Ngb-pt-0512-vol-06-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:43, 20 March 2020

Front

Body

ལ། ཐུགས་རྗེའི་སྒུན་གྱིས་གཟིགས་ནས། །སྡུད་པའི་གསང་བདག་རྡོ་རྗེ་འཛིན་པ་ལ། །གསང་བ་བས་ཀྱང་ཆེ་གསང་བའི་རྒྱུད་འདི་གསུངས་ཏེ། རྒྱུད་གང་ཞེ་ན། རྒྱ་གར་སྐད་དུ། ཨུ་རུ་རད་ན་རྡོ་རྗེའི་ཏན་ཏྲ་ནཱ་མ་ཐེག་ལེ། བོད་སྐད་དུ། འཕགས་པ་རིན་པོ་ཆེ་གསེར་གྱི་རྒྱ་མདུད་ཅེས་བྱ་བ། རྒྱུད་ཐམས་ཅད་ཀྱི་སྙིང་པོ། མན་ངག་ཐམས་་ཅད་ཀྱི་ཉིད་ཁུ། ལུང་ཐམས་ཅད་ཀྱི་མདོ་མདུད། དགོངས་པ་ཁྱད་པར་ཅན་ཀུན་ཏུ་བཟང་པོའི་དགོངས་པ། སྡུད་པ་པོ་ཁྱད་པར་ཅན་དཔལ་རྡོ་རྗེ་སེམས་དཔས་བསྡུས་པ། སྒྲོགས་པ་ཁྱད་པར་ཅན་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་བསྒྲགས་པ། གནས་ཁྱད་པར་ཅན་བྱང་ཆུབ་ཀྱི་ཤིང་དྲུང་དུ། ཉན་པ་པོ་ཁྱད་པར་ཅན་མཁས་པ་ཉི་ཤུ་རྩ་གཅིག་དང་། །བོད་ཀྱི་དགེ་སློང་ཆེན་པོ། བརྒྱུད་པ་ཁྱད་པར་ཅན་མངའ་བདག་ཁྲི་སློང་ལྡེ་བཙན་ལ་བརྒྱུད་ནས་འཕྲིན་ལས་ཁྱད་པར་ཅན། སྐུ་དང་ཡེ་ཤེས་སྤྱོད་པའི་སྤྱོད་པ་ཁྱད་པར་ཅན། ཤེས་རབ་ལམ་དུ་ཁྱེར་བ་སྒོམ་པ་ཁྱད་པར་ཅན། མ་བསླད་པའི་བཞག་ཐབས། ལྟ་བ་ཁྱད་པར་ཅན་ཏིང་གསལ་ལ་ཆེན་པོ་སྟོན་པ། མན་ངག་ཁྱད་པར་ཅན་རྟོགས་པ་སྐད་ཅིག་མའི་ཡེ་ཤེས་སྟོན་པ། འབྲས་བུ་ཁྱད་པར་ཅན་རྡོ་རྗེ་འཆང་དྲུག་སྟོན་པ། །ཡོན་ཏན་ཁྱད་པར་ཅན་མ་འདྲེས་ཡོངས་སུ་རྫོགས་པར་སྟོན་པ། ས་ཁྱད་པར་ཅན་གོམ་པ་གཅིག་གིས་ས་ནོན་པ། །སྐུ་ཁྱད་པར་ཅན་སྐུ་གསུམ་དབྱེར་མེད་པར་སྟོན་པ། ཐེག་པ་ཁྱད་པར་ཅན་ཚེགས་ཆུང་ལ་དོན་ཆེ་བ། མཚན་མ་རང་སར་གྲོལ་བའི་མན་ངག་འདི། དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཆེན་པོ་དེས། དཔལ་རྡོ་རྗེ་སེམས་དཔའ་ལ་གསུངས་སོ། །རིན་པོ་ཆེ་གསེར་གྱི་རྒྱ་མདུད་ཀྱི་མཚན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དཔལ་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པའི་སྐུ། །དབྱིངས་ཀྱི་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཀྱེ་དཔལ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །རིན་པོ་ཆེ་གསེར་གྱི་རྒྱ་མདུད་འདི་ལ། བཀའ་ཆེན་གསུམ་དང་དོན་གྱི་རྐང་གྲངས་དགུ། རྐང་གྲངས་དགུ་ལ་ཐེག་པའི་ངེས་འབྱུང་གསུམ། །གསུམ་འདུས་གཅིག་པོ་སྤྲོས་པའི་མཐའ་དང་བྲལ། །ཅེས་གསུངས་སོ། །ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བཀའ་ཆེན་གསུམ་གྱི་ངོ་བོ་དབྱེ་བ་བསྟན་དུ་་གསོལ། ཞེས་གསུངས་སོ། །གསང་བའི་བདག་པོས་གསུངས་པ། དཔལ་རྡོ་རྗེ་འཛིན་པ་ཉོན་ཅིག །བཀའ་ཆེན་གསུམ་གྱི་ངོ་བོ་དབྱེ་བ་བསྟན་པ་ནི། རྒྱུད་ཀྱི་བཀའ་དང་ལུང་གོ་བཀའ། །མན་ངག་བཀའ་དང་གསུམ་དུ་བསྟན་པའོ། །རྒྱུད་ཀྱི་ངེས་པ་མ་ཧྭ་ཡོ་གས་བསྟན། །ལུང་གི་ངེས་པ་ཨ་ནུ་ཡོ་གས་བསྟན། །མན་ངག་གི་ངེས་པ་ཨ་ཏི་ཡོ་གས་བསྟན། །རྒྱུད་ལུང་མན་ངག་གསུམ་ལ་ཐེག་པ་གསུམ་སྟོན་ཏེ། །སྤྲུལ་པའི་སྐུའི་ཐེག་པ་དང་། ལོངས་སྤྱོད་རྫོགས་པ་སྐུའི་ཐེག་པ་དང་། ཆོས་ཀྱི་སྐུའི་ཐེག་པའོ། །སྤྲུལ་སྐུ་ཤན་དབྱེ་བ་མ་ཧྭ་ཡོ་གས་བསྟན། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ངོ་སྤྲད་