Ngb-pt-0482-vol-05-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:41, 20 March 2020

Front

Body

རྒྱ་གར་སྐད་དུ། ཁ་ས་མུ་རྩ་ཨ་ཀ་ཀྲོ་ཏི་ར་ཏན་ཏྲ། བོད་སྐད་དུ། ཐག་རིང་དུ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་་ངང་ངང་་ངངདེ་ངངང་་འིལ། །འད་སྐད་བདག་གས་ཐས་པའ་དུས་གཅག་ན། །བཅམ་ལྡན་འདས་ཆས་ཉད་ཀྱ་བ ་ཀླང་བརྡལ་བའ་གནས། །མ་གནས་པའ་མཁའ་ཀླང་། །བྷ་ག་ཀུན་ཏུ་བཟང་པ ་མཁའ་ངངངང་ངང་ངང་ངངལ་འཁྱལ་བའ་གནས་ནས་མཁའ་ར་མ་ལྟ་བུའ་གཞལ་ཡས་ཁང་ན་ཐམས་ཅད་དང་ལྡན་བའ་འཁར་ཐབས་ཅག་ལ། རང་བཞན་ལ་རྟག་པ་དང་། རང་བཞན་ལ་ལྟ་བ་དང་། རང་བཞན་ལ་སློབ་པ་དང་། ངེས་པ་མེད་པ་རྣམས་དང་། སྲིད་པས་བསྡུས་པའི་སེམས་ཅན་ཐམས་ཅད་འབྱེད་པ་མི་མངའ་བའི་ཐུགས་ཀྱིས་དགོངས་ནས་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་འདུད་དོ། །ཡོངས་སུ་འདུད་ཏེ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེས་འཁོར་ཐམས་ཅད་གཟིགས་ནས། ནམ་ངངངངེཛི་ངང་་ཛངངའ་མཁའ་མཐའ་དང་མཉམ་པའ་ཏང་ ་འ ན་ལ་སྙམས་པར་ཞུགས་ནས། ནམ་མཁའ་མཐའ་དང་བྲལ་བའ་ཆས་ལ་དགངས་པ་མ ད་ཅང་། ནམ་མཁའ་མཐའ་དང་མཉམ་པའ་ཆས་གྲོལ་བའི་དགོངས་པ་མཛད་དོ། །དེ་ནས་ཡང་རྣལ་འབྱོར་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་དེ། སྟོན་པའི་མདུན་ན་གུས་པའི་ཚུལ་དུ་ཅང་མི་གསུང་བར་འདུག་པར་མཛད་དོ། །དེ་་་ངཅེ་ངངངངང་་ངདེངནས་སྟན་པ་ཀུན་ཏུ་བཟང་པས་འད་སྐད་ ས་བཀའ་སྩལ་ཏ། །ང་ཡ་རང་བཞན་ནམ་མཁའ་མཐའ་མཉམ་ནམ་མཁའ་རང་བཞན་མཐའ་དང་དབུས་ལས་གྲལ། ཁྱད་གཉས་ ་ཡ་རང་བཞིན་དེ་དང་མཉམ། ཐམས་ཅད་ཆོས་རྣམས་ང་ཡི་ཚུལ་དང་མཐུན། །ཅེས་བཀའ་སྩལ་ཏོ། །ཐག་རིང་དུ་བགྲོད་པ་ནམ་མཁའི་མཐའ་དང་མཉམ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེས་འདི་སྐད་ཅེས་གསོལ་ཏོ། །ཆོས་རྣམས་ཐམས་ཅད་ནམ་མཁའི་མཐའ་མཉམ་པ། །རིན་ཆེན་གཏེར་གྱི་འབྱུང་གནས་དགོངས་པ་འགྲུབ། །སྐལ་ལྡན་བཅུད་དུ་གྱུར་པ་རིན་ཆེན་ས། །དེ་ཉིད་དེ་ཡུལ་ཕྲ་བའི་མུན་སེལ་མཛོད། །ཅེས་གསོལ་པ་དང་། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་མཐའ་དང་འདྲ་བའི་མཉམ་པ་ཉིད། །མི་ལེན་མི་སྤོང་སྙིང་པོ་སྙམ་པའི་ངང་། །དེ་ཉིད་མ་འདས་རིན་ཆེན་གླིང་དང་མཚུངས། ཁམས་གསུམ་མི་ལྔས་དོན་ལ་མངའ་དབང་སྐྱེས། །མི་སྤོངས་མི་སྦྱོང་ཚི་ཆད་རྟོག་པའི་ནད། །དེ་ལས་མི་འགྱུར་མི་རྩོལ་རྒྱུ་དང་བྲལ། །ལྷུན་གྲུབ་སྤྲོས་མེད་ཡེ་ནས་རྫོགས་པའི་ངང་། །བསྟི་ནས་དབང་པོའི་རྩོལ་བས་རྙེད་པའང་མེད། །ཐ་དད་མི་འཛིན་འཛིན་པའི་རྩལ་དང་བྲལ། །རང་རིག་བཅོས་མེད་བདེ་བ་ཆེན་པོའི་ཀློང་། །རེ་བ་ཡུལ་ལས་འབྱུང་ཞིང་རྩོལ་བས་གོལ། །དེ་ཕྱིར་གཞན་ནས་མི་བཙལ་རྙེད་མི་འགྱུར། །སྤྲོས་མེད་ཡེ་ཤེས་རང་བཞིན་ཅིར་ཡང་བརྡལ། །བགྲོད་པར་བྱ་བའི་མ་ནོར་དྲང་པོ་ཡིས། །ཡེ་ནས་མི་དམིགས་མ་བཅོས་རང་བྱུང་གནས། །རྡོ་རྗེ་ལྟ་བུ་ཡེ་ཤེས་མི་འགྱུར་མུན་པ་མེད། །ཚོལ་བས་བཙལ་དུ་མེད་དེ་སྙིང་པོའི་དོན། །སྙིང་པོའི་དོན་ལ་མི་རྩོལ་མི་འགྱུར་བརྟན། །ནམ་མཁའ་ཆེ་ལ་མི་གནས་ནམ་མཁའི་ལམ། །ནམ་མཁའ་དེ་ཉིད་མི་དམིགས་མི་འགྱུར་བརྟན། །ཡེ་ནས་གྲུབ་པའི་རང་བཞིན་ཅི་མི་དགོངས། །མི་འགྱུར་རྟག་པ་ཆེན་པོ་ཀུན་ཏུ་བཟང་། །ཆོས་ཀུན་མ་སྦྱངས་ཡེ་ནས་དེ་ཡི་རྒྱན། །བཙལ་ཡང་མེད་པའི་འཕྲིན་ལས་ཡེ་ནས་གྲུབ། །རྩོལ་དང་བྲལ་བའི་རྟོག་པ་ཀུན་ཏུ་བཟང་། །ཐམས་ཅད་མེ་འབྱེད་དོན་ལ་ཅི་མི་དགོངས། །ཐ་དད་གཉིས་མེད་བདེ་བའི་ཡེ་ཤེས་ནི། །མི་འགྱུར་ལྷུན་གྱིས་གྲུབ་སྟེ་ཡེ་ནས་ཆེ། །གོམས་པའི་ཤུགས་ཀྱིས་རྟག་པ་བདེ་ལ་སྤྱོད། །བདེ་བ་ཆེན་པོ་ལོངས་སྤྱོད་ཡེ་ནས་རྫོགས། །ཐ་དད་གཉིས་སུ་མི་འབྱེད་ཀུན་ལ་བརྒྱན། །རྫོགས་པའི་ཡེ་ཤེས་མི་སྒོམ་དེ་ཉིད་ཡིན། །ཐག་རིང་དུ་བགྲོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྲིད་པ་གསུམ་སྦྱོང་བར་བྱེད་པའི་ལེའུ་སྟེ་གཉིས་པའོ།། །།མུན་པའི་འོད་ཟེར་འཆིང་བའི་རྒྱ་དང་མཚུངས། །དེ་དོན་འཆིང་བའི་རྒྱ་དང་གྲོལ། །འོད་ཀྱི་སྟོབས་ཀྱིས་གསལ་བ་ལྟར། །མཚོན་བྱེད་ཐབས་ཀྱིས་རང་བཞིན་འབྲེལ་པ་ཚང་། །བཀའ་ཡི་བདུད་རྩི་སྨན་གྱི་བཅུད་ཀྱིས་བསྡུས། །སྒྲུབ་བྱེད་རྒྱུ་ཡི་རང་བཞིན་མཚོན་བྱེད་ཐབས། །གསལ་སྣང་ཐ་དད་མི་འབྱེད་ཡེ་ཤེས་ཐུགས། །སྐུ་གསུང་ལྷུན་གྱིས་གྲུབ་པའི་འབྲས་བུ་གཅིག །བྱ་བྱེད་མི་བྱ་མེད་པས་ཡེ་ནས་ཀུན་ལ་ཁྱབ། །ཐམས་ཅད་བྱང་ཆུབ་ཞིང་ལ་ཐ་དད་མེད། །དབྱེར་མེད་ཀུན་བཟང་མི་འགྱུར་རྩོལ་མེད་པ། །མཚོན་དུ་གསང་བའི་ཆོས་ཉིད་ཡེ་ཤེས་ཆེ། །བརྗོད་པའི་ཚིག་དང་ཐ་སྙད་ཡུལ་ལས་འདས། །ང་མེད་ང་ཞེས་བསྟན་པས་འཁྲུལ་ཅིང་ཉམས། །མི་དམིགས་དངོས་སུ་མི་སྣང་ཕྱོགས་ཆའི་ཡུལ། །དམིགས་པ་འཛིན་པ་རྒྱུ་མེད་མཚན་མེད་དབྱིངས། །དངོས་པོའི་གནས་ལ་མ་ཆགས་བྱ་བ་མེད། །འཛིན་པའི་ཡུལ་ལ་མི་དམིགས་ནམ་མཁའ་འདྲ། །ཆོས་ཉིད་རྩལ་མེད་མུ་མེད་རྒྱ་དང་བྲལ། །གནག་པའི་དོན་དམ་ངེས་པའི་འབྲས་བུ་གཅིག །གསལ་བའི་རང་བཞིན་དགོངས་པ་གཅིག་ཏུ་བསྟན། །མཉམ་ཉིད་གསལ་བའི་དོན་ནི་ཅིར་མི་དགོངས། །མི་རྟོག་སྙིང་པོའི་ངང་དུ་འདུ་འབྲས་མེད། །སོ་སོར་རྟོག་པའི་སྟོབས་ཀྱིས་མི་འདྲེས་གསལ། །སྙིང་པོའི་རང་བཞིན་དོན་དམ་ལེགས་པ་ཆེ། །མཉམ་ཉིད་ང་བདག་མེད་པས་ཕྱོགས་རིས་མེད། །འཛིན་མེད་མཉམ་པའི་རླུ་་དུ་ངང་གིས་གནས། །རིག་པ་ལུང་གི་མན་ངག་ཁྱད་པར་ཆེ། །བདེ་བའི་སྒྲོན་མ་དག་པའི་མུན་པ་སེལ། །ཐབས་ཆེན་མཛད་པས་འཕྲིན་ལས་ལྷུན་གྱིས་གྲུབ། །ཐག་རིང་དུ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཁྱད་པར་ཐབས་ཀྱིས་ཆེ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།མ་སྐྱེས་མ་བཙལ་ཡེ་ནས་ཡིན་པའི་དཔལ། །རིག་པ་བཙལ་གྱི་མན་ངག་ཅིར་ཡང་གསལ། །རྡུལ་འབྲལ་མཁའ་ལྟར་དག་པ་ཆོས་ཉིད་དང་། །འོད་གསལ་དོར་མཛད་གཉིས་མེད་ལྷུན་གྲུབ་དང་། །རྒྱུ་ཡི་རང་བཞིན་དབྱེར་མེད་སྐུ་གསུང་ཐུགས། །རིག་པའི་ངོ་བོ་གཉིས་བྲལ་ཆོས་དབྱིངས་ངང་། །སེམས་ཀྱི་རྒྱུ་ལ་སྒྲུབ་པའི་འབྲས་བུ་གནས། །ཡོན་ཏན་འདུས་པའི་རྩ་བ་སྲོག་དང་རྒྱུ། །འགྲོ་བའི་སྡུག་བསྔལ་ལྷུན་གྲུབ་བྱང་ཆུབ་རྒྱུད། །དབྲི་བཀོལ་མེད་པའི་ལམ་གྱིས་ལྷུན་གྲུབ་ཏུ། །ཅི་ལའང་མ་ཡིན་ངེས་སྣང་མཐའ་ལས་འདས། །སྐྱེ་མེད་མི་གནས་རྡོ་རྗེ་འཇིག་པ་མེད། །དངོས་པོའི་ཡུལ་ཅན་དམིགས་པའི་རྒྱུ་ལས་གྲོལ། །ཡེ་ནས་ལྷུན་གྲུབ་མི་དམིགས་བྱང་ཆུབ་སེམས། །ལྟས་པས་མ་གྲུབ་སྐྱེ་མེད་ལྷུན་གྱིས་གནས། །རིག་པ་ལྷུན་གྲུབ་གཉིས་མེད་རང་བཞིན་གསལ། །ཟླ་བའི་གཟུགས་བརྙན་ལྟ་བུ་མི་གནས་པ། །བདེ་ཆེན་རིག་པའི་ཀློང་དུ་ངང་གིས་གནས། །རྒྱུ་ཡི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །མཉམ་པའི་རང་བཞིན་མི་གནས་ཐུགས་སུ་སྦྱོར། །གཡོ་དང་མི་གཡོ་རང་སྣང་སྐྱེ་འཇིག་བྲལ། །ཆོས་ཉིད་བརྡལ་བའི་རླུད་དུ་ངང་གིས་ཕེབས། །འོད་གསལ་མཉམ་པའི་རླུང་དུ་ངང་གི་གནས། །བློ་ཡི་སྤྱོད་ཡུལ་མ་ཡིན་མྱོང་ཞིང་རེག་པ་དཀའ། །འདུས་བྱས་རྩ་ནས་དག་ཅིང་ཡེ་ནས་གྲོལ། །མི་གནས་རྒྱལ་བ་རྣམས་ཀྱི་གསང་ཆེན་ཐུགས། །འཁོར་བ་རུ་ཟློག་རྒྱུད་དྲུག་རྩད་ནས་གཅད། །འགྲོ་བའི་སྡུག་བསྔལ་ཆོད་ཉིད་བྱང་ཆུབ་སེམས། །ངོ་བོ་རང་རིག་མི་གནས་མྱ་ངན་འདས། །དེ་ལ་དེ་ཉིད་གསལ་བས་འཆིང་བ་གྲོལ། །མྱ་ངན་འདས་པའི་དམ་ཚིག་སྐྱེ་བ་མེད། །ཅི་ཡང་མ་ཡིན་དམ་ཚིག་ལུ་གུ་རྒྱུད། །ཆོས་ཉིད་སེམས་ཀྱི་རང་བཞིན་མ་མཐོང་མེད། །རྒྱུ་དང་བྲལ་བའི་ཡེ་ཤེས་རིག་པར་དཀའ། །དམ་བཅས་ཆོས་ཉིད་གཉིས་སུ་སྣང་བ་མེད། །ཆེ་བའི་ཡོན་ཏན་འབྱུང་ཞིང་དེ་ལ་སྣང་། །དེ་ཉིད་ཡེ་ནས་ཡེ་ཤེས་གསང་བའི་ངང་། །རང་སྣང་ཉི་མའི་འོད་ལྟར་དབྲི་བཀོལ་མེད། །མ་སྐྱེས་རྣལ་འབྱོར་ནམ་མཁའི་བྱ་ལམ་འདྲ། །སྐྱེ་མེད་ཆོས་དབྱིངས་རིན་ཆེན་གཏེར་དང་མཚུངས། །བུང་བ་བཅུད་ལེན་བདེ་བའི་རོ་ཡིས་ཚིམ། །གཏི་མུག་ཆེན་པོ་ཆགས་མེད་རང་ལ་གསལ། །སྐལ་ལྡན་མི་ནུབ་རྣལ་འབྱོར་ཡོངས་ཀྱི་དོན། །རྣ་བརྒྱུད་ཐུགས་ཀྱི་གདེང་ཆུད་རིག་པའི་ཀློང་། །སྐལ་ལྡན་རྣལ་འབྱོར་རྣམས་ཀྱི་དོན་དུ་བཞག །ཐག་རིང་དུ་བགྲོད་པ་ནམ་མཁའི་མཐའ་དང་མཉམ་བའི་རྒྱུད་ལས། སྐུ་གསུང་ཐུགས་སྲོག་ཏུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།སྟོན་པའི་བདུད་རྩི་བཀའ་ཡི་བཅུད་དང་མཚུངས། །བུང་བ་བཅུད་ལེན་བདེ་བའི་རོ་ཡིས་ཚམ། །གཏི་མུག་ཆེན་པོ་ཆགས་པ་རང་ལས་གསལ། །སྐལ་ལྡན་མི་ནུབ་རྣལ་འབྱོར་ཡོངས་ཀྱི་དོན། །རྣ་བརྒྱུད་ཐུགས་ཀྱི་གདེང་ཆུད་རིག་པའི་ཀློང་། །སྐལ་ལྡན་རྣལ་འབྱོར་རྣམས་ཀྱི་དོན་དུ་བཞག །ལྷུན་གྲུབ་ཡུལ་བྲལ་ཐ་སྙད་ཡུལ་ལས་གྲོལ། །རྟོག་དང་མི་རྟོག་ཕྱི་ནང་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་ཆོ་འཕྲུལ་འབྱུང་བའི་རྒྱུ། །རིག་པ་གཅིག་ཏུ་ངང་གིས་མི་འབྱེད་ཅིང་། །ཐམས་ཅད་གཅིག་གི་ངོ་བོ་ཀུན་ལས་འདས། །དེ་ཉིད་དེ་ཡིན་རྒྱུ་ལས་རྟག་ཏུ་གྲོལ། །མ་སྦྱངས་རྣམ་པར་དག་པའི་སྤྱོད་ཡུལ་ས། །ཐོབ་དང་མི་ཐོབ་འཛིན་པའི་རྟེན་ལས་གྲོལ། །སངས་རྒྱས་སེམས་ཅན་གཉིས་མེད་རིག་པའི་ཡུལ། །ཡིད་ལ་བྱེད་པའི་འདུ་ཤེས་ནམ་མཁའ་འདྲ། །བརྗོད་པར་འཕྲུལ་པའི་ཆོས་ཡིན་དེ་ཉིད་བྲལ། །འདི་ལ་བསམ་པ་མེད་ཅིང་སྒྲུབ་པ་མེད། །གཉེན་པོ་ལམ་གྲི་བཅོས་སུ་ག་ལ་ཡོད། །དེ་ཉིད་མ་ཡིན་སྣང་བ་རིགས་དང་བྲལ། །རིག་པ་རྩལ་སྤྲུགས་བྱ་བྱེད་སྨོན་པ་མེད། །ལྷུན་གྱིས་རྫོགས་པ་ཡེ་ཤེས་སྔ་མའི་དོན། །སྐྱེ་བ་མེད་པའི་ཆོས་ཉིད་སྔ་མའི་དོན། །མི་དམིགས་མི་རྒོལ་བྱ་བཙལ་ཡུལ་ལས་འདས། །རྟོག་དང་སྤྱོད་ཡུལ་ནི་གཉིས་མེད་ཆོས་ཀྱི་དབྱིངས། །རྟོག་དང་སྤྱོད་པའི་ཡུལ་ཡེ་ཤེས་མི་གནས་དོན། །རིག་པ་མཁའ་ལྟར་དག་པའི་ཡེ་ཤེས་མི་གནས་གསལ། །རྣམ་རྟོག་བློ་ཡི་སྤྱོད་པས་ཅི་ཞིག་བྱ། །སྤྲུལ་པའི་ཆོས་ལ་བསྡད་པའི་དམིགས་བུ་འདྲ། །མི་གནས་མི་བཙལ་རིག་པའི་མཁའ་ཀློ་བརྡལ། །ཟུག་རྔུ་བྲལ་བའི་ཡེ་ཤེས་རྡུལ་བྲལ་འཇམ། །གཉེན་པོ་ཡེ་ཤེས་འཁྲུལ་པ་ནོར་བའི་ལམ། །དེ་ཉིད་དེ་ལས་བསྟན་པས་ལམ་ཆེན་པོ། །ཡེ་ཤེས་དེ་ལས་མི་ཉམས་གཉིས་སུ་མེད་པའི་ངང་། །ཆོས་རྣམས་དག་པའི་ངང་དུ་མཉམ་ཤེས་ན། །དག་པ་མཉམ་ཉིད་སངས་རྒྱས་ཀུན་གྱི་རྗེ། །རིག་པའི་ཤེས་པ་གདེང་ལྡན་བསམ་དང་བྲལ། །སྤྱོད་ཡུལ་གཅིག་པའི་ཡེ་ཤེས་བསྐལ་པ་བཟང་། །མི་འགྱུར་གདེང་མེད་མཚོན་པའི་རྗེས་སུ་འབྲངས། །ཟབ་མོའི་ཡུལ་མེད་འཛིན་པའི་ཡུལ་དུ་བཅས། །ངེས་པ་མེད་པའི་རང་བཞིན་བྱ་བ་མང་། །དེ་འདྲའི་སློབ་དཔོན་སྤྲེའུ་འདྲ་སྙིང་དང་མཚུངས། །རིག་པའི་མཚན་མས་མ་བསྐྱེད་ནོར་བའི་ལམ། །དེ་འདྲའི་ལམ་བསྟན་རྟོག་པས་ཟིན་ཏ་རེ། །རིན་ཆེན་གསེར་གྱི་རང་བཞེན་དྲི་མ་བྲལ། །ནག་ཚུར་རྐྱེན་གྱི་རང་བཞིན་སླུ་བར་དཀའ། །དེ་ལ་དེ་བརྟེན་དེ་ཡང་ཐོབ། །ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལོག་རྟོག་ཡེ་ཤེས་སྔགས་པའི་ལེའུ་སྟེ་ལྔ་པའོ།། །།མཉམ་ཉིད་གཅིག་པའི་དོན་ལ་ཕྱི་ནང་བྲལ། །འདུ་འབྲལ་མེད་པའི་ཆོས་ཉིད་བཅོམ་ལྡན་འདས། །ཀུན་ཏུ་བཟང་པོའི་རང་བཞིན་ཡེ་ནས་དག །གཉིས་མེད་ཐེག་པའི་ངེས་མེད་བགྲོད་མེད་ས། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་བདེ་ཆེན་པོ། །བྱ་བྲལ་བདེ་བའི་ཀློང་དུ་ངང་གིས་ཕེབས། །མཉམ་ཉིད་ཀློང་དུ་འདུ་ཞིང་ཐམས་ཅད་འབྱུང་། །བདེ་བའི་ཀློང་དུ་སྣ་ཚོགས་མི་གཉིས་ཀྱང་། །ཐ་དད་བགྲངས་པའི་ཆོས་རྣམས་རང་བཞིན་གཅིག །མཚོན་བྱེད་ཐབས་ཀྱི་རང་བཞིན་ཆ་ཤས་བྲལ། །དེ་ཉིད་སྤྲོས་བྲལ་བདེ་བ་ཆེན་པོའི་ཀློང་། །ཞི་གནས་ཞེན་པའི་ཡུལ་དུ་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཆོས་ཉིད་ཀུན་ཏུ་བཟང་། །ཆེ་བའི་ཡོན་ཏན་མ་བཀག་རོལ་པར་བསྣུབས། །ཀུན་ཏུ་༄༅ བཟང་པོའི་རོལ་པ་ནམ་མཁའ་ཆེ། །ནམ་མཁའ་མི་བསམ་ནམ་མཁའི་ཡུལ་ལས་འདས། །རྩོལ་བས་ཟིན་པའི་ནད་སྤངས་ནམ་མཁའ་འདྲ། །མི་འགྱུར་ལྷུན་གྱིས་གྲུབ་པས་བཞག་པ་ཡིན། ཁ་ས་མུ་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང་པོའི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།སེམས་ཀྱི་མཚན་ཉིད་ཕྱོགས་ཆ་གཅིག་ཏུ་བསྟན། །དེ་ཡི་མཚན་ཉིད་འདི་ཞེས་བསྟན་པར་དཀའ། །དེ་ལ་སྐྱེ་མེད་འཕོ་འགྱུར་གནས་པ་མེད། །རང་བཞིན་འཕྲུལ་པའི་རྒྱུ་དྲུག་མེད་ཅིང་སྟོན། །རྒྱུ་ཡི་རིག་པ་མེད་ཅིང་གནས་པ་མེད། །གནས་པའི་རྒྱུ་མེད་རྟེན་པའི་རྐྱེན་དང་བྲལ། །བྲི་བ་མེད་ཅིང་སྐྱེ་བའི་འཕེལ་བ་མེད། །སུ་ལ་ཕན་མེད་དེ་ཉིད་གནོད་མི་འགྱུར། །འདི་ལ་སྣང་བ་མེད་ཅིང་མུན་པ་མེད། །སངས་རྒྱས་མེད་ཅིང་སེམས་ཅན་ཡོད་མ་ཡིན། །བྱང་ཆུབ་མེད་ཅིང་ལམ་ཡང་ཡོད་མ་ཡིན། །འཁོར་བ་མ་ཡིན་མྱ་ངན་འདས་མ་ཡིན། །ནམ་མཁའ་མ་ཡིན་ནམ་མཁའི་ཡུལ་ལས་འདས། ཁྲེས་རབ་མེད་ཅིང་ཐབས་ཀྱང་ཡོད་མ་ཡིན། །དབྱིངས་དང་ཡེ་ཤེས་གཉིས་ཀྱང་ཡོད་མ་ཡིན། །ཡོད་མེད་ཀུན་ལས་འདས་པའི་སྟོང་ཆེན་པོ མི་བསམ་མི་བརྗོད་རིག་པའི་ཀློང་དུ་བརྡལ། །ཅི་ཡང་མེད་དེ་མེད་པ་སྙིང་པོའི་དོན། །ལྷུན་གྱིས་གྲུབ་པའི་མཛད་པ་ཅིར་ཡང་སྣང་། །སྐལ་ལྡན་ལྷུན་གྲུབ་དགོངས་པ་གསལ་བར་འགྲེལ། །དེ་ཉིད་དེ་ཡིན་ཆེ་བའི་སྤྱོད་ཡུལ་ལྡན། །དེ་བསྟན་དེ་མེད་དེ་ཡང་ཡོད་མ་ཡིན། །ང་མེད་གཞན་མེད་འདི་ཞེས་གདོད་ནས་མེད། །སྟོང་ཉིད་དེ་ཡིན་དེ་ཟློག་ལྷུན་གྱིས་རྫོགས། །ནམ་མཁའ་ཕུང་པོ་མ་སྐྱེས་ཡེ་གསལ་ཁྱབ། །ལྷུན་གྲུབ་མི་འགྱུར་རྟག་པ་མེད། །ནམ་མཁའི་ཁམས་ལྟར་ཁྱབ་པས་མི་འགྱུར་བརྟན། །ཐ་དད་སྣང་ཡང་དེ་ཉིད་ངོ་བོ་གཅིག །ཐིག་ལེ་ཆེན་པོ་སྣ་ཚོགས་ཡིད་ཀྱི་རྒྱུན། །ཅིར་ཡང་མ་གཡོས་ཐ་སྙད་བྱང་ཆུབ་ལམ། །འདུ་བྱེད་ལག་གིས་བསྒྱུར་བའི་ངོ་བོ་འདྲ། །ཐ་སྙད་ཐམས་ཅད་བགྲོད་པའི་ཡུལ་ལས་འདས། །དེ་ཕྱིར་དགེ་སྡིག་ཐམས་ཅད་ཐ་སྙད་ལམ། །ཐིག་ལེ་སྤྲོས་བྲལ་ཐམས་ཅད་ཁྱད་པར་ཅིར་ཡང་མཚུངས། ཁྱད་པར་ལམ་དུ་བསྟན་པས་རྣམ་པར་གྲོལ། །དེ་ལ་དེ་མིན་གདོད་ནས་རྣམ་པར་དག །སྐྱེ་བའི་མུན་པ་རྒྱ་མཚོའི་གཟིངས་དང་མཚུངས། །དོན་མེད་སྒྲ་ཕྱིར་འབྲང་ཞིང་གདེང་མི་ལྡན། །དེ་ཉིད་དེ་ལ་རྟོག་ཅིང་ཟབ་མོའི་ཡུལ། །དམིགས་མེད་དབྱིངས་ལ་མ་རེག་ལོང་བ་འདྲ། །དམ་ཚིག་བསྲུང་བ་མེད་ཅིང་བབ་ཆོལ་སྤྱོད། །དཀར་པོ་དགེ་བའི་ལས་སྤངས་རྣམ་པར་འཐོམས། །ཡག་ཤ་མེ་དཔལ་ལྟ་བུ་སྙིང་ལ་གནས། །མི་གཙང་དྲི་མ་བཀྲུས་པ་ཡོད་མ་ཡིན། །མེད་པའི་དངོས་པོ་མ་བཅོས་ཚི་ཆད་འདྲ། །ཕྱོགས་མེད་དཀར་པོའི་རང་བཞིན་ཉི་མ་འདྲ། །དེ་ཉིད་ཁྱད་འཕགས་ལྷག་པར་ལྷ་ཡི་ལྷ། །མཐར་ཡི་མུན་པ་ཡེ་ནས་མེད་པར་གསུངས། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་གསལ་བར་མངོན་དུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཅིས་ཀྱང་མཚོན་མེད་མ་བགྲོད་རང་བཞིན་གྲོལ། །མི་གནས་སྟོང་ཉིད་ཡེ་ནས་དག་པའི་དོན། །བཙལ་བས་མ་ཡིན་མ་བཙལ་རྙེད་མ་ཡིན། །འོད་གསལ་ཡེ་ཤེས་ཆེན་པོ་ནམ་མཁའ་འདྲ། །རྒྱུ་མེད་རང་གསལ་མི་བསམ་བསམ་མི་ཁྱབ། །རྣམ་པར་དག་པའི་ངང་ལ་རྩེ་གཅིག་གནས། །མཚན་མེད་སྤྲོས་པ་སྐྱེ་མེད་དབྱིངས་སུ་བརྡལ། །འཛག་པའི་རྒྱུ་བ་གནས་བཅས་ཡེ་ནས་སྟོང་། །དེ་ཕྱིར་མི་བསམ་མི་རྟོག་དབྱིངས་དང་བྲལ། །ཡིན་པའི་དོན་ལ་རྟོག་དང་མི་རྟོག་བྲལ། །གཡོ་འགུལ་དག་པའི་རང་བཞིན་བསམ་དུ་བྲལ། །རྐྱེན་གྱི་རང་བཞིན་བདེ་བ་སྡུག་བསྔལ་རྣམས། །མི་གནས་དབྱིངས་ཀྱི་ཐེག་པ་ཐེ་ཚོམ་བྲལ། །སྣང་སྲིད་ཐམས་ཅད་མ་སྐྱེས་རྣམ་པར་དག །རྒྱུ་འབྲས་ཆོས་ལས་འདས་པས་དབྱིངས་ཕྱུག་དག །ཐ་དད་འཛིན་དང་ཡུལ་མེད་འཁོར་བ་དག །དེ་འདྲ་གཏིང་དཔག་དཀའ་བ་རྒྱ་མཚོ་ཟབ། །རང་རིག་རྩལ་དུ་ཉམས་ལ་གསལ་བར་ཟབ། །དེ་ཉིད་གང་དང་བརྗོད་མེད་བརྗོད་ལས་འདས། །མཚོན་པའི་དཔེ་ལས་འདས་ཤིང་རྡུལ་དང་བྲལ། །རྒྱུ་ཡི་ཡན་ལག་མ་ཉམས་གསལ་གྱུར་ན། །སངས་རྒྱས་གཞན་ན་མེད་དེ་དེ་ཉིད་ཡིན། །མཚན་མའི་དབྱིངས་སུ་མ་གྲུབ་ཁ་དོག་བྲལ། །ཚིག་དང་ཡི་གེ་མེད་པས་བརྗོད་ལས་འདས། །དམིགས་པའི་རྟེན་དང་བྲལ་བས་ཅིར་མི་བསམ ཅིར་ཡང་མི་དམིགས་མངོན་དུ་བྱ་བ་མེད། །གར་ཡང་མ་ཡིན་དེ་ལྟར་མཉམ་གཞག་ན། །རིམ་པར་སྣང་བའི་རྟེན་དང་བྲལ་བས་ཅིར་མི་བསམ ཅིར་ཡང་མི་དམིགས་མངོན་དུ་བྱ་བ་མེད། །གང་ཡང་མ་ཡིན་དེ་ལྟར་མཉམ་གཞག་ན། །རིམ་པར་སྣང་བའི་བློ་ལ་ཅིར་ཡང་འབྱུང་། །ལྷག་མ་མེད་པའི་འབྲས་བུ་ཉིད་དུ་འགྲུབ། །དེ་ཡུལ་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་རྣམས། །རིམ་གྱིས་ས་ལ་མ་འདྲེས་གསལ་བར་སྣང་། །དེ་ཡིས་དེ་ལ་བསྟན་པས་དེ་མི་སྒུལ། །དེ་མཐོང་འདྲེན་པའི་འོད་ཟེར་བསྟི་གནས་ས། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་ཀྱི་ས་ལ་བསླབ་ཅིང་གནས་པའི་ལེའུ་སྟེ་བརྒྱད་པའོ།། །།སྐྱེ་མེད་ཆོས་རྣམས་ཐམས་ཅད་བསམ་མི་ཁྱབ། །བསམ་དུ་མེད་པས་བསམ་པའི་ནམ་མཁའ་ཆེ། །ཀུན་ལ་ཁྱབ་པའི་ནམ་མཁའི་ངོ་བོ་མེད། །ཆོས་ཉིད་དབྱེར་མེད་ཡེ་ནས་ནམ་མཁའ་ཆེ། །དེ་ཉིད་དེ་ལ་མི་རྟོག་གནས་པ་མེད། །བྱ་བྲལ་བསམ་དང་བྲལ་བས་ནམ་མཁའ་དག །བསམ་དུ་མེད་པས་དེ་ཉིད་དེ་མི་འགྱུར། །ནམ་མཁའ་མི་དམིགས་པ་ཡང་དམིགས་སུ་མེད། །དམིགས་དང་མི་དམིགས་དེ་ལ་དེ་མི་འབྱུང་། །ནམ་མཁའ་ཡུལ་དུ་མ་ཞེན་སྒོམ་མི་བྱ། །དེ་ལ་དེ་མིང་དཔེ་ཡི་ནམ་མཁའ་དག །ནམ་མཁའ་མཚན་ཉིད་ཀུན་ལས་འདས་པར་གསུང་། །དེ་ཉིད་ཙམ་དུ་དེ་ཉིད་དེ་ཡང་མེད། །སྒོམ་དང་མི་སྒོམ་ནམ་མཁའ་ཉིད་དུ་སྒོམ། །ནམ་མཁའ་སྒོམ་དུ་མེད་བས་ནམ་མཁའི་དོན། །ཟློས་དང་མི་ཟློས་སྤྲོས་མེད་བཟླས་པར་སྦྱོར། །ལུས་དང་བྲལ་བའི་ནམ་མཁའ་སེམས་དཔའ་མེད། །ནམ་མཁའི་མཚན་ཉིད་ཀུན་དང་བྲལ་བར་སྦྱོར། །བདག་གཞན་ཚིག་བཟླས་མ་བཀག་མཉམ་པ་ཉིད། །མཚན་མེད་སྒྲ་ཡིས་མཚོན་ཞིང་མཚོན་མི་ནུས། །དེ་ཉིད་མཚོན་པར་འདི་ཞེས་ནུས་མ་ཡིན། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས།ཆོས་ཐམས་ཅད་ནམ་མཁའི་དཔེས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།བརྟན་དང་མི་རྟག་ཞི་ཕྱིར་རྣམ་གྲངས་བྲལ། །མཚོན་པའི་སྒྲོན་མེ་དེ་ཡིས་དེར་མི་་གྱུར། །ཞི་བའི་ཆོས་ཉིད་དེ་ཡི་ཕྱོགས་དང་བྲལ། །དེ་ནས་དག་པའི་ཞི་བ་མཐའ་ལས་འདས། །མ་སྐྱེས་རང་བྱུང་དེ་ཡི་རྗེས་དང་བྲལ། །མ་སྐྱེས་ཡེ་ཤེས་ཐོག་མ་མཐའ་ལས་འདས། །མཐའ་དབུས་མེད་པའི་ཡེ་ཤེས་སྐྱོན་དང་བྲལ། །རྒྱ་དང་བྲལ་བའི་ཡེ་ཤེས་ཀུན་ལ་ཁྱབ། །མ་བཅོས་བརྡལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ། །རེ་དོགས་མེད་པའི་ཡེ་ཤེས་དགོངས་པ་འུགྲུབ། །མ་ཐོས་མ་མཐོང་མྱོང་བའི་ཡུལ་དང་བྲལ། །མ་སྐྱེས་ཡེ་ཤེས་རིག་པ་ཚིག་མཐའ་བྲལ། །ཚིག་ཏུ་འཛིན་མེད་ཡེ་ནས་རྣམ་པར་ཞི། །གཅིག་ཀྱང་མ་ཡིན་དུ་མའི་རང་བཞིན་བྲལ། །གདོད་ནས་ཞི་བའི་རང་བཞིན་ལེན་པ་མེད། །ལོག་ལྟ་མི་འབྱུང་དེ་ཉིད་དེ་དང་མཚུངས། །མི་མཐུན་ཆོས་ལ་མི་བསྒྱུར་མཉམ་པ་ཉིད། །འདི་ཐོས་མི་ལྡང་གང་མོས་ནམ་མཁའ་བཞིན། །དངོས་མེད་ཆོས་ལ་ཞི་བ་ཆད་པ་མེད། །རྟག་ཆད་མཐའ་ལས་འདས་ཤིང་སྦྱང་བ་མེད། །ཀུན་ཏུ་ཁྱབ་པས་རྟག་པའི་མཐའ་ལས་འདས། །རྟག་ཆད་མི་སྣང་ཡེ་ནས་ཐོས་པ་མེད། །ཀུན་ཏུ་ཁྱབ་པའི་རིག་པ་ལྷུན་གྱིས་གྲུབ། །སྣང་མེད་མྱོང་མེད་རྟག་ཆད་ཚིག་དང་འབྲལ། །བདག་ཏུ་བརྟགས་པས་འཆི་འཕོ་སྦྱོང་བ་འབྱུང་། །དོན་དུ་མི་འཛིན་བདག་མཐའ་ཡེ་ནས་མེད། །རྐྱེན་གྱི་གཟུགས་བརྙན་སྦྱོར་བ་འཆི་བར་འགྱུར། །རྟོག་པའི་རྐྱེན་དང་བྲལ་བ་བདེ་བའི་ཉམས། །འབྱུང་འཇུག་མེད་པ་ཡེ་ནས་ཟིན་པའི་ཐབས། །དེ་མེད་དེ་བྲལ་ཉམས་མེད་གྲོལ་བ་མེད། །ངོ་བོ་མེད་བའི་སེམས་ལ་འཛིན་མེད་བྲལ། །ཕྱི་ནང་སྒོ་ཕུགས་མི་ལྟ་འཛིན་དང་བྲལ། །མཐའ་དབུས་ཀུན་གྱི་རང་བཞིན་སྙིང་པོ་བྲལ། །མཉམ་ཉིད་གཅིག་གི་རང་བཞིན་བདེ་སྡུག་བྲལ། །ཚིག་གི་མཐའ་ཉིད་ཡེ་ནས་མེད། །འཛིན་མེད་བློ་ནི་མི་སྐྱེ་ཁྱད་པར་བྲལ ཞི་བའི་དོན་ལ་དངོས་མེད་གཟུང་བ་མེད། ཁྱད་པར་མ་སྤངས་གཟུགས་མེད་མི་གནས་དོན། །སེམས་ཉིད་མོས་བས་སེམས་ལ་དམིགས་པ་མེད། །མ་བཅོས་སེམས་ཀྱི་རྒྱུ་ནི་ཀུན་ལ་ཁྱབ། །སེམས་ཀྱི་རང་བཞིན་མི་དམིགས་སྒྱུ་མའི་མངའ། །ཐོག་མེད་གསལ་བའི་མར་མེ་ལྷུན་གྱིས་གྲུབ། །ཞི་བའི་འོད་གསལ་མཐའ་བྲལ་སྣང་བ་མེད། །མ་བཅོས་བྱང་ཆུབ་སེམས་ནི་རྩོལ་དང་བྲལ། །མི་གནས་ཆགས་པའི་ཡུལ་མེད་འཆིང་བའི་གནས། །རང་བཞིན་ཐ་དད་རྣམ་གྲངས་གཅིག་པའི་ཡུལ། །རྣམ་པའི་རང་བཞིན་མི་འགྱུར་དོན། །ས་བོན་མི་དམིགས་འོད་གསལ་དགེ་བའི་རྒྱུ། །རྒྱུ་དང་མི་རྒྱུ་མཉམ་ཉིད་འབྱུང་བ་མེད། །དག་པ་མ་ཡིན་བཙལ་བས་དབང་པོས་སྟོང་། །དེ་ཉིད་བསྟན་པས་དེར་གནས་སྨོས་ཅི་དགོས། །མཉམ་ཉིད་རོ་ཡི་དེ་བ་མཚན་མ་དབྱིངས། །དབྱེར་མེད་བདེ་ལ་ཆགས་ན་སྒོམ་ཆགས་ནད། །འདས་དང་མི་གནས་རང་བཞིན་དུས་གསུམ་རྒྱུ། །མཚན་མའི་འཆིང་བ་མི་ལེན་འཛིན་དང་བྲལ། །དུས་གསུམ་ཡེ་ནས་དག་པས་རྡོ་རྗེར་ཆེ། །གང་ལ་ཆགས་པ་མེད་པས་གཏོར་མར་བཤད། །སྒྱུ་མའི་སྦྱོར་བས་འབྲེལ་ཅིང་དོན་དུ་འབྲེལ། །རྩོལ་བའི་སྒྱུ་མས་སྐྱེ་མེད་དབྱིངས་མི་བསྐྱོད། །སྒྱུ་མའི་རྣམ་གྲངས་བགྲངས་པས་ཡུལ་ལ་འཁྲུལ། །སྒྲོ་སྐུར་སྒྱུ་མ་འཆིང་བས་བཙལ་མི་བྱ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། །རོལ་པ་སྒྱུར་མར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དབང་པོ་སྤྱོད་ཡུལ་བྲལ་ཕྱིར་དེ་རྒྱུ་མེད། །དེ་མེད་དེ་ལ་མི་རྟོག་ནམ་མཁའ་འདྲ། །འདུས་བྱས་ཐམས་ཅད་རྐྱེན་གྱི་སྒྱུ་མ་འདྲ། །དེ་ལ་སྤྱོད་པ་དུད་པ་སེར་པོ་འདྲ། །བར་ཆད་འཁྲུལ་ན་རྟག་ཏུ་དོན་བྱེད་བྱས། །སྒྱུ་མའི་དོན་གྱིས་བདེན་འགྲོ་དྲང་བར་གསུངས། །དེ་ལ་དེ་ཉིད་བསྟན་པས་ནམ་མཁའ་འདྲ། །ཚིག་མེད་ཚིག་ལ་སྤྱོད་པ་ལས་ཀྱིས་འཁྲུལ། །བྱས་དང་མ་བྱས་བག་ཙམ་བསྟོད་སེམས་ཆེ། །རྟག་པའི་དོན་བྲལ་དེ་ལ་ཆད་པ་མེད། །མཉམ་པ་ཀློང་དུ་དོན་བྲལ་ལེགས་པ་ཆེ། །སྐྱེ་འགག་མེད་པའི་དོན་ལ་རྟག་ཏུ་གནས། །མ་སྐྱེས་སྐྱེ་བ་མེད་པ་རྟག་ཏུ་ཉན། །ཐོས་མེད་བྲལ་བ་མེད་བའི་དོན་ལ་གནས། །མཚོན་བྱེད་ཐབས་ཀྱི་བཀྲི་ཐབས་རྒྱལ་བས་གསུངས། །དེ་ལ་དེ་བསྟན་དེ་ཉིད་དེ་མ་ཡིན། །ཚད་མར་གཟུང་བའི་དོན་ཉིད་འཛིན་པ་སྐྱེས། །དེ་ལ་མཚན་པས་སེམས་ཀྱི་རྒྱུད་ཁ་འཁོར། །ཚིག་མེད་ཚིག་གི་དོན་གྱིས་ཁྱབ་པ་མེད། །མཚོན་བྱེད་སྒྲ་ཡི་རང་བཞིན་བརྟགས་པ་འདྲ། །སྙིང་པོ་མེད་པའི་དོན་ཉིད་དབུས་མཐའ་བྲལ། །ལེགས་ཉེས་དོན་ལ་མི་དམིགས་སྒྱུ་མའི་དམིགས། །མེད་པའི་ཆོས་ལ་སྤྱོད་པ་བརྟེན་པ་འདྲ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐ་དད་པར་མཚོན་པར་གོལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།ལོག་པའི་རང་བཞིན་བྱང་ཆུབ་དེ་དང་མཚུངས། །བྱང་ཆུབ་ཉིད་ལ་ལོག་པ་དམིགས་དང་བྲལ། །དེ་ཉིད་དེ་ཡིན་དེ་ལྟ་ང་ཡིས་བཤད། །བསམ་གྱིས་མི་ཁྱབ་མི་བསམ་ནམ་མཁའ་འདྲ། །བསམ་མེད་ནམ་མཁའི་ངོ་བོ་སྐྱེ་དང་བྲལ། །མ་སྐྱེས་བརྗོད་དུ་མེད་ཅིང་སྨོན་པ་མེད། །གཡོ་མེད་མཐའ་ལ་མི་གནས་དབུ་མ་བཞིན། །མཚོན་དུ་མེད་པའི་རང་བཞིན་ང་ཡི་ལུས། །བརྗོད་པའི་ཤུགས་ལས་མི་འབྱུང་སྟོང་པས་དབེན། །རྒྱུ་ཡི་ཡུལ་ལ་མི་གནས་ལེགས་པ་ཆེ། །གཅིག་གི་ངང་དུ་འདུས་པ་རྒྱ་མཚོ་བཞི། །བྱ་མེད་རྩོལ་དང་བྲལ་བའི་ལྷུན་གྲུབ་སྐུ། །རྒྱུ་ཡི་འབྱུང་ཁུངས་བསམ་མེད་འབྲས་བུ་འབྱུང་། །ལྷུན་གྲུབ་དགོངས་པ་སྐོང་བ་རིན་ཆེན་འདྲ། །བཙལ་བ་མེད་པའི་རིག་པ་རང་སྣང་ཤར། །བསམ་པའི་སྤྱོད་དང་བྲལ་བས་རྣམ་པར་དག །དེ་ལ་ལེན་པ་མེད་པས་ཡེ་ནས་བདེ། །གྲངས་ཀྱི་ཆེ་བ་བཀྲི་དང་འདྲེན་པའི་དོན། །དེ་ཉིད་དེ་ལས་འདས་བས་ངེས་པའི་དོན། །དེ་ལ་དེ་སྣང་སྒྱུ་མ་བཙལ་དུ་མེད། །ཐ་དད་ཡུལ་མེད་གཟུགས་མེད་མཐོང་བ་གང་། །སྒྱུ་ཕྱིར་མི་འབྲང་དེ་ལ་རྟོག་པ་མེད། །སྒྲ་དང་རྟོག་གེའི་ཡུལ་ལས་རྣམ་པར་དགྲོལ། །བསོད་ནམས་སྒྱུ་མ་ནམ་མཁའི་རི་མོ་འདྲ། །འཕགས་པའི་སྐུ་དང་དབྱེར་མེད་མི་རྟག་འཇིག །སྦྱངས་དང་མ་སྦྱངས་སྒྱུ་མ་ལྷུན་གྱིས་གྲུབ། །རྣམ་པར་དག་པའི་ལམ་ཆེན་བཙལ་མེད་པས། །བསོད་ནམས་མེད་ཀྱང་ལྷུན་གྱིས་གྲུབ་པར་འགྱུར། །དབྱིངས་ལ་འབྱུང་འཇུག་མེད་ཅིང་བླང་དོར་བྲལ། །མི་འགྱུར་སྤྲོས་བྲལ་ཅིས་ཀྱང་སྤྱོད་པ་མེད། །ཅིས་ཀྱང་མི་བཙལ་ཀུན་ཏུ་ཁྱབ་པར་གནས། །མ་སྐྱེས་ཆོས་སྐུ་མི་གནས་དབྱེར་མེད་དེ། །འདས་དང་མ་འོངས་ད་ལྟར་རྒྱལ་བ་རྣམས། །གཅིག་ཏུ་འདུས་ནས་བསྟན་ཀྱང་འབྱུང་མི་འགྱུར། །དམ་ཚིག་འདུས་པའི་དབང་དུ་སྤྲུལ་བའི་སྐུ། །ནམ་མཁའི་མཐའ་ཀླས་སྒྱུ་མའི་ལྟད་མོ་འདྲ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།རགས་པའི་ཡུལ་གྱིས་མི་རྙེད་མཐོང་བ་དཀའ། །དེ་ལ་དེ་ཉིད་དེ་ཡུལ་མ་ཡིན་ཤེས་པར་དཀའ། །མཐོང་དུ་མེད་པའི་དོན་ཉིད་མཐོང་བ་ཡིན། །བགྲོད་དང་མི་བགྲོད་བརྟགས་ན་ནམ་མཁའ་འདྲ། །ཇི་བཞིན་འབྱེད་མེད་ས་ལས་མ་འདས་དོན། །དངོས་པོ་ནམ་མཁའ་ལས་ཀྱང་འདས་པར་བཤད། །ཐབས་མཁས་ལྷུན་གྲུབ་ས་ནི་རྩོལ་པ་མེད། །སྒྱུ་མ་ཐབས་ཀྱིས་ནམ་མཁའི་དབྱིབས། །ནམ་མཁའ་བཙལ་བས་འཇུག་པའི་གནས་མ་རྙེད། །ཡེ་ནས་མི་བཅོས་རིག་པ་གསལ་བའི་ཐབས། །རྟོག་འདས་ཐབས་ཆེན་དེ་ཡིས་ཅི་ཞིག་བྱ། །རང་བྱུང་གཉིས་སུ་མེད་ལས་མཚན་ཉིད་མེད། །རྟག་པའི་སྒྱུ་མ་ཡེ་ནས་མེད་ཅེས་གསུངས། །ལྷུན་གྲུབ་འབྲས་བུ་སྒྱུ་མ་གར་བསྒྱུར་ཡང་། །གཉིས་མེད་ལམ་དུ་རྒྱལ་བས་མ་བསྔགས་སོ། །སྒྱུ་མ་ཙམ་དུ་སྣང་བ་བཀྲི་དྲང་ཐབས། །སྒྱུ་མའི་ཡུལ་ལ་སྤྱོད་ཅིང་རྗེས་སུ་འབྲངས། །སྒྱུ་མ་ངེས་པའི་དོན་དུ་བློ་ལ་སྣང་། །རྒྱལ་བའི་ལམ་དུ་མི་འགྱུར་ཆགས་པའི་གནས། །སྒྱུ་མའི་མཚན་མ་བརྗོད་ལས་རབ་འདས་པ། །དབུ་མ་ཆེན་པོ་མི་བརྗོད་བརྗོད་པར་དཀའ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྒྱུ་མའི་མཐའ་མི་གནས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྐྱེད་པའི་རྒྱུ་ནི་སྣང་བ་ཕྲ་རབ་རྡུལ། །དེ་ལ་དེ་ཡོང་རྒྱུན་གྱི་འཁོར་ལོ་འདྲ། །ཡིད་ལ་བྱེད་པའི་འཛིན་པའི་ཕུར་པ་འདྲ། །དེ་དང་དེ་གཉིས་མི་གནས་ཤིན་ཏུ་འགལ། །དངོས་པོ་ཐ་དད་བཏགས་པའི་ཞེན་པ་འདྲ། །བག་ལ་ཉལ་བའི་ཕྲ་བ་ནམ་མཁའ་བཞིན། །མ་བཅོས་འོད་གསལ་རང་སྣང་འོད་དུ་བརྡལ། །དངོས་འཛིན་མེད་པའི་ཡེ་ཤེས་རྒྱུ་དང་