Ngb-pt-0828-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:50, 20 March 2020

Front

Body

རྒྱ་གར་སྐད་དུ། །ཨ་པ་ར་ཙིཀྟ་གུ་རྒྱ་ཏནྟྲ་རད་ན། བོད་སྐད་དུ། གནོད་སྦྱིན་གསང་བ་རིན་ཆེན་ཐུགས་ཀྱི་རྒྱུད། དཔལ་རྡོ་རྗེ་ག་་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་རབ་རིའི་བྱང་ཕྱོགས་ན། །རྣམ་པར་རྒྱལ་བའི་ཁང་བཟང་ཞེས་བྱ་བ། ཕྱི་རིན་པོ་ཆེ་འབར་བའི་རྩིག་པ། བར་རྡོ་རྗེས་བསྐོར་བའི་གུར། ནང་འཇའ་ཚོན་ཟེར་དུ་འཕྲོ་བ། རྟ་དང་གླང་པོ་མ་ཧེ་ཁྲི་གདན་ལ། །ནོར་བུ་རིན་པོ་ཆེའི་ཟར་སྐད་དང་། །འཕྱང་བ་དང་། ལྷིང་བ་དང་། ལོངས་སྤྱོད་གཏེར་དང་འབྲུ་ཡིས་བཀང་བ་དང་། ལྷའི་ཞལ་ཟས་འཆི་མེད་བདུད་རྩིའི་རྒྱུན་བབས་པ། ལྷ་མོ་དང་གནོད་སྦྱིན་མང་པོ་གླུ་གར་དང་རོལ་མོས་འཕགས་པ། དེའི་དབུས་ན་པདྨའི་སྡོང་པོས་རབ་ཏུ་བརྒྱན་པའི་གདན་ལ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་བཞུགས་ཏེ། བཞིན་སྡུག་སྨིན་མ་རབ་རྒྱས་ཤིང་། །སྔོན་ནག་ཆེན་པོ་བརྐྱང་བསྐུམ་ཚུལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན། །དབུ་ལ་རིགས་ལྔས་རྣམ་པར་བརྒྱན། །དེའི་འཁོར་ན་གནོད་སྦྱིན་རྣམ་ཐོས་སྲས་ཞེས་བྱ་བ་དང་། །གནོད་སྦྱིན་རྒྱལ་པོ་ཨ་པ་ར་ཞེས་བྱ་བ། མཐུ་དང་རྫུ་འཔྲུལ་རྣམ་པར་འགྱེད་ཅིང་། མི་ཟད་གཏེར་ལ་ལོངས་སྤྱོད་པ་ལྕམ་མོ་ནག་མོ་སྣང་བ་ཅན་ཞེས་བྱ་བ་དང་། འཁོར་བྱེ་བ་ཕྲག་བརྒྱ་དང་བཅས་ཏེ་གནས་སོ། །དེ་ནས་རྒྱལ་པོ་རྣམ་ཐོས་སྲས་སྟན་ལས་ལངས་ཏེ། ཀྱེ༑ནོར་གྱི་བདག་པོ་༄༅ ཨ་པ་ར། །སེམས་ཅན་ཀུན་ལ་ཕན་བྱ་དང་། གནས་དང་དུས་དང་དམ་རྫས་དང་། །རྟགས་དང་དམ་ཚིག་བསྐུལ་བ་དང་། །སྲོག་དང་སིརྙི་བླང་བ་དང་། གདུགས་པ་མ་ལུས་བསྒྲལ་བ་ཀུན། །ཚུལ་བཞིན་སྟོན་པའི་སྤྱན་སྔར་ཕུལ། །ཅེས་གསུངས་སོ། །དབང་གི་རྒྱལ་པོ་དེས་གདུག་པ་གདུལ་བའི་ང་རོ་འཕྲ་བཀོད་དད་པའི་སྒྲ་སྒྲགས་པས། འཁོར་དེ་དག་རབ་ཏུ་དངས་པར་གྱུར་ཏོ། །དེ་ནས་གནོད་སྤྱིན་ཨ་པ་རས་སྨྲས་པ། །བདག་གིས་ཕུལ་བ་འདི་རྣམས་ཀུན། །སེམས་ཅན་དོན་དུ་བཞེས་སུ་གསོལ། །ཅེས་འཁོར་བཅས་ཀུན་སྒྲ་གཅིག་ཏུ་སྨྲས་སོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་གནོད་སྤྱིན་གྱི་རྒྱལ་པོས་སྨྲས་པ། རི་རབ་རྩེ་དང་ནགས་ཚལ་ཆབ་ཀྱི་གླིང་། །གནོད་སྤྱིན་མང་པོ་འདུས་པ་དང་། ཁེན་ཏུ་སྤྲོ་བའི་གནས་དག་ཏུ། །རིན་ཆེན་ས་ལ་མཎྜལ་ནི། །ཟླུམ་པོ་ཨེ་དང་བཅས་པ་བྱ། །བདུད་རྩི་ལྔ་ཡིས་ཆག་ཆག་བྱ། །དབུས་སུ་ཐད་ཀར་སྐུ་བཞུགས་ཏེ། །གཏོར་མ་རྒྱན་ལྡན་བཟང་པོ་བྱ། །འབྲུ་དང་མེ་ཏོག་ཟས་ཀུན་རྩལ། །བདག་ཉིད་གཏུམ་པོའི་ང་རྒྱལ་གྱིས། །མཚམས་གཅད་སྡིག་སྦྱང་བདུན་རྣམ་དག་བྱ། །ཕ་ཝང་ལོང་བུ་དར་དཀར་སྲོག་ཤིང་དྲིལ། །རི་བོང་སྙིང་དུ་རྩལ་བྱས་ལ། །ལེ་བརྒན་དར་དུ་གཏུམ་པར་བྱ། །བླ་མའི་བཞུགས་མར་རྒྱས་བཏབ་ལ། །བླ་རྡོ་གྲུ་གསུམ་གཏིང་དུ་སྦ། །ག་་པོའི་བསྙེན་པ་ཚད་དུ་བསྐྱལ། །དེ་ནས་༼རདནན་སིརྙི་བསྒྲུབ། །ཚེས་གཅིག་ལ་ཞུགས་ཉ་ལ་གཏོང་། །མ་གྲུབ་ལན་གསུམ་བསྐྱར་བར་བྱ། །དེས་ནི་ཐེ་ཚོམ་མེད་པ་ཡིན། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། །གནས་དང་དམ་ཚིག་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རིན་ཆེན་ནོར་བདག་དེས། །སྔགས་ཀྱི་རིམ་པ་འདི་ཕུལ་ལོ། །ཨེ་ཨ་པ་ར་ཙིསྟ་ཧྲི་ཛ། སྲོག་རྩ་བྲེང་བྲེང་། ཐུམ་ཐུམ་ཛ་ཛ། ༼རདན༽་ པུ་རྨྱེ་སིརྙི་སིརྙི་ཧུ༷། དྷ་ན་མེ་དེ་ཧེ། ན་ན་ཁ་ཏེ་གྲྭ་ཧྭ། དེ་ལ་པ༷་པ་ཏི་ཧུ༷་ཛ། ༼རདན༽་ པུརྨྱི་ཀུ་རུ་གྲྭ་ཧྭ། ཧ་ན་བཛྲ་ཧྭ༷། ད་ཧ་ན་བཛྲ་ཧུ༷་དི་པ་ཏ་བཛྲ་ཧུ༷། བཛྲ་རོ་ཥ་ཧུ༷། དྲི་དྷ་བཛྲ་ཧུ༷། ཧ་ན་ད་ཧ་པ་ཙ། ཀྲོ་དྷ་བཛྲ། སབོ་དུཛི་ན།མུ་ར་ཡ་ཧུ༷་ཕཊ། ཨོ་ཧྲི་བཛྲ་ཨ་པ་ར་ཙིསྟ་ཛ་ཛ། སྲོག་རྩ་བྲེང་བྲེང་ཐུ༷་ཐུ༷་ཛ་ཛ། ཨོ་སརྦ་བ་ལིང་གྲོ་ཏྣ་གྲི་ཏྣ་ཁུ་ཧི་ཁུ་ཧི། བུན་ཛ་ཧོ། མ་ཧྭ་པུ་ཙ་དུ་རུ་ཁུ་ཧི། སརྦ་པརྩི་སིརྙི་ཧྭ༷། ཞེས་ཕུལ་བ་དང་། །བདག་གི་མིང་ནི་འདི་ལྟ་སྟེ། །གནོད་སྤྱིན་ཡིད་འཕྲོག་ཅེས་ཀྱང་བྱ། །ཉི་མ་སྟོང་གི་གཟི་བརྗིད་ཅན། །འབྱུང་པོ་ཨ་པར་ཞེས་ཀྱང་བྱ། །ཆུང་མ་ནི་གནོད་སྤྱིན་མོ་གང་གང་ག་ལྷ་མོ། །འཁོར་ནི་བྱེ་བ་ཕྲག་བརྒྱ་ཞེས་སྨྲའོ། །སིརྙི་བླང་བ་ནི་རབ་རིག་པའི་དབང་ཐོབ། །འབྲིང་ཚེ་བསྐལ་པ་བདུན་ཐུབ། ཐ་མ་ནི་ནོར་ཟས་ལ་ལོངས་སྤྱོད་ཅིང་ལྷ་འདྲེ་མི་གསུམ་དབང་དུ་འདུས། །བསྟན་པ་འཇིག་པ་མྱུར་དུ་སྒྲོལ། །དེ་སྐད་གསུང་མ་ཐག་ཏུ་གནས་ལོངས་སྤྱོད་ཀྱིས་གང་བར་གྱུར་ཏོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། ལོངས་སྤྱོད་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྟགས་དང་དམ་ཚིག་ནི། །འོད་དང་ཐུག་ཆོམ་ཁང་བ་འཚིག །བྱི་ལ་ཁྱིའུའི་གཟུགས་ཆེ་བ་དང་། །མི་རེང་དཀར་པོ་སྤྱིད་ལུག་པ། །སྒྲ་མི་སྙན་དང་དྲི་མི་ཞིམ་པ་དང་། །ཉམས་ནི་འཛིགས་ཞུཁོ་བྱེད་པ་དང་། །གཟུགས་ལ་ཉེས་མེད་དངོས་སུ་ཡོང་། །འབྱུང་བའི་ཚེ་ན་དངོས་གྲུབ་བླང་། །དམ་ཚིག་བསྟན་པ་བསྲུང་བར་བྱ། །རང་གི་ཁུ་ལ་ཙན་དན་དཀར་པོ་དང་སྦྱར་ལ། གོང་ནས་རང་གི་པུས་མོ་གཡོན་པའི་འོག་ཏུ་སྦས་ལ། །ཁོ་བྱུང་བ་དང་མཐེབ་སྲིན་གྱིས་གཏོར། བླ་རྡོ་མཆན་ཁུང་དུ་སྦས་ལ་གྲིབ་མ་ལུས་ལ་འཁྲིལ་བ་ལྟར་འགྱུར་རོ། །དམ་ཚིག་ཏུ་གསང་བ་དང་། བླ་མ་ལ་གུས་པར་བྱ་བ་དང་། སྒྲུབ་པ་ལ་བརྩོན་པ་དང་། །སྡོམ་པ་ལ་གནས་པ་དང་། དགེ་བ་ལ་བརྩོན་པར་བྱའོ། །ཐུགས་རྗེས་འབྱུང་བའི་རྒྱུད་ལས། །རྟགས་དང་དམ་ཚིག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གདུག་པ་བསྒྲལ་བའི་ཕྱིར། །ཚུལ་བཞིན་བསྒྲུབས་ཀྱང་མ་གྲུབ་ན། །སྤོགས་ཏེ་ཨར་ལ་གཏད་པར་བྱ། །ས་འཇིམབག་ཕྱེ་དུག་ཁྲག་བསྲེ། །ཚ་བ་གསུམ་གྱིས་རབ་སྦྲུས་ལ། །མདོག་ནི་ཁམ་པ་རལ་པ་ཅན། །སྙིང་ཁར་སྲོག་དང་མིང་བྲིས་ལ། །ཐོད་པའི་ནང་དུ་བཅུག་ལ་བཟློས། །གུ་གུལ་ནག་པོ་བཙན་དུག་དང་། །རི་བོང་སྙིང་དང་རོ་ཤིང་ལ། །མེས་བསྲེག་བཛྲ་བཱ་ཁིའི་ཞབས། །སྲོག་དཀྲུགས་ལས་སྔགས་སྤེལ་ཏེ་བསྲེག །བླ་རྡོའི་སྟེང་དུ་མེ་བཏང་ལ། །མི་བཟོད་རྟགས་ཡང་མྱུར་དུ་འབྱུང་། །དགྲ་བགེགས་མིང་དང་བཅས་ཏེ་སྲེག །རྡོ་རྗེ་མནའ་བའི་ཕྱག་རྒྱ་བསྟན། །སིརྙི་གང་འདོད་བླང་བར་བྱ། །དེ་ནས་ཡང་འདོད་པ་མ་ལུས་བསྐང་བའི་ཕྱིར། །མཛེས་པའི་ཕྱག་རྒྱ་མོ་དག་དགུག་པར་བྱེད། །གང་དག་དེ་ཡི་ཆུ་ས་རྗེས་ས་འམ། །ལུས་ཀྱི་དྲི་མ་གར་རྙེད་དང་། ་་ས་ཀར་ཉུངས་ནག་སྦྱང་བ་དེར། །མགོ་དང་ལུས་ལ་གར་ཐེབས་པ། །གང་འདོད་ས་དེས་ཁུགས་པར་འགྱུར། །ཨི་བྱངས་རང་དུ་ད༷་ད༷་ཤ་ད༷་ར་ཏི། །ཏ༷་ཙག་དུ་པ་བྲེང་དབང་པོ་སྡོམས། ནིག་ནན་ཏག་ཏྲ་ཧུ༷་ཧུ༷། སྔགས་དེ་ཁྲི་རྫོགས་ཁུགས་པར་བྱད། །དེ་རྟིང་སྒྲོལ་སྔགས་འདི་དག་གདགས། །དུ་བ་སངས་ཏི་ས་མ་ཡ་སྲུ་ཧྭ། ཞེས་གང་དག་འགྲོལ་བར་འགྱུར་རོ། །ཡང་ཅིག་རྫས་ཀྱིས་འགུགས་པ་ནི། །སྡང་ལང་ཏང་ཕོ་དང་། ན་ཆུང་གཙང་མའི་མངལ་ཁྲག་དང་། སྣི་ཤིང་གི་མེ་ཏོག་གསུམ་སྦྱར་ཏེ། རང་གི་དཔྲལ་བར་ཐིག་ལེ་བྱས་ན། གང་མཐོང་བ་ཙམ་གྱིས་དབང་དུ་འདུས་སོ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། ཤིས་བསྟན་པ་དང་ན་ཆུང་མ་དགུག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སིརྙི་ཡོངས་སུ་བསྐུལ་བའི་གླུ་འདི་གསུངས་སོ། །ཧུ༷་ལྕང་ལོ་ཅན་གྱི་གནས་མཆོག་ནས། །གསང་བདག་ཕྱག་ན་རྡོ་རྗེ་དང་། །མཛེས་པའི་ལྷ་མོ་གང་ལྷ་མོ། །གནོད་སྤྱིན་རྒྱལ་པོ་ཨ་པ་ར། །བྱེ་བ་བརྒྱ་ཡི་འཁོར་གྱིས་བསྐོར། །རིན་ཆེན་གཏེར་གྱི་བདག་པོ་ཁྱོད། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང་། །མཐུ་དབང་གཟི་བརྗིད་ཆེན་པོ་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །ཅེས་གསུངས་ཏེ། འབྲུ་དང་ཟས་སྐོམ་ལ་སོགས་དང་། །སྙིང་པོ་ལྔ་དང་དྲི་ཞིམ་སྨན། །ཐོད་པ་བཀང་ལ་རོལ་བར་བྱ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས།སིརྙི་ཆར་དབབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཕན་ཡོན་བཤུ་བཅངས་པའི་ཚིག་འདི་གསུངས་སོ། །ཀྱེ་།ཕྱི་མའི་སྐལ་ལྡན་གང་ཟག་གིས། །རྒྱུད་འདི་ཉམས་སུ་བླང་བྱེད་པས། །རིག་པའི་རྒྱལ་པོའི་དབང་བསྐུརཞིང་། །སུམ་ཅུ་རྩ་གསུམ་གནས་སྐྱེས་ལ། །ལྷ་དབང་བརྒྱ་བྱིན་དབང་སྟེར་ཞིང་། །བསྐལ་པ་བདུན་དུ་ཚེ་ཡང་ཐུབ། །ལོངས་སྤྱོད་ལྔ་ལྡན་བསོད་ནམས་སྐྱེ། །ཁྲོས་པ་ཙམ་གྱིས་དགྲ་རྣམས་བརླག །ལྷ་འདྲེ་མི་གསུམ་དབང་དུ་འགྱུར། །ཐ་སྐར་དྲི་མེད་ལྷ་མོ་འགུགས། །ཀུན་གྱིས་བདག་མཐོང་ངོ་མཚར་ཤིན་ཏུ་ཆེ། །ཚེ་རབས་ཐོག་མཐའ་མ་ལུས་དྲན། །འདི་ལ་ཡོན་ཏན་བསམ་མི་ཁྱབ། །ཐུགས་རྗེ་འབྱུང་བའི་རྒྱུད་ལས། ཡོན་ཏན་བཀའ་རྒྱུད་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཧོ་གསང་བའི་བདག་པོས་རྒྱལ་པོ་རྣམ་ཐོས་ལ། །རྒྱལ་པོས་སློབ་དཔོན་བ་ཛ་བ་རི་ལ་བྱིན། །དེས་རྒྱལ་པོ་ཨིནྟྲ་བོ་དྷི་ལ་བྱིན། །དེས་སློབ་དཔོན་པྲ་ཧ་ཏི་ལ་བྱིན། །དེས་བ་སུ་དྷ་ར་ལ་བྱིན། །དེས་ཡང་དབང་གཏེར་ལ་གཏད་པའོ། །ཡིད་བཞིན་ནོར་བུ་རེ་འདོད་སྐོང་བའི་རྒྱུད། །ལས་དག་རིམ་པར་འཆང་བས་ཞལ་གྱི་ངོ་མི་ཚུགས། །རིན་ཆེན་ཐུགས་ཀྱི་ཀློང་དུ་བཀོད་ལ་གསོང་། །གནོད་སྦྱིན་རྒྱལ་པོ་ཨ་པ་རས། །བཛྲ་ཤི་བདག་ལ་གཏད། །རིག་པའི་དབང་འདི་ཐོབ་པར་བྱོས། གསང་བའི་མན་ངག་ཡིན་ནོ། །ས་བཱ་ཡ་སོ་བག །ཁ་ཤི་ཁ་ཐ༷།། །།རྒྱ་གར་སྐད་དུ། རད་ན་སིརྙི་དྷ་ན་མ་ཧྭ་ལ་ལི་ཏན་ཏྲ་ནཱ་མ། བོད་སྐད་དུ། །རིན་པོ་ཆེ་ནོར་གྱི་དངོས་གྲུབ་ཆེན་པོ་ཁོལ་དུ་ཕྱུང་བའི་རྒྱུད་ཅེས་བྱ་བ། ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་