ཨ་ནུ་ཡོ་གས་བསྟན། །ཆོས་ཀྱི་སྐུ་ལ་ལ་བཟླ་ཨ་ཏི་ཡོ་གས་བསྟན། གསུམ་འདུས་གཅིག་པ་བརྗོད་ལས་འདས་པ་ནི། །ཆོས་ཉིད་བྱ་བ་ཐོངས་པས་སྤྲོས་པའི་མཐའ་དང་བྲལ། །ཐམས་ཅད་མཉམ་པའི་དཀྱིལ་འཁོར་བདེ་བའི་ངང་ལ་བཞུགས། །རང་རིག་རག་ལ་གསལ་བས་ཆད་པའི་མཐའ་དང་བྲལ། །རེག་བྱའི་ཐོགས་པ་མེད་པས་དངོས་པོའི་མཐའ་དང་བྲལ། །གསལ་བྱ་གསལ་བྱེད་མེད་པས་ཡིད་ཀྱི་འགྱུ་བ་ཆད། །ངོ་བོ་སྟོང་པར་འདུག་པས་ཡོན་ཏན་ཀུན་དང་ལྡན། །བྱིན་བརླབས་འགག་མེད་འཆར་བས་ཉི་མའི་སྙིང་པོ་འདྲ། །གཉིས་མེད་ངང་ལ་གནས་ན་དོན་གྱང་ལྟ་བའོ། །ཞེས་གསུངས་སོ། །བཀའ་ཆེན་གསུམ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །བཀའ་ཆེན་གསུམ་ལ་རྐང་གྲངས་དགུས་སྟོན་པ། །རྐང་གྲངས་དགུ་ཡི་དབྱེ་བ་བསྟན་དུ་གསོལ། །ཞེས་ཞུས་སོ། །གསང་བའི་བདག་པོས་གསུངས་པ། །དཔལ་རྡོ་རྗེ་འཛིན་པ་ཉོན་ཅིག །ཆོས་ཉིད་གསལ་བའི་མེ་ལོང་དུ། །ཡེ་ཤེས་གསལ་བས་འཕངས་བསྟོད་ནས། །གསང་བའི་བདག་པོས་ཕར་བལྟས་པས། །མཐོང་སྟངས་རྣམ་པ་གསུམ་ཡིན་ཏེ། །དེ་ཡང་གསུམ་གང་ཞེ་ན། །ཁམས་གསུམ་འཁོར་བའི་སུག་བསྔལ་མཐོང་བ་དང་། །སངས་རྒྱས་ཆེ་བའི་ཡོན་ཏན་མཐོང་བ་དང་། །མྱང་འདས་འགྱུར་བ་མེད་པ་མཐོང་བའོ། །མཐོང་ལུགས་གསུམ་ལ་རྒྱུད་ལུང་མན་ངག་གསུམ་དུ་བསྟན། །རྒྱུད་ལུང་མན་ངག་གསུམ་ལ་དོན་གྱང་རྐང་གྲངས་དགུ། །དེ་ཡང་དགུ་གང་ཞེ་ན། །རྒྱུད་ཀྱིས་རྒྱུད་དུ་བསྟན་པ་དང་། །རྒྱུད་ཀྱི་ལུང་དུ་བསྟན་པ་དང་། །རྒྱུད་ཀྱི་མན་ངག་ཏུ་བསྟན་པའོ། །ཡང་ལུང་ལ་རྣམ་པ་གསུམ་ཡོད་དེ། །གསུམ་གང་ཞེ་ན། །ལུང་གི་རྒྱུད་དུ་བསྟན་པ་དང་། །ལུང་གི་ལུང་དུ་བསྟན་པ་དང་། །ལུང་གི་མན་ངག་ཏུ་བསྟན་པའོ། །ཡང་མན་ངག་ལ་ཡང་རྣམ་པ་གསུམ་སྟེ། །དེ་ཡང་གསུམ་གང་ཞེ་ན། །མན་ངག་རྒྱུད་དུ་བསྟན་པ་དང་། །མན་ངག་ལུང་དུ་བསྟན་པ་དང་། །མན་ངག་གིས་མན་ངག་ཏུ་བསྟན་པའོ། །རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག ཁུད་གསུམ་མ་ཧྭ་ཡོ་ག་སྟེ། །ལུང་གསུམ་ཨ་ནུ་ཡོ་ག་ཡིན། །མན་ངག་གསུམ་ནི་ཨ་ཏི་ཡོ་གའོ། ཁུད་ལུང་མན་ངག་གསུམ་གྱིས་མཚན་ཉིད་མ་རྟོགས་ན། །དཔེར་ན་ལྗོངས་པ་ནམ་མཁའ་སྙེག་པ་འདྲ། །སྐུ་དང་ཡེ་ཤེས་ཆོད་པ་ཤིན་ཏུ་དཀའ་འོ་ཞེས་གསུངས་སོ། །དོན་གྱི་རྐང་གྲངས་ཕྱེ་བའི་ལེའུ་སྟེ་ལྔ་པའོ། །ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཁམས་གསུམ་འཁོར་བའི་སྡུག་བསྔལ་མི་ཟད་པ། །གང་གིས་བྱས་ནས་ཇི་ལྟར་ཞབྲུལ་པ་ལགས། །སྐུ་གསུམ་ངོ་བོ་ཇི་ལྷར་ལགས་པ་དང་། །ཐེག་པ་གསུམ་པོ་ཇི་ལྟར་འབྱོར་བ་ལགས། །ཞེས་ཞུས་སོ། །གསང་བའི་བདག་པོས་གསུངས་པ། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ཁམས་གསུམ་འཁོར་བའི་སྡུག་བསྔལ་ཇི་ལྟར་གང་གིས་ལུབྲུལ་པ་དང་། །སྐུ་གསུམ་ངོ་བོ་ཐེག་པའི་སྦྱོར་ལུགས་བསྟན་པ་ནི། །སྐུ་གསུམ་དབྱེར་མེད་རང་གི་ངོ་བོ་རིག་པ་ལ། །སྤྱི་དང་རང་གི་མཚན་ཉིད་མ་ཕྱེད་པས། །སྟོང་པ་ཉིད་ལ་སྟོང་པས་བལྟས། །འགག་མེད་མ་འགགས་དབྱེར་མེད་སོ་སོར་བརྟགས། །བཏགས་པའི་བག་ཆགས་མཐུ་བརྟས་ནས། །འཁོར་ལོ་གསུམ་དུ་ཡིད་གཡོས་ཡིད་ཀྱི་རྩལ་ཤུགས་ཀྱིས། །སྐུ་གསུམ་སངས་རྒྱས་ཞིང་ཁམས་སྤྲུལ་པའོ། །སྐུ་གསུམ་ངོ་བོ་ཐག་པའི་སྦྱར་ཐབས་ནི། །སྤྲུལ་པའི་སྐུ་ལས་ཆོས་སྐུ་ལོགས་ན་མེད། །སྐུ་གསུམ་ངོ་བོ་སྤྲུལ་པའི་སྐུ་ལ་ཚང་། །ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐུ་གསུམ་ངོ་བོ་ཚང་། །ཆོས་ཀྱི་སྐུ་ལ་སྐུ་གསུམ་ངོ་བོ་ཚང་། །འཁོར་འདས་སྤྱི་ཡི་ངོ་བོ་མི་གཅིག་ཀྱང་། །རང་རང་ཆོས་ཀྱི་སྐུ་ཡི་ངོ་བོ་ལ། །སྐུ་གསུམ་དུས་གསུམ་གཅིག་སྟེ་འདུ་འབྲལ་མེད། །ཞབྲུལ་བའི་ཤེས་པས་མིག་གི་རབ་རིབ་མཚུངས། །དཔེར་ན་མཚོན་པའི་དཔེ་ཡི་ནམ་མཁའ་ལ། །ཟླ་བ་གཅིག་ལས་མེད་དེ་རབ་རིབ་མིག་གིས་གཉིས་སུ་མཐོང་། །༣བྲུལ་པས་ཟིན་ན་བརྟགས་པས་སླར་ལ་གསུམ་དུ་མཐོང་། །གསུམ་དུ་མཐོང་ཀྱང་དོན་གྱི་སྣང་བ་གཅིག །དེ་བཞིན་སྐུ་གསུམ་ངོ་བོ་ཡང་། །བློ་ཆུང་ཤེས་རབ་དམན་པ་ལ། །ཞབྲུལ་པས་སྐུ་གསུམ་ཐ་དད་དུ་སྣང་ཀྱང་། །རྒྱུད་ལུང་འདིའི་སྒོམ་ཞུགས་གང་ཟག་དམ་པ་ལ། །རང་གི་སྐུ་གསུམ་དབྱེར་མེད་ངོ་བོ་གཅིག་པའོ། །ཐེག་པ་གསུམ་གྱི་སྦྱོར་ལུགས་བསྟན་པ་ནི། །རྒྱུད་གསུམ་སྤྲུལ་པའི་སྐུ་ལ་སྦྱར་བ་དང་། །ལུང་གསུམ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྦྱར་བ་དང་། །མན་ངག་གསུམ་ནི་ཆོས་ཀྱི་སྐུ་ལ་སྦྱོར་བའོ། །རྒྱུད་གསུམ་སྤྲུལ་པའི་སྐུ་ལ་མ་སྦྱར་ན། །སེམས་ཅན་རྒྱ་ཆད་ཕྱོགས་ཆ་ཅན་དུ་འགྲོ། །ལུང་གསུམ་ལོངས་སྤྱོད་རྫོགས་པའི་སྐུ་ལ་མ་སྦྱར་ན། །སངས་རྒྱས་ངོ་བོ་མི་རྙེད་ཆེ་བའི་ཡོན་ཏན་སྟོར། །མན་ངག་ཆོས་ཀྱི་སྐུ་ལ་མ་སྦྱར་ན། །སྐུ་དང་ཡེ་ཤེས་མི་རྟོགས་ཆོས་ཉིད་རྙེད་པ་དཀའ་བའོ། །ཞེས་གསུངས་སོ། །སྐུ་གསུམ་ཐེག་པ་གསུམ་ལ་སྦྱར་བའི་ལེའུ་སྟེ་དྲུག་པའོ།། །།ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཆོས་སྤྱི་དང་རང་གི་མཚན་ཉིད་དང་། །སྤྲུལ་པའི་སྐུ་ཡི་ངོ་བོ་ལ། །རྒྱུད་ཀྱི་མཚན་ཉིད་ཇི་ལྟར་སྦྱར་བ་ལག་ས། །ཞེས་ཞུས་སོ། །གསང་བའི་བདག་པོས་གསུངས་པ། །ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ཆོས་སྦྱི་དང་རང་གི་མཚན་ཉིད་བསྟན་པ་ནི། །སྤྱི་དང་ཁྱད་པར་ལ་རྣམ་པ་གསུམ་ཡོད། ཁྱད་པར་སྤྱི་དང་གཅིག །སྤྱིའི་ཁྱད་པར་གཉིས། ཁྱད་པར་གྱི་ཁྱད་པར་ཆེན་པོ་དང་གསུམ་མོ། །དེ་ལ་ཁྱད་པར་གྱི་སྤྱི་ནི་ཆོས་ཉིད་ཀྱི་ནམ་མཁའ་ཆེན་པོའོ། །སྤྱིའི་ཁྱད་པར་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་སྐུའོ། །ཁྱད་པར་གྱི་ཁྱད་པར་ཆེན་པོ་ནི། །རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་སོ། །སྤྲུལ་པའི་སྐུ་ལ་རྒྱུད་གསུམ་སྦྱར་བའི་བསྟན་པ་ནི། །ནང་གི་རྒྱུད་ཨ་ནུ་ཡོ་གས་བསྟན་པ་དང་། ཕྱིའི་རྒྱུད་མ་ཧྭ་གསང་བའི་ཨ་ཏི་ཡོ་གས་བསྟན་པའོ། ཁུསྐྱུད་གསུམ་པོ་སྤྲུལ་པའི་སྐུ་ལ་ཇི་ལྟར་སྦྱོར་ཞེ་ན། །འགྲོ་དྲུག་གི་སྤྲུལ་པའི་སྐུ་ལ། རྒྱུད་རྣམ་པ་གསུམ་དུ་སྟོན་ཏེ། དེ་ཡང་གསུམ་གང་ཞེ་ན། །ཕྱིའི་རྒྱུད། ནང་གི་རྒྱུད། གསང་བའི་རྒྱུད་གསུམ་མོ། །ཡང་ཕྱིའི་རྒྱུད་ལ་རྣམ་པ་གསུམ་སྟེ། །དེ་ཡང་གསུམ་གང་ཞེ་ན། །སྐུའི་རྒྱུད། གསུང་གི་རྒྱུད། །ཡོན་ཏན་གྱི་རྒྱུད་དང་གསུམ་མོ། །ཡང་ནང་གི་རྒྱུད་ལ་རྣམ་པ་དོན་རྟོགས་ནས། རྟོག་པ་སྐད་ཅིག་མའི་མན་ངག་གིས་ཤེས་རབ་ལམ་དུ་ཁྱེར་ན། །སངས་མི་རྒྱ་མི་སྲིད་པའོ། །ཡང་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །གཞག་ཐབས་མི་འགྱུར་བ་རང་གསལ་ཆེན་པོའི་དབང་ནི་དཔེ་ཅི་དང་འདྲ་ན། ཡེ་ཤེས་ཀྱི་སྤྱི་ལུགས་ཀྱི་མན་ངག །རྩོལ་སྒྲུབ་ཀྱི་མཐའ་ལས་འདས་པ། །མ་བཙལ་ལྷུན་གྱིས་གྲུབ་པའི་ངང་། །བྱིང་རྒོད་ཀྱི་དགྲ་དང་བྲལ་བ། །གསལ་བ་རྣམ་པ་ལྔའི་ཡོན་ཏན། །ལྷག་མ་མེད་པར་སངས་རྒྱས་ནས། །མེ་ལོང་གི་ལོགས་ལ་ཉི་མ་ཤར་བ་ལྷ་བུའོ། །ཡང་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །སྤྱོད་པ་མི་འགྱུར་བར་རང་གསལ་ཆེན་པོའི་དབང་ནི། །དཔེ་ཅི་དང་འདྲ་ན། །ཚོགས་དྲུག་ལྷུག་པའི་མན་ངག་བྱེད་པ་པོས་མ་བྱས་པ། །འདུས་བྱས་ཀྱི་ཚུལ་གྱིས་མ་བཅོས་པ། གང་ཟག་གི་རྐྱེན་གྱིས་མི་འགྱུར་བ། ཐ་མལ་གྱི་ངོས་བགྲུངས་ཀྱི་ཡེ་ཤེས་ཀྱི་མགོ་མི་ནོན་པ། ཉམ་ང་བ་དང་བག་ཚ་བ་མེད་པ། །བགེགས་མ་ཞུགས་པའི་སྨྱོན་པ་ཆེན་པོ། སྐྱེས་བུ་ནད་ཀྱིས་གཟིར་བ་ལྟ་བུའོ། །ཡང་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །འབྲས་བུ་མི་འགྱུར་བ་རང་གསང་ཆེན་པོའི་དབང་ནི། དཔེ་ཅི་དང་འདྲ་ན། མ་བཙལ་ལྷུན་གྱིས་གྲུབ་པའི་མན་ངག །བྱེད་པ་པོས་མ་བྱས་པ། རྩོལ་སྒྲུབ་ཀྱི་མཐའ་ལསའདསཔ། གཤིགཅིགགཤོམ་པའི་དབང་དུ་མ་གྱུར་པ། མི་འགྱུར་རྡོ་རྗེ་ལྟ་བུམ། དཔེར་ན་ཉི་མའི་སྙིང་པོ་ལྷ་བུའོ། །ཡོན་ཏན་མི་འགྱུར་བ་རང་གསལ་ཆེན་པོའི་དབང་ནི། །དཔེ་ཅི་དང་འདྲ་ན་ཕྱོགས་ཆ་ཀུན་དང་བྲལ་བའི་མན་ངག །དཔེར་ན་ནམ་མཁའི་མཐའ་དང་བྲལ། །ཡིན་མིན་གཉིས་དང་བྲལ་བ། སངས་རྒྱས་དང་སེམས་ཅན་གཉིས། འཁོར་བ་དང་མྱང་འདས་གཉིས། བློ་དང་དངོས་པོ་གཉིས། ཞི་གནས་དང་ལྷག་མཐོང་གཉིས་སམ། གཉིས་འཛིན་གྱི་དམིགས་པའི་མཐའ་དང་བྲལ་ནས། དཔེར་ན་ཕྱོགས་རིས་མེད་པ་ནམ་མཁའི་དབྱིངས་ལྟ་བུའོ། །ཡང་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །སྐུ་དང་ཡེ་ཤེས་གཉིས་མེད་ཆེན་པོ་དེ། །སྐུ་གསུམ་དབྱེར་མེད་རང་གི་ངོ་བོ་ཅིག །རང་བཞིན་ལྷུན་གྲུབ་བདེ་བ་ཆེན་པོ་དེ། །རྒྱུ་རྐྱེན་གྱིས་མ་བསྐྱེད་པས་རང་བྱུང་དུ་འདུག་པ། །རང་བྱུང་དུ་འདུག་པས། གཞན་གང་ལ་ཡང་མ་ལྟོས་པ། །བྱེད་པ་པོ་མ་བྱས་པས། །འདུས་བྱས་མིན་པ། གཉེན་པོ་གང་གིས་ཀྱང་མི་ཤིགས་པས། ར་རི་ངོ་བོས་ཀྱང་མི་འཇོག་པའོ། །འཕྲལ་དུ་མ་བཅོས་པས་གཤིས་སུ་འདུག་པ།གཤིས་སུ་འདུག་པས་བསྒྱུར་དུ་མི་བ་་བོ། ཁེན་ཏུ་གཅོད་དང་ལྡན་པ་ནི། །རལ་གྲི་སོ་མ་ལྟ་བུ་ཡེ་ཤེས་གཅོད་དང་ལྡན་པ་དེས། མན་ངག་འདི་ཡི་སྒོར་ཞུགས་ནས། གཉིས་མེད་ལྷག་མ་མེད་པར་གཅོད་པའི་ཚེ། །ཆོས་སྐུ་ཐིག་ལེ་ཉག་གཅིག་པོ། །སྐྱོན་ཡོན་གནིས་ཀྱི་མཐའ་དང་བྲལ། །མྱང་འདས་ཆེན་པོ་གསལ་བའི་ངང་གནས་པ། །མི་གཡོ་མི་ལྡེག་སྤྲོས་པའི་མཐའ་དང་བྲལ། །རང་གསལ་རྟོག་པ་མེད་པའི་མན་ངག །ཡང་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ཆོས་སྐུ་དབང་གི་མདོར་བསྡུས་རྣམ་པ་ལྔ་སྟེ། །དབང་གི་མདོར་བསྡུས་རྣམ་ལྔའོ། །ཇི་ལྟར་ཕྱེ་ནས་གང་ལྟར་བསྐུར་བ་ནི། །མན་ངག་འདི་ཡི་སྒོར་ཞུགས་ནས།རྣལ་འབྱོར་རྩལ་དང་ལྡན་པ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ཚ་ལ། །ཆོས་ཉིད་འགྱུར་བ་མེད་པའི་དབག་སྒྱུར་ནས། །ཡང་དག་དོན་དང་སྤྲད་པའི་ཕྱིར། །རྣལ་འབྱོར་དེ་ཡི་དགོངས་རྒྱུད་འདི་ལྟར་བྱ། །ཏིང་གསལ་ཆེན་པོའི་སྒོར་ཞུགས་ལ། །གཉིས་མེད་ལྟ་བས་ཆོས་པར་བྱ། །ཡང་དག་དོན་ལ་ཡི་གེ་མི་བདོག་ཀྱང་། །འགྲོ་བའི་དོན་དུ་ཐུགས་རྗེ་མ་འགགས་པས། །རྣལ་འབྱོར་པ་ཡང་ཡིག་འབྲུའི་ཕུང་པོར་འཇུག །དེ་ཡང་ཇི་ལྟར་འཇུག་པ་ནི། །རྣལ་འབྱོར་རྩལ་དང་ལྡན་པ་དེ། །ལུས་ལ་རྩའི་ཡིག་འབྲུ་དགོད། །རྩ་བའི་ཡིག་འབྲུའི་གནས་བསྟན་པ། །སྤྱི་བོའི་གཙུག་ཏུ་ཡིག་འབྲུ་ཨ། །མགྲིན་པའི་དབྱིངས་སུ་ཡིག་འབྲུ་ཨོ། །ལྟེ་བའི་དབྱིངས་སུ་ཡི་གེ་མ༷། །རྐང་པའི་མཐིལ་དུ་ཡི་གེ་ཡ༷། །རྣལ་འབྱོར་རྩལ་དང་ལྡན་པ་དེས། །རང་གིས་ལུས་ལ་ཡིག་འབྲུ་ལྔ་སྒོམས་ལ། །ཡིག་འབྲུའི་ཡོན་ཏན་དེ་ཉིད་མའི་འོད་ཟེར་དང་་ཚུངས་པར་བསམ། རིགས་ཀྱི་བུ་དང་བུ་མོ་ཡང་། །དབང་བསྐུར་བྱིན་བརླབས་འདོད་པ་དེ། །མདུན་དུ་བཞག་ལ་རང་ཉིད་ལྷར་སྒོམ་དུ་གཞུག །ཡིག་འབྲུ་བཅུ་ཡི་འོད་ཟེར་འཕྲོས་པ་ཡིས། །བགེགས་དང་ལོག་འདྲེན་འདུ་བའི་ནང་རྣམས་དང་། །ཉོན་མོངས་ལྷག་མ་མེད་པ་བསྲེག་པར་བསམ། །ཡང་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ། །དབང་བསྐུར་བྱིན་བརླབས་ནོད་པའི་ཚེ། །རང་གི་མདུན་དུ་བཞག་ལ་དབང་བསྐུར་བྱིན་གྱིས་བརླབས་པ་ནི། །རྩ་བའི་དབང་ཆེན་ཡོན་ཏན་ཀུན་དང་ལྡན། །གསལ་བ་ཆེན་པོའི་དབང་དང་གཡོ་བ་མེད་པའི་དབང་། །རྒྱ་མ་ཆད་པའི་དབང་དང་མི་འགྱུར་བ་ཡིད་དབང་། །འགག་མེད་ཡོན་ཏན་ཆེན་པོའི་དབང་དང་ལྔ་རུ་བསྟན་པའོ། །ཡང་གསང་བ་ཆེན་པའི་དབང་བསྐུར་བྱིན་བརླབས་བསྟན་པ་ནི། རིགས་ཀྱི་བུ་དང་རིགས་སུ་མོ་ལ། །རྣལ་འབྱོར་རྩལ་དང་ལྡན་པ་དེའི། །སྤྱི་བོའི་གཙུག་ཏུ་ཕྱག་གི་མཐིལ་བཞག་ལ། །སྔགས་ཀྱི་བྱིན་བརླབས་འདི་ལྟར་བརྗོད་པར་བྱ། །བུརྙ་རྡོ་རྗེ་ཆེ་གེ་མོ་ཨ་ཞེས་བརྗོད་ནས། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེས། །ཆོས་ཉིད་མི་འཀྱུར་བའི་དབང་ཐོབ། །དེ་ནས་རྣལ་འབྱོར་པ་དེའི་ཕྱག་གི་ཁུ་ཚུར་བྲརྙ་རྡོ་རྗེ་ཆེ་གེ་མོ་ཨོ་ཞེས་བརྗོད་པས། རང་བཞིན་ལྷུན་གྱིས་གྲུབ་པའི་ངོ་བོ་མི་འགྱུར་བའི་དབང་ཐོབ། དེ་ནས་རྣལ་འབྱོར་པ་དེའི་ཕྱག་གི་སོར་མོ་རྣམ་པ་ལྔ། །རིགས་ཀྱི་བུའི་སྙིང་ཁར་བཞག་ནས། བུརྙ་ཆེ་གེ་མོ་ཧཱུཾ༷་ཞེས་བརྗོད་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་ཐོབ་ནས། གསལ་བ་ལྔ་བདེ་བ་ཆེན་པོར་རྒྱས་པའོ། །དེ་ནས་རྣལ་འབྱོར་པ་དེའི་ཕྱག་གི་མཐེ་བོང་དང་མཛུབ་མོ་སྤྲད་དེ། པདྨའི་ཚུལ་དུ་བྱས་ཏེ། རིགས་ཀྱི་བུའི་སྙིང་ཁར་བཞག་ནས། བུརྙ་རྡོ་རྗེ་ཆེ་གེ་མོ་ཨ༷་ཞེས་བརྗོད་པས། ཐམས་ཅད་སྐྱེད་པར་བྱེད་པའི་མ། །ལོངས་སྤྱོད་རྫོགས་པའི་དབང་ཐོབ་པའོ། །དེ་ནས་རྣལ་འབྱོར་པ་དེའི་ཕྱག་གི་མཐེའུ་ཆུང་རིགས་ཀྱི་བུའི་བོལ་ཏོག་ཏུ་བཞག་ནས། བུརྙ་རྡོ་རྗེ་ཆེ་གེ་མོ་ཡ༷་ཞེས་བརྗོད་པས། འདེགས་བྱེད་རླུ་་གི་འཁོར་ལོ། །རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པའོ། །དེ་ལྟར་དབང་གི་བྱིན་བརླབས་ཀྱིས། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ལ། །མན་ངག་འདི་ཡི་སྒོར་ཞུགས་ནས། །དབང་བསྐུར་བྱིན་བརླབས་བྱས་པ་རྣམས། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཉོན་མོངས་སྒྲིབས་གཡོགས་བྱང་བ་ཡིས། །ཤེས་རབ་ཆེན་པོ་