Ngb-pt-0568-vol-06-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-500-599/ngb-pt-0568-text.docx.wiki to Ngb-pt-0568-vol-06-text) |
Latest revision as of 10:43, 20 March 2020
Front
Body
རྒྱ་གར་སྐད་དུ། བུརྙ་སབོ་པུ་ཏྲ་ཨེ་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པོའི་རྒྱུད། གསང་བའི་སྒྲིབ་པ་གཅོད་པར་བསྟན་པའི་ས་བོན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཆོས་ལས་འདས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན །ཆོས་ཉིད་མཁའ་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉི་མ་སྤྲིན་ལས་འཐོན་་་་བཞིན་དུ་འབྱུང་ངོ་། །དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་གཅིག་པོ་འདི་དང་པོར་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་རང་བྱུང་དུ་གསུང་པའི་དུས་ན། དེའི་ཚེ་སྒྲ་ཐོས་པ་དང་།འཁོར་ན་གནས་པ་ཐམསཅད་སངས་རྒྱས་སོ། །ད་ལྟ་ཡང་ཚིགས་སུ་བཅད་པ་གཅིག་གི་སྒྲ་ཐོས་པས་ཀྱང་ཐོས་ཚད་སངས་རྒྱའོ། །ཐ་ན་རི་དྭགས་དང་བྱ་ཡང་རུང་ཐོས་ཚད་སངས་རྒྱའོ། །བར་དང་ཐ་མར་ཡང་འདི་དང་འཕྲད་ནས་རྒྱའོ། ཆོས་ཀྱི་སྒོ་མོ་བརྒྱ་ཁྲག་ཁྲིག་ལ་བཅད་ཀྱང་། འདི་དང་མ་ཕྲད་ན་ཐད་ཀའི་འབྲས་བུ་ལས་སངས་མི་རྒྱའོ། །ཆོས་ལ་ཐད་ཀའི་འབྲས་བུ་འབྱུང་ངོ་། །འདི་ནི་གང་སུ་ཡང་མི་སངས་རྒྱ་བ་དང་མི་ཕྲད་དོ། །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འདི་དང་འཕྲད་པ་ནི་མ་རིག་པ་ཟད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་སངས་རྒྱ་བའི་དུས་ལ་བབ་བོ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་གཅིག་པོ་འདི་རང་ལ་ཡོད་དོ། །ཆོས་མ་བྱས་པས་སངས་རྒྱ་བར་འདོད་ན། སྐྱེ་བ་བདུན་པའི་ཤ་ཁམ་གཅིག་ཟོས་ན །སྐྱེ་བ་གཅིག་ལོན་ཏེ་དེ་རང་འཕྲད་པས་སངས་རྒྱའོ། །འདིའི་རྟགས་ལ་ལྟག་པའི་ཁུང་བུ་སྐྲ་གཡས་སུ་འཁྱིལ་བ་ཚོ་བུ་གཅིག་པ། སོར་མོ་འབྲེལ་བ། སྨིན་མཚམས་ཀྱི་བར་མཆད་པ། རྒས་ནས་སེའུ་སྐྱེ་བ། སོ་དུང་སོ་འཁོར་བར་ཡོད་པ་དེ་ཡང་རྩོལ་བའི་ཚོས་ཡིན་ནོ། །རྩོལ་བ་མེད་པར་མ་བྱས་པར་སངས་རྒྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདི་ཡོད་པས་སངས་རྒྱའོ། །འདི་ཡོད་ན་ཚེ་འདི་དགོས་པ་ཐམས་ཅད་ལྷུན་གྲུབ་ཏུ་འོང་ངོ་། །ཚེ་འདི་འདས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ནི། ཚེ་འདིའི་དགོས་པ་ཐམས་ཅད་འོང་ངོ་། །སངས་རྒྱས་ཀྱི་འབྲས་བུ་མི་འོང་ངོ་། །དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ལ། ཚེ་འདི་ལ་དགོས་པ་ཐམས་ཅད་འོང་ངོ་། །ཚེ་འདི་དང་ཕྱི་མ་སངས་རྒྱ་བས །དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་བཅང་པར་བྱའོ། །ཀློག་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །ཀུན་ཆུབ་པར་བྱའོ། །བཅངས་ནས་སུ་ལ་བསྟན་ཀྱང་སངས་རྒྱའོ། །བྲིས་ན་སྒོ་ཁྱི་ཡན་ཆད་སངས་རྒྱའོ། །ཀླག་ན་སྒྲ་ཐོས་ཚད་སངས་རྒྱའོ། །ཨོ་ཨུ༷༷ཧཱུཾ༷་ཨེ་མ་ཀི་རི་ཀི་རི །མས་ཏ་བྷ་ལི་བ་ལི༷༷ ས་མི་ཏ་ས་རུ་ས་རུ༷༷ ཀུནྟྲ་ལི་མ་སུ་མ་སུ། ཨི་ཀ་ར་སུ༷༷ ལི་ལ་བྷ་ཡེ་རྩ་ཀྲི་ར་བྱུ་ལི༷༷ པ་ཙ་ཡེ་ས་མུརྙ་ཙརུ་སུརྒ་ཡ༷༷ སྟི་ཏ༷་ས་ན་འབང་འག་ལི་ཡེ༷༷ ས་ཀི་ར་འདུ་ལི་ཡེ༷༷ ཀ་མནྟྲ་རེ་པེ་ཏ། པ་ར་ལི༷༷ ཧི་ས་ན་མ་ཀརྟ༷༷ ཀེ་པ་ན། སསྦུ་ར་སྣ་ཡེ་ཙ་ཙོར་རྟག་པ༷༷སུརུ་བྷ་སྟ་ར༷༷ སེ་བ་ན༷༷ པ་ར་ན་སྟི་ཧི་སྟ༷༷༷སུ་གུ་རུ་ལ་མ་སྣྲིན་ས་གུ་སྟི་སྟ་ཡང་བ། འགུ་ར་འགུ་ར། ས་ཁ་ར་ན་ལ༷། ན་ར་ན་ར། སྙི་ཐར་བ་ཏ་ལ༷༷༷ སི་རྣ་སི་རྣ༷༷ སྟེ་ས་རབ་ལ༷༷༷ བྱུནྟྲ་སྟུནྟྲ་ཚི་ཤ་བ་གེ་ལ༷༷ ས་ས་རི་རི་ལི་ལི༷༷ ཞི་ཨི་མི་མི་ར་ར༷༷ ཛོང་པོ་ཀེ་ཛ་ལོ་མོ་ཀེ༷༷ ཛ་ལི་ཛ་ལེ༷༷ ཛི་ལི་ནི༷༷བླར་སུ་དྷ་ལ་ག་ཤན་ས་ན་རུ་རུ༷༷ ཨ་མ་མེ༷༷ ཨ་མ་མེ༷༷ ཨ་མ་མེ༷༷ ཨ་མ་མེ༷༷ ཨ་མ་མེ༷༷ ན་བཱ་མེ་མ་ཏ་མེ༷༷ ཛ་ཏ་ཡེ༷༷ ཁ་བ་ར་མེ༷༷ བཱ་བཱ༷༷ བོ་ག་བེ་བ་ཛ་བེ༷༷ ཁ་བ་ར་ཁ་ཨ་ཛ་ལ་ཏི་ལི་ཛ་ན་རྡུ་ལེ་ཛ་རྗུ་མུ་ཁེ༷༷ བ་ཏ་ར་བ་ཏ༷༷༷ སྲིད་རྙསྟ་པྲེ་ཏ་ནན༷༷ ཧྲི་ཁ་ནན་ཧྲི་ད་ལ་བྱ་དྷ་ཧ་ཁམ །ཅིརྙ་པ་ཁ༷ །ཙག་བུ་ཛོ་ཏི༷༷ ཤ་བ་ཁ་སྟ༷༷ སརྦ་སྟེཡ༷༷ ཧྲི་ད་སུ་ར༷༷ སྙེཡ་ཁ༷༷ ཛ་ཁ་ག༷༷ སུ་ར་ཁག༷༷ བི་ཏ་མ༷༷ ཨ་སྤྱི་ཁའ་ག༷༷ ཨ་སྨྱི་ཁུ་ག༷༷མྲི་ཁ༷༷ མྲི་ཁ༷༷བྱ་བ་ཚེ་ད་ཀརྨ༷༷དུ་ནེ་དུ་ནི༷༷སུ་པ་ཏ་བྱ་ལ་ཚེ་ག་ཡན་ན་ཀྲི༷༷ ཨ་ནུ་སྟ༷༷ ཁ་ག་ནེ་ར་ཁ༷༷ ཨ་གུ་ལེ༷༷ སྙེ་གུ་ལ་བ༷་ཀུ་ལེ༷༷ཀུ་ལ་ན༷༷ ཨིནྟྲ་པ་ལི༷༷ བབ་ཏ༷༷བྱ་བ་རྩེ་ཏ་ཁའ་བཱ༷༷ ཙ་པྲ་ཏི༷༷ ཙ་པྲ་ཏི༷༷ ཙ་པྲ་ཏི༷༷ ཨ་མེ་ཏ༷༷ ཏ་ར་ཤ་རེ་བ་ཤ་ཁ་ས་མ༷༷ ཀྲི་ཛོ་ཏི༷༷ ཁ་སྟ་ཛ་སྟེ༷༷ ཛ་ཏ་ཛོ་ཏི༷༷ ན་ཤ་བི་རི་སི་བི་ས༷༷ བི་ངང་ཛི༷༷ མ་ཏི་ཀྲ་མ༷༷ བི་བ་ཀྲི་བ་༷༷ཧི་ལི་ཧི་ལི་ལེ༷༷ ཨ་ན་ན་སྲ་ཏི༷༷ ས་མ་ཡ༷༷ ནི་ཤེ་ཏ་མ་ན༷༷ ཨ་མ་མེ་ཤེ༷༷ཕ་ལ་ཀུ་ཏ་༷༷ པ་ལ་ནི༷༷ ཨ་ཏི་པ་བ་ཀར་མ་ཤ་ཡེ༷༷ པྲ་དུར་བ༷༷ བ་སུ་རུ་ཤ་སྟམ༷༷ ཨ་ས་མ༷༷ ཨ་ས་མ༷༷ ཙ་ས་མ་ཡ༷༷ བྱི་ཏ༷་ཏ་ཏ་ཐུ་ག་ཏ་གྲྭཧྭ། ཨོ་ཨུ༷༷ཧཱུཾ༷། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་གསང་བའི་སྒྲིབ་པ་གཅོད་པ་གཏན་པའི་ས་བོན་གྱི་རྒྱུད་ཅེས་བྱ་བ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོའི་གདམས་པ །སངས་རྒྱས་ཐམས་ཅད་ཀྱི་འབྲས་བུ་གབ་པ་གནད་ཀྱི་གདམས་པ། ྅།༷༷ རྒྱ་རྒྱ་རྒྱ༷༷ཁཐ༷། ཨོ་བཛྲ་ཀྲོདྷ་ནི་ལ་ཀ་ཨ་སྟི་ཁིལྒ ཞེས་རྟགས་པས་ཕུང་པོའི་བདུད་བཅོམ་ནས། སངས་རྒྱས་རྡོ་རྗེ་གཞོན་ནུའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱས་པར་འགྱུར་རོ། །ཉོན་མོངས་པའི་བདུད་འཇོམས་པར་བྱེད་པ། སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་བྱེད་པའི་སྔགས་ནི། ཨོ༷་བཛྲ་ཀྲོ་དྷ་མཧྭ་མུ་དྲ་རྙོ་ན་མ་བཛྲ་ས་ར་ཎ་ཧཱུཾ༷་པ་ར་ན་ཕཊ་ཅེས་རྟགས་པས་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀའི་སྐུ་དང་གཉི༷ས་སུ་མེད་པར་སངས་རྒྱས་བར་འགྱུར་རོ། །སྐུ་ལ་སྤྲུལ་པ་དང་ཡང་སྤྲུལ་གྱི་རྟགས་པའོ། །ལྷའི་བུའི་བདུད་འཇོམས་པར་བྱེད་པ་སྣང་བའི་སྤྱོད་ཡུལ་ལོག་པའི་ངན་འཁྲིད་ཐམས་ཅད་སེལ་བར་བྱེད་པའི་སྔགས་ནི། ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜ་ལ་ཧཱུཾ༷། ཚིནྟྲ་ཚིནྟྲ། སྟིསྟོ་སྟིནྟྲ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་པ་ཧཱུཾ༷་ཕཊ༷༷ ཅེས་རྟགས་པས་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པའི་སྐུ་དང་གཉིས་སུ་མེད་པར་སངས་རྒྱ་བར་འགྱུར་རོ། །འཆི་བདག་གི་བདུད་འཇོམས་པར་བྱེད་པའི་སྔགས་ནི། ཨོ་བཛྲ་ཀྲོ་དྷ་ཧ་ཡ་བྲི་བ་ཧྲི༷༷སརྦ་ཏ་ཐུ་ག་ཏ་མ་ཧྭ་པ་ན་ཙ༷༷ ཨོ་ཨུ་ཡུ་ཙྭ་ན་མ་ཧྭ་པུ་ན་ཨ་ཏི་སྟི་ཇི་ཨོ་ཞེས་རྟགས་པས་བཅོམ་ལྡན་འདས་རྟ་མགྲིན་རྒྱལ་པོ་སྐྱེ་ཤི་མེད་པ་ཚེའི་དངོས་གྲུབ་ཐོབ་ནས་རྟགས་པ་ཆེན་པོའི་ཡུང་དྲུང་དུ་བཞུགས་སོ། །མ་རིག་པའི་རྩ་བ་གཅོང་པའོ། །དུག་ལྔ་རང་གྲོལ་དུ་འགྲོ་བའོ། །འཁོར་བ་ཐོག་མ་མེད་པའི་ལས་ངན་གྱི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ཕྱགས་པའོ། །བདུད་བཞི་བཅོམ་ལྡན་ནས་སྐུ་བཞིར་སངས་རྒྱས་པའོ ཆོས་མ་བྱས་པར་སངས་རྒྱས་པ་འདི་ནི་སྤྲུལ་པའི་སྐུ་དང་འཕྲད་པར་འགྱུར་རོ། །དོན་ནོ་བུ་རིན་པོ་ཆེ་ཆེན་པོ་འདི་ལ་སྤྱད་དོ། །ཆོས་རིན་པོ་ཆེ་འདི་མེད་པར་གཞན་གྱིས་སངས་མི་རྒྱའོ། །འདི་ཡོན་ད་ཆོས་མ་བྱས་པར་སངས་རྒྱའོ། །དོན་ནོར་བུ་རིན་པོ་ཆེ་འདི་ཡིན་ནོ། །དེའི་ཡོན་ཏན་ལེགས་པར་བསྟན་པ་ནི།འདིའི་ཡོན་ཏན་བཤད་པ་དང་། ཉན་པ་དང་། སྒོམ་པ་དང་། བྱས་པའི་ཆོས་ཐམས་ཅད་ཀྱང་སངས་རྒྱའོ། །ཨོ་ཨུ༷༷ཧཱུཾ༷། ཨོ་ཨུ༷༷་ཧཱུཾ༷༷༷ཡང་དག་གསང་བའི་སྐད་དུ། མ་མ་ཀོ་ལི་ས་མརྙ༷༷ བོད་སྐད་དུ །རང་བྱུང་རིག་པའི་ཏརྙ །ཨེ་མ་འདི་འཛིན་རྣལ་འབྱོར་སྐལ་བ་ཆེ། །འདི་ཀློག་རྣལ་འབྱོར་སྐལ་བ་ཆེ། །འདི་འཆང་རྣལ་འབྱོར་སྐལ་བ་ཆེ། །འདི་ནི་རང་བྱུང་ཆེན་པོའོ། །ཨེ་མ་ཀི་རི་ཀི་རི༷༷མ་སྟ་བྷ་ལི་བྷ་ལི། ས་མི་ཏ་སུ་རུ་སུ་རུ་ཀུནྟྲ་ལི་མ་སུ་མུ་སུ༷༷ ཨེ་ཀ་རི་ལི་སུ་བྷ་ས་ཏ་རྩ་ཀི་ར་སུ་ལིང་ཀོ་ཏ༷༷ ལྕེ་ཡེ་ས་མུན་ཏ། ཙབྱ་སུ་ཀྟ་ཡ༷༷ སྟིས་ཧིས་སི་ས་ན་བྱང་སྒུ་ལི་ཀེ་ས་ཀེ་ས་རྙུ་ན༷༷ མ་ཏི་ར་པེ་ཏ་ན༷༷ ཕི་ར་ན་ལི་ཧ་སི་ན། ས་བུརྙ་ར་ཏ་མེ་ག་ཙརྙ་ས་སུ་བྱ་བྷ་ཏ་ར༷༷ ཨེ་པ་ཤེ་ན་ཏ་པ༷༷ ས་རང་སྟི་ཏི་ས་ལྷུ་ལི་ཏི་ཡ་ཐ༷་ལྷུ་ག་ལྷུ་ར༷༷ སག་ཁ་ར་ལེ་ར་ན་ར་ཨི་ཐ་ར་བ༷༷ བྱུ་ད་ཏ་བུརྙ་འཆི༷༷ ཤས་གྱེ་རིས་ས་ར་ར་རི་ལ་ཁེ་བ་ཏ༷༷ ས་སིར་སྣ་སིར་སྣ་སྙེ་ས་སྟེ་ས་རས་ས་ལ༷༷༷སྙི་སྙི་མ་ནཱ་ར་རྭ་ཨ༷༷ ཨོ་ཨུཿཧཱུཾ༷། འདི་ཡབ་ཀྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་པོའོ། །ཨེ་མ་ཀི་རི་ཀི་རི༷༷སྨས་བྷ་བ་ལི་ས་མི་ཏ་སུ་རུ་སུ་མྲ ཀུནྟྲ་ལི་མ་སུ༷༷ ཨི་ཀ་རི་ལི་བྷ་ཏ་ཡ༷༷ ཙ་ཀ་བྱུ་ལི་ཏ༷༷ ལྕེ་ཡངས་མུརྙ༷༷ ཙརུ་སུ་་བྷ་བྷ་ཏི༷༷ས་མ་ན་བྱང་ལྷུ་ཡེ༷༷ ཀེ་དྷ་ཀེ་རེ་དྷ་ཀ་མ་ཧ་རིས༷༷ །ཧ་ན་པར་ར་རི་ཧི་ས་མན༷༷ ཁ་ར་ཏྲ་ལ་ན༷༷ས༷་བྱུ་ར་ཏ་མེ་ག་ཙར་སྟ༷༷༷དྷ་བྷ་སུརུ་བྷ་ར་ཏ་ཨ༷༷ མ་ཤ་ན་པ་ར་སྟི་ཧི་སྟིས་ལྷུ་ར་ལ་མ་སྨིས་ལྷུ་ཏི་ལ་ཏ༷༷ ཡ་སྟུ་ར་ལྷུ་ར་བླངས་ཀྱི་ཁ་ནན་ལ༷༷༷ ཨི་ཐར་པ་ཏ་ལ༷། སིར་སྣ་སྟེ་སར་ལམ༷༷ བ་སྙེ་ལ༷༷༷ ས་ས་རི་རི་ལི་ལི་ཨི་སྙི་མ་མྱ་ར་རྭ༷༷ཨོ་ཨུ༷༷ཧཱུཾ༷། འདི་ཡན་ཆོད་ཡུམ་གྱི་དགོངས་པ་རང་བྱུང་ཀུན་ཏུ་བཟང་མོའོ། །འདི་མན་ཆད་ཡབ་ཡུམ་གཉིས་སུ་མེད་པའི་དགོངས་པ་ཡོན་ཏན་ཀུན་རྫོགས་མཚོན་པར་བྱེད་པའི་ཕྱི་ཡི་གེ་ཉེར་ལྔས་བསྟན་པའོ། །དབང་པོ་ཞེན་པ་བཟློག་པའི་ཕྱིར། །ཀརྨ་རཀྟ་ལྷི་ཧི་ཧི༷༷ ཕུང་པོའི་ཞེན་པ་བཟློག་པའི་ཕྱིར། །སྟེ་ག་ར་ལ་ན་སོ་གད་གླིང་། །ཡུལ་གྱི་ཞེན་པ་བཟློག་པའི་ཕྱིར། །བསྟུ་ཏ་རི་ལ་བྷ་ལ་ཏྲི༷༷སེམས་ཀྱི་དངོས་པོ་ཧཱུཾར་བའི་ཕྱིར། །ར༷་པ་ཀ་ལ་ས་མི་ཁེ༷༷བྱུང་ཚོར་གནས་སུ་གཅད་པའི་ཕྱིར། །ན་ཏ་ས་ཕར་རས་མི་ཏ༷༷ འདུས་ཚོགས་སྣང་བ་ངོས་གཟུང་ཕྱིར། །ཁ་ཌ་རེ་བྷ་ས་མིག་རླུད་། རིག་པ་བཙོན་རར་གཞུག་པའ་ཕྱར། །ཨ་ཁེར་ན་སྙེ་ཙཀ་ཤ །འཁྲུལ་བའི་རང་རྒྱུད་ཁུངས་གཅད་ཕྱིར། །ཨ་རི་མུན་ཏ་ས་གུ་ལི༷༷རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར། །ཡང་ས༷་ང་དུ་ས་ལ་ཡ༷༷ འཁོར་བ་དོང་ནས་འདོན་པའི་ཕྱིར། །མ་མ་ཀོ་ལི་ས་མརྙ༷༷ཆོས་ཅན་འཐུར་དུ་གཞུག་པའི་ཕྱིར། །བྷ་རི་ཡམ་ས་རི་མ་མ་ཏི༷༷རོལ་པའི་ཡུལ་ཁུངས་སྐྲུར་བའི་ཕྱིར། །བུ་བྷ་སིང་ཧ་ཕ་བྷ་ལ༷༷ ཞེས་པའི་ཕྲེང་ཐག་བཅད་པའི་ཕྱིར། །ར་མི་སི་སྙི་ཁེ་ས་ར༷༷ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། །བི་མི་མ་ལ་ས་ཏ༷་ཀི༷༷ ལྷ་ཡི་ཕྱག་རྒྱ་ལྟ་བའི་ཕྱིར། །ས་མ་ཉི་ཁམ་ཧ་ར་ར༷༷ ལྟ་སྒོམ་ལོག་པ་དག་བྱའི་ཕྱིར། །བཛྲ་ས་ཏྭ་ཧྲི་ཏོ་མི༷༷ ས་ལམ་དུས་གཅིག་གཅད་པའི་ཕྱིར། །སྙེ་ས་ཡུ་ཀྟ་ར་རྣམ་ཡེ༷༷ཡིད་སྤྱོད་ལྟ་བ་ཁུངས་གཅད་ཕྱིར། །དྷ་མི་ས་སྟ༷་སེ་སྒུ་ལི། སྐུ་གསུམ་ལམ་དུ་བློང་བའི་ཕྱིར། །རི་མི་ས་མ་ཁ་གད་ཏ། །སྣང་བ་དངོས་སུ་བླང་བའི་ཕྱིར། །རུ་ས་སི་མ་མི་ཏ་ལ༷༷༷ སྒྲ་ཡི་ཞེན་པ་མཐར་གཅད་ཕྱིར། །ང་སྟིམ་ས་ཡང་ཀེ་ལ་ས། བསམ་གཏན་ཆེན་པོའི་ས་ནོན་ཕྱིར། །བྷ་ཙ་པ་ལ་ས་ཨི་ཏ༷། འཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །ཀརྨ་ཉི་ཨ་ནུ་པ། སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར། །ས༷་ཀྲིམ་མ་ཀརྨ་ཏ༷༷ རྒྱལ་སྲས་རྣམས་ཀྱི་གནས་རྩལ་ཕྱིར། །ང་ལ་ཁེ་ས་ཀྱི་ལི་ས༷༷ཨ༷༷འདི་ཀུན་རང་ཤུག་ཚིག་ཏུ་བྱོན། །སངས་རྒྱས་སྲས་གཅིག་རང་བྱུང་རིག་པའི་ཏནྟྲ་། མཐོང་ཐོས་རེག་པ་ཙམ་གྱིས་འདས་པའི་ཚེ་ན་མངོན་པར་རྫོགས་པར་སངས་རྒྱ་སྟེ །འགྲོ་དོན་དུ་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །ཨོ་ཨུ༷༷ཧཱུཾ། ཀུན་བཟང་ཡངས་པའི་ཀློང་ལ་ཕྱག་འཚལ་ལོ། །རང་བྱུང་རིག་པའི་ཏནྟྲ་ཉམས་སུ་བླང་བའི་རིམ་པ། འདའ་ཁ་འཆི་དྲོད་འདི་ལ་དོན་རྣམ་པ་གསུམ་སྟེ། དང་པོ་ཁོ་ནར་རྒྱུད་ཀྱི་དོན་ཕྱེ་བའི་ཁྱད་པར་བརྗོད་པ་དང་གཅིག །རྒྱུད་བཅང་ཐབས་ཀྱི་ལག་ལེན་བསྟན་པ་དང་གཉིས། རྟགས་ཀྱི་རིམ་པ་བསྟན་པ་དང་གསུམ་མོ། །དང་པོ་ནི་དབང་པོ་ལ་རྣོ་བརྟལ་མེད་པའི་ཆོས་ཡིན། མིག་ལོང་ཡང་མི་ལྟོ། བྱ་བ་ཚིག་གི་རྒྱུ་གཞན་ཐམས་ཅད་ལ་མིག་མེད་ན་ཚིག་དོན་མི་ཁྲོལ་བས། དོན་དེ་ལྟ་བུ་ལ་འདི་རྟགས་པས་ཆོག་པས་ཁྱད་པར་འཕགས རྣ་བ་མེད་ན་མི་ཐོས་པ་ས་ཉན་དུ་མི་བཏུབ། ཐོས་པ་ལ་མ་བརྟེན་པར་མི་ཁྲོལ་བས། །འདི་རྟགས་པས་ཆོག་པས་ཁྱད་པར་དུ་འཕགས། །རྒྱུད་འདི་བྱ་ཆ་ལ་མི་ལྟོས་པར་ལུས་ཞ་བའམ། འཁུམས་སམ། མཛེས་ཁྱེར་ཡང་མི་ལྟོས་པས། །རྒྱུད་གཞན་ལུས་ངག་གི་བཟླས་བརྗོད་ལམ་བརྟེན་པར་དོན་མེད་པ་མང་སྟེ། །འདི་ཡོད་པ་རྣམས་ལ་བརྟགས་པས་ཆོག་སྟེ་ཁྱད་པར་དུ་འཕགས་སོ། །བག་ཆགས་ལ་སྲབ་འཐུག་མེད་པའི་ཆོས་ཡིན་ཏེ། སྒོམ་མི་དགོས་པས། རྒྱུད་གཞན་མ་སྒོམས་ན་དོན་མེད་པ་མང་སྟེ། འདི་བརྟགས་པས་ཆོག་སྟེཁྱདཔར་འཕགས་སོ། །ན་སོ་ལ་རྒན་གཤོན་མེད་པའི་ཆོས་ཡིན་ནོ། །སྒོམ་སྒྲུབ་ཀྱི་རྩོལ་བ་མི་དགོས་ལགས། །དབུགས་ལ་སླེབ་པས་ཆོག་གོ །རྒྱུད་གཞན་ལ་རླུད་བཅུད་བྱེད་དགོས་ཤིང་མིན་མི་ཚ་བས་ཉམས་སུ་ལེན་དགོས་ཏེ། །འདི་ཡོད་པ་རྣམས་ལ་བརྟགས་པས་ཆོག་སྟེ་ཁྱད་པར་དུ་འཕགས་སོ། །ལས་ལ་དགེ་སྡིག་མེད་པའི་ཆོས་ཡིན་ཏེ། རྒྱུད་གཞན་ལ་དགེ་སྡིག་སྤང་བླང་མ་བྱས་པར་འབྲུས་བུ་མི་ཐོབ་སྟེ། འདི་བརྟགས་པས་མཚམས་མེད་པ་ལྔ་བྱས་པ་གཅིག་ཡིན་སྲིད་ཀྱང་། །འདི་དང་ཕྲད་པས་ངན་སོང་ལས་ཐར་པའི་འགྱུར་ཏེ། བརྟགས་གྲོལ་ཁྱད་པར་དུ་འཕགས་སོ། །རྒྱུད་འདི་འགྲོ་དྲུག་སེམས་ཅན་གྱི་ལུས་ལ་འཆང་བ་དེ་སངས་རྒྱས་ཐམས་ཅད་ཀྱི་གདུང་འཛིན་པས། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་ཅེས་བྱའོ། །རྒྱུད་བཅང་ཐབས་ཀྱི་ལག་ལེན་བསྟན་པ་ནི།དཔེ་འདི་གསེར་གྱི་ཡི་གེ་འབྲུ་གསུམ་པོ་མ་ཉམས་པར་དག་པར་བྲིས་ལ། དར་སྣ་ཚོགས་ཀྱིས་དྲིལ་ལ། སྨན་སྣ་ཚོགས་ཀྱིས་ཕུར་ལ། མཎྜལ་གྱི་སྟེང་དུ་བཞག་ལ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ལ། །རིན་ཆེན་སྣ་ལྔའི་མཎྜལ་དང་། གསེར་གྱི་མཎྜལ་ཁྲུ་གང་བ་ལ་གཡུས་བརྒྱན་པ་དང་། འབྲས་བུའི་མཎྜལ་ཕུལ་ལ་དབང་བསྐུར་རོ། །ཡང་ན་རྒྱུད་ཀྱི་སྔགས་བརྗོད་དེ རྒྱུད་སློབ་བུའི་སྙིང་ཁའམ་སྤྱི་བོར་གདགས་ས། །སྣད་གདམས་ཤང་རྒྱས་གདབ་པ་ན། སྟང་ཐུན་དག་ག་རྒྱས་སྐར་བ ་ ས་པར་བྱའ། ། མས་ཅན་གཞན་གྱ་དན་བྱེད་ནམ་མཁའ་ལ་འཇའ་འམ། སྒྲ་འམ། འབྲུག་གམ །ས་གཡོས་སམ། དེ་ལ་སོགས་པ་བྱུང་བའི་ཚེ། ཁ་ཤར་དུའམ། ལྷོའམ། ནུབ་བམ། བྱང་དུ་བསྟན་ཏེ། རང་གི་ལྕེ་ཉིད་དྲིལ་བུ། རྡོ་རྗེ། རིན་ཆེན། པདྨ་། རལ་གྲིར་བསྒོམ་སྟེ། རྒྱུད་གཞུང་བསྒྲགས་ན་འཇའ་འོད་ལ་སོགས་པའི་རྟགས་དེ་རྣམས་སུས་མཐོང་བ་འམ་ཐོས་པ་དེ་དག་ཀྱང་། མྱུར་དུ་མངོན་པར་སྤྲུལ་པའི་སྐུ་ཐོབ་བོ། །གསང་བ་ནི་དམ་ཚིག་ཡིན་ཏེ། ང་ལ་འདི་ཡོད་ཅེས་སྨྲས་ན། རང་གི་འབྲས་བུ་རྒྱབ་ཀྱི་ཕྱོགས་པས་རྟགས་མི་བྱུང་ངོ་། །གསང་ནས་བཅངས་ན་འཆི་ཁར་སྡུག་བསྔལ་གྱི་བར་དོ་ལས་གྲོལ་ཏེ། རང་བྱུང་རིག་པའི་ཏནྟྲ་སྟེ་སྤྲུལ་པའི་སྐུ་ཐོབ་བོ། །དེ་གསུམ་བརྟགས་པས་གྲོལ་བའི་རྟགས་བསྟན་པ་ནི། །འདི་འཆང་བའི་སྐྱེས