Ngb-pt-0789-vol-08-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-700-799/ngb-pt-0789-text.docx.wiki to Ngb-pt-0789-vol-08-text) |
Latest revision as of 10:48, 20 March 2020
Front
Body
པའོ།། །། རྒྱ་གར་སྐད་དུ། །ཙིརྟི་ཐུན་ཀྭ་ལིན་མ་ཏན་ཏྲ། །བོད་སྐད་དུ། །སྙིང་ཟོར་ནག་མོའི་རྒྱུད་ཅེས་བྱ་བ། །དཔལ་ལྡན་རྡོ་རྗེ་འཛིན་པ་ལ། །སྒོ་གསུམ་ཀུན་ནས་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ཁྲོ་བདག་ཕྱག་ན་རྡོ་རྗེ་ལ། །ཐམས་ཅད་འདུས་པའི་མ་མོས་བསྐོར། །ཀུན་གྱིས་བདག་ཉིད་ཁྲོ་མོའི་རྒྱལ། །བལ་མོ་ནག་མོ་ཀུན་དུག་མ། །དེ་ཉིད་གནད་ལ་བོར་བས་ཀྱང་ ཐམས་ཅད་འདུས་པའི་དངོས་གྲུབ་ཐོབ། །དེ་ཉིད་གནད་ལ་དབབ་པའི་ཕྱིར། །དངོས་གྲུབ་འདོད་པའི་རྣལ་འབྱོར་པས། །བརྟག་དང་ས་གཞི་གཟུང་བར་བྱ། །བྲག་དམར་ཆོལ་ཟངས་འདྲ་བ་འམ། །སྲིན་མོའི་རིལ་པ་འདྲ་བ་འམ། །ཡང་ན་མི་རོ་གསར་རྙིང་ས། །ཡང་ན་ཉམས་དགའ་ཉིད་དུ་བཟུང་། །ནམ་མཁའ་གྲུ་གསུམ་ཟླ་གམ་འདྲ། །དེ་དང་མཐུན་པའི་གནས་ཉིད་དུ། །སྒྲུབ་པ་པོས་ནི་ཟ་གཞི་གཟུང་། །དེ་ནས་དཀྱིལ་འཁོར་བཤམ་པར་བྱ། ཟུར་བཞིར་བྲོད་པ་བཞི་གཞག་སྟེ། །ནང་དུ་་ག་ཡིག་ཁྲག་གིས་བྲིས། །ཐོད་པ་བཞི་ལ་ཤེས་པར་བྱ། །རྣམ་ཤེས་ཚང་བའི་ལིང་ག་བཞི། །སོ་སོ་བཞི་ལ་ཤེས་པར་བྱ། །སྒག་དང་རྦེལ་སྦྲེལ་སྙིང་ཁར་བྲི། །ཚད་ནི་མདའ་གང་གྲུ་བཞིའོ། །རི་རབ་བཞིན་དུ་བརྩིག་པར་བྱ། །དམེ་ཁྲག་གསུམ་གྱིས་ཆག་ཆག་གདབ། །ཏྲག་རག་ཤ་ཛ་ལ་མཎྜལ་ས་མ་ཡ་ཧཱུཾ༷་ཕཊ། །ཅེས་པ་ཡིས་ནི་ཆག་ཆག། །དེ་ནས་ཐིག་གདབ་དཀྱིལ་འཁོར་བྲི། །ཏྲག་རག་ཤ་ས་མ་ཡ་ཏིཛི་ལྷན། །ཅེས་པ་ཡིས་ཐིག་གདབ་པོ། །དབུས་སུ་གྲུ་གསུམ་སུམ་བརྩེགས་དགོད། །ཟླ་གམ་དམར་པོ་མུ་ཁྱུད་བསྐོར། །ཐོད་པའི་ར་བ་ཤེས་པར་བྱ། །གྲུ་ཆད་ལྗང་ཁུ་སྒོ་རྣམས་ལྕགས། །ཇི་ལྟར་མཛེས་པར་བྲི་བར་བྱ། །ཞེས་གསུངས་སོ། །སྙིང་ཟོག་མོའི་སྐབས་དང་པོའོ།། །།དེ་ནས་རྫས་བསག་པ་དང་། །ཡི་གེ་སྔགས་ཀྱི་གྲངས་བསྟན་པ་འདི་གསུངས་སོ། །སྣོལ་གྲིའི་ཐོད་པ་མངལ་ཁྲག་དང་། །གཏོར་མ་སྣོད་དང་མཆོད་རྫས་བཤམ། །དེ་ནས་བདག་པོ་བསྐྱེད་པར་བྱ། །བདག་མོ་བསྐྱེད་པའི་ཐུགས་ཀ་ནས། ཁུ་ཡི་ཡི་གེ་ཏྲག་ཕྱུང་སྟེ། །དབུས་ཀྱི་མཐིང་ནག་གྲུ་གསུམ་ལ། །ཞིང་ཆེན་བརྡལ་ལ་གསལ་བར་བསྐྱེད། །མ་མ་ཏྲག་རག་ཤ་ས་མ་ཡ་ཧཱུཾ༷། །ཞེས་པ་ཡིས་ནི་བསྐྱེད་པར་བྱ། །དེ་ནས་བལ་མོ་ཀུན་དུག་མ། །སྐུ་མདོག་མཐིང་ནག་འབར་བ་ལ། །ཕྱག་གཡས་ཞེ་སྡང་ཙིཀྟ་བསྣམས། །གཡོན་ན་སྤྱང་མོ་དགུ་འབུམ་བསྣམས། །དུར་ཁྲོད་རྒྱན་ཆ་མང་པོས་ཀླུབས། །རྔམ་པའི་ཚུལ་གྱིས་མཆེ་བ་གཙིགས། །དེ་ལྟར་བལ་མོ་བསྐྱེད་པར་བྱ། །དེ་ནི་བསྙེན་པའི་དཀྱིལ་འཁོར་རོ། །སྒྲུབ་