མེ་ལྟར་མཆེད་པར་ངེས། །སྲིད་པའི་རི་བོ་བརྒལ་བའི་ཚེ། །ཡང་དག་དོན་དམ་མཇལ་བར་ངེས་པའོ། །ཆོས་དབང་སེམས་ལ་བསྐུར་བའི་ལེའུ་སྟེ་སོ་གཅིག་པའོ། །ཡང་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ཞེས་ཞུས་སོ། །གསང་བའི་བདག་པོས་གསུངས་པ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ལྷ་དབང་ལུས་ལ་བསྐུར་བ་ལ། །ལྷ་ཡི་རྩ་བ་གཉིས་ཡོད་དེ། །དེ་ཡང་གཉིས་གང་ཞེ་ན། །སེམས་ཀྱི་རྣམ་རྟོག་ལྷ་དང་ཡང་དག་དོན་གྱི་ལྷ། །རྣམ་རྟོག་སེམས་ཀྱི་ལྷ་ལ་རྣམ་པ་ལྔ་ཡོད་དེ། །དེ་ཡང་ལྔ་གང་ཞེ་ན། །བཏགས་པའི་ལྷ་དང་བརྟེན་པའི་ལྷ། །འགོ་བའི་ལྷ་དང་བསྒྲུབས་པའི་ལྷ། །སེམས་ཀྱི་རྟོགས་པ་སྔ་ཕྱི་ལ། །སྔ་མ་ལྷ་རུ་གཟུང་ནས་ཕྱི་མ་འདྲེ་རུ་གཟུང་། །རྟོག་པས་རྟོག་པ་མཆོད་ཅིང་། །དངོས་གྲུབ་ནོད་པ་རྣམས་ཡང་དག་དོན་གྱི་ལྷ་མ་ཡིན། །རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ཡང་དག་དོན་གྱི་ལྷ་ལ་རྣམ་པ་ལྔ་ཡོད་དེ། །དེ་ཡང་ལྔ་གང་ཞེ་ན། རྡོ་རྗེ་རིགས་ཀྱི་ལྷ་དང་རིན་ཆེན་རིགས་ཀྱི་ལྷ། །པདྨ་རིགས་ཀྱི་ལྷ་དང་ལས་ཀྱི་རིགས་ཀྱི་ལྷ། །དེ་བཞིན་རིགས་ཀྱི་ལྷ་དང་ལྔ་རུ་བསྟན་པའོ། །རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །རིགས་ལྔ་ལྷའི་སངས་རྒྱས་ནི། །རིགས་ཀྱི་ཁྱད་པར་སོ་སོ་མ་་ང་ན་ཏེ། །འགོ་བ་ལ་ཚིག་ཏུ་མཚོན་པའི་ཚིག་ཏུ་མངའ། །སྐུ་དང་ཡེ་ཤེས་གཉིས་མེད་ཆེན་པོ་དེ། །སྐུ་ལ་འགྱུར་བ་མེད་པས་རྡོ་རྗེའི་རིགས་སུ་བསྟན། །གཉིས་མེད་འགྱུར་བ་མེད་པའི་ཡོན་ཏན་དེ། །བརྗོད་པས་མི་ལང་ནོར་བུ་རིན་ཆེན་འདྲ། །དེ་ཡི་ཕྱིར་ན་རིན་པོ་ཆེ་ཡི་རིགས། །སྐུ་དང་ཡེ་ཤེས་གཉིས་མེད་ཆེན་པོ་དེ། །བརྗོད་པས་མི་ལང་བསམ་པའི་མཐའ་ལས་འདས། །རང་བཞིན་ལྷུན་གྲུབ་སྣང་ལ་རང་བཞིན་མེད། །མེ་ཏོག་པདྨ་འདབ་བརྒྱད་ལ། །འདམ་གྱི་བསེབ་ནས་འཁྲུངས་ཀྱང་འདམ་གྱི་སྐྱོན་མེད་བཞིན། །དེ་བཞིན་ཁམས་གསུམ་སེམས་ཅན་གྱི། །རང་བཞིན་ལྷུན་གྲུབ་བདེ་བ་ཆེན་པོ་དེ། །འཁོར་བའི་བསེབ་ན་འདུག་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པས། །དེས་ན་པདྨའི་རིགས་ཀྱི་ལྷ་རུ་བསྟན་པའོ། །ཡང་སྐུ་དང་ཡེ་ཤེས་གཉིས་མེད་ཆེན་པོ་དེ། །སེམས་ཅན་ཀུན་གྱི་ངོ་བོ་ལ། །བཟང་ངན་ཆེ་ཆུང་མེད་པར་ཁྱབ་པའི་ཡོན་ཏན་གྱི། །གཉིས་མེད་ཆེན་པོ་དེའི་དོན་ལྟ་ནུས་ན། །མ་རིག་རྟོག་པའི་དབང་གིས་སྡིག་པ་ཅི་སྤྱད་ཀྱང་། །གཉིས་མེད་ཆེན་པོ་འདི་ཡི་དོན་རྟོགས་ན། །ལས་ཀྱི་དབང་དུ་མི་འགྱུར་བས། །ལས་ཀྱི་རིགས་ཀྱི་ལྷ་དང་མཐུན་པའོ། །སྐུ་དང་ཡེ་ཤེས་གཉིས་་མེད་ཆེན་པོ་དེ། །ལྟ་བས་ཐག་ཆོད་ནས་གསལ་བར་གནས་པའི་ཚེ། །ཡིག་འབྲུ་ལ་སོགས་ཐུགས་ཁའི་སྤྲོ་བསྡུ་དང་། །ལྷ་ཡི་སྐུ་དང་ཁྲོ་བོའི་ཆ་བྱད་རྣམས། །འགྲོ་བའི་དོན་ལ་ཅིར་ཡང་མཛད་པས་ན། །རྣམ་པར་སྣང་མཛད་དེ་བཞིན་ཉིད་ཀྱི་རིགས། །ཡང་དག་དོན་གྱི་ལྷ་ལྔ་འདི། །ཐ་དད་མ་ཡིན་རང་གི་ངོ་བོར་གཅིག །སྐུ་ལ་འགྱུར་བ་མེད་པས་རྡོ་རྗེ་སེམས་དཔའ་ཡིན། །གཉིས་མེད་གཅོད་དང་ལྡན་པ་ལ། །ཇི་ལྟར་བསམས་པ་འབྱུང་བས་ན། །དེས་ན་རིན་ཆེན་འབྱུང་ལྡན་ཡིན། །ཆོས་སྐུ་ཁ་དོག་དབྱིབས་ལྡན་ཏེ། །དངོས་མེད་མཁའ་ལ་མེ་ལོང་ནང་གི་སྐུ། །སྣང་ལ་རང་བཞིན་མེད་པ་དེ། །ངོ་བོ་ཐ་དད་བརྗོད་པའི་མཐའ་ལས་འདས། །དེས་ན་སྣང་བ་མཐའ་ཡས་ཡིན། །སྐུ་དང་ཡེ་ཤེས་གཉིས་མེད་དེ། །སྙམ་བྱེད་མེད་པར་ཆོད་གྱུར་ན། །འཇིག་རྟེན་འདི་ཡི་དོན་ལ་རྟེན་པ་མ་ཡིན་ཏེ། །གཉིས་མེད་ཆེར་པོ་རང་ལ་ཡོད་པ་རང་གིས་རྟོགས་པ་དང་། །ཡང་དག་དོན་གྱི་འབྲས་བུ་གྲུབ་པས་ན། །དེས་ན་དོན་ཡོད་གྲུབ་པ་ཡིན། །གཉིས་མེད་འགྱུར་བ་མེད་པ་དེ་རྟོགས་ནས། །འགྲོ་བའི་དོན་ལ་ཅིར་ཡང་མཛད་པས་ན། །དེས་ན་རྣམ་པར་སྣང་མཛད་ཡིན། །རིགས་ལྔའི་སངས་རྒྱས་དོན་གྱི་ངོ་བོ་ལྔ། །རང་ལ་ཡེ་ནས་ཚང་བས་ཡང་དག་དོན་གྱི་ལྷ། །དེ་ལྟར་རྟོགས་ན་ལྷ་དབང་ལུས་ལ་བསྐུར། །མཚན་མའི་ལྷ་ཚོགས་སེམས་ཀྱི་ཆོ་འཕྲུལ་རྣམས། །རྟོགས་པའི་དུས་མེད་ནམ་མཁའི་མཐའ་མ་ཚོལ། །དེ་ཡང་རང་གི་དོན་དུ་བསྒྲུབས་ན་འཁྲུལ། །གཏིང་གསལ་ཆེན་པོ་མཆོད་པའི་རྣལ་འབྱོར་རྣམས། །དབང་བསྐུར་བྱིན་བརླབས་བྱེད་པ་དང་། །སྙིང་རྗེ་ཐུགས་རྗེས་འགྲོ་དོན་བྱེད་པ་རྣམས། །ཇི་ལྟར་བསྒོམས་ཀྱང་ཐུགས་རྗེ་འགག་པ་མེད། །རང་དོན་འཛིན་པ་འདུག་ན་སངས་རྒྱས་དགོངས་པ་མིན། །འགྲོ་བ་རྣམས་ལ་བྱིན་བརླབས་འཕོག་མི་སྲིད། །ཆགས་མེད་འཛིན་མེད་སེམས་ཀྱི་གཏོད་ཕུར་ཕྱུང་། །བདག་དོན་ལྷུན་གྱིས་གྲུབ་ན་གཞན་དོན་ལྷུན་གྱིས་གྲུབ། །རང་གི་རེ་དོགས་མ་ཆོད་ན། །སེམས་ཅན་སྐྱབས་ཀྱང་མི་སྐྱོབས་པས། །དབང་བསྐུར་བྱས་ཀྱང་དོན་མེད་འགྱུར། །ཞེས་གསུངས་སོ། །ལྷ་དབང་ལུས་ལ་བསྐུར་བའི་ལེའུ་སྟེ་སོ་གཉིས་པའོ།། །།ཡང་དཔལ་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དྲག་པོའི་དབང་དང་ཞི་བའི་དབང་། །རྒྱས་པའི་དབང་དང་གསུམ་པ་འདི། །དམིགས་པའི་མཚན་མ་གང་གིས་བསྐུར་བར་བགྱི། །ཞེས་ཞུས་སོ། །གསང་བའི་བདག་པོས་གསུངས་པ། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །དྲག་པོའི་དབང་དང་ཞི་བའི་དབང་། །རྒྱས་པའི་དབང་དང་རྣམ་གསུམ་གྱི། དམིགས་པའི་མཚན་མ་གང་གིས་བསྐུར་བ་ནི། །དྲག་པོའི་དབང་མི་དམིགས་པའི་མཚན་མ་ནི། །རྣལ་འབྱོར་རྩལ་དང་ལྡན་པ་དེས། །ཡི་དམ་ལྷ་དང་ཁྲོ་བོའི་སྐུ་རུ་སྒོམ། ཁེན་ཏུ་འཇིགས་ཤིང་རྔམ་པའི་སྐུ། །སྐུ་མདོག་རིགས་ཀྱི་ཁྱད་པར་བསམ། །ཐོད་པ་དུམ་བུ་གསུམ་པོ་ལ། །མཁའ་འགྲོ་མཉེས་པའི་གཏོར་མས་དགང་། །ཁྲོ་བོ་མཉེས་པའི་ཞལ་ཟས་དང་། །བདུད་རྩི་དམར་ལ་དྭངས་པར་བསམ། །དགོངས་རྒྱུད་དེ་ལྟར་ཟིན་པ་དང་། །རྣལ་འབྱོར་རྩལ་དང་ལྡན་པ་དེས། །སློབ་མའི་ཚོགས་ཀྱང་རང་ལྟར་སྒོམ་དུ་གཞུག །གདུག་པ་ཟིལ་གྱིས་ནོན་པ་ཡིས། །ཁྲོ་བོ་སྔགས་དགོད་འདི་བགྲང་ངོ་། །ཨོ་ཧ་ལ་ཧ་ལ། ཧུ་ལུ་ཧུ་ལུ། ཧཱུཾ༷་ཧཱུཾ༷། ཕཊ་ཕཊ། གྲྭ་ཧྭ། ཞེས་བརྗོད་དོ། །སློབ་མའི་ཚོགས་ཀྱང་བརྗོད་དུ་གཞུག །དེ་ནས་གཏོར་མ་མགོ་ཐོག་ཏུ་བཞག་ལ། དྲག་པོའི་དབང་བསྐུར་ཞིང་ཨོ་ཧཱུཾ༷་ཕཊ།ཅེས་བརྗོད་ལ། ཁྲོ་བོ་ཆེན་པོའི་དབང་ཐོབ་པར་ཤོག་ཅིག །ཅེས་པའི་སྨོན་ལམ་གདབ་བོ། །དེས་ནས་དྲག་པའི་དབང་ཐོབ་པར་འགྱུར་རོ། །ཞི་བའི་དབང་བསྐུར་བ་ནི། །རྣལ་འབྱོར་པ་རྩལ་དང་ལྡན་པ་དེ་ཉིད་ཀྱིས། །གཉིས་སུ་མེད་པས་ཆོད་པ་ལ། །གཏིང་གསལ་ཆེན་པོའི་ངང་བཞག་སྟེ། །ལག་པའི་མཐིལ་གྱིས་དབང་བསྐུར་ལ། །གོང་གི་ཡིག་འབྲུ་བརྗོད་ཅིང་ཏིང་འཛིན་གསལ་བར་སྒོམ། །ཆོས་ཉིད་ཉོན་མོངས་ཞི་བའི་དབང་བསྐུར་རོ། །ཡང་ཞི་བའི་དབང་བསྐུར་དམིགས་པའི་མཚན་མ་ནི། །རིན་པོ་ཆེའི་མན་ཤེལ་དག་པས་བསྐུར། །ཡིག་འབྲུ་དགོངས་རྒྱུད་གོང་དང་མཐུན་པར་བྱམ། །ཞེས་གསུངས་སོ། །དབང་གསུམ་ཉིད་མཉམ་པའི་ངང་ལ་བཞུགས་ནས། ཆོས་རྟགས་ཀྱི་ཕྱག་རྒྱ་མཛད་ནས། ཚིག་བཤད་འདི་གསུངས་སོ། །ཨ་ཨ་ཨ༷༷རིན་པོ་ཆེའི་མན་ཤེལ་དག་པས་བསྐུར། །ཡིག་འབྲུ་དགོངས་རྒྱུད་དང་མཐུན་པར་བྱ། །ཞེས་གསུངས་སོ། །དབང་གསུམ་གྱི་དམིགས་པ་མཚན་མ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ཆེན་པོ་དང་། ཆོས་ཀྱི་སྐུའི་ཕོ་བྲང་། ཆོས་ཉིད་བརྡལ་བའི་གཞལ་ཡས་ཁང་དེ་སྲཆོས་ཉིད་མཉམ་པའི་གང་ལ་བཞུགས་ནས། ཆོས་བརྟགས་ཀྱི་ཕྱག་རྒྱ་རྒྱ་མཛད་མཛད་ནས། །ཚིགས་བཅད་འདི་གསུངས་སོ། །ཨ་ཨ་ཨ། རིན་ཆེན་གསེར་གྱི་རྒྱ་མདུད་འདི། །ཁམས་གསུམ་འཁོར་བའི་སྡུག་བསྔལ་མི་བཟད་པ། །མན་ངག་འདི་ཡི་བྱིན་བརླབས་ཀྱིས། །ཀུན་གྱི་ཟུག་རྔུ་ཆོམས་པར་་།ག །མན་ངག་འདི་ཡི་བྱིན་བརླབས་ཀྱིས། །སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་པ། །སྐད་ཅིག་ཙམ་གྱིས་རླག་ཅིང་ཞི་བར་་༑ག །ཡི་དྭགས་རྣམས་ཀྱི་བཀྲེས་སྐོམ་དང་། །བྱོལ་སོང་རྣམས་ཀྱི་གཏི་མུག་དང་། །སྐྱེ་འགྲོ་མི་ཡི་ཞེ་སྡང་དང་། །ལྷ་མ་ཡིན་གྱི་འཐབ་རྩོད་དང་། །འདོན་ཡོན་ལྷ་ཡི་ལྟུང་བ་རྣམས། །སྐད་ཅིག་ཙམ་གྱིས་ཞི་བར་༄༅། ་༑ག །ཞབྲུལ་པ་གཅོད་པའི་སྒྲོན་མ་འདིས། །ཁམས་གསུམ་འཁོར་བའི་མུན་པ་སེལ་བར་ཤོག །ཅེས་གསུངས་ནས་ཆོས་ཉིད་མཉམ་པའི་ངང་ལ་བཞུགས་སོ། །གསང་བའི་བདག་པོ་ཆེན་པོ་དེས་སྨོན་ལམ་བཏབ་པའི་ལེའུ་སྟེ་སོ་བཞི་པའོ།། །།ཡང་དེའི་ཚེ་དེའི་དུས་ན། དཔལ་རྡོ་རྗེའི་འཛིན་པ་དེས། ཐུགས་ཀྱི་སྤྲུལ་པ་བརྗོད་པས་མི་ལང་བ་བཀྱེ་ནས། རིན་པོ་ཆེ་བརྗོད་པས་མི་ལང་བ་དང་། མེ་ཏོག་བརྗོད་པས་མིང་ལང་བ་དང་། །མཆོད་པའི་རྫས་ཁྱད་པར་ཅན་བརྗོད་པས་མི་ལང་བ་བྱིན་གྱིས་བརླབས་ནས། སྒྲའི་རོལ་མོ་བརྗོད་པས་མི་ལང་བ་སྒྲོགས་ཤིང་། བསྟོད་པ་འདི་དག་གསུངས་སོ། །ཀྱེ་ཀྱེ་གང་བའི་བདག་པོ་ལགས། །རིན་ཆེན་གསེར་གྱི་རྒྱ་མདུད་འདི། །འགྲོ་བའི་དོན་དུ་གསུངས་པ་ངོ་མཚར་ཤིན་ཏུ་ཆེ། །ཨ་ལ་ལ་ཧོ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །དངོས་མེད་དག་པའི་སྐུ་ལ་ཕྱག་འཚལ་བསྟོད། །བརྗོད་མེད་དག་པའི་གསུང་ལ་ཕྱག་འཚལ་བསྟོད། །སྒྲིབ་མེད་དག་པའི་ཐུགས་ལ་ཕྱག་འཚལ་བསྟོད། །གསང་བའི་བདག་པོ་ཆེན་པོ་ཡི། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་ནས་དགྱེས་པ་ཆེན་པོ་མཛད་དོ། །གསང་བའི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་སོ་ལྔ་པའོ།། །།རིན་ཆེན་གསེར་གྱི་རྒྱ་མདུད་འདི། །ཀུན་ཏུ་བཟང་པའི་དགོངས་པ་ཡིན། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཡིན། ཁྲེལ་གྱི་ཁྱེ་ཆུང་གསུང་བགྲོས་ཡིན། །བི་རོ་ཙ་ནའི་ཡིད་དམ་ཡིན། །ཁྲི་སྲོང་ལྡེ་བཙན་ཕྱག་བཞེས་ཡིན། །སྤྲ་དྲོ་སྐྱེར་ཆུའི་གཏེར་ཆོས་ཡིན། །དགེ་བཤེས་ཆོས་སྙིང་དངོས་གྲུབ་ཡིན། །རྣལ་འབྱོར་ཉི་མ་འབར་གྱི་རྒྱུད་པ་ཡིན། །བསྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག །རིན་པོ་ཆེ་གསེར་གྱི་རྒྱ་མ་དུད་ཅེས་བྱ་བ་རྫོགས་སོ།། །།