Ngb-pt-0807-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:50, 20 March 2020

Front

Body

གསུངས་པ་རྫོགས་སོ།། །། རྒྱ་གར་སྐད་དུ། ཨུརུ་ནི་ལ༷་བ་ར་བཛྲ་བཱ་ཁེ་ཨ་ཧྭ་ཡ་ཀྟ་སེ་ན་པ་ཏི་བཛྲ་ཤ་ཝ་ར་ནཱ་མ་ཏནྟྲ་རྭ་ཛ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས་རྡོ་རྗེ་བརྗིད་པའི་སྦྱོར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་ལ་དེ་སྙོམས་པར་ཞུགས་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་ཆེན་པོ་དགའ་བས་བྱིན་ཞེས་བྱ་བས་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བརྗིད་པའི་སྦྱོར་བ་མཐོང་ནི་མཐོང་ལགས་ན། སྦྱོར་བ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་ཐམས་ཅད་ཀྱི་འཆི་འཕོ་བ་ཐམས་ཅད་བཟློག་པར་བགྱིད་པ། འབྱུང་པོ་ཐམས་ཅད་ཀྱི་སྙིང་གནོན་པ། འབྱུང་པོ་ཐམས་ཅད་ལས་རྒྱལ་བར་བགྱིད་པ། བཅོམ་ལྡན་འདས་ཀྱིས་འབྱུང་པོ་ཐམས་ཅད་འགུགས་པའི་དམ་ཚིག་གི་སྦྱོར་བ་དང་། །རྡོ་རྗེ་བརྗོད་པའི་སྦྱོར་བ་བདག་ལ་བཤད་དུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་པ་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དེ་སྐད་གསོལ་ཏོ། །ལྷ་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །གང་གིས་འབྱུང་པོ་ཐམས་ཅད་བཟློག་བགྱིད་ཅིང་། །དུས་མིན་འཆི་བ་ཀུན་ལས་གྲོལ་བྱེད་པ། །རྡོ་རྗེ་དྲག་པོའི་ལས་དང་བསམ་གཏན་དག །འདུས་པའི་འཁོར་ཚོགས་རྣམས་ལ་བཤད་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་པོ་འཕགས་པ་གོས་སྔོན་པོ་ཅན་གྱིས་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་དྲག་པོའི་སྦྱོར་བ་འདི་ནི། འབྱུང་པོ་ཐམས་ཅད་བཟློག་པར་བགྱིད་བ། འབྱུང་པོ་ཐམས་ཅད་འགུགས་པར་བགྱིད་པ། འབྱུང་པོ་ཐམས་ཅད་སྐྲོད་པར་བགྱིད་པ། རིག་སྔགས་ཀྱི་མཐུ་ཆེན་པོ་ཐོབ་པར་བགྱིད་པ། ངན་འགྲོ་ཐམས་ཅད་ལས་བཟློག་པར་བགྱིད་པ། འབྱུང་པོའི་རིག་སྔགས་ཐམས་ཅད་འཇོམས་པར་བྱེད་པ་ཡིན། སེམས་རྩེ་གཅིག་ཏུ་བསྡུས་ལ་ལེགས་པར་ཉོན་ཅིག །སངས་རྒྱས་མར་མེ་མཛད་ལ་སོགས། །ཀུན་གྱིས་བསྟན་པར་མ་གྱུར་པའི། །རིག་སྔགས་བསྲུང་དང་འགུགས་པ་དང་། །དེ་ཡི་ལས་ནི་འདི་ཡིན་ཏེ། །སྟོང་ལ་མོས་པའི་རྣལ་འབྱོར་པས། །བདག་གི་ཕྱག་རྒྱ་རབ་གནས་ཏེ། །སྙིང་ཁར་ཉི་མའི་དཀྱིལ་འཁོར་སྟེང་། །འབར་བའི་ཡི་གེ་ཧུ༷་དང་ལྡན། །རྡོ་རྗེ་འདུ་བ་འདུས་པ་ཡིས། །སངས་རྒྱས་ཐམས་ཅད་འདུ་བ་འགྱུར། །འདུས་པའི་དབང་དང་ལྡན་གྱུར་ནས། །ཁྲོ་བོའི་འོད་ཟེར་འཕྲོ་བ་འབར། །ཧུ༷་ཀྲོ་དྷ་བཛྲ་ས་མ་ཡ་ཧུ༷། འདི་གསུངས་པས་ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས་སྐུ་གསུང་ཐུགས་གསང་བ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྐུ་གསུང་ཐུགས་རྡོ་རྗེ་གསང་བ་མཆོག་གི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་ལྭ་ཀ་ཙིཀྟ་གུ་རྒྱ་ས་མ་ཡ་ཧུ༷། འདི་གསུངས་མ་ཐག་ཏུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད་ཀྱི་ཐུགས་ཀར་ཞུགས་པར་གྱུར་ཏོ། །དེའི་ཚེ་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས་སྤྲུལ་པ་དང་། ཡང་སྤྲུལ་དང་། ཚ་ཚ་ཁྲུག་པར་གྱུར་ཏོ། །ཐོག་ཆེན་པོ་རྣམ་པ་ལྔའང་འབབ་པར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱིས། །མངོན་པར་སྤྲོ་བའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། གསང་བ་མངོན་པར་སྤྲོ་བའི་བྱེད་པ་ཞེས་བྱ་བའི་སྔགས་འདི། །ཉིད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་ཀ་ཡ་ཝ་ཀ་ཙིསྟ་ཙྭ་ན་གུ་རྒྱ་ན་བཛྲ་ཀྲོ་དྷ་ནི་ལ༷་ཝ་གར་ཧྭ༷་ཕཊ་ཕཊ། ཅེས་གསུངས་སོ། །འདི་གསུངས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་གྱིས་གང་བར་གྱུར་ཏོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། རྣམ་པར་དམའ་བའི་བར་དུའོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་འདིའི་བདུད་དང་བདུད་ཀྱི་རིས་ཀྱི་འབྱུང་པོ་ཐམས་ཅད་དང་། མ་མོ་ལས་གྱུར་བའི་བར་དུ་གཡོས་པར་གྱུར་ཏོ། །དེའི་ཚེ་འཁོར་གྱི་ནང་ནས་ནོར་ལྷའི་བུས་གསོལ་བ། སྒེག་པོ་དཔའ་བོ་འཇིགས་པའི་གཟུགས། །ཁྱོད་མཐོང་པས་ནི་བདག་ཅག་འཇིགས། །ཡོད་མིན་མེད་པ་མ་ཡིན་ནས། །མནར་མེད་པ་ལ་ཐུག་གི་བར། །ཁྱོད་ཀྱི་སྒྲ་ཡང་ཐོས་ཀྱི་བར། །འཇིགས་ཤིང་སྐྱིང་བུང་རབ་བྱེད་པས། །ཞི་བ་ཆེན་པོའི་ཚུལ་སྟོན་ལ། །མངོན་པར་རྟོགས་པའི་འཁོར་ལོ་བསྐོར། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་གསོལ་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གཡོ་བ་མེད་པའི་ངང་ལ་གནས་པར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་བསྡུ་བའི་ཐབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། །དེའི་ཚེ་གསང་བའི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་བཛྲ་ས་ནན་ཛ།ཞེས་བརྗོད་མ་ཐག་ཏུ། །དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་གྱུར་ནས། །ལ་ལ་ནི་དཔལ་རྡོ་རྗེ་གོས་སྔོན་ཅན་དུ་གྱུར་ཏེ། ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་རིན་ཆེན་གོས་སྔོན་ཅན་དུ་གྱུར་ཏེ། ལྷོ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་པདྨ་གོས་སྔོན་ཅན་དུ་གྱུར་ཏེ། ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་ལས་ཀྱི་ཁྲོ་བོར་གྱུར་ཏེ། བྱང་ཕྱོགས་སུ་བཞུགས་སོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོའི་རྩི་ཤིང་ནགས་འཚལ་ཀུན། །གསང་བ་བདག་པོའི་སྤྲུལ་པའི་སྐུ། །ཐམས་ཅད་འདི་ལས་གཞན་དུ་མིན། །ཅེས་གསུངས་སོ། །དེ་ནས་འཁོར་རྣམས་གྱི་ནང་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་ཏོག་ཅེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །བདེ་བར་གཤེགས་པའི་སྙིང་པོ་མཆོག །བདག་ཅག་རྣམས་ལ་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་མ་ཐག་ཏུ། ཕྱག་ན་རྡོ་རྗེས་གཏི་མུག་རྣམ་པར་འཇོམས་པ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །ཁྲོ་བོ་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་བཛྲ་ཀྲོ་དྷ་ནི་ལ༷་བ་ར་ཧུ༷། འདི་གསུངས་མ་ཐག་ཏུ་གཏི་མུག་ཐམས་ཅད་རྣམ་པར་དག་པར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས་ང་རྒྱལ་རྣམ་པར་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་གོས་སྔོན་པོའི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་རདན་་ཀྲོ་དྷ་ནི་ལ༷་བ་ར་ཧུ༷། འདི་གསུངས་མ་ཐག་ཏུ་ང་རྒྱལ་ཐམས་ཅད་རྣམ་པར་དག་པར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས་འདོད་ཆགས་ཀྱིས་འཆིང་བ་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། པདྨའི་རིགས་ཀྱི་ཁྲོ་བོ་གོས་སྔོན་པོ་ཅན་གྱི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་པདྨ་ཀྲོ་དྷ་ནི་ལ༷་བ་ར་ཧུ༷། འདི་གསུངས་མ་ཐག་ཏུ་འདོད་ཆགས་ཐམས་ཅད་རྣམ་པར་དག་པར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས་ཕྲག་དོག་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ལས་ཀྱི་རིགས་ཀྱི་ཁྲོ་བོ་གོས་སྔོན་པོ་ཅན་གྱི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐ་ག་ཏ་ཀརྨ་ཀྲོ་དྷ་ནི་ལ༷་བ་ར་ཧུ༷། འདི་གསུངས་མ་ཐག་ཏུ་ཕྲག་དོག་ཐམས་ཅད་རྣམ་པར་དག་པར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས་འདོད་ཆགས་ཆེན་པོའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། རྡོ་རྗེ་ཆུང་མའི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་ནི་ལ༷་བ་ར་བཛྲ་ཀྲོ་དྷི་ཤྭ་རི་ཧུ༷། ཨོ་ནི་ལ༷་བ་ར་བཛྲ་རདན་ཀྲོ་དྷི་ཤྭ་རི་ཧཱུཾ། ཨོ་ནི་ལ༷་བ་ར་པདྨ་ཀྲི་དྷི་ཤྭ་རི་ཧུ༷། ཨོ་ནི་ལ༷་བ་ར་ཀརྨ་ཀྲོ་དྷི་ཤྭ་རི་ཧུ༷། འདི་གསུངས་མ་ཐག་ཏུ་འཕགས་པ་ཕྱོགས་བཞིའི་ཁྲོ་བོ་ཐམས་ཅད་འདོད་ཆགས་ཆེན་པོས་ཚིམ་པར་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཡང་དག་པར་སོང་བ་ལ་སོགས་པ་ཐམས་ཅད་བྲེད་ཤ་ཐོན་ནས་མིག་བགྲད་ཏེ། བྲེད་པའི་སྟོབས་ཀྱིས་གོམ་པ་གྱ་ཚོམ་དུ་འདོར་བར་བྱེད་དོ། །དེའི་ཚེ་དེ་དག་ཐམས་ཅད་བརྒྱལ་བར་གྱུར་ཏོ། །མཁའ་འགྲོ་མ་དང་སྲིན་པོ་ལ་སོགས་པ་ཐམས་ཅད་ཤིན་ཏུ་དགའ་བའི་སེམས་ཀྱིས་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་ཕྱག་བྱེད། བསྐོར་བ་བྱེད་ངོ་མཚར་གྱིས་དགའ་བས་བསྟོད་པའི་བར་དུ་བྱེད་དོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་བལྟས་པས་གོ་བར་གྱུར་ནས་དྲིལ་བུའི་སྒྲས་བརྒྱལ་བ་བསྲང་སྟེ། དྲན་པ་སླར་རྙེད་ནས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཨེ་མ་ཧོ། །འདོད་ཆགས་དང་བྲལ་བདག་ཉིད་ཀྱང་། །མ་ཡིན་སྤྱོད་པ་མ་མཛད་པར། །རྟག་ཏུ་ཡང་དག་ཆོས་ལ་སྤྱོད། །ཅེས་གསོལ་བ་དང་། བཀའ་སྩལ་བ། དངོས་པོར་གྱུར་པའི་ཆོས་རྣམས་ནི། །རང་བཞིན་ཉིད་ཀྱིས་རྣམ་པ་དག །ཐམས་ཅད་དག་པར་སེམས་ཅན་ལ། །ཆགས་དང་མ་ཆགས་གཉིས་ལས་འདས། །དབུ་མར་ཡང་ནི་མི་དམིགས་སོ། །ཀུན་རྫོབ་ལོག་པའི་འདོད་ཆགས་འདི། །འདོད་ཆགས་ཉིད་ཀྱིས་རྣམ་པར་དག །དབྱིངས་དང་ཡེ་ཤེས་གཉིས་མེད་ཕྱིར། །ཐབས་དང་ཤེས་རབ་འབྲེལ་པར་སྣང་། །ཞེས་གསུངས་སོ། །དེ་ནས་འཕགས་པ་རྡོ་རྗེ་གོས་སྔོན་གྱིས་གསོལ་པ། གཏི་མུག་དང་བྲལ་འདོད་ཆགས་སྦྱོར་བ་འདིས། །མ་ཆགས་དེ་ཡི་ངང་ཡང་མི་དམིགས་སོ། །དབྱིངས་དང་ཡེ་ཤེས་འབྲེལ་པས་རྡོ་རྗེ་པདྨར་འབྲེལ། །སྐྲུལ་པའི་སྐུ་འབྱུང་ཆོས་དབྱིངས་བྷ་གས་མཚོན་པར་བྱེད། །ཅེས་གསུངས་སོ། །དེ་ནས་འཕགས་པ་རིན་ཆེན་གོས་སྔོན་གྱིས་གསོལ་པ། ང་རྒྱལ་རྣམ་པར་དག་པས་ཡོན་ཏན་ཐམས་ཅད་འབྱུང་། །ལེགས་སྦྱངས་བཙུན་མོ་བསྟེན་པས་ཡོན་ཏན་ཐམས་ཅད་ཕོབ། །འདོད་ཆགས་ཉིད་ན་མ་ཆགས་བདེ་བ་ངང་གིས་སྐྱེ། །དེ་རྟེན་འབྲས་བུ་སངས་རྒྱས་བྱང་ཆུབ་ས་ལ་རེག །ཅེས་གསུངས་སོ། །དེ་ནས་པདྨ་གོས་སྔོན་གྱིས་གསོལ་པ། །ཇི་ལྟར་པདྨ་འདམ་ལས་སྐྱེས་གྱུར་ཀྱང་། །དེ་ནི་འདམ་གྱི་སྐྱོན་གྱིས་གོས་པ་མེད། །དེ་བཞིན་བཙུན་མོ་རྣམས་ལ་མང་རྟེན་ཀྱང་། །འོད་ཆགས་རྣམ་པར་དག་པས་གོས་མི་འགྱུར། །ཞེས་གསུངས་སོ། །དེ་ནས་ལས་ཀྱི་གོས་སྔོན་གྱིས་གསོལ་བ། ཐུགས་རྗེ་སྨོན་ལམ་ཤུགས་ཀྱིས་སེམས་ཅན་མངོན་སུམ་ན། །ཁྲོ་མོ་ཡུམ་དང་གཉིས་མེད་སྦྱོར་ཞིང་ཆགས་པའི་ཚུལ། །སེམས་ཅན་འདོད་ལ་དགའ་བ་བླ་མེད་ལམ་ལ་འཇུག །ཐ་དད་རྟོག་དང་བྲལ་བས་ཆགས་པ་མེད། །ཅེས་གསུངས་སོ། །དེ་སྐད་ཅེས་གསུངས་མ་ཐག་ཏུ་འདུས་པ་ཆེན་པོའི་འཁོར་ཐམས་ཅད་ཡིད་རབ་ཏུ་དགའ་སྟེ། ངོ་མཚར་གྱི་དགའ་བས་བསྟོད་པ། རིགས་རྣམས་ཀུན་གྱི་བདག་པོ་སྟེ། རིགས་ཀྱི་ཁྲོ་བོ་ཀུན་གྱི་ངང་། །རྟག་ཏུ་མྱ་ངན་འདས་པ་ལས། །སེམས་ཅན་དོན་བྱེད་ཕྱག་འཚལ་བསྟོད། །གཏི་མུག་མུན་པ་དང་བྲལ་ཞིང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གསལ། །དཀར་ལ་མཛེས་པའི་སྐུ་སྟོན་པ། །འདོད་ཆགས་རྣམ་དག་ཁྱོད་ལ་བསྟོད། །ཇི་ལྟར་ཡིད་བཞིན་ནོར་བུ་ལས། །དགོས་འདོད་ཐམས་ཅད་འབྱུང་བ་བཞིན། །འདོད་ཆགས་ཏིང་འཛིན་ལ་གནས་པས། །བདེ་བ་ཐོབ་པ་ཕྱག་འཚལ་བསྟོད། །ཇི་ལྟར་པདྨ་འདམ་སྐྱེས་ཀྱང་། །འདམ་གྱི་སྐྱོན་གྱིས་མི་གོས་ལྟར། །འདོད་ཆགས་ཆེ་ལ་རབ་གནས་ཀྱང་། །ལོག་རྟོག་སྐྱོན་མེད་ཁྱོད་ལ་བསྟོད། །ཇི་ལྟར་ཤེས་རབ་རལ་གྲི་ཡིས། །རྟོག་པའི་དྲ་བ་རབ་གཅོད་ཅིང་། །འདོད་ཆགས་ཅན་རྣམས་བདེ་ལ་དགོད། །སྣ་ཚོགས་དོན་མཛད་ཁྱོད་ལ་བསྟོད། །ཅེས་གསུངས་ནས་ཐམས་ཅད་ལྷན་ཏོ། །དེ་ནས་འཕགས་པ་གོས་སྔོན་ཅན་གྱིས། །སྐུའི་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་གསུངས་སོ། །དཀར་དམར་མཐིང་ཁ་ལྗང་ཁུའི་ཞལ། །འོད་ཟེར་བྱེ་བ་སྟོང་དང་ལྡན། ཁྲར་ཕྱོགས་རྒྱལ་རིགས་གདེང་ཀ་ཅན། །ལྷོ་ཡི་ཁྲོ་བོས་རྗེ་འུས་བརྒྱན། །ནུབ་ཀྱི་བྲམ་ཟེའི་གདེང་ཀ་ཅན། །བྱང་ཕྱོགས་དམངས་རིགས་གདེང་ཀས་ལྡན། །འཁོར་ལོ་རིན་ཆེན་པདྨ་དང་། རྒྱ་གྲམ་གཡས་ན་བསྣམས་པ་སྟེ། །སྟོན་པའི་ཕྱག་ན་དྲིལ་བུ་བསྣམས། །གོས་སྔོན་པོ་ཡི་ཤམ་ཐབས་ཅན། །སོ་སོའི་ཁྲོ་མོ་ཆེན་མོ་ནི། །གཡས་པའི་དྲིལ་བུ་ཐུགས་ཀར་བསྟན། །གཡོན་པ་བན་དམར་ཁྲག་ཆེན་སྟོབས། །འཁོར་ལོ་འདི་ལ་རབ་གནས་ན། །རྣལ་འབྱོར་པ་ཡིས་ལས་ཀུན་འགྲུབ། །སེམས་ཅན་ཉེན་པར་ལྡན་པ་དག །འདི་ཡི་མིང་ཙམ་ཐོས་པ་ན། །སྒྲ་སྐད་ཐོས་པས་སྨོས་ཅི་དགོས། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྣམ་པར་སྣང་མཛད་ཉིད་ཀྱང་འཆི། །ཞེས་གསུངས་སོ། །དེ་ནས་ཡང་འཕགས་པ་གོས་སྔོན་པོ་ཅན་གྱིས། རིན་པོ་ཆེ་མངོན་པར་འགྲུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བརྗོད་དོ། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །དོན་དང་ཡི་གེ་གཉིས་སུ་འབྲེལ། །བསྒོམས་བས་ལོག་རྟོག་དྲ་བ་གཅོད། །ཅེས་གསུངས་སོ། །དེ་ནས་འདུས་པ་ཆེན་པོའི་འཁོར་དེ་དག་གི་ནང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བ་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བ་བསྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་བཅོམལྡན་འདས། །སྒྲིབ་པ་གྲོལ་བའི་ཐབས་མངའ་ཞིང་། །ལོག་རྟོག་དྲ་བ་ཐམས་ཅད་གཅོད། །གསང་བ་ཆེན་པོའི་དམ་ཚིག་ཚུལ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཅེས་གསུངས་མ་ཐག་ཏུ། འཕགས་པ་ལག་ན་རྡོ་རྗེས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་ལེགས་པར་གསུངས། །ཀུན་ནས་འགྲོ་བའི་དོན་གྱི་ཕྱིར། །གང་དག་ཉོན་མོངས་སེལ་བའི་ཐབས། །བདུད་རྩི་ཆུ་བོའི་རྒྱུན་འདྲ་བ། །ངས་ནི་ཁྱོད་ལ་བཤད་པར་བྱ། །སེམས་ཅན་ཐམས་ཅད་མ་ལུས་ལ། །སྒོ་ངའི་ཚུལ་དང་ཡང་དག་ལྡན། །བཅོད་པའི་རྩལ་གྲི་ཆེན་པོ་ཡིས། །དངོས་པོའི་སྒོ་ངའི་སྦུབས་རྣམས་འབྱེད། །ཇི་ལྟར་ཤེལ་སྒོ་འདམ་བཅུག་ལ། །དག་པའི་ཆུ་ཡིས་འཁྲུ་བ་བཞིན། །ཉོན་མོངས་འདམ་དུ་ཞུགས་འགྱུར་བ། །བླ་མེད་ཐར་པའི་ལམ་གྱི་མཆོག །བདུད་རྩིའི་ཆུ་ཡིས་འཁྲུ་བར་བྱེད། །ཡང་དག་རྫོགས་དང་རབ་ལྡན་པས། །བདུད་རྩིའི་ཆུ་བོ་རྒྱུན་བྱུང་བ། །དེ་ཡི་བསམ་པའི་རིམ་པ་ནི། །དང་པོར་ཡི་གེ་ཨོ༷་དཀར་ལས། །འོད་བྱུང་ཁམས་གསུམ་ཐམས་ཅད་ཁྱབ། །སླར་འདུས་ཨོ་གྱི་དབྱིངས་སུ་བསྟིམ། །དེ་ལས་འོད་བྱུང་སངས་རྒྱས་རྣམས། །བསྐུལ་ནས་སྦྱོར་བའི་བྱང་ཆུབ་སེམས། །ཕབ་པས་ལུས་ཀྱི་བག་ཆགས་རྣམས། །དག་པར་གྱུར་བསམ་རྡོ་རྗེ་བཞིན། །གནས་ནས་སྤྱི་བོ་གཙུག་ནས་བྱུང་། །གཉིས་པའི་ཡི་གེ་ཨ་དམར་ལས། །འོད་འཕྲོ་འགྲོ་དྲུག་སྒྲིབ་པ་སྦྱང་། །སླར་འདུས་ཨ་ཡི་དབྱིངས་སུ་ཐིམ། །དེ་ལས་འོད་བྱུང་གོང་མ་བཞིན། །གནས་ནི་མགྲིན་པའི་དཀྱིལ་ནས་འབྱུང་། །གསུམ་པའི་ཡི་གེ་ཧུ༷་མཐིང་གིས། །འོད་འཕྲོ་སླར་འདུས་གོང་བཞིན་ཏེ། །ལུས་ངག་སེམས་ཀྱི་སྒྲིབ་པ་དག །བསམ་གཏན་བརྟན་པར་མྱུར་དུ་འབྱུང་། །མཆོག་དང་ཐུན་མོང་ཀུན་གྱི་རྒྱུ། །གང་ཞིག་བསམ་གཏན་འདི་ལྡན་ནས། །གཞོགས་སྐམས་པ་དང་ཡན་ལག་ན། །དེ་ལ་སོགས་པ་ཀུན་ལས་གྲོལ། །སྙིང་ཁར་ཆུ་སྐྱེས་རབ་བསམས་ཏེ། །དབུས་སུ་ཐིག་ལེ་དཀར་པོ་བསམ མཐའ་མར་དང་པའི་ཡི་གེ་བརྒྱད། །ཅི་རིགས་གསལ་ནས་སོ་སོ་ཡི། །ཐིག་ལེར་གྱུར་ཏེ་རང་བཞིན་མེད། །དེས་ནི་སྡུག་བསྔལ་ཞི་བར་འགྱུར། །ཞེས་གསུངས་སོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། །གཏན་ལ་ཕབ་པའི་རྟོག་པ་སྟེ་ལེའུ་དང་པོའོ།། །།དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན། རྡོ་རྗེ་གསང་བ་ཞི་བ་སྦྱོར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཇི་ལྟར་ཞི་བའི་ལས་རྣམས་དག །ཞི་བའི་སྦྱོར་བ་ཐམས་ཅད་ཀྱི། །ཐབས་བཞན་འདི་ལས་བཞན་ན་མེད། །འདི་ནི་ཞི་བའི་སྦྱོར་བ་མཆོག །ཨོ་བཛྲ་བཱ་ཁི་ཧཱུཾ་ནི་ལ༷་བ་ར་ཤཱརྙི་ཀུ་རུ་གྲྭ་ཧྭ་དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱིས། རྡོ་རྗེ་རྒྱས་པར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འདི་སྐད་ཅེས་གསུངས་སོ། །གསེར་དང་ཉི་མའི་སྦྱོར་བ་ཡིས། །ཚད་མེད་བཞི་ཡི་འབྲས་བུ་ལ། །རྒྱས་པར་བྱས་ན་རྒྱས་པར་འགྱུར། །ཨོ་བཛྲ་བཱ་ནི་ཧུ༷་ནི་ལ༷་བ་ར་རཏྣ་པུརྟི༷་ཀུ་རུ་ཧོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ། །རྡོ་རྗེ་དབང་གི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །བྱེ་རུ་ཚུལ་གྱི་སྦྱོར་བ་ཡིས། །ཟླ་གམ་བ་ཡི་དབྱིབས་འདྲ་ལ། །དབང་དུ་བྱས་ན་དབང་དུ་འགྱུར། །འདུ་བར་འདོད་ན་འདུ་བར་འགྱུར། །ཨོ་བཛྲ་བཱ་ཁེ་ཧུ༷་ནི་ལ༷་བ་ར་ཧུ༷། པ་ཤ༷་ཀུ་རུ་ཧུ༷་ཕཊ། དེ་ནས་འཕགས་པ་ལག་ན་རྡོ་རྗེས། གསང་བའི་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་གསུངས་སོ། །དུག་དང་སོལ་བ་འདྲེས་པ་ལ། །བྷ་གའི་དབྱིབས་སུ་རབ་བྱས་ཏེ། །གསད་པ་བྱས་ན་གསད་པ་འགྲུབ། །བརྡུངས་ན་འདིར་ནི་རྡོ་རྗེ་འཆི། །ཨོ་ན་མ་བཛྲ་བཱ་ཁེ་ཧུ༷། ནི་ལ༷་བ་ར་མྱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ་ཧུ༷་ཕཊ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། །གཏན་ལ་དབབ་པའི་ལེའུ་གཉིས་པའོ།། །།དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱིས། རྡོ་རྗེ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །རབ་ཏུ་བརྟགས་པའི་གནས་ཆེན་དུ། །ལས་བཞིའི་དཀྱིལ་འཁོར་རྣམ་བཞི་ལ། །རིགས་བཞིའི་ཤིང་གིས་ཁྲིར་བྱས་ཏེ། །ཞལ་དུ་གྱུར་དང་མེ་བོས་ལ། །ར༷་ཞེས་བྱ་བས་མེ་སྤར་ཏེ། །མཆོད་དང་བསྟོད་པ་དབུལ་བ་ནི། །དཀྱིལ་འཁོར་གཉིས་ཀྱི་བདག་ཉིད་ཅན། །གང་དམིགས་དངོས་པོ་གང་ཡང་འགྲུབ། །ཐོགས་པ་མེད་པ་རྡོ་རྗེ་བཞིན། །ཞེས་གསུངས་སོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས། དྲང་བ་སྦྱོར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་གསུམ་གྱི་བདག་ཉིད་ཅན། །སྤྱི་བོ་ཟླ་བའི་གདན་སྟེངས་སུ། །བ༷་ལས་བྱུང་བའི་ཆུ་རྒྱུན་བསམ། །ལུས་རྣམས་ཤིན་ཏུ་བསིལ་འགྱུར་ཆེའོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེས་། །མི་གཡོ་བ་བསྒྲུབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྲུག་སྒྲ་སྤྲིན་གྱི་རྒྱལ་པོས་གསོལ་བ། །བཅོམ་ལྡན་འདས་མི་གཡོ་བའི་ཏིང་ངེ་འཛིན་ལྷུན་གྲུབ་ཀྱང་། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དངོས་པོའི་སྐུ་རུ་རབ་བཞེངས་ལ། །ཡང་དག་བདུད་རྩི་གསལ་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ལག་ན་རྡོ་རྗེས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། འདི་སྨང་ཅེས་གསུངས་སོ། །ཨོ་ན་མོ་ནི་ལ༷་བ་ར་ཧུ༷། ཆེ་གེ་མོ་ཀུ་རུ་བ༷། ཨོ་སརྦ་ཏ་ཐུ་ག་ཏ་ཀ་ཡ་བཱ་ཀ་ཙིསྟ། ན་མོ་མུ་ཁ༷། ཀུ་རུ་ཁ་ཁ་ཧ་ཧ། བརྙ་བརྙ། ཏ་པ་ཏ་པ། ཧ་ན་ཧ་ན། ནཱ་ཤ་ཡ་ནཱ་ཤ་ཡ། མ་ཏ་མ་ཏ། པར་ར་བིད་ཏན། མྱ་ར་ཡ་སྨྱུ་ར་ཡ། ཧུ༷་ཕཊ་ནཱ་ག་བ་ཏྭན་སྟན་པ་ནི་ཧུ༷་ཕཊ། ནཱ་ག་རྭ་ཛ་པ་ར་བིད་དྭན་བརྙ་བསྟོ། ནཱ་མོ་བྷརྙཡ་སྲུ་ཧྭ། ཞེས་བྱ་བའི་སྦྱོར་བ་འདི་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་ཡངས་བཟང་པོ་འབྲུག་སྒྲ་སྤྲིན་གྱི་རྒྱལ་པོས་ཐལ་མོ་སྦྱར་ཏེ། ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཕྱག་ན་རྡོ་རྗེ་ཆེན་པོ། །སངས་རྒྱས་ཐམས་ཅད་ཀྱིས་གནང་བ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཐམས་ཅད་ཐོབ་པ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། འདིའི་གཟུངས་འདི་ནི་འདི་ལྟར་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། །ཐམས་ཅད་དུ་གྲགས་པ། ཐམས་ཅད་ཀྱི་ལས་ཐོགས་པ་མེད་པར་མཛད་པ། མངོན་པར་ཤེས་པ་ཐམས་ཅད་མྱུར་དུ་ཐོབ་པར་བྱེད་པ། འབྱུང་པོ་ཐམས་ཅད་ཀྱི་རིག་སྔགས་གཅོད་པ། འབྱུང་པོ་ཐམས་ཅད་ཀྱི་སྙིང་སྣོན་པ། ལོག་པར་ལྟ་བ་ཐམས་ཅད་མྱུར་དུ་འགུགས་པར་བྱེད་པ། ཀླུ་ཐམས་ཅད་རླག་པར་བྱེད་པ། མཐུ་ཆེན་པོ་མྱུར་དུ་འབྱུང་བའོ། །བྱང་ཆུབ་སེམས་དཔའ་བློ་ཡངས་ཟབ་མོ་འབྲུག་སྒྲོགས་སྤྲིན་གྱི་རྒྱལ་པོས་དེ་སྐད་ཅེས་གསོལ་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་གཞན་གྱིས་ཀྱང་འདི་སྐད་ཅེས་གསུངས་སོ། །གསང་བའི་བདག་པོ་ལག་ན་རྡོ་རྗེ་མཐུ་ཆེན་ཐོབ། །ཡང་དག་བསྟན་པའི་གཟུངས་འདི་ཤིན་ཏུ་མཐུ་དང་རྫུ་འཕྲུལ་ཆེ། །གང་ཞིག་འཛིན་པ་ལ་ནི་ཡོན་ཏན་ཐམས་ཅད་ལྡན། །ལེགས་པའི་དོན་སྒྲུབ་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་བསྟན་པ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་འབྱུང་པོ་ཐམས་ཅད་བཟློག་པ་དང་། བཅིངས་པ་དང་། དགུག་པ་ལ་སོགས་པའི་ཆོ་ག་བདག་ཅག་ལ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་མ་ཐག་ཏུ། འཕགས་པ་ལག་ན་རྡོ་རྗེས། དབང་དུ་སྡུད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྦྱོར་བ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་བིསྒྱུན་སྨྱུ་ར་ཡ་བན་དྷ་བན་དྷ་བཛྲ་བ༷་དྷ་ཧུ༷་ཕཊ། །ན་མོ་པོ་ཏ་ཀུ་རུ་ས་མ་ཡ་ཧུ༷་ཕཊ། ཅེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྟན་པ་རྡོ་རྗེ་ཞེས་བྱ་བ་དེས་བསྟོད་པ། གསང་བའི་བདག་པོ་གོས་སྔོན་ཅན། །གང་ཕྱིར་འབྱུང་པོ་ཐམས་ཅད་འདུལ། །ཐོགས་མེད་རྡོ་རྗེའི་དོན་ལྡན་པ། །འབྱུང་པོ་ཀུན་འདུལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེ་ནས་ཁྲོ་བོ་ནམ་མཁའ་ལྡིང་ཉེ་བར་འཇོམས་པ་རྡོ་རྗེ་ཞེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ན་མ་རུངས་པའི་ཀླུ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ལ་འཚེ་བར་བགྱིད། འགུམ་པར་བགྱིད། སྲོག་དང་འབྲལ་བར་བགྱིད་ན། འདི་དག་འཇོམས་པའི་ཐབས་ཀྱི་རྡོ་རྗེ་ཞེས་བྱ་བ་བདག་ལ་བསྟན་དུ་གསོལ། དེ་སྐད་གསོལ་མ་ཐག་ཏུ། དེ་ནས་འཕགས་པ་ལག་ན་རྡོ་རྗེས་དག་པ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དག་པར་བྱེད་བ་བདུད་རྩིའི་རྒྱུན་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་ནཱ་ག་རྭ་ཛ་ས་མ་ཡ་ཧུ༷། སྭ་བྷ་བ་ཤུདྷ་སརྦ་དྷརྨ་སྭ་སྒུ་བི་ཤུད་རྙོ྅་ཧ༷། ཞེས་ཕྱུང་ངོ་། །དེ་ནས་ཡང་འཕགས་པ་ལག་ན་རྡོ་རྗེས། རྡོ་རྗེ་སྲེག་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། སྲེག་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་ན་མོ་ནི་ལ༷་བ་ར་ཧུ༷། སརྦ་ནཱ་ག་རྭ་ཛ་རཀྟ་རཀྟ། ཛ་ལ་ཛ་ལ་ཧུ༷། པ་ཙ་པ་ཙ་ཧུ༷། ད་ཧ་ད་ཧ་ཧུ༷། འདི་གསུངས་མ་ཐག་ཏུ། སྟོང་གི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྡོ་རྗེ་མེ་ཡིས་ཁྱབ་པར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་འཕྲུལ་རྣམ་པར་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། ཆོ་འཕྲུལ་སྦྱོར་བ་རྡོ་རྗེ་ཞེས་བྱ་བའི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་བཛྲ་བཱ་ཁི་མ་ཧྭ་ཡ་ཀྭ་སེ་ནཱ་པ་ཏ་ཡེ། བཛྲ་ཀྲོ་དྷ་ནི་ལ༷་བ་ར་ཧུ༷། ནཱ་ག་གྲིཏྣ་གྲིཏྣ་ཧུ༷་ཕཊ། ནཱ་ག་ཧ་ན་ཧ་ན་ཧུ༷་ཕཊ། ནཱ་ག་ར་སྒ་སྐྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། ནཱ་ག་ནི་ནཱ་ག་ནི་སུམ་བ་ཀུ་རུ་ཧུ༷་ཕཊ། ཨོ་ནི་ལ༷་ཀུ་རུ་བ་ཡ་བྷ་ག་བན་ཧུ༷་ཕཊ། ནཱ་ག་ནི་ནི་བི་ན་ཤ་ཀ་ར་ཡ་ཧུ༷་ཕཊ། ཨོ་གརྫ་གརྫ་ནཱ་ག་གརྫ་ཧུ༷་ཕཊ། ཨོ་ཚིརྙ་ཚིརྙ་ན་ག་ཡཀྟ་ཚིརྙ་ཧུ༷་ཕཊ། ཨོ་བ་ལིང་ནི་ཏྭ་ས་མ་ཡ་ཧུ༷་ཕཊ། ཨོ་ཧུ་ལུ་ཧུ་ལུ་ནཱ་ག་ཧུ་ལུ་ཧུ༷་ཕཊ། ཨོ་ཏིརྫི་ཏིཇི་ནཱ་ག་ཏིཇི་ཧུ༷་ཕཊ། ཨོ་ཀུ་རུ་ཀུ་རུ་ནཱ་ག་པ་ཤ༷་ཀུ་རུ་ཧུ༷་ཕཊ། ཨོ་བན་དྷ་བན་དྷ་ན་ག་རྭ་ཛ་སརྦ་བི་བརྙ་ཧུ༷་ཕཊ། ཅེས་གསུངས་སོ། །དེ་ནས་ཁྲོ་བོ་ནམ་མཁའ་ལྡིང་ཉེ་བར་འཇོམས་པས། འཕགས་པ་གོས་སྔོན་པོ་ཅན་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། །ཀྱེ་མ་རྡོ་རྗེ་གོས་སྔོན་ཅན། །ཀླུ་རྣམས་འདུལ་བའི་ཐབས་འཆང་ཞིང་། །ལོག་འདྲེན་ཐམས་ཅད་འདྲེན་པ་པོ། །ཞེས་བསྟོད་དོ། །འཁོར་ཐམས་ཅད་ལ་དེ་དག་གི་སྔགས་འདི་བརྗོད་དོ། །ཨེ་མ་ཧོ་གཟུངས་ཆེན་པོ་འདི་དག་ནི། འདི་ལྟར་མཐུ་ཆེ་བ། འདི་ལྟར་རྫུ་འཕྲུལ་ཆེ་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། ཀླུ་མ་རུངས་པ་ཐམས་ཅད་འགུགས་པར་བྱེད་པ། ཀླུའི་རྒྱལ་པོ་ཐམས་ཅད་དབང་དུ་འདུ་བར་བྱེད་ན། ཁ་རླངས་ཀྱི་ནམ་མཁའི་སྤྲིན་ཐམས་ཅད་འཐོར་བར་བྱེད་པ། །རྒྱ་མཚོ་ཐམས་ཅད་འཁྲུག་པར་བྱེད་པ། ཀླུའི་རྒྱལ་པོས་བྱས་པའི་རིག་སྔགས་ལ་སོགས་པ་གཅོག་ཅིང་འཆིང་བར་བྱེད་པ་སྟེ། ཀྱེ་མ་གཟུངས་འདི་ནི་འདི་ལྟར་མཐུ་ཆེ་བ།འདི་ལྟར་བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་འཇོམས་པའོ་ཞེས་བསྟོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་མི་འགྱུར་བ་ཞེས་བྱ་བ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་གྱི་རིས་ཐམས་ཅད་ལ་ལྷའི་གདོན་དུ་གྱུར་པ་ཐམས་ཅད་ཀྱིས་བགེགས་བགྱིད། །འཚེ་བར་བགྱིད། འགུམ་པར་བགྱིད། །སྲོག་དང་བྲལ་བར་བགྱིད་དེ། །འདི་གང་གིས་བཟློག་པའི་ཆོ་ག་བདག་ལ་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་མ་ཐག་ཏུ། འཕགས་པ་ལག་ན་རྡོ་རྗེས། རྡོ་རྗེ་བརྗིད་པ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྟེང་གི་ཁྲོ་བོ་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་དེ་བ་མུ་ལ་པ་ཏི་ཧུ༷། ཨོ་དེ་བ་རྭ་ཛ་ཧུ༷། ཨོ་དེ་བ་རྭ་ཛ་ནི་ལ༷་བ་ར་མ་ཧྭ་ཡཀྟ་སེ་ན་པ་ཏི་ཧུ༷། སརྦ་དེ་བ་རྭ་ཛ་གརྫ་གརྫ་ཧུ༷་ཕཊ། སརྦ་དེ་བ་རྭ་ཛ་སྤྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། དེ་བ་ར་ཛ་བ་ར་བིད་ཏྭ་ན་མྱ་ར་ཡ་བཱ་ར་ཡ་ཧུ༷་ཕཊ། དེ་བ་ནི་བ་ར་བིད་ཚིརྙ་ཚི་་ཧུ༷་ཕཊ། དེ་བ་རྭ་ཛ་སརྦ་བི་ཏྭ་ན་ཧ་ས་ཧ་ས་ཧུ༷་ཕཊ། དྷ་ར་དྷ་ར་ཧུ༷་ཕཊ། པ་ཤང་ཀུ་རུ་པ་ཤ༷་ཀུ་རུ་ཧུ༷་ཕཊ། ཨོ་དེ་བ་ཀུ་ལ་པ་ར་བི་ཏྭན་མུ་རུ་མུ་རུ་ཧུ༷་ཕཊ། ཅེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འགྱུར་མེད་རྡོ་རྗེ་ཞེས་བྱ་བ་སྟན་ལས་ལངས་ཏེའདི་སྐད་ཅེས་བསྟོད་དོ། །ལྷ་རྣམས་འདུལ་བའི་སྟོབས་ཆེན་པོ། །གང་ཕྱིར་ཐོགས་མེད་གསང་སྔགས་ལྡན། །ཕན་ཐོགས་སྐུ་གསུང་སྣ་ཚོགས་ཐུགས། །སྟོང་གི་བགེགས་ཟློག་ཁྱོད་ལ་བསྟོད། །ཅེས་གསུངས་སོ། །གང་གི་འཁོར་རྣམས་ལ་གཟུངས་འདི་སྔགས་པ་བྱེད་པར་འགྱུར་ཏེ། ཀྱེ་མ་གཟུངས་འདི་ནི་མཐུ་དང་གཟི་བྱིན་ཆེ་བ། རྩལ་ཆེ་བ། བར་དུ་གཅོད་པ་དང་ལྷ་ཐམས་ཅད་འདུལ་བར་བྱེད་པ། དབང་ཕྱུག་ཆེན་པོ་དང་སྒྲི་གི་རི་ཏི་ལ་སོགས་པས་བྱས་པའི་རིག་སྔགས་ཐམས་ཅད་གཅོད་པར་བགྱིད་པ། རིག་སྔགས་ཐམས་ཅད་བཟློག་པར་བགྱིད་པ། རིག་སྔགས་ཐམས་ཅད་འགུག་པར་བགྱིད་པ། ལྷ་ཐམས་ཅད་ཀྱི་སྙིང་མནན་པ་རྡོ་རྗེ་ཞེས་བྱ་བའོ། །དེ་ནས་འཁོར་གཞན་གྱིས་བསྟོད་པ། ཇི་ལྟར་ཤེས་རབ་རལ་གྲིས་ཉོན་མོངས་གཅོད་པ་བཞིན། །གདུག་བྱེད་ཐམས་ཅད་རབ་ཏུ་གྲགས་པའི་སྔགས་ཀྱིས་གཅོད་པར་བྱེད། །ལྷ་དང་ལྷ་ལས་གྱུར་པའི་གདོན་བཟློག་ཐོགས་པ་མེད། །ཡོན་ཏན་ཀུན་ལྡན་གཟུངས་ཁྱོད་ལ་ནི་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཏོག་བརྩེགསཀྱིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་ན་གནོད་སྦྱིན་དང་། གདོན་སྦྱིན་གྱི་རིགས་སུ་གཏོགས་པ་འདི་ལྟ་སྟེ། གང་པོ་དང་མིག་བཟངས་ལ་སོགས་པས་སེམས་ཅན་རྣམས་ལ་གནོད་པར་བགྱིད། བགེགས་བགྱིད། འགུགས་པར་བགྱིད། སྲོག་དང་བྲལ་བར་བགྱིད་ན། བཅོམ་ལྡན་འདས་དེ་དག་ལས་ཐར་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་མ་ཐག་ཏུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན། རྡོ་རྗེ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གནོད་སྦྱིན་ཐམས་ཅད་ཀྱི་ལུས་འཇོམས་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་ན་མ་ས་མརྙ་ཀྭ་ཡ་ལྷུཀ་ཙིཏི་བཛྲ་བཱ་ཁི་མ་ཧྭ་ཡ་ཀྟ་སེ་ནཱ་པ་ཏི་བཛྲ་ཀྲོ་དྷ་ནི་ལ༷་བ་ར་ཧུ༷། མ་ཧྭ་ཡཀྟ་ཧ་ན་ཧ་ན་ཧུ༷་ཕཊ། ད་ཧ་ད་ཧ་མ་ཧྭ་ཡཀྟ་ད་ཧ་ནི་ཧུ༷་ཕཊ། པ་ཙ་པ་ཙ་ཡཀྟ་རྭ་ཛ་པ་ཙ་ནི་བཛྲ་ཧུ༷་ཕཊ། མ་ཐ་མ་ཐ་སརྦ་ཡཀྟ་མ་ཐ་ནི་བཛྲ་ཧུ༷་ཕཊ། གྲིཏྣ་གྲིཏྣ་ཡཀྟ་གྲིཏྣ་ནི་བཛྲ་ཧུ༷་ཕཊ། ཡཀྟ་བིད་ཏྭན་མུ་ར་ཡ་སྨྱུ་ར་ཡ་ཧུ༷་ཕཊ། ཀ་ར་ཀ་ར་བི་ཀ་ར་ཡཀྟ་ཕོ་ཊ་ཀུ་རུ་ཧུ༷་ཕཊ། ཅེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཏོག་བརྩེགས་ཀྱིས་བསྟོད་པ། གནོད་སྦྱིན་འདུལ་བའི་སྐུར་སྟོན་པ།གནོད་སྦྱིན་གཙོ་བོ་གོས་སྔོན་ཅན། །གང་ཕྱིར་གནོད་སྤྱིན་འདུལ་ཁའི་སྐུར་སྟོན་པ། །བདེ་བས་བརྒྱན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རང་གི་འཁོར་རྣམས་ལ་གཟུངས་འདིའི་བསྔགས་པ་བརྗོད་པར་བགྱིད་དེ། ཀྱེ་མ་གཟུངས་འདི་ནི་ཡོན་ཏན་ཐམས་ཅད་ཀྱི་མཆོག་དང་ལྡན་པ། རབ་ཏུ་བརྗིད་ཆེ་བ། གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་འཇོམས་པར་བགྱིད་པ། གནོད་སྦྱིན་གྱི་རིགས་ཐམས་ཅད་ཚར་གཅོད་པར་བགྱིད་པ། གནོད་སྦྱིན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བགྱིད་པ། གནོད་སྦྱིན་ལས་གྱུར་པའི་གདོན་ཐམས་ཅད་གསོད་པར་བགྱིད་པ། གནོད་པར་བྱེད་པའོ། །དེ་ནས་དེའི་འཁོར་རྣམས་ཀྱིས་གཟུངས་འདི་ལ་བསྟོད་པ། གང་དག་གནོད་སྤྱིན་གྱི་ནི་ཉེན་གྱིས་ཟིན་གྱུར་པ། དེ་ཡི་བདག་པོ་གསང་སྔགས་འདི་ནི་ཐོས་པས་སྲེག །འཇོམས་པའི་ཐོབ་ཞེས་སུ་གང་གིས་གསུངས་པ་དེ། སྟོན་པ་སྔགས་དང་བཅས་པ་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འཆི་བདག་འཇོམས་པ་ཞེས་བྱ་བ་དེས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ན་གཤིན་རྗེ་དང་། །གཤིན་རྗེ་ལས་གྱུར་པའི་བགེགས་ཐམས་ཅད་ཀྱིས། སེམས་ཅན་རྣམས་ཀྱི་མདངས་འཕྲོག་པ། འཚེ་བར་བགྱིད། བགེགས་བགྱིད། འགུམ་པར་བགྱིད། སྲོག་དང་བྲལ་བར་བགྱིད་ན། བཅོམ་ལྡན་འདས་དེ་དག་ལས་ཐར་པར་མཛད་དུ་གསོལ། །དེ་སྐད་ཅེས་གསོལ་མ་ཐག་ཏུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན། །འཇོམསཔཆེནཔོགཤིནརྗེགཤེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པརཞུགསཏེ། གཤིནརྗེ་ཐམས་ཅད་ཀྱི་ལུས་འཇོམས་པ་ཞེས་བྱ་བའི་སྔགས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོ་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་ཝ་ཀ་ཙིསྟ་བཛྲ་བཱ་ཁི་ཧུ༷། །བཛྲ་ཀྲོ་དྷ་ནི་ལ༷་བ་ར་ཡ་མ་སརྦ་ཏ་ཀ་བན་དྷ་ཧུ༷་ཕཊ། ཨོ་ཡ་མ་ཀྭ་ལ་ཚིརྙ་ཚིནྟྲ་ཧུ༷་ཕཊ། ཨོ་ཡ་མ་རྭ་ཛ་གྲིཏྣ་གྲིཏྣ་ཧུ༷་ཕཊ། ཨོ་མ་ཧྭ་ཡ་མ་པ་ལ་སྤོཊ་སྤྲོཊ་ཧུ༷་ཕཊ། ཨོ་ཡ་མ་རཀྟ་ཙུ་རུ་ཙུ་རུ་ཧུ༷་ཕཊ། ཡ་མ་བིད་ཏྭན་ཀརྨ་རྦ་ན་ཧུ༷་ཕཊ། སརྦ་ཀརྨ་ཀུ་རུ་ཀུ་རུ་ཧུ༷་ཕཊ། ཅེས་གསུངས་སོ། དེ་ནས་བྱང་ཆུབ་སེམས་དཔའ་འཆི་བདག་འཇོམས་པ་དེ། བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །ཐམས་ཅད་གཤིན་རྗེ་འདུལ་བ་པོ། །གང་ཕྱིར་གཤིན་རྗེའི་གསང་འདི་བཤད། གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། ཅེས་བསྟོད་ནས། འཁོར་ཐམས་ཅད་ལ་གཟུངས་འདིའི་བསྔགས་བརྗོད་དོ། །ཀྱེ་མ་གཟུངས་འདི་ནི་འདི་ལྟར་མཐུ་ཆེ་བ། ལོངས་སྤྱོད་ཆེ་བ།འཁོར་ཕལ་ཆེ་བ། བདུད་ཀྱི་དཔུང་རབ་ཏུ་འཇོམས་པ། ནག་པོའི་གཤིན་རྗེ་ཐམས་ཅད་གཅོད་པ། གཤིན་རྗེའི་རྒྱལ་པོ་ཐམས་ཅད་འཛིན་པར་བྱེད་པ། གཤིན་རྗེ་སྟོབས་ཆེ་བ་ཐམས་ཅད་གནོན་པར་བྱེད་པ། གཤིན་རྗེའི་རིག་སྔགས་ཐམས་ཅད་མྱུར་དུ་ཟློག་པར་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་འཕགས་པའི་འཁོར་ན་གནས་པ་རྣམས་ཀྱིས་བསྟོད་པ། སེམས་ཅན་འོག་མ་རྣམས་ཀྱིས་ཤིན་ཏུ་རྟོགས་དཀའ་བ། །མཁས་པས་བྱང་ཆུབ་ཆེན་པོའི་ཕྱིར་ནི་སེམས་བསྐྱེད་ནས། གཤིན་རྗེ་ལས་ན་རྗེ་ལས་གྱུར་འབྱུང་པོ་བཟློག་པའི་ཕྱིར། །གསུངས་པའི་གཟུངས་ཁྱོད་ལ་ནི་བདག་ཕྱག་འཚལ། །ཞེས་གསུངས་སོ། །དེ་ནས་ཁྲོ་བོ་རྣམ་པར་རྒྱལ་བས་གསོལ་བ། བྱང་ཆུབ་ཆེན་པོ་ཐར་ཕྱིན་པས། གསུངས་པའི་གཟུངས་སྔགས་རྒྱལ་པོ་འདི། །བསམ་གཏན་འཁོར་ལོ་དང་ལྡན་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གང་ཞིག་དཔལ་ལྡན་སྐུར་གནས་ནས། བཀའ་བསྒོའི་དོན་ཕྱིར་སྔགས་གསུངས་པ། །འགྲུབ་པར་འགྱུར་བ་ཐེ་ཚོམ་མེད། །གོས་སྔོན་རྩ་བའི་སྐུར་གྱུར་ནས། །རྣམ་པར་རྒྱལ་དང་བདུད་རྩི་འཁྱིལ། །རྟ་མགྲིན་དང་ནི་གཤིན་རྗེ་གཤེད། དེ་ལ་སོགས་པའི་སྤྲུལ་པར་ལྡན། །སོམ་ཉི་ཡིད་གཉིས་ལྡན་པ་ཡིས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །དད་པ་དམ་ཚིག་ཡང་དག་ལྡན། །བླ་མ་ལ་གུས་མཆོད་ལ་བརྩོན། །སྟོང་པ་དོན་ལ་དམིགས་པ་ཡིས། །བྲེད་ཤ་ཐོན་ནས་སྟོང་གསུམ་གྱི། །འཇིག་རྟེན་ཀུན་ཏུ་འབྲོས་པར་འགྱུར། །མཁའ་འགྲོ་དང་ནི་མ་མོ་ཀུན། །གནོད་པ་གང་ཡང་མི་བྱེད་ཅིང་། །ཕན་པ་ཆེན་པོ་སྒྲུབ་པར་བྱེད། །གང་ཞིག་འདི་འཛིན་རྣལ་འབྱོར་དེ། །ཉེས་པ་ཀུན་ལས་རབ་ཏུ་ཐར། །ལེགས་པ་ཡོན་ཏན་ཐམས་ཅད་ཐོག །དྲང་སྲོང་ཆེན་པོ་མྱུར་དུ་འགྲུབ། །ཚངས་པའི་གནས་ཀྱང་རབ་ཏུ་བསམ། །དེ་ལྟར་གྱུར་ན་དངོས་གྲུབ་འགྱུར། །ཅེས་གསུངས་སོ། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ལས། རྡོ་རྗེ་རྩེ་མོའི་ལས་ཀྱི་གཟུངས་ཆེན་པོའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ལྷའི་བུས་གསོལ་པ། གསང་བའི་བདག་པོ་ལག་ན་རྡོ་རྗེའི་རྒྱུད་ལས། དོན་དང་ཡི་གེ་ཀུན་འདས་དོན་སྟོན་པ། །འདི་ནི་ཀུན་གྱི་ཐུན་མོང་མ་ཡིན་ཏེ། །གང་ཟག་ཐེག་པ་ཆེན་པོའི་རིགས་དང་ལྡན། །སྤྱོད་པའི་དོན་ལ་དད་པ་ཡང་དག་སྐྱེ། །ལུས་དང་སྲོག་ལ་བླ་མ་མཉམ་པར་བྱ། །རྟག་ཏུ་ལེགས་པའི་དོན་ལ་སྤྱོད། །བརྟན་པ་མ་ཐོབ་ཀུན་རྫོབ་ཆོས། །སྤྱོད་རྫོགས་བརྟན་པ་ཐོབ་ནས་དེ་ཉིད་ངང་ལ་གནས། །དམ་པའི་ཆོས་སྟོན་བྱང་ཆུབ་སེམས་དང་ལྡན། །ཉོན་མོངས་ཤེས་བྱའི་སྒྲིབ་པའི་གཉེན་པོ་བསྒོམ། །དེ་ཡི་ཆོས་བཞིན་གཞན་གྱི་སྤྱོད་ཡུལ་མིན། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་རྩེ་མོའི་རྒྱུད། །རྟོག་པ་ཐམས་ཅད་འདུས་པ་ཀུན་ལས་བཏུས། །གསང་དོན་ཉེ་བར་འབྱེད་ལས་ཉེར་འབྱེད་རྒྱུད། ་༑་ལོ་ཀ་འབུམ་གྱི་ཆ་གཉིས་བཀའ་སྩལ་པ། །དུར་ཁྲོད་ཕུག་ན་བཀའ་རྟགས་ཕྱག་རྒྱ་བཏབ། །སྐལ་བ་མེད་པས་སུ་ཡི་སྤྱོད་ཡུལ་མིན། །བདག་གིས་ལེགས་པར་བསྒྲུབས་པའི་བྱིན་བརླབས་ཀྱིས། །རྩེ་མོ་དུམ་བུའི་རྒྱུད་འདི་དུར་ཁྲོད་ཆེ། །གནོད་སྦྱིན་ཕུག་ནས་སེམས་ཅན་དོན་དུ་བླངས། །འདི་ལ་བརྟེན་ནས་གོས་སྔོན་དངོས་གྲུབ་གཉིས། །སེམས་ཅན་གྱི་ཐོབ་ནས་བླ་མེད་བྱང་ཆུབ་ཐོབ། །ཨ་ཙརུ་གཡུ་སྒྲ་དཔལ་བཞེར་གྱིས་ཞལ་མངའ་ནས་ཀྱིས་ཕྱུང་བའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྡོ་རྗེ་རྩེ་མོ་རྟོག་པའི་དུམ་བུ་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་བཱ་ཁི་ནི་ལ༷་བ་ར་ཏན་ཏྲ། བོད་སྐད་དུ།