Ngb-pt-0846-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:50, 20 March 2020

Front

Body

རྒྱ་གར་སྐད་དུ། ཤི་མ་ཧྭ་ཀྭ་ལ་ནི་ཀ་བཱ་ལ་ནཱ་མ་ཏན་ཏྲ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་མིའི་ཐོད་པ་ཞེས་བྱ་བའི་རྒྱུད། ནག་པོ་ཆེན་པོ་དཔལ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འཇིག་རྟེན་གྱི་ཁམས་གྱི་རྣ་ཞེས་བྱ་བ་རབ་ཏུ་གདུག་ཅིང་རྩུབ་པ། འཇིགས་ཤིང་ཡང་བའི་གནས། མུན་ནག་ཆེན་པོའི་གླིང་ན། བ༷་རིལ་ཐོད་པའི་མཁར། རྨང་གནམ་ལྕགས་ངུར་མོ་ལས་བྱས་པ། ནང་བསྐལ་པའི་གློག་སྟོང་འགྱུ་བ། སྟེང་ན་ཐོག་གི་ཚ་ཚ་འཕྲོ་བ། ཞབས་ཁྲག་གི་རྒྱ་མཚོར་ཞབྲུག་པ་ཞིག་གནས་ཏེ། དེ་ན་ནག་པོ་ཆེན་པོ་མིའི་ཐོད་པ་ཅན་ཞེས་བྱ་བ་ལོ་འདྲེན་ཐམས་ཅད་ཀྱི་སྡེ་དཔོན། སྤྱི་ཚུགས་ཀྱིས་གར་བསམས་པར་སྐད་ཅིག་གིས་ཕྱིན་པ། མདོག་ནག་པ། གསེར་མིག་ཏུ་འཁྱིལ་བ། ལྕགས་ཀྱི་སོ་ཡོད་པ། མཆེ་བ་ལྕགས་ཀྱུར་གཏམས་པ། མིའི་ཐོད་པར་སེམས་ཅན་ཐམས་ཅད་ཀྱི་རང་བའི་འཁོར་ནང་བློན་ནག་པོ་དྲུག་དང་། ཕྱི་བློན་བཅུ་བདུན་བཀྱེ་སྟེ། འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་ཆེ་ཐམས་ཅད་ཀྱི་དེད་དཔོན་བྱས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལྕགས་ཀྱུ་དང་། ཞགས་པ་དང་། འཁོར་ལོ་དང་། དགྲ་སྟ་དང་། ཁྲ༷་བ༷་དང་། ནད་ཀྱི་རྐྱལ་པ་དང། མཚོནགྱིགྲུགུདང། སྐྲུ་གྲི་དང་། ཨན་དྷ་དང་། ཤང་ཏི་ལ་སོགས་པས་ཁེངས་པར་བྱས་ཏེ་ཚེ་སྲོག་ལ་དབང་སྒྱུར་རོ། །དེ་ནས་དེའི་ཚེ་འཇིགས་བྱེད་རྒྱལ་པོ་ནག་པོ་ཆེན་པོས། མིའི་ཐོད་པ་ཅན་ནག་པོ་ཆེན་པོ་འདུལ་བར་དགོངས་ཏེ། འཇིག་རྟེན་གྱི་ཁམས་འགའ་སྣ་དེར་བྱོན་ཏེ། བ༷་རིལ་ཐོད་པའི་མཁར་ཆེན་པོའི་རྩེ་ལ་བྱོན་ཏེ་བཞུགས་སོ། །དེའི་ཚེ་ནག་པོ་ཆེན་པོ་དེས་བརྩད་པར་གཟས་པས་མཐུ་ཉམས་ཏེ། སྟོབས་ཞུམ་ནས་བརྩད་པས་མ་ཚུགས་ཏེ། འཇིགས་བྱེད་ཆེན་པོ་སྲོག་གི་སྙིང་