Ngb-pt-0795-vol-08-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:48, 20 March 2020

Front

Body

ཀྱིས་གསུངས་པ་ཡིན། །རྒྱལ་པོ་རྣམས་ཀྱིས་སྤྱི་བོར་ཁུར། །རལ་ནག་མཚོན་འཁྲུགས་ཀྱི་རྒྱུད་ལས། །ཡོངས་སུ་གཏད་པའི་ལེའུ་སྟེ་བཞི་པའོ། །རལ་ནག་མཚོན་འཁྲུགས་ཀྱི་རྒྱུད་རྫོགས་སོ། །རྒྱ་གར་སྐད་དུ། །ཀ་མ་དྷ་ཏུ་ཤྭ་རི་ཏན་ཏྲ་ནཱ་མ། །བོད་སྐད་དུ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ཅེས་བྱ་བ། །ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། །རི་རབ་ཀྱི་རྩེ་གཡུང་དྲུང་གི་གནས་ན། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དངལྡན་པའི་དཔལ་ཧེ་རུ་ཀ་ཡིས། །ཆོས་ཐམས་ཅད་ཐིག་ལེ་ཆེན་པོའི་ཚུལ་དུ་ནས་སངས་རྒྱས་པའི་རང་གི་ཡེ་ཤེས་ཆེན་པོ། །རངབཞིནགྱིསརྣམཔར་དག་པའི་ཐིག་ལེ་ཆེན་པོའི་ཚུལ་དུ་ཡེ་ནས་མཉམ་ཞིང་དབྱེར་མེད་དེ། །ཐམས་ཅད་སོ་སོ་མ་ཡིན་པའི་རང་བཞིན། །རང་བཞིན་མེད་པའི་ཡུམ་གྱི་བྷ་ག་ལས། །ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་ཅིང་ལོག་པར་རྟོག་པས་བརྟགས་པའི་དབང་གིས། །སྲིད་པ་ཐམས་ཅད་ཡུལ་གྱི་བྷ་ག་ལས་ཤར་བར་མཁྱེན་པ་དང་། །གསང་སྔགས་ལོག་པར་སྤྱད་པ་ཡིས། །སྲིད་པ་གསུམ་པོ་ཐམས་ཅད་ལ། །དྲེགས་པས་རིམ་པར་དབང་སྒྱུར་བར། །དགེ་བ་བྱེད་པའི་བར་ཆད་བདུད། །ང་རྒྱལ་ཁེངས་པའི་གཤིན་རྗེ་དང་། །ཞེ་སྡང་དྲག་པོའི་རུ་དྲ་དང་། །གཏི་མུག་མྱོས་པའི་སྲིན་པོ་རྣམས། །སེམས་ཅན་ཀུན་ལ་དབང་ཚེ་སྟེ། །སྲིད་གསུམ་མ་ལུས་རིམས་ཀྱིས་བསྡུས། །ང་རྒྱལ་དྲེགས་པའི་གཟུགས་འཆང་བའི། །གཟུགས་ཕུང་ཆེ་ལ་འདོད་པ་རགས། །ང་རོ་ཆེ་ལ་ག་་བག་ཅན། །སྲིན་པོ་ཤིན་ཏུ་མི་བསྒྲུངས་ལྡན། །ལོག་པའི་ལམ་དུ་གོལ་བ་ཡིས། །ཕྱིན་ཅི་ལོག་ལ་ཡིད་ཆེས་པས། །མཚན་མའི་ཆོས་ལ་བློ་བརྟགས་པས། །རང་བཞིན་མེད་པའི་དོན་དང་བྲལ། །བདག་རྟོག་ལོག་པར་རྟོགས་པའི་ས། །སྲིད་པའི་ས་བོན་རྩུབ་མོས་འཕངས་། །དམྱལ་པའི་སྡུག་བསྔལ་ཉམས་སུ་མྱོང་། །བསྐལ་པ་བརྒྱད་ཁྲི་བཞི་སྟོང་འཁོར། །གལ་ཏེ་དེ་ལས་འཕར་ནས་ཀྱང་། །སླར་ཡང་སྲིན་པོའི་ལུས་བླངས་ནས། །སྲིང་མོ་ཆེན་མོ་དེ་ལ་སྤྱོད། །སྲིན་མོ་དེ་ཡི་མཚན་ཉིད་ཀྱང་། །ཞེ་སྡང་འབར་བར་དངོས་ཉིད་མཚུངས། །ཞེན་པའི་མེ་ཡིས་རབ་ཏུ་ཚིག །མ་མོ་མཁའ་འགྲོ་ལ་སོགས་ཏེ། །ཆ་ལུགས་དུ་མར་བསྒྱུར་བྱས་ཤིང་། །སྲིད་གསུམ་དུག་ཅན་དབང་དུ་སྡུད། ཁེན་ཏུ་རྔམ་པའི་འཁོར་དང་བཅས། །གསོད་པའི་ལས་ལ་འབའ་ཞིག་གྲིམས། ཁྲ་དང་ཁྲག་སྲོད་ལ་སྤྱོད། །དེ་ལྟ་བུའི་སྲིན་བུ་དང་ལྡན་པའི་སྲིན་མོ་ཆེན་མོ་དེ་འདུལ་པའི་གནས་སུ་མཁྱེན་ནས། །ཡུམ་གྱི་མཁའ་བདེ་བ་ཆེན་་པོའི་ཀློང་ནས་ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་ཏེ། །ཆེ་མ་ཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག། །ཕྱག་བཞི་བཅུ་རྩ་གཉིས་པར་སྤྲུལ་ཏེ། ། དྲག་པོའི་ང་རོ་ཧཱུཾ༷་ཞེས་བརྗོད་དོ། །སྤྲུལ་པས་འཇིག་རྟེན་གྱི་ཁམས་བཀང་ནས། །སྲིན་པོ་འཁོར་དང་བཅས་པ་ཐུལ་བར་གྱུར་ཀྱང་། །སྲིན་མོ་ཐུལ་བར་མ་གྱུར་ནས། །ཡབ་མངོན་རྫོགས་རྒྱལ་པོས་ཧཱུཾ༷་ཞེས་བརྗོད་པས། །སྲིད་པའི་མ་མོའི་ཆོགས་ཐམས་ཅད་རང་བཞིན་གྱིས་ཕོ་རྣམས་ཀྱི་སྟེང་དུ་སྤྲད་པས་འགྱེལ་བར་གྱུར་ཏེ་བརྒྱལ་ལོ། །འཁོར་ཐམས་ཅད་བརྒྱལ་བར་མཁྱེན་པ་དང་། །སྲིན་མོ་ཉི་དུ་སྡུད་པའི་ཕྱིར། །ཧཱུཾ༷་པརྩི་ར་ཧུ་ལ་ནི་ལོ་ཀི་ནི་སྟམ་པ་ནན། །ཅེས་བརྗོད་པས་རང་བཞིན་གྱིས་གྲུབ་མ་ཇོ་མོའི་ཚོགས་དང་ཡེ་ཤེས་ཅན་རྒྱུལ་ཏེ། །ཨ་ཀ་ཤ་སྟན་གཏིང་ངོ། །དེ་ལྟར་གཏིང་ནས་མ་ཐུལ་བར་མཁྱེན་ནས། །པ྅་ཡོ་གི་ནི་ས་མ་ཡ་ཕཊ། །ཅེས་བརྗོད་པས། །རྗེ་མོ་རྣམས་ཡང་འབྱུང་བ་ལྔ་ཡི་རྒྱལ་མོས་མནན་པ་དང་། ། དེའི་རྗེས་སུ་སྲིན་མོ་ཀྲོ་དྷི་ཤྭ་རི་དེ་ཉིད་པ་སྐྲུ་ལངས་ཏེ་བྲེད་པར་གྱུར་ཏོ། །དེ་ལྟར་མཁྱེན་ནས་ཉིད་གཞི་མུ་ཁ་ལེ་བྷ་ག་བདེ་ཀློང་ས་མ་ཧཱུཾ༷། །ཞེས་བརྗོད་པས་འབྱུང་བ་ལྔའི་རྒྱལ་མོ་ཡབ་ཡུམ་ཆེན་མོས་བརྫིས་པར་གྱུར་ཏོ། །དེ་ནས་སྲིན་མོ་ཀྲོ་དྷི་ཤྭ་རིས་དེ་མཐོང་བ་དང་། ཁྲེན་ཏུ་སྔངས་ནས་བྲོས་ཏོ། །འདོད་པའི་ཁམས་ལ་དབང་སྒྱུར་ཞིང་། །སྲིན་པོ་དང་སྲིནམོ་གཞན་དང་། །གནོད་སྤྱིན་མོ་ལ་ཐུག་པའི་བར་དུ་དབང་དུ་གནས་སོ། །དེ་ནས་ཡབ་མངོན་རྫོགསཀྱི་རྒྱལ་པོས་མཁྱེན་བཞིན་དུ། །ཉིད་གཞི་མུ་ཁ་ལེ་སམ་ཡ་སྟུ༷། །ཞེས་བརྗོད་པས། །ཡུམ་ཆེན་མོའི་ཞལ་ལྔ་ནས་ཧེ་རུ་ཀ་ལྔ་འཐོན་པར་གྱུར་ཏེ་བྷ་ག་ལྔ་ལ་སྙོམས་པར་འཇུག་པའི་བྱང་ཆུབ་སེམས་ཀྱི་རྒྱུད་ལས། །སྦྲུལ་ལ་ཐ་དད་དཀྱིལ་འཁོར་ཐདད་དབང་དུ་བསྡུས་པ་ཇི་ལྟར་བཞིན་འདུས་པ་བཞིན་དུ་དཔལ་ཡསྒ་ཧེ་རུ་ཀ་ལ་སོགས་པའི་ཚོགས་དཔག་ཏུ་མེདཔར་སྦྲུལ་ཏེ་བཏུལ་པས། །འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་བཅས་པ་བརྒྱལ་པར་གྱུར་ཏོ། །དེའི་ཚེ་ལྷ་གནོད་འདུལ་འཁོར་དེ་ཉིད་ན་གནས་པ་སྟན་ལས་ལངས་ཏེ། །མགྲིན་པ་བཏེག་ནས་གདོང་དྲང་པོར་བལྟས་ཏེ་ཐལ་མོ་སྦྱར་ཏེ། །ཡབ་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས། །འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྤྲུལ་པ་དང་བཅས་པས་གནས་ཐ་དད་ནས་འཁོར་ཐ་དད་པ་དང་བཅས་ཏེ་འདུལ་པར་གྱུར་པ་འདི་ཐུགས་བསྐྱལ་ཏུ་གསོལ། །ཞེས་ཞུས་པ་དང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུམ་གྱི་གནས་ཞལ་གྱི་སྟེང་དུ་བྱེད་པ་པོ་ཉིད་སྙོམས་པར་འཇུག་པ་ལས། །བྱང་ཆུབ་སེམས་ཀྱི་འོད་ཟེར་རྒྱུད་མི་འཆད་པར་བཀྱེ་པས། །ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མ།འི་སྒྲིབ་པ་དག་པར་གྱུར་ནས། །འཁོར་ཐམས་ཅད་དྲན་པ་རྙེད་ཅིང་བདེ་བས་ཚིམ་པར་གྱུར་ཏེ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ་ཉིད་སྤྲུལ་པ་དང་འཁོར་དུ་བཅས་ཏེ། །བཅོམ་ལྡན་འདས་ཀྱི་ཞལ་སྔར་འདུས་ནས་འདི་སྐད་ཅེས་གསོལ་ཏོ། །དེ་རིང་ཕན་ཆོད་ཁྱོད་ཀྱི་འབངས་ཐུགས་རྗེ་ཆེན་པོ་རབ་བསྐྱེད་ལ། །གསང་པའི་ཡུམ་དུ་བདག་ལ་སྦྱོར། །ཇི་ལྟར་འདི་དང་ཕྱི་མ་ཡི། །བཀའ་རྣམས་བསྒོས་པ་བསྒྲུབ་པའི་ཕྱིར། གསུངས་པ་བཞིན་དུ་བདག་ཅིག་བགྱིད། །གལ་ཏེ་དེ་ལྟར་མ་གྱུར་ན། །མགོ་ལུས་སྙིང་ཡང་འགས་གྱུར་ཅིག །སྲིན་པོའི་ཆུ་མ་སྲིན་མོ་ག་། །སྨུག་ནག་ཀྲོ་དྷི་ཤཱ་རི་ཁྱོད། །སྒྲིབ་པ་མ་ལུས་སྦྱང་པའི་ཕྱིར། །ངའི་གཟུངས་མར་རབ་ཏུ་བྱའོ། །ཕྱི་དུས་རྣལ་འབྱོར་པན་གདགས་ཕྱིར། །སྔོན་དང་སྦྲུལ་པའི་ཚུལ་དང་ནི། །ཕྱིས་འབྱུང་སྦྲུལ་པའོ་ཚུལ་སྨོས་ལ། །རང་གི་སྲོག་དང་དམོད་མོ་རྣམས། །མ་ལུས་པ་རུ་དུས་འདིར་སྨོས། །དེ་སྐད་བཀའ་གསལ་ཐོས་པ་དང་། །སྲིན་མོ་སྨུག་ནག་འཁོར་དང་བཅས་པས། །སྟོན་པའི་བཀའ་ནི་གུས་པས་བླངས། །དཔལ་ཆེན་འབར་བའི་ཐུགས་རྗེ་ཡིས། །ཕྱག་རྒྱ་བཞི་ཡིས་དབང་དུ་བསྡུས། །ཐབས་དང་ཤེས་རབ་རོལ་པ་ལས། །བྱང་ཆུབ་སེམས་ཀྱི་བྱིན་རླབས་ཀྱིས། །སྐད་ཅིག་དེ་ལ་འཇིག་རྟེན་ལས། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །སྲིན་མོ་སྨུག་ནག་ཇི་ལྟར་བཏུལ་བ་དང་། །བདེན་པ་མཐོང་བ་དང་། །དམ་བཅས་པའི་ལེའུ་སྟེ་དང་པོའོ། དེ་ནས་དཔལ་ཆེན་པོ་ཧེ་རུ་ཀ་ཡིས། །བཀའ་སྩལ་བཞིན་དུ་བྱས་པ་དང་། །ཕྱི་རབས་རྣལ་འབྱོར་བསྐྱང་པའི་ཕྱིར། །འཇིག་རྟེན་པ་ཡི་ཚུལ་བཟུང་སྟེ། །དཔལ་ཆེན་ཞབས་ལ་ཕྱག་འཚལ་ནས། །རང་སྔགས་སྲོག་གི་སྙིང་པོ་དང་། །དམོད་མོ་དུས་འདིར་བཞེངས་སུ་གསོལ། །དེ་ནས་འདོད་པ་ཁམས་ཀྱི་དབང་ཕྱུག་མས་རང་གི་སྲོག་གི་སྙིང་པོ་ཕུལ་པ། །མ་མ་སྒག་རསྒ་སྙིང་ཁ་རག །ཙིསྟ་སྲོག་དུང་དུང་ཛ་ཛ་ཧཱུཾ༷། །མ་མ་་ག་རག་རསྒ་ཁ་མུད་ཏྲ་སྙིང་ཁ་རག་རགློ་དུན་སྨྱོ་ཛ། །རུ་ལུ་རུ་ལུ་སྨྱོ། །རུ་རུ་བེ་རོ་ཧཱུཾ༷་ཏི་སྟ་བ་ཏོ་སེ། རཀློསྙིང་ཁ་རག་མོ་སྨྱོ་ཛ། ཨོ་ཙ་པ་ལ་ཨ་ཤུག་མེ་སྭ་ཧྭ། ཨོ་ཙ་པ་ལ་ཨ་ཤུག་མེ་ཨབྷ༷་པྲ་ཏི་ཛ་ཡེ་གྲྭ་ཧྭ། ་ག་རསྒ་མ་ནི་དུ་སྨྱོ། མ་ཧྭ་ཡསྒ་ཏིག་སྣ་ན་མོ་དུ་སྨྱོ། མས་སྤྲུལ་ལྷ་ཀླུ་རྒྱལ་པོ་དང་། སྲིན་པོའི་འཁོར་གྱིས་བསྐོར་བ་སྟེ། མ་མོ་གནོད་སྤྱིན་མཐུན་མོང་དུ་བསྐོར་ཏེ་བདག་སྲོག་སྐྱབ་ཕྱིར་མཆིའོ། །དེ་དུས་བསྟན་པ་བསྲུང་པའི་ཕྱིར། །བདག་གི་སྲོག་ནས་བསྐུལ་བ་འདིས། །དཔའ་པོ་ཆེན་པོས་བཞེངས་སུ་གསོལ། །མ་རཀློ་ཐུམ་ལིས་སྙིང་རྩ་འདུས། །སྲོག་སྲིག་སྲིག ཁྲ༷་ཤ༷་ཁྱེར་སྨྱོ། །སྙིང་ཁྲག་རྩ་སྲོག་བྲེང་བྲེང་། །རྦད་རྦད། །ཨོ་ཛ་ལ་ཛ་ལ་ཧཱུཾ༷་ཕཊ། །མ་སྲོག་ཏུག་ཏུག །ཁྲག་ལམ་སྙིང་རྦུད། །མ་སྲོག་ཐུན་སྙིང་ལམ་སྨྱོ། །མར་ཡ་ཕཊ། །ཁ་ཐུན་རྣིར་ཛ་ཛ། །ནིར་མི་རྩི། །ནི་ཤ་ཀུ་མུ །དྲི་ཤ་སྐུར་སྐུར་ཛ་ཛ། །དྲི་ར་མི་ཙི་ཙ། །པི་ཏྲ་ནི་ཛ་སྟ་ལ། །དྲི་དྲི་ཨ་གུ་ཤ་ཛ་གྲྭ་ཧྭ། །མ་མ་སྙིང་ཁྲག་ཚལ་པ་དུན་ཏིག་ཧ་ལ་དུན་སྨྱོ་སྨྱོ། །ཕྱི་དུས་བསྐུར་ནས་འདི་བརྗོད་ནས། །དག་གིས་ལས་བཅོལ་མ་བྱས། །ཆད་པ་མི་ཟད་བདག་ལ་འབྱུང་། །བདག་ཅག་དམོག་པའི་འདི་ལྟ་བུས། །སེམས་ཅན་རྣམས་ལ་ནད་འབེབས་ཤིང་། །སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པ། །བཅོམ་ལྡན་འདས་ཀྱིས་བཞེངས་སུ་གསོལ། །མ་མ་རང་གི་སྙིང་ཁྲག་གིས་ཐུམ་རྦད། །ཐང་མུ་ཐང་མུ་ལེ་ཙིསྟ་རྦད་རྦད། །རྩ་ཐང་རྩ་ཐང་ཙིཏི་རྦད་རྦད། །མུ་སྣི་མུ༷་སྣི་ཙིསྟ་ནན་ནན། །རཀློ་ནི་རཀློ་ནི་ཁ་ལོ་ཙིསྟ་རྦད་རྦད། །དུག་སྣི་དུག་སྣི་ཁ་ལོ་ཙིསྟ་རྦད་རྦད། །ཀྱི་ཁ་ལོ་ཀྱི་ཁ་ལོ་ཙིསྟ་རྦད་རྦད། །རྩ་ཏི་རྩ་ཏི་ཙིསྟ་རྦད་རྦད། ནི་རྟི་ནི་རྟི་ཙིསྟ་རྨུགས་རྨུགས། །ཐུམ་ཐུམ་སུབ་སུབ་ཐུབ་ཏི་སྟ་རྦད་རྦད། །ཁ་འདས་ཡེད་ཡེད། །ཐུ༷་ཐུ༷་རྦད་རྦད། །སེ་ཁ་ལོ་མུ་ཁ་ལོ་རྦད་ཕཊ་སྲུ་ཧྭ། །ཨོ་ཏབྱ་ཐུ། །རུ་རུ་བ་ཏི་ཤཱ། །བ་ཏོ་སི། །རུ་རུ་བཤཱ་བན་ཏོ་ཤཱ་སུང་པ་སྟི་མ་མུ་ར་ཡ་ཕཊ། །རགློ་རགློ་མུ་མ་དུན་ཏོང་ཧེར་མ་ཧེར། །པཛྲ་ཀ་རུ་ན་རྦད། །སྙིང་ཁྲག་ཚལ་པ་རྦད། །ག་ས་ཙིསྟ་རྦད། །མྱོགས་རྨུགས་རྦད། །སྙང་ཁྲག་ཁ་ལ་རྦད། །ཚལ་བུ་སེ་ན་སི་ཧུ་རྦད། ་་་ཐུམས་སྲོག་ལ་ཡ་རྦད། །ཕྱི་དུས་བདག་གི་ལུས་གནན་ནས། །འབབ་ཅིང་གཅད་དང་གདབ་བྱས་ན། །ཚངས་པའི་ཚེ་དང་ལྡན་པ་ཡང་། །སྐད་ཅིག་ཡུད་ལ་འགུམ་པར་འགྱུར། །འདོད་པ་ཁམས་ཀྱི་གཙོ་མོ་ནི། །འཁོར་དང་བཅསཔས་སྔགསཕུལ་བ། །ཨོ་ཀུ་མ་ར་དུ་ནན། །ཙ་ཤི་ཀུ་མ་ར་ཡ་ཙུརྙཏ་ཁུག་ཤི་ཁུག་ཤི། །རེ་མ་ཏི་ཁུག་ཉིད། །ཀི་ལི་ཀི་ལི་ཙ་དུད་དེ་ཀྱེ་ཤི་མུད་ཉ་དེ་པ་ཏྭད་ཏྲ་ཆུམ་གྲྭ་ཧྭ། ཨོ་ཤེ་ཁྱེ་རུ་རུ་ཙ་ཏི་ཤ་ཤུག་མེ། །བ་ཏི་རུ་ཏྲ་ཁ་ཤ་ལ་རགློ་ཧཱུཾ༷། །ཨོ་ཤ་ཁ༷་མུད་ཉིད་ཁ་ལ་ཡན། །རུ་རུ་ཨ་ཤུག་མེ་ཀ་ལིང་ཀ །རུ་རུ་ཨ་ཤུག་མེ་སེ་ཀ་ཏེ་ཊ་མུ་ར་ཡ། །ཨོ་རུ་རུ་ཨ་ཤུགླེམ་དྲི་ཛ་ཛ། །སྙིང་ལོང་སྲོག་རྩ་རྦད་རྦད། །ཁྲག་རྩ་འདུས་པ་རྦད། །དབུགས་ཁྱེབ་ཁྱིབ་ཆོད། །སྲོག་བྲེང་བྲེང་། །རྨུགས་རྨུགས་མྱོས་མྱོས་ཤ་རྦད། །མྱ་ར་ཡ་ཕཊ། །མ་མ་ཤེ་ཏོ་རུས་སྙིང་ལ་ཡམ། །ནི་ཤ་ཀུ་རུ་ཐུ༷་རྦད། །ས་མ་ཙུསྨྱོ་ཁྲག་ནི་རྦད། །ན་ཏིགི་ས་མ་ཡ་རྦད། །ཁྲི་ཀྟ་ཡ་མན་ཏི་ལྟ་རྦད། །སུ་རསྒ་རྦད། །པ་རུ་ན་ཐིབས། །སྙིང་དུམ་བུ། །སྲོག་རྩ་སྙིང་པྲི་པྲི་རྦད་རྦད། །སོད་སོད། །ནི་རྟི་ནི་རྟི་རྦད་རྦད། །མུ་མ་ཨི་ཏོ་སྲོག་ལ་ཕྱིག་ཡམ། །རསྒ་མ་མུ་རུ་རུ་ན་རྦད། །ཧཱུཾ༷་ནཱ་ར་ཡ་ཕཊ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། ཡསྒ་ཀྲོ་དྷི་ཤི་ཉིད་ཕྱི་རབས་ཀྱི་དོན་དུ། །འཇིག་རྟེན་གྱི་ལུགས་སུ་སྤྲུལ་པ་དང་། །འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་རྣམ་པར་ལྡན་པའི་ཚུལ་དུ་སྤྲུལ་ནས། །སྔགས་ཕུལ་པའི་ལེའུ་སྟེ་གཉིས་པའོ། །དེ་ནས་འདོད་པ་ཁམས་གསུམ་ཀྱི་དབབ་ཕྱུག་མས། །མངོན་རྫོགས་ཡབ་ལ་ཕྱག་འཚལ་ཏེ། །ཕྱི་དུས་རྣལ་འབྱོར་དོན་ཆེན་དུ། བདུད་དག་གཡོག་དང་གནོད་སྤྱིན་མོ། །རྣམ་བཞི་རྣམ་པ་དུ་མ་སོགས། །དབང་དུ་བསྡུ་བའི་དཀྱིལ་འཁོར་གྱི་སྙིང་པོ་འདི་ཡང་བཞེངས་སུ་གསོལ། །ཨོ་ཏབྱ་ཐུ། །ཏྲ་ཀྟ་རུ་པོ་ནན། །མུསྟི་བ༷་རུ་ལུ་རུ་ལུ་། །པདྨ་ར་ཏི་རུ་ཏི་རེ་མ་ཏི། །རུ་ལུ་རུ་ལུ་དེ་བ་ཏད་ཏ་སྙིང་ལ་སྨྱོ། །ཨོ་རུ་ལུ་ཀོ་ཧཱུཾ༷་མེ་སེན་མེན་ནན་རྫོ་ཙིསྟ་ལ་ཆུམ། །ཨོ་ཧཱུཾ༷་མ་མ་སྟི་དུ་རུ་དུ་རུ་མེ། །ཚལ་པ་མེ་རྫོ་སྙིང་ལ་ཐིབ་པ། །རགློ་སྨྱོ་ཡགློ་སྨྱོ། །ཁ་མུནྟྲ་པ་ཏྲ༷་ཐག་རསྒ། །རུ་རུ་འོ་རུ་ཁ། །རུ་རུ་རོ་རུ་མུ་ནྟྲ། །དུ་རྨ་མ་ཏི་མ་དུས་སྨྱོ། །ཨོ་རུ་ལུ་རུ་ལུ་ཙ་པ་ལ་མ་ཧི་སྨྱོ་ཧཱུཾ༷་ཕཊ། །ཨོ་ཏ་རི་ཏྲི་བཛྲ་ཡསྒ་ནི་མེ་ཧ་ར་ཧ་ར་ཨི་ཏང་པི་ཏང་། །གི་ན་གི་ན་སྒ་གྲྭ་ཧྭ། །ཨོ་ཀ་ལ་ར་ཏྲི་ཡི་ཧཱུཾ་ཕཊ། །ཨོ་ཀ་ལེ་ཀ་བཛྲ་ཡོ་གེ་ནི་ཧཱུཾ༷་ཕཊ། །ཨུཿ་ཙ་མུརྙི་ཡེ་ཧཱུཾ༷་ཕཊ། །ཏབྱ་ཐུ། །སྒག་རསྒ་རུ་རུ་རོ་རུ་པ་ཏོ་སི་ཙ་པ་ལ་ཨ་ཤུག་མེ་སྨྱོ། །མ་མ་པྲབ་བུ་ཨི་ཏི་སྨྱོ་ཛ། །ཀྱི་ལ་ཏི་སྨྱོ་ཛ། །བཛྲ་མུ་ཀ་སྦྱོ་ཛ། །བཛྲ་ཏིང་ཏིང་སྨྱོ་ཛ། །བཛྲ་པྲ་ཏི་སྨྱོ་ཛ། །བཛྲ་མ་ཏིང་སྨྱོ་ཛ། །བཛྲ་ད་རི་སྨྱོ་ཛ། །སིདྷ་མུ་ཀ་ས་མ་ཡ་སྨྱོ་ཛ། །བྱ་ཀྲི་མུ་ཀ་སྨྱོ་ཛ། །ཀྲི་ཏ་མ་ཏི་ཤ་སྦྱོ་ཛ། །ཀང་ཀ་མ་ཏི་ཤ་སྦྱོ་ཛ། །བཛྲ་མ་མ་ཙ་པ་ལ་ཨ་་ཤུག་མེ་སྨྱོ་ཛ། །་བཛྲ་ལིང་ལིང་ཙ་པ་ལ་སྨྱོ་ཨ་ཤུགླེ་ཛ། །བཛྲ་ཏིང་ཏིང་སྨྱོ་ཙ་པ་ལ་ཨ་ཤུག་ཛ། །བཛྲ་མི་ལི་ཙ་ས་ལ་སྨྱོ་ཡ་ཤུག་མ་ཛ་སྨྱོ། བཛྲ་ཙ་རི་ཙ་ས་ལ་སྨྱོ། ཨ་ཤུག་མ་ཛད། བཛྲ་ནི་ཏི་ཏི་ཙ་ས་ལ་སྨྱོ་ཡ་ཤུག་མ་ཛ། བཛྲ་ཀུ་མ་རི་ཟློ་ཛ་ཛ། བཛྲ་ཙ་སྦརྙི་བ་སྨྱོ་ཛ། བཛྲ་མ་ལི་ཙ་པ་ལ་སྨྱོ་ཨ་ཤུག་མ་ཛ། །བཛྲ་རསྒ་དུར་གྲི་མསྨྱོ་ཛ། །བཛྲ་མུན་ཏི་སྨྱོ་ཛ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །ལྷ་མོ་ཆེན་མོ་ཉིད་འཁོར་དབང་དུ་བསྔས་པ་དཇེ་ལྡན་པའི་དཀྱིལ་འཁོར་གྱི་སྙིང་པོ་ཕུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡུམ་འདོད་པའི་དབང་མོ་ཆེས་སྤྲུལ་པ་སྣ་ཚོགས་སུ་སྦྲུལ་ཏེ། །ཡབ་མངོན་རྫོགས་ལྷ་ཡི་རྒྱལ་པོའི་ཞབས་ལ་གུས་པ་དེང་བཅས་པས་སྤྱི་བོས་བླངས་ཏེ་འདི་སྐད་ཅེས་གསོལ་ཏོ། །མངོན་རྫོགས་ཡབ་ཀྱི་བཀའ་བཞིན་དུ། །ཕྱིས་འབྱུང་སྤྲུལ་པ་འབྱུང་བ་དང་། །དེ་ཡི་སྲོག་གསད་འདི་ལྟར་ལགས། །གསོན་ཅིག་རྒྱལ་པོ་བཅོམ་ལྡན་འདས། །གདུལ་པའི་དབང་དུ་ཁ་ཅིག་ཏུ། །གདོལ་པའི་བུ་མོར་བདག་སྦྲུལ་ནས། །རྒྱལ་པོའི་བོང་བུ་འཚོ་བའི་གམ། །བདུད་ཀྱི་རྒྱལ་པོ་ཤན་པའི་བུ། །ཕག་རྫི་བྱེད་པ་དེ་ཉིད་ཀྱིས། །འདོད་པ་སྤྱད་པས་ནལ་བུར་གྱུར། །དུར་ཁྲོད་ཀློང་དུ་གབ་པའི་ཚེ། །ཟླ་བ་གསུམ་ན་ནལ་བུ་སྨིན། །མགོ་སྤྲུགས་ཤ་རུས་བདག་གིས་འཚལ། །སླུད་བུད་ནད་ཀྱི་རྐྱལ་པ་བགྱིས། །དེ་ཡི་ཕྲོག་གསོད་དམ་པ་འདིས། །ཕྱི་རབས་རྣལ་འབྱོར་དོན་ཆེད་དུ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་བརྗོད། །ཏབྱ་ཐུ། །རུ་རུ་བོ་ཧུ་ཏི་ཤུ་བ་ཏོ་སི། །སྙིང་ཁ་རག་སྙིང་སྙིང་ཁ་ར་སྙེ། །མ་རག་ཤྭ་མ་རག་ཤྭ། །ཛ་ཛ་་ཏིངཏིང་གྲྭ་ཧྭ། །ཏབྱ་ཐུ། །མ་མ་ཙི་མོ་ཙི་ཏི་ཧཱུཾ༷། །ཏི་མ་ཛ་ཛ་སྲུ་ཧྭ། །མ་སྙིང་ཤ་རཀློ་མ་ཏང་ཐུམ་རྦད། །མ་མ་སྙིང་རྩ་སྲོག་ལ་ཐུམ་ཐུམ། ཁྲ་རྦད་མ་མྱོས་གྲུག་ཙ་ར་ལིང་། ཁྲ་སྙིང་རྦད་ཐུ༷་རི་ལི་ལི་ལང་ཏོ་རྦད། །སྙིང་ཏོ་རྦད། །ཧཱུཾ་མར་ར་ཡ་ཕཊ། །གོང་མ་ལྟ་བུའི་སྤྲུལ་པ་སྟེ། །རྒྱལ་ཁམས་གཞན་གྱིས་ཚོར་བ་དང་། །བདག་ཉིད་ཤིན་ཏུ་གནོང་པ་ཡིས། །བོང་ཞོན་རྒྱ་མཚོའི་གཏིང་ཕྱིན་པས། །མི་འགྲོ་ཕྱིན་ཅི་ལོག་པ་སྟེ་མི་བཏུབ་རལ་གྲི་ཉིད་ཀྱིས་བརྒྱབ། །དེ་དུས་སྲོག་དང་གསད་པ་འདི། །ཕྱི་རབས་རྣལ་འབྱོར་དོན་ཆེད་དུ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་བརྗོད། །མོ་ཧ་ས་མ་ཡ་ཛ་ཛ། །འདི་རྣམས་པྲི་ཞིང་དགོད་པའོ། །ཨོ་སྤྱི་ཏི་ཁ་ལ་མ་སྙིང་ཁ་རག་མ་ཛ་ཛ། །ཨོ་བཛྲ་རསྣ་མ་སྙིག་ཁ་རགླ་ཛུ་ཛུ། །ཨོ་རགློ་རསྣ་མ་སྙིང་ཁ་རཀློ་ཛུ་ཛུ། །ཨོ་རསྒ་རག་ཀྟ་ཛ་ཛ། །མ་མ་ཏྲ་ག་རསྒ་ཨེ་ཁ༷་རུ་ལུ་རུ་ལུ། །ཨོ་ཧཱུཾ༷་་ག་རག་སྒ་མུན་ཏྲ་ཁ་མུནྟྲ་རཀློ་ཛུ་་ཛུ། །ཏེ་ཁུམ་ཁ་ལ་མུ་ཏི་སྨྱོ། །་ག་རསྣ་མུ་ཏྲ་སྙིང་ཁ་རག་རྦད། །ཆུ་ཐུ་མས་རི་ལི་ལི་སྟོ། །མ་མ་རྭ་ཛ་ཡ་ཐུན་སྨྱོ། །་ག་རསྒ་མུ་ཏྲ་རུ་ལུ་རུ་ལུ་ར་ཀློ་ཙ་ཙ་ཁ་ལམ་བྲུ༷། །སྒམག་རསྒ་མུ་ཏྲ་རུ་ལུ་རུ་ལུ་སྨྱོ། །སྙིང་ཁ་རག་སྨྱོ། །རུ་ལུ་ཁ་ར༷་ཤག་ཤག་ཏི་སྟ་རྦད་ཐ༷་རི་ལི་ལི་སྨྱོ། །ནི་ཤུད་ཏི་སྟ་རྦད་བྲུ༷། །་ག་རསྒ་མ་མུ་ཏྲ་རུ་ལུ་རུ་ལུ་བྲུ༷། །ཤི་མསྐྲུ་ཏིབྷ་ཙཀྲ་ཧཱུཾ༷། །དབང་དང་ཕྲ་ཕོབ་གཅིག་སྲུ་ཧྭ། །སྙིང་ཁར་རྦད་རྦད་ཛུ་ཛུ། །མ་མོ་སྙིང་དུ་ན་ལ་སྲོག་རྩ་སྟོ། །དྷར་མ་ར་ཛ་སྨྱོ་སྨྱོ། །རུ་ཏྲ་ཐུ༷་ཐུ༷་ཛུ་ཛུ། །སྒག་ཁང་མུ་ཏྲ་སྨྱོ་རུ་ལུ་ཧེ་ལོ་ཨ་ལི་ཙི་དུན་མ་སྨྱོ་རུ་ལུ། །ཧེ་མོ་ཡ་སྨྱོ་རུ་ལུ། །ཡ་མ་ཤག་ཀ་ཁྲོ་ཏ་ཡ་སྨྱོ་རུ་ལུ། །སྙིང་ཁ་རག་སྙིང་ཁ་རག །སྲོག་ཐུན་སྨྱོ་རུ་ལུ། །མ་སྨྱོ་སྲིང་སྨྱོ། །ཐུན་སྨྱོ་བཛྲ་སྙིང་མགོ་སྨྱོ། །ཏིལ་ཁ་ཟ་བུ་ལ་དན་ཏིང་རྦད། །ཡུ་ན་དརྙི་རྦད། །དར་མ་དམ་རྦད། །ཐིབ་རྔམ་རྦད། ཁྲ་ཁུག་ཏིག་ཤ་རྦད། །ཚལ་པ་དུམ་ཁྲི་ཁྲི་ཏི་རྦད། །རྨར་ན་ནི་རྦད། ཁྲསྟི་ཤསྟི་རྦད། །རྦན་རྦན་ཏྲ་ཐ་རྦད། །དུམ་བུ་དུམ་བུ་ཚལ་པ་རྦད། རག་ཤ་རསྣ་བུ་ཏྲ་རྦད། །སྙིང་གནས་སྲོག་ཙ་རྦད། །ཚལ་པ་ཚལ་པ་ཏི་ནི་རྦད། །བ༷་རིལ་དུམ་བུ་ཏིབྷ་ཙཀྲ་རྦད། ཤི་ཙ་མ་དུ་དུམ་ལིང་། །ཆུབ་ཐུམ་ལིང་། །གུག་ཐུམ་རྦད། ཁྲ་རྦད་གུག་ཙར་ལིང་། །རྨུགས་རྦད། །མྱོ་ཚར་ལིང་། །མ་མ་རསྒ་རུ་རྦད། །དུར་ཁྲོད་བརྒྱད་ལ་ཁྱབ་པར་གནས། །གནོད་སྤྱིན་དྲ་བ་ཅན་ཉིད་དང་། །རི་བྲག་ཐམས་ཅད་ཁྱབ་པ་ཡི། །གནོད་སྤྱིན་ནག་མོ་ཞེས་བྱ་བའི། །དེ་གཉིས་བུ་མོར་བདག་སྤྲུལ་ཏེ། །མཛེས་སྡུག་ལྡན་པར་གནས་པའི་ཚེ། །བདུད་ནི་དམར་མོ་ཞེས་བྱ་བ། །ལག་ན་སློང་མོའི་འཕྲེང་བ་ཐོགས། །ཁྲོས་ན་སོལ་དུམ་གཅོདཔབཞིན། །མཁྲོསཤིནཏུ་མཛེས་དང་ལྡན། །བྲག་ཕུག་མདངས་དགར་བདག་གནས་ལ། །དེ་བྱུང་བདག་ལ་བྱི་བྱས་པས། །ནལ་བུ་ལྟོ་རུ་ཞུགས་ནས་ཀྱང་། །ཕ་མ་ཉིད་ལ་ངོ་ཚ་ནས། །དེ་ཉིད་དུ་ནི་ཟླ་དྲུག་ཉལ། །རྨ་བྱའི་ཐུལ་པ་བདག་ལ་བསྐོན། །མ་དྲོས་དྲེད་དང་རེ་ལྡེ་ཡང་གོན། །ཁོ་དང་མཛེས་པའི་ཤོད་དྷིའུ་ནི། །བདག་གི་མཆན་ཁུང་སྦས་ཏེ་གཞག ཁེན་ཏུ་བཟར་མེད་ལྟོགས་པ་ལས། །ནལ་བུ་སྐྱེས་པ་བཤས་ནས་ཟོས། །ཁོ་ཡི་ལག་ཆ་ཕྲོགས་པ་ནི། །བདུད་ཀྱི་ཁྲམ་བམ་གཡས་སུ་ཐོགས། །ནལ་བུ་ལྤགས་པ་བཅོ་པ་ནི། །ནད་ཀྱི་རྐྱལ་པ་དེ་ནས་བྱས། །བདུད་རྟ་ནག་པོ་རྐང་གསུམ་ནི། །ཁོ་ལ་བརྐུས་ནས་ཞོན་པའོ། །གནོད་སྤྱིན་གདུག་མོའི་མང་ལ་ཁྲག་དང་། །བདུད་ཀྱི་མཐེ་བོང་རྡོ་ཕྲད་ཁྲག །ནལ་བུ་སྐྱེས་བུའི་ལྟེ་ཁྲག་གསུམ། །ནད་ཀྱི་ངོ་བོར་བླུད་ནས་སྦྱར། །དེ་དུས་བདག་གི་སྲོག་ལ་སོགས། །དམོད་མོ་ཕྱིར་རམ་དམ་ཅན་ཕྱིར། །མངོན་རྫོགས་ལྷ་ཡི་སྦྱན་སྔར་བརྗོད། །བཱ་མ་ཤྭ་ཤྭ་རུ་ཁྲག་མ་དུང་དྷི། །ཙིསྟ་དགྲ་བོའི་སྙིང་ལ་ཐུན་ཐུན། །ལུབ་ལུབ་རིལ་མ་སྙིང་ལ་རིལ། །སྒག་རསྒ་རུ་ཁྲག་སྙིང་ལ་ཛ་ཛ ། །རུ་རུ་ནི་ཏི་སྟ་རྦད། །ཏྲི་ཏྲི་སྒྱུ་ཧྲི་བཱ་མྱ། །རུ་ཁྲག་མ་དུ༷་སྨྱོ། །རུ་ཁྲག་མ་དུར་ཧྲིང་མ་རྦད། །ཐུམ་རིལ་ནི་ཙ་ཁུག །ནི་ཙ་དྲོངས། །ས་མ་ཡ་དུ་དུ་ཡ༷། །མ་ཤ༷་ནི་ཙ་པ་ལྷ་མོ་ཡ། །མ་ཤ༷་ནི་ཙ་པ་ལྷ་མོ་ཡ། །མ་དུ་རྨ་སྨྱོ་མ་དུང་སྨྱོ། །རསྤྱོ་ཡ༷་ཡ༷། །དགྲ་ལ་ཡ༷་ཡ༷། །ཁ་མུན་ཏྲ་པ་ཏྲ་ཏྲ་རསྣ་རི་ཁྲག་དུ་ང་སྨྱོ། །བདག་གི་སྤྲུལ་པ་གནམ་ཅིག་ནི། །འཛམ་གླིང་ལྷོ་ཕྱོགས་བཟུང་བ་ནི། །ཕུག་ལུང་ནག་པོ་ཞེས་བྱ་བ། །བྱང་ཕྱོགས་ནུབ་དང་ལྷོ་ཉིད་དང་། ཁྲར་གྱི་ཕྱོགས་ཀྱི་རི་བྲག་དབྱིབས། །གསེར་གྱི་རྡོ་རྗེ་རིན་ཆེན་འབར། །འགྲིགས་དང་སྤུངས་པ་འདྲ་བ་དང་། །གསེར་གྱི་སེང་གེ་གླང་རིན་ཆེན། །འགྲིགས་དང་མགོ་བོ་འདྲ་པའོ། །མེ་ལོང་ཡབ་པའི་རྒྱ་འདྲའི་དབུས། །གསེར་གྱི་མཆོད་རྟེན་བརྩེགས་པའི་བྲག །དེ་ཡི་སྟེང་དུ་མཁར་བྱུང་བ། །བསེ་མཁར་སྨུག་པོ་ལྡེམས་སེ་ལྡེམས། །དར་ཐོག་སྐྱ་མོ་ཡལ་ཏེ་ཡལ། །ཟུར་ནི་མཆོང་ཟུར་སྨུག་པོ་ལ། །སྒོ་ནི་དུང་སྒོ་དཀར་པོ་ཁྲིགས། །རྨང་ནི་ལྕགས་རྨང་ནག་པོ་སྟེ། ཁུ་གསུམ་འབར་པའི་དཀྱིལ་འཁོར་དུ། །ཡབ་ནི་མངོན་རྫོགས་རྒྱལ་པོ་དང་། །ཡུམ་ནི་འདོད་པའི་དབང་མ་ཉིད། །ཡབ་ཀྱི་སྲས་སུ་བདག་ཞབྲུངས་པ། །སྤྱོར་བའི་ལྷུམས་སུ་ཞུགས་པ་ལས། །ཞག་གསུམ་དྲོ་དང་བཞི་པ་ལ། །ཁྲག་གི་གྲོད་པ་གཅིག་ཏུ་བྱུང་། །གྲོད་ལ་གོང་མའི་ཚད་དུ་བཅས། །གྲོད་པ་འགུལ་ཞིང་གཡོ་པ་ལས། །ཁ་པྱེ་ཁྲག་སྒོང་གསུམ་དུ་བྱུང་། །བརྟོལ་པས་བུད་མེད་གསུམ་སྲིད་དུ། །ཕོ་མོ་ནག་མོའི་ཐོད་པས་བླུགས། །སྐུ་སྨད་སྟག་ལ་ལྕགས་ཀྱུ་བསྣམས། །ནུ་མ་གཡས་སུ་བཀལ་པའོ། །འབྲིང་མོ་བུ་འདྲ་གཡོན་དུ་བཀལ། །འགུགས་པའི་གཡབ་མོ་ལག་ན་ཐོགས། །ཐ་ཆུངས་བུ་འདྲ་སྡེར་མོ་ཉིད། །ཁྲག་ལས་བྱས་ཏེ་བྱུང་པའོ། །ལག་ན་སྲོག་གཅོད་སྐྲུ་གྲི་འཛིན། །གསང་བའི་མ་མོ་གསུང་ཞེས་བྱ། །དངོས་སུ་དེ་གསུམ་བདག་གིས་སྤྲུལ། །ཡིད་ཀྱིས་སྤྲུལ་པའི་སྤུན་གསུམ་ལ། །ཡང་སྤྲུལ་རྣམ་པ་གསུམ་མ་བྱུང་ན། །ལྕགས་ཀྱི་སྤྱང་མོ་ཟངས་ཀྱི་ཝ། །དུང་གི་ཁྱི་མོ་གསུམ་བྱུང་སྟེ། །སྡེར་མོ་ཐམས་ཅད་ཁྲག་ལས་བྱས། །གསང་བའི་ཕོ་ཉ་རྣམ་པ་གསུམ། །ཕྱི་དུས་གསང་སྔགས་བསྣུབས་པ་དང་། །དམ་ཚིག་གཉན་པོ་འདྲལ་བ་རྣམས། །རིང་པོར་མི་ཐོགས་བསྒྲལ་བའི་ཕྱི། །སྤྲུལ་པ་ཡང་སྦྲུལ་ངན་སྔགས་འདི། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་བརྗོད། །བརླ་ཤར་མ་ཏི་གྲིམ་གྲིམ། ་།་མ་ར་ཏི་ཐུལ་ཐུལ། །མྱོ༷གས་མྱོགས། །ཡེད་ཡེད། ་།་ར་མ་ཏི་གུག་ལིང་མྱོས་ལིང་། ་།་ལིང་ལིང་། །ཙ་མུན་ཏ་སྨྱོ་ཐུ༷་ཐུ༷། །མྱོས་མྱོས་ཤིག་ཤིག །ཙིསྟ་བ༷་ཤིག །ཙིསྟ་བ༷་མྱོག །མུག་ཏི་རོ་རྒྱོབ། །ཙིཏི་བ༷་ཕུང་ཆུ༷་་་ད། །ཐུམ་གུག་ལི་ལི་ཐུ༷་ལོ་ཡེར་ཡེར། རུ་རུ་ཤསྟི་ཀྲི་་དུ་སོད། །སྲོག་ཐུ༷་མུགས་སོད། །མ་རག་ཏུ་རྦད་ཡ་སོད། །ཁ་རུག་ཤ་ཤ་མོ་སོད། །སྲོག་ཐུ༷་ནི་རྦད་སོད། །དྲི་ཡ་དྲི་ཡ་ཙ་ཐུན་སོད། ་།་རྒྱུད་སྙིང་ཕྱུང་། །སྙིང་རྒྱུད་སྲོག་ཆོད། །སྲོག་རྒྱུད་དབུགས་ལོང་། །མ་མ་ཐུམ་ཐུ༷་སོད་སོད། །རར་ཏི་རྦད་ཡ། །བ་ཡ་དུ་རུ་རྦད་ཡུ། །ཆུ༷་ཆུ༷་དྲི་མ་ཙ་རྦད་ཡུ། ཤག་པ་དུ་རུ་ཡ་ཆེམ་ཆེམ། །རྦད་ཡ་རྦད་བུ་རྦད་བུ་རུ་ཤག་རྦད་ཡ། །ར་ཀ་ཐུ༷་མུག་རྦད་ཡ། །རུ་རུ་རི་ཏ་རེ་མ་ཏི་རྦད་ཡ། །བ་ཀུ་རུ་མ་ཤ་ཏི་རྦད་ཡ། །བ་ཀུ་རུ་མ་ར་ཤ་ཏ་རི་ཤ་ཏི་རྦད་ཡ། ཁྲེ་སྨྱུ་མ་ར་དུ་རྦད་ཡ། །རྒྱ་གར་རྡོ་རྗེ་གདན་དྲུག་རྒྱབ། །ལུང་ཕུག་ནག་པོ་ཞེས་བྱལི་ཡུལ། །བསེ་མཁར་སྨུག་པོའི་ནང་ཤེད་ན། ཁུ་གསུམ་སྨག་ནག་འབར་བའི་སྟེང་། །དཔལ་ཆེན་བུརྙ་ཧེ་རུ་ཀ །ཡུམ་ཆེན་འདོད་པའི་དབང་མོར་སྦྱོར། །ཞག་གསུམ་དྲོའི་དུས་ཚོན་ན། །ཁྲག་གི་གྲོད་པ་གཅིག་ཏུ་སྲིད། །ཞག་གསུམ་གྲོད་ལས་བཙས་པ་ལས། །གྲོདཔ་གུལ་གུལ་ཤིག་ཤིག་བྱེད། །ཁ་ཕྱེ་བུད་མེད་གཅིག་བྱུང་བ། །ནག་མོ་རལ་པ་གཅིག་ཏུ་འཁྱིལ། །བྲང་ན་ནུ་གཅིག་ཁ་སོ་གཅིག །དཔྲལ་ན་མིག་གཅིག་སྟག་དང་འདྲ། །བདག་སྤྲུལ་དེ་ཡི་མ་ལ་བརྗོད། །ཀྱེ་ཀྱེ་མ་མོ་ཆེན་མོ་ཡིས ། །བདག་ལ་མིང་གི་དབང་གིས་བསྐུར། །ལས་དང་དབང་ཟས་ཀྱི་བསྐལ་པའང་གསོལ། །མ་ཡིས་ཡབ་ལ་ཞུས་པ་དང་། །མི་དབང་ལྷ་མོ་ནག་མོར་བཏགས། །ལས་སུ་ཉམས་པའི་ཕྲོག་གཅོད་བསྐོས། །ཟས་སུ་ཉམས་པའི་ཤ་ཁྲག་བྱིན། །ཡུམ་གྱིས་མནན་ཏེ་དབང་བསྐུར་བ། །ནག་མོ་ཕུང་བྱེད་ཉམས་པའི་གཤེད། །ཡབ་ཀྱིས་མིང་མཚན་དེ་རུ་བསྐྱར། །བསྐུལ་བ་ཙམ་གྱི་དམ་ཉམས་སྒྲོལ། །ཕྱི་དུས་གསང་སྔགས་གཉན་པའི་ཕྱིར། །ནག་མོ་དམ་ཉམས་གཤེད་སྤྲུལ་ཏེ། །སྲོག་སྔགས་གསད་པའི་དམོད་མོ་འདི། །མངོན་རྫོགས་ཡབ་ཀྱི་སྤྱན་སྔར་བརྗོད། རུ་རུ་དུ་དུ་མུ་མ་རུ་རུ་དུ་དུ་ནཱ་མེ། །བ༷་ཁ་ཤག་བ༷་ཁ་ཤག །མྱ་མ་ཙིསྟ་རྦད། །མྱ་ནཱ་ཙིསྟ་རྦད་ཙིསྟ་ཙིསྟ་མུ་མུ་ཡེར་ཡེར། །ཁ་ཐུ༷་རྦད། །ཁ་ཐུ༷་རྦད། །མམཁཏ༷ཏིགསྟརྦད། །ཏིག་སྣ་རྦད་མུག་མུག་དག་ཤ་མུག་མུག །རྦད་རྦད་སྲོག་རྦད། །ཁ༷་ཁ༷་རྦད་རིལ་སྲོག་ཆུམ། །ནི་ཙི་ན་ཙ་ཁྲོད་ཁྲོད་ཤ་ལ་རྦད་སྲོག་ལ་ཐུ༷་མ་མ་ས་ཙིག་ཙིག་སྲོག་ལ་ཡ༷་ཡམས། །ད་དུ་མ་མ་དམར་མདའཤ་ཁུག །དུ་ཤ་མ་མ་བ༷་དྲོལ། །དུ་ཏི་མམ་སྙིང་ཕྱུང་། །ས་མ་ཡ་སྲོག་ཆོད། །དུ་ཤ༷་དུ་ཡ། །མ་མ་ཏི་ཏི་མ་དུ་ཡ། ཁྲ་ས་མ་མ་རྦད་པུ་ཡུ་ཡུ། །ནི་ནི་སྨྱོ་སྨྱོ་སོད་སོད། །མ་དུ་ཡ་མ་དུ་ཡ། །ཚལ་པ་རྦད་ཡེད་ཡེད། ཁྲ་ཐུ༷་ཤ་ཐུ༷་རྦད། །ཙ་ཏུར་མ་མ་ཏུར་རྦད། ཁྲ་ཐུ༷་མ་ཡ་སྨྱོ། །ཙ་ཐུ༷་མ་བཟློག །ཛ༷༷ཧཱུཾ༷་བ༷་ཧོ། ཁྲག་མ་དུན་ཏིང་། ཁྲག་མ་དུན་ཏིང་ཤག་མ་དུ་ཡ། །ཙིཏི་མ་མ་ཡེར་ཡེར། །ཐུལ་ཐུལ་ཙིཏི་དྲོངས། །ས་མ་ཡ་དུན་དུན་ཏི་ཏི། །རུ་རུ་རགློ་མ་ཤ༷་ནི་ཙ་པ་ལ་ལྷ་མོ་ཡ། །མ་དུ༷་ཧྲིང་ཡག་ཏུ་མ་ཛ་ཛ། །མ་མ་ས་མ་ཡ་ཏི་ཐོག་མ་མ་སག་སག །ཚིལ་མ་འུར་འུར། །སག་ལ་མ་ཏི་ཡ༷། །ཐུག་མུ་མྱ་ཤིག་ཤིག །བཙན་གུ་ལུ་གུ་ལུ། །མ་མ་ཏིག་ཏིག །བཙན་མ་མ་ཤ་ལ་རསྒ་རག །བཙན་མ་མ། །བཙན་མ་མ་ཡབ་དུ་དགྲ་ལ་ཕོད་ཕོད། །ར་ཙི་ར་ཙི་ཆུ༷་སྨྱོ། །དུ་ཏི་མ་མ་དྲི་ཐུན། །ནཱ་ག་བཱ་མ་ཤི་སྨྱོ། །ཙ་ཤ་ཙི་ཤུ་ཐག་ཐུག །ས་ཕོད་ཕོད་མྱ་མ་སག་སག །ཀླུ་གདུག་ཀྱིག་ཀྱིག །བ༷་ཤིག་མྱ་མ་རུ་ཤ་ཉོག་ཉོག །ནཱ་ག་པ་ཤག་ཐུ༷་ཡག །ཙམ་ཙམ་ཀུ་རུ་ཀུ་སྲ །བཱ་མ་ཐུ༷་རི་ལི་ལི། །ར་ཙ་ཡི་གུག་གུག། །ར་ཙ་ཡི་ཡུ་ཉོག་ཉོག །མ་མ་ཁ་ས་ཡ་ཡ་ཉོག་ཉོག །མ་མ་ཁ་ས་ཐུ་ཐུལ་ཤ། །ས་ར་གུང་གུང་ཉིལ་ཉིལ་མ་མ་ར་ཙ་པུག་ཐོད་ཐོད། །ར་ཙ་ཡ་ཐུ༷་རིལ་རིལ། །ཐིག་ཐིག་མུ་མ་ཤ་ལ་རྦད་རྦད། །ཡ་མ་ཛ་ཧཱུཾ་ཡ་མ་ཛ་རྦད། །རུ་རུ་རགློ་ཁ་ཐུ༷། །རུམ་རུམ་ཤག་མུ་ར་ཏ་གྲོལ། །ཙིཏི་མ་མ་ཐུ༷་སོད་སོད། །བ༷་རོལ་མ་མ་ཙིསྟ་དྲོངས། །ཙིསྟ་ཙིསྟ་མ་ཐུ༷་རྦད། །ཡ༷་རིལ་ཁུག་ཙ་ཐུན་མུ་ར་ཡ་རྦད། །སྨྱོ་ཚལ་པ་ནིག་ནིག །སོད་སོད་རིལ་རིལ། ཡསྣ་མ་མ་དུ་རུ་དུ་རུ་བོད། །ཙ་ཐུན་ཤཱ་ར་ཡ་ཐན་སོད། ཁྲག་ཐུན་མུ་ར་ཡ་ཐུན་རྦད། །རུ་རུ་རགློ་མ་ར་ཡ་ཐུན་སོད། །མ་མ་མུ་སྟི་གྲི་ན་ཐུན་སོང་། །མ་མ་ཤ་ཐུན་ཏྲི་ཐུན་སོད། །མ་མ་རྦད་ཐུན་མུ་ར་ཡ་ཐུན་སོད། ཁྲག་ཤག་རགློ་ཐུན་མུགས་ཤག་སོད། །མ་ནི་རག་ཏུ་ཆུ༷། །མ་ནི་རག་ཏུ་ཆུ༷། །མ་ཤ་སྲོག་ལ་སྨྱོ་ཐིབས། །ནི་ཙ་ནི་ཙ་སྲོགས། །མ་མ་གྲོགས། །མ་མ་ཟུངས་ཟུངས། །ཧེ་ཧེ་ཧ༷། །མ་མ་ས་མ་ཡ་ཤོ་ར་རེ། །མ་མ་ས་མ་ཡ་སྨྱོ། །མ་མ་ས་མ་ཡ་ཐུ༷། །ནི་ཙ་མ་ལ་ཤག །ཡག་ཏུ་རྦད་སྦྱོ། །མ་མ་ཁ་ཐུ༷་མ་ལ་གཏད་དོ། ཁྲག་ཤག་པྲ་མ་ཤུད་ཏོ་ཤག །མུག་ཏི་བི་མུག་ཏི་ཤག །མ་མ་ར་ཏི་རུ་ཏི་རེ་མ་ཏི་ཡ་ཡ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧཱུཾ༷་ཛ། །བྲུ༷་བུ་ཤ་བི་ཤུརྙེ། ། ཏྲིག་ཏྲིག་མ་དུ་ཤ་ཛ་ཛ། །སྨྱོ་ཐུ༷་རིལ་སོད། །རེའུ་ཏྲི་རེའུ་ཏྲི་མ་དུ་ཤ་ཛ་ཛ། །མ་མ་ཧྲི་ཧྲི་ཨ་རུ་ནན་ཤི་ཏི་རྦད། །ཡུག་ཏི་ཨ་རུ་ནན་ཤི་དུ་རི་ཡ་རྦད། །ལི་ཡུ་མ་ཨ་རུ་ནན་རི་ཡ་རྦད། ཁེག་ཏྲི་ཤིག་ཏྲི་ཨ་རུ་ནན་ཏོ་ཡ་རྦད། །ཙ་མ་དུ་བྱ་ལི་ཁ་ཨ་རུ་ནན་ག་རུ་རྦད། །ནག་མོ་ཁ་རག་ཟླ་ཟ་མ། །མ་ཁ་ཤ་སྨྱོ། །སྙིང་མ་མ་ཤ་ལ་རྦད། །སྙིང་མ་མ་སྲོག་དུམ་བུ་ཁ་ལ་རྦད། ་།ག་ཤག་མྱ་མ་སྲོག་རྦད་པུ་རྦད་པུ་སྨྱོ། །མ་མ་ཙེ་སྨྱོ་ཐུ༷་སོད། །སྲོག་ཐུན་སྲོག་ཐུན། །ཐུ་ལུ༷་ཐུ་ལུ༷་ཙིསྟ་མ་སོད། །སྲོག་ཁ་དྷརྨ་མ་ཤ་ཙིསྟ་མ་སོད། སྲོག་ཐུ༷་ཐུ༷་ཡེར་ཡེར་སོད་སོད། །སྲོག་ཐུ་མུ༷་ཐུ་ལུ༷། །ཁ་ར་ཙེ་སོད་སོད། །ཨ་ལ་ར༷་ར༷་ཤག་སོད། །རི་ལི་རི་ལི་སོད། །མ་མ་ཐུན་མཧྭ་ནག་མོ་ཁ་སོ་ཁ་སྨྱོ། །སྙིང་ཟ་མ་ཡེ་རེ་ཡེ་རེ་སྲོག་རྦད། །ཁ་ནི་ཀ་ལི་ནི་མུ་ཐུ༷་སོད། །བན་དེ་སྲོག་ཁ༷་ཁ༷་རི་ལི་ལི་སོད། །ཨ་མོ་ཀ་ཤག་ཨ་མོ་ཀ་ཤག་བ༷། །ཁ་ཁ་པྱེ་མ་ར་ཡ་སོད། །སྲོག་ཤ་ཐུ༷་སྲོག་ཤ་ཐུ༷་སོད། །མུག་མུག་སོད། །མ་ཤ་བྱ་མ་ཤ་སྨྱོ་ལོང་མུག་མུག་སོད་མུག་མུག་སྲོག་ཤ་ཐུན་སྨྱོ། །སྲོག་མ་མ་ཆོད་ཡ་ཁྱེར་ཡ། །རུ་རུ་རགློ་དགྲ་བོའི་སྙིང་ལ་མ་ར་ཡ རྩ་ཐང་རྩ་ཐང་། །ཐང་མུ་ལེ་ཐང་མུ་ལེ་སྲོག་རྦད་རྦད། །ཨེ་ཙ་ར་ཨེ་ཙ་ར། །དགྲ་བོའི་ཙིསྟ་མྱ་ར་ཡ། །ཙ་ཐང་ཙ་ང་། །ཐང་མུ་ལེ་ཐང་མུ་ལེ་སྲོག་རྩ་རྦད་རྦད། །ད་ནི་དུན་རིང་དུ་ལ་ཡ་བཛྲ་དགྲ་བོའི་ཙིསྟ་མ་ར་ཡ རྩ་ཐང་རྩ་ཐང་ཐང་མུ་ལེ་ཐང་མུ་ལེ་སྲོག་རྩ་རྦད་རྦད། །ད་རུ་ཙ་ན་ཧ་ན་བཛྲ། ཁྲ་ཏུ་ཙིསྟ་མུ་ར་ཡ། ། ་ཐང་རྩ་ཐང་ཐང་མུ་ལེ་ཐང་མུ་ལེ་སྲོག་རྦད་རྦད། །ད་རུ་ཙ་ན་ཧ་ན་ཛྲ། ་།་ཏུ་ཙིསྟ་མུ་ར་ཡ། །རྩ་ཐང་རྩ་ཐང་ཐང་མུ་ལེ་ཐང་མུ་ལེ་སྲོག་རྩ་རྦད་རྦད། །མ་ར་ཐིག་མ་ར་ཐིག་ཤ་རུ་ཙིསྟ་མྱ་ར་ཡ། །རྩ་ཐང་རྩ་ཐང་ཐང་མུ་ལེ་ཐང་མུ་ལེ་སྲོག་རྩ་རྦད་རྦད། ཀྱི་མ་སྲོག་ཀྱི་མ་ཙ་ཤ་ཏུའི་ཙསྟི་མྱ་ར་ཡ། །རྩ་ཐང་རྩ་ཐང་ཐང་མུ་ལེ་ཐང་མུ་ལེ་སྲོག་རྩ་རྦད་རྦད། །ཀི་ལི་ནི་ཁ་རག་ཤ་ཏུའི་ཙིསྟ་མུ་ར་ཡ། །རྩ་ཐང་རྩ་ཐང་ཐང་མུ་ལེ་ཐང་མུ་ལེ་སྲོག་རྩ་རྦད་རྦད། །མ་ར་ཐིག་མ་ར་ཐིག་ཤ་ཏུའི་ཙིསྟ་སྨྱུ་ར་ཡ། །རྩ་ཐང་རྩ་ཐང་ཐང་མུ་ལེ་ཐང་མུ་ལེ་སྲོག་རྩ་རྦད་རྦད། །མ་མ་ཤ་རུའི་ཙིསྟ་བཱ་ར་ཡ། །རྩ་ཐང་རྩ་ཐང་ ཐང་མུ་ལེ་ཐང་མུ་ལེ་སྲོག་རྩ་རྦད་རྦད། ཁྲ་ཁ༷་ཤ་ཁ༷་མ་མ་སྲོག་ཙིཀྟ་ཙིཏི་རྦད་རྦད། །སྙིང་ཙིསྟ་དུམ་བུ་ཁ་ལི་ཁ་ལི་བོད་རྦད། །སྲོག་རྦད་པུ་རྦད་པུ་དུ་རི་མ་དུ་ཡག་པ་རྦད། །ཁྲག་ཏི་སྣ་གརྦ་བ་མ་ཤ་ཡ༷། །བ་ཡ་སུབས་སུབས་རྦད། །སྲོག་དི་ཏི་ཏ་ཡ༷་བ་དུམ་པུ་ར་ཏེ་རུ་ཏེ་རྦད། ་་ཙིསྟ་སྲོག་དུམ་བུ་ཁ་ལ་ཡསྒ་རྦད། །རྦད་རྦད་ཁ་ལི་དུམ་བུ་སྲོག་རྦད་མ་དུ་མ་མ་དུ་ཡ་རྦད། །ཅེས་བརྡེག་གོ། །འཛམ་གླིང་བྱ་རྒོད་ཕུང་པོའི་གཡས། །ཟོར་ཐང་སྐྱ་མོའི་དཀྱིལ་ཉིད་ན། །བྲག་དམར་གཡེན་ཚའི་ཡང་ཐོག་ན། །ཨེ་ཀ་ཛ་ཏི་འདོད་རྒྱལ་གནས། །རྒྱ་སྐྱེགས་འདྲ་བའི་བྲག་ཕུག་ལ། །ཡབ་ཅིག་གཤིན་རྗེ་འདོད་རྒྱལ་གནས། །གཤིན་རྗེ་རལ་གཅིག་གིས་གསིགས་པ་དང་། །རལ་གཅིག་དེ་ལ་བཀའ་བསྒོ་བ། །ཕོ་མོར་གྱུར་པ་འུ་ཅག་གཉིས། །འདོད་ཆགས་སྤྱ་པའི་དུས་ལ་བབ། །རལ་གཅིག་འདོད་པའི་རྒྱལ་མོས་གསོལ། །མི་སྨན་འུ་ཅག་གཉིས་ལས་ནི། །སྲིག་གསུམ་ཕུང་བྱེད་གདུག་བྱེད་མ། །ཞབྲུང་ཕྱིར་དེ་སྐད་མ་གསུང་ཞིག །དེ་སྐད་ཞུས་པས་མ་གནང་སྟེ། །ཆགས་པའི་རྒྱུད་ཅིག་སྤྱད་པའི་ཚེ། །ཕྱི་དུས་བསྟན་པ་བསྲུངས་པའི་ཆེད། །བདག་ཀྱང་དེ་རུ་སྤྲུལ་ཕྱིར་བཞུགས། །ཟླ་བ་བདུན་གྱི་ནམ་ཕྱེད་ན། །མ་ཡི་ལྷུམས་ནས་འཐོན་པ་ནི། །ཁ་མེད་མིག་མེད་དཔུང་བུག་པོ། །མ་ཉིད་ཡི་ཆད་འཕོངས་སུ་པོར། །གཉིད་ལོག་རྨི་ནས་སྔགས་ཏེ་སད། །བདག་གི་མཚན་ཉིད་མས་མཐོང་བ། །མིག་ནི་ཉི་མའི་ཟེར་བས་ཚ། །མཆེ་བ་ཟླ་ཚེས་འདྲ་བས་གཏམས། །ལག་ན་གསོད་པའི་མཚོན་ཆ་ཐོགས། །དེ་ཚེ་བདག་གིས་མ་ལ་བརྗོད། །ཀྱེ་བདག་ནི་ཚེ་སྲོག་བདག་མོ་ལགས། །མ་མ་ཟས་སྐོམ་ཅི་ལ་བགྱི། །མ་ཡིས་ལན་བླན་འཆིས་པ་ཡིས། །ཁ་ནས་ངན་སྔགས་ཆར་དུ་སྒྲོགས། །གཟུགས་མེད་སོད་ཆོད་ཟེར་བ་ཡི། །སེམས་ཅན་ཞོན་པ་ཅིག་ཏུ་མཐོང་། ། བྲེད་ནས་མ་ཡིས་བདག་ལ་སྨྲས། །བུ་ཡི་ལུས་སུ་སྲོག་གཅོད་གྱིས། །བུ་ཡི་ཟས་དུ་དམ་ཉམས་སྒྲོལ། །བུ་ཡི་སྐོམ་དུ་སྲིད་ཁྲག་འཐུང་། །དེ་སྐད་ཟེར་བ་ཁུམས་པའི་ཚེ། །བདག་གིས་སླར་ལ་གསོལ་བ་ནི། །ནུབ་རེ་སྲོད་དང་ནམ་གུང་ལ། །དམ་ཉམས་བརྒྱ་ཡི་ཤ་ཁྲག་བཟའོ། །བདག་གི་ཆ་ལུགས་མཐོང་བ་ཡིས། །རོགས་མོ་བྲེད་ནས་སྲོག་ཀྱང་སྨྲས། །བདུད་སྤྲུལ་བྲེད་ནས་སྲོག་སྨྲས་པ། །ཕྱི་དུས་རྣལ་འབྱོར་དོན་ཆེན་དུ། །མངོན་རྫོགས་ཡབ་ལ་དེ་རྣམས་དབུལ། །རུ་རུ་ཤད་ཤད་ཁ༷་ཁ༷། །མ་མ་ཏྲུ༷་ཧྲུ༷། ཁྲ་ཤ་མ་མ་ཁ་ཐ༷། །ཙིཏི་ཙིཉི་རྦད་རྦད། །རིལ་རིལ་ཐུ༷་རི་ལི་ལི་སོད་སོད། །དུ་ནཤག་པ་ཙི་ཁྲག་ཁ་ནས་ཕུད། །དུན་ཤག་པ་ཙི་ཁྲག་ནད་དུ་དྲིལ་ནི་རི་ཏི་དུ་ན་ཡ་ཚར་བུ་གསེར། །ཆུ་དྲིལ་ཐུ༷་སྨྱོ། ཁྲ་ཐུན་ཁ་ཁ། །ཁ་ཐུན་མུགས། །སྲོག་ཐུན་རྦད། །ཙ་ཐུན་རག་ཐུན་ཨ་ཤུག་ཡ༷། །རཀློ་རཀློ་རུ་རུ་ཧཱུཾ༷། །ཏིགི་རྦད་ཡ༷། ཁྲ༷་ཤེ་བདུད་ཕྲུག་སྲོག་ལུས་ཕྲོལ། །ཛ་ཧཱུཾ༷་བ༷་ཧོ་ར༷་ར༷་ཛ་ཐུན་རག་ཐུན་ཨ་ཤུག་ཡ༷། །རཀློ་རུ་རུ་ཧཱུཾ༷། །ཏི་སྟ་རྦད་ཡ༷། ཁྲ༷་ཤ༷་ནག་མོ་སྲོག་ལུས་ཁྲོལ། །དུད་ཐུན་མ་དང་སྨྱོ་ཀུན་མ་སྨྱོ། །ར་མ་བུ་སྨྱོ། ཁྲ༷་ཤ༷་མ་སྨྱོ། །མྱ་མ་ཁྲག་དུ་མྱ་མ་ཁྲག་ཏུ། །ནི་ཤ་ཡ༷། །མི་ཁྲག་ཐུན། ཤེ་བཱ་ར་ཡ་སྤྱོ། །ཁ་རག་རསྒོ་རུ་ཁྲག་ཉོག །པ་ཙ་ཤིག་པ་ཙ་པ་ཙ་ཤིག །ཆིངས་སྡོམས་ས་མ་ཡ། །ཐུ༷་ཐུ༷་རིལ་ཁུག་ད༷་ད༷་རིག་དུ་ཐུ༷་རིལ་མ་མ་རིག་དུ་ཐུ༷་རི་ལ། །ཡང་ཅིག་བདག་གི་སྤྲུལ་པ་ནི། །འཛམ་གླིང་པ་ར་གཡུ་ལུང་ན། །ནལ་གྱི་སྡོང་ཆེན་བྱ་བའི་ཤིང་། །རྩ་བ་འདོད་ཆགས་མཚོ་རུ་ཁོལ། །རྩེ་མོ་ཞེ་སྡང་མེ་རུ་འབར། །ལོ་མ་གཏི་མུག་མུན་པ་གཏིབས། ཁུ་ནང་རྒྱལ་བྲག་ཏུ་བཏགས། །ཁོང་ན་ཕྲག་དོག་ཚུབ་མར་འ་། །ནག་པོ་བཀྲག་མེད་ཞེ་སྡང་ཅན། །ཁ་འདར་མགོ་དགུ་འདོད་ཆགས་མཚོ། །གནས་པ་ཞ་སྡང་ཅན་གྱིས་མཐོང་། །ཆགས་སྐྱེས་འདོད་ཆགས་ཅན་ལ་སྨྲས། །བསྐལ་པ་བརྒྱ་རུ་འདོད་པས་ཕྲད། །ཆགས་པ་སྤྱད་པའི་དུས་ལ་བབ། །ཞེ་སྡང་བདག་ལ་སླར་སྨྲས་པ་། །ཁ་རག་ནག་པོ་ཅི་ཟེར་ན། །འདོད་ཆགས་ཞེ་སྡང་འདུལ་བ་ལས། །སྲིད་གསུམ་ཕུང་བྱེད་བུ་འོང་ན། །འཛེར་ལ་ཁྲོས་ཆགས་ཡིད་ཀྱིས་སྦྱར། །སངས་རྒྱས་བསྟན་པ་བགྲུང་བའི་ཕྱིར། །དེ་དུས་སྦྲུལ་ཕྱིར་བདག་ཀྱང་བཞུགས། །ཉོན་མོངས་འདུས་པའི་བུ་སྤུན་གསུམ། །ཟླ་བ་གསུམ་ན་ངེས་པར་སྐྱེ། །སོལ་བའི་སྒོང་ཆགས་མེད་དང་། །ཁྲག་གི་གྲོད་པ་ཁ་མེད་དང་། །དུག་གི་རྐྱལ་པ་སྲུབས་མེད་གསུམ། །རང་བཞིན་གཅིག་པའི་སྐྲུན་གསུམ་ཡིན། །སྲིད་གསུམ་དབང་དུ་སྡུད་པའི་ཕྱིར། །སོལ་བའི་སྒོ་ང་གནམ་དུ་སྤར། །དུག་གི་རྐྱལ་པ་ས་ལ་འཛུལ། །ཁྲག་གི་གྲོད་པ་བར་སྣང་འཕྱོ། །ཕ་དང་མ་ཡང་བཟང་པ་དང་། །བཙའ་པའི་སྐབས་ཀྱང་མ་རྙེད་དེ། །སྟེང་འོག་བར་སྣང་གསུམ་དུ་ཕུང་། །ཕ་མ་གཉིས་ཀྱང་ཟོས་ལ་ཁད། །ཕ་མ་གཉིས་ཀྱིས་དམོད་པ་བོར། །བུ་སྐྱེས་དགྲ་རུ་སོང་བ་འདི། །གཟུང་དུ་མ་བཏུབ་བཙར་མ་བཏུབ། །མཐུ་ཆེན་དབང་ནི་བཙམ་པ་གཅིག །བར་སྣང་མཁའ་ནས་ཡས་ཤོག་ལ། །འདི་གསུམ་གཉེན་པོར་ངེས་པར་ཤོག །སྔོན་དུ་ཐུགས་ཀྱིས་དམ་སྩལ་པའི། །མངོན་རྫོགས་ཡབ་ནི་ཁྱོད་ཉིད་གཤགས། །འདུལ་པའི་དབང་དུ་དགོངས་ནས་ཀྱང་། །སྣོད་གསུམ་རྡུལ་བས་སྤུན་གསུམ་བྱུང་། །ཕོ་མོ་སོལ་བའི་བུད་མེད་ནི། །ནག་མོ་མགོ་དགུ་སོལ་སྦྲུལ་གྱིས། །རྐང་ལགསོལབའིགཤོགཔཅན། །ཡབ་ཀྱི་བརྙ་གཡོན་པ་ནས། །བདུད་རྩི་གཡང་དུ་བླུགས་ནས་ཀྱང་། །སུག་པ་གཡས་པར་རྡོ་རྗེ་གནང་། །གསང་སྔགས་སྨོད་པའི་སེམས་ཅན་ལ། །གནམ་གྱི་ཡེ་བདུད་དབང་ཡང་བསྐུར། །མིང་དབང་གནས་ཀྱི་ཡེ་བདར་མོ། །འབྲིང་མ་འདོད་ཆགས་ཁྲག་གི་མི། །ཁྲག་གི་རལ་པ་གཏིང་ཟབ་ཅན། །ཟངས་ཀྱི་ཀྱེ་ལེའུ་གདོང་དྲུག་ཉོན། །དེ་ལ་དབང་གསུམ་བསྐུར་ནས་ཀྱང་། །གྱིང་དབང་བར་ སྣང་གློག་མ་སྲིན། །ཐ་ཆུང་དུག་གི་བུད་མེད་ལ། །དུག་སྦྲུལ་མགོ་བདུན་གཤོག་པ་ཅན ། །སྡེར་མོ་ལྕགས་ཀྱི་སྡེར་མོ་ལ། །ཁ་ནས་དུག་གི་སྐྱགས་པ་སྒྱུག །ལྕགས་ཀྱི་རྐང་ཀ་མགོ་འཕྱངས་ཤོན། །དབང་གསུམ་བསྐུར་ནས་མིང་བཏགས་པ། །ས་ཡི་ཕུང་བྱེད་མ་ཞེས་བཏགས། །རང་བཞིན་གཅིག་པའི་སྐྲུན་གསུམ་གྱིས། །སྙིང་པོ་མདོངས་གསོལ་ཕུལ་བ་ནི། །དུ་ནི་དུ་ནི་ཏིང་ད་ལ་ཡ་ཛ། །ད་རུ་ཛ་ལ་ནི་ཧ་ན་ཛ། །དུ་མ་ར་ཧ་ཏེ་སྨྱོ་ཛ། །ད་ར་ཙ་ས་མ་ཡ་ཛ་ཛ། །ཨེ་ས་ལ་མ་དུ་ལ༷་ཛ་ཛ ཛ་ར་ཡ་པྲ་ཏི་དུ་བ་ཡ་ཛུ་ཛུ། ཧཱུཾ༷་དུ་རི་པྲ་པ་ཡ་ཤག །ཧཱུཾ༷་མྱ་ར་ཡ་ཐུ༷་རིལ་ཤག་ཤག །མ་ཧྭ་རི་དུ་ན་ཤག །དུ་བ་ལིང་ཚལ་ས་ཛུ། ཧཱུཾ༷་རུ་ཧཱུཾ༷་རུ་ཤག །ཚལ་པ་ཛ་ཛ་པྲ་མ་ཀུ་ཏི་པྲ་མ་ཀུ་ཏི་པྲ་མ་མུ་ཏིང་། །ཧེད་ནི་ཤག །ཀྲང་ཀ་ནི། །དུར་ནི་མི་ཙི་གི་ཕཊ། ་་ཙི་རི་ན། །ཙ་ཧ་རི་ནི། །ཙ་ཧ་རི་ཧེད། །མ་དུ་རི་དུ་ཤག་ཧེར་ནི་ཤག །ཀུ་ལ་དུ། །མ་ཧེར་མ་ཧེར། །ཧེར་མ་ཐུ༷་རིལ། །མུཀྟ་ཤག་མུག་ཏ་ཤག །དུ་ན་དུ་ན། །མུག་ཏ་མུག་ཏ། །ཚལ་པ་ཚལ་པ ཨོ་ཙེར་མ་མ་ཧུར་བུ་ཧུར་བུ། །བུ་པྲ་མ་ཀུ་ཏིང་ཧེད་ཧེད། ཁེག་ཚལ་པ་སྨྱོ། །ཚལ་པ་སྨྱོ། །ཧེར་ནི་ཀུ་ལ་མ་དུན་ཡང་། །དུ་རྙི་དུན་ཏིང་། །དུ་ན་དུ་ན། །མཀྟ་ཤག །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །ལྷ་མོ་ཆེན་མོ་ཉིད་སྣ་ཚོགས་སུ་སྤྲུལ་ཏེ། །གདུག་པ་ཅན་གྱི་དོན་མཛད་པ་དང་། །ཕྱི་རབས་ཀྱི་རྣལ་འབྱོར་པའི་དོན་དུ་གསང་སྔགས་སྙིང་གི་སྙིང་པོ་དང་། །དམོད་མོ་དུ་མ་བཅོམ་ལྡན་འདས་ལ་ཕུལ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལ་གཟིགས་ཏེ། །འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་མོ་ཆེན་མོ་ལེགས་སོ་ལེགས། །བསྟན་པ་བསྲུང་པའི་དོན་ཆེད་དུ། །སྙིང་པོ་དུ་མ་སྨྲས་པ་ལེགས། །ཕྱིས་འབྱུང་གཤིན་རྗེ་བདུད་དང་ནི། །ཕོ་ཡི་འཁོར་གྱི་སྙིང་པོ་སྨྱོས། །དེ་ནས་ལྷ་མོ་ཆེན་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མས། །བཅོམ་ལྡན་འདས་ལ་ལན་དུ་མར་བསྐོར་པ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་ལ་འཁོར་ན་མ་མོ་ནི། །ནག་མོ་དམར་མོ་སེར་མོའི་ཚོགས། །དཀར་མོའི་ཚོགས་དང་སྨུག་མོའི་ཚོགས། །དེ་ལ་གྱིག་ཡང་རྣམ་པ་ལྔ། །ཡ་བདུད་ཡ༷་ཤུད་དམར་པོ་དང་། །ཁུ་ལེ་ལག་དགུ་ཤེལ་གིང་དང་། །ཡར་ཡ་ཤོད་ཀྱི་སྐྱེ་ཏོ་རེ། །དེ་ཡི་སྙིང་པོ་དྲིལ་པ་འདི། །མངོན་རྫོགས་ཡབ་ཀྱི་སྤྱན་སྔར་བརྗོད། །བདུད་ཏྲི་ན་ར་ཟུང་། །ཡ་ཏྲི་ནི་ར་ཟུང་། །རྣུ་ཤིག་ཡ་ནི་ར་ཟུང་། །དན་ཏྲི་ཤོ་མ་ཏྲི་དན་ཛ་ཛ། །རེའུ་ཏྲི་རེའུ་ཏྲི་ཛ་ཛ། །མ་ཏི་ཛ་ཛ། ཡ་ཡ་ཐིབ་ཐིབ། །ཡབཅིགགཤིནརྗེའི་རྒྱལ་པོར་སྦྲུལ། །དེ་ཡི་དུས་ཀྱི་བཙུན་མོ་བདག །བདག་ལ་སྐྱེས་པའི་གཤིན་རྗེ་སྟེ། །དེ་རྣམས་སྙིང་པོ་བརྗོད་པར་བྱ། །ཨོ་ཨ་ཀྲོ་ཏེ་ཀ་ཤི་མཉུ་ཡ་མྱན་ཏ་ཀ་ཛ་ཛ། །ཡ་མ་རཛས་ཏྭ་མེ་སྙིང་ལ་ཐིག །ཡ་མ་རྭ་ཛ་མུག་ཏོ་མེ་ཡ༷་སྙིང་ལ་སྟིག་ཡ་མ་རྭ་ཛ་སྙིང་ཏོ་མེ་ཡ༷་དབུགས་ལ་ཐུ༷། །ཡ་མ་རྭ་ཛ་ཕུང་ཏོ་མེ་ཡ༷་ལུས་ཐུ༷། །ནག་མོ་རེ་མ་ཏི་དགྲ་བོ་ལ་ཛ་ཛ། །ཡགྲུ་ནག་པོ་ཙབ་ཙབ། །མ་སྨྱོ་རུ་རུ་སྙིང་རྦད། །ཐུ༷་རིལ་ཁ་ཐུ༷་མ་སྤྱོ། །སྲོག་མུ་ར་ཡ་རྦད། །ཐུ༷་ཁ་ཐུན་རྦད། །རིལ་རིལ་ཡ༷་ཡ༷་སྙིང་ལ་ཡ༷།ཁྲ་པ་རི་ཁ༷་ཁ༷། །ཏྲི་མ་ཁ་ཐུན་ཡ༷། །ག༷་པུ་པུ་རྣ་ཤག །དགྲ་ལ་ཡ༷། །གུག་ཐུ༷་སྨྱོ། །ལོང་སོད། །དགྲ་བོ་མ་ར་ཡ་སོད་སྨྱོ་ལོང་། །སྙིང་ལ་མི་ཏི་རུ་རུ་ཏི་སྟ་རྦད། །སོད་རིལ་ཡ༷། །ར་ཏེ་རུ་ཏེ་ཡ་ཤི་ཏི་སྨྱོ། །ར་ཏི་རུ་ཏི་ཁྲམ་པ་ཏི་སྨྱོ། ཁྲར་པ་ཤར་པ་ཙིག་ཙིག་ཡ༷་ཡ༷། །དུ་ཏྲི་པ་ཏྲི་སྐོར་བ་ཁ༷་རྦད། །ཡ་ཏི་བསྐོར་པ་རྦད། །འཛམ་གླིང་ཕུང་ཕུང་ནག་པོ་ན། །བདུད་ནི་ནག་པོ་རལ་གཅིག་དང་། །བདག་ཉིད་ནག་མོ་རལ་གཅིག་སྤྲུལ། །དེ་གཉིས་སྦྱོར་བས་བུ་གསུམ་སྐྱེས། །ཁལ་རྒྱལ་དང་ནི་གདུག་བྱེད་དང་། ། གསོད་བྱེད་ནག་པོ་བདུད་ཕྲུག་གསུམ། ཁྲན་ཏི་རྭ་ཛ་ར་མ་འཇམ་ནས། །སྦྲུལ་གསུམ་ངན་སྔགས་གསུམ་བགྱིད་པ། །བཅོམ་ལྡན་འདས་ཀྱི་སྦྱན་སྔར་བརྗོད། ཁྲ་ལ་ཐུན་ཅིག །ཁྲག་ལ་ཐུན་ཅིག །སྙིང་ལ་ཐུན་ཅིག །སྲོག་ལ་ཐུན་ཅིག ཁྲ་ལ་གུག་ཐུ༷་རྦད། །ཐུ༷་རིལ་ཡ༷་རྦད་སྨྱོ། །སྙིང་ལ་ཐུ༷་ཙིསྟ་བ༷་ལོག །ཐུ༷་རིལ་བ༷་རྦད་སྨྱོ། །སྲོག་ལ་ཐུ༷་རྦད། །ཁ་རིལ་ཡ༷་རྦད་མུ་ར་ཡ་སྨྱོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །ལྷ་མོ་ཆེན་མོ་ཉིད་ཀྱི་འཁོར་བདུད་དང་། །གཤིན་རྗེ་དང་། །བདུད་ཀྱི་ངན་སྔགས་བཅོམ་ལྡན་འདས་ལ་དངོས་སུ་ཕུལ་བའི་ལེའུ་སྟེ་ལྔ་པའོ། །དེ་ནས་ཡུམ་འདོད་པ་ཁམསཀྱི་དབང་ཕྱུག་མས། །བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཡསྒ་ཀྲོ་དྷི་ཤྭ་རིའི་ཆ་ལུགས་བཟུང་ནས། །གཡོན་ཕྱོགས་སུ་གནས་ཏེ། །གར་བྱེད་ཅིང་དམ་དུ་འཁྱུད་པ་དང་། །འཚིར་བ་དང་། །འོ་བྱེད་པ་དང་། །ལིང་ཀ་ལ་རོལ་པར་བྱེད་ཅིག་ཆད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་ཨེ་མའོ་ཐུགས་རྗེའི་བདག །བདག་དང་བསོད་ནམས་སྐལ་བར་ལྡན། །སྙོམས་འཇུག་དབང་གིས་མྱ་ངན་འདས། །ཕྱི་དུས་བསྟན་པ་བསྲུང་པའི་ཕྱིར། །འདས་དག་མ་འདས་ཚུལ་བཟུང་ནས། །ལྷ་སྲིན་སྡེ་བརྒྱད་དབང་བསྡུས་ཏེ། །སྲིད་གསུམ་ཉམ་ཆུང་བདེ་སྤྱིན་ཞིང་། །བསྟན་པ་འཇིག་པ་བསྒྲལ་པར་བགྱིའོ། །ཞེས་བརྗོད་དེ། །བདེ་བ་དང་ལྡན་ནས། །རང་གིས་མཐོང་བའི་དོན་ལ་མ་ཡེངས་པར་རྟོག་གོ། །དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀས། །རྡོ་རྗེ་གསང་ལསཧཱུཾ༷ དཀརགཅིག །དགྱེས་པ་འཕྲོ་འདུས་བྷ་གར་ཐིམ། །གསང་པ་རྒྱས་པས་འཇིག་རྟེན་ཁམས། །རཀྟ་ཆགས་པ་གཡོས་པར་འགྱུར། །དབང་གི་རྡོ་རྗེར་གྱུར་པ་རྣམས། །རྩ་པ་བཏེག་སྟེ་ཡིད་གཡོས་ནས། །ཀུན་ནས་གཡུང་དྲུང་གནས་སུ་འདུས། །ཐམས་ཅད་སྤྱི་དཔལ་ཡབ་ཡུམ་ལ། །ནག་མོ་ལ་སོགས་འདོད་ཁམས་ཀྱིས། །ལྷ་སྲིན་སྡེ་བརྒྱད་ཡག་ཤར་འདུས། །ཡུམ་ཆེན་སྤྱན་བསྡངས་ཡབ་ལ་སྐུལ། །ཡབ་ཀྱིས་གནོད་འདུལ་ལྷ་ལ་གཟིགས། །གནོད་འདུལ་སྟན་ལས་རབ་ལངས་ནས། །བསྐོར་བ་བརྒྱ་ཕྲག་སྟོང་དུ་བྱས། །གུས་པའི་ཚུལ་གྱིས་རབ་བ་་དེ། །མདུན་དུ་པུས་བཙུགས་ཐལ་སྦྱར་ནས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཡབ་ཀྱི་དགོངས་པ་ཇི་ལྟ་བུ། །ཉོན་ཅིག་ཡབ་ཀྱི་བཀའ་སྩལ་འཚལ། །མ་མོ་ཀུན་གྱིགཙོ་མོ་སྟེ། །རྡོ་རྗེ་ལས་ཀྱི་རྒྱལ་མཚོ་མ། །དུར་ཁྲོད་བདག་ལ་གདོག་རིངས་ཆེ། །གཤིན་རྗེ་ལས་ལ་རྫོགས་པ་མོ། །བདུད་ཀྱི་ལྕམ་ཅིག་གཤིན་རྗེའི་ཡུམ། །ནད་ཀྱི་བདག་མོ་རིམས་ཀྱི་རྐྱེན། །འདི་བསྒྲུབ་དང་པོ་ལྷ་ཉིད་དེ། །བར་དུ་ཀླུ་གནོད་གཤིན་རྗེ་ཉེ། །ཐ་མ་བདུད་དང་མ་མོ་ཉེ། །མཆོག་ཏུ་གྲུབ་ན་འཕགས་པ་འང་དགེས། །ར་ས་ཡའི་བདག་མོ་སྟེ། །མ་མོའི་ནང་ན་བསྒྲུབ་པར་སླ། །དེ་ཕྱིར་འདི་ཡི་སྒྲུབ་པའི་ཐབས། །འཇིག་རྟེན་མི་ལ་སྨན་གླད་དུ། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །དབེན་ལ་གཉན་ཞིང་ཉམས་དགའ་བར། །གཏོར་མ་རྫས་དང་ལྡན་པ་ལ། །རཀྟ་ར་ས་ཡ་ནར་ལྡན། །གུ་གུལ་དུད་པ་རྒྱུན་མི་གཅད། །དམར་གྱི་གཏོར་མ་མཉེས་པར་སྦྱིན། །དང་པོར་ཉེ་བར་བྱས་ནས་ནི། །དེ་ནས་བསྒྲུབ་པ་རབ་ཏུ་བྱའོ། །རབས་ཆད་ནག་པོའི་ཐོད་པ་སྲ །ཙིསྟ་དང་ནི་རསྐ་དང་། །བཙན་དུག་རྣམས་ནི་བླུགས་པར་བྱ། །བོད་པ་རྦད་པ་གསད་པའི་སྔགས། །བདུན་འབུམ་གྲངས་ནི་ཚང་འགྱུར་ན། །ཁྲག་ནི་གནོད་པ་དེལ་གཏོང་། །གདུང་དབྱངས་སྙན་པས་བསྐུལ་པ་ནི། །མ་མོ་མ་ཅིག་ཡསྒ་དམ་ཅན་མོ། །སྟོང་གསུམ་རྒྱུ་ཞིང་སྤྲུལ་པས་འགེངས་པ་མོ། །སྲིད་གསུམ་སྦྱོར་བས་སྡུད་པས་མ་ཅིག་ཁྱོད་ཀྱི་མཐུ། །ཁམས་གསུམ་ཐམས་ཅད་སྒྲོལ་བ་མ་ཅིག་ཁྱོད་ཀྱི་མཐུ །སྣང་སྲིད་གཡོ་ཞིང་བསྐྱོད་པ་མ་ཅིག་ཁྱོད་ཀྱི་མཐུ། །ནད་ཀྱི་སྐལ་པ་གཏོང་བ་མ་ཅིག་ཁྱོད་ཀྱི་མཐུ། །སྙིགས་མ་ལྔ་ཡི་རྟགས་འབྱིན་མ་ཅིག་ཁྱོད་ཀྱི་མཐུ། །ཚུབ་ནག་སྟོང་དུ་འཁྱིལ་བ་མ་ཅིག་ཁྱོད་ཀྱི་མཐུ། །དྲེད་མོ་སྟོང་དུ་རྫུ་བ་མ་ཅིག་ཁྱོད་ཀྱི་མཐུ། །མོན་མོ་སྟོང་དུ་རྫུ་བ་མ་ཅིག་ཁྱོད་ཀྱི་མཐུ། །གང་དུ་རྦད་ནས་ཟུང་ཞིག་བྱས་པ་དེ་ཡི། །མགོ་ཆོད་ཕོར་པར་བྱ་ཡིས་ཁྱེར་ལ་ཤོག །ཙིསྟ་ཞལ་ཁ༷་བྱ་ཡིས་ཁྱེར་ལ་ཤོག །པགས་བཤུས་གོས་སུ་བགོ་ཡིས་ཁྱེར་ལ་ཤོག །མཚལ་པའི་སྣོད་དུ་བྱ་ཡི་ས་ལ་མར་བསྐུས་། །ནག་མོ་ཆེན་མོ་སྨྲ་འབར་ན། །འབར་མ་གཤིན་རྗེ་སྲོག་བྱེད་མ། །མཐིང་ནག་ཆེན་མོ་སྲེ་སྤྲིན་མདོག །སྐུ་སྟོང་ཉི་མ་འབུམ་གྱིས་བརྒྱན། །སྐུ་སྨད་ཟླ་བ་འབུམ་གྱིས་བརྒྱན། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་རེ་ལྡེ་ནག་པོས་བྲེས། །ཉམས་པ་སྒྲོལ་བའི་ཤན་པ་མོ། །རག་ར་ཁྲོ་མོ་ཀུན་གྱི་རྗེ། །ཐོད་པས་འབྲུ་མར་འདྲིལ་ཞིང་རྒྱུག །ལྕགས་ཀྱི་དྲེ་དགོད་ཤར་རར། །ནག་མོ་འབུམ་གྱི་དབུས་ན་འགྱིང་། །སྙིང་ཟན་ཙིསྟའི་ཀློང་ན་བཞུགས། །ཙིཏིའི་ཀློང་ན་མེ་འབར་མ། །འཐོར་བྱེད་རླུད་གི་རྒྱལ་མོ་སྟེ། །ནག་མོ་རླུ་་ཤོན་ཡིད་ཀྱི་འགྲོ། །འཐོར་བྱེད་རླུད་གི་གོ་ཅོག་ཅན། །རསྒ་ག་་པོ་བེ་ཅོན་བསྣམས། །དམར་གྱི་གཏོར་མ་འདོ་ལོང་ལ། །བདག་གིས་ལས་བཅོལ་གྲུབ་པར་གྱིས། །ཞེས་བྱ་བ་ནི་ནག་མོ་བེ་ཅོན་གྱི་བསྒྲུབ་པའོ། །བྲག་དམར་ཆོལ་ཟངས་འདྲ་བའམ། །རང་ཉིད་ཉལ་ཁ་དབེན་པར་བསྒྲུབ། །སྙིང་པོ་དམར་དང་འཆི་སྐྱེན་རྣམས། །དྲི་ཤུན་ཐིག་ལེར་སྦྱར་ཏེ་བཅང་། ཐིག་ལེ་དཀར་ནག་རྫས་རྣམས་ལ། །སྙིང་པོ་ཐིག་ལེ་སྟོང་དང་ནི། །ཚོམ་བུ་སྟོང་དུ་རབ་ཏི་བཟླས། །མ༷་ས་རྣམ་ལྔ་རཀྟ་དང་། །མི་དབང་རྣམ་འབྲས་བུ་སོགས། །སྦྱར་པའི་གཏོར་མ་ཨརྒ་དང་། །ཨ་མྲི་ཏ་རུ་སྦྱར་བ་བཤམ། །སྙིང་ཐིག་རྦད་ཏིག་སྲོག་ཏིག་རྣམས། །ཚོམ་བུ་སྟོང་དང་ཐིག་ལེ་སྟོང་། །སྟོང་གི་ཐིག་ཆད་ཐིག་ལེའུ་ནང་། །བཀུག་སྟེ་དབང་བསྡུ་བསེ་བསྒོ་བྱ། །ཏབྱ་ཐུ། །་ག་རསྒ་རུ་རུ་རོ་རུ་བ་དོ་སི་ཙ་པ་ལ་ཨ་ཤུ་གླེ་སྨྱོ་ཛ་ཧཱུཾ༷་བ༷་ཧོ་རུ་ལུ་རུ་ལུ་སྨྱོ། །ཨ་ཏི་ཐ་ཡོ་གི་ནན། །ས་མ་ཡ་ཨ་ཏི་ཛི་བ་ལིང་སྣུན་རྫནུ། །ས་མ་ཡ་པ་ལ་ཡནུ། །མ་མ་རཀླུན། ཁྲ་ཏུ་བྷ་ཀྟ་ཡ་ནུ། །རི་པུ༷་མ་ར་ཡནུ། །ཧཱུཾ༷་ཛ་ཧྲི་ཧཱུཾ༷་ཕཊ། །བ་ལིན་རྒྱུན་དང་ཚོམ་བུར་སྦྱིན། །དེ་ནས་ཉེ་བར་གྱུར་བ་དང་། ཁྲ་དུ་གསད་པའི་ལས་བྱ་སྟེ། །མ་མོ་སྲོག་ཐིག་ནག་མོ་འདིས། །ཁྲག་གི་ནད་མདའ་འཕང་འདོད་པས། །འབྲས་བུ་མེད་པའི་སྣོད་ནང་དུ། །ནི་ཤུན་ཐིག་ལེ་དེ་རུ་བླུགས། །སྙིང་པོ་ཁུ་བ་འཆི་རྐྱེན་གྱིས། །བླུགས་ཏེ་དེ་ཉིད་སྤེལ་བར་བྱའོ། །ཐིག་ལེ་དཀར་ནག་རྫས་ཆེན་དང་། །སྙིང་ཐིག་སྲོག་ཏིག་གསད་ཐིག་རྣམས། །ཚོ་མ་བུ་ཐིག་ལེའི་ཚུལ་གྱིས་ནི། །བདུན་འབུམ་གྲངས་ནི་ཚང་བར་བྱའོ། །གཉེན་པོ་ལས་བྱེད་ལྷ་ཡང་བསྒོམ། །ཏྲེརེ་རྫས་གཏོར་མ་གཏང་། །བསྟེན་དབྱངས་བསྐུལ་བ་ནི། །ཧཱུཾ༷། །མ་མོ་ཀུན་གྱི་རྗེ་མོ་ཁྱོད། །བོང་གེ་རིང་སྟེ་གནམ་ལ་ཅུག་མ་རེག །རྐང་པ་རིང་སྟེ་མཚོའི་གཏིང་ཡང་ཞབྲུག །ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ན། །འཕགས་པ་འཇམ་དཔལ་དགོངས་པ་མཛད། །རང་པ་དམར་པོའི་རྩེ་ནས་ལྕགས་ཀྱི་སེར་པ་འབེབས། །དཔྲལ་བའི་དབྱེས་ནས་སྐར་མ་སྨིན་དྲུག་འཆར། །ཅ་ཅིག་སྨིན་མ་གཡས་གཡོན་ལ། །ནད་ཀྱི་གྲོང་ཁྱེར་ལྔ་བརྒྱ་ཡོད། །མིག་ནི་ཉི་མ་ཟླ་བར་འཁྱིལ། །ཁ་ནས་ཁྲག་དང་ཞག་འཛག་མ། །ཁྲག་གི་དེ་ནི་དྲི་ཚོར་ན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་སྙོག །མཆེ་བ་གཙིགས་པས་དཔག་ཚད་སླེབས། །ཁྱོད་ཀྱི་ལག་པ་གཡས་པ་ལ། །སྲིན་པོ་བརྒྱ་ཡི་མཚན་རྟགས་ཅན། །ཁྱོད་ཀྱི་དཔུང་པ་གཡོན་པ་ལ། མ་མོ་འབུམ་གྱི་མཚན་རྟགས་ཅན། །མ་ཅིག་ཁྱོད་ཀྱི་རྐེད་པ་ལ། ཁུ་སྐར་ཉི་ཤུ་རྩ་བརྒྱད་འཆར། །ཁྱོད་ཀྱི་རྐང་བའི་མཐེ་བོང་ལ། །ཉི་མ་ལ་སོགས་གཟའ་བརྒྱད་འཆར། །ཁྱོད་ཀྱིརྐང་པ་གཡས་པ་ཡིས། །དགྲ་བགེགས་རྐེད་རུས་བརྒྱ་ཙམ་གནོན། །ཁྱོད་ཀྱི་རྐང་པ་གཡོན་པ་ཡིས། །མི་མགོ་དེ་ནི་སྟོང་ཙམ་གནོན། །མ་མོ་ཀུན་གྱི་རྗེ་མོ་ཁྱོད། །ནུབ་གཅིག་ཟས་སུ་མི་རྟ་བརྒྱ་ཟ་མ། །ནུབ་ངཉས་ཟས་སུ་མི་བུ་སྟོང་ཟ་མ། །ནུབ་གསུམ་ཟས་སུ་མི་བུ་ཁྲི་ཟ་མ། །ནུབ་བཞི་ཟས་སུ་མི་བུ་འབུམ་ཟ་མ། །སྔགས་པསཔ་གདུངས་ནས་རྦད་པའི་ཚེ། །དོན་མ་འགྲུབ་པར་སླར་མ་ལྡོག །མ་ཅིག་ལྷ་མོ་རེ་མ་ཏེ། །སྔགས་པས་གདུངས་ནས་རྦད་པའི་ཚེ། །མ་མོ་ཀུན་གྱི་ཡང་རྗེ་སྟེ། །མ་མོ་ཀུན་གྱི་ཕྱག་བརྙན་མཛད། །བསྟན་པ་ཀུན་གྱི་ཡང་རྗེ་མོ། །སྐུ་ལ་ན་བཟའ་ཅི་གསོལ་ན། །སྐུ་ལ་རེ་ལྡེ་ནག་པོ་གསོལ། །དབུ་ལ་རེ་བའེ་གོ་ཅོག་གསོལ། །ཁྱེད་ཀྱི་ལག་པ་གཡས་པ་ན། །བདུད་ཀྱི་ཁྲམ་ཤིང་རིམ་དགུ་ཐོགས། །དགྲ་བགེགས་ཁྲམ་ལ་ད་ཐོབ་ཅིང་། །ཁྱོད་ཀྱི་ལག་པ་གཡོན་པ་ན། །ནད་ཀྱི་དེ་ནི་རྐྱལ་པ་བཀལ། །དགྲ་ལ་མི་ནད་སྣ་དགུ་ཐོང་། །མ་ཅིག་དམ་ལས་མ་འདའ་བར། །ད་མ་ཉམས་འདི་ལ་རྟགས་ཕྱུང་ཞིག །བདུན་འབུམ་གྲངས་ནི་ཚངས་གྱུར་ན། །བདུན་ནམ་དགུ་ནས་ལེན་ཏེ་འཆི་ཞེས་བྱ་བ་ནི། །དཔལ་ལྡན་རེ་མ་ཏིའི་སྙིང་ཐིག་སྲོག་ཐིག་གི་བསྐྲུབ་པའོ། །འདོད་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །ལྷ་དང་ལྡན་པའི་སྲོག་ཐིག་ནག་པོ་དང་། །སྲིན་པོར་ལྡན་པའི་སྙིང་ཐིག་སྲོག་ཐིག་ནག་པོ་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།ཏ་ན་བསྒྲལ་པའི་དུས་ཀྱིས་ཀྱང་། །མ་མོའི་ཐུགས་དམ་བསྐར་བར་བྱ། །འགའ་ན་སྦྱོར་པའི་ལུང་གིས་ཀྱང་། །གཉིས་མེད་མ་མོའི་དོན་རྟོགས་བྱ། །ལྟ་བའི་དོན་ནི་རྟོགས་བྱས་ནས། །འཕྲིན་ལས་དགོངས་སྤྱོད་ཚང་པར་སྦྱར། །ཐུན་གྲུབ་རྟགས་ཀྱི་ཚད་ཕྱིན་པ། །ཉིན་ཅིག་གནོད་འདུལ་ལྷ་ཡི་གཙོ། །དམར་ལ་དཀར་པ་ཆགས་པ་ན། །གཉིས་སུ་མེད་པའི་དངོས་གྲུབ་ཐོབ། །འོད་དཀར་དྲི་ཞིམ་འོད་བྱུང་ན། །ལྷ་དང་བཅས་པ་གྲུབ་པ་ཡིན། །འོད་དམར་སྐྲུལ་དུ་ཆགས་པ་ན། །ཀླུ་དང་བཅས་པ་མངོན་དུ་གྱུར། །འོད་གནག་དྲི་མ་མི་ཞིམ་ན ། །གནོད་སྦྱིན་འཁོར་གྱིས་བསྐོར་བར་འགྲུབ། །འོད་འཁྲུག་སྙིང་ནི་འཕངས་མཐོ་ན། །གཤིན་རྗེའི་འཁོར་དང་ལྡན་པ་ཡིན། །འོད་ལྡན་ནུས་མེད་སྐྲུ་ཟིང་ན། །བར་ཆད་བྱེད་པ་བཟློག་པར་བྱའོ། །ཐུན་ཁྲག་པོ་ན་སྒྲིབ་ཡོད་བཤགས། །འགུལ་ཞིང་ལྡེག་ན་ཕོ་ཉ་སྟེ། །ཁོལ་ཞིང་རླངས་བྱུང་དྲག་པོར་འགྱུར། །ནག་པོ་གཏིང་ནག་འདུག་པ་ན། །ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་ཐོབ། །དཀར་ན་ཞི་སྟེ་སེར་ན་རྒྱས། །དམར་པོ་དབང་སྟེ་གནག་ན་དྲག །གར་གྲུབ་ཁ་དོག་འབྱུང་བ་ཞིག །འཇམ་པ་ཆེ་ན་ལྷ་ཡི་སྐད། །རྩུབ་ལ་རིང་ན་ཀླུ་ཡི་སྒྲ། །མཐོ་ལ་རྩུབ་ན་བདུད་ཀྱི་སྒྲ། །ཐུངལརྩུབནགཤིནརྗེཡིན། །རྩེ་ཐུབ་ཐུབ་ན་གནོད་སྤྱིན་ཉིད། །འཇམ་ཞིང་སྙན་ན་མ་མོ་དངོས། །དྲི་ཡི་བྱེ་བྲག་བཤད་པ་ནི། །དྲི་ཞིམ་འཕྲོ་བ་ལྷ་དང་ལྡན། །དྲི་ཞིམ་དང་ལྡན་མ་མོ་སྟེ། །དྲི་མི་ཞི་ལ་ངད་ལྡན་ན། །ཀླུ་ལ་སོགས་པ་ཡིན་པར་བཤད། །བསེ་དྲི་དྲི་ལ་སྐྲུ་ཟིང་ན། །བར་ཆད་བྱེད་པ་ཡིན་པར་བཤད། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས །ཏ་ན་དང་ག་ན་དང་། །ཐུན་གྱི་བསྒྲུབ་པ་ལ་རྟགས་བཤད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡག་ཤ་ནག་མོའི་བསྒྲུབ་པ་བཤད་པར་བྱས་ཏེ། །དབེན་ལ་གཉེན་ཞིང་ཉམས་དགའ་བར། །བྲག་ནག་འཚལ་གྱི་ཐིག་བཅས་སུ། །ས་བདག་ལ་སོགས་གཏོར་མ་སྦྱིན། བར་ཆད་བྱེད་པ་བསྐྲད་པར་བྱ། །དཔལ་གྱི་དཀྱིལ་འཁོར་ལྡན་པ་ཡིས། །མོན་མོ་སྐྱེ་རིངས་ཐོད་པའི་ནང་། །མི་དང་རྟ་ལ་སོགས་པ་སྟེ། །སྣ་ཚོགས་ཤ་དང་ཤི་ཀའི་ཚལ། །གལ་ཁྱི་ཁྱུང་དང་མི་དབང་ཚོགས། །དེ་ནསགཏོར་མ་རབ་ཏུ་བྱ། རྩ་བ་མེད་པའི་ཐམས་ཅད་ནང་དུ་ཁྲག་མཁྲིས་དུག་དང་ཤིང་ཐོག་དང་། །སྣ་ཚོགས་ཁྲག་ནི་འབྱོར་ཚད་བླུགས། །ཆུ་དང་མྱོས་བྱེད་དུག་སྣ་གསུམ། །དེ་ཡང་གནོད་པའི་རྫས་སུ་སྦྱར། །འཆི་ཀའི་མཚལ་ཏིག་བྱུར་ཟད་འཚལ། །ཁྲག་སྣ་སྟོང་དུ་སྦྱར་བ་སྟེ། །བཅུ་དྲུག་ལོན་པའི་ཕོར་པ་སྲ །ར་ས་མྱོས་བྱེད་སྦྱར་བ་ཡང་། །བཅོ་བརྒྱད་ལོན་པའི་ཁམ་ཕོར་བླུགས། །ཚེས་དགུ་བདུན་ལ་བསྒྲུབ་པ་གཟུགས། །བཅུ་གཅིག་ནུབ་མོ་གཏོར་མ་གཏང་། །བཅོ་ལྔའི་གཉན་པོ་འམ་དུར་ཁྲོད་དམ། ཁེང་ལོ་རླུ་་ཁྱེར་མ་ལྷུང་བ། །མཚན་བྱང་ཚིལ་ཆེན་རྭ་རུ་ར་གཞུག །བྱང་ཤར་མཚམས་ཀྱི་མེ་ཉིད་ལ། །བསྲེག་ཅིང་ཉུངས་ཀར་ཉུངས་ནག་གིས། །མེ་ལ་གཏོར་ཞིང་གནས་གསུམ་བཟླས། །གཏོར་མ་བསྔོ་ཞིང་བསྟན་ཀླུས་བསྐུལ། ཁྲརཕྱོགས་ལྷ་མོ་ནག་མོ་ནི། །མཧྭ་དེ་བའི་བཙུན་མོ་སྟེ། །སྐུ་མདོག་མཐིག་ནག་འབར་བ་ལ། །སྣ་ཡང་གླང་ཆེན་འགྱིང་བ་འདྲ། །མཆེ་བ་དཀར་པོ་ཟླ་ཚེས་འདྲ། །བུད་མེད་དཀར་མོ་འབར་བ་ལ། །གཡུ་ཡི་སྨིན་མ་ལམས་སེ་ལམས། །གཡུ་ཡི་ཐོད་ཚུགས་གྱེན་དུ་འཁྱིལ། །ཕྱག་ན་ལྕགས་ཀྱི་ཕུར་པ་འདྲིལ། །ལྷ་ཡི་བཙུན་མོ་རེ་མ་ཏི། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ཕྱོགས་གཤིན་རྗེ་རེ་མ་ཏི། །གཤིན་རྗེ་ནག་པོའི་ཆུང་མ་སྟེ། །དར་ནག་བེར་ཆེན་པུ་རུ་སྲ །ལྕགས་ཀྱི་རལ་པ་སིལ་ལི་ལི། །མི་ལྤགས་གཡང་གཞི་ཐོད་པས་བརྒྱན། །གསེར་གྱི་མཆེ་བ་ལྕགས་ཀྱི་སོ། །བསེ་ཡི་སྨིན་བཟངས་ལམ་ས་སེ་ལམས། །ལག་ན་མི་རོའི་གཡབ་འདོར་ལ། །མཆོག་གི་ཕུར་བུ་སིལ་ལི་ལི། །འཁོར་ཡང་གཤིན་རྗེ་ནག་པོས་བསྐོར། །གསོད་བྱེད་ཚོགས་ཀྱི་དུས་ལ་བབ། །ནུབ་ཕྱོགས་བདུད་མོ་རེ་མ་ཏི། །དམར་མོ་རལ་པ་གྱེན་དུ་བརྗེས། །གཡུ་ཡི་སྨིན་མ་ལམས་སེ་ལམས། །མི་བཟད་གཡུ་ཡི་མཆེ་བས་གཏམས། །བསེ་ཡི་ཕུར་བུ་སིལ་ལི་ལི། །འཁོར་ནི་བདུད་ཀྱི་ཤན་པས་བསྐོར། །མི་བཟད་ཆེན་མོ་གཤེགས་སུ་གསོལ། །བྱང་གི་ཕྱོགས་ནས་སྤྱན་འདྲེན་ན། །གནོད་སྤྱིན་ཨུ་རུ་རེ་མ་ཏི། །ནག་མོ་རྨ་བྱའི་རལ་པ་ཅན། །ན་བཟའ་རྨ་བྱའི་ཐུལ་པ་ལ། །འཇའ་ཚོན་སྔོན་དམར་ལམས་སེ་ལམས། །ཚ་བ་ནད་ཀྱི་ཁ་རླངས་ཅན། །རྨ་བྱའི་མདོས་ཀྱི་སྨིན་མ་ཅན། །གཡུ་ཡི་མཆེ་བ་ཐམས་སེ་ཐམས། །ལག་ན་ལྕགས་ཀྱི་ཕུར་འདྲིལ་མ། །འཁོར་ཡང་གནོད་སྤྱིན་ཤན་པས་བསྐོར། །ལིང་འདེབས་ཆེན་མོའི་དུས་ལ་བབ། །བྱང་གི་ཕྱོགས་ནས་གཤེགས་སུ་གསོལ། །བྱང་ཤར་མཚམས་ཀྱི་སྤྱན་འདྲེན་པ། །ས་བདག་ཆེན་མོ་རེ་མ་ཏི། །སྐུ་ནི་སྔོ་ནག་འགྱིང་བ་མོ། །ལྕགས་ཀྱི་རལ་ས་གཙུག་ནག་འཁྱིལ། །ལྕགས་ཀྱི་མཆེ་བ་ཟུར་གསུམ་ནི། །རྩེ་མོ་རྣོ་ལ་ཕུར་བུའི་དབལ། །དྲེག་ཐུལ་ནག་པོ་སྐུ་ལ་གསོལ། །ལྕགས་ཀྱི་ཁུར་བུ་སིལ་ལི་ལི། །ཧད་འཁོར་ནི་འབྱུང་པོ་སྟོང་གིས་བསྐོར། །མཚམས་ཀྱི་འབྱུང་པོའི་ཆུང་མ་སྟེ། །བྱང་ཤར་མཚམས་ནས་གཤེགས་སུ་གསོལ། །ཤརལྷོའི་མཚམས་ནས་སྤྱན་འདྲེན་ན། །རསྒ་དཔལ་ལྡན་རེ་མ་ཏི། །སྐུ་ནི་མཚོ་མདོག་སེར་མོ་ལ། །སྐུ་ནི་རལ་པ་ཐོག་གིས་བརྒྱན། །ཐིག་གི་ཟར་པུ་སྐུ་ལ་གསོལ། །གློག་གི་སྨིན་བཟང་ལམས་སེ་ལམས། །གནམ་ལྕགས་མཆེ་བ་འཐབ་ཅིང་འཕྲོ། །ཁ་ནས་འབྲུམ་བུའི་ནད་གཏོང་མ། །ཕྱག་ན་ཐོག་གི་ཕུར་བ་འདྲིལ། །ཐོག་གི་སྒྲ་ཆེན་རབ་ཏུ་གྲགས། །ཆེམ་ཆེམ་འུར་འུར་གཡོ་ཞིང་སྤྱོན། །སྤྲུལ་པ་གདུག་ཅིང་མི་བཟད་པ། །ཆུ་སྲིན་འབར་བའི་འཁོར་གྱིས་བསྐོར། །མི་བཟད་ཆེན་མོ་ལིངས་ལག་གཤེགས། ཁྲར་ལྷོ་མཚམས་ནས་གཤེགས་སུ་གསོལ། །ལྷོ་ནུབ་མཚམས་ནས་སྤྱན་འདྲེན་ནོ། འབྲོག་སྲིན་ཁྲོ་མོ་རེ་མ་ཏི། །སྐུ་ནི་ཁྲོ་མོ་ཆེན་མོ་ལ། །དབུ་ཡི་རལ་པ་གཟི་ཡིས་བརྒྱན། །གཟི་སྤྱན་ཁྲ་མོ་རིག་རིག་ལྟ། །གཟི་ཡི་སྨིན་བཟང་ལམས་སེ་ལམས། །གཟི་ཡི་སོ་འདྲ་ཁྲིགས་སེ་ཁྲིགས། །ན་བཟའ་སྟག་ཐུལ་ཁྲོ་བོ་གསོལ། །ཕྱག་ན་རལ་གྲི་ཕུར་བུ་འདྲིལ། །སྲིན་པོ་ལག་རིངས་ཆུང་མ་སྟེ། །འཁོར་ཡང་སྲིན་པོ་སྲིན་མོས་བསྐོར། །མི་བཟད་ཆེན་མོའི་དུས་ལ་བབ། །བྱང་གི་ཕྱོགས་ནས་སྦྱན་འདྲེན་ནོ། །གནོད་སྤྱིན་ཨརུ་རེ་མ་ཏི། །ཀུ་བེ་རའི་ཆུང་མ་སྟེ། །ནག་མོ་རྨ་བྱའི་རལ་པ་ཅན་ན་བཟའ་རྨ་བྱའི་ཐུལ་པ་ལ། །འཇའ་ཚོན་སྔོན་པོ་ལམས་སེ་ལམས། །ཚ་བ་ནད་ཀྱི་ཁ་རླངས་ཅན། །རྨ་བྱའི་གདོག་གི་སྨིན་མ་ལ། །གཡུ་ཡི་མཆེ་བ་ཐམས་སེ་ཐམས། །ལག་ན་ལྕགས་ཀྱི་ཕུར་པ་འདྲིལ། །འཁོར་ཡང་གནོད་སྤྱིན་ཤན་པས་བསྐོར། །ལིངས་འདེབས་ཆེན་མོའི་དུས་ལ་བབ། །ལྷོ་ནུབ་མཚམས་ནས་གཤེགས་སུ་གསོལ། །ནུབ་བྱང་མཚམས་ནས་སྤྱན་འདྲེན་ནོ། །ལང་ཁ་མགྲིན་བཅུའི་ཆུང་མ་སྟེ། །རཀློ་དཔལ་ལྡན་རེ་མ་ཏི། །སྐུ་ནི་དམར་སྨུག་ཆེན་མོ་ལ། །མཆོད་དང་བྱི་རུའི་རལ་པ་གཏམས། །བྱི་རུའི་སྨིན་བཟངས་ལམས་སེ་ལམས། །བྱི་རུའི་སྤྱན་དམར་ལམས་སེ་ལམས། །བྱི་རུའི་མཆེ་བས་རྩད་གཅོད་མ། །ཁྲག་གི་ཐུལ་པ་ཞག་གིས་བརྒྱན། །ཕྱག་ན་དུང་གི་ཕུར་འདྲིལ་མ། །ཉམས་པའི་སྙིང་ལ་འདེབས་བྱེད་མ། །ཁ་ནས་རྒྱུ་གཟེར་ནད་གཏོང་མ། །འཁོར་ཡང་བཙན་སྡེ་འབུམ་གྱིས་བསྐོར། །ཆེ་ཞེ་རལ་པ་སྤྲུགས་པའི་ཚེ། །བསེ་ཚུབ་ཟངས་ཚུལ་ཁྱིལ་ལི་ལི། །མི་བཟད་ཆེན་མོ་ད་ཚུར་སྤྱོན། །ནུབ་བྱང་མཚམས་ནས་གཤེགས་སུ་གསོལ། །ཕྱོགས་མཚམས་བརྒྱད་ཀྱི་ལིང་འདེབས་མ། །དམ་ཉམས་དགྲ་ལ་ལིང་འདེབས་མ། །སྔོན་ཚེ་རྒྱལ་པའི་སྤྱན་ལམ་དུ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བསྟན་པ་འཇིག་པར་བྱེད་པ་ལ། །ད་ལྟ་ཉིད་དུ་རྟགས་ཕྱུང་ཞིག །ཅེས་བྱ་བ་ནི། །སྲིན་མོའི་འཁོར་གྱིས་བསྐོར་བའི་སྒྲུབ་ཐབས་སོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི། །ཀླུ་ཡི་འཁོར་གྱིས་བསྐོར་བ་ཡི། །རང་བྱུང་རྒྱལ་མོའི་སྒྲུབ་ཐབས་བཤད། །དུར་ཁྲོད་ཆུ་གསུམ་འདུས་པ་འམ། །བྲག་ནག་རི་ནག་རྩེ་ལ་བསྒྲུབ། །གཏོར་མ་གཏང་ཞིང་བགེགས་བསྐྲད་ལ། ཁྲུ་བཞི་གྲུ་གསུམ་ཟླུམ་པོ་དང་། ཁུ་གསུམ་སུམ་བརྩེག་དེ་སྟེང་དུ། །ཀ་པ་ལོ་མ་ཡོད་པའི་ནང་། །ར་ས་ཡ་ན་རཀྟ་དང་། །སྟི་ཝང་ག་པུར་ཤ་ཆེན་དང་། །ཚིལ་ཆེན་རཀྟ་སྣ་ཚོགས་སྦྱར། །བག་ཕྱེ་ཟླ་གམ་གྱེན་ཁ་ལིང་། །བཅུ་དྲུག་ཁམ་པར་ལོན་པར་ལྡན། །ཡང་སྙིང་ཁ་སྐྲུབ་བསྒྲུབ་བརྟེན་གཞག །བཅུག་སྟེ་དེ་ལ་བསྟིམ་སྟེ་བསྒྲུབ། །ཟླ་མ་སླེབས་པའི་ཁམ་ཕོར་དུ། །ར་ཁྱི་རྟ་ཕག་བཞི་ཡི་ཁྲག །དེ་སྟེངས་ལྕགས་བྱས་འདེབས་པ་བདུན། །སྤྱང་དུག་ཁྲག་བྱུག་ཁ་གྱེན་བསྟན། །བདག་གི་སྤྲུལ་པ་ཡ་ཤ་ཉིད། །ཧེ་རུ་ཀ་འཁོར་བཅས་པ་དམིགས། །རབ་བསྐྱེད་སྤྱན་དྲངས་མཆོད་བྱས་ཏེ། །ཧེ་རུས་མ་མོ་ས་ཡི་དཀྱིལ་མས་དྲངས། །ཞག་བདུན་བསྒྲུབ་པ་རྫོགས་པ་དང་། །ཕུར་པའི་རྩེ་ལ་འབེར་ནས། །དཔལ་གྱི་བརྩད་དེ་བཀུག་ནས་བསྟིམ། །དྲག་པོས་མགོ་འཇུག་ཀུན་དུ་གདབ། །དན་ཁྲག་ཙ་དུར་མརུ་ལི། །མཧྭ་མ་ས་མུར་ཞེང་བདག །གཏོར་ཡར་བསྐང་སྟེ་གཏང་རག་གཏང་། །གཟུགས་ཕུང་ལིང་གར་ག་ས་ཏེ་བསྟབ། །དེ་ནས་ཞག་གསུམ་བསྒྲུབ་པ་དང་། །རལ་པས་ནམ་མཁའི་ཁམས་སུ་འཐིབས། །ཟངས་ཀྱི་གཙུག་ཕུག་ནག་པོས་བསྐང་། །དེ་ནས་ཞག་ལྔ་བསྒྲུབས་པ་དང་། །གྱེན་དུ་རང་ལྟས་ལྷ་མོར་འགྱུར། །མ་དང་བུ་རུ་དམ་བཅས་བཞིན། །དམ་རྫས་གཉན་པོས་ཐ་ཚིག་བསྲེ། །དངོས་གྲུབ་གང་འདོད་དེ་ལ་བླངས། །བསྟེན་དབྱངས་བསྙེན་པས་བསྐུལ་བ་ནི། །ཧཱུཾ། །བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོས་ནས། །ནག་མོའི་རལ་པ་འབེབས་པ་སྲིན་མོའི་ཚོགས། །ས་འདུ་བ་ག་ལ་ནི་ཟ་བྱེད་ཆེན་མོ་སྟེ། །རྡོ་རྗེ་དྲ་བ་མ་དང་གློག་འགྱུར་མ། །སྲིན་མོའི་ཚོགས་རྣམས་གདུངས་ནས་བོས་པའི་ཚེ རུ་ལུ་རུ་ལུའི་སྒྲ་སྐད་དྲག་པོ་དང་། །རཀློ་ཀྲོ་དྷི་ཤྭ་རི་བོས་པའི་ཚེ། །སྒྲོལ་བྱེད་ཆེན་མོ་ཁྱོད་ཀྱི་དུས་ལ་བབ། །ཡུན་གྱི་དཔལ་དང་མགོན་དུ་ཁྱེད་བརྟེན་ན། །བཏང་སྙོམས་ཡལ་པར་མ་བཏང་ཡལ་དམ་ཅན། །མ་གཡེལ་མ་གཡེལ་དམ་ཅན་རེ་མ་ཏི། །མ་སྲིང་ཆུང་མ་བི་མོ་ཤན་པའི་ཚོགས། །ཅི་བགྱིས་ལས་བྱེད་ཚོགས་རྣམས་ཀྱིས། །དངོས་གྲུབ་ལས་རྣམས་རྫོགས་པར་གསོལ། །ཁྱེད་ཀྱི་མཚན་ནས་བོད་པའི་ཚེ། །ཉི་མ་བྱང་ཤར་མ་ཀི་ན། །བྲག་དང་ཆུ་འཐབ་མར་འདས་ན། །མཚོ་མུ་ལེ་འཐིངས་ཀྱི་ནང་ཤེད་ན། །མཟི་ང་སུན་སྔོན་མོའི་སྦྲ་ཕུབ་ནས་མ་མོ་ཡོངས་ཀྱི་ནད་ཤེད་ན། །གཅིག་པུར་བཞུགས་ཀྱི་འགྱིང་བག་ཅན། །མི་རོ་རྟ་རོ་གཅལ་དུ་བཀྲམ། །བམ་ཆེན་གདན་ལ་བརྐྱང་བསྐུམ་བཞུགས། །བར་སྣང་མཁའ་ལ་གཤེགས་པའི་ཚེ། །གསེར་གྱི་རྔེའུ་ཆུང་ལྡི་རི་རི། །གསེར་གྱི་རྔེའུ་ཆུང་བརྡུངས་པའི་ཚེ། །ནག་མོ་འཁོར་བཅས་ཤར་ར་ར། །ནག་མོ་འཁོར་བཅས་ཤར་ཙམ་ན། །གུ་ཡ་ནག་པོ་རཀྟའི་མཛོད། །དམར་ཆེན་ཁྲག་གི་ལྕེ་རིལ་ཅན ་༑་ན་རསྙིའི་འབྲེངས་སེ་བྲེངས། །ནག་མོ་རལ་པ་ཤར་ར་ར། །ནག་མོ་རལ་པ་ཤར་ཙམ་ན། །བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆི་ས། །གཡུ་མཐུར་སྔོན་མོ་བྲེངས་སེ་བྲེངས། །བསེ་སྒ་དམར་པོ་ཝངས་སེ་ཝངས། །སྦྲུལ་ནག་སྟོང་གི་གོང་རྨེད་ཅན། །མཆོག་གི་གློ་ནན་ཁྱུགས་སེ་ཁྱུགས། །ཟླ་བལ་གཅིག་ལ་འོར་གསུམ་དུ། །སྟོང་ཁམས་མ་ལུས་ཁྱབ་པར་མཛད། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །ཐང་ཙམ་ཅིག་ལ་ཡུད་ཀྱིས་ཁྱབ། །སྐུ་ནི་མཐིང་ནག་འཇིགས་ཚུལ་ཅན། །དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །རལ་པ་ཅོད་པན་རེ་རེ་ལ། །གསེར་དང་མི་ཏིག་ཆུན་འཕྱངས་ཅན། །གཡས་ཀྱི་དང་པོའི་ཕྱག་མཚན་ནི། །ཁ་ཊ༷་ཁའི་ཕྱག་རྩེ་གསུམ་བསྣམས། །དགྲ་བགེགས་མ་ལུས་རྡུལ་དུ་རློག །གཡོན་གྱི་དང་པོའི་ཕྱག་མཚན་ནི། །འཕྲུལ་གྱི་མེ་ལོང་ཕྱིས་ཤིང་ལྟ། །སྲིད་པ་གསུམ་ཅིར་སལ་ལེ་གཟིགས། །གཡས་ཀྱི་འོག་མའི་ཕྱག་མཚན་ནི། །ལྕགས་ཀྱི་ཕུར་བུ་འདྲིལ་ཞིང་འཕེན། །དགྲ་བགེགས་ཀླད་པའི་རྒྱས་སུ་རྒྱོབ། །གཡོན་གྱི་འོག་མའི་ཕྱག་མཚན་ནི། །སྦྲུལ་ནག་སྟོང་གི་ཞག་པ་འཕེན། །དམ་ཉམས་ཀླུ་རྣམས་ཀུན་གྱིས་བཅིངས། །དྲེའུ་རྟ་ཆིབསཀྱི་སྒ་གོང་ན། །ནད་ཀྱི་རྐྱལ་པ་སྔོ་དམར་བཀལ། །དྲེའུ་རྟ་ཅིབས་ཀྱི་ཕྱི་ལོང་ལ། མཚོན་གྱི་གྲུ་གུ་སྔོན་དམར་བཀལ། །ནད་དང་རིམས་ཀྱི་སྐོས་འདེབས་མ། །མདུན་ན་ཤོད་རྡེའུ་དཀར་ནག་འགྲེམས། །རྒྱབ་ན་བདུད་ཀྱི་ཁྲམ་རྦ་བསྣམས། །སྐྱེ་འགྲོ་ཡོངས་ཀྱི་ཀྱེག་རྩི་མ། །ལེགས་ཉེས་གཉིས་ཀྱི་ལྟང་རྩི་མ། །དུསབཞིའི་མ་མོ་སྐུ་ལ་ཤར། །དཔྱིད་ཀྱི་རྒྱལ་མོར་བྱོན་པའི་ཚེ། ཁྲེ་དུར་ཁྲོད་གནས་ཉུལ་མ། །རླུད་དང་ཚུབ་མའི་སྣ་འདྲེན་མ། །འཁྱག་པའི་མིང་ཏུ་ས་འདེབས་མ། །མིང་པོ་རྡོ་རྗེ་ལས་འཆོལ་ན། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག །ཁྲོ་ཐོབ་ཤེད་རྗེ་ནད་ཁ་ཐོང་། །མཚོན་གྱི་གྲུ་གུ་དེར་སྐྱོང་ལ། ངེས་ས་འདེབས་སུ་མ་བཏང་ཞིག །དབྱར་གྱི་རྒྱལ་མོར་བྱོན་པའི་ཚེ། །བྷ་ག་དྷི་ཏི་མཁའ་ལ་གནས་ཉུལ་མ། །འབྲུག་དང་གློག་གི་སྒྲ་སྒྲོགས་མ། །སད་དང་སེར་བའི་སྣ་འདྲེན་མ། །མིང་པོ་རྡོ་རྗེ་ལས་འཆོལ་ན། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག །སྟོན་ཀའི་རྒྱལ་མོ་བྱོན་པའི་ཚེ། །མ་ཧྭ་ཤི་ན་དུ་རྒྱུ་ལུགས། །རི་རབ་ཀྱི་ནི་ཟོམ་ན་གནས། །མིང་པོ་རྡོ་རྗེ་ལས་བཅོལ་མ། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག །དགུན་གྱི་རྒྱལ་མོར་བྱོན་པའི་ཚེ། །རལ་གཅིག་རྒྱ་མཚོའི་ཀློང་ནས་དཔལ་གྱི་བཀའ་སྡོད་མ། །དཔག་ཚད་བརྒྱད་ཁྲི་གནས་ནས་ཁྲག་གི་དྲི་སྣོམ་མ། །ཀླུ་རྣམས་ཀུན་ལ་མངའ་མཛད་མ། །མིང་པོ་རྡོ་རྗེ་ལས་འཆོལ་གྱིས། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག ། ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ན། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །ཐུགས་དམ་དུས་ལ་བབ་བོ་ད་ཚུར་སྤྱོན། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་གསང་བའི་བྷ་ག་ལས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་ཞབས་ཀྱི་གཡས་གཡོན་ལས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །དམ་ཚིག་ལྡན་པའི་རྣལ་འབྱོར་པ། །བདུད་དང་ལྷ་འདྲེ་ངན་སེམས་ཅན། །སྡང་བོའི་དགྲ་བོ་རྡུལ་དུ་རློགས། །དཔལ་ལྡན་ནག་མོ་གཤེགས་སུ་གསོལ། །མ་མ་སྦྱོ་སྨྱོ། །ཨེ་ཧ་ཡ་ཧི་ཛུ་ཛུ། །ཨེ་ཨུ་རུ་ལ་ཧྲིང་ཧྲིང་། །དུས་གསུམ་ཀུན་ཏུ་མ་བསྒྲིབས་ཡེ་ཤེས་ནས། །མ་སྲིང་ཆུང་མ་བུ་མོ་བྲནམོའིཚོགས། །ཡེཤེས་མངོན་ཤེས་ལྡན་པའི་ཐུགས་བརྩེ་མ། །མཐུ་རྩ་ལ་རྨད་བྱུང་ཕན་པའི་དགོངས་པ་ཅན། །སྔོན་ཚེ་དམ་བཅས་ཉིད་ཀྱིས་ཞལ་འཆེས་པ། །བསྟན་པ་བསྲུང་བར་རྟག་ཏུ་གྲོགས་མཛོད་ཅིག །ཛུ༷༷ཧཱུཾ༷བ༷་ཧོ། །མ་མ་ཏྲ་ཀྟ་མུ་ཏྲ་རུ་ལུ་རུ་ལུ་སྨྱོ། །དཔལ་ལྡན་ནག་མོ་རེ་མ་ཏི། །ལྷ་མོ་ཆེན་མོ་ནམ་གྲུ་མ། །རྫོང་མོ་ཆེན་མོ་བཀའ་བཟློག་མ། །ནག་མོ་ཆེན་མོ་ཁ་འབར་མ། །བྱིས་པ་ཀུན་གྱི་དུར་བྱེད་མ། །དུར་ཁྲོད་འབར་བའི་བདག་མོ་སྟེ། །རསྒ་ཆེན་མོ་རྩ་མུན་ཏྲི། །ནམ་མཁའ་ཁམས་ཀྱི་མཐུ་མོ་ཆེ། །བར་སྣང་ཁམས་ཀྱི་གློག་མ་སྲིན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །ལག་ན་རྡོ་འཕེན་རི་རབ་སྙིལ། །རལ་པ་ནག་པོས་སྟོང་གསུམ་ཁེངས། །ཁ་ནས་ཞིང་ཁྲག་རྒྱ་མཚོར་འཁྱིལ། །ཉིན་གྱི་དུས་སུ་རྟོག་བྱེད་ཅིང་། །མཚན་གྱི་དུས་སུ་རྒྱུག་བྱེད་མ། །ནག་མོ་འཁོར་བཅས་ཐུགས་དམ་བསྐོངས། ཁྲ་ཆེན་ཚོགས་ནི་རི་ལྟརསྤུངས། །ཙིསྟའི་ཚོགས་ནི་འོད་དུ་འབར། །རཀྟའི་ཚོགས་ནི་མཚོ་ལྟར་བཀྲམ། །ནག་མོ་འཁོར་བཅས་ཐུགས་དམ་འདིས་བསྐོངས་ལ། །བདག་གིས་ལས་བཅོལ་གྲུབ་པར་མཛོད། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །སྲིན་པོའི་འཁོར་དང་ལྡན་པའི་ཡསྒ་ནག་མོའི་སྒྲུབ་ཐབས་དང་། །ཀླུའི་འཁོར་གྱིས་བསྐོར་བའི་དཔལ་ལྡན་ལྷ་མོ་ནག་མོ་ཕྱག་བཞི་མའི་སྲོག་གི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །འཁོར་དང་རྣམ་པར་ལྡན་པ་ཡི། །སྒྲུབ་ཐབས་རབ་ཏུ་བཤད་པར་བྱ། །དབེན་ལ་གཉན་པའི་གནས་སུ་ནི། །བཅུ་དྲུག་ལོན་པའི་བམ་ཆེན་གཙང་། །མ་ས་གཏོར་མ་འབྲུབ་སོགས་བྱ། ཁུན་ཕྱེད་སྟན་དུ་བཏིང་བྱས་ཏེ། ཁུན་པྱེད་པི་དང་མཚན་ཛ་ན། །སྟོད་སྨད་གནམ་ནག་ལས་བྱ་བ། །བྷ་ག་ཨེ་ཀ་འབུན་ཛ་བཞི། །ཀ་བཱ་ལ་རཀྟས་གང་བ་དང་། །ཀྱོ་བ་དང་ནི་གཡོན་པ་ན། །གཡས་ན་ཐོད་དབྱུག་རྒྱུ་ཞགས་འཛིན། །རྗེས་དང་བག་ཕྱེ་རཀྟ་སྦྲུས། །ཁྲུ་གང་ཚད་དུ་རྭ་པ་བྱ། ཁུན་གྱི་མིང་རུས་སྙིང་ཀར་གཞུག །ཚེར་མ་ཅན་དང་རྣམ་ལྡན་སྐུ། །བྱང་ཤར་མཚམས་སུ་སྙིང་ཀར་གཟུགས། །སྐྱེས་ནས་སྐུད་བཏགས་ལག་ཏུ་གཏད། །དེ་དུས་རྣལ་འབྱོར་ང་རུ་སྒོམ། །ཙིསྟའི་དཀྱིལ་ནས་སྲོག་ཐིག་དྲང་། །གུ་གུལ་དུད་པ་རྒྱུན་མི་གཅད། ཁུན་ཆེན་སླག་པ་དེ་བཞིན་བགོ། །སྲིད་པའི་སྤྱི་ལུགས་ཞྭ་གོན་ཏེ། །འཕྲེང་བ་ཆེན་པོ་དེ་བཞིན་བགྲང་། །ཀེང་རུས་རུང་བའི་མཐའ་མ་བསྐོར། །སྲོག་ཐིག་དྲངས་ལས་དེ་ལ་བསྟིམ། །ཞག་གསུམ་བཟླས་པ་བར་མ་ཆད། །ཡིད་ལ་བྱང་ཤར་སྤྲིན་ནག་འཁྲུག །སྙིང་གཏོར་བསྐོར་ཞིང་དབང་དུ་བསྡུ། །ལྔ་ནས་དེ་ལས་ཐོག་ཅིག་འབྱུང་། །ནང་ཁྲོལ་གཏོར་མ་དེ་དུས་སྤྱིན། །བདུན་ན་དངོས་སུ་འབྱུང་བ་འམ། །འོད་དང་དྲི་ནི་གང་བྱུང་ཡང་། ཁྲ་ཁྲག་ལྷག་མ་གཏོར་མ་སྦྱིན། །བདུད་རྩིའི་དམ་བསྲེ་དམ་ཡང་བཅའ། །ཀུ་མ་ར་ཡི་སྔགས་བཟླས་པས། །ང་ཡིས་བསྐུལ་པས་དབང་མེད་དུ། །མོ་ཡིས་ཤ་ཏྲུ༷་གནན་པ་དང་། །བུ་ག་དགུ་ནས་ཁྲག་སྒྱུག་སྙིང་ཡང་ཟ། །འཁོར་གྱིས་བཀུག་ཅིང་དེ་ལ་བསྟིམ། །ལིང་ག་འདར་བར་འགྱུར་བ་དང་། །དཔལ་གྱི་སྐུར་བསྒོམས་སྔགས་བཟླས་གདབ། །བདུན་ཕྲག་གཅིག་ནས་གཏོར་མ་སྦྱིན། །དེས་ཀྱང་གསོད་པར་མ་གྱུར་ན། ཁྲེ་ཁྱིའི་བཟླས་པ་བྱེད་བཞིན་དུ་དུ། །སྐུར་བསྒོམས་དཔུང་པར་ལིང་ག་བསྒྲེང་། །བསྐྱེད་ནས་བཟུང་སྟེ་དེ་ལ་བརྡབ། །བརྒྱ་རྩ་བརྒྱད་ནི་རྫོགས་དུས་སུའོ། །མཚོན་ཆས་གནད་བཀྲོས་ཤ་ཁྲག་ཟ། །ཞག་བདུན་ལོན་དང་གཏོར་མ་སྤྱིན། །དེས་ཀྱང་འགྲུབ་པར་མ་གྱུར་ན། །ལིང་ག་རྒྱ་ཚིལ་མེ་ལ་གདུག །རུ་རུའི་སྔགས་ཀྱིས་རབ་ཏུ་གདབ། །རྣམ་པར་ལྡན་པའང་རབ་ཏུ་སྡིགས། །འཁོར་གྱིས་བཀུག་ནས་དེ་ལ་གཏད། །དེས་ཀྱང་མེ་ལ་བསྲེག་ཀྱིང་བཟའ། །ལིང་ག་དུམ་བུ་མ་མར་གཏུབ། །རེ་རེ་བརྒྱ་བརྒྱ་རྫོགས་ཤིང་སྲེག །ཐལ་བ་གནོན་པའི་ས་རུ་གནན། །ཡང་ན་བསྲེས་ལ་ཕྱོགས་བཞིར་གཏོར། །དེས་ཀྱང་དམ་ཉམས་མ་སྒྲོལ་ན། །སྔ་མ་ལས་ཀྱང་གནས་སྒྱུར་ལ། །ཁྲག་གི་མཎྜལ་གྲུ་གསུམ་བྱ། །མཐའ་མ་རྩང་དང་ཕུར་བུས་བསྐོར། །ར་ཐོད་ཕག་ཐོད་ཁྱི་ཐོད་གསུམ། །གཉན་པའི་གནས་སུ་སྒྱེད་བུར་གཟུགས། །དུག་སྣ་ལྔ་དང་སྙིང་སྣ་ལྔ། །ཁྲག་སྣ་ལྔ་དང་མི་རུས་རྣམས། །རྩ་མེད་པའི་ནང་དུ་བླུགས། །མ་མའི་སྔགས་ཀྱིས་ཀར་གནན་བཟླས། །བདག་ཉིད་གཉེན་པོའི་ལྷ་རུ་སྟེ། །བུད་མེད་ནག་མོ་རལ་པ་ཅན། །རེ་བའི་འབོ་བུ་རྐངལགོན། ཁྲཆུཁིཙིསྟགཡས་གཡོན་ཐོགས། །དམར་ཐབ་དམར་ལ་བསྐྲུ་བ་ལ། །དམར་ཞིང་མ་མོར་གྱུར་བ་དང་། །དེ་ཡི་སྟོབས་ཀྱིས་ཡུལ་ཕྱོགས་རྣམས། ཁྲ་ཏྲུ་བསྐུལ་བྱེད་ཟ་བར་བསྒོམ། །བརྒྱ་བརྒྱ་ཉིད་ལ་སྒོང་ཚད་དཔོ། །ཉི་ཤུ་རྩ་གཅིག་རྫོགས་པར་བྱའོ། །བསྟེན་དབྱངས་སྙན་པས་བསྐུལ་བ་ནི། །ལྷ་མོ་ནག་མོ་ཆེན་མོ་ཁྱོད། །མི་མངོན་མཁའ་དབྱིངས་སྐུ་བཞེངས་ཅིག །མཉམ་ཉིད་མཁའ་དབྱིངས་མི་དམིགས་ཆོས་ཀྱི་དཔྱིངས། །བདེ་ཆེན་ལྷུན་ནས་རྫོགས་ནས་སྐུ་བཞངས་ཅིག །བསྟན་པ་འཇིག་བྱེད་དམ་ཉམས་དགྲ་བོ་ཡིས། །དཀོན་མཆོག་དབུ་འཕང་སྨོད་ཅིང་རྣལ་འབྱོར་ཐལ་བར་རློག །ཞག་དགུས་དགྲ་བོ་ཐལ་བར་མ་བྱས་ན། །ཁྱོད་ཉིད་ཐལ་བ་བཞིན་དུ་རློག །ཅེས་བསྐུལ་བ་ནི། །ལྷ་མོ་ཆེན་མོ་འཁོར་དང་རྣམ་པར་ལྡན་པའི་སྒྲུབ་ཐབས་སོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །ལྷ་མོ་ཆེན་མོ་འཁོར་དང་རྣམ་པར་ལྡན་པའི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་དགུ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱི་རླབས་ཀྱིས། །འཁོར་ཐམས་ཅད་གཅིག་ཏུ་འདུས་པར་མཁྱེན་གྱུར་ཏེ། །ལྷ་གནོད་མཛེས་ལ་བསྐུལ་པ་དང་། །ལྷ་གནོད་མཛེས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། །ལུས་ལ་སྦྲུལ་ལྟར་འདུད་པ་བྱས་ནས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཐོག་མར་རྣམ་པར་དག་པ་ལས། །བརྟགས་པའི་དབང་གིས་འཁོར་བར་གྱུར། །དེ་ཕྱིར་མི་རྣམས་ཐམས་ཅད་ཀྱང་། །འདོད་པ་ཐ་དད་བརྟགས་པས་འབྱུང་། །དེ་རྣམས་ཀུན་གྱི་དོན་ཆེད་དུ། །བདུད་མོ་སྐྲུན་བཞི་གཡོག་མོ་གསུམ། གནོད་སྦྱིན་རྣམ་བཞི་དུ་མ་ཡིས། །འཁོར་དང་བཅས་པའི་དཀྱིལ་འཁོར་འདིར། །རྫོགས་སངས་རྒྱས་ཀྱིས་བཤད་དུ་གསོལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །མ་ནི་སྐྱེ་བ་མེད་པའི་དོན། །མོ་ནི་འགག་པ་མེད་པའི་ཀློང་། །མ་མོ་རྣམ་པར་དག་པ་ལས། །བརྟགས་པའི་ལས་ཀྱི་ཡ་མོར་གྱུར། །དེ་རྣམས་སྒྲུབ་ཐབས་བཤད་པར་བྱ། །དུར་ཁྲོད་རི་ནི་དམར་ནག་ཏུ། །དམར་ནག་གྲུ་གསུམ་ཁྲག་གིས་བྲི། །འབྲུ་མར་རཀྟའི་ཐིག་ལེ་བྱ། །ཀུ་མར་དང་ཡསྒོ་མོ། ཁུན་ཆེན་བྲིས་སྐུ་ཐིག་ལེའི་སྟེང་། །ལྷོ་ཕྱོགས་དམ་ཅན་རེ་མ་ཏོ། །ནུབ་ཕྱོགས་བཀའ་ཉན་རེ་མ་ཛ། ཁྲར་ཕྱོགས་ཕྱག་ཉེན་རེ་མ་ཛུ། །ཕྱི་རིམ་ཟླ་གམ་གསུམ་པོ་ལ། །ཐོད་པ་ཚོན་ནག་བྲིས་པ་གསུམ། །བུད་མེད་ནག་མོ་དཀར་སེར་དང་། །དམར་སྨུག་འབུམ་གྱི་ཟབ་མཚན། །ཕྱི་རོལ་སྒོ་བཞིར་ལྡན་པ་ལ། །སྲིན་མོ་བཞི་ཡི་ཕྱག་མཚན་བཞི། །དིར་བུ་ཁྲག་སྣ་བཅུ་གསུམ་གྱིས། །རྐང་པ་གསུམ་ནི་ཟུར་གསུམ་གཞག །དེ་སྟེངས་རབས་ཆད་ཐོད་པ་སྲ །ལྕགས་ཕུར་གསུམ་ལ་མི་རྟ་ཁྱི། །སྙིང་གསུམ་ཁ་གྱེན་བསྟནཔདང། །གཅིགགསུམཐུན་མོང་ཁྱད་དམ་རྫས། །བྱ་ནག་དར་སྣས་བརྒྱན་པ་གསུམ། །ཐུན་མོང་ཁྱད་པར་བསྟན་པའི་རྫས། ཁྲེལ་ནག་སྤྱི་དཀར་བསྐང་པའི་རྫས། ཁྲ་སྣ་ཚོགས་ཀྱི་གཏོར་མ་ལ། །ངབྱར་ནི་མེ་ཏོག་སྟོན་ནི་འབྲུ་ཡི་ཚོགས། །དགུན་ནི་ཤ་ཁྲག་དཔྱིད་ནི་ལྕུགས། །སྤྱན་གཟིགས་ཚོགས་ཀྱིས་བརྒྱན་པ་ལ། །དར་ནི་མཐིང་ནག་ཁ་བཅད་པ། །ལྷ་མོ་ཆེན་མོ་མཆོད་པའི་རྫས། །ཁྲག་འཐུང་སྐུར་བསྒོམས་དྲངས་པས་ནི། །སྐུ་ལ་རེ་མ་ཏི་ཉིད་བསྟིམ། །ལྕགས་ཕུར་གསུམ་ལ་གསུམ་པོ་ཉིད། །ཞག་ལྔའི་ནུབ་མོ་སྡུག་པ་དང་། །མི་སྡུག་ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་དུས། །དུས་དེར་ནག་མོ་སྤྱི་དཀར་བསྐང་། ཁུ།བ་ནས་ཞག་བདུན་ནུབ་མོ་ནི། །གཙང་དང་མི་གཙང་བྱེ་བྲག་གིས། །བུད་མེད་ནག་མོ་རལ་པ་ཅན། །མཆེ་བ་ནག་མོ་རྣོ་ལ་གཏམས། །པ་སྐྲུའི་གསེབ་ནས་མེ་འཚེག་ན། །དབང་དུ་བསྡུ་ཞིང་བཤགས་པར་བྱའོ། །འབྲིང་ན་བུད་མེད་ནག་མོ་ལ། །མཆེ་བ་ཟླ་ཚེས་འཁྱིལ་པར་སྣང་། །བར་ན་བུད་མེད་དཀར་མོ་ལ། །གཡུ་ཡི་སྨེབ་ཆགས་པ་སྟེ། །མཆེ་བ་ཟླ་ཚེས་དཀར་པོ་འཁྱིལ། །དམ་བཅའ་དམ་གསེ་ལས་ལ་བསྐོང་། །གཏོར་མ་ནམ་ཕྱེད་དུས་སུ་སྦྱིན། །ལུག་ནག་བསྒྲལ་པའི་ཙིསྟ་དང་། །བྱ་ནག་དིར་བུའི་ཁྲག་གསུམ་པོ། །རྟགས་མ་ཕྱིན་པར་ལྟ་བུ་གཟུགས། །དེ་ནས་ཁྲག་ཕྱུང་གཏོར་མ་བྱས། །ངོ་རེར་དུས་ཚོད་རྣམ་གསུམ་ལ། །གཏོར་མ་བྱིན་ཏེ་བསྐུལ་བར་བྱའོ། །གཏོར་མ་བྱ་ནག་གཡས་གཡོན་གཡོབ། །ནམ་གྱི་གུང་ལ་བསྐུལ་བ་ནི། །ཧཱུཾ༷། །ནམ་མཁའ་ཇི་དབྱིངས་ཕྱུག་མ། །གནམ་ཕྱེད་སྟེང་ན་གོན་ཀྱང་སྤྱི་བོ་ཟངས་ས་ཟངས། །ས་ཕྱེད་སྟན་དུ་བཏིང་ཡང་ཟླ་ཟ་ཡ་བ་བཀོར། །རལ་པ་ཕྱེད་ཀྱིས་གནམ་ཁེབས་ན། །རལ་པ་ཕྱེད་ཀྱིས་ས་ཁེབས་མ། །རལ་པའི་ཟར་ལ་སྐར་ཞབྲུག་མ། །ཁྲག་དང་ཞག་གི་ཐིག་ལེ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནམ་མཁའ་ཁམ་ཀྱི་དཔལ་མོ་བཙན། །ཆིབས་སུ་འབྲུག་མོ་ཆིབས་ལ་ཆིབས། །རོལ་དུ་གློག་མོ་འགྱུར་ལ་རོལ། །སྤྱན་ནས་ཁྲག་འཛག་རྒྱ་མཚོར་འཁྱིལ། ཁྲངས་ནས་རླུ་་བྱུང་སྲིད་གསུམ་འདེབས། །ཞལ་ནས་ཧཱུཾ༷་བྱུང་སྲིད་གསུམ་སྐེམས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དཔལ་ལྡན་ལྷ་མོ་ཁྱོད་ཉིད་ཀྱི། །བཀའ་སྡོང་ཕོ་ཉ་འབྱུང་བ་ནི། །ལྷ་མོ་འགྱོགས་བྱེད་རེ་མ་ཏི། །མཐོང་བྱེད་གསེར་གྱི་འུག་པ་ཞོན། །ཕྱག་གཡས་ཁྲག་བསྐམས་ཟ་ཞིང་རྡེག །གཡོན་པ་ལྕགས་ཀྱུ་འབར་བ་བསྣམས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རང་དབང་མེད་པར་སྙིང་ན་དྲོངས། །ནམ་མཁའ་ཁམས་ཀྱི་པ་རྣ་ཤ་པ་རི། །སྐུ་ལ་ཤ་ཐུལ་གཉེན་པོ་གསོལ། །ཆིབས་སུ་སྨིན་ཤ་ཡུ་མོ་ཆིབས། །ཕྱག་ན་ཞགས་པ་འདོམ་བརྒྱ་དགུ་བཅུ་རྩ་གཅིག་བསྣམས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བར་སྣང་ཁམས་ཀྱི་གཟི་འཕེན་མ། །སྐུ་ལ་གཟི་ཐུལ་ཁྲ་མོ་གསོལ། ཕྱག་ན་གཟི་ཡི་ཁྲམ་བམ་བསྣམས། །དགྲ་བོ་དམ་ཉམས་ཁྲམ་ལ་ཐོབ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བར་སྣང་ཁ་མས་ཀྱི་མཐུ་མོ་ཆེ། །སྲིད་པ་གསུམ་གྱི་སྨྱོ་བཟློག་མཁན། །ཆིབས་སུ་རླུ་་དང་བུ་ཡུག་ཆིབས། །ཕྱག་ན་སེར་བ་ཁ་ཆར་བསྣམས། །་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དེ་ཡི་བཀའ་ཉན་གསུང་བསྡོད་ནི། །བར་སྣང་ཁམས་ཀྱི་གློག་འབར་མ། །ཆིབས་སུ་དྲེད་མོ་དྲུས་མཆིབས། །ཕྱག་ན་འཛིན་བྱེད་ཆ་ལུགས་ནི། གཡུ་ཞགས་སྔོན་མོ་ཤར་རར། །སྔོན་གྱི་རྒྱལ་བས་གསུངས་པའི་བཀའ། །ད་ལྟ་ཉིད་དུ་རྟགས་ཕྱུང་ཞིག་། །དུས་བདག་ཆེན་མོའི་དུས་ལ་བབ། །དེ་ཡི་བཀའ་ཉན་གསུང་བསྡོད་ནི། །དཔལ་ལྡན་ནག་མོ་རེ་མ་ཏི། །སྐུ་སྟོད་རེ་པ་ནག་པོ་གསོལ། །དྲེད་ལྤགས་ནག་པོའི་ཤམ་ཐབས་ཅན། །ལྕགས་ཀྱི་དྲེ་རྟ་རྐང་གསུམ་ལ། །སྲིན་པོའི་ཡ་མཁལ་སྔ་རུ་ལ། །སྲིན་མོའི་མ་མཁལ་ཕྱི་རུ་བྱས་། །སྲིན་པོའི་པགས་རློན་སྒ་གཡོགས་ལ། །སྦྲུལ་གྱི་གོང་ཐག་གོང་རྨེད་ལ། །བྱི་རུ་དམར་དམར་པོའི་མཐར་སྲབ་ཅན། གཡུ་ཡི་ཁ་སྲབ་སིལ་ལི་ལི། །སྐེ་ནག་གསེར་གྱུ་དྲིལ་བུ་འཁྲོལ། །ཁྱེད་ཀྱི་ཟླ་ནི་ནག་པོ་མེའི་ཁ་རླབས་ཅན། །ལག་ན་བདུད་ཀྱི་ཁྲམ་ཐོགས་ཤིང་། །དགྲ་བོའི་དམ་ཉམས་ཁྲམ་ལ་ཐོབ། །གཡོན་ན་ནད་ཀྱི་སྒྱེའུ་སྔོན་དམར་ལ། །བཞི་བརྒྱ་རྩ་བཞིའི་ནད་ཀྱིས་བཀང་། །དགྲ་བོའི་ཕྱོགས་སུ་རིམས་གཏོང་མ། །ཚ་བ་ནད་ཀྱི་ཁྲག་སྒྱུག་ཅིང་། །གསོན་པར་མི་བྱེད་མྱུར་དུ་གསོད། །འཕོངས་ལ་ལྕགས་ཀྱི་དྲ་བ་བཀལ། །དྲ་བ་ཤོད་བྱང་ཀྲ་ལ་ལ་། །དགྲ་རྣམས་ཤོད་ལ་གདབ་ཏུ་གསོལ། །དེ་ཡི་ནུ་མོ་གཅུང་མོ་ནི། །སྨུག་ནག་འབར་བའི་ན་བཟའ་ལ། །མེ་སྟག་འབར་བའི་ཤམ་ཐབས་ཅན། །ཆིབས་སུ་ཀླུ་གླང་ནག་པོ་ཆིབས། ཁུ་ནི་དུར་ཁྲོད་ཀློང་དུ་རྒྱུ། །ལེན་ནི་སྒྱུགས་པའི་གླུ་ལེན་མ ། །འབབས་ནི་ལྟས་ངན་སྣ་ཚོགས་འབེབས། །ཐ་ནི་མི་ཤ་རློན་པ་ཟ། །བསྒྲེགས་པས་སྟོང་གསུམ་འགེགས་པར་བྱེད། །འཐུང་ནི་མི་ཁྲག་རློན་པ་འཐུང་། །བཞིན་ཡང་མི་སྡུག་ཁྲག་མདོག་མ། །འཁོར་ནི་ནག་མོ་ཁྲག་མིག་མ། །དེ་ཡི་འཁོར་གྱི་མ་མོ་ནི། །གྲངས་ནི་སྟོང་ཕྲག་བརྒྱ་ཡོད་ཀྱང་། །རེ་ཡང་གཉེན་མོ་ཁྱོད་ལ་རེ། །སུ་ལ་མི་རེ་ཁྱོད་ལ་རེ། །སུ་ལ་མི་བལྟོས་ཁྱོད་ལ་བལྟོས། །དཔལ་ལྡན་ནག་མོ་རེ་མ་ཏོ། །མཐུ་རྩལ་ཆེ་པར་ཆ་མཆིས་པས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བདུད་ཁ་སྒྱུར་ལ་དགྲ་དཔུང་ཆོམ། །རེ་མ་ཏི་ཆེན་མོ་ཡིས། །རེ་ཏྲི་གསུམ་གྱི་ཕུར་པས་གདབ། ནག་མོ་མ་ཤ་ལ་ཛ་ཛ། །མ་ས་མ་ཧབ་ཧབ། །ནག་མོ་ཙིསྟ་སྙིང་ལ་ཛ་ཛ། །ནག་མོ་དགྲ་བོའི་རྩ་ལ་ཛ་ཛ། ན་མོ་དགྲ་བོ་དབུགས་ལ་ཧ་ཧུར་ཛ་ཛ། །ནག་མོ་དགྲ་བོའི་སྲོག་ལ་ཛ་ཛ། །ནག་མོ་དགྲ་བོའི་སྙིང་ལ་ཛ་ཛ། །རཀློ་ཤ་རྒྱུད་སྙིང་ལ་ལ༷་ཛ་ཛ། །རག་མོ་སྙིང་རྒྱུད་རྩ་ལ་ཛ་ཛ། །རྩ་བརྒྱུད་དབུགས་ལ་ཛ་ཛ། །དབུགས་རྒྱུད་སྲོག་ལ་ཛ་ཛ། །ཞེས་བརྗོད་དེ་ཕུར་པ་གདབ་པོ། །དེ་ནས་བསྟེན་དབྱངས་སྙན་པས་བསྐུལ་བ་ནི། །འཁོར་གྱི་མིང་སྲིང་བསྐུལ་བ་ནི། །དཔལ་རྡོ་རྗེ་རེ་མ་ཏི། །གློག་མ་སྲིན་གྱི་ཡུལ་ན་གནས། །གསེར་གྱི་བུད་མེད་གཤོག་པ་ཅན། །ཉི་ཟེར་འབར་པའི་རལ་པ་ཅན། །གཏུམ་མོ་མི་སྲིན་ཁྲག་མིག་མ། །ལག་གཡས་རི་རབ་སྩོལ་པོར་འཕེན། །གཡོན་པ་གནམ་ལྕགས་ཟོར་བ་ཐོགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཙིསྟ་ཁ་ཁ་རུ་སྲ །བཀའ་ཉན་རྡོ་རྗེ་རེ་མ་ཛ། །སྐུ་ནི་གློག་འགྱུ་ཆེན་མོ་ལ། །ཐུགས་ནི་ག་་མོ་ལག་རིངས་མ། །བསེ་ཡི་མདོག་ལ་གཡུ་ཡི་སྦྱན། །བསེ་ཡི་རལ་པ་སིལ་ལི་ལི། །ཟ་འོག་མཛེས་པའི་སྟོད་སླག་ལ། །རེ་བའི་ཐུ་ལ་གཉའ་ཟ་སྐོར། །ཕྱག་ན་ལྕགས་ཕུར་སྟོང་འདྲིལ་ཞིང་། །ག་་མོ་མི་བསྲུན་མགོ་ལུས་འབྲེལ །གཡུ་ཡི་དྲེའུ་རྐང་གསུམ་ཆིབས། ། འཀོར་ཡང་དྲེ་ཤོན་སྟོང་གིས་བསྐོར། །གང་ལ་དམིགས་པའི་དགྲ་བོ་ལ། །ནད་ཁ་ཐོང་ལ་ཁྲམ་བམ་ཐོབ། །རསྒ་ཁ་ལོང་ཁ། །དཔལ་ལྡན་གྱི་ཕྱག་བརྙན་རེ་མ་ཕྱུ །ག་་མོ་མི་སྲུན་ཕག་རྒོད་སོ། །རལ་པ་སྔོན་དམར་གཏིབས་པ་ལ། །ཁྱོད་ཀྱི་ལག་པ་གཡས་གཡོན་ན། །ཞགས་པ་ལྕགས་ཀྱུ་གློག་འགྱུ་མ། །དྲེད་ཐུལ་ནག་མོ་གོས་སུ་གོན། །ལག་ན་ཁྲམ་བམ་རྔེའུ་ཆུང་བསྣམས། །དུར་ཁྲོད་ཚ་བའི་མངའ་བདག་མོ། །ཉིན་བཞིན་ཁྱོ་བདུན་བཀུག་ནས་ཉལ། །མཚན་མོ་ཁྱོ་བདུན་ཁྱབ་པར་སྦྱོར། །སྲོད་ལ་ནག་མོ་གྲིབ་སོ་ཞོན། །གུང་ལ་ཁྲ་མོ་སྟག་སླག་ཅན། །ཐོ་རངས་བཞད་འགྲོ་འཐིང་སྐྱ་མ། །ཤོད་བྱང་རྩིས་བྱང་དགྲ་ལ་འཐོར། །ཉི་མ་ཟླ་བ་ཞོན་པ་མོ། །གླིང་བཞི་ཀུན་ཏུ་ཁྱབ་པར་འགྲོ། །ཁྱོད་ཡང་ཤེལ་དང་རུས་པའི་མི། །དམ་ཚིག་ཉམས་པའི་སྙིང་འབྱིན་མ། །གནོད་སྤྱིན་དཀར་པོ་སྐུལ་མ་འདེབས། །ཐོ་རངས་རྒྱུ་བའི་དཀར་མོ་ནི། །དུང་གི་མདོག་ལ་ཤེལ་གྱི་སྐུ། །སེང་གེ་དཀར་བོའི་ཐུལ་ཆེན་གསོལ། །ཉི་ཟླ་སྤེལ་པའི་དབུ་རྒྱན་ཅན། །ཕྱག་ན་ཤེལ་གྱི་ཕུར་འདྲིལ་མ། །ཉི་མ་ཟླ་བའི་ཟེར་ལ་ཆིབས། །སྲོག་བདག་དཀར་པོའི་བཙུན་མོ་ཡིན། །ཚིལ་ཚིལ་ཤ། །མ་ཤ་ཁུག་ཁུག་ཐང་ཤ་རྦད། །སྲིན་མོ་དཀར་མོ་ཤེལ་ཁྲབ་ཅན། །ལག་པ་གཡས་གཡོན་མདའ་གཞུ་ཐོགས། ཁྲེལ་གྱི་དྲེའུ་ལ་གཡུ་སྒ་བསྟད། །དཔག་ཆེན་མོའི་དུས་ལ་བབ། །གསེར་གྱི་སྲིན་མོ་འགྱོགས་བྱེད་མ། །གསེར་གྱི་ལན་ཕྲན་གོས་སུ་གོན། །གསེར་གྱི་ཚེ་བྲང་སིལ་ལི་ལི། །གསེར་གྱི་མདའ་འཕེན་ཏ་ལ་ལ། །གསེར་གྱི་དྲེའུ་དུང་སྒ་ཅན། །དེ་ཡི་འཁོར་ཡང་འབུམ་གྱིས་བསྐོར། །སྙིང་འབྱིན་མ་ཡི་དུས་ལ་བབ། །ཟངས་ཀྱི་སྲིན་མོ་དབང་མོ་ཚེ། །བྱི་རུའི་ལན་ཕྲན་གོས་སུ་གོན། །ཟངས་འགྱོགས་ཚེ་བྲང་སིལ་ལི་ལི། །ཟངས་ཀྱི་མདའ་འཕེན་ཏ་ལ་ལ །ཕྱོགས་བཞིར་ཟངས་ཀྱི་རྒྱ་འཛུགས་མ། །ཟངས་ཀྱི་དྲེའུ་ལ་མཆོང་གི་སྒ། །སྲིན་མོ་འགྱོགས་བྱེད་ཚེ་འགུགས་མ། །མི་བཟན་ཆེན་མོའི་དུས་ལ་བབ། །ལྕགས་ཀྱི་སྲིན་མོ་ཆེན་མོ་ལ། །གཡུ་ཡི་ལན་ཕྲན་གོས་སུ་གོན། །ལྕགས་ཀྱི་ཚེ་འབྲང་སིལ་ལི་ལི། །ལྕགས་ཀྱི་མདའ་དང་རྡོ་འཕེན་མ། །ལྕགས་ཀྱི་དྲེའུ་ལ་གཡུའི་སྒ། །སྲིན་མོ་ཁུས་འདེབས་སུ་བྱེད་པ། །མི་ཟད་ཆེན་མོ་ད་ཚུར་སྤྱོན། །ཚིལ་ཚིལ་མ་མ་ཤ་ཤ་ཁུག་ཁུག་དམ་ཚིག་རྦད། །འཁོར་གྱིས་བཀུག་རྗེས་ཕུར་པ་གདབ། །ཅེས་བྱ་བ་ནི་བདུན་མོ་བདུན་དང་ལྡན་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་སོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །བདུད་ཀྱི་གཡོག་མོ་བདུན་དང་ལྡན་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་པའོ། །མ་མོ་ཀུན་གྱི་ཕྱག་བརྙན་མ། །རེ་མ་ཏི་དང་རེ་མ་ཛ། །ནག་མོ་ཨུ་བྱ་རེ་མ་ཏི། །ནམ་མཁའ་བྱི་ཕུར་གློག་མ་སྲིན། །ཀློང་དགུ་མ་ཅིག་རེ་མ་ཏི། །མིང་དགུ་གཡོག་མོ་གསུམ་ལྡན་པའི། །དེ་ཡི་དཀྱིལ་འཁོར་སྒྲུབ་ཐབས་བཤད། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཆུ་བོའི་གཞུང་དང་བཞི་མདོ་དང་། །བྲག་ནག་ཆུ་རིགས་མཚལ་རིགས་ཆགས། །དེ་རུ་བྱིན་བརླབས་མཚམས་གཅད་དེ། །དམ་རྫས་ཡོ་བྱད་ཚང་བར་བསག །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །ཁྲག་ལས་བྱས་པའི་ཟླ་གམ་གསུམ། །ཚུལ་བཞིན་བྲིས་པ་དེ་ཉིད་དུ། །དཔོན་གཡོག་བཞི་པོ་ཚུལ་བཞིན་དགོད། །བསྒྲུབ་པ་ཆེན་པོ་གཞུང་བཞིན་བྱ། །སྔགས་པ་མན་ངག་གདེང་ལྡན་པས། ཁུན་ཆེན་སླག་པ་དེ་བཞིན་ནོ། །སྲིད་པ་སྤྱི་ལུགས་ཞ་གོན་ཏེ། །འཕྲེང་བ་ཆེན་པོ་དེ་བཞིན་བགྲང་། །སྤོས་ཆེན་དུད་པ་རྒྱུན་མི་གཅད། །བུ་ཅིག་སྤུ་གུར་མ་ཉམས་སེམས། །འབྲས་བུ་མི་དབང་མཚལ་ཏོག་དང་། ཁེལ་ནག་སྤྱི་དཀར་མི་རིགས་དང་ནི། །དཀར་ནག་ཚེ་ནུ་ཟླ་གམ་འདྲ། །སོལ་པའི་ཕྱེ་དང་སེན་དགུ་རྣམས། །དེ་ཉིད་བསྒྲུབ་དང་བསྟེན་པའི་རྫས། །མིང་གིས་མེད་དུ་མི་རུང་ངོ། །ལྷོ་དང་ལྷོ་ཡི་གློང་ཕྱོགས་ནས། །ཁ་དོག་བབ་ཀྱི་དམ་པ་དང་། །དྲི་དང་རོ་དང་ཁ་དོག་ལྡན། །འབྱུང་བ་རྩལ་ཏེ་རྫས་སུ་བསག །མིང་གིས་མེད་དུ་མི་རུང་ངོ། །ལྗང་ཁུ་དམར་དང་མདར་ཆེན་མཛོད། །ལྷུམ་པུ་སྔོ་དང་ཚོན་སྣ་ལྔ། །མ༷་ས་གང་རུང་དམར་རྣམས་བསག །མིང་གིས་མེད་དུ་མི་རུང་ངོ། །མ་མོ་སྤྱི་ཡི་ཕྱག་རྒྱ་བཅིངས། །སྲིད་པའི་དཀྱིལ་འཁོར་ནས་དྲངས་ནས་སུ། །འབུམ་མམ་བྱེ་བར་རབ་བཟླས་ཏེ། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས་ཀྱང་སྟོན་པར་འགྱུར། །དཀེར་སེར་དམར་སྔོའི་རྣམ་པ་ཡི། །ལྡན་པ་དེ་ཚོའི་དངོས་གྲུབ་ཀྱང་། །རྣམ་པ་གང་འདོད་བསྒྲུབ་ཅིང་བླང་། །དེ་ནས་དངོས་གྲུབ་ཐོབ་པ་དང་། །ཕན་གནོད་ལས་ཀྱི་བདག་མོ་སྟེ། །མ་མོ་ཉིད་དུ་བདག་ཉིད་གནས། །ཕན་གནོད་ལས་ནི་གང་བྱེད་པ། །སོ་སོའི་དམ་རྫས་བསགས་ནས་ནི། །དམིགས་པའི་ལས་དེ་བསྒྱུར་ལ་བསྒྲུབ། །གདུངས་པའི་དབྱངས་འདི་བླང་བར་བྱ། །ལྷ་མོ་ནག་མོ་རེ་མ་མཐུ་མོ་ཆེ། །མིང་གཅིག་མ་ལ་མཁན་སྟོང་མ། །མདོག་བཟང་ནག་མོ་རལ་པ་ཅན། །རལ་པའི་ཟར་བུ་སྨུག་ནག་གཏིབས། །མ་མོ་ཀུན་གྱི་ཕྱག་བརྙན་མ། །བརྟན་མ་ཀུན་གྱི་ཡང་རྗེ་མོ། །མ་བདུད་རྒྱལ་མོ་ཞེས་ཀྱང་གྲགས། །སྐྱེ་འགྲོའི་སྲོག་དང་དབུགས་འཆང་མ། །རྐང་དུག་ལྕགས་ཀྱི་ལྷམ་གོན་མ། ། སྐུ་ལ་རེ་ལྡེ་མཛེས་པ་གསོལ། །མི་མགོ་རྟ་མགོ་མཁར་དུ་བརྩིགས། །ཐོད་པ་དགུ་བརྩེགས་གཞལ་ཡས་ན། །ནག་མོ་ཚོགས་ཀྱི་དབུས་འགྱིང་མ། །ཁམས་གསུམ་སྲིད་གསུམ་ཐམས་ཅད་ན། །དམ་ཚིག་བསྲུང་པ་རེ་མང་ན། །ཡལ་དམ་་ན་ན་འགའ་འགའ་ཙམ། །ཁམས་གསུམ་སྲིད་གསུམ་ཐམས་ཅད་ན། །འགྲོ་དོན་མཛད་མཛད་མ་ཅིག་འོ་རེ་བརྒྱལ། །བདག་འདྲ་གསུངས་པས་བསྐྱོད་ཅིང་གདུངས་པའི་ཚེ། །འཆི་མ་ཐུལ་མ་ཐོགས་མྱུར་དུ་སྤྱོན། །བུ་ཅིག་སྦུ་གུར་མ་ཉམས་སེམས། །འབྲས་བུ་མི་དབང་མཚལ་ཏོག་འདི། །མ་ལ་འབུལ་ལོ་ཟ་ཟ་མ་ཅིག་མ། །བདག་གི་བརྣག་པའི་མཐར་ཕྱུང་ཞིག །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །རྫས་རྣམས་གང་ཡིན་དེ་ཚེ་བསྟན། །ཞེས་བྱ་བ་ནི། །ལྷ་མོ་ཆེན་མོ་ཉིད་གཡོག་མོ་གསུམ་དང་ལྡན་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་སོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས །དཔལ་ལྷ་མོ་ཉིད་གཡོག་མོ་གསུམ་དང་ལྡན་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །གནོད་སྤྱིན་མོ་ལྦར་ལྡན་པ་དེའི་སྐྲུབ་ཐབས་ཆོ་ག་བཤད། །བསྒོ་པ་ཉན་པའི་ཕན་འདོགས་བཅས། །དུར་ཁྲོད་ཁྱད་པར་ལྷོ་ཕྱོགས་བསྟན། །སྒོ་ངོས་མོ་ཉལ་ནམ་མཁའ་ལ། །སྒྲིབ་གཡོགས་མེད་པས་སྒྲུབ་པ་པོས། །མངོན་དུ་གྱུར་པ་དེའི་ཚེ། །ཁྱད་པར་ཅན་གྱི་སྦམ་ཕོ་བླང་། །ས་སྟེངས་རཀྟས་རྡོལ་རྣོན་བྱས། ཁྲ་ཆེན་འཕན་བྱ་ཤུན་པས་བླ་རེ་བྱ། །ལྷུ་གདུམ་མཐར་གཞག་གུ་གུལ་གྱི། །དུད་པ་མི་ཚད་སྦྲང་ཆེན་གྱི། །མེ་མར་འོད་དང་ལྡན་པར་བྱ། །སྣ་ཚོགས་རོ་ལྡན་དཀར་ནག་ཚེ། །རྣམ་པ་སྣ་ཚོགས་ལྡ་པར་བྱ། །བཅུ་དྲུག་གཙོ་གཏོར་རཀྟ་སྦྱར། །ར་ས་ཡ་ན་མྱོས་བྱེད་སྦྱར། །ཆེ་མཆོག་གཟུགས་མར་རེ་མ་ཏི། །ཡབ་ཡུམ་གཉིས་པོ་གསལ་བར་དམིགས། །གནོད་སྤྱིན་མ་ལྔའི་སྙིང་ནས་དྲང་། །ཟླ་བ་གཅིག་ནས་ཙ་རས་བསྐང་། །གསུམ་ན་ནམ་མཁའ་ལྡིང་གིས་སོ། །དྲུག་ན་ཤེལ་ནག་སྤྱི་དཀར་ཏེ། །ལོ་གཅིག་མངོན་དུ་བྱུང་བར་འགྱུར། །ཆུ་དང་མ་འདྲེས་དངས་མའི་ཁྲག །བྷ་ལིང་ཤ་ཏྲུ༷་རྒྱུན་དུ་བཞིན། །བཟླས་བརྗོད་བསྒྲུབ་པའི་སྐབས་སུ་ནི། །ར་ཀྱང་འབྲེལ་མེད་ཡུགས་ས་མཛེ་མོ་དང་། །སྤྲང་མོ་སྤྱི་སྐྱེས་འཛིངས་མ་རྣམས། །མཐོང་ན་བཤགས་པ་མྱུར་དུ་བྱའོ། །མངོན་དུ་བྱུང་བར་མ་གྱུ་ཀྱང་། །རྒྱལ་མོས་མཆོད་དང་བསྒོ་བ་ཉན། །མཛེས་པའི་ཚུལ་དུ་སྟོན་གྱུར་ན། །ལྔ་ལས་གནས་འགྱུར་རྒྱལ་མོ་སྟེ། །གཡོག་མོ་བཞི་ཡིས་བསྐོར་བར་བསྒོམ། །སྔགས་དང་མིང་རུས་སྤེལ་ཏེ་བརྗོད། །གང་འདོད་ལས་ནི་བཅོལ་བར་བྱ། །བསྟེན་དབྱངས་སྙན་པས་བསྐུལ་བ་ནི། །ཅིག་མ་ཅིག་རེ་མ་ཏི། །སྲིན་མོ་མདོག་ནག་གཅེར་བུ་ཁྱོད། །གོས་སུ་མུན་པ་ནག་གོན། །མེ་སྒྲོན་འབར་བའི་ཤམ་ཐབས་ཅན། །རྡོ་རྗེ་མཆེ་བ་འབར་པ་སྟེ། །ཟ་བར་འདོད་པས་ལྕེ་འཇིབ་མ། །ཞལ་ནས་མི་ཁྲག་རྟ་ཁྲག་རྟ་ཁྲག་འཛག །ཕྱག་གཡས་འགུགས་པའི་ལྕགས་ཀྱི་བསྣམས། །ཕྱག་གཡོན་རལ་གྲིས་གཅོད་པར་བྱེད། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། ཁྲ་ཁྲག་ཀུན་གྱི་དྲི་སྣོམ་མ། །སྐུ་སྟོང་མི་ལྤགས་ཁྲག་འཛག་གསོལ། །སྐུ་སྨད་རེ་ལྡེ་ནག་པོས་དཀྲིས། །རྐང་གདུབ་ལྕགས་སྒྲོག་ནག་པོས་བྱས། །ཐོད་པ་ཁྲག་འཛག་སྐུལ་བརྒྱན། །ཐོད་པ་ལྔ་ཡི་དབུ་རྒྱན་ཅན། །གང་དུ་བསམས་པས་ཡུད་ཀྱིས་ཕྱིན། །སྔོན་གྱི་ཐུགས་དམ་དམར་ལགས་ཀྱིས། །དམར་ཆེན་ཁྲག་ལ་ད་ཚུལ་སྤྱོན་གནོད་སྤྱིན་འཕྲོག་མ་མཐུ་མོ་ཆེ། །ཁྲག་མཚོ་འབར་བའི་གཞལ་ཡས་ནས། །ལྕགས་ཀྱི་སྤྱང་མོ་མགོ་གསུམ་ཆིབས། །ཕང་པ་ཡོད་ན་འཛིན་པ་ནི། །གསེར་ལ་ཁུས་གོན་ནུ་མ་བཞིན། །གཡས་ན་རལ་གྲི་འཛིན་པས་གཅོད། །སྔ་གོང་ཕྱི་གོང་ཞིང་བཅུ་ལ། །སྐུ་ཡི་སྨད་དུ་དཀྲིས་པ་ནི། །རས་ནག་མུན་པའི་ཁ་དོག་འདྲ། །ལྷ་མ་ཡིན་གྱི་ཆ་ལུགས་ཏེ། །འདོད་ཁམས་མ་ལུས་འཁྲུག་བྱེད་མ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དུར་ཁྲོད་འབར་བའི་གཞལ་ཡས་ནས། །མ་མོ་དུར་ཁྲོད་ཙ་མུ་ཏི། །ཁྱོད་ཀྱི་གདན་གྱི་མཚན་ཉིད་ནི། །རོ་ཡི་སྟེང་ན་རོ་བསྒྲེང་བརྩེགས། །ཕྲག་པ་གཉིས་སུ་ཞབས་འཇོག་མ། །གནོད་སྤྱིན་དམར་མོ་རྒན་མོའི་གཟུགས། །ཞལགཅིགམལསྤྱན་གསུམ་མ། །ཕྱག་བཞི་གཡས་ཀྱི་དང་པོ་ན། །གཅིད་པར་བྱེད་པའི་གྲི་རྣོན་འཛིན། །ཕྱག་བཞི་གཡས་ཀྱི་འོག་མ་ན། །འདེབས་པར་བྱེད་པའི་རལ་གྲི་འཛིན། །ཕྱག་བཞི་གཡོན་གྱི་དང་པོ་ན། །མཆེ་ཆུང་ཁར་འཛུད་སྒྱེག་ཚུལ་གནས། །ཕྱག་བཞི་གཡོན་གྱི་འོག་མ་ན། །འཐུང་བར་བྱེད་པའི་ཐོད་པ་བསྣམས། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །འཁོར་ནི་གནོད་སྤྱིན་སྟོང་གིས་བསྐོར། །དུར་ཁྲོད་གནས་ནས་དམིགས་པ་ལེན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རྣལ་འབྱོར་ཆེན་མོ་ནག་མོ་ནི། །ཕོ་བྲང་རླུད་མཚོའི་གཞལ་ཡས་ནས། །རླུད་གི་རྔ་མོའི་རོ་སྟེངས་བཞུགས། །སྐད་ཅིག་ཡུད་ལ་ཀུན་ཏུ་ཕྱིན། །གནོད་སྤྱིན་རྒྱན་གྱིས་བརྒྱན་པ་སྟེ། །གོས་སུ་མུན་པ་ནག་པོ་གོན། །ལག་ན་ཙིསྟ་དམར་པོ་ཐོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །གནོད་སྤྱིན་དུས་མཚན་ཆེན་མོ་ཁྱོད། །གཅེར་བུ་ནམ་མཁའི་གོས་གོན་མ། །དྲེའུ་ཕོ་ལ་ལེགས་པར་ཆིབས། །གཡས་ན་གཅོད་པར་བྱེད་པའི་གྲི། །གཡོན་ན་ཐོད་པ་ཁྲག་གང་ལ། །རང་གིས་རང་ལ་ཐིམ་པར་སྟོབ། །ལྷ་མ་ཡིན་གྱི་རྒྱན་གྱིས་བརྒྱན། །འཁོར་ཀྱང་ལྷ་མིན་སྟོང་གིས་བསྐོར། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཅེས་བསྐུལ་བ་ནི། །འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལ་གནོད་སྤྱིན་མ་བཞིས་བསྐོར་པའི་སྒྲུབ་ཐབས་སོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །དཔལ་ལྷ་མོ་གནོད་སྤྱིན་མོའི་ཆ་ལུགས་སུ་ཞུགས་ཏེ། །གནོད་སྤྱིན་མ་བཞིས་བསྐོར་བའི་སྒྲུབ་ཐབས་བསྟན་པ་ལེའུ་སྟེ་བཅུ་གཉིས་པའོ། །དེ་ནས་བདུན་མོ་སྒྲུབ་ཐབས་ནི། མ་བདུན་བཅས་པའི་དཀྱིལ་འཁོར་བཤད། །ཁང་རུལ་ནག་པོ་འམ་གདུག་པའི་ས། །ཆུ་གླིང་དྲག་པོ་འམ་གནོད་སྦྱིན་གནས། །འདྲེ་སྲིན་འཚགས་པའི་མདུན་ས་དང་། །བྲག་དམར་གཅན་གཟན་མཆེ་བ་འདྲ། །བྲག་ནག་དྲག་པོའི་གནས་དེར་བསྒྲུབ། །བརྒྱད་དམ་བཅོ་ལྔའི་ནུབ་མོ་འཇུག །ཕུང་པོའི་ཤུལ་ནས་ས་བླངས་ཏེ། །དཀྱིལ་འཁོར་འཕེན་ཚད་རྒྱས་པར་བརྩིགས། །དབུས་སུ་གྲུ་གསུམ་དམར་ནག་བྲི། །དབང་གི་ཟླ་གམ་གསུམ་གྱིས་བསྐོར། །བཅད་པ་རཀྟའི་རྒྱ་མཚོ་གཏང་། །མུ་ཁྱུད་ཀ་བའི་འཕྲེང་བས་བསྐོར། །ལྕགས་སམ་རྡོ་སོལ་ནག་པོས་གཏང་། །མཚན་ལྡན་གཉིས་ནི་ཡབ་ཡུམ་གཉིས། །དབུས་ཀྱི་གྲུ་གསུམ་རྟེན་མའི་སྟེང་། །ལྕགས་སམ་སེང་ལྡེང་ཕུར་པ་ཉིད། །བྱིན་བརླབས་དེ་ལ་ཕུར་པ་བརྟེན། །ཟླ་གམ་གསུམ་ལ་དྲག་པོ་བདུན། །དབྱིངས་བདུན་བྱིན་བརླབས་ཕུར་བུ་དགོད། །གནོད་སྤྱིན་རྩང་བདུན་ལྕགས་རིས་བསྐོར། །གདོང་བཞིར་ཕུར་བུ་གྲྭ་བཞིར་གཟུགས། །མཆོག་གི་ཕུར་བུ་སྒོ་བཞིར་དགོད། །བ་ལམ་ཁྲི་སྨན་ནུབ་བྱང་དགོད། །མི་དབང་རྒྱལ་མཚན་གྲྭ་བཞིར་གཟུགས། །ཞིང་ངམ་མཐིང་ནག་བླ་རེ་བྲི། །སྤྱི་ཡི་གཏོར་མ་ཤར་དུ་གཞག །མ་མོའི་གཏོར་མ་ལྷོ་རུ་སྟེ། །ཐུན་གྱི་གཏོར་མ་ནུབ་ཏུ་གཞག །སྐམ་ཕེ་ཨ་མྲི་ཏས་ལྡན་པའི། །ཁྲག་གི་ཟངས་བུ་བྱང་དུ་གཞག །ལྟ་བ་དྲོད་ཀྱི་མན་ངག་དང་། །སྤྱོད་པ་བསྒྲུབ་པའི་མན་ངག་དང་། །ཁྱད་པར་མ་མོའི་མན་ངག་གསུམ། །སྔགས་པ་མན་ངག་གདེངས་ལྡན་པས། །ཤིན་ཆེན་སླག་པ་དེ་བཞིན་གོན། །སྲིད་པ་སྤྱི་ལུགས་ཞ་གོན་ཏེ། །འཕྲེང་བ་ཆེན་པོ་དེ་བཞིན་བགྲང་། །ཚིལ་ཆེན་མེ་མར་ཁ་ལྔ་གཏང་། །གུ་གུལ་དུད་པ་རྒྱུན་མི་གཅད། །ཤིང་ལོའི་གཟུགས་ནི་གཏོར་མའི་དབུས། །ཕུང་པོ་གཟུགས་ཀྱི་ལིག་ཀ་དེ། །ལྕགས་སམ་ནག་པོའི་མཚོན་གྱིས་གདགས། །ལྷ་མོ་ཉིད་ཀྱི་ལག་ཏུ་གཏད། ་་ས་ཀར་ཉུངས་ནག་ཐལ་ཆེན་རྫས། །ལྷོ་ནུབ་མཚམས་སུ་གཞག་པར་བྱ། །རུས་པ་ཤ་ཆེན་ཤ་སྣང་དང་སྙིང་སྣ་ལ་སོགས་མང་པོ་ཀུན། །མུ་རན་ལ་ནི་གཞག་པར་བྱའོ། །ཁྲག་འཐུང་གཟུངས་མ་མཚན་ལྡན་ལ། །གཅིག་གམ་ཡང་ན་གཉིས་ཀྱང་གཞག །ནམ་མཁའི་ལྡིང་དང་ཙ་ར་དང་། །ཤེལ་དང་གསུམ་པོ་ནག་པོར་བསག །རང་ཉིད་དཔལ་གྱི་ཆ་ལུགས་ཏེ། །ཡུམ་ཡང་ཡུམ་དུ་བསྒོམ་པར་བྱ། །ཁྲག་འཐུང་ཡབ་ཡུམ་གསལ་བ་ཡིས། །བདུད་མོ་མ་བདུན་བཅས་པ་ཡང་། །རང་གི་སྙིང་གི་དཀྱིལ་ནས་དྲང་། །སྔགས་བཟླས་བར་མ་ཆད་པ་དང་། །དེ་དུས་རྟགས་སུ། །བྱུང་བ་ནི། །ནམ་མཁའ་སྨུག་ནག་འཐིབས་པའི་ཚེ། །བདུད་མོ་ཤེལ་སྤྱི་དཀར་བས་བསྐང་། །གནས་ཁང་འཁོར་བུ་འམ་ཐམས་ཅད་དུ། །ཆོམ་སྒྲ་ཆུང་དང་ཆེ་བ་ནི། །རྒྱལ་པོ་འམ་མ་མོ་དབང་འདུས་པས། །བསྐྲད་དང་གཏོར་མ་བྱིན་ཏེ་༄༅། བཅོམ། །འཚེགས་ན་འགོང་བུ་བསྐྲད་པར་བྱ། །ཆས་ངན་སྤྲག་མོར་འོང་ནི། །བསྐང་གསོའི་ཆོ་ག་རྒྱ་ཆེར་བྱ། །རང་ཉིད་ཉམས་ནི་མི་གསལ་ན། །ཕུར་བུ་བྱང་ཆུབ་སེམས་ཀྱིས་བསྐང་། །རང་ཉིད་བསྡུ་བར་འདོད་པའི་ཚེ། །རཀྟ་ཁྲག་གིས་བསྐང་བར་བྱ། །སེང་སེང་འགྲོ་བར་འགྱུར་པ་ན། །དབང་དུ་བསྡུས་ཏེ་གསལ་བར་བྱའོ། །འཇིགས་ཤིང་སྙིང་ཉིད་མི་དགའ་ན། །བདུད་མོ་ནག་མོ་བྱང་ཆུབ་མའི། །ཉམས་སོད་ཡིན་པས་མྱུར་དུ་བསྒོམ། །འོད་དཀར་བྱུང་ན་རྒྱལ་པོ་བསྐྲད། །མེ་དུམ་བྱུང་ན་དམ་སྲི་བསྐྲད་། །བུད་མེད་ནག་མོའི་ཚོགས་བྱུང་ན། །མ་དང་སྲིང་མོར་བསྟན་པར་བྱ། །གདུང་ཞིང་འཁོར་ལ་བྱམས་པ་དང་། །བུ་ཚ་འཚོ་བར་རབ་ཏུ་བཤད། །ཟླས་དང་གྲོགས་དང་བྲམ་མོའི་ཚུལ། །བུ་མེད་རང་གནོད་ནོར་ལ་སྐམ། །སྒྲ་སྙན་བྱུང་ན་ཚེ་ཉིད་འགྲུབ། །སྒྲ་ཆེན་བྱུང་ན་དྲག་པོ་བྱ། །ཚུབ་མ་དམར་ནག་མཐོང་སླེབ་ན། །གཏོར་མ་བྱིན་ཏེ་དགྲ་ལ་རྦད། །ནམ་མཁའ་ལྡིང་གིས་བསྐང་བར་བྱའོ། །དྲི་ཞིམ་བྱུང་ན་ཟས་སྐོམ་འགྲུབ། །ཙ་ར་ནག་མོས་བསྐང་བ་བྱའོ། །ལྷ་མོ་དངོས་སུ་མཐོང་བ་དང་། །མ་དང་བུ་རུ་དམ་བཅས་ཤིང་། །བོདྷི་་སྟི་རང་བྱུང་གིས། །དམ་བསྲེས་མནས་བསྒྲག་ལས་ལ་བསྒོ། །བཟང་བའི་རྟགས་རྣམས་གང་བྱུང་ཡང་། །ཉེ་བ་ཡིན་ཕྱིར་མཉེས་པ་དང་། །དབང་དུ་བསྡུས་ནས་ལས་རྣམས་འགྲུབ། །རྐྱེན་དང་ཕྲད་དང་མ་ཕྲད་ཀྱིས། །རིངས་མྱུང་མོ་ཉིད་གང་དེར་བསྒྲུབས་མཐོང་ནས་ཐ་ཚིགས་དམ་བཅས་པ། །དམ་ཚིག་ཉམས་ཀྱིས་འཇིགས་པའི་ཕྱིར། །མགུ་དང་མ་མགུ་མེད་པར་བསྒྲུབ། །མང་པོའི་མདུན་དུ་ལས་བྱས་ཀྱང་། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །མ་མོ་དངོས་སུམ་ཐོང་གྱུར་ན། །ཁ་ན་མ་ཐོར་འགྱུར་སྲིད་པས། །སློབ་དཔོན་མ་གཏོགས་གཞན་མི་སྨྲ། །གཅིག་པུ་གྲོགས་ཀྱང་མེད་པ་བསྒྲུབ། །དབང་འདུས་ཏིང་འཛིན་གསལ་གྱུར་ན། །མ་མཐོང་ན་ཡང་འགྲུབ་པར་འགྱུར །རྒྱུན་དུ་བསྲིངས་ན་གང་གིས་ཀྱང་། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །ཉེ་བར་འགྱུར་ན་ལེགས་འགྲུབ་པ། །དཔྱིད་ནི་ཆུ་མདོ་གསང་འདས་འདབས་སུ། །དབྱར་ནི་གསང་རྩེ་གཡའ་གོང་བསྒྲུབ། །སྟོན་ནི་སྤང་འབོས་འདུབས་བསྒྲུབ། །དགུན་ནི་དུར་ཁྲོད་སྤང་ཕུབ་བསྒྲུབ། །མཆོད་པ་ཉིན་གུང་མཚན་ལ་བསྟབས། །ནམ་གྱི་གུང་ལ་གཏོར་མ་གཏོང་། །དེ་ལས་གསད་པའི་ལས་ཀྱང་བྱ། །ཕུར་བུས་གདབ་ཅིང་རལ་གྲིས་གཏུབ། །གཏོར་མ་འཕང་ཞིང་སྤྱིན་སྲེག་བྱ། །བསྟེན་དབྱངས་སྙན་པས་བསྐུལ་པ་ནི། །བསྐལ་པ་མེ་ལྟར་འབར་པའི་ཀློང་དཀྱིལ་ནས། །རླུད་ནག་ཚུབ་མར་འཁྱིལ་བའི་ནང་ཤེད་ནས། །མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ལྕམགཅིགགཤིནརྗེའིཡུམ་གཅིག་མ། །ནག་མོ་རྔམ་པའི་མཆེ་བ་ཅན། །མཐིང་ནག་གཅེར་བུ་རལ་པ་ཅན། །སྐུ་མདོག་ནག་མོར་བཞུགས་པ་ནི། །དོན་དམ་་དབྱིངས་ལས་བསྐྱོད་པ་མེད་པའི་རྟགས། །རལ་པ་གཡས་ནས་གཡོན་དུ་འཁྱིལ་བ་ནི། །ཡུམ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས། །རལ་པ་སྤྱི་གཙུག་གཅིག་ཏུ་འཁྱིལ་པ་ནི། །སྐྱེ་མེད་དོན་དམ་གཅིག་ཏུ་འཁྱིལ་པའི་རྟགས། །རལ་པའི་གསེབ་ནས་མེ་སྟག་འཕྲོ་བ་ནི། །ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས། ཐོད་རློན་འཕྲེང་བས་སྐུ་ལ་བརྒྱན་པ་ནི། །ཐུགས་རྗེ་སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས། །གཡས་ཀྱི་སྙན་ནས་སེང་གེ་འཕྱོ་བ་ནི། །སྨན་མོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས། །གཡོན་པའི་སྦྲུལ་གྱི་གདེངས་ཀ་འཔྱོ་བ་ནི། །ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས། །སྙན་ཆ་གསེར་གྱི་དྲེལ་བུ་འཁྲོལ་བ་ནི། །སངས་རྒྱས་ཀུན་ལ་བསྙེན་བཀུར་མཛད་པའི་རྟགས། །སྤྱན་རྩ་དམར་ལ་སྡང་མིག་བགྲད་པ་ནི། །དགྲ་བགེགས་ཐམས་ཅད་རྩད་ནས་གཅོད་པའི་རྟགས། ཁྲངས་ནས་ཁྲག་དང་ཞག་གི་དྲོ་སྣོམ་མ། །དཔག་ཚད་བརྒྱད་ཁྲིའི་གནས་ནས་ལེན་པར་བྱེད། །ཞལ་ནས་དྲག་པོ་ཧོ་མ་ཁུག་གདངས་པ་ནི། །དམ་ཉམས་དགྲ་བོ་ཞལ་དུ་སྡུད་པའི་རྟགས། །རྣོ་གདུག་མཆེ་བ་ཟུར་གསུམ་གཙིགས་པ་ནི། །དགྲ་བགེགས་ཤ་ལ་ཆེམ་ཆེམ་གསོལ་པའི་རྟོགས། །ཐུགས་རྗེ་ཆགས་པའི་རྟགས་སུ་རཀྟའི་ཐིག་ལེ་ས་བརྒྱན། །དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོ་རིས་བརྒྱན། །འདུལ་བྱེད་འཕྲིན་ལས་རྟགས་སུ་ཐལ་ཆེན་ཆེན་མས་བརྒྱན། །ཞིང་ལྤགས་རློན་པ་སྐུ་ལ་གསོལ་བ་ནི། །ཆོས་ཉིད་ཡང་དག་དོན་དང་ལྡན་པའི་རྟགས། །གླང་ཆེན་ཀོ་རློན་སྐུ་ལ་གསོལ་བ་ནི། །ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས། །རེ་ལྡེ་ནག་པོས་གནམ་ཕྱེད་དཀྲིས་པ་ནི། །འཇིག་རྟེན་འདི་ན་ཆེ་བཙན་ལྡན་པའི་རྟགས། །ལྟེ་བའི་དཀྱིལ་ནས་ཉི་མ་འཆར་བ་ནི། །སྡུག་བསྔལ་རྒྱ་མཆོ་མ་ལུས་སྐེམས་པའི་རྟགས། །ལྕགས་སྒྲོག་འབར་བ་ཞབས་ལ་འཁྲོལ་བ་ནི། །འདོད་ཀམས་འདུལ་པའི་དབང་དང་ལྡན་པའི་རྟགས། །གཡས་ན་ཤིང་ལང་ནག་པོ་བསྣམས་པ་ནི། །སྡུག་བསྔལ་སྐྱེ་ཤིང་རྩད་ནས་གཅོད་པའི་རྟགས། །འོག་མ་ཐོད་རློན་འཕྲེང་བ་འདྲེན་པ་ནི། །ཐུགས་རྗེས་འཁོར་བ་གནས་ནས་འདྲེན་པའི་རྟགས། །གཡོན་གྱིས་ཏྲི་ཤུལ་རྩེ་གསུམ་བསྣམས་པ་ནི། །དམ་ཉམས་ཁམས་གསུམ་རྡུལ་དུ་རློག་པའི་རྟགས། །འོག་མ་ཐོད་རློན་དམར་གྱིས་བཀང་བ་ནི། །སྲིད་གསུམ་ཤ་ཁྲག་ཞལ་དུ་འཐུང་བའི་རྟགས། །བོང་བུ་ག་ཕྱིན་ཕྱོགས་ཞོན་པ་ནི། །གཏི་མུག་དོན་དམ་ཤེས་རབ་བསལ་བའི་རྟགས། །སྲིན་པོའི་ལྐོག་མས་སྒ་རུ་བྱས་པ་ནི། །བདུད་དང་སྲིན་པོ་ཟིལ་གྱིས་གནོན་པའི་རྟགས། །སྦྲུལ་ནག་ཆུན་པོས་གོང་རྨེད་བྱས་པ་ནི། །ཞར་སྡང་དབང་གིས་དགྲ་དཔུང་འཇོམས་པའི་རྟགས། །རུས་སྦལ་ནག་པོས་ཕོ་བུས་བརྒྱན་པ་ནི། །ཀླུ་རིགས་ཐམས་ཅད་དབང་དུ་རྫོགས་པའི་རྟགས། །བདུད་ཀྱི་ཁྲམ་བམ་སྔ་ཤར་བཏགས་པ་ནི། །དམ་ཉམས་གང་ཡིན་ཁྲམ་ལ་འདེབས་པའི་རྟགས། །ནད་ཀྱི་རྐྱལ་པ་ཕྱི་ཤར་བྱས་པ་ནི། །དཀོན་མཆོག་དབུ་འཕང་སྨོད་བྱེད་དགྲ་བོ་ལ། །ནད་ཁ་མ་ལུས་འབེབས་པར་བྱེད་པའི་རྟགས། །ནག་མོ་འབུམ་ཕྲག་བྲན་དུ་བཀོལ་ནས་ཀྱང་། །བསྟན་པ་འཇིག་པར་བྱེད་པའི་སྙིང་ནས་དྲོངས། །མ་བདུད་འབུམ་ཕྲག་ཕོ་ཉར་ད་ཐོག་ལ། །དམ་ཉམས་དབུ་འཕང་སྨོད་པ་ཁྲིད་ལས་ཤོག །མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །ལག་ན་རྡོར་འཕྱར་རི་རབ་སྙིལ། །རལ་ནག་མུན་པས་སྟོང་གསུམ་ཁེངས། །ཁ་ན་མི་ཤ་རློན་པ་ཟ། །ཁྲག་དང་ཞག་འཛག་རྒྱ་མཚོར་འཁྱིལ། །དཔལ་ལྡན་ཆེན་མོ་ད་ཚུར་སྤྱོན། །བདག་གིས་བརྩོན་པར་ཁྱོད་བསྟོད་ཀྱིས། །མ་ཅིག་ལྷ་མོ་ད་ཚུར་སྤྱོན། །བཅོལ་པའི་ལས་རྣམས་གྲུབ་པར་གྱིས། །བཱ་མོ་བློ་སྨྱོ་སྲོག་ལ་ཧུར་ཧུར་ཐུམ་ཐུམ་རྦད་རྦད། །ཧཱུཾ༷། །སྟོང་ཆེན་མོའི་དཀྱིལ་འཁོར་ནས། །རྡོ་རྗེ་གུར་གྱི་གཞལ་ཡས་ནས། །རྡོ་རྗེ་བཀའ་ཡི་ཕོ་ཉ་མོ། །དཀར་མོ་དུང་གི་རལ་པ་ཅན། །ཁྱུང་གི་མགོ་ལ་ཉི་ཟླའི་སྤྱིན།་།རལ་གྲི་སྟོང་གི་གཤོག་པ་ཅན། རྡོ་རྗེ་མཆེ་གཤོག་རེ་རེ་ལ། །སྤྲུལ་པ་ཁྱུང་གི་ཕོ་ཉ་འགྱེད། །ལག་ན་ཤེལ་གྱི་ཕུར་པ་འདྲིལ། །རྡོ་རྗེ་ཕོ་ཉ་འབུམ་སྡེ་ཡིས། །སློབ་དཔོན་སྨོད་པ་ཁྲིད་ལས་ཤོག །མ་མ་པྲམ་བུ་ཨ་ཏི་སྨྱོ་ཛ། །དགྲ་བོ་ནི་ཛ། །ཞེས་ནི་ཀུན་ཏུ་སྤེལ་པར་བྱ། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །འཇའཚོནའབརབའི་གཞལ་ཡས་ཁང་། །རྡོ་རྗེ་བཀའ་ཡི་ཕོ་ཉ་ནི། །འཇིགས་བྱེད་འབར་བའི་མཚོན་ཆ་ཅན། །རལ་ཁམ་ནག་གྱེན་དུ་འཁྱིལ། །སྤྱན་གསུམ་སྡང་མིག་འཇིགས་པར་ལྟ། །ཐོད་རློན་འཕྲེང་བས་སྐུ་ལ་བརྒྱན། །ཕྱག་ན་རྡོ་རྗེ་རྩེ་གསུམ་བསྣམས། །ཀུན་བཟང་ཆེན་མོ་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བོ་ཁྲིད་ལས་ཤོག །ཡེ་ཤེས་ཆེན་མོའི་དཀྱིལ་འཁོར་ནས། །ཡེ་ཤེས་འབར་བའི་གཞལ་ཡས་ནས། །རྡོ་རྗེ་བཀའ་ཡི་ཕོ་ཉ་མོ། །སྔོ་ནག་མི་སྡུག་མཆེ་བ་ཅན། །རལ་པ་དམར་ནག་གྱེན་དུ་འཁྱིལ། །སྤྱན་གསུམ་ཞེ་སྡང་ལོགས་ཀྱིས་ལྟ། །ཕྱག་ན་རྡོ་རྗེ་རྩེ་གཅིག་འདྲིལ། །ཡེ་ཤེས་ཆེན་མོ་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བོ་ཁྲིད་ལས་ཤོག །ཕྱག་རྒྱ་ཆེན་མོའི་དཀྱིལ་འཁོར་ནས། །མུ་མེན་མཛེས་པའི་གཞལ་ཡས་ཁང་། །རྡོ་རྗེ་བཀའ་ཡི་ཕོ་ཉ་མོ། །དམར་མོ་བསེ་ཡི་ཐོར་ཚུགས་ཅན། །བྱ་རྒོད་མགོ་ལ་ཉི་ཟླའི་སྤྱན། །སྐྲུ་གྲ་འབར་བའི་གཤོག་པ་ཅན། །མེ་དཔུང་འབར་པའི་ཀློང་ན་བཞུགས། །ཕྱག་ན་ལྕགས་ཀྱི་ཕུར་པ་དྲིལ། །རྡོ་རྗེ་སྒྲོན་མ་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བོ་ཁྲིད་ལས་ཤོག །གནོད་སྤྱིན་མོ་ཡི་དཀྱིལ་འཁོར་ནས། །ཨསྒྲི་ནི་ལའི་གཞལ་ཡས་ཁང་། །རྡོ་རྗེ་བཀའ་ཡི་ཕོ་ཉ་མོ། །དམར་མོ་སྤྱན་གསུམ་མཆེ་བ་ཅན། །རལ་པ་སྔོ་དམར་གྱེན་དུ་འཁྱིལ། །གདུག་པ་མ་ལུས་ཀུན་འདུལ་ཞིང་། །གཡས་ན་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་ན་མཆོག་གི་ཕུར་བ་འདྲིལ། །རྡོ་རྗེ་འོད་ཆགས་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བོ་ཁྲིད་ལས་ཤོག །འོད་དཔུག་ཆེན་པོའི་དཀྱིལ་འཁོར་ནས། །སྣ་ཚོགས་འཕྲོ་བའི་གཞལ་ཡས་ཁང་། །རྡོ་རྗེ་བཀའ་ཡི་ཕོ་ཉ་མོ། །སྔོན་མོ་མི་སྲུན་འབྲུག་ལ་ཆིབས། །ཞིང་གི་གཡང་གཞི་གོས་སུ་གོན། །ལག་ན་ཁྲག་གི་ཞགས་པ་ཐོགས། །ཚངས་པའི་གནས་ཀྱང་འཇིགས་པར་བྱེད། །གཡོན་ན་གསེར་གྱི་ཕུར་པ་འདྲིལ། །རྡོ་རྗེ་གཡུ་སྒྲོན་འཁོར་བཅས་ཀྱིས། །དམ་ཚིག་ཉམས་པ་རྡུལ་དུ་རློགས། །དབང་ཕྱུག་ཆེན་མོའི་དཀྱིལ་འཁོར་ནས། །པདྨ་འབར་པའི་གཞལ་ཡས་ཁང་། །རྡོ་རྗེ་བཀའ་ཡི་ཕོ་ཉ་མོ། །སྔོན་མོ་གཏུམ་མོ་མི་སྲིན་སེང་གེ་ཆིབས། །སྦྲུལ་ནག་སྟོང་གིས་སྐུ་ལ་བརྒྱན། ། རུས་སྦལ་དཀར་པོའི་ཐོད་འཕྲེང་ཅན། །ལག་ན་བེ་ཅོན་ནག་པོ་ཐོགས། །གཡོན་ན་བསེ་ཡི་ཕུར་པ་འདྲིལ། །རྡོ་རྗེ་གཡུ་སྒྲོན་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བོ་ཁྲིད་ལས་ཤོག །མཁའ་ལ་དབང་སྒྱུར་སྲིད་པའི་བྱན་མཁན་མ། །དེ་ཡི་ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི། ཁྲར་ལྷོ་གྲུ་ཆད་འབར་པའི་གཞལ་ཡས་ནས། །མི་མོ་སེང་གེའི་མགོ་ཅན་ལ། །ལྕགས་ཀྱི་རལ་པ་གྱེན་དུ་འཁྱིལ། །སྐུ་ལ་མི་ལྤགས་རློན་པ་གསོལ། །ལག་ན་ཁྲག་གི་ལྕགས་ཀྱུ་ཐོགས། །མི་སྙིང་རློན་པ་ཟས་སུ་ཟ། །མི་ཁྲག་མངལ་མོ་སྐོམ་དུ་འཐུང་། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དེ་ཡི་བཀའ་ཉན་ཕོ་ཉ་ནི། ཁྲེལ་གྱི་སེང་གེ་རལ་པ་ཅན། ཁྲེལ་གྱི་ལུས་ལ་ཉི་མའི་མིག །སྐྲུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ། །བང་ནི་གློག་པས་ངེས་པར་མགྱོགས། །སྐད་ནི་འབྲུག་པས་ངེས་པར་ཆེ། །མིག་ནི་ཉི་མའི་ཟེར་བས་རྣོ། །ཟས་སུ་དགྲ་བོའི་ཤ་ལ་ཟ། །སྐོམ་དུ་ཉམས་པའི་ཁྲག་ལ་འཐུང་། །དམ་ཚིག་ཉམས་པའི་སྙིང་ནས་དྲོངས། །ལྷོ་ནུབ་གྲུ་ཆད་གཞལ་ཡས་ནས། །མི་མོ་སྟག་གི་མགོ་ཅན་ལ། །རལ་པ་སེར་ནག་གྱེན་དུ་འཁྱིལ། །སྐུ་ལ་མུ་མེན་སླག་པ་གསོལ། །ཕྱག་ན་ཁྲག་གི་ཚགས་པ་བསྣམས། །ཁ་ནས་ནད་ཀྱི་རླངས་པ་འབྱུང་། །འཇིག་རྟེན་ནད་ཀྱིས་བ་་བར་མཛད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་ཉམས་དགྲ་བོའི་སྙིང་ནས་དྲོངས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །སྟག་ལ་གསེར་མདོག་མགོ་ལྔ་པོ། །གསེར་གྱི་ལུས་ལ་ཉི་མའི་མིག །སྤུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ། །བང་ནི་གློག་པས་ངེས་པར་མགྱོགས། །སྐད་ནི་འབྲུག་པས་ངེས་པར་ཆེ། །མིག་ནི་ཉི་མའི་ཟེར་བས་རྣོ། །ཟས་སུ་དམ་ཉམས་ཤལ་ཟ། །སྐོམ་དུ་དམ་ཉམས་ཁྲག་ལ་འཐུང་། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། ནུབ་བྱང་གྲུ་ཆད་འབར་པའི་གཞལ་ཡས་ནས། །སྤྲུལ་པ་བྱ་རྒོད་ཐང་ནག་ལ། །མཆུ་ནི་གནམ་ལྕགས་ཞུན་མ་འདྲ། །ལྕགས་སྡེར་སྔོན་མོ་བཤད་དེ་བཤད། །རྡོརྗེགཤོགཔའབར་བ་ལས། །སྤྲུལ་པ་བྱ་ནག་མང་པོར་འཕྲོ། །ཞིང་ཆེན་བ་སུ་འདྲེན་ཅིང་ཟ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བོ་དམ་ཉམས་སྙིང་ནས་དྲོངས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཨུར་མོ་འབྲུག་སྔོན་སོ་རྣོན་ལ། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན། །ཀླུ་ཆེན་བརྒྱད་ཀྱི་ཁྲི་ལ་བཞུགས། །ཟས་སུ་དམ་ཉམས་ཤ་ལ་ཟ། །སྐོམ་དུ་དམ་ཉམས་ཁྲག་ལ་འཐུང་། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཤར་གྲུ་ཆད་འབར་པའི་གཞལ་ཡས་ནས། །སྤྲུལ་པ་ཀ༷་ཀ་ཆེན་མོ་ལ། །ཁྲག་གི་གཤོག་པ་བརླབས་པ་ཡིས། །འཇིག་རྟེན་ཁམས་སུ་ཁྲག་ནད་འབེབས། །བསེ་ཡི་མཆུ་སྡེར་དམར་པོ་ཡིས། །དུར་ཁྲོད་གནས་ནས་བམ་ཆེན་འབྱིན། །བྷ་གའི་སྤྲུལ་པས་སྟོང་ཁམས་ཁེངས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་མ། །ལྕགས་ཀྱི་ལུས་ལ་ཉི་མའི་མིག །སྐྲུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ། །བང་ནི་གློག་པས་ངེས་པར་མགྱོགས། །མིག་ནི་ཉི་མའི་འོད་པས་རྣོ། །ཟས་སུ་དགྲ་བོའི་ཤ་ལ་ཟ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ཁྲར་ཕྱོགས་ཤེལ་གྱི་ཁང་བཟངས་ནས། །སྤྲུལ་པ་རྡོ་རྗེ་བུད་མེད་ལུས། །རུས་སྦལ་དཀར་པོའོ་གོ་ཅོག་ཅན། །སྐུ་ལ་གླང་ཆེན་གཡང་གཞི་གསོལ། །ཕྱག་ན་རྩེ་ཏ་ཁ་གསུམ་བསྣམས། །དབུ་ལ་རྡོ་རྗེ་རྩེ་གཅིག་འབར། །པ་སྐྲུ་ཉག་མ་རེ་རེ་ལ། །བསྐལ་པའི་མེ་ལྟར་ཚ་ཚ་འཕྲོ། །ཆིབས་སུ་རུས་སྤལ་ནག་པོ་ཆིབས། །སྡོམ་དང་སྡིག་པའི་སྤྲུལ་པ་འགྱེད། །སྤྲུལ་པའི་ཕོ་ཉ་ད་ཐོང་ལ། དམ་ཉམས་དགྲ་བོའི་སྙིང་ནས་དྲོངས་འཕྲིན་ལས་མཛོད་ཅིག་ཙ་མུན་ཏི། །ལྷོ་ཕྱོགས་གཡུ་ཡི་ཁང་བཟངས་ན། །སྤྲུལ་པ་རྡོ་རྗེ་བུད་མེད་ལུས། །རུས་སྦལ་སྔོན་པོའི་མགོ་བོ་ཅན། །ཆུ་གླང་ནག་པོའི་གཡང་གཞི་གསོལ། །ཞབས་ལས་བསྐལ་པའི་ཆུ་ནག་ལྡང་། །དབུ་ལ་རིན་ཆེན་འབར་བས་བརྒྱན། །པ་སྐྲུ་ཉག་མ་རེ་རེ་ལ། །སྦྲུལ་དང་སྡིག་པའི་ཚང་ཀྱང་བཅས། །ཆིབས་སུ་སྦྲུལ་ནག་མགོ་གསུམ་ཆིབས། །ཞགས་པ་སྔོན་པོ་ཕྱག་ན་བསྣམས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྙིང་ནས་དྲོངས་ཅིག་ཀུ་མ་ལ། །དབང་སྒྱུར་སྲིད་པའི་བྱན་མཁན་མ། །དེ་ཡི་ཐུགས་ལས་སྦྲུལ་པའི་ཕོ་ཉ་ནི། ཁྲར་ལྷོ་གྲུ་ཆད་འབར་བའི་གཞལ་ཡས་ནས། །མི་མོ་སེང་གེའི་མགོ་ཅན་ལ། །ལྕགས་ཀྱི་རལ་བ་གྱེན་དུ་འཁྱིལ། །སྐུ་ལ་མི་ལྤགས་རློན་པ་གསོལ། །ལག་ན་ཁྲག་གི་ལྕགས་ཀྱུ་ཐོགས། །མི་སྙིང་རློན་པ་ཟས་སུ་ཟ། །མི་ཁྲག་མངལ་མོ་སྐོམ་དུ་འཐུང་། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དེ་ཡི་བཀའ་ཉན་ཕོ་ཉ་ནི། ཁྲེལ་གྱི་སེལ་གེ་རལ་པ་ཅན། ཁེལ་གྱི་ལུས་ལ་ཉི་མའི་མིག །སྐྲུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ། །བང་ནི་གློག་པས་ངེས་པར་མགྱོགས། །སྐད་ནི་འབྲུག་པས་ངེས་པར་ཆེ། །མིག་ནི་ཉི་མའི་ཟེར་བས་རྣོ། །ཟས་སུ་དགྲ་བོའི་ཤ་ལ་ཟ། །སྐོམ་དུ་ཉམས་པ་པའི་ཁྲག་ལ་འཐུང་། །དམ་ཚིག་ཉམས་པའི་སྙིང་ནས་དྲོངས། །ལྷོ་ནུབ་གྲུ་ཆད་གཞལ་ཡས་ནས། །མི་མོ་སྟག་གི་མགོ་ཅན་ལ། །རལ་པ་སེར་ནག་གྱེན་དུ་འཁྱིལ། །སྐུ་ལ་མུ་མེན་སླག་པ་གསོལ། །ཕྱག་ན་ཁྲག་གི་ཞགས་པ་བསྣམས། །ཁ་ནས་ནད་ཀྱི་རླངས་པ་འབྱང་། །འཇིག་རྟེན་ནད་ཀྱིས་བཏུལ་བར་མརྫོད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་ཉམས་དགྲ་པོའི་སྙིང་ནས་དྲོངས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །སྟག་ལ་གསེར་མདོག་མགོ་ལྔ་པ། །གསེར་གྱི་ལུས་ལ་ཉི་མའི་་མིག །སྐྲུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ། །བང་ནི་གློག་པས་ངེས་པར་མགྱོགས། །སྐད་ནི་འབྲུག་པས་ངེས་པར་ཆེ། །མིག་ནི་ཉི་མའི་ཟེར་བས་རྣོ། །ཟས་སུ་དམ་ཉམས་ཤ་ལ་ཟ། །སྐོམ་དུ་དམ་ཉམས་ཁྲུག་ལ་འཐུང་། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ནུབ་བྱང་གྲུ་ཆད་འབར་བའི་གཞལ་ཡས་ནས། །སྤྲུལ་པ་བྱ་རྒོད་ཐང་ནག་ལ། །ཆུ་ནི་གནམ་ལྕགས་ཞུན་མ་འདྲ། །ལྕགས་སྡེར་སྔོན་མོ་བཤད་དེ་བཤད། །རྡོ་རྗེ་གཤོག་པ་འབར་བ་ལས། །སྤྲུལ་པ་བྱ་ནག་མང་པོར་འཕྲོ། །ཞིང་ཆེན་བ་སུ་འདྲེན་ཅིང་ཟ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བོ་དམ་ཉམས་སྙིང་ནས་དྲོངས། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ཨུར་མོ་འབྲུག་སྔོན་སོ་རྣོན་ལ། །ཡན་ལག་ཐམས་ཅད་སྦྲུལ་གྱི་བརྒྱན། །ཀླུ་ཆེན་བརྒྱད་ཀྱི་ཁྲི་ལ་བཞུགས། །ཟས་སུ་དམ་ཉམས་ཤ་ལ་ཟ། །སྐོམ་དུ་དམ་ཉམས་ཁྲག་ལ་འཐུང་། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཤར་གྲུ་ཆད་འབར་བའི་གཞལ་ཡས་ནས། །སྤྲུལ་པ་ཀ༷་ཀ་ཆེན་མོ་ལ། །ཁྲགགིགཤོག་པ་བརླབས་པ་ཡིས། །འཇིག་རྟེན་ཁམས་སུ་ཁྲག་ནད་འབེབས། །བསེ་ཡི་མཆུ་སྡེར་དམར་པོ་ཡིས། །དུར་ཁྲོད་གནས་ནས་བམ་ཆེན་འབྱིན། །བྷ་གའི་སྤྲུལ་པས་སྟོང་ཁམས་ཁེངས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་མ། །ལྕགས་ཀྱི་ལུས་ལ་ཉི་མའི་མིག །སྐྲུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ། །བང་ནི་གློག་བས་ངེས་པར་མགྱོགས། །མིག་ནི་ཉི་མའི་འོད་བས་རྣོ། །ཟས་སུ་དགྲ་བོའི་ཤ་ལ་ཟ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ཁྲར་ཕྱོགས་ཤེལ་གྱི་ཁས་བཟངས་ནས། །སྤྲུལ་པ་རྡོ་རྗེ་བུད་མེད་ལུས། །རུས་སལ་དཀར་པོའི་གོ་ཅོག་ཅན། །སྐུ་ལ་གླང་ཆེན་གཡང་གཞི་གསོལ། །ཕྱག་ན་རྩེ་ཏ་ཁ་གཐུམ་བསྣམས། །དབུ་ལ་རྡོ་རྗེ་རྩེ་གཅིག་འབར། །པ་སྐྲུ་ཉག་མ་རེ་རེ་ལ། །བསྐལ་པའི་མེ་ལྟར་ཚ་ཚ་འཕྲོ། །ཆིབས་སུ་རུས་སྦལ་ནག་པོ་ཆིབས། །སྡོམ་དང་སྡིག་པའི་སྤྲུལ་པ་འགྱེད། །སྐྲུལ་པའི་ཕོ་ཉ་ད་ཐོང་ལ། །དམ་ཉམས་དགྲ་བོའི་སྙིང་ནས་དྲོངས། །འཕྲིན་ལས་མཛོད་ཅིག་ཙ་མུན་ཏི། །ལྷོ་ཕྱོགས་གཡུ་ཡི་ཁང་བཟངས་ན། །སྤྲུལ་པ་རྡོ་རྗེ་བུད་མེད་ལུས། །རུས་སྦལ་སྔོན་པོའི་མགོ་བོ་ཅན། །ཆུ་གླང་ནག་པོའི་གཡང་གཞི་གསོལ། །ཞབས་ལས་བསྐལ་པའི་ཆུ་ནག་ལྡང་། །དབུ་ལ་རིན་ཆེན་འབར་པས་བརྒྱན། །པ་སྤུ་ཉག་མ་རེ་རེ་ལ། །སྦྲུལ་དང་སྡིག་པའི་ཚང་ཀྱང་བཅས། །ཆིབས་སུ་སྐྲུལ་ནག་མགོ་གསུམ་ཆིབས། ཞགས་པ་སྔོན་པོ་ཕྱག་ན་བསྣམས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །སྙིང་ནས་དྲོངས་ཅིས་ཀུ་མ་རི། །ནུབ་ཕྱོགས་བསེ་ཡི་ཁང་བཟངས་ནས། །དབང་མཛད་མ་ཕང་ཀུན་འདུལ་མ། །སྤྲུལ་པ་རྡོ་རྗེ་བུད་མེད་ལུས། །དབུ་ན་གཏི་མུག་ཕག་རྒོད་མགོ། །རུས་སྦལ་སྟོང་གི་ཐུལ་པ་གསོལ། །པདྨ་འབར་པའི་གོ་ཅོག་ཅན། །ཆིབས་སུ་ཕག་མོ་སུམ་གྲུས་ཆིབས། །བར་བར་ས་རྐོ་ལྷོགས་སེ་ལྷོགས། །ཕྱག་ན་ཟངས་ཀྱི་སྒྲོག་ཆེན་བསྣོལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་ཉམས་དགྲ་བོའི་སྙིང་ནས་ཁུག །དུར་གྱི་རསྒ་ཤོ་ར་རེ། །བྱང་ཕྱོགས་གསེར་གྱི་ཁང་བཟངས་ནས། །སྤྲུལ་པ་རྡོ་རྗེ་བུད་མེད་ལུས། །དབུ་ནི་ཟ་བྱེད་སྤྱང་མོའི་མགོ། །སྐུ་ལ་ལྕགས་ཀྱི་ཚེམ་ཚེམ་གསོལ། །མུ་མེན་གསེར་གྱི་གོ་ཅོག་ཅན། །གསེར་གྱི་དྲིལ་བུ་འབུམ་གྱིས་བརྒྱན། །ཕྱག་ན་གསེར་གྱི་སིལ་སྙན་བསྣམས། ཆིབས་སུ་ལྕགས་ཀྱི་སྤྱང་ཀི་ཆིབས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཐལ་བར་ལྷོགས་ཤིག་ཡསྒ་ཙ་མུན་ཏི། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིང་ཅིག་ཁུག་ཆོས་དབྱར་མོ་བཙུན། །ཚི་ས་སུ་སྐྱིན་བུ་ཁ་དཀར་ཆིབས། །སྐུ་ལ་རུས་སྦལ་ཐུག་པ་གསོལ། །ཕྱག་ན་ལྕགས་ཀྱུ་འབར་བ་བསྣུམས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །གླིང་ཡུལ་གླིང་སྟོང་གླིང་གི་ཁྲི་རྩེ་ནས། །སྲིང་ཅིག་ལྷོ་ཡི་སྐྱི་མཐིང་མ། །ཆིབས་སུ་མཛོད་ཆེན་ཟལ་མོ་ཆིབས། །ན་བཟའ་བཅོས་ཀྱི་ལའུ་གསོལ། །ཕྱག་ན་འཕྲུལ་གྱི་མེ་ལོང་བསྣམས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རྨ་ཆེན་འཁྱུང་བཙུན་རབ་གནས་ནས། །སྲིང་ཅིག་ཁ་རག་ཁྱུང་བཙུན་མ། །ན་བཟའ་བྱ་རྒོད་ཐུལ་པ་གསོལ། །ཆིབས་སུ་བྱ་རྒོད་དར་མ་ཆིབས། །ཕྱག་ན་ནེ་སེག་འཕྲེང་བས་འགྲང་། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཕྱོགས་རུས་ཆེན་འཁོར་ལོ་ནས། །སྲིང་ཅིག་བྱང་གི་སྨ་འཐིག་མ། །ཆིབས་སུ་བསེ་གླང་དམར་པོ་ཆིབས། །ན་བཟའ་རུས་ཆེན་སླག་པ་གསོལ། །ཕྱག་ན་གསེར་གྱི་ཆ་ལང་བསྣམས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནམ་མཁར་གཡུ་ཡི་ལྡིང་ཁང་ནས། །སྲིང་ཅིག་རྡོ་རྗེ་གཡུ་སྒྲོན་མ། །ཆིབས་སུ་ལྕགས་ཀྱི་སྦྱང་ཁུ་ཆིབས། །སྐུ་ལ་གསེར་གྱི་གོས་སུ་གསོལ། །གསེར་གཡུ་སྤངས་པའི་ཐོད་རྡེང་ཅན། །ཕྱག་ན་ཁྲམ་གྱི་ཞགས་པ་བསྣམས། །དམ་ཉམས་དགྲ་བོའི་སྙིང་ནས་དྲོངས། །གངས་རི་ཆུ་འཛག་གནས་རབ་ནས། །སྲིང་ཅིང་ཤ་མེད་གངས་དཀར་མ། །ཆིབས་སུ་དུང་ཤ་དཀར་པོ་ཆིབས། །སྐུ་ལ་དུང་གི་ལེའུ་གསོལ། །ཕྱག་ན་བརྙ་རློན་པ་བསྣམས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྐྲུ་སི་སིའི་སྤང་ཁང་ནས། །སྲིང་ཅིག་ཀོང་ཡུལ་བོད་ཁམས་སྐྱོང་། །ཆིབས་སུ་བདུད་བྱ་ནག་པོ་ཆིབས། །ན་བཟའ་བཙོས་ཀྱི་གོ་ཟུ་གསོལ། །དབུ་ལ་མཐིང་གི་གོ་ཅག་གསོལ། །ཕྱག་ན་བདུད་ཀྱི་ཁྲ་བམ་སྣམས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཅེས་བསྐུལ་ཞིང་རཀྟ་བརླབས་པ་ནི། །བདུད་མོ་མ་བདུན་དང་བཅས་པའི་སྒྲུབ་ཐབས་སོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །དཔལ་ལྷ་མོ་ཉིད་བདུད་མོའི་ཆ་ལུགས་སུ་ཞུགས་པ་མ་བདུན་དང་། །འཕྲ་མེན་མ་བཞི་དང་། །སྤྲུལ་པ་བཞི་དང་། །ལས་ཀྱི་སྲིང་བདུན་དང་ལྡན་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་དཔལ་ལྷ་མོ་ཉིད་ཀྱི་འཁོར་ན་དང་བདུད་ཀྱི་རྒྱལ་པོ་གནས་པས། །གནོད་འདུལ་ལྷའི་རྒྱལ་པོ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གནོད་འདུལ་ལྷའི་རྒྱལ་པོ་ཁྱོད་ཉིད་ནི། །བདག་ཅག་ལྷ་ཐམས་ཅད་ཀྱི་གཙོ་བོ། །གནོད་སྤྱིན་ཐམས་ཅད་ཀྱི་བདག་པོ་ལགས་ན། །ཅིའི་སླད་དུ་དཔལ་ལྷ་མོ་ཉིད་སྤྲུལ་པ་སྣ་ཚོགས་སུ་སྤྲུལ་པའི་སྒྲུབ་ཐབས་བཅོམ་ལྡན་འདས་ལ་མི་ཞུ་བ། །ཨ་ལ་ལ། ཁེན་ཏུ་ཡ་མཚན་ཆེ་ཞིང་ངོ་མཚར་ཏོ། །ཞེས་གསོལ་པས། །གནོད་མཛེས་ལྷའི་རྒྱལ་པོ་ཤེས་བཞིན་དུ་སྟན་ལས་ལངས་ཏེ། །བཅོམ་ལྡན་འདས་ལ་བསྐོར་བ་ལན་སྟོང་ཕྲག་དུ་མར་བྱས་ཏེ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། །འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ལས་ནི་ཐ་དད་པ། །ཐ་དད་དེ་རྣམས་གདུལ་དོན་དུ། །སྤྲུལ་པ་རྣམ་པ་སྣ་ཚོགས་སྦྲུལ། །འཇིག་རྟེན་བསམ་པ་ཐ་དད་པའི། །འཇིག་རྟེན་མི་ལ་སྨན་སླད་དུ། །སྣ་ཚོགས་སྒྲུབ་ཐབས་དམ་པ་འདི། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །འཇིག་རྟེན་མི་ལ་ཕན་དོན་དུ། སྣ་ཚོགས་སྒྲུབ་ཐབས་ང་ཡིས་བཤད། །ནལ་གྱི་སྙིང་དང་དབང་པོ་དང་། །གོ་རོ་ཙ་ན་རབ་བསྲེས་ལ། །རི་ལུ་ཙ་ནའི་ཚད་ཙམ་བྱ། །ཉི་ཤུ་མའི་བུམ་པ་བསྐམ། །བསྒྲུབས་དང་མ་བསྒྲུབས་པའི་སྨན། །རྣམ་པ་སྣ་ཚོགས་རབ་ཏུ་བསགས། །མཁང་དང་ས་སྟེངས་ས་འོག་དང་། །རྣམ་པ་ཐམས་ཅད་འཚོགས་པར་བསག །བྱང་ཟད་ལ་སོགས་ཁུ་བའི་ཚོགས། །གསོན་དང་མི་གསོན་སྣ་ཚོགས་བསག །རབ་ཏུ་དབེན་པའི་ས་ཕྱོགས་སུ། །སྐྱོན་མེད་ཤི་བ་བླངས་ནས་ནི། །མཎྜལ་ཁྲག་གིས་བྱི་དོར་བྱ། །མགོ་བཅད་སྣོད་དེར་ཉིད་ཀྱི་དབང་། །གཞི་བྱས་བྷ་ལིང་གོང་རྒྱུ་ལས། །ཀར་ནག་ཚེ་ནི་ཙིསྟ་འདྲ། །རིལ་ཀུས་སྨན་དང་དཔའ་པོ་བསྩལ། །མྱོས་བྱེད་དམར་དང་བདུད་རྩིར་སྦྱར། །བུམ་པའི་ཕྱི་མ་དག་ཏུའོ། །རྩ་བ་མེད་པའི་བུམ་ནང་དུ། །སྙིང་ཁྲག་དུག་ཏུ་སྦྱར་བ་ནི། །ཟུར་གསུམ་འབར་བའི་ནང་དུ་གཞུག །གཉེན་པོ་ལྟ་ཡང་བསྒོམ་པར་བྱ། །རླུད་ནང་ནག་མོའི་ཙིསྟ་དྲང་། །འོངས་ནས་མདུན་དུ་གནས་པར་བསྒོམ། །ཞག་གསུམ་ནུབ་མོ་སྡུག་མི་སྡུག །ཆོ་འཕྲུལ་སྣ་ཚོགས་བྱུང་བ་ལ། །རྟོག་མེད་སེམས་ཀྱི་གཏོར་མ་སྤྱིན། །ཞག་ལྔའི་ནུབ་མོ་སྡུག་པ་ཡི། །ཆོ་འཕྲུལ་སྣ་ཚོགས་བྱུང་བ་ལ། །དགའ་བ་མེད་པའི་སེམས་ཀྱིས་ནི། །གཏོར་མ་བྱིན་ཏོ་གསོལ་བ་གདབ། །ག་པུར་དུད་པ་རྒྱུན་མོ་ཅད། །བདུད་གྱི་ནུབ་མོ་མངོན་དུ་འབྱུང་། །གཙང་དང་མི་གཙང་བྱེ་བྲག་བརྟག །ལུས་ལ་སྦྲུལ་གྱིས་འཁྲིལ་བ་དང་། །སྦྲུལ་ལ་ཤོན་ཞིང་འགྲོ་བ་སོགས། །ཀླུའི་སྡུག་དང་མི་སྡུག་པའོ། །རྟའི་རྟག་དང་ཞོན་པ་དང་། །ལྷ་ཁང་མཆོད་རྟེན་བུ་ཆུང་སོགས། །མཆོད་དང་མི་མཆོད་བྱེ་བྲག་ནི། །བཙན་དང་རྒྱལ་པོ་སྡུག་མི་སྡུག །བུད་མེད་སྤྲང་དང་མཛེས་པ་སོགས། །འཁོར་གྱི་སྨན་མོ་སྡུག་མ་སྡུག །བོང་བུ་དྲེའུ་ཙོགས་འདྲ་ཞོན་པ། །ལྷ་མོ་ཉིད་ཀྱི་སྡུག་མི་སྡུག །ཀུན་ལ་དགའ་བའི་སེམས་བསྐྱེད་བསྒྲུབ། །མི་སྡུག་སྡུག་ལ་བསྒོ་བ་ཉན། །མོ་ཉིན་མངོན་དུ་བྱུང་བ་འམ། །དམ་ཚིག་བསྲེག་ན་ཅི་ཡང་བསྒྲུབ། །འཇིགས་ན་ཡི་ཆད་ཕུང་བར་འགྱུར། །གདུང་བ་མེད་ན་གཡེལ་བར་འགྱུར། །ཞེ་སྡག་མེད་ན་སྒྲོལ་མི་ནུས། །ཏིང་འཛིན་ཚུངས་ན་བསྒོ་མི་ཉན། །བསྟེན་ཐབས་ནོར་ན་འཁོར་ལ་གནོད། །ལྟ་བ་མེད་ན་དཔང་མི་འདུ། །དམ་བསྲེས་དེང་ནས་གཏིང་བསྒྲུབ་དངོས། །མ་སླངས་སྦྱོར་བ་ཐམས་ཅད་དགོས། །དགའ་བ་སྐྱེས་ན་གཞན་མི་འགྲུབ། །ཐེ་ཙོམ་ཅན་ལ་གྲུབ་བ་མེད། །དམ་ཚིག་མེད་ན་རང་ཉིད་གསོད། །རྫས་རྣམས་ཞན་ན་ཁྲོ་བར་འགྱུར། །ལོ་ཟླ་འདས་ན་ཉམས་པའི་གནས། །དྲོད་ཚད་མེད་ན་བར་ཆད་འབྱུང་། །སྐྱོན་རྣམས་བཞི་པོ་ཡོངས་སྤངས་ནས། །བསྒྲུབས་ན ཡིདབཞིནནོརབུབཞིན། །གནམསྟོངཚེས་བརྒྱད་བཅོ་ལྔ་ལ། །མྱོས་བྱེད་ཁྲག་དང་རི་ལུར་སྦྱར། །བུམ་པ་རེ་རེ་མཆོད་པར་བྱ། །གཉིས་ལྔ་དགུ་ནི་ཉི་ཤུ་དབང་། །དེ་ལ་གཏོར་མ་དྲག་པོ་འཕང་། ཁུ།བ་པ་ཙམ་གྱིས་དབང་བྱས་པའོ། ཁུ།བ་ནས་བཀའ་ཉན་སྙིང་ཟོར་བསྒོམ། །ཚིག་དང་དབྱངས་ཀྱིས་བསྐུལ་བ་ནི། །བྱང་ཤར་མཚམས་ཀྱི་མ་ཅིག་མ། །དཔལ་ལྡན་ནག་མོ་རེ་མ་ཏི། །མ་བདུན་ཆེན་མོ་ཞེས་ཀྱང་གྲགས། །གནས་ནི་ཁྲག་གི་མཚོ་ལ་གནས། །བཞུགས་ནི་མི་ཐོད་སྐྲུངས་པའི་མཁར་ན་བཞུགཧས། །ནག་མོ་གཅེར་བུ་རལ་གཅིག་མ། །སྐུ་ལ་རེ་བའི་གོས་སུ་གསོལ། །ཆེད་ཀ་དར་གོས་སྔོན་པོ་གོན། །སྡུག་དང་མི་སྡུག་ཆ་ལུགས་ཅན། །མགོ་ལ་སྐྲ་གཅིག་སྐྱེས་པ་ནི། །ཁམ་པ་མི་བཟད་གནམ་དུ་ཟུག །རལ་པ་གནམ་དུ་སྤྲུགས་པས་ནི། །གནམ་ལ་དཀར་པོ་ཁྲག་ཏུ་སྒྱུགས། །རལ་པ་ཐད་ཀར་སྤྲུགས་པས་ནི། །ཁམས་གསུམ་མ་ལུས་དབང་དུ་སྡུད། །རལ་པ་ཐུར་དུ་གསིགས་པས་ནི། །དགྲ་བགེགས་མ་ལུས་ཐལ་བར་རློག །ཐོད་རློན་འཕྲེང་བས་རྒྱུན་དུ་བཅིངས། །དཔྲལ་ནས་མིག་གཅིག་བགྲད་པས་ནི། །ཁམས་གསུམ་མི་མཐོང་གང་ཡང་མེད། །དམ་ཉམས་དགྲ་བོ་རྩད་ནས་ཆོད། །ཁ་ནས་སོ་གཅིག་གཙིགས་པས་ནི། །དགྲ་བགེགས་ཤ་ལ་ཆེམ་ཆེམ་གསོལ། །བྲངནསནུགཅིགབཤལབས་ནི། །རྣལ་འབྱོར་ཀུན་གྱི་གསོས་ཀྱང་མཛད། །ཐུགས་དམ་དྲག་ཏུ་བསྐུལ་བའི་ཚེ། །དཔུང་མགོ་གཡས་ལ་འགྱེལ་ཞིང་འགྲོ། །ཕྱག་གཡས་བདུད་ཀྱི་ཁྲམ་བམ་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། ཁྲངས་ནས་ནད་ཀྱི་བུ་ཡིག་འབེབས། །ཞབས་ལ་སག་ཏི་ཅང་ཁྲེ་གསོལ། །ཆིབས་སུ་དྲེའུ་ནག་རྐང་གསུམ་ཆིབས། །དྲི་བ་དགུའི་ཏེ་ལེན་ཅན། །ཐོད་པའི་སྒ་ལ་ཞིང་ཆུང་ལེག །སྦྲུལ་ནག་ལྔ་བརྒྱའི་གོང་སྨེད་ལ། །སྤལ་ནག་གཞིབས་པའི་ཕོ་བུས་བརྒྱན། །ཆིབས་ཀྱི་དེ་ནས་སྔ་ཤ་ལ། །ཁྲག་གི་ཞགས་པ་དམར་པོ་བཅིངས། །ཆིབས་ཀྱི་དེ་ནི་ཕྱི་ཤ་ལ། །ཚོན་གྱི་གྲུ་གུ་སྔོན་དམར་བཀལ། །ནག་མོ་འབུམ་སྡེ་བྲན་དུ་འཁོལ། །སྔགས་པས་གདུངས་ཏེ་རྦད་པའི་ཚེ། །གང་ལ་བྱ་བ་དྲོངས་ཤིག་ཁུག །ལས་ངན་བསྟན་པ་འཇིག་པའི་དགྲ་བོ་འདི། །ཁ་རུ་ལག་ཆུག་ཁོང་ནས་སྙིང་ཕྱུང་ཞིག །ལྟག་ནས་བདུད་ཆོད་གདོང་ནས་འོད་ཕྲོགས་ཤིག །མཆན་ནས་བུ་ཕྲོགས་འོག་ནས་ཆུང་མ་སོད། །གནམ་གྱི་འཇུ་ཐག་བརྟེན་ཡང་ཆོད། །ས་ཡི་རྟེན་ཕུར་འོག་ནས་ཕྱུང་། །ལོག་པར་ལྟ་བའི་གཏི་མུག་ཆོམས། །ཞེ་སྡང་བ་ཡི་དོན་སྙིང་ཕྱུང་། །དཀོན་པའི་ཚེ་སྲོག་གཉིས་དང་ཁྲོལ། །དོན་སྙིང་ཁོང་ནས་འདྲེན་ཙམ་ན། །ནང་ཁྲོལ་ཀུན་ཀྱང་དུམ་བུར་ག་ས། །སྲོག་རྩ་གཅད་པའི་དུས་ལ་བབ། །ནང་ཁྲོལ་དབྱུང་པའི་དུས་ལ་བབ། །སྙིང་ཁྲག་བཞི་བའི་དུས་ལ་བབ། །གློ་སྙིང་སྦྲུག་པའི་དུས་ལ་བབ། །ཅེས་བསྐུལ་ལོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །དཔལ་ལྷ་མོ་ཉིད་མི་དབང་འབྲས་བུ་ཟས་སུ་བྱས་པའི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །དེ་ནས་མཚོ་སྨན་རྒྱལ་མོའི་སྒྲུབ་ཐབས་རབ་ཏུ་བཤད་པར་བྱའོ། །རི་ཟླུམ་ཆ་ལང་ཕུར་པ་འདྲ། །བྲག་ཕུག་སྒོ་ཆུང་གཏིང་རིང་ན། །སའི་མཎྜལ་ལེགས་པར་བྱ། །ཞིང་དུན་གཡང་གཞི་མ་བྲལ་བདུན། །བླ་རི་བཏགས་ཤིང་ས་གཞིར་དགྲམ། །ཞིང་གི་གུར་དང་རྦད་པོར་དང་། །ཙིསྟ་མི་དབང་འབྲས་བུ་དང་། །ཚིལ་ཆེན་བཏགས་ཏེ་རསྒ་བསག །དུར་ཁྲོད་རྫས་བརྒྱན་ཤོམ་ཕྱིར་དགྲ་མ། །རྫས་རྣམས་བསྡུས་ལ་གཏོར་མ་བྱའོ། །གུ་གུལ་དུད་པ་རྒྱུན་མི་གཅད། །ཁྲག་སྣ་ཉུང་ཡང་བཅོ་བརྒྱད་བཤམ། །སྨན་སྣ་ཉུང་ཡང་བཅོ་བརྒྱད་དོ། །ནམ་མཁའ་ལྡིང་དང་ཙར་དང་། ཁྲེལ་སྨུག་ཤེལ་དཀར་ཤེལ་ནག་གསག །ལས་བྱེད་ཕྱིར་ན་བྱང་ཤར་ས། །གཤིན་རྗེའི་གདུག་ཆུ་ལྷོ་ནས་སྦྲུ། །བྱང་སེམས་མ༷་ས་རཀྟ་དང་། །དྲུ་ཆུ་དྲི་ཆེན་ཆག་ཆག་ནི། ཁྲར་ལྷོ་ནུབ་བྱང་དབུས་སུ་གདབ། །མན་ངག་གདེང་ལྡན་ནུབ་ཏུ་སྟེ། །ཡོ་བྱད་བྱང་ནས་བཤམ་པར་བྱའོ། །བར་ཆད་བསྐྲད་ཕྱིར་ཁྲོ་བ་་བསྐྲད། །ས་ལས་འབྱུང་ལྔ་ཡེ་སངས་རྒྱས། །སངས་རྒྱས་སྤྱན་གྱི་མཁའ་ཀློང་དག །བྱང་སེམས་ཅིས་ཀྱང་བཅོས་པའོ། །ས་ལས་ཀུན་གྱི་རྟེན་གྱུར་ཕྱིར། །ཆོས་སྐུ་ལྟེ་བ་ཟླུམ་པོ་དཀར། །སྦྲུལ་སྐུ་དབང་གི་རང་བཞིན་གྱིས། །པདྨ་བགི་པོ་ཁ་དོག་དམར། །ཕོ་ཉ་ལས་བྱེད་ལྕགས་རི་གནག །དབུས་སུ་ཟླ་གམ་ཁ་སྤྲོད་ལ། །མངོན་རྫོགས་ཡབ་ཀྱི་རྒྱལ་པོ་བྲི། །གཡོན་གྱི་ཟླ་གམ་གནམ་ཞལ་ལ། ་ར་ཕྱོགས་བཅུ་གསུམ་བརྙ་སྲ །གླང་ཆེན་འབྲས་བུ་ཙིསྟ་ཅིག །ལྷོ་ཕྱོགས་བཅུ་དྲུག་བསྟོ་སྲ །རྟ་སྔོན་འབྲས་བུ་ཙིསྟ་ཅིག །ནུབ་ཕྱོགས་ཉི་ཤུའི་བསྟོ་སྲ །རྨ་བྱའི་འབྲས་བུ་ཙིཏི་ཅིག །བྱང་ཕྱོགས་ཉེར་གཅིག་བརྙ་སྲ །ཕ་ཝང་འབྲས་བུ་ཙིསྟ་ཅིག །ཉི་ཤུ་བཞི་ཡི་བསྟོ་སྲ །བྱང་སེམས་དྲི་ཆེན་ཙིསྟ་ཅིག །པདྨ་བཞི་ལ་ཡང་གབ་བཞི། །སྟེང་དུ་བརྙ་བཞི་པོ་གཞག །དེ་ལ་ཡང་སྙིང་བཞི་པོ་བྲི། །དཀྱིལ་འཁོར་གྲྭ་བཞིར་ལས་བྱེད་བཞི། །དཀྱིལ་འཁོར་མུ་རན་ཆག་གང་ལ། །ལོང་བ་རྒྱབ་སྦྲེལ་དཀྱུ་བར་བྲིའོ། །དཀྱིལ་འཁོར་མཐའ་མར་ཕུར་པ་ནི། །བརྒྱ་རྩ་བརྒྱད་ཀྱིས་རབ་ཏུ་བསྐོར། །ཕྱོགས་མཚམས་གསེར་ཕྱེ་མེ་ལོང་བཞི། །གཞལ་ཡས་ཁང་དུ་རབ་བསྐྱེད་ལ། །དབུས་སུ་དངོས་ཉིད་ང་དང་ཡུམ།། །རྟེན་དུ་བརྙ་དང་པོ་གཞག །སྤྱང་ཁུའི་ཁྲག་དང་འཚལ་ཆེན་སྦྱར། །དབུས་ཀྱི་ནང་དུ་ཁྱད་པར་དུའོ། །གཞོན་ནུའི་ཞོ་ཁྱོར་གང་གིས། །བྱང་སེམས་མཚམས་ཀྱི་གསེར་ཕྱེ་བཞིར། །ཧཱུཾ༷། །མ་ཅིག་ཀུན་བཟང་ཆོས་ཀྱི་དབྱིངས་བདག་མོ། །སྟོང་གསུམ་འཇིག་རྟེན་ཡོངས་ལ་དབང་སྒྱུར་མ། །འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་ཆེན་པོ་འདིར། །ཐུགས་དམ་དབང་གིས་གནས་འདིར་གཤེགས་ནས་ཀྱང་། །དུར་ཁྲོད་ཤིན་ཏུ་འབར་བའི་དཀྱིལ་འཁོར་དུ། །ཡབ་ཡུམ་དགེས་ཤིང་བརྟན་པར་བཞུགས་སུ་གསོལ། །མོ་ཧ་ཞེས་བྱ་བ་ལ་སོགས་བརྗོད། །དབུས་ཀྱི་བརྙ་ཡུལ་དུ་གཞག །རང་རིག་ཡེ་ཤེས་འོད་ལས་གྲུབ། །ཁབ་བློན་ཆེན་པོ་སྤྱན་འདྲེན་ན། །སྔོན་གྱི་དཔལ་ཆེན་སྤྱན་ལམ་དུ། །ཁབ་བློན་ཆེན་མོ་ཞལ་འཆེས་ཀྱིས། །ཐུགས་དམ་བསྐུལ་ཞིང་གཤེགས་སུ་གསོལ། །སྤྱི་ཏིས་ཞེས་བྱས་ཤར་དུ་བཞུགས། །དཔལ་ཆེན་ཐུགས་ཀྱི་སྲས་མོ་སྟེ། །དཔ་ཐ་ཆེན་བཀའ་ཉན་འཁོར་སྡུད་མ། །སྒྲོལ་བློན་ཆེན་མོར་ཞལ་འཆེས་མའི། །འདིར་གཤེགས་མཆོད་པ་གཞུང་བཞིན་བཞེས། །བཛྲ་ཐོད་པ་མ་མོ་ལྷོ། །ཕྲིན་བློན་ཆེན་པོ་སྤྱན་འདྲེན་པ། །གངས་དཀར་རྩེ་ལ་གནས་པ་མོ། །སྤྱན་སྔར་ཁས་བླངས་བསྙེལ་ལམ་ཅི། །དུར་ཁྲོད་འབར་བ་དཀྱིལ་འཁོར་འདིར། །མཆོད་བཞེས་བརྟན་པར་བཞུགས་སུ་གསོལ། །རག་མོས་ཐོད་པ་ནུབ་ཀྱི་མ། །དུར་ཁྲོད་མ་མོ་ཙ་མུན་ཏི། །མཐིང་ནག་རླུད་ཤོན་གཤེགས་སུ་གསོལ། །ཡབ་ཡུམ་དགེས་པའི་དཀྱིལ་འཁོར་འདིར། །སྲས་མཆོག་དམ་པར་བཞུགས་སུ་གསོལ། །བྱང་གི་མ་མོ་སྦྱན་དྲང་བསྟིམ། །ཕལ་བ་བརྙ་བཅུ་བཞི་ལ། །བདུན་གཉིས་བཅུ་བཞི་བྲིས་ལ་དགོད། །ཚལ་བུ་སྟོང་ནི་རྩ་བརྒྱད་ལ། །སྟོང་རྩ་བརྒྱད་བྲིས་ལྕགས་རིས་བསྐོར། །རང་སེམས་མ་བཅོས་དེ་བཞིནཉིད། །མརྟོགས་སྙིང་རྗེས་རང་རིག་ལས། །ནམ་མཁར་འདབ་བཞིའི་ལྟེ་བ་ལ་ཧཱུཾ༷། །གདན་བརྩེགས་སྟེང་དུ་གནམ་ཡག་སྟེ། །གནམ་ཞལ་ནང་ཧཱུཾ༷་ཆེ་མཆོག་དམིགས། །དཔལ་ཆེན་བྱང་སེམས་ཐུགས་ཉིད་རྟེན། །རྩ་བཞི་དབང་གི་རྒྱལ་མོ་བཞིར། ཁྲར་ཕྱོགས་རྩ་ནི་ནས་ཙ་པ། །གསེར་གྱི་སྐྲུ་གུ་དར་སྐུད་འདྲ། །དཀར་མོ་དབུ་དགུ་རེ་མ་ཏི། །སྤྲོ་བསྡུས་ཤར་གྱི་འདབ་མ་བསྐྱེད། །སྙིང་ཁ་རག་ལ་སོགས་པའོ། །ལྷོ་རྩ་བི་སྐྱུ་རླ་སྔོན་པོ་སྟེ། །རིན་ཆེན་སྦུ་གུ་ནས་ཙམ་པ། །མཚོ་སྨན་ཨུ་རུ་རེ་མ་ཏི། །སྲིན་མོ་སྔོན་མོ་རབ་ཏུ་བསྐྱེད། །ནུབ་ཕྱོགས་རྩ་ནི་ལེ་བརྒན་ལ། །དམར་པོ་དར་གྱི་ལྕེ་འདྲ་ལས། །སྤྲོ་བསྡུས་གུ་རྒྱ་རེ་མ་ཏི། །སྲིན་མོ་དམར་མོ་རབ་ཏུ་བསྐྱེད། །བྱང་ཕྱོགས་རྩ་ནི་ནས་ཙམ་པ། །ཨིན་དྲ་ནི་ལ་ལྗང་ཁུ་འདྲ། །རླུད་ནག་རླུད་ཞོན་དེ་ལ་རྒྱུ། །སྤྲོ་བསྡུ་ཙ་མུན་དུ་རུ་བསྐྱེད། །སྤྱན་དྲངས་བསྟིམ་ལ་མཆོད་པ་དབུལ། །ཡང་སྦས་མ་མོ་དྲུག་གི་སྟོང་། །ཧེ་རུ་ཀ་རུ་གསལ་བ་དེས། །ཡང་གབ་བཞི་འཁོར་སྙིང་དྲངས་ཏེ། །པདྨ་འདབ་བཞི་ཡི་རྩེ་མོར་ཐིན། །འདབ་མ་བཅུ་བཞི་སྟོང་རྩ་བརྒྱད། །སུམ་བརྒྱ་དྲུག་ཅུ་འདུས་འཁོར་དེ། །བཀའ་ཉན་ལས་ལ་སྡོད་པར་བསྒོམ། །ནུབ་གསུམ་ཕྱོགས་བཞི་ནམ་མཁར་ནི། །བཟླས་བརྗོད་སྟོབས་ཀྱིས་མདོག་འཐུན་འབྱུང་། །ནམ་མཁའི་ལྡིང་གིས་ཐུགས་དམ་བསྐང་། །བཟླས་བས་ནུབ་ལྔའི་ནུབ་མོ་ནི། །སྒྲ་ནི་ཕྱོགས་བཞིར་ལྡིང་བར་འབྱུང་། །ཙ་ར་ནག་པོས་དེ་དུས་བསྐང་། །བདུན་གྱི་ནུབ་མོ་དྲི་ཞིམ་བཞི། ཁྲེལ་ནག་སྦྱི་དཀར་ཐུགས་དམ་བསྐང་། །དགུ་ཡི་ནུབ་མོ་བརྙ་བཞི། །བདུད་རྩིས་ཁེངས་པ་དེ་ལོངས་སྤྱོད། ཁྲེལ་ནི་དཀར་པོས་ཐུགས་དམ་བསྐང་། །སྐུ་ནི་མངོན་དུ་བཅུ་གཅིག་འབྱུང་། །ཤེལ་སྐྲུག་ཐུགས་དམ་བསྐང་ནས་ཀྱང་། །དམ་བསྲེ་མནས་ནི་བསྒགས་པར་བྱའོ། །དེ་དུས་རྦད་སྔགས་མང་བཟླས་བཅོལ། །ལས་སུ་བཅོལ་བ་ཅི་ཡང་འགྲུབ། །རྟེན་དབྱངས་སྙན་པས་བསྐུལ་བ་ནི། །ཧཱུཾ༷། །གླིང་བཞི་མུན་པའི་གཡུང་དྲུང་བཟླས་པའི་ཕ་རོལ་ནས། །རོལ་མཚོ་བདུན་དང་གསེར་རི་བདུན། །གསེར་གྱི་རི་བདུན་འདས་པའི་ཕ་རོལ་ན། །ལྕགས་མཚོ་ནག་པོ་ཁྱིལ་ལི་ལི། །ལྕགས་མཚོ་ནག་པོ་ཁྱིལ་པའི་ནང་ཤེད་ན། །གསེར་གྱི་ཁྲི་ལ་གཡུ་ཡི་ཡི་གདན་བཏིང་ནས། །སྣང་ཞིང་སྲིད་པ་ཐམས་ཅད་དབང་དུ་སྡུད། །སྐྱེ་འགྲོའི་ཚེ་ལ་ལེགས་ཉེས་ལྟང་འཛིན་མ། །ཐོག་གི་རྒྱལ་མོ་ཐོག་འཕྲེང་མ། །སྲིག་ཅིག་ཆེན་མོ་སྐུ་ཡི་རྗེ། །སྐུ་ལ་ན་བཟའ་ཅི་གསོལ་ན། །ན་བཟའ་རྨ་བྱའི་ཐུལ་པ་ལ། །མཐའ་མ་གཡུ་ཡི་རྡོ་རྗེས་གཏམས། །བུད་མེད་གསེར་གྱི་གོ་ཅོག་ཅན། །སྤྱན་མིག་གཡས་པ་ཟླ་བ་འཁྱིལ་པ་ཅམ། །སྤྱན་མིག་གཡོན་པ་ཉི་མ་འཁྱིལ་པ་ཙམ། །བཞུགས་ན་ཉི་མ་རི་རབ་ལྷོ་ལ་བཞུགས། །མཚོ་སྨན་རྒྱལ་མོ་ལེགས་ཉེས་ལྟང་འཛིན་མ། །སྐུ་ནི་མི་བསྐྱོད་བརྟན་པར་བཞུགས། །ཕྱག་ན་འཕྲུལ་གྱི་ལེ་ལོང་བསྣམས། །རྣམ་པར་ཐར་པའི་ལམ་ཡང་སྟོན། །སངས་རྒྱས་རྣམས་དག་གཤེགས་ཤུལ་ཅིག །དབང་ཕྱུག་འཕྲ་མེན་རྣམས་ཀྱིས་དགོངས་སྦྱོད་ཅིག །འཇིག་རྟེན་འཛམ་བུ་གླིང་བཞིར་ལེགས་ཉེ་ལྟང་འཛིན་མ། །འཛམ་བུ་གླིང་བཞིའི་སེམས་ཅན་ཚེ་ཟད་དུས་ཟད་གཏན་ལ་འབེབས། །སངས་རྒྱས་རྣམས་དང་གཤེགས་ཤུལ་འཐུན་རྒྱལ་རིགས་རྣམས་དང་ལས་ཐབས་གཅིག །ལེགས་ལྡན་ནག་པོ་ཕོ་ཉར་འགྱེད། །ཀླུ་རྣམས་ཀུན་ལ་དབང་སྒྱུར་མ། །ཡང་དག་ངེས་པའི་དོན་དམ་པར། །མ་ཕང་མཚོ་ལ་གནས་པ་མོ། །མ་ཕང་གཡུ་མཚོ་སྔོན་མོ་ནི། །དབྱར་ནི་མི་སྐྱེ་དགུན་མི་འཁྱག །མཚོ་མོ་མ་ཕང་ཡང་དག་ལ། །དེ་ཡི་ནང་ན་གནས་པ་མོ། །ཕྱག་གཡས་སྲིད་པའི་འཁོར་ལོ་བསྣམས། །ཕྱག་གཡོན་མེ་ལོང་ཚེ་བུམ་པ་བསྣམས། །བསྙེན་ཅིང་བསྒྲུབ་ཅིང་ཐུགས་དམ་བསྐུལ། །དམ་ཚིག་མ་ཉམས་བདག་ལ་དངོས་གྲུབ་གསོལ། །རཀྟ་སྣ་མངས་ཕྱར་ཅིང་བསྐུལ། །དེ་ཡི་ཐུགས་དམ་བསྐང་བ་ནི། །ཀུ་ཀུ་ར་ཙ་ཤེལ་མིག་དང་། །རྨ་བྱའི་མདོངས་ཀྱིས་ཐུགས་དམ་བསྐང་། །འདིར་བསྐོང་མི་བཟླག་གཅིག་ཀྱང་མེད། །ཧཱུཾ༷། །དཔལ་ཆེན་ཐུགས་ལས་སྤྲུལ་པའི་མ་མོ་སྟེ། །གནས་ནི་རོལ་མཚོ་ཆེན་པོ་བདུན་ལ་གནས། །ཆིབས་སུ་འཇིགས་པའི་མགོ་དགུ་ཆིབས། །སྐུ་ནི་ཤེལ་རྡོ་བཅག་པ་འདྲ། །ཉི་མའི་ཟེར་བས་ཤིན་ཏུ་འཚེར། །ཟླ་བའི་འོད་པས་འཚེལ་ལ་དཀར། །སྐུ་ཡི་འོད་ཀྱིས་སྟོང་ཁམས་ཁྱབ། །ཞལ་ནས་འཇིགས་པའི་སྐར་མདའ་འཕྲོ། །དགུ་ཚིགས་གཞུ་ལ་སྐར་ཆེན་འདའ། །ཉི་ཟླ་གཞུ་རུ་འགེགས་པ་མོ། །སྐར་མདའ་མདའ་རུ་འཕེན་པ་མོ། །དགྲ་སྙིང་ཕོར་གྱིས་འདེབས་པ་མོ། །ཆེ་ཞེས་མ་སར་དབང་ཕྱུག་མ། ཁྲ་ཁྲག་དམར་གྱི་དྲི་སྣོམ་མ། །དམ་ཚིག་ཉམས་པའི་རྗེས་གཅོད་མ། །ཐོག་དང་སེར་པ་ཞལ་ནས་འཕྲོ། །སྦྲུལ་ནག་སྟོང་གི་ཞགས་པའི་འཕེན། །ཟླ་བ་ཚེས་པའི་སྤྱན་ཟུར་གཟུགས། །དམ་ཚིག་ཉམས་པའི་གཤེད་མར་ཞལ་འཆེས་མ། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད། ཁྲེལ་དཀར་ཆོས་ཉིད་ལྟ་བ་དང་། །ལུག་དང་མན་ངག་གིས་བསྐང་། །ཧཱུཾ༷། །གངས་དཀར་རྩེ་ལ་གནས་པ་མོ། །ལས་སུ་བཅོལ་ན་ཀུན་ཡང་འགྲུབ། །ཕྱག་ན་དྲིལ་པའི་མཆོག་ཕུར་བསྣམས། །དགྲ་བགེགས་སྙིང་ལ་གཟེར་འདེབས་མ། །སྐུ་ལ་བཙོས་ཀྱི་ལ་འུ་གསོལ། །ཞལ་ནས་སྒྲ་སྒྲོགས་འབྲུག་ཆེན་ལྡིར། །ཕྱག་ན་ཐོད་འཛག་དགྲ་སྙིང་བསྲེག །ཐུགས་ནི་དགྲ་བོའི་ཙིསྟ་རློབ། །སྤྱན་མིག་སྟོང་ཁམས་ཁྱབ་པར་གཟིགས། །སྨུག་ནག་ཆེན་མོ་དབུ་ལྔ་མ། །ཙིསྟ་སྟོང་གི་མངའ་བདག་མ། །ནམ་མཁའ་སྟོང་ལ་ཁྱབ་པར་གཟིགས། །ནམ་མཁའི་སྟོང་ལ་དབང་སྒྱུར་མ། །སྟོན་ཟླ་གསུམ་ལ་འབྲས་བུ་ལོ་ཏོག་བཅུད་ལེན་མ། །དབྱར་ཟླ་གསུམ་ལ་ཐོག་དང་སེར་བ་ཞལ་ནས་འཕྲོ། །དཔྱིད་ཟླ་གསུམ་ལ་མེ་ཏོག་ཀུན་གྱི་བཅུད་ལེན་མ། །སེམས་ཅན་གཞོན་པའི་མདངས་འཕྲོག་མ། །དགུན་ཟླ་གསུམ་ལ་རྒྱུ་བའི་དུས། །རླུད་ནག་ཚུབ་མའི་གདོང་འདྲེན་ཅིང་། །མང་པོ་ཀུན་གྱི་དྲོད་འབེབས་མ། །སྲིད་པའི་བུ་མོ་དམ་ཚིག་ཅན། །དམ་ཚིག་དུས་ལ་བབ་ཀྱིས་གཤེགས་སུ་གསོལ། །ཤེལ་ནག་སྨུག་ཆགས་ཀུ་ཀུ་ར། །སྨུག་མོ་ཤེལ་མིག་དབ་བིས་བསྐང་། །དུར་ཁྲོད་བདག་མོ་ཤི་ཙ་མུན་ཏི། །སྐུ་མདོག་དམར་སེར་ཆེན་མོ་ལ། །ནུ་མའི་བཤལ་ཐག་གསུས་པ་གཡོགས། །ཡར་ལྟས་སྟེང་གི་ལྷ་རྒྱལ་མ། །མར་ལྟས་འོག་གི་ཀླུ་རྒྱལ་མ། །ཆིབས་སུསྤྲུལ་པ་རླུ་་ནག་ཆིབས། །ན་བཟའ་གོས་སུ་ནག་པོ་གསོལ། །ཞལ་ནས་རྫི་བ་འབུད་པ་མ། །གཡས་ན་ཟངས་ཀྱི་རྒྱུ་ཞགས་བསྣམས། །གཡོན་པ་འཛིན་ཁུག་བྱེད་པའི་ཕྱག །སྡང་བའི་དགྲ་བགེགས་དྲོངས་ཤིང་ཁུག །རླུད་གི་ཕྱོགས་ནས་ཕོ་ཉ་འགྱེད། །སྦྲུལ་པ་ཤ་ཞོན་མང་པོ་གཏོང་། །འདིར་གཤེགས་བཅོལ་བསྐུལ་འཕྲིན་ལས་མཛོད། །ཅེས་བསྐུལ་ཁྲག་སྣ་མང་པོ་དང་། །གུ་གུལ་དུད་པ་རྒྱུན་དུ་གཏང་། །མངོན་དུ་ཕྱུང་ནས་གནས་པའི་ཚེ། ། ལྔ་རྫིས་གནམ་ཞལ་སྟོང་ཉིད་དུ། །ཆེ་མཆོག་སྤྲུལ་པར་བཅས་པ་བསྒོམ། །ལ་ནུ་བཟུང་སྟེ་འདི་སྐད་སྨྲས་སོ། །ཁར་སང་ཁ་ཉིད་སྔོན་དུ་ནི། །བདག་གིས་མ་རུ་ངོ་མ་ཤེས། །བདག་གིས་གྲོགས་སུ་ངོ་མ་ཤེས། །བདག་གིས་མཛའ་མོར་ངོ་མ་ཤེས། །བདག་གིས་བྲན་མོར་ངོ་མ་ཤེས་ན། །བརྩེ་བའི་གདུང་དང་ལྡན། །གྲོགས་སུ་ངོ་མ་ཤེས། །གྲོགས་སུ་ངོ་ཤེས་ན། །མཁའ་འགྲོས་བདག་ལ་ཚུར་སྨྲས་པ། །ཆོས་ཉིད་ཁ་རུ་ངོ་མ་ཤེས། དབྱང་དང་ཡེ་ཤེས་ལྡན་མིང་སོར་ངོ་མི་ཤེས། མིང་སོར་ངོ་ཤེས་ནས་བརྩེ་བའི་གཞུང་དང་ལྡན། །རྗེ་བོར་ངོ་མ་ཤེས། །རྗེ་བོར་ངོ་ཤེས་ན། །ཡུན་དུ་འབར་དུ་མཆི། །དེ་ནས་མངོན་རྫོགས་རྒྱལ་པོ་ཡིས། །ཡུམ་གྱི་སྲིན་ལག་རབ་བཟུང་སྟེ། །ཡུམ་གྱི་བྷ་ག་དབང་བསྡུས་ནས། །སྙོམས་འཇུག་བྱས་ཏེ་པད་ཁྲག་དང་། །ག་པུར་བསྲེས་ཏེ་དབྱིངས་ཅིག་ཕྱིར། །ཀུན་རྫོབ་ཅིག་པའི་རྣམ་པ་བསྲེ། །དེ་ལྟར་བསྲེས་ནས་དམ་བཅས་པས། །མ་རུ་ད་བསྒྲུབ་ཀྱིས། །མ་ལྟར་དབང་མཆེ་དབྱིངས་དང་ཡེ་ཤེས་འབྱོར། །སྲིང་མོར་ད་བསྒྲུབ་ཀྱིས། །སྲིང་ལྟར་སླ་མ་དམ། །གྲོགས་སུ་ད་བསྒྲུབ་ཀྱིས། །གྲོགས་ལྟར་ཕྲག་མ་དོག། །མཛའ་མོར་ད་བསྒྲུབ་ཀྱིས། །ཡིད་ལ་གཞུང་མ་ངན། །བྲན་མོར་ད་བསྒྲུབ་ཀྱིས། །བྲན་ལྷར་སྙིང་མ་རིང་། །དེ་ནས་དཀྱིལ་འཁོར་གྲུ་བཞིར་བཟུང་ལ་དབང་བསྐུར་ལ་གཞག་གོ། །གྲུབ་ནས་པྲ་དབབ་དངོས་པོར་བལྟ། །ཞི་རྒྱས་དབང་ལ་སོགས་པ་བྱ། །ཁྱད་པར་དྲག་པོ་བསྒྲུབ་པའི་ཕྱིར། །བུད་མེད་སྣྲེལ་གྲིའི་ཐོད་པའི་ནང་། །གུ་གུལ་ནག་པོ་དུག་སྣ་ཚོགས། །ཁྲག་དང་སྙིང་སྦྱར་བ་འདི། །གྲུ་གསུམ་ཟུར་ནི་གཅིག་ལ་གཞག །མོན་ནག་ལ་བྱུང་ཐོད་པ་དང་། །རབས་ཆད་ནག་པོའི་ཐོད་པ་དང་། །སྤྱང་ཐོད་ཕག་ཐོག་གང་ཡང་རུང་། །ཐོད་པ་གསུམ་པོ་དག་ཏུ་ཡང་། །གོང་མའི་རྫས་དང་མཐུན་པར་བླུགས། །ཟུར་བཞི་དྲག་པོ་བཞི་ནང་བཞུགས། །ཡབ་ཡུམ་ཏིང་འཛིན་གསལ་བ་དང་། ་་ས་ཀར་ཉུངས་ནག་རྫས་རྣམས་ལ། །དཀར་མོ་རེ་མ་ཏིའི་ཏྲི། །རབ་ཏུ་བཟླས་ཏུ་དང་པོར་བླུགས། །སྙིང་རྦད་སྙིང་ཐིག་བཟློག་པའི་དུས། །ཁ་ནས་མ་མོའི་ཚོགས་འཕྲོས་པས། །ཐིམ་སྟེ་མ་མོར་གྱུར་པས་གསད། །དང་པོར་དཀར་མོ་རེ་མ་ཏི། །གཉིས་པ་ཨུ་རུ་རེ་མ་ཏི། །གསུམ་པ་གུ་རྒྱ་རེ་མ་ཏི། །བཞི་པ་མ་མོ་ཙ་མུན་ཏི། །ཁྲི་རེ་བཟླས་ཤིང་ཐུན་དུ་བསྒྲུབ། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །སླེའུ་ནག་རས་ཀྱིས་མགོ་ཕུར་ལ། །ཁང་ཕྱི་ལན་གསུམ་བསྐོར་ནས་ཀྱང་། །ཁྱིམ་ནས་རྐང་འདོམ་བཅུ་གསུམ་སར། །ཟུར་བཞིའི་རྨད་དུ་རྦ་བ་ནི། །གཟའ་ནི་མིག་དམར་དུས་ལ་སྦའོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །དཔལ་ལྷ་མོ་ཉིད་མཚོ་སྨན་གྱི་རྒྱལ་མོར་ཞུགས་པའི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །རི་ཡི་དབྱིབས་ཀྱང་ཁམ་ནག་དང་། །ལུང་གསུམ་འདུས་པའི་མདོ་དག་ནི། །ནགས་ཚལ་སྟུག་པོའི་དབུས་སུ་བསྒྲུབ། །དཀྱིལ་འཁོར་གྲུ་གསུམ་མཐིང་ནག་ལ། །དབུས་སུ་ས་བོན་མ་ཅིག་བྲི། །བར་མ་ཐོད་པའི་འཕྲེང་བས་བསྐོར། །ཁ་ནི་མེ་རི་སྨུག་པོར་བསྐོར། །མི་དབང་སྙིང་དང་མཁལ་མ་དང་། །ནང་ཁྲོལ་ཀླད་པར་བཅས་པ་ལས། །གཞི་བྱས་ཤ་སྣ་འཚོག་པར་སྦྱར། །འབྲུ་དང་ཤིང་ཐོག་འཚོགས་པ་ལས། །གཏོར་མ་བྱས་ཏེ་བསྒྲུབ་རྫས་སོ། །མི་དབང་ཁྲག་ལ་སོགས་པ་ཡི། །ཁྲག་སྣ་སྟོང་ངམ་ཡང་ན་བརྒྱད། །ཉི་ཤུའི་མཐའ་དང་མྱོས་བྱེད་དང་། །ཉི་ཤུ་རྩ་གཅིག་བར་དུ་བསག །སྨན་སྣ་སྟོང་ངམ་ཡང་ན་བརྒྱད། །ཉི་ཤུའི་མཐའ་དང་མྱོས་བྱེད་དང་། །གོང་མའི་བར་དུ་སྦྱར་བར་བྱའོ། །ཞིང་ཆེན་བླ་རེ་ས་གཞི་དང་། །གུ་གུལ་དུད་པ་རྒྱུན་མི་གཅད། །ཀེང་རུས་ལྷུ་གདུམ་མཐའ་དང་མཐར། ཁུན་ཆེན་སླག་པ་དེ་བཞིན་ཏེ། །སོ་སོའི་འཕྲེང་བ་བགྲང་བར་བྱ། །དེ་ནི་མ་མོ་བསྒྲུབ་པའི་རྫས། །རྟེན་པའི་རྫས་ནི་གྲོགས་མེད་པའི། །རང་གི་བྱང་ཆུབ་སེམས་ལ་བྱ། །ཨ་མྲི་ཏ་དང་སྦལ་ནག་གི། །མགོ་བོ་སྤྱར་བར་བཅུག་ལ་བརྟེན། །རླུད་ནག་ཚུབ་ནག་དྲེའུ་རྐང་གསུམ། །ཞོན་པ་བུད་མེད་ནག་མོ་ལ། །རལ་གྲི་ཟང་ཡག་བསྣམས་སོར་དྲུག ཁེང་ཤུན་བྲིས་ཏེ་འོག་བཅུག་སྦ། །དེ་ནི་མ་མོ་རྟེན་པའི་རྫས། །ཡག་ཤ་དཔལ་གྱི་སྐུར་བསྒོམས་ཏེ། །གཟུངས་མ་འཁོར་ལོས་རྒྱས་འདེབས་དམིགས། །ཡབ་ཡུམ་དཀྱིལ་ནས་ལས་བྱེད་དཀྱིལ། །སྲིད་པའི་དབུས་ནས་དྲངས་ནས་སུ། །མདུན་དུ་བྱང་ཤར་མཚམས་ནས་འོངས། །མ་ཐིམ་འོག་ལྟ་བཀའ་དོན་བཟླས། །དེ་ལྟར་བཟླས་བརྗོད་བྱས་པ་ལས། །སྙིང་མི་དགའ་ལ་ཉམས་མི་བདེ་སྒྲིབ་པ་ཡོད་ན་བཤགས་བྱང་བའོ། །དུ་སྙིང་འདོད་ལ་མི་དགའ་ན། །ཐུགས་དང་མ་སྐོངས་མཆོད་པ་བསྟབ། །ཁྲོ་སྙིང་འདོད་ན་སྙིང་ཞུགས་ཏེ། །དབང་དུ་མ་འདུས་བསྒོམ་པར་བྱའོ། །ཁྱོ་གའི་ཆོ་འཕྲུལ་ཆེ་ན་ཡང་། །དབང་དུ་མ་འདུས་བསྒོམ་པ་བྱའོ། །བུད་མེད་ཆོ་འབྲུལ་ཆེ་ན། །དགྲ་ལ་རྦད་པའི་ལས་བྱའོ། །ཆོ་འཕྲུལ་ཆུང་ལ་གཡལ་འདོད་ན། །དགེ་བས་གདུགས་ཏེ་བཟླས་བརྗོད་བྱའོ། །བུད་མེད་མདོག་ངན་ཕྲད་པ་ན། །སྒྲིབ་པ་ཡོད་པས་བཤགས་པ་བྱའོ། །སྙིང་ཉིད་དགའ་ལ་ཉམས་བདེན། །དམིགས་པའི་ལས་ལ་སྒྲིབ་པ་མེད། །རང་སེམས་དགའ་ན་ཐུགས་དམ་བསྐོངས། །ཉམས་བདེ་རང་སེམས་བརྗིད་ཆེ་ན། །བཀའ་ཉན་ལས་ལ་འགྲོ་བ་ཡིན། །ཏིང་འཛིན་གཡོས་ན་དབང་དུ་འདུས། །ཁྱོད་གའི་ཆོ་འཕྲུལ་མེད་གྱུར་ན། །དེ་ཡང་དབང་དུ་འདུས་པ་ཡིན། །ཕྱག་འཚལ་མཆོད་པ་བྱེད་པ་ན། །དེ་ཡང་དབང་འདུས་བཀའ་ཉན་འོངས། །བུད་མེད་བཟང་དང་ཕྲད་པའི་ཚེ། །ཆོ་འཕྲུལ་ཆེ་ཞིང་བུད་མེད་ཕྲད། །དེ་ཡང་དབང་འདུས་བཀའ་ཉན་ཡིན། །བཟང་པའི་རྫས་ནི་སྐྱེལ་བ་ན། །ཚེ་ཡི་དངོས་གྲུབ་གཏེར་བ་ཡིན། །ནི་ཡི་ཤ་ཚོགས་སྐྱེལ་བ་ན། །རྫས་ཀྱི་དངོས་གྲུབ་སྟེར་བ་ཡིན། །རང་གི་བླ་དང་གཞན་གསད་ན། །དྲག་པོའི་དངོས་གྲུབ་ཐོབ་པར་བཤད། །དེ་ལྟར་རྟགས་དང་འཐུན་པ་དང་། །ཡབ་ཡུམ་གསལ་བྱས་དགྲ་ལ་རྦད། །ཚིག་དང་དབྱངས་ཀྱིས་བསྐུལ་བ་ནི། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཕྱོགས་ཕ་གི་ན། །སྦྲིན་དང་ན་བུན་ཚུར་རོལ་ན། །གཡའ་དང་གངས་ཀྱི་ཚུར་རོལ་ན། །ཡུལ་དང་མགོན་ཡུལ་གཉན་ཐང་ན། །ཐོད་པ་དགུ་བརྩེགས་མཁར་ཅིག་བརྩིགས། །དེའི་ལགས་སམ་ནང་ཤེད་ན། །ཐེ་བྲང་བརྩེགས་པའི་བེག་ཚེ་ལ། །མ་ཅིག་ཆེན་མོ་དེ་ལ་བཞུགས། །སྐུ་ལ་དེ་ནི་ཅི་གསོལ་ན། །རྨ་བྱ་མཛེས་པའི་ཐུལ་པ་གསོལ། །དབུ་ལ་དེ་ནི་ཅི་གསོལ་ན། །སྲིད་པ་སྤྱི་བླུགས་ཞྭ་ལ་གསོལ། །ཕྱག་མ་གཡས་ན་ཅི་བསྣམས་ན། །ནད་དོ་ཅོག་གི་རྐྱལ་པ་བསྣམས། །དགྲ་ལ་ནད་ཀ་གཏོང་པའི་རྟགས། །ཕྱག་མ་གཡོན་ན་བསྣམས་པ་ནི། །བདུད་ཀྱི་ཁྲམ་བམ་ཆེན་པོ་བསྣམས། །སང་ཕོད་དེའུ་སང་སུ་འཆི་བ། །དོ་ཅིག་དིང་སང་ཁྲམ་ལ་འབེབས། །ཁྱོད་ཀྱི་མཆན་ཁུང་གཡས་པ་ན། །མཚོན་གྱི་ཤོད་དྷིའུ་དཀར་ནག་འགྲེམས། །སང་ཕོད་དིང་སང་སུ་འཆི་བ། །དོ་ཅིག་དིང་སང་་།ད་ལ་འདེབས། །མ་ཅིག་ཆེན་མོ་མཐུ་མོ་ཆེ། །ཆེམ་ཆེམ་གྲོད་གྲོད་ཤ་ལ་གྲོད། །དགྲ་སྙིང་སྤར་གྱིས་འདེབས་པའི་མཐུ་མོ་ཆེ། །གནམ་ས་བཟློག་པའི་དུས་ལ་བབ རང་སྲོག་བཟུང་པའི་དུས་ལ་བབ། །གནས་ནས་བསྐུལ་ཞིང་བསྐྱོད་པའི་ཚེ། །དྲེའུ་རྟ་མགོ་གསུམ་ཞུངས་སེ་ཞུངས་། །དགྲ་བོ་ལས་ངན་བདེ་འབྱམ་ལ། །བློ་བུར་ཡེ་འབྲོག་དུས་ལ་བ། །ཁྲམ་ཁ་སྟོན་ལ་ནད་ཀྱང་བཟློག །གནམ་ས་གྲུ་གསུམ་ཉམས་མི་དགའ། །རང་ཉིད་ལྷ་མོར་གནས་པ་དེས། །ལས་སུ་གྲུབ་པ་ཐམས་ཅད་ཀྱང་། ཁྲར་རུ་དེ་ལ་བྱེད་དམིགས་ཏེ། ཁུསྨྱུན་དུ་རྒྱུན་སྔགས་བཟླས་པར་བྱའོ། །ཕུར་པ་སྔགས་བཏབ་ཁང་རྨང་ངམ། །ཞིང་གི་དབུས་སུ་སྦ་བར་བྱའོ། །བསྒྲུབ་པའི་རྫས་རྣམས་དབུལ་བ་ནི། །སྔགས་ཀྱིས་ཐམས་ཅད་དབུལ་པ་སྟེ། །གཏོར་མ་འདོད་ཡོན་ལྔར་དམིགས་མཆོད། །བདུད་རྩི་བྱང་ཆུབ་སེམས་ཀྱིས་་་་་་་་་་་་་་་མཆོད། །རཀྟ་དགྲ་བོ་དངོས་ཀྱིས་མཆོད། །དུར་ཁྲོད་ཆེ་དང་ཆུ་བོ་དང་། །ཚུབ་ནག་འཁྱིལ་དང་ཁང་སྟོང་དང་། །མེད་ན་བྱང་ཤར་མཚམས་སུ་བསྐྱལ། །འདོད་པ་ཁམས་ཀྱིས་དབང་ཕྱུག་མའི་རྒྱུད་ལས། །དཔལ་ལྷ་མོ་ཉིད་ཀྱིས་བདུད་དམར་པའི་ནལ་བུ་ཟོས་པའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ། །དབེན་ལ་གཉན་པའི་གནས་སུ་ནི། །གཏོར་མ་བྱིན་བསྐོ་བསྐྲོད་པར་བྱའོ། །མི་ཕུང་ཤུལ་ནས་ས་བླངས་ཏེ། །བོང་བུའི་བདུད་རྩིས་སྦྲུས་པ་ལ། །གྲུ་བཞི་གནས་སྦྱང་འདོམ་གང་མ། །ཡང་ན་མདའ་གང་དག་ཏུ་བརྩིག །བདུད་རྩི་སྣ་ལྔའི་ཆག་ཆག་ལ། །དམར་ཆེན་ཁྲག་གི་ཐིག་ལེ་བྱའོ། །སྟེང་དུ་ལྷ་མོའི་ཞལ་དཀྱིལ་འཁོར། །སྣ་ནི་ཟུམ་པོ་འཐུར་དུ་བརྐོ། །མིག་གཉིས་ཁམས་གསུམ་གྲུ་གསུམ་སྟེ། །དྲག་པོ་དེ་ལ་དགོད་པ་ནི། །ཙ་ཀོ་ལ་ནག་པོ་གསུམ་ནང་དུ། །དུག་དང་སྨེ་ཁྲག་རྩི་བསྲེས་དགང་། །ཞི་ལ་ཁམ་ཕོར་ཟུར་གསུམ་དགོད། །ཙ་་ར་དཀར་སེར་ནག་འདྲེས་མ། །བསྒྲལ་ཏེ་སྙིང་སོགས་ནང་ཁྲོལ་རྣམས། །དུམ་བུ་གསུམ་དུ་བྱས་པ་བླུགས། །འབྲུ་རྣམས་སྣ་ཚོགས་ཕྱེ་ལས་ཀྱང་། །ཙི་རའི་རཀྟས་སྦྲུས་དྲག་པོ། །མིང་རུས་གཟུགས་བྱས་ཤུན་ཆེན་པོ། །ཚོ་གསུམ་དག་ཏུ་རླན་པར་བྱའོ། །ཕུ་ཏྲ་མོ་ནི་ལོ་གསུམ་ལོན། །མཚན་མ་ཙིསྟ་ཟླུམ་པོ་གསུམ། །གསང་པའི་མ་མོའི་དམ་རྫས་སོ། །བུ་ཏྲ་ཕོ་ཡི་རྣམ་གསུམ་ནི། །གསང་པའི་ཕོ་ཉའི་དམ་རྫས་ཡིན། །བཅུ་དྲུག་ལོན་པའི་ཁམ་ཕོར་ནི། །གཉིས་སུ་དམ་རྫས་གཉིས་པོ་གཞག །སྨན་སྣ་སྟོང་དང་ཁྲག་སྣ་སྟོང་། །སྦྱར་བ་མོ་མཚན་བཅུ་གཅིག་གི། །ཐོད་པ་དག་ཏུ་གཞལ་ནས་ཀྱང་། །ཆོས་ཉིད་སྟོང་པའི་ཏིང་འཛིན་གྱིས། །རང་སེམས་ཡེ་ཤེས་ཀུན་སྣང་ཡིན། །གསལ་བའི་རྒྱུད་ལས་འཕྲོས་པ་ནི། །ཡི་གེ་ཧཱུཾ༷་འོད་ལས་ནམ་མཁའི་དཀྱིལ། །འབྱུང་བཞི་མེ་ཆུ་དྲེགས་པའི་སྟེང་། །ཉིད་བཞིའི་སྟེང་ནས་ཡསྒ་ནི། །ཧེ་རུ་ཀ་ཉིད་གསལ་པར་བསྒོམ། །དཀྱིལ་ནས་དཀྱིལ་འཕྲོས་ངེས་པར་དགུག །མདུན་ན་བཀའ་ནོད་ངེས་པར་དམིགས། །ཞལ་གསུམ་བར་དུ་སྲོག་ནས་དྲགས་། ཁུབ་ནས་ལས་ལ་སྦྱར་བ་ནི། །རྐང་པ་ལག་པ་མདུན་རྒྱབ་བསྣོལ། །ཙིསྟ་འབར་ར་ཏ་ཀ་ལ། །མ་མོ་གསུམ་དང་ཕོ་ཉ་གསུམ། །གཟུགས་བྲིས་དྲངས་ཏེ་ཐིམ་པ་ལས། །རྟགས་སམ་མཚན་མར་བྱུང་བའི་ཚེ། །ཕོ་ཉ་བྲག་ཏུ་དགུག་པ་ནི་། །ལྕགས་ཀྱི་སྤྱང་མོ་ཆེན་མོ་ཁྱོད། །ཁྲག་གི་སྡེར་འཛུབ་ཤད་དེ་ཤད། །སྤྱང་མོ་རྔམ་སྐད་དགྲ་ལ་འདེབས། །ང་རོ་འདོན་ཅིང་དགྲ་ལ་རྒྱུག །ཐམས་ཅད་ཀུན་ལམ་གཏོང་གིས། དོ་ནུབ་བདག་གི་ལས་མཛོད་ཅིག །ལས་རྣམས་གྲུབ་པར་ད་གྱིས་ཤིག །འཛུམ་མདངས་ཕྱིར་ལ་ཁྲོད་ལ་ཤོག །སྙིང་ནས་དྲོངས་ལས་ཁྲིད་ལ་ཤོག །ཕོ་ཉའི་སྔགས་ནི་བརྒྱ་རུ་བཟླས། །དམ་རྫས་བསྟན་ཅིག་རཀྟ་བརླབ། །ལྟེ་བའི་གཟུགས་ཕྱི་དེ་ཁུགས་བསམ། །ཧཱུཾ༷། །ཟངས་ཀྱི་ཝ་མོ་དགྲ་འགུགསམ། །ཁྲག་གི་སྡེར་འཛུབ་ཤད་དེ་ཤད། །ཝ་མོའི་རྒྱུག་ཚུལ་ཞུགས་སེ་ཞུངས། །ཝ་མོའི་རྒྱབ་ཚུལ་དགྲ་ལ་རྒྱུག །ཝ་མོའི་བཤད་སྐད་དགྲ་ལ་བཞད། །སྙིང་ནས་འདྲེན་པའོ་ཕོ་ཉ་མོ། །འཛུམ་མདངས་ཕྱོར་ལ་ཁྲིད་ལས་ཤོག །ཁུག་ཅིག་དྲིལ་ཅིག་ཕོ་ཉ་མོ། །སྔགས་བརྒྱ་བཟླས་ལ་མཆོད་པ་སྟབ། །ཤ་ཆུའི་བླ་ནི་ཁུགས་པར་བསམ། །དུད་ཀྱི་ཁྱི་མོ་འོད་འཕྲོ་མ། །ཁྲག་གི་སྡེར་འཛུབ་ཤད་དེ་ཤད། །ཁྱི་ཡི་རྔམ་སྐད་དགྲ་ལ་འདོན། །ཁྱི་ཡི་བཞད་སྒྲོགས་དགྲ་ལ་སྒྲོགས། །འཛུམ་མདངས་ཕྱོར་ལ་ཁྲིད་ལ་ཤོག །ཁུག་ཅིག་དྲིལ་ཅིག་ཕོ་ཉ་མོ། །སྔགས་བཟླས་སྟབ་བརླབ་ཁུགས་པར་བསམ། །ཕོ་ཉ་མོ་ཡི་ལས་ཀྱི་སྔགས། །ར་ཡི་སྙིང་ཁྲག་ཁོང་ནས་ཁྲི། །ཁམ་ཕོར་གྲུ་གསུམ་ལིང་ག་སྟེ། །ཕོ་ཉ་གསུམ་གྱི་བཀའ་ཉན་ནས། །བཀུག་ནས་བསད་དེ་ཟ་བར་བསྒོམ། །མིག་ཀྱང་མས་ལྟས་ཁྲོས་འདུངས་ཟླའོ། །ཤིན་ཏུ་ཁུགས་པ་ཁོ་ནར་བསམ། །གསང་བའི་མ་མོ་ཆེན་མོ་ཁྱོད། །ཆིབས་ཀྱིས་བསྐྱོ་དང་མི་འཚལ་ཏེ། །འཁོར་ལོ་རླུ་་གིས་བསྐྱོད་དུ་མེད། །རྒྱང་གླུ་ལེན་ཅིག་ཤ་རྣམས་ཟ། །ཁྲག་ཆེན་འཐུང་ཞིང་འཛུམ་ནག་སྟོང་། །སྲོག་རྩ་གཅོད་ཅིང་རང་དམ་བསྲུང་། །སྙིང་འདྲེན་ལྕགས་ཀྱུ་ཀླད་ལ་བསྐོར། །དྲོངས་ཤིག་དགྲ་བོའི་སྙིང་ནས་དྲོངས། །རཀྟ་འཕྱར་ཞིང་དམ་རྫས་བསྟབ། །གསང་པའི་མ་མོའི་ངན་སྔགས་ཀྱིས། །ཉུངས་ཀར་བཟླས་ཤིང་ཁྲག་ཏུ་བླུགས། ཁ་མིག་ལ་སོགས་ཐམས་ཅད་ནས། །ཆར་དུ་དབབ་དང་དང་པོའི་ཁྲག །ཁྲི་ཐོན་ཁ་མ་ཕོར་ནང་དུ་སྟེ། ཁྲ་ཟོས་ཁྲག་ཀྱང་འཐུངས་པར་དམིགས། །དེ་ནི་བླ་འགུགས་ངན་སྔགས་སོ། །ཁྱད་པར་སྙིང་ནས་འདྲེན་པར་དམིགས། །གསང་བའི་མ་མོ་ཆེན་མོ་ཁྱོད། །གཡབ་འདོར་དགྲ་ལ་ལིངས་སེ་ལིངས། །ཁ་ནས་དུག་མདའ་རྩེ་གསུམ་འཕེན། །ལག་ནས་གཡབ་འདོར་མདུང་ནས་འཕྱར། །དྲངས་ནས་དགེས་པའི་བཞད་མོ་འགྱེད། །ཟ་ནི་མཆེ་གཙིགས་ཤ་ཆེན་ཟ། །འདྲེན་པའི་ལྕགས་ཀྱུས་སྙིང་ནས་དྲོངས། །ཕོ་ཉ་བས་ཀྱང་མགྱོགས་པར་རྒྱུག །གསང་བའི་མ་མོ་ཆེན་མོ་ཁྱོད། །སྲོག་གཅོད་སྙིག་གི་བདག་མོ་ཁྱོད། །ཁྱོད་ཀྱིས་གནས་ནས་བསྐྱོད་ཙམ་ནི། །མ་མོ་འབུམ་ཁྲིས་ཕོ་ཉ་འགྱེད། །གསང་བའི་མ་མོ་ཁྱེད་གསུམ་གྱིས། །གསང་བའི་ཕོ་ཉ་གསུམ་བསྐུལ་ལ། །ཡུད་ཙམ་གྱིས་ན་ཁྲིད་ལ་ཤོག །རབ་བསྟབས་བརླབ་ཅིང་སྙིང་བ་་སྔགས། །ཁྲི་ཕྲག་གཅིག་གིས་ཐུན་ཚོགས་བསྒྲུབ། །ཙ་ཀོལ་དྲག་པོས་བརྒྱབ་པས་ནི། །ཚོགས་ཀྱིས་སྙིང་བཅུ་ཕྱུང་ཟོས་བསམ། །ཐ་མར་བལྟབ་བརླབ་ཉུངས་ཀར་གྱིས། །སྲོག་གཅད་ཁྲི་ཁྲག་ཐུན་ཚོགས་བསྒྲུབ། དྲག་པོའི་གནས་ནས་དྲག་སྣོད་བརྡེག །སྲོག་བཅད་ཤ་ནི་ཟ་བར་བསྒོམ། །དོན་དུ་ཡསྒ་ཧེ་རུ་ཀས། །ཡུམ་ལ་རྫོགས་པའི་མ་མོས་བསྐུལ། །ཉིང་ཁོལ་གསང་བའི་ཕོ་ཉ་འགྱེད། །གཟུགས་གསུམ་ཕྱིས་ནས་ལན་གསུམ་དགུག །བསྟབ་བརླག་བརྒྱའི་བར་དུ་སྟེ། །ཁྲི་ཡིས་ཐུན་ཚོམས་ནང་དུ་འཕང་། །ཡསྒ་ཧེ་རུ་ཀ་གསལ་བས། །ཡུམ་ལ་སྦས་པའི་མ་བསྐུལ་ཏེ། །གསུམ་ཕྱིས་གསུམ་གྱི་བཀུག་ནས་ཀྱང་། །ཁྲི་གསུམ་ཐུན་ཚོགས་མ་མོ་གསུམ། །འཕངས་པས་སྙིང་ཟ་སྙིང་ཟ་སྙིང་བཅུ་བཞི། །སྲོག་གཅོད་ལས་ནི་བྱེད་པར་བསྒོམ། །ཆུ་དང་མ་འདྲེས་དྭངས་མའི་ཁྲག །ནང་ཁྲོལ་སྨད་ལྔ་མྱོས་བྱེད་སྨན་སྦྱར་པའི་གཏོང་མ་གསུམ་གསུམ་སྦྱིན། །ཡང་བསྐྱར་ཡང་ནས་ཡང་བསྒྲུབ་བ། །འབུམ་ཕྲག་གཅིག་གི་བར་དུ་སྟེང་། །ཐོན་ནས་ཕྱོགས་དང་མའི་ཞིང་། ཁུ་བའི་སྲང་དང་འཐུང་བའི་ཆུ། །དེ་ལ་མ་མོའི་མཐུན་ཚོགས་སྦ། །ཡང་ན་ཤ་རུ་རྒྱུ་བ་ཡིམ། །བྱང་ཕྱོགས་ལམ་དུ་སྦ་བར་བྱའོ། །མ་བྱུང་སྤོགས་པ་འབུམ་ཕྲག་གཉསི། །དེ་ལྟར་འབུམ་གསུམ་དུའོ། །སྤྱང་མོ་ཝ་མོ་དུང་ཁྱི་གསུམ། །ཚད་དུ་ཕྱིན་ནས་ཁྱིམ་དུ་བབས། །གལ་ཏེ་ཚད་དུ་མ་ཕྱིན་ཀྱང་། །འུག་སོགས་བྱ་ནི་ཁྱིམ་དུའོ། །བློ་རྡོལ་ནད་ཀྱིས་འཆི་བ་སྟེ། །ཟླ་བའི་ང་ལ་རྟགས་ཀྱང་འབྱུང་། །མ་མོ་གསང་བ་མཆོག་ཏུ་ཉན། །ཕོ་ཉ་རྟག་ཏུ་རང་བཞིན་ངན། །ཉམས་ན་རང་ཡང་ཟ་བར་བྱེད། །དེ་ཕྱིར་དམ་ཚིག་ཤིན་ཏུ་བསྲུང་། །ཉི་མ་བྱང་ཤར་ཁྱི་ཡང་འབྲོས། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །གསང་བའི་མ་མོ་གསུམ་དཔལ་ལྷ་མོ་ཉིད་སྤྲུལ་པའི་སྒྲུབ་ཐབ་སྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །དེ་ནས་དགྲ་གཤེད་བསྒྲུབ་པ་ནི། །དུར་ཁྲོད་གནས་སུ་རབ་ཕྱིན་ཏེ། །ས་ཡི་མཎྜལ་བྱས་ནས་ཀྱང་། །མཆོད་པའི་གཏོར་མ་རྒྱས་པ་ནི། །བམ་ཆེན་གསར་པའི་ཤ་ལ་བྱ། །དེ་ཡི་ཁྲག་དང་ཆང་བདུད་རྩི། །མཆོད་ཡོན་སྦྱར་ལ་བདུད་རྩིའི་རྫས། །དེ་ཡི་ཤ་ཡི་ཐ་མ་བསྐོར། །དེ་ཡི་ཤུན་པས་གཡོག་པར་བྱ། །སྤོས་ཆེན་དུད་པ་རྒྱུན་མི་གཅད། །མཁའ་ལྡིང་ཤེལ་དག་ཤོ་ན་ཉིད། །ནག་མོ་ས་བདག་རྒྱལ་མོ་བསག །སྙིང་ཁྲག་ལུག་ནག་གྲོད་པ་བླུགས། །གཟུགས་དག་མིང་བྲིས་ཤུན་བྲིས་བཅུག །དེ་ཡང་ཐོད་པའི་ནང་དུའོ། །སྔས་འོག་གྲུ་གསུམ་བྲུས་པར་ནི། །རང་གིས་མི་མཐོང་ཕྱིར་ན་སྦའོ། །ཁྲག་འཐུང་དཀྱིལ་འཁོར་རྫོགས་བྱས་ནས། །ཡག་ཤ་དཔལ་གྱི་ལྷ་མོ་དྲང་། ་་ས་ཀར་ཉུངས་ནག་བཟླས་ནས་ཀྱང་། །ལྷ་མོའི་བུ་དགུ་བ་སྦུ་ནས། །གནོད་སྤྱིན་དྲ་བ་ཅན་དང་ནི། །མ་མོ་ནག་མོ་འཕྲོས་པ་ནི། །ཁྲོ་ཐོན་གཏོར་མ་སྤྱིན་པར་བྱའོ། །ཡང་སྐྱེར་བདུན་འབུམ་པར་དུ་སྟེ། །སྙིང་འབྱིན་རྩ་འཁྲོ་ཤ་ཟ་ཞིང་། །ཁྲག་འཐུག་བསྒོམ་ཞིང་ཞེ་སྡང་སྐྱེད། །གྲོད་པ་ཁུར་དུ་རབ་ཁུར་ཏེ། །ལྷ་ཁང་མཆོད་རྟེན་རབ་བསྐོར་ནས། །སྔགས་ཟློས་ཡུལ་ཕྱོགས་ཁྲག་ཏོར་དུས། །ལྷག་མཁང་པའི་རྨད་དུ་སྦ། །རྣམས་པའི་རྟ་ནི་སྣོད་བླུགས་ཏེ། །སྦྱི་བོས་ཡི་འོག་ཏི་སྦ། །བརྡབས་ཏེ་སྦས་ན་སེར་པ་འོང་། ཁྲ་སྣྲོརེ་སྔོན་དུ་གཏོར་མ་གཏང་། །མོད་ལ་འབྱུང་བར་རབ་ཏུ་བཤད། །གྲོང་ལ་ཁ་བཅིངས་རྟ་རུ་བཟང་། །མིང་རུས་ཡུལ་འདྲེ་ཆེ་ལ་གཏད། །བཅུ་གཅིག་ནུབ་མོ་ཆུང་མ་སྡང་། །ཞག་དགུའི་ནུབ་མོ་བྱིས་པ་འཚེ། །བཅོ་ལྔའི་ནུབ་མོ་ཁྱོ་གྲིར་འཆི། །དེ་དུས་བརྟེན་དབྱངས་བསྐུལ་བ་ནི། །གསང་བའི་མ་མོ་ཆེན་མོ་ཁྱོད། །ཆིབས་ཀྱིས་བསྐྱོད་དང་མི་འཚལ་ཏེ། །མགྱོགས་པ་རླུད་གིས་སྐྱོད་དུ་མེད། །རྒྱང་གླུ་ལེན་ཅིང་ཤ་རྣམས་ཟ། །ཁྲག་ཆེན་འཐུང་ཞེང་འཛུམ་ནག་སྟོན། །སྲོག་རྩ་གཅོད་ཅིང་རང་དམ་བགྲུངས། །སྙིང་འདྲེན་ལྕགས་ཀྱུ་ཀླུད་ལ་བསྐོར། །དྲོངས་ཤིག་དགྲ་བོའི་སྙིང་ནས་དྲོངས། །ལྕགས་ཀྱི་སྤྱང་མོ་ཆེན་མོ་ཁྱོད། །ཁྲག་གི་སྡེར་འཛུབ་ཤད་དེ་ཤད། །སྤྱང་མོ་རྔམ་སྐད་དགྲ་ལ་འདེབས། །ང་རོ་འདོན་ཅིང་དགྲ་ལ་རྒྱུག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཡུལ་དང་ཕྱང་མ་ཕྱུང་བསྟོད་ན། །བདུད་ཀྱི་བུ་མོ་སྨུན་ཅིག་མ། །མིང་ནི་བདུན་མོ་སྨན་ཅིག་མ། །སྐུ་ལ་ན་བཟའ་ཅི་གིསལ་ན། །བདུད་ཀྱི་སླག་པ་ཡུག་ཆེན་གསོལ། །ཆིབས་སུ་དེ་ནི་ཅི་ཆིབས་ན། །བདུད་རྟ་ནག་པོ་མགོ་དགུ་ཆིབས། །ཕྱག་ན་དེ་ནི་ཅི་བསྣམས་ན། །བདུད་ཀྱི་ཞགས་པའི་ཁྲ་བོ་བསྣམས། །དབུ་ལ་དེ་ནི་ཅིག་སོལ་ན། །བསྒྲོ་ཟླུམ་པོ་ཞྭ་ལ་གསོལ། །ཆིབས་ཀྱི་དེ་ནི་སྔ་གོང་ལ། །ནད་དོ་ཅོག་གི་རྐྱལ་པ་བཀལ། །ཆིབས་ཀྱི་དེ་ནི་ཕྱོ་གོང་ལ། །དགྲ་བོ་འཐུམ་པའི་དྲ་བ་མིག་དགུ་བཀལ། །ལྕགས་ཀྱུ་ཁྲག་ལས་བྱས་པ་བསྣམས། །ཞག་དགུའི་ནུབ་མོ་ཁྱོད་དགུ་རྐུ། །ཞག་ལྔའི་ནུབ་མོ་མ་ལྔ་ལེན། །ཕྱིས་ཀྱིས་བསྐྱེར་ནས་བུ་རྣམས་རྐུ། །ཕོ་ཉར་མངགས་པ་ཁྱོད་ལས་ལྷག་པ་མེད། །མངགས་པའི་ཚེ་ན་མྱུར་པར་འགྲོ། །བཅོལ་བའི་ཚེ་ན་ཁུགས་པར་བྱེད། །ཁྱུང་གཤོག་འབར་བས་དབང་དུ་བསྡུས། །གཡས་ནས་གསང་བའི་མ་མོ་འགྱེད། །གཡོན་ནས་གསང་བའི་ཕོ་ཉ་འགྱེད། །དངོས་ནི་མ་མོ་དངོས་ཀྱི་བུ། །དེ་ལ་གནས་པའི་ཁྱུང་ཆེན་མོ། །ཞེས་གསུངས་པ་ནི། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །དཔལ་ལྷ་མོ་ཉིད་བསྟན་པ་འཇིག་པའི་གཤེད་དུ་སྤྲུལ་པའི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །དུག་རི་ནག་པོའི་མན་ངག་གིས། །དམ་ཉམས་བསྒྲལ་བར་བཤད་པར་བྱའོ། །སྔས་ཀྱི་འོག་ཏུ་ཟུང་གསུམ་བྲི། །མདུན་དུ་མཎྜལ་གྲུ་གསུམ་བརྩིགས། །ཁྲག་གི་ཆག་ཆག་ཞེན་པར་གདབ། །ཡཀྟ་དཔལ་གྱི་དཀྱིལ་འཁོར་བསྐྱེད། །གཏོར་མ་མཆོད་ཡོན་རྒྱས་པར་དབུལ། །ལྷ་མོ་ལ་བྱེད་མྱུར་དུ་བསྒོམ། །བཅུ་བཞིའི་ནུབ་མོ་མཆོད་ནས་ནི། །བཅོ་ལྔའི་ནུབ་མོ་ཐུན་གཏོར་ནི། །ཁྱི་མོ་དཀར་མོའི་གྲོད་པའི་ནང་། །སྟག་དང་དོམ་དང་མི་སྙིང་ཁྲག །ར་ཁྱི་ཕག་ཁྲག་རྣམ་པ་གསུམ། །བཞི་བྱས་དེ་ནང་བླུགས་པ་ནི། །ཁྲག་ནས་སྟོང་ཡང་དེ་རུ་བླུགས། ་་ས་ཀར་དུག་ཏུ་བསྲེས་པ་ལ། །དེ་ལ་སྔགས་ཀྱིས་གདབ་པར་བྱ། །ལྷ་མོའི་ཁ་མིག་སྣ་ཚོགས་ནས། །མ་མོ་ནག་མོའི་ཆར་བབ་ནས། །ཐུན་དུ་གྱུར་ཏེ་ཤ་ཟ་ཞིང་། །ཁྲག་འཐུང་རྩ་འཕྲོ་གསོད་པར་དམིགས་གསུམ་འབུམ་ཐོན་ནས་ཁྱིམ་དང་ནི། །ཞིང་དང་ཆུ་ལ་གདབ་པ་དག་། །རྒྱུ་བའི་ལམ་དང་འདུག་སར་གདབ། །དེ་དུས་དབྱངས་ཀྱས་བསྐུལ་བ་ན། །ཧཱུཾ༷། །སྲིན་མོ་ཁྲག་འཐུང་གློག་འགྱུ་མ། །ཚུ་བ་ནག་སྟོང་གི་ནང་ན་བཞུགས། ཁུག་ནི་རཀྟའི་མཚོ་ནས་རྒྱུག །ཕྱག་ན་བདུད་ཀྱི་ཁྲམ་བམ་དང་། །ནད་ཀྱི་རྐྱལ་པ་ཕྱག་ན་བསྣམས། །ཆིབས་སུ་བདུད་བྱ་ནག་མོ་ཆིབས། །གོས་སུ་མུན་ནག་འཐིབས་པོ་གོན། །སྲིན་པོ་འབུམ་ཕྲག་བྲན་དུ་འཁོལ། །སྡང་མིག་ཟུར་གསུམ་བཟློག་པས་ནི། །གཤིན་རྗེ་ཉིད་ཀྱང་སྔགས་པར་འགྱུར། ཁྲངས་ཀྱིས་རླུད་སྒྲོམ་བུས་པ་ཡིས། །རླུད་ནག་བུ་ཡུག་ཚུབ་ནག་འཁྱིལ། ཁྲ་ཁྲག་རློན་པ་ཟ་བའི་མ། །གནམ་ས་ཡིད་ཀྱིས་གཅོད་པའི་མ། །སྲིད་པ་བྱ་ར་མཛད་པའི་མ། །བར་སྣང་བགེགས་སུ་འགུམ་པའི་མ། །རལ་པ་ཁམ་ནག་སྤྲུགས་པས་ནི། །འཇིག་རྟེན་ལྷ་སྲིན་བྲེད་ཅིང་བརྒྱལ། །མཆེ་བ་གཙིགས་ཤིང་རྐན་སྒྲ་རྡེབས་པས་ནི། །དམ་ཉམས་དགྲ་བགེགས་ཐམས་ཅད་དབང་དུ་སྡུད། །ཧཱུཾ༷། །ནམ་མཁའ་མཐའ་དང་མཉམ་པའི་འཇིག་རྟེན་ན། །ཐུ་ལུམ་སྲེག་བྱེད་འབར་བའི་སྙིང་ཟན་མ། །དགྲ་སྙིང་སྤར་གྱིས་གདབ་ཀྱིས་ད་ཚུར་སྤྱོན། །རྒྱ་མཚོའི་གཏིང་ན་གནས་པའི་མེ་ཟ་བྲག་གྱོན་མ། །དགྲ་བོའི་སྙིང་ཁྲག་འཐུང་གིས་ད་ཚུར་སྤྱོན། །བར་སྣང་མཁའ་ལ་འགྲོ་བའི་རྡོ་རྗེ་ཐོད་འཕྲེང་ཅན། །ང་ཡི་དགྲ་ཡི་ཡུལ་ཕྱོགས་སུ། །བལ་ནད་ཁྲག་ནད་དབབ་ཀྱིས་ད་ཚུར་སྤྱོན། །སྟོང་གསུམ་སྦྲུལ་བས་འགེངས་པའི་མ་ཅིག་མཐུ་མོ་ཆེ། །རིམས་ནད་རླུད་ལྷར་ཚུབ་ཀྱིས་ད་ཚུར་སྤྱིན། །ཧཱུཾ༷། །དུར་ཁྲོད་ཀློང་ན་གནས་པའི་དམར་ནག་རལ་པ་ཅན། །དགྲ་བོའི་རྣམ་ཤེས་དབྲོག་གིས་ད་ཚུར་སྤྱོན། །གདངས་ཉིད་རྩ་ཡི་ཁྲག་འཐུང་མ། །དགྲ་བོའི་ཀླད་ཁྲག་འཐུང་གིས་ད་ཚུར་སྦྱོན། །གཡའ་རི་རྩེ་ལ་གནས་པའི་མཆེ་བ་ཅན། །དགྲ་བོའི་སྙིང་ཁྲག་ག་་གོ་ད་ཚུར་སྤྱོན། །འབུམ་གསུམ་མ་ཐོན་པར་དུ་ནི། །སྔས་འོག་ཟུར་གསུམ་སྦས་ནས་ཀྱང་། །མིས་མི་མཐོང་བར་རབ་ཏུ་གསང་། །གོང་མའི་གནས་སུ་བསྐྱེལ་བ་དང་། །ཟླ་བ་ལྔ་ནི་རྨི་ལྟས་ལྡོག །ཟླ་བ་དྲུག་ན་ནད་ཀྱིས་འདེབས། །བདུན་ན་ངེས་པར་འཆི་བར་འགྱུར། །ཞེས་བྱ་བ་ནི་དུག་རི་ནག་པོའི་ལེའུ་ལས། །མ་མོ་ཁྲག་མདའ་བསྒྲུབ་པའི་ཐབས་སོ། །ལྷ་མོ་རྗགས་ཀྱི་དུག་མདའ་ནི། །འགྱོགས་པ་སྔགས་ཀྱི་ཕོ་ཉར་བཤད། །གཉན་ཞིང་དབེན་པའི་གནས་སུ་ནི། །ཁྲག་གི་མཎྜལ་གྲུ་གསུམ་ལ། །ངོས་རེ་སོར་ནི་བཞི་བཅུ་བརྒྱད། །དེ་སྟེང་གཞན་མཐུན་གཏོར་མ་དང་། །དེ་བཞིན་མཆོད་ཡོན་སྦྱར་བྱའོ། །བྱ་མོ་ནག་མོ་གསེར་མིག་མའི་སྒོང་བརྟོལ་ལ་སྙིང་པོ་ཡི། །གླུད་ནི་སོར་གཅིག་ཁོང་བར་ནི། །གྲོ་གར་མིང་རུས་བྲིས་པ་གཞུག །གླུད་ཀྱི་སྙིང་ཁར་གཟུགས་ཐག་གདགས། །བཛྲ་ཀུ་མ་ར་དང་ནི། །འཁོར་ལོས་རྒྱས་འདེབས་ཐབས་གཟུངས་ཀྱིས། །ལག་ཏུ་གཟུང་ཁྲག་འཐུང་གི། །དཀྱིལ་འཁོར་རྫོགས་བྱས་མཆོད་པར་བྱའོ། །དཀྱིལ་ནས་དཀྱིལ་དུ་འཕྲོས་པ་ཡིས། །ཡབ་ཡུམ་རེ་ཏྲི་འཁོར་བཅས་བོད། །གཏོར་མ་མཆོད་ཡོན་མཆོད་པ་བཞིན། །ཡབ་ཡུམ་གཉིས་ཀྱིས་བསྐུལ་བ་ཡིས། །ཤ་རུའི་ཚ་ཡང་དེ་ཡིས་དྲངས། །དྲངས་ཏེ་བཀུག་ལ་ནང་དུ་བསྟིམ། །གཤུ་བུའི་ནང་ནས་ར་དྲག་པོ། །ཕྱུང་སྟེ་རའི་འཆི་བྱེད་ཀྱི། །དུམ་བུར་བསྲེས་ཏེ་ལྕེ་ལ་གཞག །དེ་དུས་ཡབ་ཡུམ་མགོ་ལ་གཞག །བདག་ཉིད་བདུད་མོ་རེ་མ་ཏི། ། སྦྲུལ་པ་བདུད་བྱའི་ཚུལ་གནས་པས། །སྐུ་ཡི་ཁྱོན་ཡང་རི་རབ་ཙམ། །ལྡིང་ནག་འཚེར་བའི་བྱ་མོ་ནི། །ཤ་ཟའི་མཆུ་དམར་ཟངས་དང་འདྲ། །སྡེར་མོ་ཁྲག་སྡེར་ཤིན་ཏུ་དམར། །མཆུ་དམར་བྲག་དམར་གཤིབས་འདྲའི་ནང་། །ལྕེ་ནི་བདུན་ཞུ་དམར་པོ་སྟེ། །མཚིལ་མ་དུག་མདའ་ནག་པོ་ལ། །དུག་འབྲུམ་དུག་མེད་ཁ་བརྒྱད་པ། །དགྲ་བགེགས་སྙིང་གི་དཀྱིལ་དུ་བརྡེག །ཉིན་མཚན་གུང་གཉིས་སྔགས་བཟླས་ཏེ། །ནུབ་ཀ་ཤར་ཀའི་ཟེས་ཆེས་རྡེག །ཡང་ན་བརྒྱ་བརྒྱ་བཟླས་ཏེ་འཕངས། །དྲག་སྔགས་བདུན་ནམ་བརྒྱད་ཀྱིས་གསད། །ཀུན་གྱི་འཇུག་ལ་གདགས་པར་བྱའོ། །ལྷ་མོ་བྱ་མོས་ཟ་དམིགས་ལ། །བརྒྱད་དང་བདུན་མ་དམིགས་པའོ། །འབུམ་ཕྲག་གཅིག་ན་བདག་ཉིད་ཡང་། །དཔལ་ལྡན་ཡབ་ཡུམ་གཉིས་དམིགས་ཏེ། །སྒོང་བྱ་མོ་ནག་མོར་བསམ། །བྱས་ནི་སྒོང་ཟོས་གྱུར་ན། །ཟླ་བ་བདུན་གསུམ་རྟགས་གསུམ་ཀྱང་འབྱུང་། །བྱ་ནི་སྒོ་ང་མ་འདོད་ན། །གོང་མ་བཞིན་དུ་ཁྲི་ཁྲག་བསྐྱར། །བརྟེན་དབྱངས་སྙན་པས་བསྐུལ་བ་ནི། །མ་གཡེལ་མ་འདའ་སྲིང་ཅིག་མ། །མ་ཡིན་ནང་ནས་མ་ཅིག་མ། །སྲིང་གུ་ནང་ནས་སྲིང་ཅིག་མ། །དམ་ཉམས་ཀུན་གྱི་སྲོག་གཅོད་མ། །དམ་ལ་གནས་པའི་ཚེ་འཛིན་མ། །སྟོང་ཁམས་ཀུན་གྱི་ཉུལ་ལེ་མ། །ནད་ཀྱི་བདག་མོ་རིམ་གྱི་རྐྱེན། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །དྲ་བ་དགུ་ཡི་ལན་འཕྲན་ཅན། །བྱི་རུ་དམར་པོའི་རྒྱན་སྲབ་ཅན། །ཉིན་ཞིང་ཁྱོ་དགུ་སྐུགས་ན་སྦེད། །མཚན་མོ་དུར་ཁྲོད་ཁྱབ་པར་ཉུལ། །རྣལ་འབྱོར་མཐའ་དག་ཚོགས་ཁ་འགྲིམ། །རྣལ་འབྱོར་དམ་ཚིག་གཙང་མི་གཙང་། །མཆེད་ལྕམ་བརྩེ་གདུང་ཆེ་འམ་ཆུང་། །ལེག་ཉེས་ལྟང་འཛིན་དམ་ཚིག་རྗེས་གཅོད་མ། །ཉིད་ནི་སྐུ་མདོག་མཐིག་ནག་ལ། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །ཞལ་ནས་མི་ཁྲག་རྟ་ཁྲག་འཛག །མིག་ནས་ཁྲག་འཛག་ཟུ་ལུ་ལུ། །ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བསྐྱོད་པའི་ཚེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་གཅོད། །རྣལ་འབྱོར་ཆེན་མོ་ཨ་ལ་ལ། །དབང་ཕྱུག་ཆེན་མོ་ཨ་ལ་ལ། །ཁྱོད་ཀྱི་ལག་པ་གཡས་པ་ནས། །བདུད་ཀྱི་ཁྲམ་བམ་གནམ་ལ་འཕྱར། །སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །སང་ཕོད་དིང་སང་སུ་འཆི་བ། །དོ་ཅིག་དིང་སང་ཁྲམ་ལ་འདེབས། །ཁྱོད་ཀྱི་ལག་པ་གཡོན་པ་ན། །ཙན་གྱི་ཤོད་རྡེ་དཀར་ནག་འགྲེམས། །སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །སང་ཕོད་དིང་སང་སུ་འཆི་བ། །དོ་ཅིག་ཤོད་རྡེ་ནག་པོ་འགྲེམས། །ཁྱོད་ཀྱི་མཆན་ཁུག་གཡས་པ་ན། །བྱང་དམར་དཀྱུས་ཀྱི་བམ་པོ་སྦེད། །སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །སང་ཕོད་དིང་སང་སུ་འཆི་བ། །དོ་ཅིག་བྱ་དམར་དཀྱུས་ལ་འདེབས། །ཁྱོད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་པ་སྔོ་དམར་ལ། །སྦྲུལ་ནག་ལྔ་བརྒྱའི་ཁ་ཆིངས་ཅན། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །གསང་སྔགས་འབྲས་བུ་ཆོས་དོར་ཏེ། །གསང་སྔགས་བོན་དུ་ཁྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་དར་བའི་དུས། །དེ་ཚེ་སྲིད་པའི་མ་མོ་འཁྲུགས། །མ་མོ་འཁྲུགས་པའི་རྟགས་བསྟན་པ། །ཁྱོད་ཀྱི་ཁ་རླངས་སེར་པོ་ཡིས། །སྟོང་ཁམས་ཐམས་ཅད་འགེངས་བྱེད་ཅིང་། །བུད་མེད་སེར་མོས་སྟོང་གསུམ་འགེངས། །ཆེ་ཞེས་མཁྲིས་ཆེན་གཤའ་ཡ་གཏོང་། །ནམ་མཁའི་མཐོངས་ན་ཁྱོད་གནས་ན། །ནམ་མཁའ་དབྱིངས་ཀྱི་དཔལ་མོ་བཙན། །སེམས་ཅན་སྐྱེ་ཤིའི་ལམ་ཡང་སྟོན། །དེ་ཡང་བྱང་ཤར་རེ་མ་ཏི། །བར་སྣང་ཁམས་ལ་བཞུགས་པའི་ཚེ། །བྷ་ག་དྷི་ཏི་མཁའ་ལ་ཆར་འབེབས་མ། །འབྱུང་བ་ལྔ་ཡི་ཆ་སྙོམས་མ། །འཛམ་གླིང་འབྲས་བུ་བཅུད་ལེན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །རི་རབ་ཟོམས་ན་བཞུགས་པའི་ཚེ འབར་མ་མེ་ཁྱེར་གློག་འཕྲེང་འཛིན། །ལྷ་སྲིན་དགུ་བརྒྱའི་ལིངས་པ་མ། །དེ་ཡང་བྱང་ཤར་རེ་མ་ཏི། །རྒྱ་མཚོའི་གཏིང་ན་བཞུགས་པའི་ཚེ། །མེ་ཟ་ཆེན་མོ་བྲག་རྒྱན་མ། །བྱིས་པ་ཀུན་གྱི་ཚེ་འཛིན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །འབར་མ་བརྒྱད་ཀྱི་གཙོ་མོ་མཛད་པའི་ཚེ། །འབར་མ་ཉི་མའི་ཞགས་པ་ཅན། །ལྷག་ཕུད་ཉུལ་ཞིང་བསྒྲུབ་མཆོག་སྐྱོབ། །དེ་ཡང་བྱང་ཤར་རེ་མ་ཏི། །ཧཱུཾ༷་བྱེད་ཉི་ཤུ་རྩ་བརྒྱད་ཀྱི་ནང་ན་བཞུགས་པའི་ཚེ། །མི་སྲུན་གཡག་མགོ་ཐོད་རློན་འཆང་། །ཁ་ཆུ་ཉབ་ཅིང་བསྒྲུབ་མཆོག་སྐྱོང་། །དེ་ཡང་བྱང་ཤར་རེ་མ་ཏི། །མ་བརྒྱད་གཙོ་མོ་མཛད་པའི་ཚེ། །ཨེ་ཀ་ཛ་ཏི་རལ་གཅིག་མ། །རྣལ་འབྱོར་ཏིང་འཛིན་དྲོད་ཉུལ་མ། །གཙོ་གཟུངས་གཉིས་ཀྱི་ཚེ་འཛིན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །བསྟན་མ་བཅུ་གཉིས་ནང་ན་བཞུགས། །མ་བཙུན་ཨུག་ཆོས་དབྱར་མོ་བསིལ། །དེ་ཡང་བྱང་ཤར་རེ་མ་ཏི། ཆེ་ཞེ་ཆེན་མོའི་དུས་ལ་བབ། །བདུད་ཀྱི་ཡུལ་དུ་དམག་འདྲེན་ན། །ཆེ་ཞེ་ཆེན་མོ་དམ་ལ་འདུ། །དགྲ་བགེགས་ཡུལ་དུ་དམག་འདྲེན་ན། །ཆེ་ཞེ་ཆེན་མོ་དམ་ལ་དུ། །དགྲ་བོའི་ཡུལ་དུ་དམག་འདྲེན་ན། །ཆེ་ཞེ་ཆེན་མོ་དམ་ལ་འདུ། །དགྲ་བགེགས་མ་ལུས་རྡུལ་དུ་རློག །དུག་རི་ནག་པོའི་ལེའུ་ལས། །ལྗགས་ཀྱི་དུག་མདའི་སྒྲུབ་ཐབས་སོ། །ཁྲག་སྐམ་ཐོད་མདའ་འཕང་བ་དང་། །མཛེ་ནད་དུག་མདར་འཕང་བ་དག་། །མྱོ་འབོག་བརྒྱལ་ནད་གསད་པ་དང་། །བཱ་ར་ཡ་ནི་མྱུར་གསད་བཞིའོ། །དེ་ནི་རབ་ཏུ་བཤད་པར་བྱའོ། །བྲག་དམར་གནམ་དུ་སྙེག་འདྲར་ཕྱིན། །ས་ཡི་མཎྜལ་ཁྲག་བྱུགས་པར། །ཁྲག་འཐུང་མཆོད་པ་གཞུང་བཞིན་ཏེ། །ཁྲག་འཐུང་བསྒྲུབ་པ་ཚུལ་བཞིན་བྱ། །མ་མོའི་མཆོད་པ་བཤམས་ནས་ནི། །ཡབ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱིས། །སྲིད་པའི་དཀྱིལ་ནས་དྲང་པར་བྱའོ། །རྩ་མེད་ཐོད་ནི་ཁྲག་བྱུགས་ནས། །ཁྲག་སྣ་དུག་སྣ་ཅི་རྙེད་དང་། །འབྲུ་ཐོག་ཤིང་ཐོག་སྣ་ཚོགས་དང་། །སྣུག་མ་རྩོད་ཞུང་སྒ་གཡེར་སོགས། །དབྱི་སྤྱང་དོམ་དྲོད་ཤ་སྤགས་སོགས། །ཐམས་ཅད་དེ་རུ་བླུགས་པར་བྱའོ། །ཡབ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱིས། །གཙོ་འཁོར་བཅས་པའི་ཐུན་ཕབ་ནས། །བསྒྲུབས་ཏེ་བཙན་ལ་དེ་གནོད་བྱ། །ལེ་ལན་དགྲ་ལ་དབེབས་བསམ། །ཞག་གསུམ་བཟླས་པ་བར་མི་གཅད། །བསྟན་དབྱངས་སྙན་པས་བསྐུལ་བ་ནི། །ར་ཧུ་ལ་ཡི་རྒྱུ་དུས་སུ། །བཙན་གྱི་གནས་ནི་ངེས་པར་ནི། །གོང་དུ་བསྒྲུབས་པའི་དུག་རྫས་དང་། །རའི་སྨང་ཀར་ཐོད་ནང་བླུགས། །གཉིས་མེད་སྟོང་པའི་ངང་ལས་ཀྱང་། །བཅོམ་ལྡན་པདྨ་ཧེ་རུ་ཀ། །མེ་དཔུང་ཀློང་ན་ཀུན་ཏུ་ཞལ། །པདྨ་རྭ་གའི་དབུ་ལྔར་ལྡན། །དབུ་སྐྲ་རལ་པའི་གཙུག་རུམ་ན། །རྟ་མགོ་ལྗང་ཁུ་ཀུན་ཏུ་གཟིགས། །དབང་གི་རྟ་སྐད་རབ་ཏུ་སྒྲོགས། །བཅོ་ལྔའི་སྦྱན་བཟློག་སྨིན་མའི་ཁྲོ་གཉེར་བརྗིད། །སྙན་བཅུ་གསན་ཅིང་ཤངས་ལྔ་སྒྲ་ཆེན་འབྱིན། །ཞལ་ལྔ་རྔམ་ཞིང་བརྗིད་པའི་སྨ་ར་འཁྱུག །ལྗགས་ལྔ་འདྲིལ་ཞིང་དཀར་པའི་མཆེ་བ་གཙིགས། །བཅུ་དྲུག་ཕྱག་ན་མཛོན་ཆ་སྣ་ཚོགས་འཛིན། །ཞབས་བརྒྱད་ཟིལ་གནོན་སྟང་སྟབས་ཚུལ་དུ་བཞུགས། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པར་ལྡན། །ཨོ་ཤི་བཛྲ་པདྨ་ཌའ་ཀི་ནི་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། །བརྒྱ་འམ་སྟོང་གིས་དབང་དུ་བསྡུ། །མ་མོ་དབང་འདུས་བཙན་གཟིར་ཏེ། །ཐོག་འབེབས་སྔགས་བཟླས་རྫས་ཀྱང་བསྲེག །ཐལ་བ་སོལ་པ་ཁྲག་བསྲེས་ཁྱེར། །ཁང་ཁྱིམ་གཏོར་ན་ཐོག་ཀྱང་འབྱུང་། །དུག་རུ་ནག་པོའི་ལེའུ་ལས། །ཁྲག་སྐམ་ཐོད་མདར་འཕང་པའིསྒྲུབ་ཐབས་སོ། །མཛེ་ནད་དུག་མདར་འཕང་པའི་ཐབས མཛེ་བོའི་ཐོད་པར་ཐུན་ཡང་བླུགས། །གོང་དུ་ཐུན་བསྒྲུབ་ཞག་གསུམ་བྱ། །ཀླུ་ཡོད་ངེས་པའི་ཆུ་མིག་ཏུ། །གཟའ་བདུད་རྒྱ་བའི་དུས་སུ་ནི། །མཛེ་མོའི་ཐོད་པར་ཐུན་ཡང་བཙལ། །དུག་རྩ་འབྲུམ་བུ་ཐམས་ཅད་བླུགས། །དབང་ཆེན་ཏིང་འཛིན་རབ་ཞུག་སྟེ། །པདྨས་མ་བསྐུལ་ཀླུ་ལ་གནོད། །གོང་མའི་རྫས་བསྲེག་ཁྱད་པར་དུ། །ཀླུ་ལ་གནོད་པས་ཀླུ་གདུག་གིས། །གཟའ་པའི་སྙིང་དུ་རབ་ཞུགས་ཏེ། །སྙིང་ཁྲག་འཐུང་བས་ནད་གཏོང་བསམ། །གོང་མའི་ཐུན་གྱི་ལྷག་མ་དང་། །ཐལ་བསྲེས་ཁྱིམ་ལ་གཏོར་པའི་དུས། །ཐལ་པ་ཀླུ་གནོད་ཐུན་མ་མོ། །གནོད་པར་བསམས་ཏེ་གཏོར་པར་བྱའོ། །དུག་རི་ནག་པོའི་ལེའུ་ལས། །མཛེ་ནད་དུག་མདར་འཕང་པའི་སྒྲུབ་ཐབས་སོ། །སྨྱོ་འབོག་བརྒྱལ་ནད་གཏང་བའི་ཐབས། །ཞག་གསུམ་མ་མོས་རྭ་ཛ་ནི། །གཟིར་བའི་ཐུན་ནི་རབ་ཏུ་བསྒྲུབ། །རྒྱལ་པོ་ཡོད་པའི་རྟེན་ས་འམ། །ལྷ་ཁུང་ཁང་པ་སྟོང་པར་ནི། །གཟའ་བདུད་ཆེན་པོ་རྒྱུ་དུས་སུ། །སྨྱོ་འབོག་བརྒྱལ་ནད་ཤི་བ་ཡི། །ཐོད་པའི་ནང་དུ་ཐུན་ཡང་བླུགས། །དུག་ཤིང་མེ་ལ་བསྲེག་པའི་སྟེང་། །བྱི་ལིའི་སྙིང་ཡང་རབ་ཏུ་བསྲེགས། །དེ་དུས་བསམ་པའི་རིམ་པ་ནི། །དབང་ཆེན་མ་མོ་རྦད་པའི་ས། །དེས་ཀྱང་རྒྱལ་པོ་རབ་ཏུ་གཟེར། །རྫས་ཀྱིས་ཀྱང་ནི་དེ་བཞིན་ཏེ། །གཟིར་བས་དགྲ་ལ་སྨྱོ་འབོག་གིས། །རྒྱལ་པོ་རབ་ཏུ་གསོད་པར་བསམ། །བསྲེགས་པའི་སོལ་པ་ཐུན་ལྷག་མ། །རྒྱལ་པོ་མ་མོ་ཚོགས་དེ་ཡིས། །ཁང་ཁྱིམ་གཏོར་ན་ལས་བྱས་བསམ། །དུག་རི་ནག་པོའི་ལེའུ་ལས། །སྨྱོ་འབོག་བརྒྱལ་ནད་ཀྱིས་གསད་པའི་སྒྲུབ་ཐབས་སོ། །མྱུར་དུ་གསད་པའི་སྒྲུབ་ཐབས་ལ། །ཞག་གསུམ་མ་མོ་གནོད་སྤྱིན་མོ། །གཟིར་ཏེ་འདུས་པའི་ཐུན་ཡང་བསྒྲུབ། །དུར་ཁྲོད་ཁང་པ་སྟོང་པའི་སར། །ཁྱབ་འཇུག་ཆེན་པོ་རྒྱུ་དུས་སུ། །གྲི་མོའི་ཐོད་པར་ཐུན་ཡང་བླུགས། །དེ་ཉིད་ལག་གཡས་མཐིལ་དུ་ནི། །མིང་རུས་བྲིས་པའང་དེ་བཞིན་གཞུག །དེ་ལ་མེ་ཡིས་གཏང་ནས་ཀྱང་། །རྣལ་འབྱོར་བསམ་པའི་རིམ་པ་ནི། །པདྨས་མ་བསྐུལ་གནོད་སྦྱིན་བཀུག །ནད་ཀྱི་རྫས་ཀྱིས་གནོད་སྤྱིན་བསྐུལ། །གནོད་སྦྱིན་མོས་ཀྱང་མྱུར་གསོད་བསྒོམ། །བསྲེགས་པའི་ཐལ་བ་ཐུན་ལྷག་ལ། །གནོད་སྦྱིན་མ་མོའི་ཚོགས་བཅས་ཀྱིས། ཁྲ་ག་་མྱུར་དུ་གསོད་པར་བསྒོམ། །ཁང་ཁྱིམ་གཏོར་ལ་བརླག་པར་བྱའོ། །དེ་རྣམས་གང་ཟག་རིམ་པས་ནི། །དང་པོས་འགྲུབ་དང་གཉིས་པ་དང་། །གསུམ་པ་བཞི་པས་གང་འགྲུབ་པ། །ལྟས་དང་སྦྱར་ཏེ་ལས་ཀྱང་བྱའོ། །གསུམ་གསུམ་བར་འདྲེས་ཐུན་བསྒྲུབ་བྱའོ། །སྟོང་རྩ་བརྒྱད་ཀྱིས་སོ་སོར་ནི། །ནམ་གྱི་གུང་ལ་བསྲེག་པར་བྱའོ། །ཁམ་ཁྱིམ་དྲག་སྔགས་བདུན་པས་གཏོར། །དབྱངས་ནི་སྙན་པས་བླངས་པ་ཡིས། །ཞག་གསུམ་སྟོང་སྟོག་རབ་བསྐུལ་བ། །བདག་དཔལ་བརྗོད་པར་བྱ་བ་ནི། །ཉི་མ་སྟོང་ཁམས་ཁྱབ་པའི་དཀྱིལ་འཁོར་ནས། །མ་མོ་བལ་ནད་གཏོང་ཞིང་བཙན་ཡང་ཐུལ། །རྡོ་རྗེ་བྲག་ཆེན་གདམས་པའི་དཀྱིལ་འཁོར་ནས། །མ་མོ་ཁྲག་ཟོར་གཏོང་ཞིང་དགྲ་ལ་སྨྱོ། །རཀྟ་རྦ་གློང་འཁྱིལ་པའི་དཀྱིལ་འཁོར་ནས། །མ་མོ་ཁྲག་ནད་གཏོང་ཞིང་བཙན་ལ་བསྐུལ། །ས་གཞི་གདན་དུ་བཏིངས་པའི་དཀྱིལ་འཁོར་ནས། །མ་མོ་ཁྲག་ནད་གཏོང་ཞིང་བཙན་ཡང་རྦོད། །རླུད་ནག་འ་་མར་འཁྱིལ་བའི་ཀློང་ནད་ཤེད་ནས། །སྲིན་མོ་དབུགས་འཕྲོག་ལེན་ཅིང་བཙན་ཁ་བསྒྱུར། །རྒྱ་མཚོ་གདན་དུ་བཞག་པའི་དཀྱིལ་ཤེད་ནས། །སྲིན་མོ་མྱོས་ནད་གཏོང་ཞིང་བཙན་ཡང་བསྐུལ། །དུར་ཁྲོད་ཀེང་རུས་གཏམས་པའི་དཀྱིལ་འཁོར་ནས། །སྲིན་མོ་ཡམས་ནད་གཏོང་ཞིག་བཙན་ཡང་བསྐུལ། །མེ་དཔུང་གདན་དུ་བཏིངས་པའི་དཀྱིལ་འཁོར་ནས། །ཡམས་ནད་མེ་ལྟར་མཆེད་ཏིང་བཙན་ཁ་བསྒྱུར། །བལ་ནད་ཆུ་ལྟར་འཁྲུག་པ་དགྲ་བོའི་ཡུལ་དུ་སྨྱོ། །བལ་ནད་ཆར་ལྟོར་ཕོག་ལ་དགྲ་བོའི་ཡུལ་དུ་སྨྱོ། །བལ་ནད་རླུད་ལྟར་འ་ས་ལ་ངགྲ་བོའི་དབུགས་ལ་སྨྱོ། །བབ་ལ་ནག་སྤྲིན་ལྟར་གཏིབས་ལ་དགྲ་བོའི་ཀླད་ལ་སྦྱོ། །སོལ་བའི་ཐུན་ཡང་བཅས་པ་སྟེ། །བླངས་ཏེ་ལྷ་མོའི་སྐུར་གནས་ནས། །ཚིག་དང་དབྱངས་ཀྱིས་འདི་སྐད་བརྗོད། །མིག་རྩ་གནམ་དུ་བལྟས་ནས་ཀྱང་། །ཧཱུཾ༷། ང་ནི་སྲིད་པའི་རྒྱལ་མོ་སྟེ། །ལས་བྱེད་ཐམས་ཅད་དམ་ལ་འདུས། །འཇིག་རྟེན་བཙན་རྣམས་དམ་ལ་འདུས། །ང་ཡི་བཀའ་ལས་ཁྱོད་མ་འདའ། །ང་ཡི་བཀའ་ལས་ཁྱོད་འདས་ན། །དམན་མོ་བཞིན་དུ་ཞབས་ཀྱིས་གནོན། །དམ་ཉམས་བཞིན་དུ་ཟས་སུ་ཟ། །འགོང་པོ་བཞིན་དུ་རྡུལ་དུ་རློག །ང་ཡི་བཀའ་ལས་མ་འདས་ན། །གྲོགས་པོའི་ཚུལ་གྱིས་མཛའ་བར་བྱའོ། །བུའི་ཚུལ་དུ་གདུང་བར་བྱའོ། །དེ་བས་ང་ཡི་བཀའ་ཉོན་ལ། །སེམས་ཅན་ལས་ངན་སྡིག་ཅན་འདི། །ཐོག་མ་མེད་ནས་ཁྱོད་ཀྱིས་བསྐལ། །རྣམ་ཤེས་ཕྲོགས་ལ་མྱུར་དུ་སྒྲོལ། །ཞེས་བརྗོད་དོ། །རྫས་རྣམས་དགྲ་བོའི་ཕྱོགས་སུ་གཏོར། །མཆོད་པ་རྣམ་གཉིས་བསྲེགས་ནས་ཀྱང་། །དཔལ་དང་མོ་ལ་གཏོར་མ་སྦྱིན། །མཚན་མ་རྟགས་ནི་བྱུང་གྱུར་ན། །གཏང་རག་རབ་འབྲིང་ཐ་མ་གསུམ། །བམ་དང་སྲོག་དང་གཏོར་མས་གཏང་། །དེ་ཡང་ལྟ་བའི་ཏིང་འཛིན་གྱིས། །བྱེ་བྲག་རིམསབཞིནཤེསཔརབྱ། །དུག་རི་ནག་པོའི་ལེའུ་ལས། །ངན་ཐབས་བཞི་ཡི་སྒྲུབ་ཐབས་སོ། །དྲག་སྔགས་བདུན་པ་འདི་དག་ནི། །གང་བྱེད་འཇུག་ལ་གཏོར་མའི་ནང་། །ལིང་ག་སྨུག་ནག་བྲིས་པ་ལ། །དཔྲལ་པར་རུས་པ་སྙིང་ཁར་མིང་། །མ་ཡིས་གཟིར་པ་བྲི་པར་བྱ། །རྐང་གཉིས་འགུགས་པའི་ས་བོན་ཏེ། །ལག་པ་གཉིས་ལ་བཅིངས་པའོ། ་་ས་ཀར་སྨེ་ཁྲག་གསུམ་བྱུགས་པས། །སྲིད་པའི་རྒྱལ་མོ་འཁོར་བཅས་ཀྱིས། །ནད་དག་མཚོན་གྱི་ཆར་ཕབ་འཕང་། །བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །ཚིག་དུ་མི་སྨྲ་གཞན་མི་བསམ། །སྲིད་པའི་རྒྱལ་མོའི་དྲག་སྔགས་ཀྱིས། །སྦྱོར་བ་ལྡན་པས་བཏབ་གྱུར་ན། ། ལྷ་ཡང་རུང་སྟེ་རླག་པར་འགྱུར། །དུག་རི་ནག་པོའི་ལེའུ་ལས། །དྲག་སྔགས་བདུན་པའི་སྦྱོར་པའོ། །སྣའི་སྦྱོར་བ་འདི་དག་ནི། །ལྷ་མོ་ལས་ཀྱི་འཇུག་པའོ། ། ས་ཡི་མཎྜལ་ཁྲུ་དོ་ལ། །ཟླུམ་པོ་ཁྲག་གིས་བསྒྱུར་བར་བྱུག །ཁམ་ཕོར་ཟུར་གསུམ་ནང་དུ་ནི། །སྙིང་ཁྲག་མེ་ལོང་གང་བླུགས་ཏེ། །ཆུ་དང་མ་འདྲེས་དྭ་ངས་མའི་ཁྲག །རྣམ་པ་སྣ་ཚོགས་བླུགས་པར་བྱའོ། །སྙིང་སྣ་སྟོང་ངམ་ཡང་ན་བརྒྱ། །ཉི་ཤུ་རྩ་གཅིག་པར་དུ་བླུགས། །སྨན་སྣ་སྟོང་ངམ་ཡང་ན་ནི། །བདུན་གསུམ་མྱོས་བྱེད་བསྲེས་ཏེ་བླུགས། །དེ་འགྲམ་དྲ་ཕྱིང་གཙང་མའི་སྟེང་། །ར་སྙིང་བསམ་པའི་དུམ་བུ་ནི། ཁྲ་ཏྲུ་མ་མོའི་གཟུགས་མིང་ནི། །གཡས་གཡོན་ལག་སྤྲད་ལག་མཐིལ་དུ། །པ་དང་མ་བྲིས་སྦྲེལ་ལ་དྲིལ། །ཡབ་ཡུམ་གསལ་པའི་ཏིང་འཛིན་གྱིས། །སྲིད་པའི་དཀྱིལ་ནས་དྲངས་ནས་མཆོད། །རྦད་དང་བསྐུལ་བས་ལིང་ཁར་བསྟིམ། །ཐིམ་པའི་མ་མོས་བཟླས་པ་ནི། ་་ས་ཀར་གཟུགས་བརྙན་དག་ལ་བརྡེག །བསྟིམ་པའི་ཤ་ཏྲུ་མ་ལ་སྨྲས། ་་ས་ཀར་ལིང་ག་དག་ལའོ། །དྲིལ་ཏེ་ཉུངས་ཀར་ལ་བཟླས་ཏེ། །སྦྱོར་དུས་ཡབ་ཀྱིས་རྦད་པར་བྱའོ། །དེ་ནས་དྲིལ་ཏི་སྙིང་ཁར་གཞུག །སྔགས་བཟླས་ཐ་དད་སྙིང་ཟ་བསྒོམ། །གཏོར་མ་དབུས་སུ་གཞག་པར་བྱའོ། །གཏོར་མ་ཤ་ཧྲུར་གྱུར་པ་ཡིས། །བདུད་མོ་ཟས་སུ་སྦྱིན་པར་བྱའོ། །དུར་ཁྲོད་རྣམས་སམ་ཆུ་གཞུང་བསྐྱལ། །དུག་རི་ནག་པོའི་ལེའུ་ལས། །སྣའི་ཆོ་གའོ། ཁེན་ཏུ་དབེན་པའི་གནས་སུ་ནི། །མ་མོའི་གྲུབ་པ་ཐོབ་པ་དེས། །བསྒྲུབས་ནས་གསོད་པ་བྱེད་དུས་སུ། །དགྲ་བོའི་ཕོ་ཉ་དཔྲལ་བའི་ཐབས། །སྣོད་ནག་ནང་དུ་གཟུགས་ཤོག་བཅུ། །ཁྱི་ཡི་སྒོ་ནས་འབྱུང་བའི་མེ། །བཏང་སྟེ་དུད་པས་བདུག་པར་བྱ། །གོན་པའི་འབོབ་དང་སྨང་ཀར་བརྡབ། །བདག་པོ་བྲལ་བའི་ཞབས་མས་ཀྱང་། །བཏབ་ཅིང་གུ་གུལ་ཚིལ་ཆེན་གྱི། །དུད་པས་བདུག་ཅིང་སྔགས་བཟླས་པས། །སྙིང་ཞུགས་མངན་དུ་སྨྲ་བ་དང་། །ལྷ་ལ་སྤྱོད་ངན་བྱེད་པར་བསྒོམ། །བྱ་རོག་འུག་པའི་དང་རུ་ལ། །ལྷ་དང་མི་ཡི་གཟུགས་བྲིས་ཏེ། །བཏགས་ལ་བ་རླུད་འཐབ་ཏུ་གཞུག །དབྱེ་བའི་སྔགས་ནི་སྟོང་དུ་བཟླས། །སྔགས་ཚན་ཀུན་ཡང་བརྡེག་པར་བྱའོ། །གུ་གུལ་དུད་པ་ཚིལ་ཆེན་གྱི། །དུད་པས་བདུག་ཅིང་ཕྱེ་བས་ནི། །ཕོ་རོག་འུག་ལ་ཤོན་ནས་སྙིང་། ཞུགས་ཏེ་འཐབ་པར་མ་མོས་བྱེད། །དམིགས་ཏེ་བཟླས་ན་ལུས་སེམས་བདེ། །དུག་རི་ནག་པོའི་ལེའུ་ལས། །ཉི་འབྱེད་ཀྱི་ཆོ་གའོ། །དུར་ཁྲོད་གནས་སམ་ཁང་སྟོང་དུ། །ཁྲག་གི་མཎྜལ་གྲུ་སྟེ་གསུམ་སྟེ། །མཆོད་པའི་གཏོར་མ་ཚུལ་བཞིན་བཤམ། །འབྲུབ་ཁུང་གྲུ་གསུམ་ལྷོ་ཕྱོགས་རྩེ། །བསྟན་དེ་གཞན་གྱི་རྗེས་སུ་ནི། །ཡབ་ཡུམ་གསལ་བའི་ཏིང་འཛིན་གྱིས། །སྙིང་ནས་དྲང་སྟེ་དགེས་པར་མཆོད། །ཐིམ་ཡབ་ཡུམ་གྱུར་པ་དང་། །ཡབ་ཡུམ་ཁྱུང་གཤོག་མགོ་ལ་སྡུད། །ཕུར་ནག་ཅིག་ཆོད་ཕུར་ཟོར་ནི། །ལྕགས་ཕུར་སོར་ནི་བཅུ་གཉིས་ལ། །མགོ་བོ་རྒྱུ་མདུད་བྲུམ་གཞལ་ཡས། །ནང་དུ་རྡོ་རྗེ་གཞོན་ནུ་ནི། །ཡམ་ཡུམ་བཅས་པ་དམིགས་པར་བྱ། །མགུལ་པ་མན་ཆད་ཁྲོ་མོ་ནི། །རི་ཏྲི་ལག་གཡས་ཉུངས་ཀར་གྱི། །ཟོར་འཕེན་གཡོན་ནས་ཕུན་པས་འཕེན། །སྨད་ནི་ཕུར་པ་ཟུར་གསུམ་པ། །དམར་ལ་འཚེར་པའི་ངོས་གསུམ་དུ། །སྔགས་གསུམ་སོ་སོར་མཚན་པར་བསྒོམ། །གནོད་སྤྱིན་ཕོ་མོ་བོས་ནས་ཀྱང་། ཁུ་གསུམ་ཤ་ཆུཁེ་ལིང་ག་ལ། །སྟོང་གི་བར་དུ་བརྡེག་པར་དམིགས། །གཙོ་མོ་གནོད་སྤྱིན་འཁོར་བཅས་ཀྱིས། །ཕུར་ཟོར་འཕེན་དམིགས་བྱེ་བ་འབུམ། །དྲག་སྔགས་བདུན་པས་དེ་རྗེས་སུ། །གཏོར་མས་མཆོད་དེ་འཕང་བར་བྱ། །ཕུར་ནག་ཅིག་ཆོད་འིད་ལྟ་བུ། །ཐེ་ཙོམ་མེད་པར་འཇུག་བྱས་ན། །ལྷ་བྲིན་སྡེ་བརྒྱད་སྒྲོལ་བར་ནུས། དུ་རི་ནག་པོའི་ལེའུ་ལས། ཁུར་ནག་ཅིག་ཆོད་ཀྱི་སྒྲུབ་ཐབས་སོ། །དབང་ཕྱུག་ཆེན་པོའི་ལིང་ག་འམ། །ལྷ་ཁང་ཤིག་གཅིག་དྲུང་དུ་བསྒྲུབ། །ར་རོག་གཡང་གཞི་བརྐྱང་ནས་ཀྱང་། །ནང་ཁྲོལ་རྣམ་ལྔའི་གཏོར་མའི་སྟེང་། །ར་མགོ་གདེངས་པར་ར་སྙིང་གཞུག །མཆོད་ཡོན་གོང་མ་བཞིན་དུ་བཤམ། །ཡབ་ཉིད་རྡོ་རྗེ་གཤོན་ནུར་གསལ། །སྲོག་གི་བདག་མོའི་སྙིང་ནས་དྲང་། །རག་ཤ་ལས་ནི་མངོན་དུ་སྟེ། །གཏོར་མ་བྱིན་ལ་བརྡེགས་པ་ནི། །སྙིང་ནས་ཡོན་གོང་མ་བཞིན་དུ་བཤམ། །ཡབ་ཉིད་རྡོ་རྗེ་གཤོན་ནུར་གསལ། །སྲོག་གི་བདག་མོའི་སྙིང་ནས་དྲང་། །རག་ཤ་ལས་ནི་མངོན་དུ་སྟེ། །གཏོར་མ་བྱིན་ལ་བརྡེགས་པ་ནི། །སྙིང་ནས་ལིང་ཀར་བཅས་པ་ལ། །ཉུངས་ཀར་མདའ་ལ་ཁྲག་གིས་སྒྲོན། །དུག་གི་མདེའུ་གཅུག་ནས་ཀྱང་། །མཚོན་མདའ་ནད་སྒྲོ་མདེའུ་ནི། །སྲིད་པའི་མ་ཚོགས་འཕེན་དམིགས་ཏེ། །སྙིང་ཐུན་སྔགས་ནི་ཁྲི་རུ་བཟླས། །སྙིང་ནས་ལིང་ག་གཏོར་བཅས་པ། །མ་ལ་མཆོད་དེ་དེར་རྗེས་སུ། །དགྲ་ཡི་དུར་དུ་ཐུན་དམིགས་གནན། །ར་མགོ་ལམ་ནི་རྒྱ་གྲམ་མམ། །རེ་རུལ་འདྲེ་ཅན་ནང་དུ་ནི། །གནན་པའི་མན་ངག་གིས་ཀྱང་མནན། །ལྔ་ཡི་སྐབས་སུ་ཤེས་པར་བྱ། །དེ་དག་སྐབས་སུ་བསྟེན་གླུ་བསྐུལ། །ཧཱུཾ༷། སྲིད་པ་གསུམ་གྱི་རྩེ་མོ་ན། །འཁོར་ལོའི་བདགམོདྲེཞོན མ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་བོ་དགུ་ལ་བཅོ་བརྒྱད་མིག །བཅོ་བརྒྱད་མིག་ནི་སྐར་ཆེན་འདྲ། །འཇའ་ཚོན་ལུས་ལ་ནང་རླགས་འབྱུང་། །འཇུག་མ་སྤྱིན་ནག་ཕྱོགས་བཅུར་གཡོབ། །སོ་ནི་རལ་གྲི་སྤུ་གྲི་གཏམས། །སྐད་ནི་མི་སྙན་ཆོ་ང་བརྡུང་། །དྲེའུ་མགོ་མ་ལ་ཚུག་རིངས་སྒྲ། །ལག་ན་འཁོར་ལོ་དམར་པོ་བསྐོར། །མཚན་ཅིག་གནས་ནས་གསོད་པའི་ཚེ། །དགྲ་བོ་ཀུན་ལ་སྙིང་ཐུན་འབེབས། །ནམ་གྱི་གུང་ལ་ནག་མོ་རྒྱུག །དེ་ཡི་བཀའ་ཉན་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་མོ་སོགས་པོ་གདོང་། །མཇུག་རིངས་མ་ལ་ལྕེ་འབར་མ། །གློག་མ་སྤྲིན་གྱིས་སྣ་འདྲེན་མ། །དགྲ་བོ་དམ་ཉམས་སྙིང་ལ་ཛ། །རི་རབ་གུང་གི་ཡང་རྩེ་ན། །ནག་མོ་ཆེན་མོ་གཡག་མགོ་མ། ཁུན་ཆེན་རློན་པའི་གོས་གོན་མ། ཁུན་ཆེན་ཞབས་མ་ཞ་ལ་ལ། །མི་རོ་རྒྱུས་པའི་གཡབ་འདོར་མ། །ལྕགས་ཀྱི་བྱ་རོག་ཤོན་ཅིང་རྒྱུག །དམ་ལས་འདས་ན་ལོང་ལ་ཤོག ཁེན་ཆེན་དྲུང་གཅིག་རྩ་ན་མོ། །ནག་མོགོ་མོ་ཕག་མགོ་མ། །སྡོང་ནག་ཤིང་ཤུན་ཕྲུལ་ལུ་ལུ། །ལག་ན་འུག་པ་སྲིན་བྱ་ཐོགས། །ཆིབས་སུ་སྲིན་ཤིང་ཁུ་མོ་ཆིབས། །དུས་ལ་བབ་བོ་ས་མ་ཡ། །འཇའ་ཚོན་འབར་པའི་སྒེག་ཡུལ་ན། །མཛེས་པའི་མ་མོ་འོད་གསལ་མ། འཇའ་ཚོན་མཛེས་པའི་ཐུལ་པ་ལ། །ཉི་མ་ཟླ་བའི་རྒྱན་གྱིས་བརྒྱན། །རུས་སྦལ་ནག་པོ་ཆུ་སྲིན་མཆུ། །སྟག་གི་ཤམ་ཐབས་སྐུ་བརྒྱན་ཅིང་། །སྟག་གི་སྡེར་མོ་ཕྲུལ་ལུ་ལུ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ལྕགས་རི་འབར་བའི་རྩེ་མོ་ནས། །ལྕགས་ཀྱི་བུད་མེད་རྔ་མོ་གདོང་། །ལག་ན་ལྕགས་ཀྱི་ཕུར་པ་འདྲིལ། །ལྕགས་ཀྱི་འབྲོང་ཆེན་འགྱིང་བ་ཆིབས། །འཁོར་ནི་མོན་པ་བརྒྱ་ཡིས་བསྐོར། །སྡང་བར་བྱེད་པའི་དབུགས་ལ་རྔུབས། །དུས་ལ་བབ་བོ་རྟགས་ཕྱུང་ཞིག །བྲག་ཕུག་དགོན་པའི་གཏིང་རུམ་ནས། །ནག་མོ་ཆེན་མོ་ཕ་ཝང་གཟུགས། །སྲིན་ལག་རློན་པའི་གཉའ་ཟ་སྐོར། །སྐད་ནི་མི་མཐུན་འབྲི་སྐད་ངུར། །ལྕགས་ཀྱི་གྲོག་མོ་གཡག་ཙམ་ཞོན། །ལག་ན་སྦལ་པའི་འཕྲེང་བ་བགྲང་། །ནག་མོ་ཀུན་གྱི་ལམ་མཁན་མ། །བྲག་ཕུག་འདྲེ་ཅན་ཀུན་གྱི་བདག །ཁྱོད་ཀྱི་ཐུགས་དམ་དུས་འབབ། །གཅན་འཕྲེང་མི་རོའི་དུར་ཁྲོད་ནས། །ལྟག་ཚར་གོན་པའི་གཡག་ཞུ་ཅན། །ལག་ན་ལྕགས་ཀྱི་སྐྲུ་གྲི་ཐོགས། །རྐང་པ་སྦལ་སྡེར་ཤ་ར་ར། །ལུས་ལ་མི་ལྤགས་རློན་པ་གོན། །ཕང་ན་ཁྲག་གི་ཤུ་ཕྲུ་ཐོགས། །དུར་ཁྲོད་རྒྱལ་མོ་ནད་གརྟང་མ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྲིན་ཕྲག་རྒལ་གྱི་ཚང་སྲིན་མོ། །ལུས་ལ་གཟིག་དང་ཆུ་སྲིན་གསོལ། །སྟག་གི་རྨོག་ཞུ་རལ་པ་ཅན། །ལག་ན་དུག་གི་རྐྱལ་ཐོགས་མ། ཁུ་ནི་གཡའ་རིའི་རྩེནས་འདྲིམ། །གསོད་ན་པན་དེ་དམ་ཉམས་གསོད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དེ་ཡི་ཕོ་ཉ་མངག་གཞུག་ནི། །ནག་མོ་མགོ་གསུམ་མོན་གྱི་གདོང་། །རལ་པ་ཁམ་ནག་དྲེད་ཀྱི་མིག །བྱི་རུའི་མཆེ་བ་འདར་ཅིང་རྒྱུད། །ཕྱག་ན་གསེར་གྱི་ཟངས་གྲི་བསྣམས། །ལམ་ཆེན་རྒྱ་གྲམ་སྲང་ན་རྒུགས། །གང་དུ་རྒྱུ་བའི་སྲོག་ལ་ཆོད། །དམ་ཉམས་འདི་ཡི་སྲོག་ཆོད་ཅིག། །ཅེས་བྱ་བ་གསུངས་པ་ནི། །དཔལ་ལྷ་མོའི་སྔགས་ཀྱིས་སྒྲུབ་ཐབས་སོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །དུ་རི་ནག་པོའི་མན་ངག་གི་ལེའུ་སྟེ་བཅུ་དགུ་པའོ། །།ནག་མོ་སྲོག་གི་གཅོད་པའོ། །གསེར་གྱི་ཡང་ལེའུ་བཤད་པར་བྱ། །དབེན་ལ་གཉན་པའི་གནས་སུ་ནི། །ས་ཡི་མཎྜལ་གྲུ་བཞི་ཉིད། །ཁྲག་གིས་ཞེན་པར་བྱུག་པར་བྱ། །རིན་ཆེན་གསེར་དངུལ་ཟངས་ལྕགས་ལས། །བྱས་པའི་སྣོད་ནི་དབུས་སུ་གཞག །དོམ་ནག་ཕག་ནད་ཁྱི་ནག་གི། །སྙིང་ཁྲག་སྦྱར་པའི་གཏོར་མ་བཤམ། །ཕྱར་བ་ནག་པོ་ཐོད་ནག་པོ། །གོན་ཅིང་བཅིངས་ཏེ་དེ་ནས་ནི། །རྟ་སོགས་ལྷ་མོའི་གཟུགས་བྲིས་གཡས། །ཁྱི་ནག་སོགས་པ་ཤ་ཏྲུ་ཡི། །གཟུགས་བྲིས་གཡོན་དུ་ཐོགས་ནས་ནི། །མཁའ་དཀྱིལ་ཡག་ཤ་ཧེ་རུ་ཀ། །ཆུ་སྲིན་ནག་པོའི་མདོག་འདྲར་དམིགས། །སྲོག་གི་དཀྱིལ་ནས་དྲངས་ནས་ནི། །བདུད་ཀྱི་དུས་དང་གཟའ་ཡི་དུས། །དེ་དུས་གཟུགས་ལ་ལྷ་མོ་བསྟིམ། །ལྷ་མོ་རྦད་པས་ཤ་ཧྲུ་ཉིད། །གཟུགས་ལ་བསྟིམ་སྟེ་གཏོར་མའི་སྟེང་། །གན་རྐྱལ་ལྷ་མོས་མནན་པར་བྱ། ་་ས་ཀར་དྲག་སྔགས་དེ་ལ་བརྡེག །ཐུན་དགུབརྒྱཕྲགགཅིགཏུསྟེ། །བསྐུལ་ནས་ལས་བྱེད་ལས་ལ་དམིགས། །དེ་དུས་དྲག་ཏུ་བསྐུལ་ནས་ནི། །ཞེ་སྡང་གཡོས་པས་བསྐུལ་ནས་འཐབ། ཁྲ་ཏྲུ་དྲུལ་དུ་གཏང་དམིགས་ཏེ། །སྲོག་པ་གཡས་གཡོན་བརྡབ་པར་བྱའོ། །དེ་ལ་སྟོང་ཕྲག་གཅིག་ཏུ་བཟླས། །དྲུག་འབུམ་ལྔ་འབུམ་བཞི་འབུམ་དང་། །སུམ་འབུམ་ཉིས་འབུམ་གསད་བྱས་ལྔའི། །དབང་དུ་བྱས་ཏེ་གསད་པར་བྱའོ། །གཏོར་མ་མོ་ལ་མཆོད་བྱས་ནས། ། དྲག་སྔ་གསཐུན་དུ་དེ་ཉིད་བསྒྲུབ། །བསྒྲུབ་པའི་མ་མོ་དུར་ཁྲོད་དམ། །ཁང་རྨང་རྒྱུ་བའི་སྲང་དུ་གནན། །གཟུགས་གཉིས་རྐང་གཉིས་བསྣོལ་མར་བསྐོར། །ཆུ་དང་གཡང་དང་རེ་རུལ་དང་། །ལམ་ཆེན་རྒྱ་གྲམ་སྐུ་སྦས་ན། །ཆུ་དང་གཡང་གྲིར་འཆི་བ་དང་། །མི་མངས་དཀྱིལ་དུ་སྲོག་འཆད་དང་། །སྐྱེ་བུ་འཁྲུག་པའི་མཚོན་གྲིར་འཆི། །གསེར་གྱི་ཡང་ལེའུ་ལས། །ནག་མོ་སྲོག་གཅོད་ཀྱི་སྦྱོར་པའོ། །གསེར་གྱི་ཡང་ལེའུ་ཡང་གསད་པའི་མཆོག །ད་ནི་གསད་པ་བཤད་པར་བྱའོ། །ཡན་ལག་མེད་པའི་ཐོད་ནང་དུ། །མི་ཁྱི་ར་ཡི་ཁུ་བ་དང་། །འབབ་ཆུ་སེར་བ་ཆུ་མིག་ཆུ། སྙིང་སྣ་དུག་སྣ་ཚོགས་པར་བླུགས། །ཡབ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱིས། །སྲོག་གི་དཀྱིལ་ནས་དྲངས་ནས་སུ། །ཞག་གཉིས་པ་ལ་སྦྱོར་བ་ནི། །ནད་བདག་ཉིད་ཀྱི་སྔགས་བརྗོད་པས། །མ་མོ་ཕྱུང་ནས་མ་མོ་ལ ཐིམ་པས་མ་ཚོགས་ཐུན་དུ་བསྒྲུབ། ་་ས་ཀར་ཉུངས་ནག་ཙིསྟ་ལ། །དགུ་ཁྲི་དགུ་འབུམ་བཟླས་ནས་ཀྱང་། །འཕང་དང་གསད་པའི་ལས་བྱའོ། །དེ་དུས་དབྱངས་ཀྱིས་རྒྱུད་ལས། །ནག་མོ་སྲོག་གཅོད་གསེར་གྱི་ཡང་ལེའུ་སྟེ་ཉི་ཤུ་པའོ།། །།དུར་ཁྲོད་ཤིང་རྐང་གཅིག་པ་སྲ །ཅི་བསྒྲུབས་སྦྱོར་ལ་ཕོད་པ་དེས། །གྲུ་གསུམ་ངོས་རེར་གཅལ་ཚད་ནི། །ཉི་ཤུ་ཉིད་ལྟེ་དེ་ཕྱེད་ལྡན། །སོལ་ནག་སོལ་ཆེན་བསྲེས་བས་བྱུག །བཅུ་ཚད་ལྡན་ལ་གཟུགས་བྱས་ཏེ། །དྲི་ཤུན་མིག་རུས་བཅས་པ་གཞུག །སྦྱོར་བའི་སྣོད་ནི་ཆེན་པོར་ནི། ཁྲ་སྣ་ཁྲག་སྣ་འཚོགས་པར་ནི། །གཏོར་མའི་ཆ་རྐྱེན་ལྡན་པར་བྱ། །ལུག་ནག་བྱ་ནག་སྒོ་ཁྱི་ཡང་། །ནག་པོ་གསུམ་སྐྱེར་སྙིང་བཏགས་པ། །ལྷ་མོ་བདུད་མོ་བདུད་ཕྲུག་གི། །ཙིསྟ་ཨུ་པ་དག་ཡིན་ནོ། །གཏོར་མ་མཆོད་ཡོན་སྦྱར་བ་ནི། །མཆོད་པའི་རྫས་སུ་བཤམ་པར་བྱ། །ཡམ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱིས། །སྲིད་པའི་བདག་མོ་སྲིང་ནས་དྲངས་། །མཆོད་རྫས་མཆོད་དེ་དེ་ནས་ནི། །བདུན་གཉིས་ཉིན་སོང་ནུབ་མོ་ལ། །སྦྱར་བའི་སྣོད་ནང་ཤ་ཁྲག་སྙིང་། །འཚོགས་པ་ཤུལ་མེད་སྣོད་ནང་བླུགས། །དུག་སྣ་སྟོང་ཡང་དེ་རུ་བླུགས། ཁྲེང་ལོ་ལིང་ཁ་ཕྱེ་བ་གཞུག །བདག་པོས་བདག་མོ་བསྐུལ་ནས་ཀྱང་། །སྲོད་ལ་ངན་སྔགས་བརྒྱབ་པས་ནི། །ཁ་སྣ་ལ་སོགས་མཚོན་ཚོགས་ཀྱིས། །རྡུལ་དུ་ཉག་དམིགས་ཉུངས་ཀར་དམིགས། ཁུལ་མེད་སྣོད་དུ་ལིང་ག་ལའོ། །ལུག་ནག་བསྟབ་པར་རབ་བྱས་ཏེ། །འོ་དོད་བོས་ནས་ལས་བྱེད་དོ། །ནམ་གུང་བྱ་ནག་བསྟབ་བྱ་སྟེ། །བདུད་མོའི་ངན་སྔགས་རབ་བཟླས་བསྐུལ་བ་ནི། ཧཱུཾ༷། །ང་ནི་སྲིད་པའི་རྒྱལ་མོ་སྟེ། །མ་མོ་ཐམས་ཅད་ང་ཡི་བྲན། །གནོད་སྦྱིན་ཐམས་ཅད་ང་ཡི་གཡོག །གཤིན་རྗེ་ནག་པོ་ང་ཡི་བུ། །ནག་པོ་བཀྲག་མེད་པ་ཡི་བྲན། །ཁམས་གསུམ་ཤ་རུས་ང་ཡི་ཟས། །སྲིད་གསུམ་ཁྲག་ནི་ང་ཡི་བསྐོམ། །ཤིན་ཏུ་གདུག་སེམས་ལྡན་པའི་མ། །ཁྲོ་ཚུལ་ཞེ་སྡང་འབར་པའི་ཁྲོ། །ལྔ་ཕུང་རྩད་ནས་གཅད་པའི་ཕྱིར། །ཕུང་པོ་ལྔ་ལ་ཐུན་ཕོ་ཅིག །རྣམ་ཤེས་བརྒྱད་ལ་ཐུན་ཕོབ་ཅིག །ང་རྒྱལ་སྙིག་ལ་ཐུན་ཕོབ་ཅིག །འདོད་ཆགས་ཁྲག་ལ་ཐུན་ཕོབ་ཅིག །གཏི་མུག་ལ་ཐུན་ཕོབ་ཅིག །ཀླད་པའི་རྒྱས་སུ་ཐུན་ཕོབ་ཅིག །དཔྲལ་པའི་དབྱིངས་སུ་ཐུན་ཕོབ་ཅིག །མིག་གི་དཀྱིལ་དུ་ཐུན་ཕོབ་ཅིག །སྙིང་གི་དཀྱིལ་དུ་ཐུན་ཕོབ་ཅིག །ནང་ཁྲོལ་ལྔ་ལ་ཐུན་ཕོབ་ཅིག །སྨྲ་བའི་ངག་ལ་ཐུན་ཕོབ་ཅིག །ཡུལ་མཁར་ཁྱིམ་ལ་ཐུན་ཕོབ་ཅིག །འགྲོ་བའི་རྐང་ལ་ཐུན་ཕོབ་ཅིག །གོང་གི་ཁྱེ་ལ་ཐུན་ཕོབ་ཅིག །ཆུང་མའི་རྨད་དུ་ཐུན་ཕོབ་ཅིག །ནོར་གྱི་དབྱིབས་ལ་ཐུན་ཕོབ་ཅིག །་ཏབྱ་ཐུ། །ཨོ་ཤརྙི་ཁ་ཐུམ་ཡསྣ་ ཤད་་ཤད་སྨྱོ། ཨོ་ཁི་ཛ་ཛ་ཤ་རྦད་སྙིང་ལ་ཡམ། ཧཱུཾ༷་དེ་པ་ཏད་ཏྲ་སྨྱུ་ར་ཡ་ཕཊ། །མུན་ཏྲ་ཏྲི་སྙིང་ལ་ཡམ་ཧཱུཾ༷་ཕཊ། །ཁྲག་རྩ་འདུས་རྦད་ཡམ་ཧཱུཾ༷་ཕཊ། །དབུགས་ཀྱིབ་ཀྱིབ་ཆོད་སྙིང་ལ་ཡམ་ཧཱུཾ༷་ཕཊ། །སྲོག་བྲེད་ཆོས་སྙིང་ལ་ཡམ་ཧཱུཾ༷་ཕཊ། །གསད་པ་མཆོག་གི་སྦྱོར་པ་འདིས། །ལྷ་ཆེན་ཉིད་ཀྱང་བསད་པར་འགྱུར། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་པས། །བདུད་མོའི་འཕྲོས་པས་བརླག་པར་བསམ། །འོ་དོད་པོས་ལ་ལས་ཀྱང་བྱེད། །བདུད་ཕྲུག་ངན་སྔགས་བཟླས་པས་ཀྱང་། །མཚོན་ཚོགས་ཆར་ཕབ་བརླག་པར་དམིགས། །ནམ་གུང་ནམ་ནངས་བར་དུ་ནི། །ཁྱི་ནག་བསྟབ་བྱ་འོ་དོད་འབོད། །ཁང་པ་འཚེགས་པའི་ཐ་མ་ལ། །རུ་རུ་ཤད་ཤད་སྒྲ་བྱུང་ན། །ཡིད་ནི་ཟིང་པོ་བྱེད་མཐར་ནི། །དུ་ན་ཤག་པས་བརྒྱན་པ་དང་། །སེམས་ནི་ཁྲོ་འདོད་རྗེས་སུ་ཡང་། །ཙ་ཐུན་རག་ཐུན་སྒྲ་བྱུང་བ། །སྲོད་དང་ནམ་གུང་ཐོ་རངས་ཏེ། །རྒྱས་པ་དང་པོ་དབུས་མ་དང་། །མཐར་རུ་བྱུང་བར་གྱུར་པའི་ཚེ། །བཅུ་བདུན་སྲོག་དང་གུང་ཐ་མ། ་ལ་དང་མཁའ་ལྡིང་ཀུ་ཀུ་ར། །ནག་པོ་གསུམ་དང་ལྷ་མོ་དང་། །བདུད་མོ་བདུད་ཕྲུག་གཏང་རག་གཏང་། །དབུགས་བསྐང་ཤ་ཁྲག་གཏོར་མ་སྦྱིན། །རུས་པ་གསུམ་དང་མི་ཁྲག་སོགས། །ཁྲག་སྣ་གསུམ་དང་རུས་མིང་བཅས། །དེ་ཡི་རྗེས་སུ་བསྲེག་བྱ་བ། །འདྲེ་ཚེར་ཤིང་དང་འོམ་བུ་ལ། །ངན་སྔགས་གསུམ་གྱི་ཕྱི་ནུབ་ནི། །ནམ་ཆ་གསུམ་ལ་བསྲེགས་ནས་ཀྱང་། །གསུམ་པོ་ཉིད་ཀྱིས་བཟའ་བར་བྱ། ་།ལ་མེད་སྣད་ཀྱི་གཏོར་མ་འཕང་། །ཉ་གསུམ་པར་དུ་རྟགས་མེད་ན། །མཆོད་པའི་གཏོར་མས་མཆོད་རྗེས་སུ། །དྲག་པོའི་གཏོར་མ་འཕང་བར་བྱ། །བརྟགས་པའི་གཏོར་མ་མཚོན་རེ་ཞིང་། །བརྒྱ་རེ་བཟླས་ཤིང་ཕྱི་པ་ཡ། །ཉ་གསུམ་དག་ལ་དེ་བཞིན་ནོ། །དེ་ནས་བརྟགས་རྣམས་བྱུང་བ་ནི། །གོང་མ་བཞིན་དུ་བྱས་རྗེས་སུ། །ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །ཆུང་མ་བདག་པོ་བུ་ཚ་རྣམས། །སྨྱོས་སམ་ཡང་ན་འཆི་བར་འགྱུར། །གོ་རིམས་བཞིན་དུ་ལྷ་མོ་དང་། །བདུད་དང་བདུད་མོས་ཐེབས་པ་སྟེ། །དེ་བཞིན་གཏང་རག་གཏང་བར་བྱའོ། །ངན་སྔགས་རྣམ་གསུམ་སྦྱོར་བ་འདི། །ཐེ་ཚོམ་མེད་པར་འཇུག་བྱས་ན། །ནམ་མཁའ་ཉིད་ཀྱང་འཇིག་པར་འགྱུར། །བཅུ་དགུ་ཉི་ཤུ་གཉིས་ནུབ་མོ། །དུར་ཁྲོད་དམ་ནི་ཁང་སྟོང་དུ། །ལྷ་མོའི་གཟུགས་བརྙན་ཆེན་མོ་ཡི། །མ་ཡི་ཐུགས་ཀར་ཤིང་གཉིས་ནི། །རྒྱུ་མའི་ཐག་པས་བཅིངས་ཏེ་གཟུགས། །རུས་པ་མིང་རུས་རྒྱུས་པས་བཅིངས། །ཞལ་དུ་བཅུག་སྟེ་དེ་འོག་ཏུ། །གཏོར་མ་མཆོད་ཡོན་འཚོགས་པར་བྱ། །ར་སྙིང་དུམ་བུ་བརྒྱར་བྱས་ནས། །ཡབ་ཡུམ་རྫོགས་པའི་དཀྱིལ་འཁོར་གྱིས། །དྲངས་ཏེ་ཉིན་མཆོད་རྦད་བཀུག་ནས། །མཚན་མ་མེད་པས་མ་ལ་མཆོད། །སྙིང་ཀའི་མེ་ནི་གྲུ་གསུམ་པ། །རབ་ཏུ་བཅུག་སྟེ་བསྲེག་པར་བྱའོ། །༢རྒྱ་བརྒྱ་རྫས་བསྲེག་སྐྱ་རིངས་ལ། །གཏོར་མ་མཆོད་ཡོན་ཕུལ་ནས་ཀྱང་། །རྒྱ་གྲམ་ལམ་ཆེན་བྲུས་ལ་གནན། །ས་ཧྲུ༷་བྱང་དུ་གཞུག་པའི་ཐབས། །དབེན་ལ་གཉན་པའི་གནས་སུ་ནི། །མཁའ་དཀྱིལ་པདྨ་ཧེ་རུ་ཀས། །སྲིད་པའི་དཀྱིལ་ནས་དྲངས་ནས་མཆོད། །བསྐུལ་ཏེ་གཟུགས་ལ་བསྟིམ་ནས་ཀྱང་། །ཕྱི་ནས་གཞན་དུ་གཞུག་པ་ནི། །དམར་པོས་བསྟོད་བཅིངས་སེར་པོས་བསྐྱེད། །ནག་པོ་སྨད་དུ་བཅིང་བར་བྱ། །འབུམ་ཕྲག་གསུམ་དུ་རིམས་བཞིན་དུ། །མཚོན་གྱི་གྲུ་གུས་བཅིངས་དམིགས་ཏེ། །ལྷ་མོའི་ཏིང་འཛིན་གནས་པ་ཡིས། །འབུམ་ཕྲག་རེ་ལ་གནས་རེར་བཅིང་། །དེ་རེ་གཏོར་མས་གཏང་རག་གཏང་། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །ནག་མོ་བཞིན་བཟློག་གི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །ཁེང་རྐང་གཅིག་གམ་མཚོ་འགྲམ་མམ། །ཡང་ན་མ་མོའི་གནས་སུ་ནི། །ནག་མོ་ཕུང་གསུམ་བསྒྲུབ་འདོད་པས། །ཁྲག་ལས་བྱས་པའི་མཎྜལ་ནི། །སོར་ནི་བཞི་བཅུར་རྒྱས་པར་བྱ། །དེ་ཡི་སྟེང་དུ་སྙིང་རྣམས་ནི། །སྣ་ཚོགས་འཚོགས་པར་བྱས་ནས་ནི། །ན་ཆུང་བཅུ་དྲུག་ཐོད་པར་གཞག །སྐྱེས་པ་ཉི་ཤུ་གྲིར་ཤི་བའི། །ཐོད་པའི་ནང་དུ་གཞག་པ་ནི། །མཚན་དང་ལྡན་པའི་རང་བྱུང་དང་། །གླང་ནག་སྙིང་ནི་དང་པོའི་རྫས། །ལྷོ་འཕྱེ་ནག་པོའི་སྙིང་དང་ནི། །འུག་པའི་མིག་འབྲས་བར་མའི་རྫས། །ཕག་རོག་སྙིང་དང་བུད་མེད་ནི། །གྲིར་ཤིའི་ཀླུད་ཁྲག་མ་མོའི་རྫས། །སྦྱོར་ཏེ་གོང་གི་ཐོད་པར་བསག །ཀུན་གྱི་ཕུད་ལ་གཏོར་མ་ནི། །ཆ་རྐྱེན་ལྡན་པར་རབ་ཏུ་བཤམ། །གཙང་མ་གྲིར་ཤིའི་ཤ་ཁྲག་ལ། །གཏོར་མའི་གཞི་ནི་དེ་ལས་བྱས། །སྦོས་ཆེན་དུད་པ་རྒྱུན་མི་གཅད། ཁུན་ཆེན་སླག་པ་གོན་ནས་ཀྱང་། །སྲིད་པའི་སྤྱི་ལུགས་ཞྭ་གོན་ཏེ། །འཕྲེང་བ་ཅེན་པོ་དེ་བཞིན་འགྲང་། །ནམ་མཁའ་སྟོང་བའི་དཀྱིལ་འཁོར་ན། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །སྐུ་མདོག་མཐིང་ནག་རལ་པ་ཅན། །ཞལ་གསུམ་མཐིང་ནག་དཀར་དམར་ལྡན། །དང་པོ་རྡོ་རྗེ་བར་མ་ན། །ཏི་རའི་དབྱུག་ཏོ་ཐ་མ་ཉིད། །རྩེ་གསུམ་འབར་བ་དབང་བསྐུར་དང་། ། །རྡེག་དག་ཤིན་ཏི་རྡེག་པའི་ཚུལ། །གཡོན་གསུམ་དྲིལ་བུ་བསྟོ་ནི། །དམར་བཀང་ཐུགས་རྗེའི་ཞགས་བསྣམས་པས། །དགེས་བསྐྱེད་དམ་འདོགས་ལས་ལ་འཛུད། །ངོ་འབུར་གཡས་དང་གཡོན་པ་ལ། །ཙན་དན་སོལ་བ་རཀྟའི་ཤིང་། །དཔྲལ་བར་ཞག་དག་ཐིག་ལེས་མཚན། །ལུས་སྦྱང་ཕྱིར་ན་སྦྱན་དྲང་བསྟིམ། །བཛྲ་ཀེ་རི་ས་མ་ཡ་ཛ། །བརྒྱ་བརྗོད་དབང་གི་ལྷ་མོ་ནི། །དཀར་མོ་དུག་གི་ཐོར་ཚུགས་ཅན། །གནམ་ལྕགས་ཁྱུང་གོ་མགོ་བོས་ནི། །སྲིད་པ་གསུམ་པོ་དབང་དུ་བསྡུ། །ཁྱུག་གཤོག་ནམ་མཁར་བརྒྱངས་པས་ནི། །བཅོ་ལྔ་ཟླ་བའི་འོད་ཟེར་བཞིན། །བདུད་རྩི་བུམ་པས་དབང་བསྐུར་བསྒོམ། །ཐུགས་ནས་གསུམ་གྱི་དཀྱིལ་ནས་དྲངས། །མདུན་དུ་འོང་བར་བསམ་པ་ནི། །གནམ་གྱི་ཡེ་འདར་ཐོག་བབས་བཞིན། །བར་གྱི་གློག་མ་སྤྲིན་ཉིད་ནི། །བྱ་རྒོད་གཟན་ལ་བཅུམས་པ་བཞིན། །ས་ཡི་ཕུང་བྱེད་འོང་བ་ནི། །སེང་གེ་ཤ་ལ་རུབ་པ་བཞིན། །རྩ་བའི་སྔགས་ནི་འབུམ་དུ་བཟླས། །ཞག་གསུམ་གནམ་ལ་ཐོག་རྩིག་འབབ། །ནམ་མཁའ་ལྡིང་གིས་ཐུགས་དམ་བསྐང་། །ཞག་ལྔ་ཉིད་མཚན་གློག་འབྱུང་བས། །ཟངས་ཀྱི་གཙུག་ཕུད་ནག་མོས་བསྐང་། །ཞག་གསུམ་ས་ལ་དུག་སྦྲུལ་འབྱུང་། །དོགས་མེད་ཤེལ་ནི་ནག་མོས་བསྐང་། །དགུ་ནས་གཟུགས་སུ་མ་བྱུང་ན། །གཤོག་པའི་ཕྱག་རྒྱ་བཅས་ནས་ཀྱང་། །ཁྱུང་གསོག་གསེབ་ནས་སྦྲུལ་པ་འཕྲོ། །དབང་དུ་བསྡུས་པའི་རིམ་པས་ནི། །ཡེ་འདར་སོལ་སྡོང་བསྒྱེལ་བ་འདྲ། །གློག་སྤྲིན་འོད་ནི་ཡལ་པ་བཞིན། །ཕུད་བྱེད་ཤིང་ཐོག་སྐམས་པ་འདྲ། །བདུད་རྩིས་གསོས་པས་གཟུགས་བསྟན་ཏེ། །དབང་བསྡུས་སྙོམས་པར་འཇུག་པ་ཡི། ། རཀྟ་བྱང་སེམས་བསྲེས་པ་ཡིས། །གཉིས་མེད་དམ་བཅྭའ་གཡོན་པར་མའི། །བན་དམར་བསྐང་བ་དེ་ཡིས་སོ། །ཡེ་འདར་ཐོག་སེར་མིག་ནད་དང་། ཁྲ་གཡའ་འབྲུམ་ནག་བལ་ནད་དང་། ཁུ་གཟེར་དམ་ཉམས་བསྒྲལ་བ་དང་། །གློག་སྤྲིན་དག་གི་བདག་མོས་ནི། །དུག་ནད་སྨྱོ་འབོགས་འབེབས་པའི་གསོད། །ཕུང་བྱེད་ཁྲག་གི་བདག་མོས་ནི། །ཁྲག་གཟེར་མཛེ་ནད་ཕོལ་མིག་དང་། །བློ་བུར་ཡེ་འདྲོག་དམ་ཉམས་སྒྲོལ། །སོ་སོར་དམ་འཆར་གྱུར་དང་གཞུག །དེ་ལྟར་གྱུར་པའི་དུས་དེ་སྲ །གཏོར་མ་དེ་ཉིད་ཆ་གསུམ་དུ། །བགོས་ཏེ་མ་མོ་དེ་ལ་སྦྱིན། །བམ་རིལ་ཤ་ཡང་བགོས་ཏེ་སྤྱིན། །གནམ་གྱི་ཡེ་འདར་འབྲུག་ཐོག་དང་། །ནམ་མཁའི་བྱའི་མདུན་དུ་གཏང་། །གློག་སྤྲིན་འ་་ནག་སེར་བ་ལ། །ཕུང་བྱེད་ས་ཡི་གཏིང་དུ་སྦ། །ཡང་ན་མཁའ་དག་ས་དང་ནི། །ས་ཡི་གཏིང་དུ་སྦ་བར་བྱ། །དམ་རྫས་ཀུན་དང་སྙིང་རྣམས་ཀུན། །སུན་ཆེན་བཏིངས་པའི་སྟེང་དུ་ནི། །ག་འུའི་ནང་དུ་བསྡུས་ནས་ཀྱང་། །ལྕགས་ཀྱི་བརྟན་ག་་ཞིབ་དུ་བརྡུང་། །སྨན་སྣ་སྟོང་གིས་སྦྱར་ནས་ཀྱང་། །སེམས་ཅན་མངལ་ཁྲག་ལ་སོགས་སྦུ། །སྲན་མ་བཅུ་ཚད་ཙམ་དུ་ནི། །རི་ལུ་ཐོད་པར་བསྐམས་བྱས་ནས། །ཁ་སྦྱར་སྣོད་ནི་མ་མཐོང་བར། །གར་འགྲོ་ཉིད་དུ་བཅང་བར་བྱ། །ཡར་ངོ་མར་ངོའི་བཅོ་ལྔ་དང་། །བརྒྱད་གཉིས་མར་གྱི་ཚེས་བདུན་དང་། །མར་གྱི་ངོ་ཡི་བཅུ་བཞི་ལ། །གཏོར་མ་ཤ་སྣ་ཁྲག་སྣ་ནི། །འཚོགས་བྱས་རི་ལུ་རེར་བཅུག་ནས། །དམ་བཅས་བཟིན་དུ་བསྐུལ་བར་བྱ། །ཐེ་ཙོམ་མེད་པར་ཅི་འདོད་འགྲུབ། །གལ་ཏེ་མངོན་དུ་མ་གྱུར་ན། །གཉན་ཞིང་དབེན་པའི་གནས་ཕྱིན་ཏེ། །ས་བདག་ཞི་བའི་སྤྱིན་སྲེག་སོགས། །མཉེས་པར་བྱས་ཏེ་བསྐྲད་ཕྱིར་བསྒོ། །དམ་མེད་རྣམས་ནི་དབྱེ་བསལ་བྱས། །གནས་ཀྱི་མཎྜལ་ཁྲག་བྱུགས་ཏེ། །གོང་བཞིན་གཏོར་མ་མཆོད་ཡོན་གཞག །དེ་ཡི་ལྷོ་ཕྱོགས་ཆ་ཉིད་དུ། ཁུ་གསུམ་ཁྲུ་གང་ཟབས་སུ་ནི། ཁྲུ་གང་རྩང་ནི་དམར་པོས་བསྐོར། །ཁ་ཁྱེར་སེར་བརྒྱན་མེ་རིར་འབར། །མོན་ནམ་ཡལ་ཀ་མེད་པར་ནི། །ཐོད་པ་སྐམ་པོ་སྐྱ་བོ་ལ། །ཕྱོགས་གསུམ་ཕུང་གསུམ་བྲིས་པ་དབུས། །ཕུང་གསུམ་གཟུགས་ནི་ལེགས་བྱིས་ལ། །གདུག་པའི་ཤིང་ལ་བརྟེན་ནས་ཀྱང་། །ཟུར་གསུམ་གནས་སུ་གཞག་པར་བྱ། །སྙིང་ཀར་མིང་རུས་བྲིས་ལ་གཏད། །མཚན་མ་རྣམ་གསུམ་གཏབ་ནས་ཀྱང་། །དཔལ་གྱི་ཏིང་འཛིན་གསལ་བྱས་ནས། །སྦྱན་དྲངས་དབང་གི་ལྷ་མོ་དེས། །དབང་བསྐུལ་རྗེས་སུ་ཕུང་གསུམ་བོད། །ཞིང་གི་གཡབ་མོས་ལིང་ག་བརྡབ། །ཐོད་སྐམ་གཟུགས་གསུམ་དག་ལ་བསྟིམ། ཁྲ་ཏྲུ་བཀུག་སྟེ་ལྷ་དང་དབྱེ། །ཉི་ཤུ་རྩ་གཅིག་དབྱེ་བར་བྱ། །གུ་གུལ་དུད་པས་རབ་ཏུ་བདུག ་་ས་ཀར་ཉུངས་ནས་རྫས་ཀྱིས་ནི། །བརྒྱ་རྩ་བརྒྱད་ཀྱི་བར་གྱིས་ནི། །མོ་ནོར་ཤ་ཏྲུ་ཕུང་བྱའི་ཕྱིར། །ནག་མོ་འཁོར་བཅས་ལས་ལ་གཟུང་། །ངན་སྔགས་ལན་གསུམ་བཟླས་པས་ནི། །ཕུང་གསུམ་མའི་པ་སྤུ་དང་། །བུག་པའི་ནང་ནས་མ་མོའི་ཚོགས། །བྱུང་སྟེ་མན་ཏྲ་ལ་ཐིམ་པས། །དཔལ་ཏུ་མེད་པའི་ཆོ་གསུམ་གྱིས། ཁྲ་ཏྲུ་ཤ་ཟ་རུས་འཆའ་ཞིང་། །སྙིང་འབྱིན་ངེས་པར་གསོད་པར་དམིགས། །གཟུངས་རེ་གཟུང་ཞིང་འབུམ་རེ་བཟླས། །དེ་ནི་སྟོང་ཕྲག་རེ་ཐོན་ནས། །གཟུགས་རྣམས་སོ་སོར་གཞག་སྟེ་བསྐུལ། །གཏོར་མ་རེ་གཏང་ཡང་བསགས་ནས། །དེ་བཞིན་བྱས་པ་འབུམ་ཕྲག་གསུམ། །དེ་རྗེས་སྟོང་ཚིག་སྐབས་ཉིད་ལ། །བསྟེན་དབྱངས་སྙན་པས་བསྐུར་བ་ནི། །གཡབ་མོས་བར་སྣང་ནམ་མཁའ་དང་། །ས་གཟི་གསུམ་ལ་གཡབ་པར་བྱའོ། །ནམ་མཁའ་གཡུ་ཡང་དཀྱིལ་འཁོར་ནས། །གཡུ་འོད་འབར་བའི་ལྡིང་ཁང་ན། །མུན་པ་འཁོར་ལོའི་གཡུང་དྲུང་ནས། །དཔལ་ཆེན་རྔམ་པའི་ཕོ་ཉ་མོ། །རྒྱལ་བ་རྣམས་ཀྱི་ཐ་ཚིགས་ཅན། །གདུག་པ་ཁོལ་མོའི་ཚུལ་དུ་གནས། །རྣལ་འབྱོར་ཀུན་གྱི་དགྲ་ལྷ་༄༅ མོར། །སོལ་པའི་བུད་མེད་མགོ་དགུ་མ། །ལག་པ་བསྙག་བྱེད་སོལ་སྦྲུལ་ལག །གཤོག་པ་རྡེབ་བྱེད་སོལ་བའི་གཤོག །རྐང་པ་རྡེབ་བྱེད་སོལ་པའི་རྐང་། །སོལ་བའི་རལ་པ་ལ་བུར་གོན། །ཁ་ནས་སོལ་བའི་མཚོན་ནག་ཁོལ། །དབུ་ཡི་རལ་པ་གསིགས་པ་ཡིས སོལ་བའི་མཚོན་ཆ་ཆར་དུ་འབེབས། །སྦྱན་གྱི་སྨིན་མ་ཉག་རེ་ལས། །སོལ་བའི་ཚ་ཚ་སྐར་ལྟར་འཁྲུག །སྦྱན་གྱི་རྫི་མ་འབྱེད་འཛུམས་ཀྱིས། །སོལ་བའི་མཆི་་མ་ཆར་དུ་འབེབས། །ཕྱག་མ་གཡོན་གྱི་མཚན་མ་ནི། །ནད་ཀྱི་རྐྱལ་པ་རྡེབས་ཤིང་སྦྱོན། །ཕྱག་མ་གཡས་ཀྱི་ཕྱག་མཚན་ན། །བདུད་ཀྱི་ཁྲམ་བམ་བརྡེགས་ཤིང་སྤྱོན། །སོལ་པའི་རལ་པ་མུན་པར་གཏིབས། །ཆིབས་སུ་སེལ་བའི་ཁྱུང་ཆེན་ཆིབས། །ཆུ་སྲིན་གཡང་གཞིའི་སྟོད་སླག་ལ། །རུས་སྦལ་ནག་པོའི་ཤམ་ཐབས་ཅན། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ལག་ཏུ་རྡོ་རྗེ་བྱིན་ཙམ་ནི། །རྣལ་འབྱོར་རྡོ་རྗེ་མིང་པོ་དང་། །གཅིག་དང་དུ་མར་དམ་བཅས་ཏེ། །རང་རྟགས་སྲོག་གི་སྙིང་པོ་མ་ཕུལ་ལམ། །ད་ལྟ་མིང་ནས་བོས་ན་མི་འབྱོན་ནམ། །དམ་ཚིག་གཉན་ལ་མི་དགོངས་སམ། །སྲིང་ཅིག་རྡོ་རྗེ་ཉེ་གནས་སོ། ཁྲམ་ཤམ་ནག་མོ་སོལ་བའི་ལུས། །སོལ་པའི་བྱ་ཁྱུང་ཆིབས་པ་ནི། །བར་སྣང་ཐོག་ལྟར་འགྲོམས་ཏེ་སྦྱོན། །སོལ་བའི་རལ་པའི་ཅོད་པན་ནི། །ནག་མོ་སྤྲིན་ལྟར་གཏིབས་ལས་སྤྱོན། །སོལ་བའི་བུད་མེད་ནག་མོ་ནི། །འཇིག་རྟེན་མུན་ལྟར་གཏིབས་ལ་སྤྱོན། །ཕྱག་མཚན་ནད་ཀྱི་རྐྱལ་པས་ནི། །སྡང་བར་བྱེད་པའི་དམ་ཉམས་ལ། །ནད་ཀྱི་རྐྱལ་པ་རྡེབས་ཤིང་སྤྱོན། །སྔགས་པས་གདུངས་ནས་བོས་པའི་ཚེ། །གནམ་ས་གཉིས་ཀྱང་ཁ་ཞབས་བཟློག །རི་རབ་ཉིད་ཀྱང་ཚོགས་ཕོར་འཕེན། །རྒྱ་མཚོ་ཆུ་རྣམས་ཁྲོགས་ལ་འཐུང་། །རི་རབ་འཕང་པའི་དུས་ལ་བབ། །གནམ་ས་བཟློག་པའི་དུས་ལ་བབ། །རྒྱ་མཚོ་བ་་བའི་དུས་ལ་བབ། །གདུག་བྱེད་སོལ་བའི་བུད་མེད་ནག་མོ་ཁྱོད། །ཁྱོད་ནི་བུད་མེད་གནམ་མོ་སྟེ། །ཁྱོད་ནི་གནམ་གྱི་གནམ་གྱི་ཡེ་འདར་མོ། །དགྲ་བོ་འདི་ལ་ཡེ་འདར་ཐོབ། །དམ་ཉམས་ལས་ངན་དགྲ་བོ་འདི། །ཤ་དང་རུས་པ་ཆེམ་ཆེམ་ནལ། །ཁྲག་དང་ཅུ་སེར་ཆིབ་ཆིབ་གསོལ། །བརྔམ་པའི་ཞལ་ནས་བླལ་ཟ་འཕྱོ། །ཅི་ཟ་མཐོང་ན་བླལ་ཤ་འཕྱོ། །མི་ཤ་མཐོང་ན་དབྱལ་ཟ་འཕྱོ། །སོལ་བའི་བུད་མེད་མཆིལ་ཟ་འཁྱུད། །མི་ཁྲག་འཐུང་ན་འཆིལ་ཟ་འཁྱུད །སོལ་པའི་བུད་མེད་སོས་འདར་ཁྲིགས། །མི་རུས་མཐོང་ན་སོ་འདར་ཁྲིགས། །སྔགས་པས་གདུངས་ནས་བོས་ཙམ་ན། །འཇིག་རྟེན་ཁམས་ཀུན་གཡེང་ཞིང་འཕྱར། །རང་ལ་རང་ཡང་འཚིག་ཅིང་འོང་། །སངས་རྒྱས་ཀུན་ཀྱང་འདར་ཞིང་སྡང་། །ཧེ་ཧེ་དགྲ་བོའི་ཤ་ལ་ཧེད། །ཧེ་ཧེ་དགྲ་བོའི་ཁྲག་ལ་ཧེད། །ཧེ་ཧེ་དགྲ་བོའི་རུས་ལ་ཧེད། །དེ་ཡི་བཀའ་ཉན་འགྱོགས་བྱེད་ནི། །མུན་པའི་བུད་མེད་འབུམ་ཕྲག་གཅིག །ལག་ན་མུན་པའི་གཡབ་མོ་འདེབས། །ཁ་ན་མུན་པའི་ཚུབ་ནག་འཁྱིལ། །ལག་ན་གཡབ་འདོར་ལིངས་སི་ལིངས། །ཁ་ན་ཁུས་འདབས་ལྟོངས་སེ་ལྟོངས། །ལག་ན་གཡབ་འདོར་དགྲ་ལ་འདོར། །ཁ་ནས་ཁུས་འདེབས་དགྲ་ལ་འདེབས། །མ་མོའི་བརྡ་སྐད་ཁྱི་ལི་ལི། །གསང་པའི་སྒྱུགས་པ་ཕྱུ་རུ་སྲ །ལས་སུ་གཉེར་ཞིང་མཐུ་མ་ཆུང་། །དུས་ལ་བབ་བོ་གཤེགས་སུ་གསོལ། །དམ་ཉམས་དགྲ་བོ་ལས་ངན་འདི། །ལོ་དང་ཟླ་བར་མ་གཞག་ཅིག །ཞག་དང་ཟ་མར་ལུས་ས་རེ། །ཧེ་ཧེ་དུ་ན་ཚལ་པ་ཚལ་པ། །བར་སྣང་འཇའ་ཚོན་དཀྱིལ་འཁོར་ནས། །སྲིག་གཅིག་གདུག་བྱེད་ལག་བརྒྱ་མ། །དུག་གི་རལ་པའི་ཅོད་པན་ལ། །དུག་གི་མཚོན་ཆའི་རྦ་རླངས་འཕྱོ། །དུག་སྦྲུལ་ནག་པོའི་གཤོག་པ་ལ། །དུག་གི་དུ་ན་མེ་འབར་ལམས་སེ་ལམས། །དུག་སྦྲུལ་ནག་པོའི་རྡུག་གུ་ལ། །ཁ་ནས་དུག་མེད་རྩེ་གསུམ་བསྣམས། །དམ་ཉམས་དགྲ་བོའི་སྙིང་ལ་གཟེར། །སྦྲུལ་ནག་སྟོང་གི་གཡང་གཞི་ལ། །ཆུ་སྲིན་དམར་པོའི་ཤམ་ཐམས་ཅན། །སྡིག་པ་སྟོང་གི་ཐོར་ཚུགས་ཅན། །ཆིབས་སུ་ཀང་ཀ་མགོ་དགུ་ཆིབས། །ལག་པ་འཛིན་བྱེད་ཆུ་སྲིན་ལག། །གདུག་བྱེད་ཆུ་སྲིན་ལག་པ་ཡིས། །དགྲ་་བོ་འཛིན་ཤེས་བཏོང་མི་ཤེས། །ཟས་སུ་སྟོང་ཁམས་མི་ཤ་ཟ། །སྐོམ་དུ་སྟོང་ཁམས་མི་ཁྲག་འཐུང་། །ལས་སུ་དམ་ཉམས་སྒྲོལ་གྱིང་བྱེད། །ཁམས་གསུམ་དབང་སྒྱུར་དབང་མོ་ཆེ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །ཇི་ལྟར་ཐ་ཚིགས་གཉན་བགོས་ཤིང་། །མིང་པོ་རྡོ་རྗེ་བདག་འབོད་ན། །ཐ་ཚིགས་བཀའ་བཞིན་མི་བྱེད་དམ། །སྲིང་མོ་དམ་ལས་མ་འདའ་ཞིག །མིང་ནས་བོས་ན་མི་སྙན་ནམ། །སྲིང་ཅིག་རྡོ་རྗེ་བདེ་འགྲོ་མ། །དམ་ཚིག་བསྲུངས་ན་མི་དགའ་འམ། །སྤྱན་མ་རྡུལ་ཅིག་གཡབ་འདེབས་སོ། །སྔགས་པས་གདུངས་ནས་བོད་པའི་ཚེ། །ཀང་ཀ་མགོ་དགུ་ཆིབས་པས་ནི། །སྐར་མདའ་ལམ་དུ་ཞུགས་པ་བཞིན། །དུས་ལ་བབ་བོ་གཤེགས་སུ་གསོལ། །སྡིག་པའི་ཐོར་ཚུགས་གསིག་ཅིང་སྤྱོན། སྦྲུལ་ནག་གཡང་གཞི་རྡེབས་ཤིང་སྤྱོན། །ཆུ་སྲིན་ལག་པས་འཛིན་ཅིང་སྦྱོན། །དམ་ཉམས་དགྲ་བོ་ལེན་ཅིང་སྤྱོན། །བློ་བུར་ཡེ་འདྲོག་དུས་ལ་བབ། །སྲོག་ལ་ཧུར་ཐུམས་དུས་ལ་བབ། །དུར་བྱ་མུག་ཏ་ཧེབ་ཧེབ། །དེ་ཡི་བཀའ་ཉན་འགྱོགས་བྱེད་ནི། །ལྕགས་ཀྱི་དམིགས་བུ་སྟོང་ཕྲག་གཅིག །ལྕགས་ཀྱི་སྡེར་འཛུབ་ཤད་དེ་ཤད། །ལྕགས་ཀྱི་སོ་འདར་ཁྲིགས་སེ་ཁྲིགས། །ལྕགས་ཀྱི་གཤོག་པ་ཕྲུགས་སེ་ཕྲུགས། །མྱོས་བྱེད་དམིགས་བུའི་ཕོ་ཉ་ནི། མྱོས་ཤིང་དེ་ནི་བླ་ཞིང་སྤྱོན། །དམ་ཉམས་དགྲ་བོ་ལས་ངན་འདི། །ཀླད་པའི་དཀྱིལ་དུ་ཞོ་ལྟར་དཀྲུགས། །སྲོག་རྩ་དམར་ལ་རྟ་ལྟར་རྒྱུགས། ཁུས་པ་དཀར་ལ་ཕུར་ལྟར་ཐོབ། །ལས་སུ་གཉེར་རོ་མཐུ་མ་ཆུང་། །གསེར་གྱི་ས་གཞི་རིན་ཆེན་གནས། །ཆེ་ཞེས་ཤམ་ཤམ་ཁྲག་མདོག་མ། །ཁྲག་གི་བུད་མེད་དམར་མོ་ལ། །ཁྲག་གི་རལ་པ་གཏིང་ཟ་ཅན། །ཁ་ན་ཁྲག་གི་རྒྱ་མཚོ་ཁོལ། །མིག་ནས་ཁྲག་གི་མེ་འབར་མིག །ལུས་ལ་ཁྲག་གི་ལ་བུ་གོན། །རུས་སྦལ་དམར་པོའི་ཐུར་ཚུགས་ཅན། །ཆིབས་སུ་ཀེའུ་ལེ་གདོང་དྲུག་ཆིབས། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །ཇི་ལྟར་ཐ་ཚིགས་གཉན་སྐོངས་ལྟར། །མིང་པོ་རྡོ་རྗེ་བདག་འབོད་ན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །མིང་ནས་བོས་ན་མི་སྙན་ནམ། །སྲིང་ཅིག་རྡོ་རྗེ་ཆགས་པའི་མཛོད། །སྔགས་པས་གདུངས་ནས་བོས་ཙམ་ན། །ཀེའུ་ལེ་རྒྱུག་ཚུལ་ཞུངས་སེ་ཞུངས། །ཁྲག་གི་རལ་པའི་ཅོད་པན་ལ། །ཁྲག་གི་མཚོནི་ཆའི་རྦ་རླབས་འཕྱོ། །ཁྲག་གི་རལ་པས་སྟོང་ཁམས་ཁྱབ། །དམ་ཉམས་དགྲ་ལ་རྦད་ཙམ་ན། །དམ་ཉམས་ཀུན་གྱི་སྙིང་འདྲེན་མ། །གཟེར་ཐབས་དྲག་པོ་དགྲ་ལ་གཏོང་། །ནད་ཀྱི་རྒྱུ་ནི་ཁྲག་ཡིན་པས །ཁྲག་གི་ཆར་པ་དབབ་དུ་གསོལ། །ཁྲོས་པའི་ང་རོ་འདི་སྐད་ཟེར། །སྟོང་ཁམས་ཤ་ཡིས་ང་མ་འདྲངས། །ང་ཡིས་ཟས་སྐལ་གང་གིས་བྱ། །སྟོང་ཁམས་ཁྲག་གིས་ང་མ་ངོམས། །ང་ཡི་འཐུང་སྐལ་གང་གིས་བྱ། །མ་མོའི་གསོལ་སྐོམ་གསོལ་སྐལ་ནི། །དམ་ཉམས་ཤ་དང་ཁྲག་ལ་མཛོད། །ཛ་ཛ་དུ་རུ་མུག་ཏ་ཧེད་ཧེད། །དེ་ཡི་ཕོ་ཉ་འགྱོགས་བྱེད་ནི། །ཁྲག་གི་བྱ་རྒོད་སྟོང་ཕྲག་གཅིག །ཁྲག་གི་གཤོག་པ་མེ་ལྟར་འབར། །ལྕགས་ཀྱི་སྡེར་འཛུབ་ཤད་དེ་ཤད། །དགྲ་བོའི་དོན་སྙིང་མ་ལུས་བྲུས། །ཕུང་བྱེད་ཆེན་མོ་བྱེད་གསུམ་གྱིས། །སྲིད་པ་གསུམ་གྱི་སྨྱོ་བཟློག་མཛོད། །དམ་ཉམས་བདུན་རྒྱུད་ཐལ་བར་རློག །ཅེས་བསྐུལ་བསྒྲུབ་པ་ཐོན་པ་དང་། །བོད་དང་ཉེ་འབྱེད་མི་ནོར་དང་། །ངན་སྔགས་འབུམ་གསུམ་བཟླས་པ་ཡི། །ཉུངས་ཀར་ཉུངས་ནག་རི་ལུ་གསུམ། །སྔགས་ཀྱི་ཐོད་པར་བཅུག་པ་ནི། །མ་མོ་ཤ་ཏྲུར་མིང་རུས་གཅུག །གསོད་པར་དམིགས་ཏེ་སྦྲེལ་བ་སྟོང་། །ཁང་རྨང་ཞིང་དཀྱིལ་ཐོད་པ་སྦའོ། །མ་གྲུབ་བར་དུ་བསྐྱོད་པ་ནི། །དུས་དྲུག་གཏོར་མ་སྤྱིན་ཞིང་བསྐུལ། །ཉིན་རེ་དཔལ་གྱི་སྐུར་གནས་ནས། །ཕུང་སུམ་ཉི་ཤུ་གཅིག་ཏུ་བོད། །མཚན་རེའི་ལས་སུ་བྱ་བ་ཡང་ ལག་མཐིལ་གཡས་དང་གཡོན་པ་ལ། །ཧེ་བྲི་མ་ཡང་བྲི་བར་བྱ། །ཁྲག་ཆེན་མིང་རུས་གྲོ་གར་བྲི། །རལ་གཅིག་སྔགས་ནི་བརྗོད་པར་བྱ། །ཕུང་སུམ་གནམ་གྱི་ཡེ་འདར་བདག །གཡས་པ་གཡོན་པ་ཕུང་གསུམ་ཉིད། །བཀུག་སྟེ་གསོད་པར་དམིགས་ནས་ཀྱང་། །ཐལ་མོ་དྲག་ཏི་དྲིལ་ནས་ཀྱང་། །ཡུལ་ཕྱོགས་ཆར་པ་དྲིལ་བས་ནི། །ལོ་ཏོག་དག་ལ་འདེབས་འདོད་ན། །ཐོད་པ་གྲལ་ལ་མི་འདུག་ལ། །སྙིང་པོ་ཚོ་ལྔ་མི་ཁྲག་དང་། །མངལ་ཁྲག་དག་གིས་ཀྱང་། །རི་ལུ་གསུམ་ནི་རབ་བཅུག་སྟེ། །སྙིང་ཁྲག་དུ་རྫས་ཉུངས་ཀར་ལ། །མ་མོར་བསྒྲུབས་ཏེ་བླུགས་ནས་ཀྱང་། །ཆུ་མིག་བཙན་ཟན་ཡུལ་ལྷའི་རྟེན། །དེ་རུ་དགུན་ཀ་རབ་སྦས་ལ། །དབྱར་ཀ་ཟླ་བ་ནམས་ཚད་འདྲ། །དེ་ལ་དུས་དྲུག་གཏོར་སྦྱིན་སྔགས། །བཟླས་ཤིང་བསྐུལ་ཏེ་མ་མོ་དང་། །བཅས་ཏེ་ཕྱོགས་སུ་སེར་འདེབས་དམིགས། །ལོ་བདུན་ལོ་ཏོག་མེད་པར་འགྱུར། །དེ་ནས་བདུན་བར་བདུན་དུ་བསྐུལ། །སྐྱེ་བ་གཅིག་ལའང་མེད་པར་འགྱུར། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །ནག་མོ་ཕུང་གསུམ་ཤ་ཆུའི་བླ་དང་དབྱེ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །དེ་ནས་ཚངས་པ་དུང་གི་ཐོར་ཚུགས་ཅན་དང་། །ལྷའི་དབང་པོ་བརྒྱ་བྱིན་གྱི་བློན་པོ་སུམ་ཅུ་རྩ་གཉིས་ཀྱི་མཆོག །དྲག་པོ་ལ་སོགས་པས་ཤིན་ཏུ་རྔམ་པའི་ཚུལ་གྱིས། །ལྷ་གནོད་འདུལ་ལྷའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །གནོད་འདུལ་ལྷའི་རྒྱལ་པོ་ཁྱོད་ནི་ཕྱིས་འབྱུང་བའི་དངོས་པོ་ཐམས་ཅད་ཤེས་པ་ཡིན་ན། །ཕྱི་རབས་ཀྱི་འཛམ་བུ་གླིང་གི་མི་རྣམས་ནི། །བསོད་ནམས་མ་བསགས་ཤིང་། །ལས་ངན་པ་ལ་སྐྱེས་པས། །ཁེ་ལོ་དང་ལྡན་པས་བསྒྲུབ་པ་ལ་མི་བརྩོན་པ། །ཐོས་པ་དང་ཤེས་པ་དང་ལྡན་པའི་མི་རྟེན་པས། །ཐེ་ཙོམ་དང་བཅས་པ་ཡིན་པ་དང་། །བསྒྲུབ་པའི་སྦྱོར་བ་ལ་མི་མཁས་ཤིང་། །ཉོན་མོངས་པ་དུ་མ་དང་ལྡན་པ་ཡིན་པ། །མ་མོ་མངོན་སུམ་དུ་མི་འགྲུབ་པའི་ཕྱིར། །ལས་ལ་ཐེ་ཙོམ་ཟ་བ་དང་། །དེའི་དུས་སུ་དམ་ཉམས་པའི་སྲོག་ལ། །བར་ཆད་དུ་བྱེད་པའི་ལས་ལ་ཕན་འདོགས་པའི་ཐབས། །གིང་ལ་སོགས་པའི་བསྒྲུབ་པ་ཅིའི་ཕྱིར་མི་ཞུ། །དེ་ནས་ལྷ་གནོད་འདུལ་རྒྱལ་པོ་དེ་རྣམས་ཀྱིས་བསམ་པ་བཞིན་དུ་བྱ་བའི་ཕྱིར་སྟན་ལས་ལངས་ཏེ། །བཅོམ་ལྡན་འདས་ལ་བསྐོར་བ་ལན་བརྒྱ་སྟོང་དུ་བྱས་ནས། །རང་གི་ལག་པས་རྡོ་རྗེ་ཡང་ནས་ཡང་དུ་གསོར་ནས། །བསྙེམས་པ་དང་བཅས་པས་རང་གི་འཁོར་ལ་བལྟ་ཞིང་། །བཅོམ་ལྡན་འདས་ཡང་མངོན་རྫོགས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཕྱིས་འབྱུང་འཛམ་གླིང་སེམས་ཅན་རྣམས། །ཉམས་པ་རྣམ་པ་སྣ་ཚོགས་བྱེད། །ལས་ཀྱིས་མནར་པའི་སེམས་ཅན་རྣམས། །དུས་དེར་བསྒྲལ་པར་མི་ནུས་པས། །འཛམ་གླིང་མི་ལ་སྨན་སླད་དུ། །གིང་དང་གཤིན་རྗེ་ལ་སོགས་པའི། ། སྦྱོར་བ་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་ནས་མངོན་རྫོགས་རྒྱལ་པོ་ཡིས། །དེ་རྣམས་བསམ་པ་མཁྱེན་པ་དང་། །འཇིག་རྟེན་མི་ལ་སྨན་སླད་དུ་ལས་ཀྱི་སྦྱོར་བ་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །གང་གི་ལས་རྣམས་བསྒྲུབ་འདོད་པས། །དབེན་ལ་གཉན་པའི་གནས་ཕྱིན་ཏེ། །དྲ་ཕྱིང་གཙང་མའི་སྟེང་དག་ཏུ། །ཁམ་ཕོར་ཚད་མ་བཞི་ཡི་ནང་། །ནས་གྲོ་སྲན་མ་ཏིལ་རྣམས་ལས། །གཏོར་མར་རིན་ཆེན་སྣ་བདུན་བདར། །ལུང་གི་རྗེ་ངར་ཤ་སྙིང་བླུགས་ངར་གླུད་ནག་པོ་སོར་བཅུ་གཉིས། །བདུད་གཟུགས་ཁྲམ་དང་བཅས་པར་བྱ། །མིང་རུས་དེ་ཡི་སྙིང་ཀར་གཞུག །དར་ནག་གུར་ཆེན་སྟེང་ནསདབུབ། ཁྲཆུཁེཕམེསསོགས་པ་ལ། །གཟུགས་དང་མིང་རུས་དུག་ཁྲག་ ས། ། ས་ཏེ་ཁྲམ་ལ་གདགས་པར་བྱ། །ཞལ་ལྔ་ཕྱག་ ་བཅུ་དྲུག་པའ། །པདྨ་དབང་ཆེན་བསྒམས་ནས་ཀྱང་། །མོ་དང་འཁོར་གྱ་ ང་ནས་དྲང་། །སྟོང་རྩ་བརྒྱ་ལ་བསྐུལ་བར་བྱ། །བདུད་རྣམས་ཀྱི་ནི་ཡ་བདུད་དེ། །སོར་བཅུ་གཉིས་ཀྱི་གཟུགས་ལ་བསྟིམ། །མ་དང་འཁོར་ལ་གཏོར་མས་མཆོད། །དེ་རྗེས་གདུངས་དབྱངས་སྙན་པས་བསྐུལ། །བདུད་རྣམས་གཙོ་བོ་ཡ་བདུན་དེ། །མེ་རི་དམར་ནག་འབར་པའི་ནང་། །ནག་མོ་མེ་ཡི་ཁ་རླངས་ཅན། །མེ་འབྲུག་དམར་པོ་ཞོན་ཅིང་རྒྱུག །ལག་ན་གནས་ལྕམས་སྲིན་མོའི་རྐང་། ཁྲན་པ་ཁྱོད་ཀྱི་དུས་ལ་བབ། །ཆུང་མ་ནག་མོ་ཁྲག་འཛག་མ། །ཁྲག་གི་རལ་པ་སྤྲིན་ལྟར་རྒྱུག །བདུད་ཀྱི་ཆུང་མ་ནག་མོ་ནི། །ནད་གཏོང་མ་ཡི་དུས་ལ་བབ། །བདུད་རི་ནག་པོའི་རྩེ་ནས་ཀྱང་། །ནག་པོ་པོ་ལྡོན་མིག་གཅིག་པོ། །རལ་པ་གཅིག་འགྲེང་། །ལག་ན་མི་ཡི་གཡང་གཞི་བརྡེབ། །བདུད་གཡག་ནག་པོ་ཞོན་ཅིང་རྒྱུག །དེ་ཡི་ཆུང་མ་ནག་མོ་ནི། །ནག་མོ་ཆེན་མོ་ཀློང་དགུ་མ། །མགོ་མེད་བྲང་ནི་ནུ་མས་གང་། །གསེ་དང་དུང་གི་ཞོ་འཐོར་མ། །སྟོང་་ཁམས་ཁྱབ་པའི་ལག་རིངས་མ། །དགྲ་སྙིང་དབྱུང་བའི་དུས་ལ་བབ། །ལྷ་བདུད་བགེགས་ཆེན་གསུས་པོ་ཆེ། །ལག་ན་དར་ནགརུམཚོནའཕྱར། །ལྕགས་ཀྱི་མཛོ་རྒོད་ཞོན་ཅིང་རྒྱུག སྦྲིན་ནག་དུད་ཁའི་དཀྱིལ་ན་གནས། །ཁྱོད་ཀྱི་ཐུགས་དམ་དུས་ལ་འབབ། །དེ་ཡི་ཆུང་མ་ནག་མོ་ནི། །ནག་མོ་ཆེན་མོ་མགོ་གསུམ་མ། །ཕག་སྐད་འཚོར་ཞིང་།སེར་དྲག་འབེབས། །ལྕགས་ཀྱི་སེར་དྲག་འབེབས་པ་མོ། །དམ་ཉམས་འདི་ལ་བདུད་ཕོབ་ཅིག །བདུད་མཁར་ནག་པོ་སྒོ་མེད་ན། །རལ་པ་སྤྱི་ཆིང་ལྕགས་ཀྱི་སོ། །ལག་ན་མི་སྙིང་རློན་པ་ཐོགས། །བདུད་རྟ་ནག་པོ་ཤོན་ནས་ནི། །ཞགས་པ་ནག་པོ་ཤ་ར་ར། །བདུད་བྱ་ནག་མོ་ལྡིག་ནག་འཛུམས། །བདུད་ཀྱི་ནག་པོ་རྡུང་ཞིང་འཇབ། །དམ་ཉམས་འདི་ཞེས་བྱ་བ་ལ། །དུས་གཅོད་བདུད་གཅོད་དུས་ལ་བབ། །བཙུན་མོ་ནག་མོ་སོ་གཅིག་མ། །ཁྱེད་ཀྱི་ཕོ་ཉའི་ལས་བྱེད་ནི། །མུན་བུ་སྟ་ཐོགས་བཅུ་གསུམ་འཁོལ། །མགོ་སྐྱེ་གཅད་པའི་དུས་ལ་བབ། །ཁུ་ལེ་ཤོད་ཀྱི་ལག་དགུའོ། །བསེ་མཁར་སྨུག་པོའི་ནང་ན་གནས། །བྱི་རུ་མཆེ་བ་འདར་ཞིང་འོང་། །བསེ་ཁྲབ་དམར་པོ་སི་ལི་ལི། །བསེ་རྨོག་སྨུག་པོ་བཟང་རིངས་གསོལ། །བསེ་མདུང་དམར་པོ་འདེམས་སེ་འདེམས། །བསེ་དར་འབྲུག་རིངས་བུ་རུ་སྲ །བསེ་ཡི་ལྕགས་ཀྱུ་ཁྲ་ལ་ལ། །བསེ་ཡི་ཞགས་པ་ཤར་ར་ར། །བསེ་རྟ་དམར་པོ་གཞུག་རིངས་ཞོན། །བསེ་ཡི་བྱན་ལག་ཞུངས་སེ་ཞུངས། །དམར་པོ་སྦྲུལ་མགོ་མིག་གསུམ་པོ། །དམ་ཉམས་དགྲ་བོ་ལས་ངན་ལ། །སྦོས་ནད་བཙན་ཐབས་དུས་ལ་བབ། །དེ་ཡི་བཙུན་མོ་མི་སྲུན་མོ། །ལག་ན་ཁྲག་གི་ཕོར་ཐོགས་ཤིང་། །ནག་གཏོང་མ་སྟེ་སྨྱོས་བ་མོ། །དམ་ཉམས་འདི་ལ་ནད་ཐོང་ལ། །ཁྱོད་ཀྱི་བདུད་དབབ་དུས་ལ་བབ། །རྒྱ་མཚོ་ཆེན་པོའི་གཏིང་རུལ་ནས། །ཀླུ་བདུད་སྦྲུལ་གྱི་རྒྱུ་མ་ཅན། །ལུས་ལ་སྦྲུལ་གྱི་གོས་གྱོན་ཅིང་། །སྦྲུལ་དང་སྡིག་པའི་རལ་པ་ཅན། །ལག་ན་ཉ་ཕྱིས་ཕོར་ཐོགས་ཤིང་། །རུས་སྦལ་ཞོན་ནས་རྒྱུག་པ་སྟེ། །གང་ལ་དམིགས་པ་མྱུར་བར་གྱིས་། །ཀླུ་བདུད་དེ་ཡི་ཆུང་མ་ནི། །ནག་མོ་སྦས་མིག་རལ་པས་གཏིབས། །སྡོམ་སྡིག་དམར་པོའི་དྲ་བ་ཅན། །ཀླུ་གླང་སྔོན་པོ་ཤོན་ཅིང་རྒྱུག །ཉ་ལྕིབས་སྟོང་ཐུལ་གཉའ་ཟ་ཀོར། །ཀླུ་མོ་ཉ་མགོའི་འཁོར་གྱིས་བསྐོར། །ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །བདུད་པོ་མི་ཟན་ཕོ་མོ་རྣམས། །མ་སྡོད་མྱུར་དུ་འཕྲིན་ལས་མཛོད། །གཞན་རྣམས་ཀྱི་ནི་བདུད་ཀྱང་ཡིན། །ང་ཡི་སྟོངས་དང་གྲོགས་ཀྱང་ཡིན། །སེམས་ཅན་ཀུན་གྱི་བདུད་དུ་ལངས། །མ་བཅོལ་པར་ཡང་སྲོག་གཅོད་ན། །ང་ཡི་བཅོལ་བའི་ལས་རྣམས་ནི། །དམ་ཉམས་འདི་ཡི་སྲོག་ཆོད་ཅིག །སྐབས་སུ་བདུད་ཀྱི་སྙིང་པོ་ནས། །བཟླས་ཤིང་ས་ལ་ལན་བདུན་བརྡབ། །སུམ་བརྒྱས་ཉིས་འཁོར་ཁྲམ་ལ་འདེབས། །དེ་བཞིན་ཡང་དང་ཡང་བསྐྱར་བ། །རྒྱས་པ་དང་པོ་མཐའ་བར་དུ། །ཞག་གསུམ་ལོན་ནས་བསྐྱར་བ་ནི། །བཟླས་པའི་ཉུང་ཕྱེད་གཏོར་མར་བཅས། བདག་པོ་བྲལ་བའི་རྐང་དཀྲིས་ག་། །ཆུ་དང་ལུང་པ་མགོ་རྡུམ་དང་། །བྲག་ཆེན་རེ་སྲུལ་འདྲེ་ཅན་དང་། །ལམ་ཆེན་རྒྱ་གྲམ་དག་ཏུ་གནན། །སྣང་སྲིད་དེ་ལྟར་གཏོར་མ་སྤྱིན། །ཁྲུ་དོ་བཅལ་པའི་ས་རུ་ནི། །མིང་རུས་བཅས་ཏེ་གནན་པར་བྱ། །སོག་པ་བདུད་གཏོར་ཉུངས་གཏོར་ཕྱེད། །དུར་ཆད་ཁང་པའི་རྨང་དུ་སྦ། །ཆུ་གྲི་ཁས་བུག་གཡང་དང་ནི། །གྲོང་གསེབ་ཁྲོམ་གྱི་ནང་དུ་འཆིའོ། ། ན་རྗེ་ནག་པོ་བསྒྲུབ་བྱ་སྟེ། །དུར་ཁྲོད་མི་རོའི་གནས་སུ་ནི། ཁྲུ་གསུམ་ནང་དུ་སྣོད་ནང་དུ། །བཙན་དུག་ལག་ཀུན་ནག་པོ་དང་། །ཀ་ལ་ཀུ་ཏ་ལ་སོགས་དང་། ཁུ་བ་གནས་པའི་དུག་རྣམས་དང་། །ཁྲག་སྣ་སྙིང་སྣར་སྦྱར་ཏེ་བླུགས། །གཤིན་རྗེའི་འཁྲུལ་འཁོར་མདུན་གཞག་སྟེ། །སྟོང་ལས་མར་མེའུ་རྩེ་ཧཱུཾ༷་ཆས། །གཤིན་རྗེའི་རྒྱལ་པོ་ཞལ་གསུམ་དང་། །ཕྱག་དྲུག་རེ་མ་ཏིར་ལྡན་པ། །དགེས་ཤིང་རོལ་པས་འབྱུང་བ་ཡིས། །གཤིན་རྗེའི་རྒྱལ་པོ་དེ་ཉིད་ཀྱིས། །ཐུན་དུ་བསྒྲུབ་ཅིང་འཁྲུལ་འཁོར་བསྒྲུབ། །ཐུན་ནི་ལིང་འམ་དགྲ་ལ་དབབ། །འཁྲུལ་འཁོར་ལིང་གའི་སྙིང་བཅུག་སྟེ། །དུར་ཁྲོད་དམ་དགྲའི་ཁང་རྨང་སྦ། །བསྟེན་དབྱངས་སྙན་པོས་བསྐུལ་བ་ནི། ཧཱུཾ༷་ཁྲི་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཡུམ་ཆེན་ནག་པོ་རེ་མ་ཏི། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །དགེས་ཤིང་རོལ་པའི་བྱིན་བརླབས་ལ། །འོད་ཟེར་དམར་ནག་སྤྲིན་ལྟར་གཏིབས། །དམར་ནག་མེ་འདྲ་དེ་དཀྱིལ་ན། །ཁྱེ་ཆུང་སྔོན་པོ་མཁའ་ལ་ལྡིང་། །ཡེ་ཤེས་ཐུགས་ཀྱི་སྦྲུལ་པ་སྟེ། །དགུང་ལ་ཐོག་ཐོག་མི་བཟད་ལ། །གཅེར་བུ་ནག་པོ་རལ་པ་ཅན། །ཡ་བཱན་ཏ་ཀ་ཉིད་ལགས་ཏེ། །ཁྲོ་ཆེན་དེ་ཡིས་བཀྭ་སྩལ་པ། །དེ་ལྟར་ཡིན་ཏེ་སྐལ་བ་བཟང་། །སྐལ་བཟང་ང་ཡི་དམ་ཚིག་ནི། །ལྔ་བརྒྱད་དུས་ཀྱི་ཐ་མ་ལ། །སངས་རྒྱས་བསྟན་པ་མི་གནས་ཤིང་། །ཟས་ངན་མནའ་ལ་སྐམ་ཙམ་ན། །དེ་ཚེ་ང་ཡི་དུས་ལ་བབ། །ཕ་ངག་བུ་མི་ཉན་པའི་དུས། །དེ་ཚེ་ང་ཡི་དུས་ལ་བབ། །རྣལ་འབྱོར་དམ་ཚིག་ཉམས་པའི་ཚེ། །དེ་ཚེ་ཡི་ང་་དུས་ལ་བབ། །གོས་ངན་ཧྲུལ་པོ་གོན་ཙམ་ན། །ང་ཡི་དམ་ཚིག་དེ་རུ་འབྱུང་། །དོག་ལ་ཆེམ་ཆེམ་ཟ་བ་མོ། །སྒེག་མོ་རལ་གཅིག་ཐོད་འཕྲེང་ཅན། །དབུ་རྒྱན་ཐོད་རློན་དམར་གྱིས་བརྗིད། །མ་མོ་ནག་མོ་འཁོར་དང་བཅས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དེ་ཡི་བཀའ་སྡོད་ཕོ་ཉ་ནི། །བདུད་ཀྱང་ནག་པོ་སྙིང་ཟན་ཏེ། །མི་སྙིང་རློན་པའི་རལ་པ་ཅན། །ལག་པ་དམར་པོ་ཟངས་སྡེར་ཅན། །སྤྲུགས་པ་འབོད་ཅིང་ལྕེ་རིངས་པོ། །ཧེད་ཧེད་དགྲ་བོའི་སྙིང་ལ་ཧེད། །གཤིན་རྗེ་རྒྱལ་པོས་བསྐུལ་པའི་ཚེ། །ཡ་བཱ་རྙ་ཀའི་དུས་ལ་བབ། །རྟེན་མགོ་དགུའི་དུས་ལ་བབ། །ཀོང་རྩེ་བྲག་ཞོན་དུས་ལ་བབ། །བྱེ་བ་གུང་རིའི་དུས་ལ་བབ། །བསེལ་གླང་མགོ་དགུའི་དུས་ལ་བབ། །རལ་པ་ཚར་དགུའི་དུས་ལ་བབ། །དབྱུག་སྔོན་ཅན་གྱི་དུས་ལ་བབ། །གནོས་སྤྱིན་ཨིམ་པའི་དུས་ལ་བབ། །ཟ་བྱེད་སྟག་འཐབ་དུས་ལ་བབ། །ཅེས་བརྗོད་པས་བསྐུལ་ཏེ། །སྒྲུབ་པ་ནི། །རེམཏིསགཤིནརྗེའིའཁོར་རྦད་པའི་སྦྱོར་པའོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །བདུད་མའི་འཁོར་སྙིང་འཕྲོག་གི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།རྣལ་འབྱོར་ལུང་དང་ལྡན་པ་ཡིས། །དུར་ཁྲོད་མཚན་དུ་ཕྱིན་ནས་ཀྱང་། །གནམ་སྟོང་བཅོ་ལྔ་ཉི་ཤུ་གཉིས། །དུར་ཁྲོད་རྩ་རུ་ཕྱིན་ནས་ཀྱང་། །དེ་ཡི་རྒྱུད་ཀྱི་རིམས་ནད་དང་། །བདག་པོ་བྲལ་དང་མཚན་ངན་གྱི། །ཐོད་པ་བླངས་ཏེ་དེ་ནང་དུ། །ཆང་ཕུད་མ་ཉམས་ནད་ངན་ལས། ཁེ་བའི་ཤ་ཁྲག་དང་སྡེར་དང་། །མིག་ཟླུམ་སྦྱན་རྩོགས་ཤ་ཁྲག་བཙལ། །སྦྲང་རྩི་ལ་སོགས་མངར་བཙལ་པའི། །གཏོར་མ་ཁྲུ་གང་ཁྲུ་གསུམ་ཉིད། །ཐལ་ཆེན་བྱུགས་པའི་ནང་བཅུག་ལ། །ཁ་བཅད་སྟེང་དུ་བདག་འདུག་སྟེ། །ལིང་ག་རྩ་མེད་བྱང་ཤར་གཞུག །ཚིགས་གསུམ་བདུད་པའི་སྒྲོས་བསྐྱོན་ཏེ། །སྐྱེར་མེད་ཟུར་གསུམ་གྲ་མའི་གཞུ། །ཡསྒ་གསལ་བས་ལྷ་མོ་བོད། །ལྷ་མོ་དབུ་ལ་རྣམ་ལྡན་བདག །རྐང་གཡོན་སྲིན་མཐེབ་ཁྲག་བྱུང་དང་། ཁྲ་ཁྲག་གོང་གི་རྫས་སྦྱར་ཏེ། །ཁ་ཕྱེ་གཏོར་ནང་ལིང་ག་གཞུག །རྩ་བ་མེད་དང་ཁྲག་ནད་ནི། །མ་ཚོགས་སྟོང་གིས་ནད་ཐུན་ཕོབ། །དེ་ཡི་འབུམ་དུ་གདོན་པར་བྱ། །གླུད་ནག་ཤར་ཕྱོགས་བདུད་རྒྱལ་པོ། །མ་མོ་སྟོབས་ཀྱིས་བཀུག་ཐིམ་པས། །ལིང་ག་ལ་ཡང་མདའ་བརྡེག་སྟེ། །འབུམ་དུ་ལྡན་པས་བརྡེག་པར་བྱའོ། །མ་མོའི་གསོད་སྔགས་ཐིག་ལེར་འབུམ། །གཏོར་མས་མཚོན་གྱི་ཐུན་དུ་བསྒྲུབ། །ལིང་ག་དཀར་ནག་འཁྲིལ་བས་བཅིངས་། །གཏོར་མར་བཅུག་སྟེ་ཁང་རྨང་སྦའོ། །ཡང་ན་དེ་ལ་བརྒྱབ་པར་བྱ། །གླུད་ནག་སྐྱེ་ཞིང་ཚོན་སྐུད་བཅིང་། །རང་གིས་མིས་མ་མཐོང་བར་གཟུང། །མ་བྱུང་གཟུགས་བརྙན་གཏོར་མ་སྤྱིན། །དུས་ཚོད་གསུམ་ལ་སྟོང་སྟོང་རྦད། །གལ་ཏེ་དེས་ཀྱང་མ་བྱུང་ན། །དེ་ཉིད་གནན་གཟིར་བྱས་ལ་གཞག །གལ་ཏེ་དེས་ཀྱང་མ་གྲུབ་ན། །ནམ་མཁའི་སྤྲིན་སྔོན་དཀྱིལ་ནས་ཀྱང་། །གཤིན་རྗེ་གཤེད་ཀྱི་སྤྲུལ་པ་ནི། །སྔོན་པོ་ལག་ནམ་ཐོད་དབྱུག་ཐོགས། །བསྐལ་པ་མེ་ཡི་ཀློང་ན་བཞུགས། །ཕྱེད་ཚལ་བཀས་པ་བསྒོམས་ནས་ཀྱང་། །སྡིག་པའི་སྔགས་ནི་བརྒྱ་རྩ་བརྒྱད། །གལ་ཏེ་ལས་བྱེད་གྱུར་པ་ན། །གཏང་རག་རང་གི་རྫས་ཀྱིས་གཏང་། །མ་མོས་མ་གྲུབ་འདི་ཡིས་གྲུབ། །མ་མོ་གིང་ཉིད་ཡིན་ཕྱིར་རོ། །བདུད་ལ་གཏད་དམ་ཡང་ན་འདི། །དུར་ཁྲོད་ཡང་ན་དབེན་པར་ནི། ས་ཡི་མཎྜལ་གྲུ་བཞི་པར །ཐིག་བཏབ་ལེ་ཚེ་བཞི་པར་ནི། །དབུས་དང་ཕྱོགས་བཞིར་ལེ་ཚེ་ལྔར། །ཁམ་པའི་སླུས་མ་ལྔ་ནང་དུ། །ཆང་ཕུད་མ་ཉམས་སྙིང་ཁྲག་གསུམ། །ཁྱུ་བ་ཤོད་ན་ཙ་ར་ཡི། །ཁྲག་གསུམ་སྙིང་གསུམ་སྦྱར་ཏེ་བླུགས། །གོས་ཐོད་ནག་་པོ་གོན་བཅིངས་ནས། །དཔལ་གྱི་མཚན་མ་རྣམ་གསུམ་གདབ། །ཉུངས་ཀར་ཉུང་ས་ནག་ཙིཀྟའི་དུམ། །ཡག་གབ་མེད་པའི་སྣོད་ནང་གཞུག །དཔལ་གྱི་སྔགས་བཟླས་གཡབ་ནག་དོར། །མ་མོ་མངོན་དུ་འོང་བར་བསམ། །མ་མོས་གཡབ་ནག་བོར་བཟླས་པས། །བདུད་ཕྲུག་མངོན་དུ་འོང་བར་བསམ། རྣམ་གསུམ་ལུས་རྗེས་མགོ་མ་གཉིས། །བདུད་ཕྲུག་ལྕགས་སྤྱང་བདག་འགྱུར་ཏེ། །གཏོར་མ་ལྔ་ལ་གཟུགས། །ངན་སྔགས་བཟླས་པས་ལྕགས་སྦྱང་ལྔས། །ལྔ་ལས་ལྔ་ན་འཕྲོས་པས་ཟས། །རྫས་གསུམ་བཟླས་ཏེ་ལ་རུ་འཕང་། །སུམ་འབུམ་ངེས་པར་ཐུན་པ་དང་། །རང་གི་རྐང་སྲིན་ཁྲག་ཕྱུང་ལ། །སྟོང་རྩ་བརྒྱད་ཀྱིས་གཟུགས་ལ་འཕང་། །གཅིག་ནི་ཞིང་ངམ་ཁྱིམ་དབུས་སྦ། །བཞི་ནི་ཕྱོགས་བཞིར་སྦ་བྱས་ཏེ། །ཕྱོགས་ཀྱི་ཆེན་པོ་བཞི་ལ་གཏད། ཁྲེན་ཏུ་འདི་ཉིད་མ་གྲུབ་སྟེ། །ཟླ་གསུམ་རྟགས་ནི་མ་བྱུང་ན། །ལོ་གཉིས་དག་ན་འབྱུང་བར་འགྱུར། །གལ་ཏེ་དེས་ཀྱང་མ་བྱུང་ན། །རྒྱལ་པའི་མ་མོ་གསེར་མིག་གཟུགས། །སེར་མོ་སྐྲུ་གྲི་རྣོན་པོ་ཐོགས། །འཁོར་ནི་མ་མོ་ཁྲོ་བོས་བསྐོར། །གསོད་པར་སྒྲ་སྐད་སྔགས་པ་ཡིས། །ལྕགས་སྦྱང་ཤིན་ཏུ་འདར་བར་སྒོམ་ཟློས་པ་རྣ་བར་མི་ཐོས་ཤིང་། །ཉལ་ན་ཡིད་ཀྱི་བརྒྱ་ཡིས་བདབ། །ཐམས་ཅད་ཀུན་ལ་བྱ་མིན་གསང་མི་བསྒྲགས། །འདོད་པ་ཁམས་ཀྱི་དབང་མོའི་རྒྱུད་ལས། །ཡང་ཏིག་བདུད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དཔལ་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། །སྒྲུབ་ཐབས་ཐམས་ཅད་འབྱུང་བ་རྫོགས་སོ།། །།