའི་ཚུལ་གྱིས་བསྒོམས་ནས་ནི། །ཆོས་ཀྱི་རྡོ་རྗེ་འདྲ་བར་འགྱུར། །ལྕེ་ལ་ལས་ཀྱི་རྡོ་རྗེ་དང་། །བསྐྱོད་བྱེད་རྡོ་རྗེ་མ་བསྒོམས་ཏེ། །གཉིས་སུ་མེད་པར་བསྒོམས་པ་ཡིས། །རྡོ་རྗེ་ལས་དང་འདྲ་བར་འགྱུར། །ལག་ན་རྡོ་རྗེའི་བདག་ཉིད་དེ། །ལག་པ་གཡས་པའི་སོར་མོ་ལ ཧུ༷་ཞེས་བྱ་བ་ལྔ་བཞག་སྟེ། །སེམས་དཔའ་དང་ནི་སེམས་མ་ལྔ། །སྦྱོར་བའི་མཚན་ཉིད་བསྒོམས་བྱས་ཏེ། །གུང་མོར་མི་བསྐྱོད་རྣམས་བསྒོམས་ཏེ། །རྡོ་རྗེ་ཡངས་བའི་སྤྱན་ལྡན་པར། །མཉམ་པར་སྦྱོར་བར་བསྒོམ་ནས་ནི། །རྡོ་རྗེ་མི་བསྐྱོད་ལྟ་བུར་འགྱུར། །མཛུབ་མོར་སེམས་དཔའི་རྡོ་རྗེ་དང་། །སྒེག་མོའི་རྡོ་རྗེ་རྣམས་བསྒོམས་ཏེ། །གང་གིས་མཉམ་པར་སྦྱར་བྱས་པས། །སེམས་དཔའི་རྡོ་རྗེ་ལྟ་བུར་འགྱུར། །མིང་མེད་ལ་ནི་རྡོ་རྗེ་རྒྱལ། །རྡོ་རྗེ་བདུག་པོ་མོར་ལྡན་པས། །མཉམ་པར་སྦྱོར་བ་རྣམ་བསྒོམས་མ། །རྡོ་རྗེ་རྒྱལ་པོ་ལྟ་བུར་འགྱུར། །མཐེ་ཆུང་རྡོ་རྗེ་འདོད་པ་དང་། །རྡོ་རྗེ་ཀྱོ་བ་མར་ལྡན་པས། །གཉིས་སུ་མེད་པར་མཉམ་སྦྱར་བས། །རྡོ་རྗེ་འདོད་པ་ཉིད་ཐོབ་འགྱུར། །རྒན་པོར་རྡོ་རྗེ་ལེགས་པ་དང་། རྡོ་རྗེ་སྒྲོན་མ་རབ་བསྒོམ་ཏེ། །གཉིས་སུ་མེད་པར་མཉམ་སྦྱར་བས། །རྡོ་རྗེ་ལེགས་པ་ཐོབ་པར་འགྱུར། །ལག་པ་གཡོན་པའི་སོར་མོ་ལ། །ཏྲ༷་ཞེས་བྱ་བ་ལྔ་བཞག་སྟེ། །སེམས་དཔའ་ལྔ་དང་སེམས་མ་ལྔ། །སྦྱོར་བའི་མཚན་ཉིད་བསྒོམས་བྱས་ཏེ། །གུང་མོར་རིན་ཆེན་འབྱུང་གནས་དང་། །རིན་ཆེན་སྤྱན་དུ་མཉམ་ལྡན་པས། །ཡོངས་སུ་སྦྱར་བར་རྣམས་བསྒོམས་ནས། །རིན་ཆེན་འབྱུང་གནས་ཉིད་དུ་འགྱུར། །མཛུབ་མོར་རྡོ་རྗེ་རིན་ཆེན་དང་། །རྡོ་རྗེ་འཕྲེང་བར་མར་ལྡན་པར། །མཉམ་པར་སྦྱོར་བར་བསྒོམས་ནས་ནི། །རྡོ་རྗེ་རིན་ཆེན་ཉིད་ཐོབ་འགྱུར། །མི་ཐེག་པ་ལ་རྡོ་རྗེ་གཟི། །རྡོ་རྗེ་མེ་ཏོག་རབ་མཛེས་པས། །གང་གིས་གཉིས་སུ་མེད་བྱས་པས། །རྡོ་རྗེ་གཟི་བརྗིད་ཐོབ་པར་འགྱུར། །མཐེའུ་ཆུང་རྡོ་རྗེ་རྒྱལ་མཚན་དང་། །རྡོ་རྗེ་ཞགས་པ་རྣམས་བསྒོམ་ཏེ། །ཡིད་ཀྱི་སྦྱོར་བར་གྱུར་པ་ཡིས། །རྡོ་རྗེ་རྒྱལ་མཚན་ཐོབ་པར་འགྱུར། །རྒན་པོར་རྡོ་རྗེ་བཞད་པ་དང་། །རྡོ་རྗེ་བདེ་བ་མར་ལྡན་པས། །སྦྱོར་བའི་ཚུལ་དུ་རྣམས་བསྒོམས་ན། །རྡོ་རྗེ་བཞད་པ་ཐོབ་པར་འགྱུར། །རྐང་པ་གཡོན་པའི་སོར་མོ་ལ། ཧྲི་ཞེས་བྱ་བ་ལྔ་བསྒོམས་ཏེ། །སེམས་དཔའ་ལྔ་དང་སེམས་མ་ལྔ། སྦྱོར་བའི་མཚན་ཉིད་བསྒོམ་བྱ་སྟེ། །གུང་མོ་ལ་ནི་སྣང་མཐའ་ཡས། །གོས་ཀར་མོ་དང་ལྷན་ཅིག་ཏུ། །སྦྱོར་བ་རྣམ་པར་བསྒོམས་ཙམ་གྱིས། །དཔག་མེད་འོད་ནི་ཐོབ་པར་འགྱུར། མཛུབ་མོར་རྡོ་རྗེ་ཆོས་དང་ནི། །རྡོ་རྗེ་གླུ་མ་རྣམས་བསྒོམས་ཏེ། །གང་གིས་ལེགས་པར་སྦྱར་བྱས་པས། །རྡོ་རྗེ་ཆོས་ནི་ཐོབ་པར་འགྱུར། །སྲིན་ལག་རྡོ་རྗེ་རྣོན་པོ་དང་། །རྡོ་རྗེ་མར་མེ་མར་ལྡན་པས། །རྣམ་པར་སྦྱོར་བར་བསྒོམས་ནས་ནི། །རྡོ་རྗེ་རྣོན་པོ་ཉིད་དུ་འགྱུར། །མཐེའུ་ཆུང་ལ་ནི་རྡོ་རྗེ་རྒྱུ། །རྡོ་རྗེ་ལྕགས་སྒྲོག་མར་བཅས་པས ཐབས་དང་ཤེས་རབ་ཚུལ་ལྡན་ནི། །རྡོ་རྗེ་རྒྱུ་ནི་ཐོབ་པར་འགྱུར། །རྒན་པོ་རྡོ་རྗེ་སྨྲ་བ་དང་། །རྡོ་རྗེ་གསལ་མ་རྣམས་བསམས་ཏེ། །རིག་པའི་ཕྱག་རྒྱ་ལྡན་བྱས་པས། །རྡོ་རྗེ་སྨྲ་བ་ཐོབ་པར་འགྱུར། །རྐང་པ་གཡས་པའི་སོར་མོ་ལ། །ཨ་ཞེས་བྱ་བ་ལྔ་བཞག་སྟེ། །སེམས་དཔའ་ལྔ་དང་སེམས་མ་ལྔ། །གཉིས་སུ་མེད་པར་བསམ་བྱས་ཏེ། །གུང་མོ་དོན་ཡོད་གྲུབ་པ་དང་། །མི་འདའ་སྒྲོལ་མ་བསམ་པར་བྱ། །རྡོ་རྗེ་དེ་ཉིད་བསྒོམས་པ་ཡིས། །ལས་རྣམས་ཐམསཅད་རབ་ཏུ་གྲུབ། །མཛུབ་མོར་རྡོ་རྗེ་ལས་ནས་ནི། །རྡོ་རྗེ་གར་མ་རྣམས་བསྒོམས་ཏེ། །གར་གྱི་ཕྱག་རྒྱའི་སྐྱོར་བ་ཡིས། །རྡོ་རྗེ་ལས་ནི་ཐོབ་པར་འགྱུར། །སྲིན་ལག་ལ་ནི་སྲུང་རྡོ་རྗེ། །རྡོ་རྗེ་དྲི་མར་ལྡན་བྱས་ཏེ། །དྲི་ཡི་ཕྱག་རྒྱ་ལྡན་བྱས་པས། །སྲུང་བ་ཉིད་དུ་འཀྱུར་བ་ཡིན། །མཐེའུ་ཆུང་ལ་ནི་ཟ་བ་པོ འབེབས་པ་དང་ནི་མཉམ་སྦྱོར་བས། །གང་གིས་ཁྲོ་བའི་རོལ་པ་ཡིས། །རྡོ་རྗེ་ཡག་ཤ་ཉིད་ཐོབ་འགྱུར། །གང་གིས་རང་ལུས་ཕྱག་རྒྱ་ཆེ། །གཉིས་མེད་ཡེ་ཤེས་སྦྱར་ལྡན་པས། །རང་གི་དམ་ཚིག་ཐོབ་གྱུར་ནས། །འདོད་པའི་ལས་རྣམས་ཐམས་ཅད་བྱེད། །དཀྱིལ་འཁོར་འདི་ནི་དཀྱིལ་འཁོར་ཆེ། །དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཡིན། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་བསྒྲུབ་པའི་རིག་པ་འདི་གསུངས་སོ། །སྟོང་པ་ཉིད་ནི་རྣམས་བསྒོམས་ཏེ། །ཧུ༷་གི་ཕྱག་རྒྱའི་ཚོགས་མཆོག་གིས། །རབ་ཏུ་སྦྱོར་བ་སྦྱོར་བྱས་ཏེ། །ཡེ་ཤེས་ས་གཞི་བྱིན་གྱིས་བརླབ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ལྡན་བྱས་ཏེ། །གསལ་བའི་འོད་དང་གཟི་བརྗིད་ལྡན། །སངས་རྒྱས་སྐུ་ཡི་གནས་བསྒོམས་ཏེ། །གང་གིས་དཀྱིལ་འཁོར་དེ་དབུས་སུ། །ཨོ༷་གྱི་ཕྱག་རྒྱའི་ཚོགས་མཆོག་ལས། །རྣམ་པར་སྣང་མཛད་ཕྱག་ཆེན་གྱིས། །མཁས་པས་དཀྱིལ་འཁོར་བསྒོམ་པར་བྱ། །སྟོན་ཀའི་ཟླ་བའི་མདོག་འདྲ་བའི། །ཀུན་ཏུ་བཟང་མོར་ཡང་དག་ལྡན། །དེ་བཞིན་ཤར་གྱིས་འཁོར་ལོ་ནི། །ཡངས་པའི་སྤྱན་དང་ལྡན་པ་ཡི། །རྡོ་རྗེ་མི་བསྐྱོད་བསམ་པ་ནི། །བི་ཌརླ་ཡི་འོད་དང་ལྡན། །རྡོ་རྗེ་ལག་པས་ས་གནོན་པའོ། །དེ་བཞིན་ལྷ་ཡི་འཁོར་ལོ་ནི། །མྱ་མ་ཀི་དང་ཡང་དག་ལྡན། །རིན་ཆེན་རྩེ་མའི་འབྱུང་བ་བསྒོམ། །བཙོ་མ་གསེར་གྱི་མདོག་འདྲ་བའི། །རིན་ཆེན་ལག་པས་མཆོད་སྤྱིན་བྱེད། །ནུབ་ཀྱི་ཕྱོགས་སུ་བསམ་པར་བྱ། །གོས་དཀར་མོ་དང་ལྷན་ཅིག་པ། །དཔག་མེད་འོད་དང་ལྡན་པ་ནི། །པདྨ་རྭ་གའི་འོད་དང་ལྡན། །པདྨའི་ཕྱག་གིས་ཏིང་འཛིན་མཛད། །བྱང་གི་ཕྱོགས་སུ་བསམ་བྱ་བ། །སྒྲོལ་མ་དང་ནི་མཉམ་སྦྱོར་བའི། །ལས་ཀུན་གྲུབ་པ་བསམ་པ་སྟེ། །ཨིནྟྲ་ནི་ལའི་མདོག་དང་ལྡན། །སྣ་ཚོགས་རྡོ་རྗེའི་ཕྱག་གིས་ནི། །འགྲོ་བ་བདག་གིར་བྱེད་པ་ཡིན། །ཕྱི་རོལ་འཁོར་ལོ་ལ་གཞན་པར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཆགས་པ་ལེགས་པ་དག་དང་ནི། །རིན་ཆེན་གཟི་བརྗིད་ཆེན་པོ་དང་། །རྡོ་རྗེ་རྒྱལ་མཚན་བཞད་པ་ཆེ། ལྷོ་ཡི་ཕྱོགས་སུ་བསམ་པར་བྱ། །རྡོ་རྗེ་ཆོས་དང་གནོན་པ་དང་། །རྒྱུ་དང་སྨྲ་བའི་བསམ་པ་ཆེ། །ནུབ་ཕྱོགས་སུ་ནི་བསམ་པར་བྱ། །ལས་ཀྱི་རྡོརྗེ་ཉིད་དང་ནི། །སྲུང་བ་ཟ་བྱེད་བསྡུས་པ་ཆེ། །བྱང་གི་ཕྱོགས་སུ་བསམ་པར་བྱ། །རང་གི་རིག་པ་རྣམས་ལྡན་པ། །སྒེག་པ་མོ་དང་མི་བརྗེད་མ། །གླུ་དང་གར་གྱི་ལྷ་མོ་ནི། །རང་རང་གི་ནི་ཕྱོགས་ན་གནས། །བདུག་པ་མེ་ཏོག་མར་མེ་དྲི། །དེ་བཞིན་མཚམས་སུ་བཞག་པར་བྱ། །རང་རང་གི་ནི་སྒོ་ཕྱོགས་སུ། །རྡོ་རྗེ་འཛིན་མ་རྡོ་རྗེ་ཅན། །རྡོ་རྗེ་སྒྲོལ་མ་ཀུན་བཟང་མ། །རིམ་པ་ཇི་བཞིན་དགོད་པར་བྱ། །ལྕགས་ཀྱུ་དང་ནི་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་རྣམ་པ་བཞི། །སྒོ་བའི་འཁོར་ལོ་ཉིད་ལ་དགོད། །དེ་ལྟར་རྣམ་པར་བསྒོམས་བྱས་ཏེ། །དེ་ཡི་དབུས་སུ་བདག་བསྒོམས་ནས། །རྣམ་སྣང་གཟུགས་ལས་འདས་པ་སྟེ། །འདི་ལ་གང་གིས་ཡིད་གནས་པ། །རྣམ་པར་སྣང་མཛད་རྒྱ་ཆེན་དང་། །མི་བསྐྱོད་པ་དང་རིན་ཆེན་རྩེ། །དཔག་མེད་དོན་ཡོད་གྲུབ་པ་དང་། །སེམས་དཔའ་དང་ནི་སེམས་མ་དང་། །ཕོ་ཉ་འཇིག་རྟེན་སྐྱོང་ལ་སོགས། །ཐམས་ཅད་མྱུར་དུ་གྲུབ་འགྱུར་ཞིང་། །ཡིད་ནི་རབ་ཏུ་རྒྱལ་བར་འགྱུར། །གང་གིས་རྣམ་པར་སྣང་མཛད་དང་། །མི་བསྐྱོད་རིན་ཆེན་ཕྱག་རྒྱ་དང་། །དཔག་མེད་དོན་ཡོད་གྲུབ་ལ་སོགས། །བདག་པོ་སྦྱོར་བས་རྣམས་བསྒོམས་ཏེ། །རང་གི་སེམས་པ་སེམས་མ་དང་། །མཉམ་པར་ལྡན་པར་རྣམ་བསམས་ན། །རང་རང་བདག་པོའི་ཡོན་ཏན་དང་། །དབང་ཕྱུག་མྱུར་དུ་ཐོབ་པར་འགྱུར། །དེ་བས་སངས་རྒྱས་སེམས་དཔའ་ཆེ། །སངས་རྒྱས་འདོད་པའི་ཡིད་ལྡན་པས། །དང་པོའི་སངས་རྒྱས་རྣམས་བསྒོམས་ཏེ། །སངས་རྒྱས་རིགས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་དང་ནི་མཉམ་པར་འགྱུར། །རང་གི་ཕྱག་རྒྱ་སྦྱོར་བ་ཡིས རང་རང་སྔགས་དང་ནམ་ལྡན་པར། །རིག་པ་རྩེ་གཅིག་ལྡན་བྱས་ལ། །ཡིད་ཀྱི་སངས་རྒྱས་ཟུང་བར་བྱ། །འཁོར་ལོ་བསྒོམས་པ་དང་བྲལ་བས། །རིག་པའི་སྐྱེས་བུ་སེམས་དཔའ་ཆེ། །རང་རང་ཕྱག་རྒྱ་ཆེ་ལ་ཕྱོགས། །ཕྱག་རྒྱའི་བདག་ཉིད་རྣམས་བསམ་ས་ཏེ། །ཕྱག་རྒྱ་རིག་པ་དག་དང་ནི། །སྙིང་པོའི་འཁོར་ལོ་ལ་གནས་ནས། །རྡོ་རྗེ་ཆེན་པོའི་གསང་སྔགས་ནི། །ལྷག་ཆད་མེད་པ་ཉིད་དུ་བྱ། །འདི་ལ་བརྟུལ་ཞུགས་བཤད་པ་མེད། །དཀའ་ཐུབ་སྨྲ་བ་སྨོས་ཅི་དགོས། །དྲང་སྲོང་སྲེད་པ་འདུལ་བ་དང་། །དཀའ་ཐུབ་རྒན་པས་རྣལ་འབྱོར་པས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་ཁོ་ན་ཉིད་གསང་བའི་རྒྱུད་ལས། རྡོ་རྗེ་དབྱིངས་བརྟག་པའི་དེ་ཁོ་ན་ཉིད་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རང་གི་ཐུགས་དཔལ་བེའུ་རྣམ་པར་དག་པའི་དཀྱིལ་འཁོར་གྱི་སྔགས་འདི་གསུངས་སོ། །ཧཱུཾ་བཛྲ་དྷིཀ །ཨོ་ཛི་ན་ཛིཀ །སྭ་རཏྣ་དྷིཀ །ཨོ་ཨ་རོ་ལིཀ །ཧ་པྲ་ཉ་དྷིཀ མུ༷་ཏེ་ཤ་ར་ཏི། ལ༷་ཏེ་ཤ་ར་ཏི། །མ༷་མོ་ཧ་ར་ཏི། པྱ༷་ར་ག་ར་ཏི། ཏ༷་བཛྲ་ཏི། སྣི་ཧི་ར་ཙ་ཡ། ཏྲེ་ཨ་གསྟེ་ཡ། ཧྲི་ཧ་ཧུ༷་པདྨ། །ཛི་ཀུ་རུ་བ་ན་ཧ། །ཧུ༷་ལྭ་པྱེ་ས་མ་ཡ་སྟུ༷ཏྲ༷་མ་ལེ་ས་མ་ཡ་ཧོ། ཧྲི་གིར་ཏི་ར་ག་ཧ༷། ཨ་ནིར་ཏི་ར་ག་ཡ་མི། མེ་ད་ར་ནི། ཐི་ལ༷་ནི་སྭ་ར་པ། ཧུ༷་གྲྭ་རྭ་ཛ་ཡ། མུ༷་ཐྲི་ཨ༷་ག་ཡ། ཛ་རྙུ་པ་པྲ་བེ་ཤ། ཧུ༷་པུས་པ་ཨ་བེ་ཤ །བ༷་དི་པ་སུ་ཀི་ནི། ཧོ་གན་དྷི་ཙིསྟ།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཕྱག་རྒྱ་རྣམ་པར་དག་པའི་ཆོ་ག་འདི་གསུངས་སོ། །རང་གི་ཕུང་པོ་ལྔ་རྣམས་སུ། །ས་བོན་ཡི་གེ་ལྔ་གཞག་སྟེ། །ལྔ་དང་ལྔ་ཡི་སྦྱོར་བ་ལས། །བདག་པོའི་ཕྱག་རྒྱ་ལྔ་རུ་འགྱུར། །ཧྲུ༷་དང་ལ༷་གི་ས་བོན་ལས། །སྙིང་ཁར་རྣམ་ཤེས་རྒྱལ་པོ་བསྒོམ། །སངས་རྒྱས་སྤྱན་དང་མཉམ་སྦྱོར་བས། །འཁོར་ལོ་ཀུན་ཏུ་གྲུབ་པར་འགྱུར། །ཨོ་དང་མུ༷་གི་ས་བོན་ལས། །ཀུན་ཏུ་བཟང་མོ་མཉམ་སྦྱོར་བས། །རྣམ་སྣང་མགོ་བོར་བསྒོམས་པ་ཡིས། །རྡོ་རྗེ་སྐུ་དང་འདྲ་བར་འགྱུར། །མེ་དང་སྭ་ཡི་ས་བོན་ལས། །མྱ་མ་ཀི་དང་མཉམ་སྦྱོར་བའི། །རིན་ཆེན་འབྱུང་ལྡན་ལྟེ་བར་བསྒོམས། །བདེ་བ་ཆེན་པོའི་ཏིང་འཛིན་འགྱུར། །ཨོ་དང་པྱ༷་ལས་བྱུང་བ་ཡིས། །འོད་དཔག་མེད་ནི་གོས་དཀར་ཁྱུད། །ངག་གི་འཁོར་ལོ་བསྒོམ་གྱུར་ན། །གསུང་གི་དབང་ཕྱུག་ཐོབ་པར་འགྱུར། །ཧ་དང་ཏྲ༷་གིས་ལས་བྱུང་བ། །ལས་ཀུན་གྲུབ་པ་སྒྲོལ་མར་བཅས། །གང་གིས་མཉམ་པར་སྦྱོར་བསྒོམས་ན། །གསང་བར་ལས་རྣམས་ཀུན་བྱེད་ཉིད། །རྡོ་རྗེ་ཕུང་པོ་ལྔ་ཉིད་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲུབ། །རང་གི་དབང་པོ་ལྔ་དག་ཏུ། །ས་བོན་ཡི་གེ་བཞི་དང་ནི། །རང་གཙོ་དབང་པོ་མཆོག་བསྒོམས་ན། །བདག་པོའི་ཕྱག་རྒྱ་ལྔ་རུ་འགྱུར། །ཀླི་དང་ཧུ༷་གི་ས་བོན་ལས། །ས་སྙིང་པོ་དང་ཡང་དག་ལྡན། །སྒེག་མོ་མིག་ཏུ་བཀོད་པ་ཡིས། །མཐོང་བ་ཐམས་ཅད་ཐོབ་པར་འགྱུར། །ཏྲ༷་གཉིས་ས་བོན་ལས་བྱུང་བ། །ནམ་མཁའི་སྙིང་པོ་འཕྲེང་བར་ལྡན། །མཁས་པས་རྣ་བ་ལ་བསྒོམ་ན། །ཉན་པ་ཀུན་ལ་དབང་བར་འགྱུར །སྒྲི་གཉིས་ས་བོན་ལས་བྱུང་བ། །འཇིག་རྟེན་དབང་ཕྱུག་གླུ་མར་བཅས། །མཁས་པས་རང་གི་སྣ་དག་ཏུ། །བསྒོམས་ན་ཐོགས་མེད་དབང་པོར་འགྱུར། །ཛི་དང་ཨ་ཡི་ས་བོན་ལས། །ཕྱག་ན་རྡོ་རྗེ་གར་ལྡན་པར། །གང་གིས་གཡོན་ལ་གནས་པ། །སྣང་བ་དག་པར་འགྱུར་བ་ཉིད། །མེ་དང་ཛི་ཡི་ས་བོན་ལས། །བྱམས་པ་གདུག་པ་དང་ལྡན་པར། །དཔུང་བ་གཡས་ལ་བསམ་པར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་པའི། །བདེ་མཆོག་བླ་ན་མེད་པ་བྱེད། །ཐིམ་དང་ཧུ༷་གི་ས་བོན་ལས། །སྒྲིབ་པ་ཐམས་ཅད་སེལ་བར་ནི། །མེ་ཏོག་མ་དང་མཉམ་སྦྱོར་བ། །དཔུང་པ་གཡོན་ལ་བསམ་པར་བྱ། །རྡོ་རྗེ་སྟོབས་དང་ལྡན་པར་འགྱུར། །ཧུ༷་དང་བ༷་གྱི་ས་བོན་ལས། །ཀུན་བཟང་གསལ་བའི་འོད་ལྡན་པ། །རྐང་པ་གཡས་ལ་བསམ་གྱུར་ན། །འདི་ནི་གསལ་བྱེད་མཆོག་ཏུ་འགྱུར། མུ༷་དང་ཧོ་ཡི་ས་བོན་ལས། །འཇམ་པའི་རྡོ་རྗེ་ཉུག་བྱེད་པ། །རྐང་པ་གཡོན་ལ་བཞག་པས་ནི། །དག་པའི་ལུས་དང་ལྡན་པར་གྱུར། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། །དེ་ཁོ་ནའི་ཕྱག་རྒྱ་འདི་གསུངས་སོ། །ཐབས་དང་ཤེས་རབ་ལྡན་པ་ཡི། །དཀྱིལ་འཁོར་ཀུན་ཏུ་རང་གནས་ན། །བྱེད་སྤྱོད་ཐམས་ཅད་ཚོགས་ཆེན་ཏེ། །ལུས་ཀྱི་འཀྱུར་བ་ཕྱག་རྒྱ་ཆེ། །གཡས་དང་གཡོན་པའི་ཕྱག་མཐིལ་དུ། །ཉི་ཟླ་འཁོར་ལོ་ལེགས་བཞག་སྟེ། །ས་བོན་ཡི་གེ་རྣམ་བསྒོམས་ནས། །བདེ་ཆེན་རོལ་པའི་ཕྱག་རྒྱ་འབྱུང་། །ལག་པ་ཐལ་མོ་སྦྱར་བ་ལས། །བསྡམས་ཏེ་གུང་མོ་གཉིས་བཏང་ནས། །གང་གི་རྩེ་མོ་ལེགས་པར་སྦྱར། །རྡོ་རྗེ་འཛིན་པའི་རྒྱ་ཆེན་ཏེ། །གཡོན་པ་ཀུན་ལ་པང་པར་གཞག །གཡས་པའི་རྒན་མོ་གྱེན་དུ་བསྒྲེང་། །རྩེ་ལ་འཁོར་ལོ་སྐོར་བྱེད་པ། །རྣམ་སྣང་རྒྱལ་པོ་རང་གི་རྒྱ། །གཡོན་པ་སྔ་མ་བཞིན་བྱས་ཏེ། །གཡས་པ་བགྲེང་ནས་རིན་ཆེན་རྒྱན། །འདི་ནི་རིན་ཆེན་སྤྱིན་པའི་རྒྱ། །གཡོན་པ་སྔ་མ་བཞིན་བྱས་ཏེ། །མིང་མེད་ལ་ནི་པཟློ་བར། །ལྷག་མ་བསྡུས་པ་འོད་དཔག་མེད། །གཡོན་པ་སྔ་མ་བཞིན་གཞག་ནས། །མཐེའུ་ཆུང་བསྒྲེང་བའི་རྩེ་མོ་ལ། །སྣ་ཚོགས་རྡོ་རྗེ་རྣམས་བསམ་པ། །འདི་ནི་ལས་ཀྱི་རྒྱལ་པོ་རྒྱ། །གཡས་པ་ཡབ་ལ་ཁྱུད་ཚུལ་དུ། །གཡོན་པ་ཀུན་གྱི་དྲིལ་བུ་འཛིན། །རང་རང་མཚན་མས་མཚན་བྱས་པ། །དམ་ཚིག་རྣམས་ཀྱི་ཕྱག་རྒྱའོ། །ཨུཏུ་ལ་དང་ཀླུ་ཤིང་དང་། །རིན་ཆེན་མྱུ་གུ་རལ་གྲི་དང་། །པད་དཀར་རྡོ་རྗེ་འབར་བ་དང་། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །རྡོ་རྗེ་རིན་ཆེན་འཕྲེང་བ་དང་། །པི་ཝང་གར་མཁན་མཆོག་ཉིད་དེ། །བདུག་པ་བཟང་དང་མེ་ཏོག་འཕྲེང་། །མར་མེ་བྱུག་པ་འཛིན་ཚུལ་གྱིས། །འཁྲིལ་ཅིང་ཆགས་པར་རྣམས་བྱས་ན། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། །བཀྲ་ཤིས་ཀྱི་དཀྱིལ་འཁོར་ལྷུན་གྱི་གྲུབ་པའི་ཆོ་ག་འདི་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྫོགས་ཆེན་ལ་གནས་རྣལ་འབྱོར་པས། །དེ་ལ་བསམ་ཡས་ལྷུན་གྲུབ་ནི། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །པདྨ་འདབ་མ་བཞི་དང་ལྡན། །གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །རྟ་བབས་བཞི་དང་ལྡན་པར་ནི། །མཁས་པའི་བློ་ཡིས་བརྟག་བྱས་ཏེ། །སེང་གེའི་ཁྲི་ནི་དབུས་སུ་དགོད། །བརྒྱ་བྱིན་ཕྱོགས་སུ་སྟོབས་ལྡན་གླང་། །རྫུ་འཕྲུལ་རྟ་ནི་གཤིན་རྗེའི་ཕྱོགས། །དབང་གི་རྨ་བྱ་ཆུ་ལྷ་སྟེ། །ཐོགས་མེད་མཁའ་ལྡིང་ནོར་བདག་ཕྱོགས། །རང་བཞིན་འོད་གསལ་ཉི་ཟླ་དང་། །མ་ཆགས་པདྨའི་གདན་དང་ལྡན། །རྫོགས་དང་སེམས་དཔའི་ཚུལ་ཉིད་དུ། །རིགས་ཀྱི་འཁོར་ལོ་རྣམ་པར་བསྒོམ། །དབུས་སུ་རྡོ་རྗེ་རྒྱལ་པོ་ཆེ། །མཐིང་ཀ་འོད་དང་ལྡན་པ་ལ། །རྡོ་རྗེ་དང་ནི་དྲིལ་བུ་འཛིན། ཁྲར་གྱི་འདབ་མར་བསམ་བྱ་བ། །འཁོར་ལོ་རྒྱལ་པོ་རང་ཉིད་ནི། །དུང་དང་ཀུན་དའི་མདོག་འདྲ་བ། །འཁོར་ལོ་དང་ནི་དྲིལ་བུས་མཛེས། །ལྷོ་ཡི་འདབ་མར་བསམ་བྱ་བ། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང་། །བཙོ་མ་གསེར་གྱི་མདོག་ལྟར་སེར། །རིན་པོ་ཆེ་དང་དྲིལ་བུར་ལྡན། །ནུབ་ཀྱི་འདབ་མར་བསམ་བྱ་བ། །ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ། །མར་གད་ཏ་ཡི་མདོག་ལྟ་བུ། །པདྨ་དྲིལ་བུ་ཡང་དག་ཕྱུག །བྱང་གི་འདབ་མར་བསམ་བྱ་བ། །དོན་ཀུན་གྲུབ་པའི་ཕྱག་རྒྱ་ཆེ། །ཨིནྟྲ་ནི་ལའི་འོད་མཉམ་པ། །སྣ་ཚོགས་རྡོ་རྗེ་དྲིལ་བུས་མཛེས། །གང་ལ་ལེགས་པར་འཁྲིལ་བ་ཡི། །རང་གི་ཁ་དོག་མཛེས་པའི་མཆོག །གཡས་པ་རང་རང་ཐབས་ལ་འཁྱུད། །གཡོན་པས་རང་གི་དྲིལ་བུ་འཛིན། །གྲུ་ཆད་ལ་ནི་ཡང་འོ་བཞི། །སྒེག་མོ་ལ་སོགས་ཡང་དག་ལྡན། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་ནི། ཁེས་བྲལ་སེམས་ཀྱིས་གདན་སྤངས་ཏེ། །གདན་གསུམ་ལ་ནི་ཡང་དག་གནས། བར་ཁྱམས་ལ་ཡང་དཔའ་བོ་བཞི། །མཆོད་པ་བཞི་དང་ཡང་དག་ལྡན། །སྔ་མའི་ཕྱག་རྒྱའི་བྱེ་བྲག་གིས། །རང་རང་རིགས་སུ་ལེགས་བརྟགས་ཏེ། །དེ་ལྟར་གསལ་བར་མངོན་བལྟས་ཏེ། །གང་གི་རང་གི་ཕྱག་རྒྱ་དང་། །གསང་སྔགས་ལྡན་པར་མངོན་བྱས་ན། །རིགས་བདག་ཇི་ལྟར་གནས་པ་བཞིན། །ཡང་དག་གྲུབ་པ་གདོན་མི་ཟ། །གང་གིས་ཡང་དག་གྲུབ་འདོད་པས། །སྙིང་པོའི་འཁོར་ལོ་མདུན་བསྡུས་ཏེ། །ཀུན་གྱི་དབུས་སུ་བདག་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། ཤེན་ཏུ་འཕྲ་བའི་དམ་ཚིག་རིག་པའི་དེ་ཉིད་ནི། །བསམ་གྱི་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས་གསུམ་རྫོགས་སངས་རྒྱས། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོ་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། །མཐུན་པའི་ཡེ་ཤེས་རང་སྣང་བ། །ཡིད་བཞིན་ནོར་བུ་ལྟ་བུར་འབྱུང་། །དེ་ཁོ་ན་ཉིད་གསང་བ་ལས། །དཔལ་བེའུ་ཐུགས་ཀྱི་དཀྱིལ་འཁོར་བརྟག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་ཕྱག་གི་གསང་བའི་དམ་ཚིག་འཕྲོ་བའི་རིག་པ་ཆེན་མོ་འདི་བཤད་དོ། །བཛྲ་ཀེའུ་རི་ཧ། །བཛྲ་ཙོ་རི་ཧ། བཛྲ་པྲ་མོ་ཧ། བཛྲ་བེ་ཏ་ལི་ཧ། བཛྲ་པུ་ཀ་སི་ཧ། །བཛྲ་བྷསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙཎྜ་ལི་ཧ། བཛྲ་སི་དྷ་མུ་ཁ་ཧེ། བཛྲ་བྱ་ཀྲི་མུ་ཁ་ཧེ། བཛྲ་སྲི་ཀ་མུ་ཁ་ཧེ། །བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་ཀྲི་ཏ་མུ་ཁ་ཧེ། བཛྲ་ཀང་ཀ་མུ་ཁ་ཇེ།བཛྲ་ཀྭ་ཀྭ་མུ་ཁ་ཧེ། བཛྲ་ཧུ་ལུ་མུ་ཁ་ཧེ། ཏ། བུད་དྷ་ཀོ་འུ་རི་ཧ། བུད་དྷ་ཙོ་རི་ཧ། བུད་དྷ་པྲ་མོ་ཧ། བུད་དྷ་བེ་ཏ་ལི་ཧ། བུད་དྷ་པུ་ཀ་སི་ཧ། བུད་དྷ་ཀྟསྨ་རི་ཧ། བུད་དྷ་སྨ་ཤ་ནི་ཧ། བུད་དྷ་ཙཎྜ་ལི་ཧ། བུད་དྷ་སིང་ཧ་མུ་ཁ་ཧེ། བུད་དྷ་བྱ་ཀྲི་མུ་ཁ་ཧེ། བུད་དྷ་ཤྭ་ན་མུ་ཁ་ཧེ། བུད་དྷ་གྲི་ན་མུ་ཁ་ཧེ། བུད་དྷ་ཀང་ཀ་མུ་ཁ་ཧེ། བུད་དྷ་ཀྭ་ཀ་མུ་ཁ་ཧེ། བུད་དྷ་ཧུ་ལུ་ཀ་མུ་ཁ་ཧེ། རད་ན་ཀོའུ་རི་ཧ། རད་ན་ཙོའུ་རི་ཧ། རད་ན་པྲ་མོ་ཧ། རད་ན་རྦེ་ཏ་ལི་ཧ། རད་ན་པུ་ཀ་སི་ཧ། རད་ན་བྷསྨ་རི་ཧ། རད་ན་སྨ་ཤ་ནི་ཧ། རད་ན་ཙན་དྲ་ལི་ཧ། རད་ན་སིང་ཧ་མུ་ཁ་ཧེ། །རད་ན་བྱ་ཀྲི་ཀུ་ཁ་ཧེ། རད་ན་སྲི་ཀ་མུ་ཁ་ཧེ། རད་ན་ཤྭ་ན་མུ་ཁ་ཧེ། རཏྣ་སྲི་ཏ་མུ་ཁ་ཧེ། རད་ན་ཀང་ཀ་མུ་ཀ་ཧེ། རད་ན་ཀྭ་ཀྭ་མུ་ཁ་ཧེ། །རད་ན་ཧུ་ལུ་མུ་ཁ་ཧེ། ཏ། པད་མ་ཀོ་འུ་རི་ཧ། པད་མ་ཙོའུ་རི་ཧ། པད་མ་པྲ་མོ་ཧ། པད་མ་བེ་ཏ་ལི་ཧ། པད་མ་པུ་ཀ་སི་ཧ། པད་མ་བྷསྨ་རི་ཧ། པད་མ་སྨ་ཤ་ནི་ཧ། པད་མ་ཙན་ཌ་ལི་ཧ། པད་མ་སིང་ཧ་མུ་ཁ་ཧེ། པད་མ་བྱ་ཏྲི་མུ་ཁ་ཧེ། །པད་མ་སྲི་ཀ་མུ་ཁ་ཧེ། །པདྨ་ཤྭ་ན་མུ་ཁ་ཧེ། །པད་མ་ཀྲི་ཏ་མུ་ཁ་ཧེ། །པད་མ་ཀང་ཀ་མུ་ཁ་ཧེ། པདྨ་ཀྭ་ཀྭ་མུ་ཁ་ཧེ། པད་མ་ཧུ་ལུ་མུ་ཁ་ཧེ། ཀར་མ་ཀོའུ་རི་ཧ། ཀར་མ་ཙོའུ་རི་ཧ། ཀར་མ་པྲ་མོ་ཧ། ཀར་མ་བེ་ཏ་ལི་ཧ། ཀར་མ་པུ་ཀ་སི་ཧ། ཀར་མ་ཀྟསྨ་རི་ཧ། ཀར་མ་སྨ་ཤ་ར་ནི་ཧ། ཀར་མ་ཙན་ཌ་ལི་ཧ། ཀརྨ་སིང་ཧ་མུ་ཁ་ཧེ། ཀརྨ་བྱ་ཀྲི་མུ་ཁ་ཧེ། ཀརྨ་སི་ཁ་མུ་ཁ་ཧེ། ཀརྨ་ཤཱ་ན་མུ་ཁ་ཧེ། ཀརྨ་ཏྲི་ཏ་མུ་ཁ་ཧེ། ཀརྨ་ཀང་ཀ་མུ་ཁ་ཧེ། ཀརྨ་ཀྭ་ཀ་མུ་ཁ་ཧེ། ཀརྨ་ཧུ་ལུ་མུ་ཁ་ཧེ། དེ་ནས་ཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་ལུས་དག་པར་བྱེད་པའི་དམ་ཚིག་འདི་གསུངས་སོ། །མིག་དང་དེ་བཞིན་རྣ་བ་དང་། །སྣ་ལྕེ་ལུས་དང་སྙིང་ཁ་རུ། །ཧ་ཞེས་བྱ་བ་བརྒྱད་བཞག་སྟེ། །དུས་ཁྲོད་འཁོར་འོའི་ཕྱག་རྒྱར་གནས། །ལག་པ་གཉིས་དང་རྐང་པ་གཉིས། །དཔུང་པ་བརླ་དང་བཅས་པ་ལ ཧེ་ཞེ་བྱ་བར་བརྒྱད་བཞག་ལ། །ཡུལ་རྣམས་དག་པ་ཉིད་དུ་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་རྫུ་འཕྲུལ་བྱིན་གྱིས་བརླབ་པའི་ཕྱག་རྒྱ་འཇི་གསུངས་སོ། །ལག་པ་གཡས་པ་གྱེན་དུ་བསྒྲེང་། །གཡོན་པའི་སོར་མོ་བསྡུས་ནས་ནི། ཁ་ཡི་ཕྱོགས་སུ་བཞག་བྱེད་པ། །དཀར་མོ་མཉེས་པར་བྱེད་པའི་མཆོག །གཡས་པའི་མཐེ་བོང་མཛུབ་འཁྱུད་བཀུག །དཔུང་པའི་ཕྱོགས་སུ་བཞག་བྱས་ཏེ། །གཡོན་པའི་ཁུ་ཚུར་སྐྱོང་བྱས་པ། །ཀུན་མོ་འགུགས་པའི་དམ་ཚིག་མཆོག །གཡས་པ་གྱེན་དུ་ཕྱར་བྱས་ཏེ། །མཐེ་བོང་དང་ནི་བཞི་བསྡུས་བསྒྲེང་། །བར་དུ་སོར་བཞིས་བྲལ་བྱས་པ། །རྨོངས་པའི་དམ་ཚིག་འགུགས་པར་བྱེད། །གཡས་པ་ཁ་ཡི་ཕྱོགས་སུ་བཞག །གཡོན་པའི་སོར་མོ་ལྔ་འདེགས་པ། །ཐལ་བྱས་མ་ནི་འགུགས་པར་བྱེད། །གཡས་པ་འཛིན་པ་ལྟར་བྱས་ཏེ། །གཡོན་པས་སོར་མོ་ལྕགས་ཀྱུ་བཞིས། །གྱེན་དུ་འབྲུ་བ་ལྟར་བྱེད་པ། །སྤོས་མོ་འགུགས་པའི་དམ་ཚིག་ཡིན། །གཡོན་པའི་སོར་མོ་ལྔ་བསྡུས་ཏེ། །གཡས་པའི་ཁུ་ཚུར་བཅས་ནས་ནི། །དབུས་མས་དཀྲུག་པ་ལྟར་བྱེད་པ། །གཏུམ་མོ་ངེས་པར་གྲུབ་པར་བྱེད། །གཡས་པས་ཁུ་ཚུར་བཅངས་བྱས་ཏེ། ཁ་ཡི་ཐད་ཁར་བཟུང་ནས་ནི། །གཡོན་པ་མདུན་དུ་འཛིན་པའི་ཚུལ། །སྨེ་ཤ་ཅན་ནི་གྲུབ་པར་ཆེ། །ལག་པ་གཡས་གཡོན་ཁུ་ཚུར་བཅངས། །མདུན་ནས་ཕྱི་རྩ་འབྱུང་བྱས་ཏེ། །མྱུར་བའི་ཚུལ་གྱིས་གདེངས་པ་ནི། །གྲུབ་པ་མོ་ནི་དབང་དུ་བྱེད། །ལག་པ་གཡས་དང་གཡོན་པ་ཡི། །ཐལ་མོ་གྱེན་དུ་གདེངས་པ་ནི། ཁྲིག་མ་ཕན་ཚུན་བསྣོལ་བྱས་ལ། འདི་ནི་སེང་གེ་གདོང་ཅན་འགུགས། །ལག་པ་གཡས་གཡོན་སྔ་མ་ལས། །ཐུར་དུ་བསྣོལ་ཏེ་ཁྲིག་མ་བསྡམས། རྡོ་རྗེ་མིག་གིས་མདུན་བལྟས་པ། །སྟག་གི་གདོང་ཅན་གྲུབ་བྱེད་ཡིན། །ལག་པ་གཡས་གཡོན་ཁུ་ཚུར་བཅངས། ཁྲུ་ཕྱེད་ཙམ་དུ་བཟུང་ནས་ནི། །སྨྲ་བའི་རོལ་པ་ལྟར་བྱེད་པ། །ཝ་ཡི་གདོང་ཅན་དམ་ཚིག་ཡིན། །ལག་པ་གཡས་གཡོན་ཁུ་ཚུར་བཅངས། །ནོར་འཛིན་ལ་ནི་བསྟེན་བྱས་ཏེ། །སྡང་མི་ཚུལ་གྱི་མཆེ་བ་འབྱིན། །འདི་ནི་སྤྱང་དོང་འགུགས་བྱེད་ཡིན། །གཡས་པའི་སོར་མོ་བསྡུ་བྱས་ཏེ། །གཡོན་པའི་མཐེ་བོས་མཐེ་ཆུང་མནན། །གསུམ་པོ་བརྐྱང་ནས་མཆུ་གཉིས་བསྡམ། །འདི་ནི་བཞད་གདོང་འགུགས་པའོ། ལག་པ་གཡས་པ་ཁུ་ཚུར་བཅངས། །རང་གི་དཔུང་པའི་ཕྱོགས་བཞག་སྟེ། །གཡོན་པའི་ཁུ་ཚུར་མཚན་དུ་འཛིན། ཀང་ཀའི་གདོང་ནི་འགུགས་བར་བྱེད། །ཐོད་པ་དང་ནི་རང་གི་མཆུ། །ཟ་བའི་རོ་ནི་ཕྱག་ན་ཐོགས། །མདུན་དུ་ལྟ་བ་ལྟར་བྱས་ལ། །དུར་བྱའི་གདོང་ཅན་གྲུབ་པར་བྱེད། །གཡས་པ་ཁུ་ཚུར་བཅངས་ནས་ནི། །འཛུབ་མོ་བཀུག་སྟེ་གཡོན་པ་ཡི། །སོར་མོ་བསྡུས་ནས་ཁར་བཞག་པ། །འུག་པའི་གདོང་ཅན་གྲུབ་པར་བྱེད། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་ཀྱི་དབང་ཕྱུག་གིས། རིག་པའི་ཕྱག་རྒྱ་གྲུབ་པའི་ཆོ་ག་འདི་གསུངས་སོ། །རིང་ཉིད་གར་གྱི་དབང་ཕྱུག་གི །ཕྱག་རྒྱ་ཆེན་པོར་རྣམས་སྒོམས་ཏེ། །དཔའ་བོ་ཆེན་པོའི་ཏིང་འཛིན་གྱིས། །རོལ་པའི་འཁོར་ལོ་གྲུབ་པར་བྱེད། །སྟོང་པ་ཉིད་དུ་རྣམ་བསྒོམས་ཏེ། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །ཧ་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། ཁྲར་གྱི་འཁོར་ལེའི་རྩིབས་སྟེངས་སུ། །མཐིང་ཀ་ཅན་དང་བྱིས་པ་འཛིན། །དཀར་མོ་རྣམ་པར་བསམ་པར་བྱ། །བཙོ་མ་གསེར་གྱི་མདོག་འདྲ་བ། །གཡས་པས་མདའ་དང་དེ་བཞིན་དུ། །གཡོན་པ་གཞུ་ནི་འཛིན་བྱེད་པ། །རྐུན་མོ་ལྷོ་ཡི་ཕྱོགས་སུ་བསམ། །ལག་པ་གཡས་གཡོན་གཉིས་ཀ་ཡིས། །ཆུ་སྲིན་རྒྱལ་མཚན་དཔུང་པར་འཛིན། །དེ་བཞིན་ཁ་དོག་དམར་པོ་ནི། །ནུབ་ཏུ་རྨོག་མོ་གསམ་པར་བྱ། །ཐལ་བྱེད་མ་ནི་བྱང་ཕྱོགས་སུ། །གཡས་པས་རྡོ་རྗེ་འཛིན་བྱས་ཏེ། །གཡོན་པས་བྱི་པའི་རོ་འཛིན་པ། ཁ་དོག་ནག་པོ་བསམ་པར་བྱ། །གཡོན་པས་བྱིས་པ་གཟུང་བྱ་སྟེ། །གཡས་པས་རྒྱུ་མ་དྲངས་ཏེ་ཟ། །སྤོས་མོ་ཁ་དོག་དམར་སེར་དུ། །མེ་ཡི་ཕྱོགས་སུ་བསམ་པར་བྱ། །གཡས་པས་རྡོ་རྗེ་ཐོགས་ནས་ནི། །གཡོན་གྱི་ཐོད་པར་དཀྲུག་ཅིག་འཐུང་། །གཏུམ་མོ་ཁ་དོག་ལྗང་ཁུར་ནི། །བདེན་བྲལ་ཕྱོགས་སུ་བསམ་པར་བྱ། །སྨེ་ཤ་ཅན་ནི་ཁ་དོག་གནག །བྱིས་པའི་སྙིང་ནི་གཡས་པས་ཟ། །གཡོན་གྱིས་བྱིས་པའི་རོ་འཛིན་པ། །རླུད་གི་ཕྱོགས་སུ་བསམ་པར་བྱ། ཁ་དོག་སེར་སྐྱར་གནག་པ་ལ། །རོ་འཇིགས་ཚུལ་གྱིས་འཛིན་བྱེད་པ། །འབྱུང་པོའི་ཕྱོགས་སུ་བསམ་པར་བྱ། །རིམ་པ་གསུམ་པ་ཉིད་ལ་ནི། །ཧི་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །འོད་ཟེར་དཀྱིལ་འཁོར་གསལ་སྤྲོད་ཏེ། །འབར་བའི་རྣམ་པར་བསམ་པར་བྱ། ་།ར་དུ་སེང་གེ་གདོང་ཅན་ནི། ཁ་ན་རོ་ཆེན་འཛིན་པ་ཏེ། །ལག་པ་གཡས་གཡོན་གྱེན་དུ་བསྣོལ། ཁ་དོག་སེར་པོར་བསམ་པར་བྱ། །ལྷོ་ཡི་ཕྱོགས་སུ་བསམ་བྱ་བ། །རང་གི་སྟན་ལ་ལྟ་བྱེད་ཅིང་། །ལག་པ་ཐུར་དུ་བསྣོལ་བྱེད་པ། ཁ་དོག་དམར་པོར་བསམ་པར་བྱ། །ནུབ་ཀྱི་ཕྱོགས་སུ་བསམ་བྱ་བ། །ལག་པ་གཉིས་ཀྱིས་ཞིང་ཆུང་འཛིན། །རང་གི་ལྕེ་ཡིས་ལྡག་བྱེད་པ། ཁ་དོག་ནག་པོར་བསམ་པར་བྱ། །བྱང་གི་ཕྱོགས་སུ་བསམ་བྱ་བ། །ལག་པ་གཉིས་ཀྱི་རོ་འཛིན་ཅིང་ མཆེ་བ་ཡང་དག་འབྱིན་བྱེད་པ། ཁ་དོག་མཐིང་ཀ་ཁྱི་གདོང་བསམ། །གཡས་ན་ཐོད་པ་གཡོན་ན་གྲི། །ཞིང་གི་རྒྱུ་མ་མཆུས་འཛིན་པ། །དམར་ནག་འོད་དང་ལྡན་པ་བསམ། །ལྷོ་ནུབ་མཚམས་སུ་བསམ་བྱ་བ།ཁ་དོག་དཀར་ལ་རྩ་དམར་བ། །གཡས་པས་རོ་ཆེན་ཕྲག་པར་འཛིན། །གཡོན་པ་རྐང་ནས་འཛིན་པའོ། །ནུབ་བྱང་མཚམས་སུ་བསམ་བྱ་བ། །གཡས་པས་རོ་ལ་མཆུས་འཛིན་ཅིང་། །ཐོད་པ་ཁྲག་ལྡན་གཡོན་པས་འཛིན། ཁ་དོག་ནག་མོར་བསམ་པར་བྱ། །བྱང་ཤར་མཚམས་སུ་བསམ་བྱ་བ། །གཡས་པ་ལྕགས་ཀྱུ་ཐོད་པ་གཡོན། ཁ་དོག་སྣ་ཚོགས་དང་ལྡན་པ། །འུག་པའི་གདོང་ཅན་བསམ་པར་བྱ། །འདི་དག་དབུ་རྒྱན་རང་གི་གཙོ། །སྣ་ཚོགས་གོས་དང་ཡང་དག་ལྡན། གལ་ཏེ་དཔའ་བོ་གྲུབ་འདོད་པ། །རྡོ་རྗེ་ཆེན་པོ་མཆོག་འཛིན་པ། ཁྲོ་བོ་གཙོ་བོར་ལྡན་པ་དང་། །དེ་བཞིན་གཙུག་ཏོར་དེ་ཉིད་ཆེ། །ཡང་དག་ཉིད་དུ་བསམ་པར་བྱ། །རྣམ་སྣང་མཛད་ཆེན་ཁྲོ་བོ་དང་། དེ་བཞིན་རིན་ཆེན་འབྱུང་ལྡན་ཉིད། །ལག་ན་པཟློ་ཉིད་དང་ནི། །དེ་བཞིན་དོན་ཀུན་གྲུབ་པ་ཡིས། །ཕྱག་རྒྱ་གདུག་པ་འདུལ་བྱེད་པ། །སྲིན་པོའི་ཞལ་དང་ཡང་དག་ལྡན། ཁེན་ཏུ་ཁྲོས་ཤིང་མཆེ་བ་གཙིགས། །སྨིན་མ་སྨ་ར་གྱེན་འགྲེང་འཚར། །རབ་ཏུ་ཧ་ཧ་ཞེས་བཞད་པ། །རང་གི་གཙོ་བོར་ལྡན་བྱས་པས། །ཇི་ལྟར་འདོད་པ་ཐམས་ཅད་འགྲུབ། །དེ་ཁོ་ན་ཉིད་གསང་བའི་རྒྱུད་ལས། འགྲོ་བ་ལ་དབང་བསྒྱུར་བའི་བརྟག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཁྲོ་བོ་ཆེན་པོ་བརྒྱདཀྱི་དམ་ཚིག་གི་རིགས་ཀྱི་སྔགས་འདི་གསུངས་སོ། །ཨོ་བཛྲ་ཀྲོ་དྷ་ཧུ༷་ཀ་ར་ཧུ༷། ཨོ་བཛྲ་ཀྲོ་དྷ་ཡ་ནཱན་ཏ་ཀ་ཧུ༷། ཨོ་བཛྲ་ཀྲོ་དྷ་པདྨ་ཀུཎྜ་ལི་ཧུ༷། ཨོ་བཛྲ་ཀྲོདྷ་ཨ་མྲི་ཏ་ཀུཎྜལི་ཧུ༷། ཨོ༷་བཛྲ་ཀྲོ་དྷ་ནི་ལ༷་ད་ཎ་ཌ་ཧུ༷། ཨོ་བཛྲ་ཀྲོ་དྷ་ཨུབྱ་ཨ་ཙ་ལ་ཧུ༷། ཨོ་བཛྲ་ཀྲོ་དྷ་ཊ་ལྒི་རྭ་ཛ་ཧུ༷། ཨོ་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧུ༷། ཧུ༷་ཀ་ར་དང་གཤིན་རྗེ་གཤེད། །པཟློ་དང་ནི་བདུད་རྩི་འཁྱིལ། །རིག་པའི་རྒྱལ་པོ་འདི་དག་དང་། །དབྱུག་སྔོན་འཕགས་པ་མི་གཡོ་བ། །འདོད་པའི་རྒྱལ་པོ་སྟོབས་པོ་ཆེ། །ཁྲོ་བོའི་རྒྱལ་པོ་འདི་དག་ནི། །རིག་པ་གང་ཞིག་འཆང་བྱེད་པ། །བདུད་དང་གནོད་སྤྱིན་སྲིན་པོ་དང་། །དྲི་ཟ་མེ་དང་རླུད་དུ་བཅས། །ཀླུ་དང་གསང་བ་པ་དག་དང་། །བཅས་པ་མདུན་དུ་ལྷགས་གྱུར་ཏེ། །མི་བཟད་སྨྲེ་སྔགས་བཏོན་ནས་ནི། །སྐྲག་ཅིང་རབ་ཏུ་འདར་གྱུར་ཏེ། །ལུས་ནི་ཀུན་ཏུ་ཉམས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་ཁྲོ་བོའི་ལུས་ཡོངས་སུ་དག་པར་བྱེད་པ་འདི་སུངས་སོ། །སྤྱི་གཙུག་དེ་བཞིན་ལག་པ་གཡས། །དེ་བཞིན་རྐང་པ་གཉིས་དང་གཡོན། །མགྲིན་པ་དང་ནི་སྙིང་ཁ་དང་། །ལྟེ་བ་གསང་བའི་ཕྱོགས་དག་ཏུ། །རང་གི་ས་བོན་རྣམ་བསམས་ན། །འདིས་ནི་དྲེགས་པ་ཐམས་ཅད་འགྲུབ། །རང་གི་སྤྱི་བོའི་གནས་དག་ཏུ། །ཧུ༷་ཞེས་བྱ་བར་གཞག་བྱས་ཏེ། །ཧུ༷་ཀ་ར་ནི་རྣམ་བསྒོམ་ན། །ཐམས་ཅད་ཟིལ་གྱིས་གནོན་པར་བྱེད། །དེ་བཞིན་མགྲིན་པའི་ཕྱོགས་སུ་ནི། །ཧྲི་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །རྟ་ཡི་གསུང་དང་ལྡན་པ་ཡི། ། པདྨ་འཁྱིལ་བ་རྣམ་པར་བསམ། །སྙིང་ཀ་ཡི་ནི་གནས་དག་ཏུ། །ཨ་ཡི་རྣམ་པ་གསལ་བསྒོམས་ཏེ། །བདུད་རྩི་འཁྱིལ་པ་རྒྱལ་པོ་ཆེ། །འབར་བའི་ཁྲོ་བོ་བསམ་པར་བྱ། །དེ་བཞིནགསངབའི་ཕྱོགས་སུ་ནི། །ལ༷་གྱི་ས་བོན་བསམ་བྱ་ཏེ། །གང་གིས་གདུག་པ་འཇོམས་བྱེད་པ། །སྟོབས་ཆེན་ཕྱག་རྒྱ་བསམ་པར་བྱ། །དཔུང་པ་གཡས་པར་མི་གཡོ་བ། ཁྲོ་བོའི་རྒྱལ་པོ་འབར་བ་ཆེ། །ཨ༷་གི་ས་བོན་ལས་བྱུང་བར། །སྔགས་ཤེས་པས་ནི་བསམ་པར་བྱ། །འདོད་པའི་རྒྱལ་པོ་ཁྲོ་བོ་ཆེ། །ཏ༷་ལས་བྱུང་བར་བསམ་པ་ནི། །དེ་བཞིན་དཔུང་པ་གཡོན་པར་ནི། ། འཇིགས་ཚུལ་ལྡན་པར་བསྒོམ་པར་བྱ། །མཁས་པས་ལྟེ་བའི་ཕྱོགས་དག་ཏུ། །ཡ་ལས་བྱུང་བའི་ཁྲོ་བོ་ནི། །གཤིན་རྗེ་གཤེད་དུ་བསྒོམ་པར་བྱ། །འཇིག་རྟེན་རབ་ཏུ་གཡོ་བར་འགྱུར། །དབྱུག་པ་སྔོན་པོའི་ཕྱག་རྒྱ་ཆེ། །ན་ལས་བྱུང་བར་བསམ་པ་ནི། །ཡིད་ནི་རྣམ་པར་མི་གཡོ་བར། །རྐང་པ་གཉིས་ལ་བསམ་པར་བྱ། །རང་རང་ཡི་གེ་དང་པོ་ལས། །བདེ་ཆེན་ཟླ་བ་གཞོན་ཚུལ་ཅན། །གཉིས་སུ་མེད་པར་མཉམ་སྦྱར་ནས། །འཁོར་ལོ་རོལ་མོ་རྣམ་པར་འབྱུང་། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རིག་པའི་ཁྲོ་བོ་ཕྱག་རྒྱའི་དམ་ཚིག་ཆོ་ག་འདི་གསུངས་སོ། །ལག་གཉིས་ཁུ་ཚུར་རྡོ་རྗེ་བཅངས། །གཡོན་པའི་གྲུ་མོ་གཡས་པ་ཡི། ཁུ་ཚུར་སྟེང་དུ་འཇོག་བྱེད་པ། །དབྱུག་པ་སྔོན་པོའི་ཕྱག་རྒྱ་ཡིན། །གཡོན་པའི་ཁུ་ཚུར་སྙིང་ཁར་བཞག །གཡས་པའི་མཐེ་བོང་མཐེ་ཆུང་མནན། །སོར་མོ་ལྷག་མ་གསུམ་བརྐྱང་བ། །གཡོ་བ་མེད་པ་ཉིད་ཀྱི་རྒྱ། །གཡས་པའི་ཁུ་ཚུར་བཅངས་ནས་ནི། །མཐེ་པར་བྱ། །རྡོ་རྗེ་འཁྲུགས་པའི་ས་གཞི་ལ། །ཐོད་པའི་འཕྲེང་བས་བརྒྱན་བྱས་ཏེ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །སྒོ་ཁྱུད་རྟ་བབས་རྒྱན་དང་ལྡན། །ཉི་ཟླའི་དཀྱིལ་འཁོར་འབར་བར་མཛེས། ཁྲོ་བོའི་རྒྱལ་པོ་ཧུ༷་ཀ་ར། །སྔོ་ནག་ཤིན་ཏུ་འཇིགས་པའི་གཟུགས། །གསུས་ཁྱིམ་ཆེ་ཞིང་འོད་འབར་བ། ཁྲར་གྱི་འཁོར་ལོར་བསམ་པར་བྱ། །གཤིན་རྗེ་གཤེད་པོ་ཁྲོ་བོ་ཆེ། །ནག་པོ་ཆར་སྲིན་ཁྲོས་པའི་མདོག །སྦྲུལ་གྱིས་བརྒྱན་པ་གསུས་པ་འཕྱང་། །ལྷོ་ཡི་ཕྱོགས་སུ་བསམ་པར་བྱ། །དེ་བཞིན་པདྨ་འཁྱིལ་པ་ནི། །དབང་དྲག་འདྲེས་པའི་མདོག་འཆང་བ། །སྦྲུལ་གྱི་རྒྱན་ཅན་འོད་འབར་བ། །མཁས་པས་བྱང་གི་ཕྱོགས་སུ་བསམ། །ཤར་ལྷོ་མཚམས་སུ་བསམ་བྱ་བ། ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །སྔོ་ནག་ཤིན་ཏུ་འཇིགས་པའི་གཟུགས། །རལ་པ་ཁམ་པ་གྱེན་དུ་འགྲེང་། །ལྷོ་ནུབ་མཚམས་སུ་བསམ་བྱ་བ། ཁ་དོག་པདྨ་འཁྱིལ་པ་བཞིན། །འོད་ཀྱིས་མེ་ཡིས་བསྐོར་བ་ཡི། །མི་གཡོ་བ་ནི་བསམ་པར་བྱ། །ནུབ་བྱང་ཕྱོགས་སུ་བསམ་བྱ་བ། ། འདོད་པའི་རྒྱལ་པོ་ཁྲོ་བོ་ཆེ། །ཞི་ལ་ཆགས་པའི་ནད་དང་བྲལ། ཁྲོ་ཞིང་ཧ་ཧ་ཞེས་སུ་རྒོད། །བྱང་ཤར་དུ་ནི་བསམ་བྱ་བ། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ནག་པོ་འཇིགས་སུ་རུང་བའི་གཟུགས། །དྲག་པོའི་ཞལ་དང་ཡང་དག་ལྡན། །ཀུན་ཀྱང་མཆེ་བ་རབ་ཏུ་གཙིགས། །གཙོ་བོའི་ཞབས་ཀྱི་ཤམ་ཐབས་ཅན། །ཀེང་རུས་འཕྲེང་བ་རབ་ཏུ་འཆང་། །མི་བཟད་པ་ཡི་སྒྲ་དང་ལྡན། །དུས་མཐའི་མེ་བཞིན་རྣམ་བལྟས་ཏེ། །དེ་ཡ་དབུས་སུ་ཁྲོ་བོ་ཆེ། །དཔལ་ལྡན་པདྨ་གར་དབང་ཕྱུག །ཆགས་པ་ཐམས་ཅད་ཟིལ་གནོན་པ། །འཇིགས་པའི་གཟུགས་ཅན་རྣམ་པར་བསམ། །སྐུ་ལས་སྤྲུལ་པ་འཕྲོས་པ་ཡིས། །ཚངས་པའི་འཇིག་རྟེན་ལ་སོགས་པ། ། ཀུན་ཏུ་རབ་ཏུ་སྐྲག་པར་བྱེད། །དེ་ཚེ་ཡིད་ནི་བསྡུས་བྱས་ཏེ། །ཀུན་ཏུ་ཁྲོ་བོ་ཐམས་ཅད་ལ། །རང་ཉིད་བདག་པོར་བསྒོམས་ནས་ནི། །རང་གི་སྙིང་པོ་ཡི་གེ་ཆེ། །འགྱུར་བ་མེད་པའི་རིག་པ་བཟླ། །འདིས་ནི་ཐམས་ཅད་ཟིལ་གནོན་ཅིང་། །ཀུན་ཏུ་འཇིགས་པར་བྱེད་པར་འགྱུར། །༷དེ་ཁོ་ན་ཉིད་གསང་བའི་རྒྱུད་ལས། ཁྲོ་བོ༷ ་བསྒྲུབ་པའི་བརྟགས་པ༷ ་རྫོགས་སོ།། །།དེ་ན༷ས་བཅོམ་ལྡན་འདས་ད༷པལ་པདྨ་གར་གྱི་དབང་ཕྱུག་གིས། རིགས་ཀྱི་ཁྲོ་བོ་རྣམ་པར་བསྒོམ་པའི་རིག་པ་འདི་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་ཐྲི་ཧེ་རུ་ཀ་ཧུ༷་ཕཊ། ཨོ་བཛྲ་ཕྲི་ཧེ་རུ་ཀ་ཧུ༷། ཨོ་རད་ན་གྲི་ཧེ་རུ་ཀ་ཧུ༷། ཨོ་པདྨ་ཐྲེ་ཧེ་རུ་ཀ་ཧུ༷། ཨོ་ཀརྨ་ཤི་ཧེ་རུ་ཀ་ཧུ༷། རིག་པ་ཆེན་པོ་ཡི་གེ་ཆེ། །འདི་ནི་སྒྱུ་མ་ཆེན་པོ་སྟེ། །རྡོ་རྗེ་ཆེན་པོ་གཏན་སྦྱོར་བ། །འཁོར་ལོ་ཆེན་པོ་ཡང་དག་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རང་གི་ལུས་རྣམ་པར་སྦྱོང་བར་བྱེད་པའི་དེ་ཁོ་ན་ཉིད་འདི་གསུངས་སོ། །ས་བོན་ལས་ནི་ཡི་གེ་ལྔ་པོ་ནི། །གང་གིས་གནས་ལྔར་བསམ་བྱ་སྟེ། །ལྔ་ལས་ལྔ་ནི་ལེགས་བྱུང་བས། །གང་འདོད་འབྲས་བུ་མྱུར་འགྲུབ་བྱེད། །ཨོ་གྱི་ས་བོན་ལས་བྱུང་བ། །རིག་པ་རྣམ་སྣང་ཁྲོ་བོ་ནི། །མགོ་བོའི་ནང་དུ་རྣམ་བསྒོམས་ན། །གཟུགས་ཕུང་རྣམ་པར་དག་པར་འགྱུར། །ཨ་ཡི་ས་བོན་ལས་བྱུང་བ། །དེ་བཞིན་གསུང་གི་དབང་ཕྱུག་ནི། །ལྕེ་ཡི་ནང་དུ་རྣམ་བསྒོམས་ན། །རྡོ་རྗེ་གསུང་དང་འདྲ་བར་འགྱུར། །ཧུ༷་གི་ས་བོན་ལས་བྱུང་བ། །སེམས་ཀྱི་དབང་ཕྱུག་རིག་པ་ཆེ། །མཁས་པས་སྙིང་ཁར་རྣམ་བསྒོམས་ན། །ཐུགས་ཀྱི་རྡོ་རྗེ་ཉིད་འདྲར་འགྱུར། །ཏྲ༷་གྱི་ས་བོན་ལས་བྱུང་བ། །ཡོན་ཏན་ཁྲོ་བོའི་རྣམ་པར་ནི། །མཁས་པས་ལྟེ་བར་རྣམ་བསྒོམས་པས། །ཡོན་ཏན་ཐམས་ཅད་འབྱོར་བར་འགྱུར། །ཨ་ཡི་ས་བོན་ལས་བྱུང་བའི། །དོན་ཡོད་ཁྲོ་བོ་ཆེན་པོ་ནི། །རྐང་པའི་ཕྱོགས་སུ་བསམ་བྱས་ན། །ལས་རྣམས་ཐམས་ཅད་གྲུབ་བར་བྱེད། ། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་རིགས་པ་དམ་པའི་ཕྱག་རྒྱ་དེ་ཁོ་ན་ཉིད་འདི་གསུངས་སོ། །མཚན་མ་ཐམས་ཅད་ཟིལ་གནོན་པའི། །ལྷུན་གྱི་གྲུབ་པའི་ཕྱག་རྒྱ་ཆེ། །གང་གིས་རྗེས་སུ་དྲན་བྱས་ཏེ། །གང་འདོད་ཕྱག་རྒྱ་བསྒྱུར་བར་བྱ། །ལག་པ་གཉིས་ནི་རྒྱབ་སྦྱར་བསྣོལ། །བཟློག་ཏེ་མཐིལ་དུ་མཐེ་བོང་སྤྲད། །འདི་ནི་འཁོར་ལོ་ཆེན་པོའོ། །རྣམ་སྣང་ཁྲོ་བོ་རྒྱ་ཆེན་ཡིན། །ལག་གཉིས་ཁུ་ཚུར་བཅངས་ཏེ་སྦྱར། །གུང་མོ་གཉིས་བརྐྱང་མཛུབ་མོ་གཉིས། །གུར་མོའི་ཚིགས་ལ་རྩེ་སྦྱར་བ། །འདི་ནི་རྡོ་རྗེ་ཁྲོ་བོའི་རྒྱ། །ཐལ་མོ་དམ་དུ་སྦྱར་བ་ལས། །མཛུབ་མོ་བཀུག་སྟེ་རྩེ་སྤྲད་ནས། །མཐེ་བོང་གཉིས་ནི་རབ་བརྐྱང་པ། །དེ་ནི་རིན་ཆེན་ཁྲོས་པའི་རྒྱ། །ཐལ་མོ་ཁོང་སྟོང་སྦྱར་བྱས་ནས། །སོར་མོ་རྣམས་ནི་རྩེ་སྤྲད་དེ། །པདྨའི་འདབ་མ་ལྟ་བུར་ནི། །གང་གིས་བྱས་པ་པདྨའི་རྒྱ། །ལག་གཉིས་སོར་མོ་བསྣོལ་ཏེ་བརྐྱང་། །མཐེ་བོང་མཐེ་ཆུང་རྩེ་སྦྱར་ཏེ། །ཅུང་ཟད་དཔྲལ་བར་བྱས་པ་ནི། །ལས་ཀྱི་རྒྱལ་པོའི་ཕྱག་རྒྱ་ཡིན། །ཕྱག་རྒྱའི་རྒྱལ་པོ་འདི་དག་གིས། །གང་གི་རང་གི་ཕྱག་རྒྱ་ཆེ། །ཡོངས་སུ་རྫོགས་པར་མཉམ་ལྡན་པ། །གང་གིས་རང་སྔགས་སྦྱར་བྱས་ན། །འདི་ནི་རིགས་དང་ལྡན་པར་གྲུབ། །འཁོར་ལོ་གང་གིས་ཕྱག་རྒྱ་ཆེ། །སྙིང་པོ་རབ་ཏུ་ལྡན་བྱས་ཏེ། །རིགས་ཀྱི་ཁྲོ་བོའི་རྒྱལ་པོ་ཡིས། །རང་གི་རིག་པ་བསྒྲུབ་པར་བྱ། །གྲུབ་ནས་སེམས་ཅན་ཐམས་ཅད་ལ། །ཇི་ལྟ་ཇི་ལྟར་འདོད་འགྱུར་བ། །དེ་ལྟའི་འབྱོར་བ་སྟེར་བར་བྱེད། །དེ་ན་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རིག་ཀྱི་ཁྲོ་བོ་བསྒྲུབ་པའི་དམ་ཚིག་གི་ཆོ་ག་འདི་གསུངས་སོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། ། རིགས་ཀྱི་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །ཡི་གེ་བྲུ༷་གྱི་སྦྱོར་བ་ཡིས། ཁྲོ་བོའི་གནས་ནི་བསྒོམ་པར་བྱ། །ཉི་མའི་དཀྱིལ་འཁོར་ལེགས་བརྒྱན་པའི། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞི་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོའི་ཆ་བྱད་ལྡན་དབུས་སུ། །རང་ཉིད་རྡོ་རྗེ་འཛིན་པ་ཆེ། །ཧུ༷་ལས་འབྱུང་བ་བསྒོམ་པར་བྱ། །སྐུ་མདོག་དཀར་པོ་ཤིན་ཏུ་བརྗིད། །གཡས་ན་རྡོ་རྗེ་རྩེ་ལྔ་པ། །ཐུགས་ཀར་བརྟེན་པའི་ཚུལ་གྱིས་འཛིན། །གཡོན་པའི་དྲིལ་བུ་ལེགས་འཆང་བ། །རིག་མས་ཁྱུད་པའི་ཚུལ་ཅན་དེ། ། རིགས་དང་སྦྱོར་བས་ཡང་དག་ཞུ། །ཐིག་ལེ་ཆེན་པོར་ཡང་དག་བཞུགས། །མགོན་པོས་བསྐུལ་བའི་ཚུལ་ཉིད་ལས། །ཧྲི་ལས་བྱུང་བའི་པདྨ་ཆེ། །གང་གིས་དབང་ཕྱུག་བསམ་པར་བྱ། །རང་ལས་ལེགས་པར་སྤྲུལ་པ་ཡི། །མི་བསྐྱོད་ཁྲོ་བོའི་ཕྱག་རྒྱ་ཆེ། །ཞལ་གསུམ་ཨན་ཏྲ་ནི་ལའི་མདོག །རྡོ་རྗེ་འབར་བའི་མཚན་པ་འཛིན། །ཕྱི་རོལ་གདུག་པ་ཀུན་བཏུལ་ནས། ། བདག་པོ་ཉིད་ལ་ཡང་དག་གཞུག །ཨོ་གྱི་ས་བོན་ལས་བྱུང་བ། །རྣམ་པར་སྣང་མཛད་ཁྲོ་བོ་ཆེ། །འཁོར་ལོ་འབར་བ་འཛིན་པ་ཡི། །ཞལ་གསུམ་པ་ནི་བསམ་པར་བྱ། །རྩ་བའི་ཞལ་ནི་དཀར་པོ་སྟེ། །གཡས་པ་སྔོ་ནག་ཅིག་ཤོས་དམར། །ཡེ་ཤེས་ལྔར་ལྡན་ཕྱག་རྒྱ་ཅན། ཁྲོ་བོའི་མདུན་དུ་བསམ་པར་བྱ། །ཏྲ༷་གྱི་ས་བོན་ལས་བྱུང་བ། །རིན་ཆེན་རྒྱལ་པོ་ཁྲོ་བོ་ཆེ། ། རིན་ཆེན་འབར་བ་འཛིན་པའི་མཆོག །ཞལ་གསུམ་པ་ནི་བསམ་པར་བྱ། །རྩ་བའི་ཞལ་ནི་གསེར་གྱི་མདོག །བློ་ལྡན་ཁྲོ་བོ་འཇིགས་པ་ཆེ། །གཡས་ཀྱི་འཁོར་ལོར་བསམ་པར་བྱ། ། ཨ༷་གི་ས་བོན་ལས་བྱུང་བ། །འོད་དཔག་མེད་པའི་ཁྲོ་བོ་ཆེ། །པདྨ་ཆེན་པོ་འཛིན་པའོ། ། ཞལ་གསུམ་པ་ནི་བསམ་པར་བྱ། །རྩ་ཞལ་དམར་པོ་ཆེན་པོ་སྟེ། །གཡས་པ་སྔོ་ལ་ཅིག་་།ས་དམར། །འཇིགས་པའི་ཆ་ལུགས་ལྡན་པའོ། །ནུབ་ཀྱི་རྩིབས་ལ་བསམ་པར་བྱ། །ཧ་ཡི་ས་བོན་ལས་བྱུང་བ། །དོན་ཀུན་གྲུབ་པའི་ཁྲོ་བོ་ཆེ། །སྣ་ཚོགས་རྡོ་རྗེ་འབྱིན་བྱེད་པ། །ཞལ་གསུམ་པ་ནི་བསམ་པར་བྱ། །རྩ་ཞལ་ལྗང་ཁུ་ཡང་དག་ལྡན། །གཡས་པ་དཀར་ལ་གཡོན་པ་དམར། །བདུད་རྣམས་འཇོམས་པར་བྱེད་པ་ནི། །གཡོན་གྱི་རྩིབས་ལ་བསམ་པར་བྱ། ཁྲོ་བོ་འདི་དག་ཐམས་ཅད་ཀྱི། །ཀུན་ཀྱང་ཀོ་རློན་སྟོད་གཡོག་ལ། །སྟག་གི་པགས་པས་སྨད་དཀྲིས་པ། །སྦྲུལ་གྱི་རྒྱན་ནི་སྣ་ཚོགས་ལྡན། ཁྲོས་པའི་ཤུགས་ཀྱི་མེ་འབྱིན་པ། །སྤྲིན་གྱི་སྒྲ་ནི་རབ་ཏུ་སྒྲོགས། །གད་མོ་ཆེར་སྒྲོག་འཇིགས་པ་ཆེ། ཁྲོ་བོའི་གར་དང་ཡང་དག་ལྡན། །དེ་ལྟར་རྣམ་པར་བསྒོམ་བྱ་སྟེ། །བློ་དང་ལྡན་པས་གསང་སྔགས་ནི། །སྐྱོ་བ་མེད་པར་བཟླས་པར་བྱ། །གང་ཞིག་ཡང་དག་གྲུབ་བྱས་པ། །ལས་ཀུན་རྗེས་སུ་གྲུབ་པར་འགྱུར། །རྣམ་པར་སྣང་མཛད་ཁྲོ་བོ་ཡི། །ཕྱག་རྒྱ་ཆེ་དང་ལྡན་པའི་མ། །ཡང་ན་རིན་ཆེན་རྒྱལ་པོ་བསམ། །འོད་དཔག་མེད་པའི་རྒྱན་ཆེན་དང་། །དེ་བཞིན་དོན་ཀུན་གྲུབ་པ་ཡི། །ཕྱག་རྒྱ་ཆེན་པོ་བདག་ཉིད་ཀྱི། །རང་གི་འཁོར་ལོ་གཅིག་པ་ཡི། །ཕྱག་རྒྱ་ངེས་པར་བསྒོམས་པ་ཡིས། །ལས་ཀུན་ཐོགས་པ་མེད་པར་འགྱུར། །དེ་ཁོ་ན་ཉིད་གསང་བའི་རྒྱུད་ལས། རིགས་ཀྱི་ཁྲོ་བོའི་བརྟགས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོརྗེ་སྲིན་མོ་འགུགས་པའི་སྔགས་འདི་གསུངས་སོ། །མ་ནུ་རག་ཤ་སི། པྲ་མ་ནི། རི་དྲི་མ། བེ་སྣ་བེ། ཀོའུ་མ་རི། ཨིན་དྲ་མ། བཛྲ་བིང་ཀ་ལམ། ཨ་མྲི་ཏ། སོ་མྱག་མ། དན་ཏ་ཏ༷། རག་ཤ་སི། བག་ཤ་སི། ར་ཏི་བཛྲ། རུ་ཏེ་རེ་མ་ཏི། ཨེ་ཀ་ཙརུ་མ། མ་མོ་ཧ་ར། སི་ཏི་ཀེ་སྨྱོ། མ་ཧྭ་མུ་ར་ན། ཨག་ན་ཡེ། པ་ར་ཧྲི། ཙ་མུན་ཏི། པུ་ཏ་ན། བ་རུ་ན། མཧྭ་ཀ་ལི། ཀུ་པ་ཀ་སྣམ། ལམ་པོ་ད་ར། ཐོག་མར་ཡི་གེ་ཨོ༷་བཞག་སྟེ། །ཧུ༷་གིས་མཐའ་མར་རབ་རྟེན་ན། །བཀྲ་ཤིས་ལས་རྣམས་བྱེད་པར་གྱུར། །དང་པོ་ཡི་གེ་སྔ་མ་བཞིན། །གྲྭ་ཧྭའི་མཐའ་དང་ལྡན་བྱས་ལ། །ཞི་བའི་ལས་ལ་ཁྱད་པར་དུ། །དེ་བཞིན་ཧུ༷་དང་ཕཊ་ལྡན་པར། །གསང་སྔགས་སྦྱོར་བ་རྣམ་བསྒོམས་ན། །ཕན་གདགས་པ་ལས་བཟློག་པ་ཡིས། ཁེགོན་ཏུ་ཕན་འདོགས་ཆེན་པོ་བྱེད། །དེའི་ཚེ་གསང་བའི་སྔགས་འདི་ལ། །གང་གིས་རབ་ཏུ་སྦྱར་བྱས་ཏེ། །ཅི་འདོད་གྲུབ་པར་གྱིས་ཞེས་པར། །སངས་རྒྱས་ཀུན་གྱི་གསུངས་པ་ཡིན། །དེ་ནས་བཅོམ་ལྡན་འདས་དཔལ་པད་མ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་སྲིན་མོའི་ཕྱ་རྒྱ་འདི་གསུངས་སོ། །ལག་པ་གཡོན་པའི་མཐེབ་མོ་མཛུབ་མོ་དང་། །མཛུབ་མོ་རྩེ་སྤྲད་གུང་མོ་གཞུག །སྲིན་ལག་མཐེ་ཆུང་བརྐྱང་ནས་ནི། །རྩེ་སྤྲད་མ་ཡི་སྲིན་མོའི་རྒྱ། །ལག་པ་གཡས་གཡོན་རྟིང་པ་སྤྲད། །སོར་མོ་གདེང་ཀ་དང་ལྡན་པར། །རབ་ཏུ་བརྐྱང་བར་བྱས་པ་ནི། །ཚངས་པའི་ཆུང་ མའི་ཕྱག་རྒྱ་ཡིན། །གཡས་པའི་མཐེ་བོང་མཐེ་ཆུང་མནན། །སོར་མོ་གསུམ་ནི་ཕྲད་དེ་བསྒྲེང་། །མིག་གི་ཐད་ཀར་ཕྱར་བྱས་ལ། །ལྷ་ཆེན་མོ་ཡི་ཕྱག་རྒྱ་ཡིན། །རྣམ་སྣང་ཁྲོ་བོ་ཕྱག་རྒྱ་ཆེ། །གང་གིས་མདུན་དུ་ཕྱར་བྱས་ཏེ། །དེ་ཉིད་བསྐོར་བ་ལྟར་བྱེད་པ། །གཏོགས་འདོད་མ་ཡི་ཕྱག་རྒྱ་ཡིན། །གང་གི་སོ་ར་མོ་ནང་དུ་བསྣོ་ལ། །མཛུབ་མོ་གཉིས་ནི་རྩེ་སྤྲད་དེ། །རབ་ཏུ་བརྐྱང་བར་བྱས་པ་ནི། །གཞོན་ནུ་མ་ཡི་ཕྱག་རྒྱ་ཡིན། །བརྒྱ་བྱིན་མ་ཡི་ཕྱག་རྒྱ་ཡིན། །ལག་པོ་སོར་མོ་བསྣོལ་ཏེ་གསུམ། །གུང་མོ་རྩེ་སྤྲད་ཚིགས་སུ་བཀུག །མཛུབ་མོ་མཐེ་བོང་རྩེ་སྤྲད་དེ། །སྲིན་ལག་བསྣོ་ལ་ཏེ་མིག་ཏུ་གཞུག །ལྷག་མ་བརྐྱང་སྟེ་རྩེ་སྤྲད་པ། །གུང་རྩི་མོ་ཡི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱི་རྟིང་སྤྲད་དེ། །སོ་ར་མོ་གདེངས་པ་བརྐྱང་བྱས་ན། །མགྲིན་པའི་ཐད་ཀར་བརྐྱང་བྱས་པས། །ཞི་བ་མོ་ཡི་ཕྱག་རྒྱ་ཡིན། །ལག་པ་གཡས་པ་གྱེན་དུ་བསྒྲེང་། །སོར་མོ་བསྡུས་པ་སྣོ་ད་དུ་བྱ། །གང་གིས་གདེངས་པའི་ཚུལ་ལྡན་པ། །དབྱུག་པ་མོ་ཡི་ཕྱག་རྒྱ་ཡིན། །གཡས་པ་སྙིང་ཀར་བསྡུས་ནས་ནི། །སེ་ར་མོ་སྔ་མ་ལྟར་བྱས་ཏེ། །གྱེན་དུ་བཏེག་སྟེ་ཁར་འཛིན་པ། །སྲིན་མོ་གདུག་པའི་ཐོད་པའི་རྒྱ། །གཡས་པ་ཁུ་ཚུར་བསྡམས་ནས་ནི། །གུང་མོ་གྱེན་དུ་བསྒྲེང་བྱས་ཏེ། །དཔུང་པའི་ཐད་ཀར་འཛིན་པ་ནི། །རྡོ་རྗེ་ཟ་བ་མོ་ཡི་རྒྱ། །སྲིན་པོ་ཕྱག་རྒྱ་དེ་ཉིད་ནི། །གང་གི་ར་་ཏུ་བཟུང་བྱས་ཏེ། །སྔར་བཞིན་རབ་ཏུ་སྦྱར་བྱས་ལ། །རྡོ་རྗེ་དགའ་མའི་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །མཐེ་བོང་མཛུབ་མོ་བརྐྱང་བྱས་ཏེ། །གཡོན་པའི་མཛུབ་མོ་པང་དུ་སྦྱར། ཁུ་ཚུར་བཅངས་པ་མ་ཕྱེད་རྒྱ། །རྡོ་རྗེ་ཕྱག་རྒྱ་དེ་ཉིད་ནི། །ལྟེ་བའི་ཐད་ཀར་བཟུང་བྱས་ཏེ། །གང་གིས་མདུན་དུ་འདྲེན་བྱེད་པ། །གཅིག་པ་སྤྱན་མིས་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །མཐེ་བོང་མཛུབ་མོ་གཉིས་བསྒྲེང་ལ། །ལྷག་པར་རབ་ཏུ་བརྐྱང་བྱས་པ། ཁོ།ས་པ་འཕྲོ་མའི་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །དབུས་མ་གསུམ་ནི་རབ་ཏུ་བརྐྱང་། །མཐེ་བོང་མཐེ་ཆུང་མནན་པ་ནི། །རླུད་གི་ཆུང་མའི་ཕྱག་རྒྱ་ཡིན། །དབུས་མ་གསུམ་ནི་གཤིབས་ཏེ་བརྐྱང་། །མཐེ་བོང་མཐེའུ་ཆུང་སྔ་མ་བཞིན། །བཅག་སྟེ་བཞག་པར་བྱ་བ་ནི། །གསོ་བར་བྱེད་པའི་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །སོར་མོ་ཤིང་གི་ཡལ་ག་བཞིན། །མྱུར་དུ་བརྐྱང་བར་བྱས་པ་ནི། །མ་ཡི་ཆུང་མའི་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །མཐེ་བོང་མཐེའུ་ཆུང་བརྐྱང་བྱས་ཏེ། ཁ་ཡི་ཐད་ཀར་བཞག་པ་ནི། །ཕག་གི་ཆུ་དམར་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །མཐེ་བོང་དབུས་མ་རྩེ་སྦྱར་ཏེ། །སྙིང་གའི་ཐད་ཀར་འཛིན་བྱེད་པ། །རྒན་བྱེད་མོ་ཡི་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །རབ་ཏུ་ཕྱར་བ་བརྐྱང་བྱས་ནས། །ཀུན་ཏུ་སྐོར་བར་བྱེད་པ་ནི། །སྣ་ཆན་མ་ཡི་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །དབུས་མའི་མཐེ་བོང་རྩེ་སྦྱར་ལ། །མཛུབ་མོ་བཏེག་པར་བྱས་པ་ནི། །གླུ་ཡི་ཆུང་མའི་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་བཅངས་ནས་ནི། །མཛུབ་མོ་བརྐྱང་སྟེ་རྩེ་མོ་བསྐུམ། །མཐེའུ་ཆུང་ཡང་ནི་དེ་བཞིན་ཏེ། །མཧྭ་ཀྭ་ལའི་ཆུང་མ་ཡིན། །ལག་པ་གཡས་པ་ཁུ་ཚུར་བཅངས མཐེ་བོང་མཛུབ་མོ་རྩེ་སྦྱར་སྟེ། །མདུན་དུ་འཕེན་པ་ལྟར་བྱེད་པ། །ར་ཡི་ཞལ་གྱི་ཕྱག་རྒྱ་ཡིན། །ལག་གཉིས་ཁུ་ཚུར་བཅངས་ནས་ནི། །མཐེ་བོང་མཛུབ་མོ་རྩེ་སྤྲད་དེ། །ཕན་ཚུན་བསྣོལ་བར་བྱས་པ་ནི། །བུམ་སྣ་མ་ཡི་ཕྱག་རྒྱ་ཡིན། །གཡས་པའི་སོར་མོ་བསྡུས་ནས་ནི། །དབུ་མ་ནང་དུ་བརྐྱང་བྱས་ཏེ། །ཐུར་དུ་སྦུབ་པ་ལྟར་བྱས་པ། །གསུས་འཛིན་ཆེན་མོའི་ཕྱག་རྒྱ་ཡིན། །གང་གི་ཕྱག་རྒྱ་འདི་དག་གིས། །སྲིན་མོ་ལ་སོགས་མ་མོ་རྣམས། །འདུ་བར་འདོད་ན་འདུ་བར་བྱེད། །འབྱེད་པར་འདོད་ན་འབྱེད་པར་བྱེད། །གང་གིས་ཡི་ད་ལ་ཅི་འདོད་པ། །གྱིས་ཅེས་པར་ནི་བརྗོད་བྱས་ཏེ། །གང་གིས་ཕྱག་རྒྱ་བཅིངས་འགྱུར་བ། །དེ་ན་ངེས་པར་གྲུབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྡོ་རྗེ་སྲིན་མོ་རྣམས་ངེས་པར་བསྒྲུབ་པའི་རིམ་པ་འདི་གསུངས་སོ། །ཐམས་ཅད་སྟོང་པ་ཉིད་དུ་ནི། །སེམས་ཀྱིས་བསྒོམ་པ་བྱས་ནས་ནི། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཐོད་པའི་འཁོར་ལོ་རྣམ་བསྒོམ་ཏེ། ་།བ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་ཡངས་པའི་ནང་དུ་ནི། །དབུས་སུ་པདྨ་འདབ་བཞི་པ། །ཕྱི་རོལ་ཏུ་ནི་བརྒྱད་བྱས་ཏེ། །དེ་ཡི་ཕྱི་རོལ་དེ་བཞིན་ཏེ། །གུར་ཆད་རྣམ་པ་བཞིར་ལྡན་པར། །སེམས་ཀྱི་བསྒོམ་པར་བྱས་ནས་ནི། །དེ་ཡི་དབུས་སུ་ཁྲག་འཐུང་ཆེ། །པདྨ་གར་གྱི་དབང་ཕྱུག་བསྒོམ། །པདྨ་འདབ་མ་བཞི་ལ་ནི། །མི་སྲུན་མོ་དང་ཚངས་མ་དང་། ། གྲུབ་པ་མོ་དང་དབང་པོ་བཞི། །དམར་ནག་དཀར་དང་ཡང་དེ་བཞིན། །དཀར་སེར་ཁ་དོག་དང་ལྡན་པ། །ཐོད་པ་དང་ནི་རྩེ་གསུམ་དང་། །པདྨ་ཨིན་དྲ་གཡོན་པ་ན། །གཡས་པ་རྡོ་རྗེ་འཛིན་པའི་ཚུལ། །ཕྱི་རོལ་བརྒྱད་ལ་བསམ་བྱ་བ། །འཇུག་སྲེད་མོ་དང་གཞོན་ནུ་མོ། །དམར་མོ་བདུད་རྩི་ཞི་བ་མོ། །བེ་ཆོན་མོ་དང་སྲིན་མོ་དང་། །ཟ་བ་མོ་ནི་བསམ་པར་བྱ། ། དཀར་དང་དམར་དང་དམར་སེར་དང་། །དེ་བཞིན་དམར་དང་དཀར་བ་དང་། །ལྗང་ཁུ་དམར་སེར་དམར་ནག་ཏུ། །གང་གིས་ངེས་པར་བསྒོམ་པར་བྱ།འཁོར་ལོ་མདུང་དང་ཐོད་པ་དང་། །པདྨ་པདྨ་དཀར་པོ་དང་། །ཐོད་པ་ཐོད་པ་ཁྲག་དང་ལྡན། །དེ་བཞིན་རྒྱུ་མ་འཛིན་མའོ། །ཕྱི་རོལ་པདྨ་བརྒྱད་ལ་ནི། །དགའ་བ་མ་དང་ཁྲག་གི་མྱོས། །གཅིག་པུ་སྤྱོད་དང་ཡིད་འཕྲོག་མ། །གྲུབ་པ་མོ་དང་རླུང་ལྷ་མོ། །གསོད་བྱེད་མེ་ཡི་ཆུང་མ་རྣམས། །དཀར་སེར་དཀར་དང་དམར་བ་དང་། །དམར་དང་དཀར་སྔོ་ནག་སེར་དང་། །དེ་བཞིན་དམར་ནག་དམར་སེར་དུ། །སྔགས་པས་ངེས་པར་བསྒོམ་པར་བྱ། །ངེས་བྱེད་དང་ནི་ཁྲག་ལྡག་གོ ། པར་ལག་དང་ནི་མདའ་གཞུ་དང་། །དེ་བཞིན་རྩེ་གསུམ་པད་དང་ནི། །རལ་གྲི་གསལ་ཤིང་འཛིན་པ་ནི། དེ་བཞིན་མཁས་པས་བསྒོམ་པར་བྱ། །ཕག་མོ་དང་ནི་ཛ་མུན་ཏི། །སྣ་ཆད་མོ་དང་ཆུ་ལྷ་མོ། ཁུ།་ཆད་རྣམ་པ་བཞི་ལ་དགོད། །དམར་ནག་དམར་དང་དམར་སེར་དང་། ། དེ་བཞིན་དཀར་བའི་ཁ་དོག་ལ། །མཆེ་བ་བྱིས་པའི་རྒྱུ་མ་དང་། །དེ་བཞིན་ཐོད་པ་ཁྲག་དང་ལྡན། །སྦྲུལ་གྱི་ཞགས་པར་ལྡན་པར་བསམ། །དཀྱིལ་འཁོར་སྒོ་ནི་རྣམ་བཞི་ལ། །ནག་མོ་ཆེན་མོ་ལྕགས་ཀྱུ་འཛིན། །རང་ཞལ་དམར་སེར་ཞགས་པ་ཅན། །བུམ་སྣ་སྔོ་ནག་ལྕགས་སྒྲོག་སྡོམ། །གསུས་འཛིན་སེར་ནག་དྲིལ་བུ་ནཁྲོལ། །དབུ་རྒྱན་རང་གི་མགོན་པོར་ལྡན། ། མགོ་སྐྱེས་ལག་པ་རལ་པར་གཏིབ། །རྡོ་རྗེ་ཕྱག་ན་མཐུན་པར་ཐོགས། །སྨྱོ་ཡི་ས་བོན་ལས་བྱུང་བ། །རབ་ཏུ་ཁྲོ་དང་ཞི་བ་དང་། །ཅུང་ཟད་ཁྲོ་བའི་རྣམ་པར་བསམ། །གང་འདི་ངེས་པར་བསྒོམས་ནས་ནི། །རང་རང་གསང་སྔགས་སྦྱོར་ལྡན་པས། །རང་གི་བདག་པོ་དག་དང་ནི། །བྲན་དང་གཡོག་ཏུ་བཅས་པ་རྣམས། །ཅི་བགྱི་ཞེས་ཏེ་ཆས་ཏེ་གནས། །དེ་ཁོ་ན་ཉིད་གསང་བའི་རྒྱུད་ལས། །རྡོ་རྗེ་སྲིན་པོའི་དམ་ཚིག་གི་བརྟག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྒྱལ་པོ་ཆེན་པོ་བཞིའི་རིག་པའི་ རྒྱལ་པོ་འདི་གསུངས་སོ། །བེ་ཤ་ཝར་ཎའ་ཡ་དྷི་ད་རསྒྲོ་ཡ། བི་རུ་ཏ་ཀྭ་ཡ། བི་རུ་བཱ་ཀྟའ་ཡ། ། རྣམ་པར་སྣང་མཛད་མགོར་བཞག་སྟེ། །བཀྲ་ཤིས་ཡི་གེ་མཐའ་བརྟེན་ནས། ། གང་གིས་བརྗོད་པ་ཙམ་གྱི་ནི། །ལས་རྣམས་ཐམས་ཅད་བྱེད་པའི་མཆོག །ཡི་གེ་ཧུ༷་གིས་མཐར་ལྡན་པས། །གང་གི་མཆོག་ཏུ་བསྲུང་བ་དང་། །བདེན་པ་ཉིད་ནི་བྱེད་པར་འགྱུར། ། ཕཊ་དང་མཉམ་པར་ལྡན་པ་ཡིས། །ཚར་གཅོད་པར་ནི་གྲུབ་པར་བྱེད། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཆོ་ག་འདི་གསུངས་སོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བྲལ་བར་བསྒོམ་བྱས་ཏེ། །དབུས་སུ་པདྨ་འདབ་བཞི་ལ། །ཟླ་བ་ཡིས་ནི་བརྒྱན་པར་བསམ། །དེ་ཡི་དབུས་སུ་བསྒོམ་པ་ནི། ། གར་གྱི་དབང་ཕྱུག་གཙོ་བོ་སྟེ། །འཇིགས་པ་ཆེན་པོའི་གཟུགས་ལྡན་པ། །རྡོ་རྗེ་འཆང་ལས་བྱུང་བ་བསྒོམ། །གནས་བསྲུང་བ་ནི་སེར་པོ་སྟེ། །པི་ཝང་སྡེབ་པའི་མཚན་མ་ཅན། །འཛུམ་ཞིང་ཞི་བའི་རྒྱན་དང་ལྡན། །ཤར་དུ་པདྨའི་གདན་སྟེངས་བཞག །ལུས་ཀུན་འཕགས་པ་ལྷོ་ཕྱོགས་སུ། ཁ་དོག་སྔོན་པོར་བསམ་པར་བྱ། །ལག་ཏུ་རལ་གྲི་ཐོགས་ནས་ནི། །ཅུང་ཟད་ལྷ་ཤར་ལྷོར་དགོད། །ཡ་ཡི་ས་བོན་ལས་བྱུང་བ། །གཤིན་རྗེ་ལྷོ་ཡི་ཕྱོགས་སུ་སྟེ། །ཡི་གེ་ར༷་ལས་བྱུང་བ་ཡི། །སྲིན་པོ་ལྷོ་ནུབ་བསྒོམ་པར་བྱ། །བ༷་གྱི་ས་བོན་ལས་བྱུང་བ། །བ་རུ་ན་ནི་ནུབ་ཏུ་བསམ། །ཡ༷་ལས་རླུད་ལྷ་ནུབ་བྱང་དུ། །ཡི་གེ་ཀུ་ལས་བྱུང་བ་ཡི། །གནོད་སྤྱིན་བྱང་གི་ཕྱོགས་སུ་བསམ། །ཨི་ལས་ཡང་དག་བྱུང་བ་ཡི། །འབྱུང་པོའི་བདག་པོ་དབང་ལྡན་དུ། །གང་གིས་ངེས་པར་བསྒོམས་པ་ཡི། །འདོད་པ་ཕུན་སུམ་ཚོགས་བར་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གཟའ་ཆེན་པོ་བརྒྱད་འཁོར་དང་བཅས་པའི་རིག་པ་འདི་གསུངས་སོ། །ཨུ་ཧི་ཏུ། སོ་མ། མང་ག་ལ།བུརྙ། བྲི་ཧས་པ་ཏི། ཤུ་ཀྲ། ཤ་ནེ་ཤུར། རྭ་ཧུ་ལ། དང་པོར་ཡི་གེ་ཨོ་བཞག་སྟེ། །ཛ་ཡི་མཐའ་མར་ཧུ༷་དང་ལྡན། ། ངེས་པར་འགུགས་པར་བྱེད་པ་མཆོག །བཀྲ་ཤིས་ཡི་གེས་བསྒྲུབས་བྱས་ཏེ། །རང་རང་མཆོད་པའི་མཐར་ལྡན་པས། །གཟའ་རྣམས་ངེས་པར་འགུགས་པར་བྱེད། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གཟའ་རྣམས་བསྒྲུབ་པའི་ཆོ་ག་འདི་གསུངས་སོ། །སྟོང་པ་ཉིད་ནི་རྣམ་བསྒོམས་ཏེ། །དག་པར་བྱེད་པའི་དོན་དུ་ནི། །གསང་སྔགས་འདི་ནི་མངོན་དུ་བཟླས། །ཨོ་མ་ཧྭ་ཤཱ་རྒྱ་ཡ་ཏྭ་ཙྭ་ན་བཛྲ་སྭ་བྷ་བ་ཨུད་མ་ཀོ྅ཧ༷། ཡི་གེ་༷་གྱི་གནས་བསྒོམས་པས། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་མེད་པར་པས་དེ་ལྟར་བསྒོམ་པར་བྱ། །དཀྱིལ་འཁོར་གཉིས་པའི་བར་ཁྱམས་ལ། །རྒྱུ་སྐར་རྣམས་ཀྱང་བཞག་པར་བྱ། །སྨིན་དྲུག་ཁ་དོག་དམར་པོ་སྟེ། །བུམ་པའི་སྟོང་ན་ཁྲོ་བོའི་འོད། །སྣར་མ་ཁ་དོག་ལྗང་ཁུ་སྟེ། ཁྱུ་མཆོག་སྟན་དང་ཡང་དག་ལྡན། །རི་དགས་ལ་ནི་ཞོན་པ་ཡི། ། མགོ་ནི་ཁ་དོག་སེར་པོ་བྱ། །སྦྲུལ་གྱི་སྟེང་ན་གནས་པར་ནི། །ལག་ནི་ཁ་དོག་དམར་པོར་བསམ། །དེ་བཞིན་སྐག་ནི་ཁ་དོག་སྔོ། །བྱ་ལ་ཤོན་པར་བསམ་པར་བྱ། །མ་ཧེ་ལ་ནི་ཞོན་པ་ཡི། །མཆུ་ནི་ཁ་དོག་སེར་པོ་སྟེ། ཁ་དོག་དཀར་པོ་དང་ལྡན་པའི། །གྲེ་ནི་པདྨ་ལ་གནས་པའི། །དབོ་ནི་ཁ་དོག་ལྗང་ཁུར་བསམ། །མེ་བཞི་ཁ་དོག་སེར་པོ་ཏེ། །གླང་ཆེན་སྟན་ལ་གནས་པའོ། །རློན་སྟེན་ལ་ནི་གནས་པ་ཡི། །ས་རི་ཁ་དོག་དམར་པོར་བསམ། །མེ་ལྷའི་གདན་ལ་གནས་པ་ཡི། །ས་ག་ལྗང་ཁུའི་ཁ་དོག་ལྡན། །པདྨ་གདན་ལ་གནས་པ་ཡི། །ལྷ་མཚམས་ཁ་དོག་སེར་པོ་བསམཁ་དོག་དམར་ནག་དང་ལྡན་པའི། །སྣོན་ནི་རློན་སྟན་སྟེང་དུ་བསམ། །སྣྲུབ་ནི་ཁ་དོག་ལྗང་ཁུ་ལ། །རུས་སྦལ་སྟན་ལ་ཡང་དག་གནས། །ཆུ་སྟོད་སྔ་མའི་སྟན་ལ་གནས། ཁ་དོག་སེར་པོར་བསམ་པར་བྱ། །མི་ལ་ཞོན་པའི་ཁ་དོག་ལྗང་། །ཆུ་སྨད་མཁས་པས་བསམ་པརབྱ། །བྱིབཞིནཁདོགསེརཔོ་སྟེ། །རློན་སྟན་སྟེང་དུ་ཡང་དག་གནས། །གྲོབཞིནཁདོགསེརཔོ་སྟེ། །སྨིག་མའི་སྣོད་ཀྱི་སྟེང་དུ་བསམ། །མོན་གྲུ་ཁ་དོག་དམར་ནག་ལ། །རློན་སྟན་ལ་ནི་ཡང་དག་གནས། །མོན་གྲེ་ལ་ཁ་དོག་ལྗང་ཁུ་སྟེ། ཁྱུ་ཆོག་དག་པའི་སྟན་ལ་གནས། ཁྲུམས་སྟོད་ཁ་དོག་ལྗང་ཁུ་སྟེ། །ས་ཡི་སྙིང་པོ་སྟན་ལ་གནས། ཁྲུམས་སྨད་གསེར་གྱི་མདོག་ལྡན་ལ། །སྔ་མའི་སྟན་ལ་ལྡན་པར་བསམ། །ནམ་གྲུ་ཁ་དོག་དམར་པོ་སྟེ། །རྟ་ཡི་སྟེང་དུ་གནས་པའོ། །ཐ་སྐར་ཁ་དོག་ལྗང་ཁུ་ལ། །མི་ལ་ཞོན་པ་བསམ་པར་བྱ། །འཁོར་བའི་སྟེང་ན་གནས་པ་ཡི། །ལྗང་ཁུ་བྲ་ཉེ་བསམ་པར་བྱ། །རྒྱུ་སྐར་འདི་དག་ཐམས་ཅད་ཡང་། །ཀུན་ཀྱང་བུད་མེད་གཟུགས་འཛིན་ཅིང་། །ཞི་བའི་རྒྱན་དང་ཡང་དག་ལྡན། །དབང་པོ་གཞུ་ཡིས་ཀུན་ནས་མཛེས། །དེ་ལྟར་རྣམ་པར་བསྒོམ་བྱས་ཏེ། །རང་རང་གསང་སྔགས་བརྗོད་ན་ནི། །འདོད་པ་ཐམས་ཅད་གྲུབ་པར་བྱེད། །དེ་ནས་བཅོམ་ལྡ་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཀླུའི་རྒྱལ་པོ་དུས་ཐམས་ཅད་དུས་ངེས་པར་གྲུབ་པར་བྱེད་པའི་རིག་པ་འདི་གསུངས་སོ། །ཨ་ནན་ཏ། ཏ་ཀྟ་ཀ ཀར་ཀོ་ཊ། ཀུ་ལི་ཀ བཱ་སུ་ཀི པདྨ། ཤང་ཀ་བཱ་ལ། བ་རུ་ན། ཨོ་ཞེས་པ་ཡི་ཡི་གེས་ནི། །གསང་སྔགས་ཐམས་ཅད་གྲུབ་པར་བྱེད་པའོ། །བཀྲ་ཤིས་བྱས་པས་ལས་ཀུན་བྱེད། །ཧུ༷་ཕཊ་ཀྱི་ནི་གསོད་པར་བྱེད། །ཕུ་ཡིས་དགོས་པ་གྲུབ་པར་བྱེད། །ཕ་ཡིས་ཏཀྟ་ཀ་གྲུབ་འགྱུར། །ཕུ་ཡིས་ཀ་ར་ཀོ་ཏ་སྟེ། །ཡི་གེ་ཕ་ཡི་ཨུ་ལི་ཀ །ཕི་ཡིས་བ་སུ་གྲུབ་པར་བྱེད། །ཡི་གེ་ཕེ་ཡིས་མ་ལུཀ །དེབཞིནཔདྨ གྲུབབྱེད་པ། །ཡི་གེ་ཕེ་ཞེས་བསྒྲགས། ཕེའུ་གྱིས་ནི་ཆུ་ལྷ་གྲུབ་པར་བྱེད། །རིག་པ་གང་གི་ཕྱག་རྒྱ་མཆོག །རབ་ཏུ་རྒྱས་པར་བྱེད་པ་ཡིན། །དེ་ནས་བཅོ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཀླུའི་རྒྱལ་པོ་བསྒྲུབ་པའི་ཆོ་ག་འདི་གསུངས་སོ། །མཁའ་དབྱིངས་རྡོ་རྗེ་སྒྲུབ་བྱེད་པ། །བྲུ༷་གྱི་གཟུགས་ཅན་རྣམ་པར་བསམ། །རིན་ཆེན་ཁང་པར་མཛེས་པ་ནི། ། གྲུ་བཞི་པ་ལ་སྒོ་བཞི་པ། །པདྨ་བརྒྱད་དང་ཡང་དག་ལྡན། །དེ་ཡི་དབུས་སུ་བསྒོམ་པ་ནི། ། གར་གྱི་དབང་ཕྱུག་ཕྱག་རྒྱ་ཆེ། །རིག་པའི་རྒྱལ་པོ་བསམ་པར་བྱ། །ཕུ་ཡི་ས་བོན་ལས་བྱུང་བ། ཁ་དོག་ཆགས་དང་ཞི་བར་ལྡན། །མཐའ་ཡས་ཤར་གྱི་འདབ་མར་བསམ། །ཕུ༷༷ཡི་ས་བོན་ལས་བྱུང་བ། །འཇོག་པོ་ལྷོ་ཡི་ཕྱོགས་སུ་ནི། །སེར་ཞིང་དཀར་བ་བསམ་པར་བྱ། ། རིགས་ལྡན་ནུབ་ཀྱི་འདབ་མ་ལ། ཁ་དོག་དཀར་པོ་དང་ལྡན་པ། །ཕུ༷་ལས་བྱུང་བ་བསམ་པར་བྱ། །ཀར་ཀོ་ཊ་ནི་བྱང་ཕྱོགས་སུ། །ཕ་ལས་བྱུང་བ་བསམ་པར་བྱ། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་ལྷ་རྣམ་པ་བཞི། །མེ་དང་སྲིན་པོ་རླུང་ལྷ་དང་། །འབྱུང་པོའི་ཕྱོགས་སུ་བསམ་བྱ་ཏེ། །ལྗང་སྔོན་དཀར་དང་དམར་སྐྱ་དང་། །དཀར་པོའི་མདོག་ཏུ་བསམ་པར་བྱ། །རང་གི་གཙུག་ཏོར་སྦྲུལ་དང་ལྡན། །སྦྲུལ་མགོ་བདུན་དང་ལྡན་པ་ཡིས། །ཀླུ་མོ་ཡིས་ནི་མགུལ་ནས་འཁྱུད། །ཀུན་ཀྱང་ཕུད་ཀྱི་སྒྲ་དང་ལྡན། །ཕྲ་མོའི་དམ་ཚིག་མཛེས་གི་དངོས། །གར་གྱི་དབང་ཕྱུག་ཕྱག་རྒྱ་ཆེ། །རང་གི་སྙིང་ལས་ལྷ་མོ་བྱུང་། ཁ་དོག་སེར་པོ་འོད་དང་ལྡན། །ལག་ན་བདུད་རྩི་བུམ་པ་ཐོགས། །ཟླ་བའི་གདན་ལ་གནས་པ་སྟེ། །འོ་མ་འཛིན་པ་རབ་ཏུ་རྒྱས། །རོ་སྨད་ལྕི་བའི་རྣམ་པར་ལྡན། །དེ་ལྟར་རྣམ་པ་བསྒོམས་བྱས་ན། །རང་གི་འདོད་པ་ཐམས་ཅད་འགྲུབ། །རྨི་ལམ་དུ་ནི་གྲུབ་པ་སྟེར། །འོད་དང་སྒྲ་དང་དུ་བ་དང་། །གཟུགས་ནི་རབ་ཏུ་སྟེར་བར་བྱེད། །གང་གིས་སྤྲུལ་པའི་ཡིད་དང་ལྡན། །སྙིང་ལ་གནས་པ་གྲུབ་པར་བྱེད། །དམ་ཚིག་འདི་ནི་ལྷ་མོ་ཆེ། །ཕྱག་རྒྱ་འཛིན་པར་བྱེད་པ་ཡིན། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་ཐམས་ཅད་བསྒྲུབ་པའི་སྙིང་པོ་འདི་གསུངས་སོ། །ཨོ་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨེ་ཨུ་རསྙི་ཧྲི་ཛ། ཨ་ནི་མ་སྐྱེས་ཆོས་ཀྱི་དབྱིངས། །ཨོ་ནི་རིག་པའི་རྫུ་འཕྲུལ་ཆེ། ། ཨ་ནི་གཉིས་སུ་མེད་པ་སྟེ། །ཨ༷་ནི་བདེ་བ་ཆེན་པོའོ། །སྔགས་རྣམས་ཐམས་ཅད་གྲུབ་བྱེད་ཡིན། །ཧ་ནི་འཁོར་ལོ་ཆེན་པོ་སྟེ། །ཨུས་ནི་འཇིག་རྟེན་བདེ་སྐྱོང་ཞིང་། །ཡི་གེ་ལས་ནི་སྐྱེ་བྲལ་བ། །དེ་བཞིན་ཨུས་ནི་ངེས་བྱེད་ཡིན། །རིང་པོ་གང་ལ་གནས་གྱུར་པ། །དེ་ནི་བདག་གི་རྫུ་འཕྲུལ་ཆེ། །ཧ་ནི་རི་ལས་བྱུང་ཞེས་པ། །དེ་ནི་མིག་དང་ལྡན་ཞེས་བརྗོད། །ཨུས་ནི་འགུགས་པར་བྱེད་པ་སྟེ། །ཨ༷་ནི་རྣམ་པར་བསྐྱེད་པ་ཡིན། །ཡི་གེ་ཕ་ནི་རྡོ་རྗེ་སྟེ། །རྡོ་རྗེ་ཞེས་བྱ་ཆོས་འབྱུང་ཉིད། །ཊས་ནི་གསལ་བར་བྱེད་པ་ཡིན། །ཨ་ནི་མ་སྐྱེས་པར་སྟོན་པ། །མ་སྐྱེས་སྐྱེས་པ་ཨི་ཡིས་བརྗོད། །སྐྱེས་པ་དེ་ཉིད་མ་སྐྱེས་པ། །དེ་ཉིད་ཨ་ཡིས་བརྗོད་པ་སྟེ། ། ར་ནི་ཆགས་པར་བརྗོད་པ་ཡིན། །བདེ་ཉིད་ཆགས་པ་མེད་པ་ལ། །ཆགས་མེད་ཆགས་པ་ཨི་ཡིས་བརྗོད། །ཧ་ནི་གཡོ་བ་མེད་པ་སྟེ། །འཕྲོག་པ་བྱེད་པ་ར་ཡིས་བཤད། །འཕྲོག་པར་འཕྲོག་པ་མེད་པའི་ཨི། །བདེ་བ་འགུགས་པ་ཛ་ཡིས་བཤད། །ཨོ་ནི་རྡོ་རྗེ་དབྱིངས་ཉིད་དེ། ། ཧུ་ལུས་རྡོ་རྗེ་ལག་པར་བརྗོད། །དེ་བཞིན་ཧུ་ལུས་ཞབས་དང་ལྡན། ་་ནི་གཤོག་པ་སེམས་དཔལ་སྟེ། །ཕཊ་ཀྱིས་སྲིན་མོ་སྐྲག་བྱེད་པའོ། །ཨེ་ནི་ལྷ་ཆེན་དྲེགས་པ་སྟེ། །ཨ་ནི་ཀླུ་རུ་ཡང་དག་གནས། །ར་ནི་གཟའ་རུ་བརྗོད་པ་སྟེ། །ལི་ནི་རྒྱལ་པོ་ཆེན་པོ་བཞི། །འཇིག་རྟེན་སྐྱོང་བར་གང་བཤད་པ། །ཧྲི་དང་ཛ་ཡིས་ཡང་དག་བརྗོད། །ཡང་འདི་ཡི་གེར་ཡང་དག་བཤད། །ཡི་གེ་ཞེས་པ་འགྱུར་བ་མེད། །དེ་ཉིད་ཡང་དག་འགྱུར་བ་སྟེ། །གང་གི་བདེ་བ་ཆེན་པོའི་སྐུ། །ཡང་དག་རིག་པའི་སྐུ་དང་ནི། །རྣམ་པར་དག་པའི་སྐུ་ཞེས་བཤད། །དེ་བཞིན་གསང་བ་མཆོག་གི་སྐུ། །འཇིག་རྟེན་འདས་པའི་སྐུ་ཉིད་དེ། །སྔགས་ཀྱི་དེ་ཉིད་ཡང་དག་འཛིན། ། གསུང་ལྔ་དག་པའི་ཕྱག་རྒྱ་སྟེ། །སྟོང་པ་ཉིད་ཀྱི་གསུང་དངནི། །དེབཞིནཚནམམེདཔའི་གསུང་། །སྨོན་པ་མེད་པའི་གསུང་དང་ལྡན། །རྣམ་པར་དག་པའི་གསུང་དག་དང་། །གསུང་ཅིག་ཡན་ལག་རྒྱ་མཚོའི་གསུང་། །དེ་བཞིན་ཚངས་པའི་གསུང་དང་ནི། །བརྗོད་བྲལ་གསུང་ཡང་དེ་ཉིད་དོ། །དེ་བཞིན་ཐུགས་ཀུན་བསྡུས་པ་སྟེ། །མཚན་མ་མེད་པའི་ཐུགས་དང་ནི། །ཅིར་ཡང་གསལ་བར་མཁྱེན་པའི་ཐུགས། །བདེ་ཆེན་སྒྲོལ་བའི་ཐུགས་དག་དང་། །མངོན་པར་བྱང་ཆུབ་ཐུགས་དག་དང་། །རྡོ་རྗེ་ལྟ་བུའི་ཐུགས་ཉིད་དོ། །དེ་བཞིན་ཆོས་ཀུན་གསུངས་པ་སྟེ། །མཚན་མ་མེད་པའི་ཆོས་དང་ནི། །དེ་བཞིན་རྣམ་པར་གྲོལ་བའི་ཆོས། ། སྟོན་པ་འབྱུང་བའི་ཆོས་དག་དང་། །དེ་ཉིད་ངེས་པའི་ཆོས་དག་དང་། །སྤྲོས་པ་མེད་པའི་ཆོས་ཉིད་དོ། །དཀྱིལ་འཁོར་ཐམས་ཅད་བསྡུས་པ་སྟེ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ དང་། །རྟ་མགྲིན་དབང་གི་དཀྱིལ་འཁོར་དང་། །ཡེ་ཤེས་སེམས་དཔའ་ཐུགས་ཀྱི་དཀྱིལ་འཁོར་དང་། །དེ་བཞིན་འགྲོ་བ་འདུལ་བ་དང་། ཁམས་གསུམ་རྣམ་པར་རྒྱལ་བ་དང་། །ཧུ༷་མཛད་ཆེན་པོའི་དཀྱིལ་འཁོར་དང་། །ཆོག་གནས་གསང་བའི་དཀྱིལ་འཁོར་དང་། །ལྷུན་རྫོགས་སྐུ་ཡི་དཀྱིལ་འཁོར་དང་། །གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྣམས་སུ་ཤེས་པར་བྱའོ། །དེ་བཞིན་ཕྱག་རྒྱ་བསྡུས་པ་སྟེ། །གཙོ་བོ་སྐུ་ཡི་ཕྱག་རྒྱ་དང་། །གཟུངས་མ་དམ་ཚིག་ཕྱག་རྒྱ་དང་། །འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་དང་། །ཆོས་ཉིད་མི་འགྱུར་ཕྱག་རྒྱ་ཆེ། ། འཕྲིན་ལས་ཐམས་ཅད་བསྡུས་པ་སྟེ། །ཞི་བ་དང་ནི་རྒྱས་པ་དང་། །དབང་དང་དེ་བཞིན་ཚར་གཅོད་པའོ། །ལས་ཉིད་སྔགས་ཀྱི་རང་བཞིན་ནོ། །དམ་ཚིག་ཐམས་ཅད་བསྡུས་པས་ཏེ། །ཡོན་ཏན་འབྱུང་གནས་དམ་ཚིག་དང་། །རྫོགས་པའི་ལྷ་མོའི་དམ་ཚིག་དང་། །སྤྱོད་པ་དབང་གི་དམ་ཚིག་གོ །ལས་བཞི་དག་པ་ཉིད་དང་ནི། །ཉོན་མོངས་སྒྲིབ་པ་སྦྱོང་བྱེད་དང་། །དེ་བཞིན་ཤེས་བྱའི་སྒྲིབ་སྦྱོང་དང་། །ཡོན་ཏན་ལྷུན་གྱིས་གྲུབ་བྱེད་དང་། །ཡོན་ཏན་སྦྱོང་བ་ཆེན་པོ་ཉིད། །ཡེ་ཤེས་དྲུག་གི་བདག་ཉིད་དེ། །མེ་ལོང་ལྟ་བུ་ཉིད་དང་ནི། །མཉམ་ཉིད་སོ་སོར་རྟོགས་པ་དང་། །དོན་ཀུན་གྲུབ་པ་ཉིད་དང་ནི། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཆེ། ། རྡོ་རྗེ་ཡེ་ཤེས་རྟོགས་པ་ཆེ། །དེ་བཞིན་སྐུ་དང་ཡེ་ཤེས་དང་༷། །༷རྒྱུ་དང་འབྲས་བུ་ཉིད་དང་ནི། ༷།ཐབས་དང་ཤེ་རབ་བདག་ཉིད་ཆེ། །ཨུ་དང་ཨོ་ཡི་སྦྱོར་བ་དང་། །དེ་བཞིན་ཨ་དང་ཡང་དག་ལྡན། །ཟླ་གཤོན་བདེ་བ་དང་ལྡན་པས། །གྲུབ་པའི་ཡི་གེ་ཐམས་ཅད་སྐྱེས། །ཨ༷་ཨ༷་སྙི་སྙི་སྐྲུ༷་སྐྲུ༷་རྫ་རྫ་ལོ་ལོ ཨེ་ཨོ་ཨོ༷་ཨོ་ཨ། ཀ༷་ཁ༷་ག༷་བྷ༷་ང༷་། ཙ༷་ཚ༷་ཛ༷་རྙོ༷་ཉ༷། ཊ༷་ཋ༷་ཌ༷་རྟེ༷་ཎ༷། པ༷་ཕ༷་བ༷་བྷ༷་མ༷། ཡ༷་ར༷་ལ༷་ཝེ། ཤ༷་ཥ༷་ས༷་ཧ༷། ཀྟ། ཧ་དང་ཨུ་ཡི་སྦྱོར་བ་དང་། །དེ་བཞིན་ཨ་ཉིད་རིང་པོ་དང་། །དེ་བཞིན་ལ་ལ་ཨུ་ལྡན་པས། །སྦྱོར་བའི་ཡི་གེ་ཉིད་ཀྱང་སྐྱེས། །ཡ་ཀ་ཁ་ག་བྷ་ང་། །ཧ་ལ་ཨུ་དང་ཡང་དག་ལྡན། །དེབཞིནཨཉིདརིངཔོ་དང་། །ཟླ་དཀོན་ཐིག་ལེར་ལྡན་པ་ཡིས། །ཡོན་ཏན་ཀུན་འབྱུང་ས་བོན་སྐྱེས། །ཙ་ཚ་ཛ་རྙོ་ཉ། ཡི་གེ་པ་ཉིད་རབ་ཏུ་གཅོད། ། པྱེད་པའི་ཏ་ཡིས་རབ་བརྒྱན་ཏེ། །འཁོར་བ་པ་ཡི་འདོད་པ་ཡིས། །རབ་དགའི་ས་བོན་བསྐྱེད་པར་བྱེད། །ར་ཊ་ཋ་ཌ་རྟེ་ཎ། ཨ་དང་ཨེ་ཡི་སྦྱོར་བ་ལས། །མགུ་བར་བྱེད་པའི་ཚིག་ ལྡན་པའི། །མ་རུངས་འཇོམས་པར་བྱེད་པ་ཡི། །གྲུབ་པའི་ཡི་གེ་བསྐྱེད་པར་བྱེད་། །ལ་ཏ་ཐ་ད་དྷ་ན། །ཨ་ཉིད་ཨ་དང་ཡང་དག་ལྡན། །སྟོང་པའི་ཡི་གེས་མཉམ་སྦྱོར་བ། །ས་བོན་ར་ཉིད་ཡོངས་བཟུང་སྟེ། །དག་པར་བྱེད་པའི་ས་བོན་བྱུང་། །ཝ་པ་ཕ་བ་བྷ་མ། །ལ་དང་ཨོ་རུ་མཉམ་སྦྱོར་བ། །དེ་ཉིད་ཨི་ཡིས་མཛེས་བྱས་པས། །གང་གིས་ཡང་དག་ངེས་བྱས་པས། ། ཐམས་ཅད་འཇིག་བྱེད་ས་བོན་འབྱུང་། །ཤ་ཥ་ས་ཧ། ཧ་དང་ར་རུ་མཉམ་སྦྱོར་ཏེ། །གང་གིས་ཨི་ཡིས་མཛེས་བྱས་ནས། །གང་ལ་རིང་པོ་ཉིད་ལྡན་པས། །སྟོང་པའི་ཡེ་ཤེས་སྐྱེད་པར་བྱེད། །སྒ་ཛ་ཉིད་ཨ་དང་ཡང་དག་ལྡན། །གཙོ་བོའི་འཁོར་ལོ་བསྐྱེད་ནས་ནི། །རང་གི་ཡོན་ཏན་མཆོག་སྦྱོར་བ། །འཚོགས་པའི་རྒྱུ་རྣམས་ཡང་དག་འབྱུང་། །ཡ་ར་ལ་ཝ ཁྱབ་པས་འབྲས་བུའི་རྣམ་པ་ཅན། །དྲག་པོའི་རིང་པོ་དང་། །དེ་བཞིན་སྣ་ཅན་ལྡན་པ་ཡིས། །ཡི་གེའི་འཁོར་ལོ་སྤྲོ་བར་བྱེད། །ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྟ། ཀྭ་ཁུ་གྭ་ལྷུ་རྭ་། ཙྭ་ཚྭ་ཛུ་རྙོ་ཉྭ། ཊ་ཁྲུ་ཌའ་ཧེ་ཎའ། ཏྭ་ཐུ་དྭ་དྷ་ནཱ། བཱ་ཕུ་བཱ་བྷ་མྱ། ཡུ་རྭ་ལྭ་ལྷུ། ཤཱ་ཥའ་སྭ་ཧྭ་ཀྟའ། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། སྔགས་ཐམས་ཅད་པའི་གནས་བྱིན་གྱིས་བརླབ་པ་འདི་གསུངས་སོ། །ཙིསྟ་ས་མན་ཏ་བྷ་དྲ་ས་མ་ཡ། ཨ་མ་ལ་མུ་ཏྲ་ཨ་མ་ལ་མུ་ཏྲ། བྷ་ག་བ་ཏི།མ་ཧ་དྷ་ར་མ་དྷ་སྲ ས་མ་ཡ་སྟུ༷། ཨ་མ་ལ་ར་ཏྲི། ཏ་ཏི་སྟ་ན་ཡེ་སྣ་ཧྭ། གསང་སྔགས་འདི་ནི་རྗེས་དྲན་པས། །རང་སྙིང་སེམས་ཀྱི་གཞལ་ཡས་ཁང་། ཁོ།ལ་སྒོང་དག་པ་ལྟ་བུ་ལ། །སྒོ་གཅིག་དང་ནི་ཡང་དག་ལྡན། །དེ་ཡི་ནང་བཞུགས་དཔའ་བོ་ནི། ཁ་དོག་དཀར་པོ་དང་ལྡན་པ། །ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཞི། །གཡས་པ་རྡོ་རྗེ་འཛིན་པ་སྟེ། །གཡོན་པ་དྲིལ་བུ་ཡང་དག་ལྡན། །ཉི་མ་ཡི་ནི་སྟེང་ན་གནས། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། །འབྲས་བུ་ཡེ་ཤེས་སེམས་དཔའ་སྒྲུབ་པར་བྱེད་པའི་རིམ་པ་འདི་གསུངས་སོ། །ཨོ་བཛྲ་སྭ་ཏ་ར་ཛ། སིརྙ་ཙྭ་ན་བོ་དྷི་ཙིཀྟ། ཨ་ལ་ལ་ཧོ། རིག་པའི་རྒྱལ་པོ་འདི་ཡིས་ནི། །རང་གི་ས་བོན་འོད་ཟེར་གྱིས། །སྣ་སྒོ་གཡས་ནས་ཕྱུང་ནས་ནི། །མགོ་བོའི་ནང་དུ་རབ་བཏོན་ཏེ། །ལྷག་པའི་ལམ་དུ་ཕྱུང་ནས་ནི། །རྣ་བ་གཡས་ནས་གཡོན་དུ་ཕྱུང་། །དེ་བཞིན་ལྟ་བྱེད་གཡས་ནས་གཡོན། །དབུ་མི་མིག་ཏུ་ཐིམ་བྱས་ཏེ། །རང་གི་ས་བོན་ལས་བསྡུས་ནས། །འབྲས་བུ་ཕྱག་རྒྱ་ཆེན་པོར་གྲུབ། །ཆགས་པའི་ཁ་དོག་དང་ལྡན་པ། །ཞལ་གསུམ་པ་ལ་ཕྱག་དྲུག་ཚུལ། །རིགས་ཀྱི་ཕྱག་རྒྱ་དྲུག་དང་ལྡན། །འདི་ནི་སྔགས་རྣམས་ཐམས་ཅད་པའི། །གྲུབ་པ་རྣམས་ནི་གནས་ཆེན་ཡིན། །དེ་ཁོ་ན་ཉིད་གསང་བའི་རྒྱུད་ལས། །འཇིག་རྟེན་གྱི་འཁོར་ལོ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་བརྟག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རིགས་ཐམས་ཅད་ལྷུན་གྱིས་གྲུབ་པར་བྱེད་པའི་རིག་སྔགས་འདི་གསུངས་སོ། །ཨོ་པདྨ་ཤི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་མ་ཧྭ་ཙཎྜ་སརྦ་དུ་་ད་ཀ་ཧ་ན་ཐ་མ་པ་ཙ་ཧུ༷་ཧྲི་ཕཊ། གསང་བ་འདི་ནི་གསང་བ་ཆེ། །སངས་རྒྱས་ཀུན་གྱི་གསང་བ་ཡིན། །གསང་ཆེན་དེ་ཉིད་ངེས་པ་ཡི། །འབྲས་བུ་མཆོག་ཏུ་གྲུབ་པར་བྱེད། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རིགས་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བསྒྲུབ་པ་འདི་གསུངས་སོ། །ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པའི་སྦྱོར་བ་ཡིས། །ཀུན་ཏུ་མཉམ་པ་ཉིད་དུ་གསལ། །ས་བོན་སྒྱུ༷་ལས་བྱུང་བ་ཡིས། །གཞལ་ཡས་ཁང་པ་བསམ་པར་བྱ། །དབང་ཆེན་ཡུམ་ལྔ་བརྩེགས་པའི་གནས། །སྤྲུལ་པའི་ཡོན་ཏན་འབྱུང་བའི་ཀློང་། །སྒྱུ༷་གྱི་བྱིན་བརླབས་བསམ་མི་ཁྱབ། །ལྷ་ཆེན་བརྒྱད་ཀྱིས་རྨང་བྱས་ཏེ། །འཇིག་རྟེན་སྐྱོང་བ་བཅུ་ཡིས་བརྩིགས། །རྒྱལ་ཆེན་བཞི་ནི་ཀ་བར་བཙུགས། །ཀླུ་ཆེན་བརྒྱད་ནི་གདུང་བྱས་ཏེ། །གཟའ་ཆེན་བརྒྱད་ནི་ཁ་པད་ལ། །རྒྱུ་སྐར་རྣམས་ཀྱིས་མིག་མངས་རིས། །དཀྱིལ་འཁོར་ཕོ་བྲང་ནང་དུ་ནི། །གྲུ་གསུམ་ཟླ་གམ་འོད་འཕྲོ་འབར། །བཅུ་དྲུག་རྩིབས་ལྡན་འཁོར་ལོ་དང་། །ཕྱི་རིམ་པདྨ་ཉི་ཤུ་བཞི། །ཟུར་བཞི་རིན་ཆེན་ཁྲི་རྐང་ལ། །སྤྲིན་མེད་ཉི་མ་བདུན་གྱིས་བརྒྱན། །བར་ཁྱམས་གཉིས་དང་སྒོ་བཞིར་ལྡན། །དེ་ཡི་དབུས་ཀྱི་དཔའ་བོ་ཆེ། །གར་གྱི་དབང་ཕྱུག་ཆེན་པོ་ནི། །དབུ་ལྔ་ཕྱག་ནི་བཅུ་དྲུག་སྟེ། །ཞབས་ནི་རྣམ་པ་བརྒྱད་དུ་བསྟན། །དབུ་སྐྲ་ཁམ་ནག་གྱེན་དུ་འགྲེང་། །དབུ་གཙུག་རྟ་མགོ་ལྔ་དང་ལྡན། །བཅོ་ལྔའི་སྤྱན་གྱིས་འགྲོ་ལ་གཟིགས། །སྙན་བཅུས་དེ་བཞིན་ཉིད་ལ་ཉན། ཁྲངས་ལྔས་དབུགས་ལ་སྤྲུལ་པ་འཕྲོ། །ཞལ་ལྔ་རྔམ་ཞིང་བརྗིད་པ་ཡི། །དབུ་ལྔའི་ཐོད་པའི་ཁང་པ་ནི། །རྟོག་པ་དང་པོ་བདེ་བ་ཆེ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི། །ཟླ་བ་རྒྱས་པའི་ཚུལ་དུ་གནས། །འགྲོ་བ་འདུལ་བར་བྱེད་པའི་ཕྱག །དང་པོ་རྡོ་རྗེ་ལྕགས་ཀྱུ་དང་། །འོག་མ་སྡིག་པའི་ཁྲོ་མཛུབ་ཀྱིས། །སྦྲུལ་གྱི་ཞབས་པ་འཛིན་པ་ཆེ། །གསུམ་པ་ན་ནི་རྔེ་ཆུང་སྟེ། །མི་ཡི་མགོ་བོ་བཞི་བ་ན། །རྩེ་དགུ་ལ་སོགས་རྡོ་རྗེ་བཞི། །གཡས་ཀྱི་ལྷག་མས་འཛིན་པར་བྱེད། །དཀར་མོ་ལ་སོགས་རང་བཞིན་ནོ། །དེ་བཞིན་གཡོན་གྱི་དང་པོ་ན། །མེ་ཡི་འཕྲེང་བ་འཛིན་པར་བྱེད། གཉིས་པ་ན་ནི་ཞགས་པ་སྟེ། །གསུམ་པ་མི་ཡི་མགོ་བོ་ཉིད། །དེ་བཞིན་འབར་བའི་སྙིང་འཛིན་ཅིང་། །རྡོ་རྗེ་ལྕགས་ཀྱུ་ཉིད་དང་ནི། །རྔེ་ཆུང་རྩེ་གསུམ་གཡོན་པ་ན། །སེང་གདོང་ལ་སོགས་རང་བཞིན་ཅན། །སྦྲུལ་གྱི་གདུབ་བུས་རབ་ཏུ་བརྒྱན། །དཔལ་བེའུ་འཁོར་ལོ་སྙིང་ནང་ན། །སྔགས་རྣམས་ཀུན་གྱི་རྟེན་རང་བཞིན། །བཞི་བཅུ་རྩ་གཉིས་ཕྱག་རྒྱ་ཆེ། །རིགས་ལྔ་སེམས་དཔའ་དང་བཅས་པ། །དཀྱིལ་འཁོར་འཁོར་ལོའི་ཕྱག་རྒྱ་ཆེ། །རིན་ཆེན་ཁྲི་རྐང་རྣམ་པ་བཞི། །རིགས་ལྔའི་ཁྲོ་བོའི་རང་བཞིན་ཉིད། །འགྲོ་བ་འདུལ་བར་བྱེད་པའི་རིགས། །ཧུ༷་མཛད་ཆེན་པོའི་དཀྱིལ་འཁོར་ཏེ། །སྟག་གི་རྒྱན་དང་ལྡན་པའི་ཞབས། །ཧུ༷་ཞེས་སྒྲོགས་པའི་ངོ་བོ་ཉིད། །དེ་བཞིན་བིཌརླ་ཡི་ཞབས། །མི་གཡོ་མགོན་གྱི་བདག་ཉིད་དོ། །རྡོ་རྗེ་རྒྱན་དང་ལྡན་པ་ནི། །གཤིན་རྗེ་གཤེད་པོ་དེ་རང་བཞིན། །བསེ་ཡི་ཡ་ལད་དང་ལྡན་པ། །དབྱུག་པ་སྔོན་པོའི་བདག་ཉིད་ཅན། །སྦྲུལ་གྱི་གོས་དང་ལྡན་པ་ནི། །པདྨ་འཁྱིལ་པའི་རང་བཞིན་ནོ། །འགྱུར་མེད་ཆེ་བའི་ཞབས་ལྡན་པའི། འདོད་པའི་རྒྱལ་པོའི་བདག་ཉིད་ཅན། ཁུ་ཀེན་ལེའུ་རྒན་དང་ལྡན། །བདུད་རྩི་འཁྱིལ་བའི་བདག་ཉིད་དེ། །ཐིག་ལེ་ཅན་ནི་ཞབས་ལྡན་པ། །འདི་ནི་སྟོབས་ཆེན་རྒྱལ་པོ་སྟེ། །སྤྲིན་མེད་ཉི་མ་བདུན་ལྡན་པ། །སྲིན་མོ་རྣམས་ཀྱི་ཕྱག་རྒྱ་ཆེ། །རྡོ་རྗེ་དཀྱིལ་འཁོར་འདི་དག་ཉིད། །གང་གིས་གང་དུ་རབ་བསམས་པ། །དཀྱིལ་འཁོར་ཐམས་ཅད་གྲུབ་པར་བྱེད། །དེ་ནས་བཅོམ་ལྡན་འདས་དཔལ་པད་མ་གར་གྱི་དབང་ཕྱུག་གིས། བཅོམ་ལྡན་འདས་རིགས་པ་ཆེན་པོའི་དབང་ཕྱུག་གི་ཐུགས་ཀྱི་དངོས་གྲུབ་ཀྱི་ཆོ་ག་འདི་གསུངས་སོ། །གནམ་ལྕགས་ཤིན་ཏུ་ཁྲོས་པ་ལ། །མཁས་པས་རྡོ་རྗེ་ལྕགས་ཀྱུར་བྱ། །རང་གི་ཕྱག་རྒྱ་ལྡན་པ་ཡིས། ཁུ།ན་དུ་མཁས་ལ་གཞག་བྱས་ནས། །ལག་ཏུ་ཐོགས་པ་ཙམ་གྱིས་ནི། །རྡོ་རྗེ་འཛིན་པ་ཐམས་ཅད་ཀུན། །ངེས་པར་མདུན་དུ་འགུགས་འགྱུར་ཏེ། །ཇི་ལྟར་འདོད་པ་གཞིན་དུ་སྤྱོད། །དེ་བཞིན་བདུད་རྩི་ལྔ་རྣམས་ནི། །མཁས་པས་ལག་ཏུ་སྦྱར་བྱས་ཏེ། །སྦྲུལ་གྱི་ཞགས་པའི་གཟུགས་སུ་བྱས། །དཔའ་བོ་རང་གི་ཕྱག་རྒྱ་ཆེ། །རབ་ཏུ་ཁྲོས་པས་བརྟག་བྱས་ན། །གང་ཡང་རབ་ཏུ་འཆིང་འགྱུར་ཏེ། །ཐོད་པ་འམ་ནི་སེང་ལྡེང་ལ། །བུད་མེད་པགས་པས་དགབ་བྱས་ཏེ། །རྔེ་ཆུང་གཟུགས་སུ་བྱས་ནས་ནི། །དཔའ་བོ་ཕྱག་རྒྱ་ཆོ་ག་བཞིན། །གང་གིས་རབ་ཏུ་སྦྱར་བྱས་ན། །ལག་ཏུ་ཐོགས་པ་ཙམ་གྱི་ནི། །སངས་རྒྱས་ཞིང་ཁམས་ཐམས་ཅད་ཀུན། །འགུགས་པར་འདོད་ན་འགུགས་པར་བྱེད། །གཡོ་བར་འདོད་ན་གཡོ་བར་བྱེད། །སྒྲ་བསྒྲགས་པས་ནི་སྨོས་ཅི་དགོས། །ཐོག་དང་སེར་བ་བྱུང་བ་དང་། །དུས་མིན་ཆར་དང་རླུད་ལ་སོགས། །ལག་ཏུ་ཐོགས་པས་ངེས་པར་གཅོད།།སྐྱེ་བདུན་པ་དང་བྲམ་ཟེ་དང་། །རྒྱལ་པོ་དང་ནི་རྒྱལ་རིགས་དང་། །དེབཞིནརྡོརྗེའཛིནཔ་ཡི། །ཐོད་པ་མཁས་པས་བླང་བྱས་ཏེ། །བདུད་རྩི་ལྔ་དང་ལྡན་བྱས་ནས། །རང་གི་ཕྱག་རྒྱ་རྣམས་བྱས་ཏེ། །གང་སྡེར་རང་ལས་འབྱུང་བ་ཡི། །ཚན་མ་བརྟན་པོ་བསྒོམ་པར་བྱ། །ལག་ཏུ་ཐོག་པ་ཙམ་གྱིས་ནི། །འཆི་མེད་དུས་ཀུན་འགུགས་པར་བྱེད། །ཟས་དང་སྐོམ་དང་བཤོན་པ་དང་། །དེ་བཞིན་ཡིད་ལ་འདོད་པ་ཀུན། །མ་ལུས་མྱུར་དུ་གྲུབ་པར་འགྱུར། །དེ་བཞིན་གནམ་ལྕགས་ལས་བྱས་པའམ། །གཞན་དུ་ལྕགས་ལས་བྱས་པ་ཡི། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །རིགས་ལྔ་ཡུམ་ལྔ་དང་ལྡན་པར། །ལྟེ་བར་དཔའ་བོ་བསྒོམ་པར་བྱ། །ཡང་ན་དཔའ་བོའི་བདག་ཉིད་དུ། །མཁས་པས་ངེས་པར་བསྒོམས་གྱུར་ན། །ལག་ཏུ་བླངས་པ་ཙམ་གྱིས་ནི། །ས་དགུ་ཡི་ནི་བདག་པོར་འགྱུར། །མཚན་མ་དེ་བཞིན་གཞན་རྣམས་ཀྱང་། །རང་རང་རྩེ་མོ་ཇི་བཞིན་དུ། །ས་ཡི་གྲངས་ཀྱང་དུལ་བར་བྱེད། །ཐམས་ཅད་ཀུན་ཏུ་མྱུར་འགྲོ་ཞིང་། །རིགས་རྣམས་ཀུན་ཏུ་གཡོ་བར་འགྱུར། །ད་རུ་ར་དང་ན་ལེ་ཤམ། །ཀུན་ཏུ་འབྲུ་མར་མཉམ་སྦྱར་ཏེ། །རྒྱ་ཚོའི་ལན་ཚྭ་ལྕེ་མྱང་ཚ། །མཁས་པས་མེ་ཡི་གཟུགས་སུ་བྱ། །དཔའ་བོ་ཉིད་དུ་རབ་བསྒོམ་ན། །འདིས་ནི་མེ་ཡང་འཚིག་པར་འགྱུར། །ཆུར་བསྒྱུར་ལ་སོགས་སྨོས་ཅི་དགོས། །བདུད་རྩི་ལྔ་དང་ཟས་ལྔའམ། ཡང་ན་ལྕགས་གསུམ་ལས་བྱས་པའི། །རྩེ་གསུམ་ཚད་དང་ལྡན་པར་གཟུང་། གང་གིས་གར་གྱི་དབང་ཕྱུག་ནི། །གཡོན་པའི་ཐ་མར་རབ་བརྟག་པས། །གང་གིས་ས་གསུམ་དབང་དུ་འགྱུར། །རྡོ་རྗེ་རྫུ་འཕྲུལ་ཕྱག་རྒྱ་གཟུང་། །འདི་ནི་བཅངས་པ་ཙམ་གྱིས་ཀྱང་། །ས་གསུམ་སྐྱེ་བོ་ངེས་པར་འབབས