པོ་ཕུལ་ཏེ་འབངས་སུ་ཁས་བླངས་སོ། །སྲོག་གི་སྙིང་པོ་སྨྲས་པ་འདི་ལྟ་སྟེ། ཧྲིང་ཛ་ལ་མ་ཧྭ་ཀྭ་ལ་ནི་ཀྭ་བཱ་ལ་ཡེ། ར་ཏྲི་ཧ་ཁི་རོ་ཧོ། ཀྲུ་བ་རི་ཧ། བི་ཏན་ཏ་རུ་བ། ཡ༷་ཨ་ནེ་ཡ༷་ཨ་ནེ་ཨེ་ཛ། རག་ཤ་རུ་པི་ནི་ཧུ༷་ཛ། ཞེས་སྲོག་གི་སྙིངཔོ་ཕུལ་ལོ། །དཔལ་ནག་པོ་ཆེན་པོ་མིའི་ཐོད་པ་ཅན་གྱི་རྒྱུད་མུན་པ་གློག་འབྱིན་ལས་ལེའུ་སྟེ་དང་པོའོ།། །།དེ་ནས་དུས་ཀྱི་མཚན་མ་ཡིས་སྡང་བར་སེམས་པ་ལ་སོགས་པ་ལ་ནག་པོ་ཆེན་པོ་འདི་ཉིད་ཀྱི་ལས་བཤད་དོ། །ད༷ང་པོ་སྲོག་གི་སྙིང་པོ་ལ། །རྟགས་རྣམས་མྱུར་དུ་རྫོགས་པར་འགྱུར། །མི་འཇིགས་པ་ཡི་བཟླས་པ་བྱ། །གནས་ནི་དབེན་པར་བྱའོ་ཞེས། །ལྷ་ཆེན་ནག་པོས་བཤད་པའོ། །ལིང་ལིང་པུ་ཏྲ་འམ་པུ་ཏྲའི། །ཤུན་པ་བཤུས་ལ་འཇིགས་པའི་གཟུགས། །འབག་གི་མཐའ་མ་འཁོར་བར་བྱ། །གའུ་དམར་པོ་ཁ་སྦྱར་གྱི། །ནང་དུ་ཁྲག་གིས་བྱུགས་ནས་ནི། །དེ་ནི་ཁྲག་བྱུག་དེར་གནས་བྱ། །སྟེང་ནས་ཀོ་བ་དམར་པོ་སྟེ། །སྲིན་པོའི་གནས་སམ་ཆུ་བདག་ཕྱོགས། །ལྕགས་ཀྱུ་སྟན་ལ་གཟུགས་པར་བྱ། །གཏོར་མ་ཕག་རྒོད་ཤ་ལ་བྱ། །བདུད་སྲིན་ལ་སོགས་གཟུགས་ཀྱང་བྱ། །འབྲང་རྒྱས་ཤ་སྣས་འཁོར་བར་བྱ། །ལེ་བརྒན་གུར་གྱིས་ཕུབ་ལ་བོད། ། ཞག་གསུམ་བཟླས་པ་ཐག་གཅད་ལ། །ལྔ་ཡི་ནུབ་མོ་ཐོ་རངས་འོང་། །དེ་ཡིས་ཅི་བསམ་འགྲུབ་པར་འགྱུར། །མཚན་མ་ཅི་ཡང་འོང་བར་འགྱུར། །འཇིགས་སྐྲག་པས་ནི་ཞི་བར་བྱེད། །འགལ་བ་སྡང་བར་སེམས་པའི་གཟུགས། རོ་བསྲེགས་ཐལ་བ་དག་ལ་བྱ། །ཕག་རྒོད་ཤ་དང་ཚིལ་བུས་བྱུག །དུག་དང་ཁྲག་གིས་མིང་རུས་བྲི། །དེ་ཡི་རླུད་རྒྱུའི་གནས་སུ་གཞུག །སྤྱི་ཚུགས་མཚན་མོ་མདུན་དུ་ལིང་ག་གཞག །སྲོག་ལ་མྱ་ར་ཡ་ཡིས་བསྐུལ། །དེ་ནས་ལས་ལ་སྦྱར་བར་བྱ། །འཁོར་ལོ་ཁ་དུ་སླད་བུའོ། །དེ་ལ་འཁོར་ལོ་བཅའ་བ་དག །ཕོ་འཁོར་མོ་འཁོར་གཉིས་སུ་བྱ། །དབུས་སུ་ཟླུམ་པོ་སྤྱིའུ་ཚུགས་བྲི། །སྐྲུན་ཟླ་ནང་བློན་བྱེད་པ་དྲུག ། སྔོན་པོ་སྤྱི་བོར་ཐལ་སྦྱར་བྲི། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་བདུན། །སྙིང་པོ་ལག་སྦྲེལ་དམག་པོར་བྲི། །ཕྱི་རིམ་མེ་ལོང་ལ་སོགས་པ། །ལག་ཆ་སྣ་ཚོགས་བྲི་བར་བྱ། །སྤྱི་ཚུགས་སྙིང་ཁར་དགུག་སྔགས་བྲི། །འབག་གཞན་སྙིང་ཁར་ཡང་ནི་བྲི། །མེ་ལོང་ལ་སོགས་ཁྲམ་པར་བྲི། །དམོད་པ་ཡང་ནི་སྣ་ཚོགས་བྲི། །ཕོ་ཡི་འཁོར་ལོ་གཅོད་བྱེད་ཡིན། །མོ་ཡི་འཁོར་ལོ་བྲི་བ་དག །དབུས་སུ་ནག་མོ་ཆེན་མོ་བྲི། །སྙིང་ཁར་མོ་སྔགས་བྲི་བར་བྱ། །ཕྱི་མ་འབག་ཀྱང་མོ་གཟུགས་ལ། །སྲོག་གི་དགུག་སྔགས་བྲི་བར་བྱ། །གཟུགས་བརྙན་འཁོར་ལོའི་བར་དུ་གཞུག །མེ་ལོང་གདངས་ལ་བཞག་ལ་བྲབ། །ཉི་མ་བདུན་དུ་འཁོར་ལོ་བསྐོར། །ཉིན་བདུན་ཕོ་སྔགས་བརྡེག་པར་བྱ། །མཚན་མོ་མོ་སྔགས་ལྡན་པས་ནི། །དེ་ཡིས་མྱུར་དུ་བརླག་པར་བྱེད། །དཔལ་ནག་པོ་ཆེན་པོ་མིའི་ཐོད་པ་ཅན་གྱི་རྒྱུད་མུན་པ་གློག་འབྱིན་ལས་ནག་པོ་ཆེན་པོའི་བསྒྲུབ་པ་དང་འཁོར་ལོས་ལས་ལ་སྦྱར་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དུས་ཀྱི་མཚན་མ་ཡིས། །ནག་པོ་ཆེན་པོ་གསད་བྱ་བའི། །གའུ་ནག་པོ་བཤད་པར་བྱ། །དུར་ཁྲོད་གནས་སམ་བྲག་རི་གནག །ནགས་ཚལ་རྩུབ་པའི་སར་ཕྱིན་ལ། །མི་གསད་ས་དང་བྲག་རིའི་འགྲམ། །ལྷ་ཁང་རྙིང་པའི་ས་དག་ལ། །སྲོག་ཁང་ནག་པོ་གྲུ་གསུམ་བརྩིག །ཁྲག་དང་དུག་གིས་ཞལ་ཞལ་བྱ། །ཁ་ཁྱེར་རྩང་གིས་བསྐོར་བར་བྱ། །ཁོ་ཡི་ཕ་མེས་མགོ་བོ་རབ། །གྲི་རྒོད་སྨྱོན་པའི་ཐོད་པ་འམ། །ཡང་ན་རབས་ཆད་ཐོད་པ་སྲ །ལིང་ག་ལྡན་པ་དོང་དུ་གཞུག །ཨ་མུ་ཀ་ཡི་རྫས་དག་ལ། །བག་ཕྱེ་དུག་ཤིང་ལོ་མ་དང་། །ཕག་རྒོད་ཤ་ལ་གཟུགས་བརྙན་བྱ། ཁྲེན་ཏུ་ནག་པོའི་སྐྱེ་གནས་གདགས། །ཐོད་པའི་ནང་དུ་ལྡིང་བར་བྱ། ། སྟེང་ནས་དར་ནག་གུར་ཆེན་དབུག །དམེ་ཁྲག་གསུམ་དང་ཡུངས་དཀར་བསྲེས། །གཡག་རོག་རྭར་བླུགས་ཐུན་དུ་བསགས། །ཡུང་ཀར་དུག་ཆུས་ངར་བླུད་ལ། །གསད་པའི་དུས་སུ་བྲབ་པར་བྱ། ཁྲ་ཆེན་གཏོར་མས་མཉེས་པར་བྱ། །སྲོག་གི་སྔགས་ལ་རྟགས་རྫོགས་ནས། །སྔགས་གསུམ་བྲིས་ལ་གསད་པར་བྱ། །སྐབས་སུ་གཟུགས་ལ་དུག་མདས་བརྡེག །དེ་ནས་ཐུན་གྱི་ལས་ཀྱང་བྱ། །ཐ་མ་མནན་པའི་སྔགས་རྫོགས་ནས། །ལྷ་ཁང་མགོན་པོ་ཆགས་སར་མནན། །དེ་ཡིས་མྱ་ར་ཡ་ཞེས་པའི། །དབང་ཕྱུག་ལྷ་ཡི་རྒྱལ་པོས་བཤད། །དཔལ་ནག་པོ་ཆེན་པོ་མིའི་ཐོད་པ་ཅན་གྱི་རྒྱུད་མུན་པ་གློག་འབྱིན་ལས། ག་འུ་གསང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དུས་ཀྱི་མཚན་མ་ཡིས། །བླུད་བུའི་སྒྲུབ་པ་བཤད་པར་བྱ། །དབེན་པར་ཕྱིན་ཏེ་ཕུང་ས་ལ། །འབྲུབ་གནས་བྱས་ཏེ་རྩང་གིས་བསྐོར། །གཏོར་མ་རྒྱན་དང་ལྡན་པ་དང་། །མདའ་ནག་དར་གྱིས་བརྒྱན་པ་བཞག །འགལ་བའི་རྫས་ལ་ལིང་ག་བྱ། །ལིང་གེའི་མཐའ་མ་སྔགས་ཀྱིས་བསྐོར། །ལིང་ག་གཉིས་ནི་ཁ་སྦྱར་ཏེ། །བུ་ཆུང་བླུད་བུའི་ནང་དུ་གཞུག །འབྲུབ་ཁུང་ནང་དུ་བཅུག་ནས་ནི། །སྟེང་དུ་ལྕགས་ཀྱུ་དམར་པོ་བཞག །བཤོས་བུ་ནག་པོ་རྟེང་དུ་གཟུགས། །ཕག་རྒོད་སྙིང་ནི་རྟ་རུ་བཟུང་། །རྟགས་ནི་བླུད་བུའི་གཟུགས་བྱུང་ལ། །མེ་ལོང་ཕྱར་ལ་དྲག་སྔགས་བརྡེག །བདུད་མདས་བསྣུན་ཅིང་ལྕགས་ཀྱུས་བརྡེག །དེ་ནས་ཞགས་པས་དཀྲི་བར་བྱ། །ཞག་གསུམ་བར་དུ་བརྣག་པ་བྱ། །ལྷ་ཁང་གནས་སམ་གདུག་པར་གནན། །ཐུན་འཕང་དམོད་པ་གདབ་པར་བྱ། །དཔལ་ནག་པོ་ཆེན་པོ་མིའི་ཐོད་པ་ཅན་གྱི་རྒྱུད་མུན་པ་གློག་འབྱིན་ལས། བླུད་བུ་བསྒྲུབས་ཏེ་ལས་ལ་སྦྱར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ནག་པོ་ཆེན་པོའི་དྲག་སྔགས་བཤད་པར་བྱ་སྟེ། ཀ༷་སྟི་ར་ཡང་འདི་ལྟ་སྟེ། ཨོ་མ་ཧྭ་ཀྭ་ལ་ཧྲི༷།ཛ་མ་ཧྭ་ཀྭ་ལ་ནི། ཀྭ་ལ་པ་ཡེ། ར་ཏྲི་ཧ་ཤི་རོ་ཧ་ཀྲུ་པ་རི་བ་ཏི་དན་ཏ་རུ་པ་ཡ།་༷་་༷རྗེ་་། རག་ཤ་རུ་པི་ནི་ཧུ༷་ཛ། ཀྭ་ལ་ར་ཏྲི་ཛ། སྲོག་གི་སྙིང་པོའོ། ། ཀྲི་སྣ་དེ་བ་རག་ཤ་སྨྱོ་སྨྱོ། མ་ཧྭ་ཀྭ་ལ་སྨྱོ། ཆེ་གེ་མོ་ཙིསྟ་རྦད་ན་ཐུ༷་རི་ལི་ལི། རྦད་པ་ཕྲོག་གི་སྙིང་པོའོ། །དགྲ་བོ་རུ་པི་ནཱ་ཤ་ཡ་ཧྲུ༷་ཕཊ། ཙིལྟི་མ་ར་ཡ་ཧུ༷་ཕཊ། ཤ་ཏ་ར་ག་ཤ་དགྲ་