་བུ་དེ་སངས་རྒྱས་ཐམས་ཅད་ཀྱི་མཆོད་རྟེན་དུ་རིག་པར་བྱའོ། །དེ་ཅི་ཕྱིར་ཞེ་ན། དེ་ཉིད་སངས་རྒྱས་སྤྲུལ་པའི་སྐུ་ལྔ་ཐོབ་པའི་རྟགས་སུ། དེ་ཉིད་ཚེ་འདས་པའི་ཚེ་རོ་སྲེགས་པས། འཇའ་དང་། འོད་དང་། རིང་བསྲེལ་གསུམ་འབྱུང་ངོ་། །མེ་འོད་དཀར་གསལ་གཡོ་བ་མེད། །དུད་པ་སྔོན་པོ་གཡོན་བསྐོར་འཁྱིལ། །དེ་ལ་སོགས་པའི་རྟགས་རྣམས་འབྱུང་ངོ་། །རོ་བསྲེག་པའི་ཤིང་ཙན་དན་ནམ་རྒྱ་ཤུག་གིས་བྱའོ། །སྲེག་རྫས་ཉུངས་ཀར་གྱི་མར་ཁུས་བྱའོ། །འོག་ཏུ་སླ་ང་བཟེད་དོ། ཁེང་ཚིག་དུད་ཆེན་ཡོལ་བའི་ཚེ། །དེ་ལ་བརྟག་པར་བྱ་སྟེ། ཁྱད་པར་དུབརྟག་པ་ནི། གང་ཟག་རིགས་ཀྱི་གདུང་རིགས་ནི་རྣམ་པ་ལྔ་འབྱུང་ངམ།འོན་ཏེ་གང་རུང་གཅིག་འབྱུང་བ་སྟེ། སླ་ངའི་ནང་དུ་བལྟ་བར་བྱའོ། །གདུང་རིགས་གང་ཞེ་ན། དེ་ཡང་སངས་རྒྱས་མཉམ་སྦྱོར་ཆེན་པོའི་རྒྱུད་ཀྱི་ལེའུ་ཉེར་གཉིས་པ་ལས་འདི་སྐད་གསུངས་སོ །རྡོ་རྗེ་རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས་ནི། རྡོ་རྗེ་གདུང་དང་པདྨའི་གདུང་། །རིན་ཆེན་གདུང་དང་ལས་ཀྱི་གདུང་། །དེ་བཞིན་གཤེགས་པའི་གདུང་དང་ལྔ། ཞེས་པས །ཡང་འདི་སྐད་དུ། ཤ་ཡི་རྟེན་དུ་ཤང་རི་རམ། །ཡང་དག་གདུང་དུ་བཤད་པ་ཡིན། །ཁྲག་གི་རྟེན་དུ་ཆུ་རི་རམ། །སྲ་མཁྲེགས་རྡོ་རྗེའི་གདུང་དུ་བཤད་པ་ཡིན། །རུས་པའི་རྟེན་དུ་བ་རི་རམ །རྒྱལ་མཚན་གདུང་དུ་བཤད་པ་ཡིན། །ཡན་ལག་རྟེན་དུ་ཉ་རི་རམ ཁེན་ཏུ་སྲ་མཁྲེག་ལས་ཀྱི་གདུང་། །འབྱུང་བས་འདུས་པའི་རྟེན་དུ་ནི། །པརྩི་ཁ་དོག་ལྔ་ལྡན་འབྱུང་། །དེ་བཞིན་གཤེགས་པའི་གདུང་དུ་བཤད། །རྒྱལ་བ་རིགས་ལྔའི་རྒྱན་ཡིན་ཏེ། །སྐུ་ལྔའི་ཚད་དུ་བཤད་པ་ཡིན། །ཐ་མ་ལྷ་སྐུའི་རྟགས་ཀྱང་སྲིད། །དེ་རྣམས་སྐུ་ཐོབ་རྟགས་སུ་བཤད། །ང་ཡིགདུང་གི་དཀྱིལ་འཁོར་ནི། །མེ་འོད་དམར་གསལ་འདི་ཉིད་ཡིན། །སྒྲ་རྣམས་བྱུང་ན་ངེས་པ་ཡིན། །ང་ཡི་ཐུགས་ཀྱི་རྟེན་དུ་ཡང་། །འདི་བཞིན་སེམས་ཅན་ཀུན་ལ་གནས། །སེམས་ཅན་ཀུན་གྱི་ཙིསྟའི་ནང་། །ཐིག་ལེ་དཀར་དམར་སེར་ལེ་བརྒན །ལྗང་ཁུ་སྣ་ཚོགས་འབར་བའི་འོད། །སྐུ་ཡི་རྟེན་དུ་བཞག་པ་ཡིན །འཇའ་ཚོན་ལྟར་ན་ཐུགས་ཐོབ་པས། །ནམ་