བྲལ། །རྐྱེན་གྱིས་སྣང་བ་ཡེ་ཤེས་སྐད་ཅིག་མ། །བརྟགས་པའི་འབྲས་བུ་ཐིག་ལེ་ཆེན་པོར་མཉམ། །ཕྱི་མའི་རིག་པའི་ཡེ་ཤེས་འཀྱུར་མེད་གསལ། །ཕྲ་བ་གཅོད་པ་རྡོ་རྗེ་ཐེག་པ་སྟེ། །འཛིན་པའི་ཕུར་པ་མ་བཅོས་རང་སྣང་གསལ། །དེ་ཡི་ངང་དུ་གྱུར་པ་དང་དུ་ཕེབས། །དངོས་པོ་གསུམ་དང་བྲལ་བར་ཆེ་བར་གནས། །རྒྱུ་དང་མི་རྒྱུ་བྲལ་བས་ལྷུན་གྱིས་གྲུབ། །དེ་ཉིད་དེ་ལ་གྱུར་པ་བཏགས་པ་ཙམ། །དེ་ཉིད་དེ་ལས་གྱུར་བ་ཀླུངས་སུ་ཕེབས། །ཐམས་ཅད་ལས་ཀྱི་འོད་ཀྱིས་བུམ་པ་གང་། །མཐའ་དང་མུན་པ་ཡེ་ནས་མེད་པར་གཟུངས། །མཐའ་གཉིས་གདོད་ནས་དག་པའི་ཐིག་ལེ་ཡིས། །རང་སྣང་མུན་པ་རྐྱེན་གྱི་ཆུ་དང་མཚུངས། །དེ་ཡི་དེ་ལས་བསྒྲལ་ནས་བདེ་བའི་ཀློང་། །བྱ་བྲལ་རྩོད་པའི་ངང་དུ་རྐྱེན་གྱིས་གནས། །བྱ་བ་མེད་པའི་ཡེ་ཤེས་སྒོམ་དང་བྲལ། །སྒོམ་པའི་ཡུལ་ལས་འདས་པས་ཅིར་མི་སྒོམ། །དམིགས་པའི་སྒྲ་ལ་བརྟེན་ནས་ཡིད་ལ་བྱེད། །རིལ་པོའི་ཤེས་པ་ལྟ་བུ་ཡུལ་ལ་སྤྱོད། །ཡུལ་གྱི་མྱོང་བ་མེད་པས་དེ་དང་བྲལ། །འདུ་ཤེས་ནད་ཀྱིས་བདག་ཉིད་རྒྱས་པར་བྱེད། །ལྷན་ཅིག་མི་གནས་རྐྱེན་དུ་རྣམ་པར་རྟོག །དེ་ཉིད་ཤིན་ཏུ་འགལ་བས་རྣམ་པར་ཉམས། །སྒོམ་པ་སྒོམ་པའི་གནས་སུ་དག་པར་རྟོགས། །མུན་པ་ཕྲ་བར་སྣང་བ་ནམ་མཁའ་འདྲ། །གདེང་དུ་ཆུད་པའི་རྣལ་འབྱོར་སྐལ་བ་བཟང་། །བདག་ཉིད་ཆེན་པོ་མི་གཞན་སྐྱོན་དང་བྲལ། །མི་གནས་ཆགས་པ་མེད་པས་བྱ་ལམ་འདྲ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རིག་པ་སྒྲས་མཚོན་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཐམས་ཅད་མཉམ་ཉིད་དོན་དམ་བྲལ་བའི་སྐུ། །ཐམས་ཅད་མཉམ་ཉིད་དེར་འདུས་རིག་པ་བརྡལ། །ཆོས་སྐུ་ཡེ་ནས་དབེན་པས་རྣམ་པར་དག །དངོས་པོ་རིགས་སུ་མི་ཟིན་མཉམ་ཉིད་དཔལ། །ཀུན་འདུས་ཡེ་ནས་དག་པས་མཉམ་པའི་དཔལ། །སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུ་མི་མངའ། །སྒྲ་ལས་འདས་པས་འོད་གསལ་ལྷུན་གྱིས་གྲུབ། །རྣམ་རྟོག་བློ་ཡི་འཁྲུལ་པ་རེ་དོགས་འདྲ། །དེ་ལ་དེ་མེད་དེ་ཡི་རྣམ་པར་གསང་། །དེ་ཡི་རང་བཞིན་དེ་མེད་དེ་ཡིས་དབེན། །ཐིག་ལེའི་ངང་དུ་མི་གནས་བླ་དགས་ཙམ། །རྟག་ཆད་གཉིས་ཀྱི་མཐའ་ནི་དབྱིངས་སུ་གཅིག །ཐིག་ལེ་མ་སྤངས་རྣམ་པར་བྲལ། །མཉམ་ཉིད་གཅིག་གི་རང་བཞིན་དེ་ལྟར་སྣང་། །དེ་ཡི་རིས་སུ་གཟུང་ཞིང་རྣམ་པར་རེད། །དེ་ཉིད་མཚན་མ་མ་ཡིན་དེ་ལ་སླུ། །སྣང་འདོད་རྩོལ་སེམས་བྱེད་པ་རྩོལ་བའི་ནད། །དེ་ཡིས་ལོངས་སྤྱོད་མ་སྤངས་རྒྱན་དུ་ཤར། །ཐུགས་རྗེ་ཆེན་པོ་ནམ་མཁའི་མཐའ་དང་མཉམ། །ཐམས་ཅད་ཀུན་ལ་མཉམ་འགྱུར་ཏིལ་དང་མཚུངས། །ནམ་མཁའི་མཐའ་ལྟར་༄༅ ཁྱབ་པས་རང་ལ་གསལ། །སྒྱུ་མའི་ཐབས་ཆེན་རོལ་པས་འདོད་དགུར་བསྒྱུར། །ཆགས་མེད་སྤྱོད་པས་ཚིམ་པ་ཀུན་ཏུ་བཟང་། །བསམ་དང་བྲལ་བའི་དོན་ལ་ཀུན་ཏུ་བཟང་། །ཏིར་ཡ་ཀ་ཡི་ལོངས་སྦྱོད་ཀུན་ཏུ་འཛིན། །ཐ་སྙད་ཐམས་ཅད་འཇིག་པའི་ངང་དུ་བརྡལ། །བདེན་གཉིས་དབྱེར་མེད་སྙིང་པོ་བྱང་ཆུབ་མཆོག །མཐར་ཐུག་བཞིན་འཀྱུར་སྙིང་པོ་བྱང་ཆུབ་དང་། །དགོངས་པ་ངེས་པར་འགྲེལ་བར་ཐ་མི་དད། །རྟོག་པའི་གདེང་དུ་ལྡན་པས་བདག་ཉིད་འགྲུབ། །འདུ་ཤེས་བསམ་དང་བྲལ་བས་ཆགས་མི་འགྱུར། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐུགས་རྗེ་ཆེན་པོ་ཐབས་ཀྱི་རང་བཞིན་ཀུན་ཏུ་བཟང་པོའི་སྤྱོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།རིགས་ལྔ་རྒྱལ་བ་ཀུན་གྱི་མ་ཆེན་མོ། །དཔའ་བོ་འབྲུ་ལྔ་ཐབས་ཀྱི་རང་བཞིན་གནས། །ཐབས་ཀྱི་འཕྲོ་འདུ་ཐམས་ཅད་དེ་ལས་འབྱུང་། །རྒྱལ་བ་ཀུན་གྱི་དངོས་གཞི་ཀུན་ཏུ་བཟང་། །ཤིན་ཏུ་རྣལ་འབྱོར་ལས་ཀྱང་ལྷག་པའི་ལྷ། །མཉམ་ལམ་འདྲེས་ཡོངས་སུ་རྫོགས་པའི་དཔལ། །དུས་གསུམ་ཀུན་ཏུ་བཟང་པོའི་རྒྱན་དུ་ཤར། །མཉམ་ཉིད་མ་འདྲེས་ངང་དུ་རིག་པ་ཤར། །རིག་པ་མཉམ་ཉིད་མ་བཅོས་དག་པ་ལ། །འཛིན་མེད་ཆགས་དང་བྲལ་བ་ཡེ་ཤེས་བརྡལ། །མ་བཅོས་ཐབས་ཀྱིས་རྣལ་འབྱོར་ཀུན་གྱི་དཔལ། །མ་བཅོས་ལྷུན་གྱིས་གྲུབ་པ་རྩོལ་དང་བྲལ། །ཆགས་པ་མེད་པའི་ཆོས་ཉིད་ཀུན་ཏུ་བཟང་། །དམིགས་འཛིན་ཟིན་ཆགས་མེད་པའི་ངང་དུ་ཤར། །རིག་པའི་ས་ལ་བགྲོད་པའི་འཕགས་པར་བཤད། །དེ་ཉིད་དེ་ལ་བཞུགས་པས་ཁྱད་པར་འཕགས། །ཐམས་ཅད་ངང་ལས་བྱུང་པས་ང་ཡི་འཁོར། །འཇིག་རྟེན་ཚངས་པ་རྣམས་ཀྱི་མེས་སུ་བཤད། །ཡ་ཐོག་ཕུལ་དུ་གྱུར་པས་སྐྱེད་པའི་མ། །ཡབ་དང་སྲས་སུ་འཇལ་བས་བདེ་ཀློང་མཁའ། །སྐྱེ་མེད་ཆོས་ཀྱི་རྒྱུ་ལས་བྱིན་རླབས་སྣང་། །ཆོས་རྣམས་ཀུན་གྱི་འབྱུང་གནས་རིན་ཆེན་གཏེར། །རིག་པ་རང་དབངགྱུར་པས་དབང་ཕྱུག་ཆེ། །ཀུན་བཟང་བདེ་བའི་ངང་ལས་སྤྲོས་པ་མེད། །མཆོག་གི་མཆོག་ཏུ་གྱུར་པས་ཡེ་ཤེས་བླ་མའི་གནས། །རྗེ་བཙུན་དམ་པས་སྤྲོས་མེད་ཀུན་ཏུ་བཟང་། །སྐྱེ་མེད་རྡོ་རྗེ་འཆང་ནི་འཇིགས་པའི་སྐྱབས། །འཁོར་བ་སྐད་ཅིག་མ་ལ་ཕྱགས་མས་བཏབ། །ཉམས་པའི་ཆད་པ་ཉིད་དང་སྐྱོན་དང་བྲལ། །དེ་ལ་གནས་པ་དེར་གཞོལ་མཆོད་པའི་སྤྲིན། །དམིགས་པའི་མཆོད་པ་མེད་པས་འཕགས་པ་མེད་པས་མཉེས། །རྒྱུ་ཡི་བསྔོ་བ་མེད་པས་ནམ་མཁའ་འདྲ། །ནམ་མཁར་བསྔོ་དང་བྲལ་བས་བསོད་ནམས་རྫོགས། །མི་ལྡོག་ཀླུངས་སུ་ཕེབས་བས་སྒྲུབ་པའི་ཐབས། །བྱ་བ་ཀུན་ལ་མི་གནས་ཐེག་པ་ཆེ། །འདུ་འབྲལ་མེད་པའི་ཆོས་ཉིད་བརྩལ་དང་བྲལ། །དེ་ལ་ཐ་དད་མེད་པས་མཛེས་དང་བྲལ། །ནམ་མཁའི་མཐའ་དང་མཉམ་པ་རིག་པ་འཆར། །ཕྱག་རྒྱ་ཆེན་པོ་འདུ་འབྲལ་མེད་པའི་རྒྱ། །ཞི་བའི་ཕྱག་རྒྱ་རྒྱ་མཚོའི་དུ་བ་འདྲ། །འཕེལ་འགྲིབ་མེད་པའི་ཡེ་ཤེས་ཀུན་ལ་ཁྱབ། །ཕྱོགས་བཅུ་མ་ལུས་བདེ་གཤེགས་ཐུགས་ཀྱི་བཅུད། །གསུང་རབ་མ་ལུས་བསྡུས་པའི་དོན། །ཚིག་འབྲུ་གཅིག་གིས་བརྗོད་དོན་བསམ་མི་ཁྱབ། །ཟབ་ཅིང་རྒྱ་ཆེ་ཚད་མེད་གཏིང་དཔག་དཀའ། །ཡོན་ཏན་བསམ་གྱིས་མི་ཁྱབ་ནམ་མཁའ་འདྲ། །བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཡུམ་ཡིན་པས། །མངོན་སུམ་སངས་རྒྱས་འདྲ་བ་དད་པས་འདུན། །རྣལ་འབྱོར་གང་ཞིག་འདི་ཡི་དབང་གྱུར་པ། །ཀུན་བཟང་དབྱེ་བ་མེད་པའི་ས་དང་མཉམ། །མངོན་སུམ་འདི་དང་མི་འབྲལ་སྐལ་བ་བཟང་། །སྟོན་པ་དམ་པ་བཞིན་དུ་མཆོད་པ་བྱ། །རིག་པའི་རྣལ་འབྱོར་རྣམས་ཀྱི་བསྟི་གནས་པ། །རིག་པ་གསུམ་གྱི་བཅུད་ཀྱི་བདུད་རྩི་ལེན། །བསྟན་པའི་དོན་ལ་བསྟེན་ཅིང་རིག་པ་སྐྱེ། །དབྱེར་མེད་ས་ལ་ཅིག་ཆར་ལྷུན་གྱི་འཇུག །འདུ་འབྲལ་མེད་པའི་ངང་དུ་ཡེ་ནས་བསྣུམས།ཁ་ས་མུན་ཛ་ནམ་མཁའ་དང་མཉམ་བའི་རྒྱུད་ལས། ཡི་གེ་ལ་ཆེ་བ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།སྤྲོས་པའི་ཆོས་ཉིད་སྣང་བ་མ་བཅོས་པ། །མི་འགྱུར་སྐུ་གསུང་ཐུགས་ཀྱི་བདེ་ཆེན་པོ། །མི་ཕྱེད་མ་བཙལ་མི་གནས་ཐུགས་ཀྱི་གཏེར། །བློ་ཡི་སྤྱོད་ཡུལ་མ་ཡིན་རང་གསལ་ལྷུན། །ལྷུན་གྱིས་གྲུབ་བའི་ཡེ་ཤེས་གཏེར་གྱི་མཆོག །ངེས་པའི་གདེང་དང་ལྡན་པས་འཕེལ་འགྲིབ་མེད། །སྐྱེ་འཇིག་མེད་པའི་མཚན་ཉིད་མཐའ་ལས་འདས། །ཆོས་ཉིད་མཚོན་ལས་འདས་པས་ལྷུན་གྱིས་གྲུབ། །བདག་ལ་རྫོགས་པ་མ་བཀག་རང་བཞིན་གསལ། །འདོད་དགུར་བསྒྱུར་བའི་ཡེ་ཤེས་རིན་པོ་ཆེ། །སྨོན་པའི་རེ་དོགས་མེད་པར་ནམ་མཁའ་གསལ། །ཐེག་པའི་ཁྱད་པར་མི་གནས་སེམས་ལ་རྫོགས། །སྟོང་གསུམ་ཉུང་འབྲུར་འཇུག་ཚུལ་བསྟན་པ་ལྟར། །རིག་པ་གནས་པའི་ཡེ་ཤེས་བསྟན་པར་དཀའ། །ཐམས་ཅད་རིག་པའི་ངང་དུ་འདུས་པ་དེ་ཡི་དཔལ། །ངང་གིས་གཞན་བྲལ་བདག་ཉིད་ཆེན་པོ་དེ་ཡི་དོན། །ཀུན་ནས་འདུས་པས་མི་འཆི་སྲོག་གི་མཆོག །ཐམས་ཅད་བཅུད་ཀྱི་རང་བཞིན་འདུ་འབྲལ་མེད། །དེ་ཉིད་དོན་ལ་འཇུག་པས་ཟག་པ་མེད། །སྤྱོད་ཡུལ་མེད་པའི་ཡེ་ཤེས་རང་ལས་བྱུང་། །མ་འདྲེས་སྣང་བར་གྱུར་བས་མ་བཀག་སྟེ། །རང་བཞིན་སྙིང་པོར་གྱུར་པས་ཆོས་ཀྱི་དབྱིངས། །མཚན་མའི་རང་བཞིན་ཕྱོགས་ལ་དམིགས་སུ་མེད། །ཡུལ་དང་བྲལ་བའི་རིག་པ་ཡེ་ནས་རྫོགས། །རྟག་པ་ཆེན་པོའི་རང་བཞིན་འགྱུར་བ་མེད། །ཆགས་མེད་ཀུན་ཏུ་བཟང་པོ་རྒྱུན་མི་འཆད། །བྱ་བ་མེད་པའི་སྤྱོད་པ་ལྷུན་གྱིས་རྫོགས། །སྐྱེ་བ་ཡུམ་གྱི་རང་བཞིན་བྷ་གའི་ཀློང་། །བརྗོད་མེད་ཐབས་ཀྱི་རང་བཞིན་ལིང་ཀ་སྟེ། །གཉིས་མེད་འབྱེད་པ་མེད་པར་རང་ལ་གསལ། །དབྱེར་མེད་འཛིན་དང་བྲལ་བས་རྡོ་རྗེའི་དོན། །མཁའ་ལྟར་ཆགས་པ་མེད་པས་པདྨར་བཤད། །ཕྲ་བའི་གཟུང་འཛིན་མེད་པས་གཉིས་དང་བྲལ། །མ་སྦྱངས་རྣམ་པར་དག་པའི་ཞིང་ཁམས་གསལ། །ཐུགས་པ་མེད་པའི་མཐའ་ཡས་ཀུན་གྱི་ཞིང་། །དམིགས་མེད་ཕྲ་བ་སྦྱངས་པས་དོན་དང་མཉམ། །མཚན་མ་རེ་སྨོན་བྲལ་བས་ཐུགས་ཀྱི་དབྱིངས། །མངོན་སུམ་སྣང་བས་སྲིད་གསུམ་དག་པའི་ཞིང་། །ཇི་བཞིན་གོ་བའི་རང་བཞིན་ཐབས་སུ་བཤད། །རྩོལ་ལམ་རིང་དུ་འགྲོ་བས་རྙེད་མི་འགྱུར། །མན་ངག་ལུང་དང་རིག་པས་སེམས་ལ་གཏུགས། །ཕུད་པོ་དོན་ལ་སྦྱངས་པས་མཐར་ཐུག་ལམ། །སྙིང་པོའི་དཀྱིལ་དུ་གྱུར་བས་སེམས་ཀྱི་མཐའ། །མཚོན་པ་རྟེན་དང་བྲལ་བའི་ཡི་གེ་ལ། །སྣང་བ་མེད་པའམ་ཧཱུཾ༷་ལ་བརྟེན་པ་བཅས། །ཧཱུཾ༷་གིས་ཧཱུཾ༷་ལ་བཙལ་བས་ཐོབ་པ་མེད། །ཐོབ་པ་མེད་པའི་ཧཱུཾ༷་ལ་བརྟེན་པ་ཙམ། །རྙེད་པ་མེད་པའི་དོན་ལ་སེམས་ཀྱིས་རྩོལ། །སྒྲུབ་བྱེད་རྒྱུ་ཡི་རང་བཞི༷ན་ཐུགས་ཀྱི་ཧཱུཾ༷། །ངེས་པ་མེད་པའི་སྙིང་པོའི་ཡི་གེ་ཧཱུཾ༷། །ཧཱུཾ༷་གིས་ཧཱུཾ༷་ལ་ཁྱབ་པས་ཀུན་གྱི་རྒྱུ། །སྤོང་ལེན་མེད་པའི་རྟགས་ནི་ཧཱུཾ་གི་རྟགས། །གཉིས་མེད་ཧཱུཾ༷་གི་རང་བཞིན་མ་བཀག་ཤར། །ཐ་དད་རྟེན་པ་མེད་པས་ཨཱོཾ་དུ་གནས། །ཕྱོགས་ཆ་མེད་པའི་ཨོ་གྱིས་གྲུབ་པ་མེད། །བརྗོད་པ་མེད་པའི་ཨོ་ཉིད་མཚོན་དང་བྲལ། །སྙིང་པོ་མེད་པའི་རང་བཞིན་རྒྱུ་དང་བྲལ། །མཚན་མ་གསུམ་དང་བྲལ་བས་སྐུ་གསུང་ཐུགས། །འཇིན་པ་མེད་དང་བྲལ་བས་ཀུན་ཏུ་བརྡལ། །ཡི་གེ་དྲུག་གིརངབཞིནཕྱོགསལསྤྲོ། །མཚོན་བྱེད་སེམས་ཀྱི་རང་བཞིན་དབྱིངས་དང་བྲལ། །བསམ་དུ་མེད་པའི་སྤྱོད་ཡུལ་བསམ་ལས་འདས། །བསམ་དུ་མེད་པའི་དོན་རྟོགས་བདེ་དང་ལྡན། །སྟོབས་ཀྱི་ཆེ་བ་རིག་པའི་ངང་དུ་རྟོགས། །མ་ལུས་འབྱུང་བའི་རིན་ཆེན་བསྡུས་པའི་སྔར། །ལྷུན་གྲུབ་མ་བཙལ་འབྱུང་བ་རིག་པའི་རྩལ། །དེ་ལ་ཞེན་པ་མེད་པས་རིག་པ་ཆགས་མེད་རྩལ། །ཀུན་ཏུ་བཟང་པོ་རོལ་པ་རིག་པའི་ཀློང་། །མ་ལུས་འབྱུང་བའི་རྒྱུ་ནི་རིན་ཆེན་ས། །ཡོད་མེད་ས་ལས་འདས་པས་ལུང་དུ་བསྟན། །དེ་ལ་གསལ་བ་མེད་པས་ཡེ་ནས་དག །མཐའ་རྣམས་དག་པས་དཀར་པོའི་དོན་དང་ལྡན། །རིག་པ་རང་བཞིན་མ་འདྲེས་ཡེ་ནས་གསལ། །དངོས་གཞིའི་ས་ལ་ངེས་མེད་འགྱུར་བའི་སེམས། །མ་སྐྱེས་ལྷུན་གྱིས་གྲུབ་པས་རྣམ་པར་དག །ལྟ་བའི་གདེང་གིས་མི་འགྱུར་རིག་པ་སྒོམ། །རིག་པ་རང་ལ་གསལ་ན་ཚད་མའི་དོན། །རིག་པ་གཏིང་དུ་ཤར་བ་བརྗོད་བྱའི་དོན། །དངོས་མེད་དངོས་པོ་རྫོགས་པས་གཉིས་དང་བྲལ། །འགྲོ་བ་དག་པས་མན་ངག་བདེ་ཆེན་ཉིད། །ཐིག་ལེ་ཆེན་པོའི་ངང་དུ་དབྱེར་མེད་གཅིག །མཚན་མ་མཁའ་ལ་འཁྱིལ་བས་སྤྲོས་པ་དག །སེམས་ལ་རིག་པ་ཤར་བས་དོན་ལ་གཏུགས། །ཆགས་པ་ལ་སོགས་སྤྱོད་པ་ཀུན་ཏུ་བཟང་པོའི་རྒྱུན། །དུས་གསུམ་དམིགས་སུ་མེད་པས་ནམ་མཁའ་ཆེ། །དེ་ལ་ཆགས་དང་བྲལ་བ་ནམ་མཁའི་ལམ། །མི་དམིགས་རྣམ་པར་དག་པས་མ་སྤངས་བྲལ། །རང་སྣང་དམིགས་སུ་མེད་པའི་རྒྱན་དུ་ཤར། །ནམ་མཁའི་དབྱིངས་ནས་བྱུང་བའི་དང་མ་འདྲ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྐུ་གསུང་ཐུགས་ཡི་གེ་ལས་འདས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།བག་ཆགས་སྟོབས་ཀྱིས་འབྲས་བུ་འབྱུང་བའི་དམིགས། །དེ་ཡི་རང་བཞིན་དེ་རྒྱུ་རྣམ་པར་དག །མཚན་མ་རང་སར་དག་པས་སྤང་དུ་མེད། །འཁོར་བ་ཐམས་ཅད་ཀུན་ཏུ་བཟང་པོའི་རྒྱ། །བག་ལ་ཉལ་བ་མ་བཀག་རང་སྣང་ཤར། །རིག་པ་དོན་གྱི་ལུང་ལ་ངེས་པར་གཏུགས། །མ་བགྲོད་ཅིར་ཡང་འཇུག་པ་དེ་མ་ཐག །ཉེ་བའི་ལམ་དུ་གྱུར་པ་ཐུགས་ཀྱི་དབྱིག །རྒྱུ༡ད་དང་བྲལ་བས་རང་བྱུང་རྒྱུན་དུ་ཤར། །སྣང་སྲིད་ཐམས་ཅད་རྒྱུན་གྱི་བྱང་ཆུབ་སེམས། །འཁོར་བ་ཐམས་ཅད་མི་གནས་དབྱིངས་སུ་བསྟན། །སངས་རྒྱས་སེམས་ཅན་གཉིས་མེད་བྷ་གའི་མཁའ། །འདོད་ཆགས་ལ་སོགས་འགྲོ་བའི་སྡུག་བསྔལ་དག །རྨོངས་ཤིང་སྦྱོང་པ་རག་ཤ་བདུད་ཀྱི་ལས། །དེ་ཡིས་དེ་དག་སྤངས་པས་མྱ་ངན་འདས་རིག་བྲལ། །དེ་ཡིས་དེ་ལ་ལྟས་པས་སྤྱོད་ཡུལ་གཅིག །མིང་ཙམ་བསྟན་པའི་དངོས་པོ་རྡུལ་ཙམ་མེད། །དེ་ལ་དེ་ཡོད་མ་ཡིན་ཆོས་ཀྱི་སྐུ། །གཉིས་མེད་ངང་དུ་འདུས་པས་རྒྱན་གྱི་མཆོག །སྟོང་གསུམ་འཇིག་རྟེན་རྫོགས་པ་བླ་མའི་ས། །རིག་པའི་སྐྱེས་བུ་དེ་དང་མཉམ་པར་སྦྱོར། །སྐལ་ལྡན་སྐད་ཅིག་གིས་ནི་རྫོགས་སངས་རྒྱས། །རིག་པ་ཀློང་དུ་ཤར་བས་གཡང་ས་བྲལ། །གོལ་སྒྲིབ་ཉིད་ཀྱང་དབྱེར་མེད་བྱང་ཆུབ་ལམ། །དུས་གསུམ་རྣམ་པར་དག་པས་འབྲས་བུའི་ས། །སྤྱོད་པའི་ཁྱད་པར་འགྲོ་ཉལ་འདུག་སྡོད་པ། །ཇི་ལྟར་སྤྱད་ཀྱང་འབྲས་བུར་གསལ། །འཆིང་བར་མི་འགྱུར་རྣམ་པར་གྲོལ་བར་འཀྱུར། །ནམ་མཁའི་དབྱིངས་སུ་གཏེར་ལྡན་རྣལ་འབྱོར་པ། །མ་བཀབ་འོད་གསལ་ཡོན་ཏན་ཅིར་ཡང་འཆར། །ཉི་མའི་འོད་ལྟར་རང་བཞིན་དངོས་མེད་ཀྱང་། །ཆོ་འཕྲུལ་གཟུང་དུ་མེད་པ་བསམ་ཡས་སྣང་། །དངོས་མེད་རིག་པའི་དངོས་དང་བྲལ་བར་གནས། །ཐུགས་རྗེའི་འོད་ཟེར་ཉི་མ་ལྟ་བུར་བརྡལ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ངེས་པའི་དོན་ལ་འཇུག་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།རྩོལ་པ་བྲལ་བའི་བྱང་ཆུབ་སེམས་ཆེན་པོ། །འཆི་འཕོ་སྐྱེ་དང་བྲལ་བའི་ཐིག་ལེ་ཤར། །རིག་པའི་ཡུལ་ལ་གོལ་མེད་གྲུབ་པ་མེད་པས་རྩོལ། །རུས་སྦལ་སྤུ་ལ་གོས་སུ་ཐགས་ཐགས་མཚུངས། །བྱ་བྲལ་རྫོགས་པའི་ཚུལ་དང་དེ་གནས་ནས། །བྱང་ཆུབ་ཆེན་པོ་ཡེ་ནས་བཙལ་མེད་གྲུབ། །ཡུལ་ལ་སྤྱོད་པའི་ཚད་མས་བསྟན་པས་འཁྲུལ། །ཚད་མར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཆེ་བའི་རྒྱན་དུ་བྱེད་པས་མི་ལེན་དོར་མི་བྱེད། །མཐར་ཐུག་སྙིང་པོའི་རིག་པ་བྱང་ཆུབ་ལམ། །དམིགས་པ་མེད་པའི་ཡེ་ཤེས་རྒྱན་དུ་ཤར། །ཆོས་རྣམས་ཐམས་ཅད་མཉམ་ཉིད་ཡེ་ནས་རྫོགས། །མཚན་མའི་རྣམ་པར་མེད་དགོས་ཡུལ་ལ་རོལ། །ལྟར་སྣང་དམིགས་སུ་མེད་པའི་ཀློང་དུ་ཤར། །ཆོས་ལ་ཆོས་ཉིད་རོལ་པ་ཀུན་ཏུ་བཟང་པོའི་ཐབས ཐབས་ཆེན་མཛད་པས་རིག་པའི་ཀློང་དུ་ཤར། །རྣམ་དག་ལམ་ཆེན་ཐབས་ཀྱི་ཐབས་ཆེན་པོ། །ཡིན་པའི་དོན་ལ་གནས་པའི་ཐིག་ལེ་ཆེ། །རིག་པའི་ཚད་མར་མ་སྐྱེས་ཚིག་ཕྱིར་འབྲེངས། །འཁྲུལ་པའི་རྒྱུ་ལ་སྤྱོད་པས་རིག་པ་ཉམས། །འཛིན་པའི་རྟོགས་པས་བརྟགས་ཤིང་ངེས་པར་འཛིན། །ལྷུན་གྱིས་གནས་པས་བདེ་ཆེན་ལུང་ལས་གོལ། །དེ་ཉིད་དེ་ལ་སྤྱོད་པ་བླུན་པོ་འདྲ། །བྱ་མེད་རྩོལ་དང་བྲལ་བས་ཡེ་ནས་ཟིན། །ལྷུན་གྲུབ་བདེ་བའི་ངང་དུ་ཡེ་ནས་གྲུབ། །རིག་པ་རང་ལ་འཆར་བ་ང་ཡིས་བཤད། །རྒྱུ་རྐྱེན་རྟེན་དང་བྲལ་བས་ཡེ་ནས་གྲུབ། །ཀུན་གྱི་གཞིར་གྱུར་ཁྱབ་པའི་སྙིང་པོ་ཉིད། །ཡེ་ནས་རྣམ་གྲོལ་གཟུང་འཛིན་ཡུལ་དང་བྲལ། །དེ་དང་རྣམ་པ་དེ་ཡི་དབང་མི་འཀྱུར། །འགྱུར་མེད་གཡུང་དྲུང་ཡེ་ནས་གྲོལ་བའི་ལམ བཙལ་བ་མེད་པའི་སྡུག་བསྔལ་ནད་རྣམས་འཇོམས། །བདེ་བ་ཆེན་པོ་ནམ་མཁའི་མཐའ་བཞིན་གནས། །ཐིག་ལེར་གདོད་ནས་དག་པས་ཀུན་ལ་ཁྱབ། །སྤྲོ་ཞིང་བསྡུ་བ་མེད་པས་དག་པའི་ངང་། །རིག་པ་མཁའ་ལྟར་དག་པས་གསལ་བས་དག་པ་ཆེ། །ས་བོན་མེད་ཅིང་སྐྱེ་བའི་རྒྱུ་ཡང་མེད། །རྐྱེན་གྱི་དབང་དུ་མི་འགྱུར་གཡུང་དྲུང་སྐུ། །མཚན་མའི་ཡུལ་ལ་མི་གནས་བསམ་ལས་འདས། །མི་རྟོག་བཙལ་དང་བྲལ་བས་སངས་རྒྱས་ས། །བགྲོད་པ་མེད་པའི་རིག་པ་ཆོས་ཉིད་མཁའ། །མི་གནས་མཉམ་པའི་ཀློང་དུ་རིག་པ་འཆར། །སྤྲོས་པའི་ཡུལ་ལས་འདས་པས་མཐའ་དབུས་བྲལ། །མཐའ་གཉིས་མྱ་ངན་འདས་པས་བདེ་ཆེན་སྐུ། །ཆོས་ལ་ཆོས་ཀྱིས་སྟོན་པ་སྒྲོན་མར་བསྔགས། །གསལ་བར་གྱུར་པས་རྡུལ་བྲལ་འཇམ་པའི་ངང་། །དོན་དང་ལྡན་པས་འཇམ་དཔལ་གཞོན་ནུ་ཉིད། །བདེ་སྐྱིད་ཆོས་རྣམས་མ་ལུས་ལམ་ལ་སོགས། །རྒྱ་མཚོ་ལྟ་བུའི་གཞིར་གྱུར་འཕེལ་འགྲིབ་མེད། །མ་སྦྱངས་རྣམ་པར་གྲོལ་བས་རྫོགས་པའི་ལམ། །ཕྲ་རབ་རྡུལ་གྱི་རང་བཞིན་བརྟེན་པར་དཀའ། །མི་གནས་དམིགས་དང་བྲལ་བས་བསམ་ལས་འདས། །བསྟན་ཅིང་བརྟག་པར་དཀའ་བས་བརྗོད་ལས་འདས། །སྔོན་གྱི་དྲང་སྲོང་གྲུབ་པའི་ལམ་དུ་འཇུག །རིག་པ་ཉམས་ཀྱི་ཚོར་བ་སྒོམ་ཆགས་ན། །རྩོལ་བའི་ནད་ཀྱིས་ཟིན་པ་འཁྲུལ་པའི་ནད། །མེད་ལ་སྤྱོད་པར་བྱེད་པ་སྨིག་སྒྱུ་འདྲ། །སེམས་ཉིད་རིག་པ་མཚོན་པ་མེད་པ་བརྗོད་དང་བྲལ། །དག་དང་མ་དག་རིག་པའི་ངང་དུ་མཚུངས། །དབྱེ་བ་མེད་པའི་ཡེ་ཤེས་གཏི་མུག་དང་། །རིག་པ་ཐོགས་པ་མེད་པ་བསམ་དང་བྲལ། །རྨུགས་ཤིང་མི་གཡོ་རིག་པའི་མཁའ་ལ་འཁྱིལ། །ཅི་ཡང་མཐོང་བ་མེད་པ་མངོན་དུ་གསལ། །མ་བཙལ་ཕྱིན་པས་ཐམས་ཅད་མཁྱེན་པའི་སྐུ། །རིག་པ་མཐའ་དང་མཉམ་པས་ཀུན་ཏུ་བརྡལ། །སྤོང་ལེན་འཛིན་དང་བྲལ་བས་མཉམ་པའི་རྒྱན། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།འདུས་མ་བྱས་པའི་ཁྱབ་པ་རྡོ་རྗེ་ཆེ། །མི་བསམ་དོན་ལ་དགོངས་པའི་ཆེ་བ་ལྔ། །མ་འདྲེས་ཡོངས་སུ་རྫོགས་པའི་ཀུན་ཏུ་བཟང་། །མི་གནས་བྱ་དང་བྲལ་བས་ཆོས་ཀྱི་དབྱིངས། །མི་གནས་བརྩལ་དང་བྲལ་བས་རྣམ་དག་ལམ། །ཡེ་ནས་དག་པའི་རང་བཞིན་ཀུན་གྲོལ་བའོ། །མི་གཟུང་མཐའ་ལས་འདས་པས་ཅིར་མི་དགོངས། །ཅིར་ཡང་མི་སྐྱེ་མི་འགག་བྱ་བ་སྤངས། །ཚད་མེད་བཞི་ཡི་ཆོས་ཉིད་ཅིར་མི་མཛད། །ཆོས་ཉིད་ཆེ་བས་ཐམས་ཅད་ཟབ་མོའི་ཞིང་། །མྱ་ངན་འདས་པའི་སྙིང་པོ་མཉམ་ཉིད་ཞིང་། །བཏགས་པའི་ཆོས་དང་བྲལ་བས་བསྔགས་པ་མེད། །བྱ་བའི་ཡུལ་ལས་འདས་པས་དོན་མི་བསྐྱོད། །རྣལ་འེབྱོར་ཆེན་པོ་གྲོལ་ནས་གྲོལ་བའི་ལམ། །མཐའ་དང་བྲལ་བས་བཅོམ་ལྡན་འབྱུང་བ་ཆེ། །ཕྱིན་ཅི་འོ།ག་ཏུ་བཏགས་པར་རང་ཉིད་གྲོལ། །གྲོལ་བ་ཀུན་གྱི་ལམ་ཆེན་ཐམས་ཅད་མཚུངས། །འགྲོ་བའི་སྡུག་བསྔལ་བསླད་པ་བྱང་ཆུབ་སེམས། །ཀུན་ཏུ་ཆུད་པས་མཉམ་ཉིད་རྣམ་པར་རོལ། །ཅི་ཡང་བསྐྱོད་པ་མེད་པས་ནམ་མཁའི་མཐའ་དང་མཉམ། །བླ་དགས་མིང་དུ་མཐོང་བས་ཅི་ཡང་མཚུངས། །ཀུན་ཏུ་བཟང་པོའི་བདེ་བ་མཚུངས་པས་ལེན། ཁྱད་པར་ལས་ཀྱི་ཆོས་ནི་རྣམ་པར་དག །གང་ཞིག་དེ་ཡི་དབང་གྱུར་རང་བཞིན་མེད། །བྱང་ཆུབ་སེམས་ཀྱི་རྒྱུ་ཉིད་རྡོ་རྗེ་རྐྱེན། །མ་སྐྱེས་འཛིན་པ་མེད་པས་བྱང་ཆུབ་ལམ། ཁ་ས་མུ་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང་པོའི་རྒྱུ་ཉིད་ལས་སུ་མ་གྲུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།འདོད་ཆགས་ལ་སོགས་ཞེན་པའི་དབྱིངས་ཀྱིས་བརྒྱན། །འདོད་ཆགས་ཞེ་སྡང་ཞགས་མེད་ཀུན་བཟང་བརྒྱན། །ཆེ་བའི་ཡོན་ཏན་ཡེ་ནས་སྐུ་གསུང་ཐུགས། །དམིགས་སུ་མེད་པའི་ཡེ་ཤེས་བྱང་ཆུབ་ལམ། །དམིགས་མེད་གཏི་མུག་ཆེན་པོ་རང་ལས་བྱུང་། །གང་ཡང་མི་འགོག་དམིགས་པ་ནམ་མཁའ་འདྲ། །འཁོར་གསུམ་ཡོངས་སུ་རྫོགས་པས་ཆོས་ཉིད་རྒྱ། །སྐྱེ་མེད་ནམ་མཁའ་ལྷ་བུར་རྟོག་པ་བྲལ། །དེ་ཉིད་ཡུལ་ལས་འདས་པས་ཅིར་མི་འགྱུར། །ཅིར་ཡང་མི་ཆགས་དངོས་མེད་ནམ་མཁའ་འདྲ། །གང་ཡང་བསྔོ་བ་མེད་པས་རང་དོན་འབྱུང་། །དམིགས་པའི་ཡུལ་དང་བྲལ་བས་མཉམ་ཉིད་སྐུ། །སྣང་བ་མི་འགོག་ཟླ་བའི་གཟུགས་དང་འདྲ། །རང་བཞིན་དམིགས་སུ་མེད་པས་ཀུན་ཏུ་བརྡལ། །སྒྱུ་ཡི་རོལ་བ་མ་འགག་ཆུབ་པར་གནས། །ཐམས་ཅད་སྒྱུ་མའི་སྤྱོད་པས་དམིགས་མེད་དག །དགག་སྒྲུབ་བྲལ་བས་རོལ་པ་ནམ་མཁའ་འདྲ། །ཐུང་ངུའི་སྒྲ་ཡིས་དེ་མཚོན་རྟག་ཏུ་བསྟན། །ཐུགས་རྗེའི་མཛད་པ་མི་གཏོང་་གྱུར་དང་བྲལ། །ཐབས་ཀྱི་ཡུལ་དུ་འབྱེད་པ་སྙིང་རྗེའི་དབྱིངས། །གནས་སུ་བསྐྱོད་པའི་དོན་ནི་ཀུན་དང་མཐུན། །དེ་ལ་དེ་དོན་མཛད་པ་ཆགས་པ་མེད། །མ་སྐྱེས་ཨ་ཡི་རང་བཞིན་མཛེས་པ་དང་། །ཨུ་ལི་ཀྭ་ལི་ཡེ་ནས་ཟབ་པར་བསྟན། །ཐ་དད་ཡུལ་ལ་འཛིན་པའི་རང་བཞིན་གསལ། །མ་སྐྱེས་གནས་ཀྱི་མཐུ་ནི་ཤུགས་ལས་བྱུང་། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།ཐམས་ཅད་མཉམ་ཉིད་ཡོངས་སུ་རྫོགས་པའི་དཔལ། །དེ་ལ་དེ་བཞིན་བསྟན་པ་དེ་ཡང་ཐོབ། །དེ་བཞིན་བསྟོད་པ་ངོ་མཚར་རབ་ཏུ་ཆེ། །དུས་གསུམ་རྒྱུན་གྱི་ཆོས་ནི་དེ་ཡི་གནས། །ཡེ་ནས་འགྱུར་བ་མེད་པས་ཆེ་བའི་དོན། །སྔོན་མེད་ཕྱིས་མེད་ཡེ་ནས་ཁྱབ་པར་གནས། །དེ་ལྟར་བསྟན་པ་སངས་རྒྱས་ཡོངས་ཀྱི་ལམ། །སྐྱེ་བ་མེད་པ་སྐྱེ་བ་ཆུ་ཟླ་འདྲ། །གང་ལ་ཟུར་དང་བྲལ་བས་བརྟེན་བཅས་མེད། །ཀུན་ཏུ་མཉམ་ཉིད་ཡེ་ནས་གྲུབ་པ་ལ། །རང་བཞིན་ཕྱོགས་ཙམ་བསྟན་པས་གྲུབ་པ་མེད། །སྐྱེ་བ་འདི་ལ་འབྱུང་དང་ཕྱི་མའི་བདེ། །གསལ་པ་ཡེ་ཤེས་མངོན་སུམ་རྒྱབ་ནས་བྱུང་། །ལེན་མེད་ཐོབ་དང་བྲལ་བས་ཆགས་པ་མེད། །དེ་ཡང་དམིགས་པ་མ་ཡིན་རྣམ་པ་མེད། །གང་ཡང་ཕྱོགས་ཀྱི་སྐྱོན་ཡོན་རྟེན་མི་བྱ། །གདོད་ནས་ཡོང་བའི་སྙིང་པོའི་སྙིང་པོ་མཆོག །འདུ་འབྲལ་མེད་པའི་དུས་གསུམ་ཁྱད་པར་བྲལ། །སྔོན་མེད་ཕྱིས་དང་བྲལ་བས་གདོད་ནས་བྱུང་། །ནམ་མཁའ་མཐའ་ལྟར་ཁྱབ་པས་གཅིག་ཏུ་བསྡུས། །ཆེ་བའི་ཆེན་པོ་དཔལ་གྱི་རང་བཞིན་འབྱུང་། །མི་བརྩལ་གཞན་ལ་བསྟན་མེད་སྨོན་ལམ་བྲལ། ཁམས་གསུམ་གང་ན་སྦྱོད་པ་མིང་ཙམ་མེད། །མི་གནས་སྤྲུལ་པ་སྒྱུ་མར་སྣང་བ་སྟེ། །རྣལ་འབྱོར་དུས་ལས་ལྟོས་པ་འབྱུང་མི་འགྱུར། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དུས་གསུམ་རྒྱུན་དང་བྲལ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།ཅིར་ཡང་མི་གཟུང་ནམ་མཁའི་མཐའ་དང་མཉམ། །ཆགས་དང་འདས་པས་འཛིན་མེད་གཏོར་མར་བཤད། །གང་གིས་གང་ལ་དངོས་པོས་འཁྲུལ་པའི་ནད། །སྤྲོས་པའི་བྱ་བ་མེད་པས་ལས་རྣམས་འགྲུབ། །དཀྱིལ་འཁོར་རིམ་པར་གསལ་ཞིང་ལས་རྣམས་བྱེད། །ནམ་མཁའི་ཁང་པ་ལྟ་བུར་སྟོན་དང་བྲལ། །ལས་ཀྱི་རང་བཞིན་ཡེ་ནས་ནམ་མཁར་གསལ། །ནམ་མཁའི་ལས་ལ་མི་སྒོམ་ནམ་མཁའ་མེད། །ནམ་མཁའི་དོན་དང་ལྡན་པས་ནམ་མཁའ་ཆེ། །ཆེའོ་དོན་ལྡན་འབྲས་བུ་ལྷུན་གྱིས་གྲུབ། །དེ་ལས་མ་ཉམས་འབྲས་བུ་ཡེ་ཤེས་ས། །མི་རྟོག་རྟོག་པ་མེད་པས་བགེགས་དང་བྲལ། །གཟུང་འཛིན་མཐའ་ལས་མཉམ་ཉིད་ཅང་མི་གསུང་། །ཟབ་མོ་བརྗོད་པ་སྔགས་ཀྱི་ཚིག །བརྩལ་བའི་ལས་དང་བྲལ་བས་ལས་རྣམས་འགྲུབ། །སངས་རྒྱས་གཞན་དུ་འདོད་མི་བྱ། །རིག་པ་ནང་དུ་བསམས་པས་མཆོག་སྦྱིན་བྱ། །འཛིན་པའི་སྟོབས་ཆེན་བསོད་ནམས་ཐམས་ཅད་ཀྱང་། །འཛིན་མེད་མི་གཡོ་སྟོབས་ཀྱིས་མ་ཟིན་ན། །བསོད་ནམས་བྱས་ཀྱང་བདེ་བ་རྣམ་པར་ཉམས། །རྩོལ་བ་བྱས་ན་འཆིང་བ་ཆེན་པོར་འགྱུར། །མ་བཅོས་ལུང་ནི་དེ་ཉིད་དག་པ་ལས། །དེ་ལས་རྩལ་བ་དེ་ཉིད་སྒྲིབ་པར་འཀྱུར། །ཐམས་ཅད་རྩོལ་བྲལ་ཡུལ་ལ་དེ་རྟོག་ན། །རྟོག་པ་དེ་ལས་དེ་ཉིད་གྲུབ་པ་མེད། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས།ལས་ཐམས་ཅད་དག་པར་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དབང་པོ་ཡི་སྒོ་བརྟུལ་ཞུགས་དྲག་པོ་ཡིས། །མི་བསྐྱོད་གནས་ཀྱིས་མིང་མེད་བརྗོད་པ་མེད། །རྣམ་པར་དག་པས་སྒྱུ་མའི་བདེ་བ་སྐྱེ། །རྣམ་པར་སྤྲོས་པའི་རོལ་པ་ཆགས་པ་མེད། །ཨ་དང་པོའི་རྣམ་པར་ཟུང་དུ་འབྲེལ། །ཐམས་ཅད་གཅིག་ཏུ་ངེས་པ་མེད། །བལྟས་པའི་སྟོབས་ཀྱིས་བསམ་པ་དེ་ལྟར་སྣང་། །སྐྱེད་བའི་རྒྱུ་ཡི་ཡན་ལག་འཇུག་པའོ། །ཆ་ལུགས་གསལ་བར་བསྒོམས་པས་ཆུ་ཟླ་འདྲ། །དམིགས་སྣང་རྩོལ་དང་བྲལ་བས་ཡུལ་དང་ལྡན། །དེ་དང་དེ་ལ་སྒོམ་པ་བྱིས་པའི་ཡུལ། ཁྲོ་གཉེར་ཆེན་པོའི་ཆ་ལུགས་གསལ་སྣང་ཡང་། །ཞི་བ་མཐོང་དང་བྲལ་བས་རྣམ་པར་ཉམས། །འཇུག་པའི་སྒོ་ཡི་རྣམ་གྲངས་ཕྲག་ཡས་པ། །གང་ལྟར་བཙལ་བ་བྱས་ཀྱང་ཡིན་རྟོག་སྐྱེ། །དེ་ལ་དེ་དོན་བསྟན་པ་རྣམ་པར་དག །རང་བཞིན་གཅིག་གི་ངང་ལས་རྣམ་པ་མེད། །གླིང་བཞི་ཀུན་ལ་མི་སྦྱོར་ནམ་མཁའི་ལམ། །མཉམ་ཉིད་ཀླུངས་སུ་ཕེབས་པས་རྣལ་འབྱོར་ཏེ། །བགྲོད་མེད་ཕྱིན་པའི་ཡུལ་ནི་བྱ་ལམ་འདྲ། །མཐའ་ལས་འདས་པས་མ་སྐྱེས་སྙིང་པོའི་དོན། །མཚན་མ་རྣམ་པར་དག་པས་སྒྲོ་བཏགས་བྲལ། །ཕྱི་ནང་རྒྱུ་ལ་སོགས་པ་གཉིས་ཀ་ན། །ཟབ་མོའི་ཆ་ཤས་རྟོགས་པའི་ཡུལ་དང་བྲལ། །སྲིད་པ་ལྟ་བུ་ཆགས་པ་མིང་ཙམ་ཡིན། །ལོག་པའི་སྟོབས་ཀྱིས་ཡང་དང་ཡང་དུ་འཁྲུལ། །འབྱུང་བ་ལྔ་ཡི་རང་བཞིན་ཡེ་ནས་ཟབ་མོ་ཡིས། །ཐ་ཚིགས་མེད་དང་བྲལ་བས་ནམ་མཁའ་འདྲ། །དུས་གསུམ་ཡེ་ནས་བྲལ་བའི་ཏིང་འཛིན་ལམ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བརྟུལ་ཞུགས་ཀྱི་དྲི་མ་དག་པར་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་སེམས། །ཐུགས་རྗེ་ཆེན་པོའི་ཡོན་ཏན་ནམ་མཁའ་འདྲ། །ཡག་ཤ་རག་ཤ་བདེན་པའི་སྟོབས་ཀྱིས་འདུལ། །ཐབས་རྦད་ཀུན་ལ་བྲན་ལྟར་བག་ཡངས་ཉན། །བསྟོད་དང་བསྔགས་པ་ཀུན་ལས་བདེན་པས་ཉམས། །མཆོད་བསྟོད་གསོལ་པ་མི་གདབ་གཡེང་བའི་རྒྱུ། །དཀོན་མཆོག་གསུམ་ཡང་མི་བཀུར་བསྟོད་མི་བྱ། །སེམས་དང་ཆོས་ནི་ཡེ་ནས་རྣམ་པར་དག །བསྔོ་ལས་འདས་པས་རང་བཞིན་རྩོལ་བ་མེད། །འདི་འདྲ་གཞན་ལ་མི་བརྗོད་ཐོབ་མི་འགྱུར། །མི་བསམ་སྒོམ་དང་བྲལ་བས་ཡེངས་པ་མེད། །རྟོག་པ་ཡུལ་ལས་འབྱུང་བ་ནམ་མཁའ་འདྲ། །ཉིད་ཀྱི་ངང་ལས་མི་གཡོ་ཆོས་ཀྱི་སྐུ། །སྟོབས་སུ་གྱུར་ན་འཇིག་རྟེན་ཆུ་ཟླ་འདྲ། །མི་གནས་ཐུགས་ཀྱི་སྤྲུལ་པ་ཀུན་ལ་ཁྱབ། །འབྲས་བུ་མཛད་པ་སྤྲོས་མེད་ནམ་མཁའ་འདྲ། །ཞེས་རྟོག་པ་དམ་པ་བརྗོད་ན་ཡང་། །རྣལ་འབྱོར་གྱི་དབང་ཕྱུག་དེས། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་གསོལ་ཏོ། །རྣལ་འབྱོར་ཆེན་པོའི་དོན་ལ་བསླབ་པར་སེམས་པས་མཚན་གྱི་རྣམ་གྲངས་ཁྱད་པར་ཇི་ལྟར་བལྟ་བར་བྱ་ཞེས་གསོལ་བ་དང་། །སྟོན་པ་ཀུན་ཏུ་བཟང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ཉིད་རྟོགས་པ་ཐབས་ཀྱི་དོན་ཡོངས་སུ་སྡུད་པ་ཞེས་བྱ་བ་དང་། །ཀུན་ཏུ་བཟང་པོ་མཁའ་ཀློང་དུ་ཐམས་ཅད་འཁྱིལ་བ་ཞེས་བྱ་བ་དང་། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་མུན་པ་མེད་པ་ཞེས་བྱ་བ་དང་། ཐག་རིང་དུ་བགྲོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། །མཚན་གྱི་དོན་གཏད་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་སྟོན་པ་ཉིད་སྣང་བ་ཐམས་ཅད་ནམ་མཁའི་རི་མོའི་གཞལ་ཡས་ཁང་དུ་བསྡུས་ནས་བཞུགས་སོ། །དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་དང་། །ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཡི་རངས་པར་གྱུར་ཏོ། ཁ་ས་མུན་ཛ་ནམ་མཁའ་དང་མཉམ་པའི་རྒྱུད་རྫོགས་སོ།། །།