བོའི་སྲོག་ལོང་། མྱ་ར་ཡ་རྦད། གསད་པ་སྲོག་གི་སྙིང་པོའོ། །ཀྲི་སྣ་ཀྭ་ལ་ར་ཏྲི་ཧུ༷་ཕཊ། ཆེ་གེ་མོ་ར་ཡ་ནན་ལ༷་ལ༷་ཧུ༷་ཕཊ། མཐའ་སྡུད་མནན་པའོ། །ཀྭ་ལ་ར་ཏྲི་རཀྟ་ཤ་ཙ་ར་ཙ་སྨྱོ། ཆེ་གེ་མོ་ནཱ་ར་ཡ་རྦད། ཟོར་གྱི་སྔགས་སོ། །དགྲ་བོའི་ཙིསྟ་བ༷་ལོང་ཐུན་རྦད། རག་ཐིབས་སྲོག་ལ་བྲེང་ཤ་རྦད། ནི་ཛ་ཁ་ལ་ཕྱུང་ཡ༷་སོད། དགྲ་གནད་ལ་དབབ་པའི་སྔགས་སོ། །མ་ཧྭ་ཀྭ་ལ་རུ་ཏྲ་ཆེ་གེ་མོ་ནཱ་ར་ཡ་རྦད། མ་ཧྭ་ཀྭ་ལ་ར་ཏྲི་ཆེ་གེ་མྱ་ར་ཡ ཕཊ། འཁོར་ལོའི་གཟུགས་བརྙན་ལ་བྲིའོ། །དགྲ་བོ་གང་ན་ཡོད་ལྟོས་ཤིག ཁྲ༷་ལ་ཐོབ་ཅིག རྡེའུ་དཀར་ནག་རྩིས་ཤིག དབྱུག་པ་རྒྱོབ་ཅིག རལ་གྲིས་ཆོད་ཅིག ཞགས་པས་ཆིངས་ཤིག མགོ་བོ་ཆོད་ཅིག སླུད་བུར་ཤུས་ཅིག ལྕགས་ཀྱུས་ཟུང་། མི་རེང་སོད། ནད་ཀྱི་རྐྱལ་པ་རྡོབས་ཤིག མཚོན་གྱི་གྲུ་གུས་ཆིངས་ཤིག ཀྭ་ལ་ར་ཏྲི་ཡེ་ཕཊ། དམོད་པས་བསྐོར་བའོ། །ཨོ་ཛ་ཧུ༷་ནི་བི་རུ་ཤ་རག་ཛ། ་༷་་༷རྗེ་་། ཡ༷། པ་རུ་དྷ་དྷ་བྷ་ཤི་ཏ་ཀྲུ་ཧ་རོ་ཤི་ཧ་ཏྲི་ཡ་རེ་པ་ཀ་ནི་ར། ལ་ཀ་ཧ་མ་ཛོདྷི། ས་མ་ཡ་ཐུ༷་རིལ་བྲེང་ཤག་ཧུ་རེ་ཐུ༷་ཛ་རྦད་ཡ། སྔགས་བདག་ཤི་ས་བསྟན་པའོ། །དཔལ་ནག་པོ་ཆེན་པོ་མིའི་ཐོད་པ་ཅན་གྱི་རྒྱུད་མུན་པ་གློག་འབྱིན་ལས། སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དུས་རྟགས་མཚན་མའི་རྟགས་བཤད་པ། །འཇིགས་པ་ཅན་གྱི་མགོ་བོ་ལ། །མགོ་བོ་རས་ཀྱིས་གཏུམས་པ་དང་། །ཕག་རྒོད་མགོ་ཅན་འཇིགས་བྱེད་པ་དང་། །གནས་ཁང་འབག་གིས་ཁེངས་པ་དང་། །མགོ་ལ་རས་ཀྱིས་ཕུར་བ་དང་། །མི་ནག་དངོས་སུ་འོང་བ་དང་། །མོན་པ་སྤྲེ་ནག་བྲིད་པ་འོང་། །རྒྱ་གར་མོན་པ་ཤ་འདོད་ཟེར། །འོད་དང་སྒྱུགས་པ་དིར་དིར་འོང་། ། ལག་ན་མེ་ལོང་ཐོགས་པ་དང་། །ཁྲ༷་དང་རྡེའུ་དཀར་ནག་དང་། །དབྱུག་པ་རལ་གྲི་ཞགས་པ་དང་། །སླུད་བུ་མི་མགོ་ལྕགས་ཀྱུ་དང་། །མི་རེང་ནད་རྐྱལ་སྔོན་དམར་འོང་། །ལག་པ་དག་དང་སྐྲ་ནས་འཐེན། །མི་ནག་སྤྱིའུ་ཚུགས་འགྲོ་བ་སྟེ། །ལུས་ཀུན་སྤུ་ཡིས་གང་བ་འོང་། ། མིག་སེར་སོ་ནག་མཆེ་བ་རྣོ། །རྐང་ལག་སེན་མོ་རྣོ་བ་ཞིག །སྒྱུགས་པ་འབོད་ཅིང་དངོས་སུ་འོང་། །དེ་ལ་དམ་རྫས་སྦྱིན་པ་དང་། །འཕྲིན་ལས་བསྒོ་བ་ཤེས་པར་བྱ། །དེར་ཡང་ངེས་པར་མ་ཟད་དེ། །ཆོ་འཕྲུལ་ཅི་ཡང་སྒྱུར་ཞིང་སྟོན། །ནག་པོ་ཆེན་པོ་མིའི་ཐོད་པ་ཅན་གྱི་རྒྱུད་མུན་པ་གློག་འབྱིན་ལས། རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དུས་ཀྱི་མཚན་མ་ཅན། །ནག་པོ་ཆེན་པོ་བསྐུལ་བར་བཤད། །ཧུ༷། དཔལ་ལྡན་མགོན་པོ་ནག་པོ་ནི། །འཇིགས་བྱེད་མི་བསྲུན་བསྟན་བསྲུང་མགོན། །མི་བཟད་གཅེར་བུ་མཐིང་ནག་སྲིན་པོའི་གཟུགས། །རལ་པ་ཁམ་ནག་སྤྱན་གསུམ་མཆེ་བ་གཙིགས། །དུར་ཁྲོད་ཆས་བརྒྱད་མེ་དཔུང་ནང་ན་འགྱིང་། །སྤྲེ་ནག་སྤྲུལ་པ་གཏོང་ཞིང་སྨྱོ་འབོག་གཏོང་། །ཙན་དན་བེང་ཆེན་བསྣམས་ནས་དགྲ་སྡང་སྲོག་རྩ་གཅོད། །མ་རུངས་ལྷ་ཡི་དམག་དཔུང་བཟློག་མཛད་ཅིང་། །རུ་མཚོན་འཕྱར་ཞིང་འགལ་བྱེད་ཕུང་བར་མཛོད། །སྔོན་གྱི་ཐ་ཚིག་དམ་ལས་མ་གཡེལ་བར། །སྡང་བའི་དགྲ་བོ་དུས་མཐའ་མྱུར་དུ་བསྡུས། །དུས་མཐའ་བརྟུལ་ལ་ཚེ་ཡི་འདུ་བྱེད་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ལས་མཛོད་ཅིག །ཅེས་བསྐུལ་ལོ། ། གཏོར་མ་བདུད་རྩིར་བྱས་ཏེ། མཧྭ་ཀ་ར་ཏྲི་དན་དྷ། དྲི་ཀ་བཱ་ལ་བ་ལིན་ཏ་སརྦ་པུ་ཙ་གྲི་ཏྣ་གྲི་ཏྣ་ཁ་ཁ་ཁའ་ཧི། ཞེས་དབུལ་ལོ། །དབང་ཕྱུག་ལྷ་ཡི་རྒྱལ་པོ་སྟེ། །མི་ཡི་ཐོད་པ་ཅན་ཞེས་པས། །འཇིགས་བྱེད་ནག་པོ་ཆེན་པོ་ལ། །འགའ་སྣའི་འཇིག་རྟེན་ཁམས་དག་ཏུ། །སྲོག་ཕུལ་རང་གི་བསྟན་པ་ཡི། །གང་ཟག་བསྐྱང་བར་དམ་བཅས་ནས། །དེ་ཡི་འཕྲིན་ལས་བཤད་པ་ལ། ། རྗེས་སུ་ཡི་རང་མི་སྣང་འགྱུར། །ནག་པོ་ཆེན་པོ་དུས་མཚན་མིའི་ཐོད་པ་ཅན་གྱི་རྒྱུད་མུན་པ་གློག་འབྱིན་ཞེས་བྱ་བ་ལས་ལེའུ་སྟེ་བདུན་པའོ།། །།ལྷ་དང་མཁའ་འགྲོས་དུར་ཁྲོད་ཕུང་ལུང་དུ་ལུང་བསྟན་པ་དངོས་གྲུབ་འབྱུང་བའི་རྒྱུད་དཔལ་ནག་པོ་ཆེན་པོ་མིའི་ཐོད་པ་ཅན་