བང་པོ་ཡི་རྣི་མིང་ ཀྲག་ལྕེ། །རྗོ་རྗེ་ལྕགས་ཀྱས་ངེས་བཀུག་པས། །རིགས་རྣམས་མྱུར་དུ་འཁྲུགས་གྱུར་ནས། །གང་འདོད་ལས་རྣམས་བྱེད་པར་འགྱུར། །རང་གི་ཕྱག་རྒྱ་ལྡན་པ་ཡིས། །མགོ་ལ་རྔ་ཅིབ་ངེས་་བ།ང་སྡེ།ལ།མི་བཟཇེ་སྣོ་ཡི་ཟློད་།བརྟིན་སྐྲུས། །སྣྲེ་ཟ་རྡིང་ནི་གཤིརྣེ་རྗེ་ཀླུ། །གནོད་སྨིན་འཕྲ་མེན་ཚོགས་དང་བཅས། །ཧ་ཧ་ཞེས་བཞད་སྒྲ་དང་ལྡན། །བདེ་བའི་ཡིད་ནི་དོར་ནས་སུ། །རབ་ཏུ་བྲེད་ཅིང་ཟློམ༷་རཏེ། །མི་དྲིཟོད་སྨི་སྔབཛྲ་བཏོརྣོ་རྣིས་་རྣི།། །འཇིགས་པའི་ཤགས་ཀྱིས་དབང་དུ་འདུ། །་ཐོག་ཐོང་ཞིག་པའི་སྒྲ་ཡང་སྒྲོག །ཞབས་ཀྱི་ཆས་བརྒྱད་གསལ་ནས་ནི། ཁྲོ་བོ་གན་རྒྱལ་སྒྱེལ་ནས་ནི། །དྲན་པའི་རྟེན་ཀློ་བཟིརྗེ་བྱརྨི་ན། །ཁྲོ་བོ་།ཡི་ད་ནི་།རབ་ཉི་ཟླེ་།ག །ཇིང་གི་འཁོར་ཚོགཐོ་ཐམས་ཅད་ཀུན། །བདེ་བའི་ཡིད་ནི་དོར་ནས་ནི། །རབ་ཏུ་སྐྲག་སྟེ་འདར་བ་དང་། །མི་བཟོད་སྨྲེ་སྔགས་གཏོན་ནས་ནི། །འཇིགས་པའི་ཤུགས་ཀྱིས་།དབང་ད་འཇི། །གཙུག་རྟེཇོ་ཕྱག་རྐྱི་ཆེརྣོ་ནྟྲ་ལས། །།གང་ལ་རབ་ཏུ་བཞག་བྱས་ཏེ། །ཕྱག་རྒྱ་གཅིག་ཏུ་ཕྱག་རྒྱ་ཀུན། །དྲན་པ་ལ་ནི་རབ་བཞག་ན། །རིགས་ཀྱི་འཁོར་ལོ་དང་ལྡན་པ། །རྡོ་རྗེ་མིག་གིས་མཐོང་བར་འགྱུར།། །འསྡོག་རྙོན་མ།ཐབླ་ཡས་གྱུཇེ་པ་ཡི། །སངས་རྒྱས་ཞིང་ཁམས་ཐམས་ཅད་ཀུན། །ལག་མཐིལ་ནོར་བུ་བཞག་པབཞིན། །རྡོརྗེམིག་གིས་མཐོང་གྱུར་ཏེ། །དེ་བཞིནསྒྲརྣམསཐམས་ཅད་ཀུན། །རྡོ་རྗེ་རྣ་༄༅ བས་ཐོས་པར་འགྱུར། །དཔལ་བེའུ་འཁོར་ལོ་དྲན་པ་ལ། །ངེས་པར་རབ་ཏུ་སྦྱར་བྱས་ཏེ། །མཁས་པས་སྒྱུ་མ་མིག་འཁྲུལ་བཞིན། །ཡི་གེའི་མགོ་བོར་དཀྱིལ་འཁོར་གནས། །དེས་ནས་སངས་རྒྱས་ཐམས་ཅད་ཀུན། །གཞི་ན་གནས་པ་ངེས་པར་མཐོང་། །སྐྱེས་བ་གྲང་མེད་བགྲངས་བྱས་ལ། །སྔ་མར་འགག་པར་གྱུར་པ་རྣམས། །ཉི་མ་གསུམ་པ་འགགས་པ་བཞིན། །རྡོ་རྗེ་སེམས་ཀྱི་དྲན་པར་འགྱུར། །གང་གིས་ལྕགས་གསུམ་ལས་བྱུང་བའི། །རྡོ་རྗེ་ལ་ནི་གཤོག་པ་གནས། །སྦྲུལ་གྱི་རྒྱན་དང་ལྡན་པ་ལ། །དཔའ་བོ་རང་གི་ཕྱག་རྒྱ་བསྒོམས། །སྔགས་ཀྱི་རྒྱལ་པོས་བརྟགས་བྱས་ཏེ། །གང་གིས་ལུས་ལ་གདགས་བྱས་པས། །རྡོ་རྗེ་ས་གཞིར་འགྱུར་བ་ཡང་། །ཆུ་ལ་ཇི་བཞིན་འཛུལ་བར་འགྱུར། །དེ་བཞིན་རྒྱ་མཚོ་ཆེན་པོ་ལའང་། །དགོས་མེད་ས་བཞིན་འགྲོ་འགྱུར་ཏེ། །མཁའ་ལྡིང་རྒྱལ་པོ་ཇི་བཞིན་དུ། །ནམ་མཁར་ཐོགས་པ་མེད་པར་འགྲོ། །རིན་ཆེན་བརྒྱན་པའི་ཁྲི་བྱས་ལ། །སྟན་ལ་གནས་པ་ཙམ་གྱིས་ཀྱང་། །འཛུལ་ལམ་ནམ་མཁར་འགྲོ་བ་དང་། །ཇི་ལྟར་འདོད་པ་བྱེད་པར་འགྱུར། །ཡོངས་སུ་རྫོགས་པར་གྱུར་པ་ཡིས། །ཇི་ལྷར་འདོད་པ་བྱེད་པར་འགྱུར། །ཅེས་གསུངས་སོ། །དེ་ཁོ་ན་ཉིད་གསང་རྒྱུད་ལས། རིགས་ཐམས་ཅད་བསྡུས་པའི་དངོས་གྲུབ་ཀྱི་བརྟག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། རྫས་མཆོག་གི་དངོས་གྲུབ་ཀྱི་བརྟག་པ་འདི་གསུངས་སོ། །ནམ་མཁའ་མ་ནི་ས་གཞི་ལ། །རབ་ཏུ་བརྟགས་ཏེ་གནས་པར་བྱ། །བཟང་པའི་སྣོད་ནི་རྣམ་པ་ལྔ། །ཕྱོགས་བཞི་དབུས་དང་ལྔར་བཞག་སྟེ། །དབུས་སུ་དཀར་དམར་བྱང་ཆུབ་སེམས། །ག་བུར་ཤ་རི་རམ་དང་བཅས། །བཅུ་གང་དག་དང་ཐ་སྐར་ལྡན། ཁྲར་དུ་དྲི་ཆེན་ལྡན་བྱས་ཏེ། །འཛའ་ཏི་ཨ་རུ་ར་དང་ནི། །ཨ་ཀ་རུ་དང་དུ་རུ་ཀ །ལྷོ་རུ་ཤ་ཆེན་བརྟག་བྱས་ཏེ། །མཁའ་མ་སྙིང་གི་དབྱིངས་དང་ལྡན། །གླ་གོར་ཞོ་ཤ་རྩི་ཏྲ་ཀ །ཀ་ཀོ་ལ་དང་བཅས་ཏེ་བཞག །ནུབ་ཏུ་སྣ་ཚོགས་ཁྲག་དང་ནི། །ཙན་དན་དམར་དང་ལི་ཤིར་བཅས། སྟར་བུ་རྒུན་འབྲུམ་ཀྱུ་རུ་ར། བྱང་དུ་དྲི་ཆུ་བཞག་བྱས་ཏེ། །ཅོག་ཞུན་བྲག་ཞུན་འོ་མའི་ཆུ། །གུར་གུམ་ལྕི་དཔོག་དཀར་པོ་བཞག །གཞན་ཡང་རྩ་བར་གྱུར་བ་དབུས། །ལོ་མ་ཤར་ཏེ་ལྷོ་ཕྱོགས་སུ། །འབྲས་བུ་སྣ་ཚོགས་ནུབ་ཕྱོགས་སུ། །མེ་ཏོག་བྱང་དུ་ཡལ་ག་གཞན། །ཞིང་གི་རྫས་ཀྱང་བཞག་བྱ་སྟེ། །དབུས་སུ་རྐང་དང་རུས་པའི་བཅུད། །དེ་བཞིན་གོ་རོ་ཙ་ན་བཞག །དྲི་ཆེན་ཤར་དུ་བཞག་བྱས་ཏེ། །དབང་པོ་ལྔ་དང་ཤ་ཡི་བཅུད། །དཀྱིལ་འཁོར་ལྷོ་ཡི་ཕྱོགས་སུ་བཞག །ནུབ་ཏུ་ཙ་དང་ཁྲག་རྣམས་ཏེ། །བྱང་དུ་ཆུ་ཡི་བྱེ་བྲག་བཞག །ཐམས་ཅད་དག་པར་བསམ་ནས་ནི། །དག་བྱེད་དྲག་སྔགས་གྲངས་མེད་བཟླས། །ཨོ་སྭ་བྷ་བ་ཤུད་དྷ་སརྦ་དྷརྨུ་སྭ་བྷ་བ་ཤུད་རྙོ྅ཧ༷། དག་པ་ཡི་ནི་ལག་པ་ཡི། །སྣོད་ཀྱི་སྟེང་དུ་གཞག་པར་བྱ། །དེ་རྗེས་འོག་གི་ཕྱོགས་སུ་ནི། ཁ་དོག་སྔོན་པོ་རྒྱལ་མཚན་ལྡན། །ཟླ་བ་ཕྱེད་པའི་རྣམ་པ་ཅན། །རླུད་གིས་ཡ༷་ལས་བྱུང་བ་བསམ། །ར༷་གྱི་ས་བོན་ལས་བྱུང་བའི། །གྲུ་གསུམ་ཁ་དོག་དམར་སེར་ཅན། །མེ་ནི་དེ་ཡི་སྟེང་དུ་བསམ། །ཨ་ལས་བྱུང་བའི་ཐོད་པ་ནི། ཁ་དོག་དཀར་པོ་དང་ལྡན་པ། །མེ་སྟེང་རྣམ་པར་བསམ་པར་བྱ། །ཨ་ལས་བྱུང་བའི་ཐོད་པ་ནི། །དེ་ཡི་སྟེང་དུ་བསམ་པར་བྱ། །རིགས་ཀྱི་ཕྱག་རྒྱ་ལྔ་ཡི་སྟེང་། །ཉི་མ་ཟླ་བའི་དཀྱིལ་འཁོར་ནི། །ཡོངས་སུ་རྒྱས་པར་བསམ་པར་བྱ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེ། །ས་བོན་ཡི་གེ་རྣམ་བསྒོམས་ན། །ཨོ་དཀར་པོ་ཡི་མདོག་ལྡན་པ། དབུས་སུ་འཁོར་ལོའི་སྟེང་དུ་དགོད། །དེ་བཞིན་མཐིང་ཀའི་མདོག་ལྡན་པའི། །ཧུ༷་ནི་ཤར་དུ་དགོད་པར་བྱ། །ཁ་དོག་སེར་པོའི་མདོག་ལྡན་པའི། །ཏྲ༷་ནི་ནོར་སྟེང་ལྷོ་རུ་བཞག །ཧྲི་ནི་ཁ་དོག་དམར་ལྡན་པ། །པད་སྟེངས་ནུབ་ཏུ་བསམ་པར་བྱ། ཨིན་ཏྲ་ནི་ལའི་མདོག་ལྡན་པའི། །ཨ་ནི་བྱང་དུ་ལས་ཏེ་དགོད། །ཡི་གེ་སོ་སོའི་འོད་ཟེར་ལས། །སངས་རྒྱས་འདོ་ཟེར་རང་འདྲར་འདུས། །རང་གི་མཚན་མར་རབ་གནས་ཏེ། །འཁོར་ལོ་དཀར་པོ་རྡོ་རྗེ་སྔོ། །རིན་ཆེན་འབར་བ་སེར་པོ་སྟེ། པདྨ་ལེ་བརྒན་ཡང་དག་ལྡན། །རྡོ་རྗེ་བརྩེགས་པ་ཡང་ཚོགས་འོད། །དེ་བཞིན་དབུས་དང་ཤར་ལྷོ་ནུབ། །བྱང་དུ་རིམ་པ་བཞིན་དུ་གྱུར་པ་དང་། །སྐྱེ་བདུན་ཐོད་པ་ལེགས་བཞག་སྟེ། ཁ་སྦྱར་བཀྲ་ཤིས་རྫས་ཀྱི་བྱུག །ཚངས་པའི་འོག་གི་སྒོ་ཕྱེ་ནས། །བདུད་རྩི་འབྱུང་བའི་ལམ་བཞག་སྟེ། །གང་གི་འོག་ཏུ་ཐོད་པ་གང་། །ལེགས་པར་སྦྱངས་པའི་བདུད་རྩི་ཡིས། །གྲུབ་པའི་བཅུད་ལེན་བྱེད་པ་སྟེ །རྣལ་འབྱོར་པ་ཡིས་བརྟེན་པ་ཡིས། །རིག་པ་ཐམས་ཅད་རྒྱས་འགྱུར་ཏེ། །དབང་པོ་ཤེས་པ་འདྲེས་པར་འགྱུར། །འཇིག་རྟེན་ཁམས་ནི་གྲངས་མེད་པའི། །རགས་དང་ཅིག་ཤོས་འགྱུར་བའི་གཟུགས། །རྡོ་རྗེ་མིག་གིས་མཐོང་བར་འགྱུར། །སྒྲ་ལ་སོགས་པ་དེ་བཞིན་ཏེ། །དེ་བཞིན་གསྐོའི་བྱེ་སྙེད་ཀྱིས། །རགས་དང་ཅིག་ཤོས་འགྱུར་བའི་སྒྲ། །རྡོ་རྗེ་རྣ་བས་ཐོས་པར་འགྱུར། །གཟུགས་ལ་སོགས་པ་དེ་བཞིན་ནོ། །དེ་བཞིན་དབང་པོ་གཞན་དག་གིས། །རང་དང་རང་གི་ཡུལ་རྣམས་ཀུན། །རྡོ་རྗེ་བཞིན་དུ་མཐོང་བར་འགྱུར། །འཇིག་རྟེན་ཁམས་ནི་མ་ལུས་ན། །སངས་རྒྱས་ཇི་སྙེད་གང་གནས་པ། །རང་གི་ཞིང་ཁམས་གཡོ་བ་དང་། །མི་གཡོ་བ་ནི་གང་གྱུར་པ། །ལག་མཐིལ་སྐྱུ་རུ་ར་བཞིན་དུ། །ཞིག་ན་གནས་པ་མཐོང་བར་འགྱུར། །དེ་བཞིན་དབང་སྒྱུར་བྱེད་པ་ཏེ། །ནམ་མཁའ་ལ་ནི་བྱ་བཞིན་དུ། །འདོད་པ་བཞིན་དུ་འགྲོ་འོང་ལྡིང་། །སྦྲུལ་གྱིས་ཟིན་པ་དག་དང་ནི། །དེ་བཞིན་མཆེ་བ་ཅན་གྱི་ཟིན། །སྲོག་ཆགས་གདུག་པས་ཟིན་པ་དང་། །ཀླུ་ཡི་ཁ་རླངས་ཕོག་གྱུར་དང་། །དེ་བཞིན་གདོན་ཆེན་གྱིས་ཟིན་པ། །རླངས་པའི་དྲི་ཡིས་ལེགས་པར་འཇོམས། །ལྷ་དང་གནོད་སྤྱིན་དབང་སྒྱུར་དང་། །དེ་བཞིན་ཆོས་ལྟར་སྟོན་པ་གཞན། །བྱུགས་པ་དང་ནི་རེག་པ་དང་། །ཟོས་པ་ཡིས་ནི་འཇོམས་པར་འགྱུར། ཁས་བླངས་པ་ནི་ཞིག་པ་དང་། དེ་བཞིན་བསྲུང་དང་བཟའ་བ་ཡི། །ཉེས་པ་གང་ལས་བྱུང་གྱུར་པ། །དེས་ནི་ངེས་པར་ཟིལ་གནོན་འགྱུར། །དེ་སྐད་ཅེས་གསུངས་པ་དང་། དེ་ནས་ཚངས་པ་ལ་སོགས་པ་དྲག་པོ་ཆེན་པོ་ཐམས་ཅད་ཀྱིས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །སངས་རྒྱས་ཀུན་གྱི་གསང་བ་ཆེ། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །ཆོས་རྣམས་སྐྱེ་བར་འགྱུར་བ་མཚར། །གང་ལས་ཡོན་ཏན་ཐམས་ཅད་འབྱུང་། ཉེས་པ་ཐམས་ཅད་དག་གྱུར་ཅིང་། །ཐོགས་པ་མེད་པ་རྡོ་རྗེའི་སྐུ། །གསང་ཆེན་དག་པར་གྱུར་པ་ཉིད། །དེ་ནས་ཁམས་གསུམ་ཐམས་ཅད་རྒྱས་འདེབས་པའི་རིག་པའི་ལྷ་མོ་ཆེན་མོ་རྣམས་ཀྱིས། འདི་སྐད་ཅེས་གསོལ་ཏོ། །ཚངས་པ་ལ་སོགས་དག་གྱུར་ཅིང་། །ཚངས་པ་ཉིད་དུ་ཡང་དག་གནས། །གང་ལས་ཚངས་པ་ལ་སོགས་འབྱུང་། །ཚངས་པའི་ཚངས་པ་དེ་ཉིད་ཆེ། །དབང་སྒྱུར་ལ་སོགས་དེ་བཞིན་ཏེ། །ས་ཆུ་མེ་རླུང་ནམ་མཁའ་དང་། །དེ་བཞིན་འདུ་མ་བྱས་གྱུར་པ། །མི་བསྐྱོད་ཡེ་ཤེས་ཆེན་པོ་སྟེ། །རིན་ཆེན་རྒྱལ་པོ་བླ་ན་མེད། །མ་ཆགས་ཆགས་ཅན་རབ་ཏུ་གནས། །ལས་རྣམས་ཐོགས་པ་མེད་གྱུར་པ། །ཚངས་པ་ཁྱབ་འཇུག་ལ་སོགས་པ། །དེ་བཞིན་འཇིག་རྟེན་སྐྱོང་བ་གཞན། །ལྷ་དང་ཀླུ་དང་ལྷ་མ་ཡིན། །དེ་བཞིན་འདོད་པའི་དབང་ཕྱུག་གཞན། །རིག་པའི་རྒྱལ་པོ་ཁྲོ་བོ་ཆེ། །གར་གྱི་དབང་ཕྱུག་བདེ་ཆེན་པོ། །རྫོགས་པ་ཆེན་པོ་གསང་བ་ཆེ། །ཆེ་བས་ཆེ་བ་བླ་ན་མེད། །ལུས་དང་ངག་དང་ཡིད་ལས་སྐྱེས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །སྐུ་ཡི་དབང་ཕྱུག་གསུང་དབང་ཕྱུག །ཐུགས་དང་རིག་པའི་དབང་ཕྱུག་ཉིད། །འདོད་པ་དང་ནི་རབ་འཇིགས་པ། །ཀུན་གྱི་དབང་ཕྱུག་ཁྱོད་ལ་འདུད། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་འདི་སྐད་ཅེས་གསུངས་སོ། །གང་ལ་ཡོན་ཏན་ཀུན་འབྱུང་བའི། །གསང་བ་འདི་ནི་བླ་ན་མེད། །གང་གི་གང་དུས་གང་དག་ཏུ། །མ་གསུངས་གསུང་བར་མི་འགྱུར་བའི། །རིག་པ་དམ་པ་འདི་དག་ནི། །བསྐལ་པ་སྟོང་དུ་ལེགས་བྱངས་པའི། །ཤེས་རབ་རྒྱན་དང་ལྡན་པས་གསུང་། །ཡུལ་དང་གནས་དང་མལ་སྟན་དང་།ཁྱོགས་དང་བཞོན་པ་དག་དང་ནི། རིན་ཆེན་གླང་པོ་རྟ་དང་ནི། །དེ་བཞིན་རང་གི་བུ་དང་འཁོར། །ཡོངས་སུ་བཏང་བས་བླང་བྱ་ཡིས། །གསུང་བ་འདི་ནི་མིན། ཞེས་གསུངས་སོ། །དེ་ཁོ་ན་ཉིད་གསང་བ་ལས།བདུད་རྩི་དངོས་གྲུབ་བརྟག་པ་རྫོགས་སོ།། །།གསང་བ་ཞེས་བྱ་བའི་རྒྱུད་ལས་བརྟག་པ་རྒྱལ་པོ་ཕྱི་མ་དེ་ཁོ་ན་ཉིད་གསང་པ་ཞེས་བྱ་བ་ལས། བརྟག་པའི་རྒྱལ་པོ་ཕྱི་མའོ།། །།ཨོ་སྐྱུན་སྐད་དུ། མ་ཏི་ཙི་ཏ་