པའི་དུས་སུ་འདུ་ལྟར་བྱ། ཁུ་གསུམ་མཐིང་ནག་བཙིག་པར་བྱ། །པདྨའི་རག་ཏས་ཁ་བྱུགས་ལ། །ནང་དུ་སོལ་ཆེན་གཏང་བར་བྱ། །ཕུར་རྩང་རྩ་གཅིག་ཁ་ལ་བསྐོར། །དེ་ནས་ལུབར་བ་དཀར་པོ་ལ། །བལ་གམོ་ནག་མོས་དབང་བསྐུར་བྱེད། །གྲུ་གསུམ་ལིང་ག་སྙིང་དང་ལྟེ་བར་དགོད། །ཅེས་དབང་བསྐུར་བ་འདི་གསུངས་སོ། །ཏྲག་རག་ཤ་ཙིསྟ་མྱོགས་མྱོགས་ཐུམ་རིལ་རྦད། །ཨེ་ཧེ་དཀར་ལྡན་མྱོགས་ཙིསྟ་རྦད་ཐུམས་རྦད། །མུགས་ཐིབས་ས་ངེས་ཁ་ཤར་ཕྱུང་། །ལུབས་ལུབས། །སོད་སོད། །ཆེ་གེ་མོ་མྱ་ར་ཡ། །ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ། །ཡི་གེ་སུམ་ཅུ་འདིས་དབང་བསྐུར་པར་བྱའོ། །དེ་ནས་འཕྲིན་ལས་མི་འགལ་བའི་སྒོ་ནས་སྤྱན་དྲང་བར་བྱའོ། །ཧཱུཾ༷། ཁྲར་ཕྱོགས་གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དུ། །བལ་མོ་དཀར་གསལ་བྱེ་བ་འབུམ་གྱིས་བསྐོར། །ཞི་བའི་ཐུགས་ཀྱིས་དགྲ་བགེགས་འདུལ་མཛད་ཅིང་། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །དམ་ཉམས་བསྣོལ་བའི་གདན་ལ་བཞུགས་སུ་གསོལ། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཧཱུཾ༷། །ལྷོ་ཕྱོགས་སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བལ་མོ་ཀུན་དུག་རྔམ་ཆེན་ག་་པའི་སྐུ། །སེར་མོ་གཡང་གཞི་གསོལ་བའི་རལ་པ་ཅན། །སེར་ནག་བལ་མོ་འབུམ་གྱི་ཚོགས་ཀྱིས་བསྐོར། །རྒྱས་པའི་འཕྲིན་ལས་མཐར་ཕྱིན་འགྲོ་དོན་མཛད། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །དགྲ་བགེགས་བསྣལ་བའི་གདན་ལ་བཞུགས་སུ་གསོལ། །རྣལ་འབྱོར་བདག་ལ་དངོས་གྲུབ་རྩོལ། ཧུ༷། ནུབ་ཕྱོགས་དམར་་གྲུ་གསུམ་དཀྱིལ་འཁོར་ནས། །དམར་མོ་མི་བཟད་འབར་བའི་རལ་པ་ཅན། །བལ་མོ་དམར་མོ་བྱེ་བར་བཅས། །དབང་དང་བྱིན་རླབས་ཤིན་ཏུ་རྫོགས་མཛད་མ། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར། །དགྲ་བགེགས་བསྣོལ་པའི་གདན་ལ་བཞུགས་སུ་གསོལ། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། ཧཱུཾ༷། །བྱང་ཕྱོགས་ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བལ་མོ་ལྗང་ནག་ཁྲོ་གཉེར་རལ་པ་ཅན། །བལ་མོ་ནག་མོ་འབུམ་ཕྱིས་བསྐོར། །དྲག་པོའི་འཕྲིན་ལས་དོན་ལ་བརྩོན་འགྲུས་ཆེ། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར། །དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས་སུ་གསོལ། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །སྒག་ར༷་ཏྲག་ནི་སུ། །ཏྲག་ཁ༷་ཏྲག་ཡ༷། །ས་མ་ཡ་་ག་སྟ༷། །ཞེས་བཞུགས་སུ་གསོལ། །བསྟོད་པ་བྱའོ། །ཧཱུཾ༷། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཁྲོ་མོ་ཟ་བྱེད་འཇིགས་པའི་སྐུ་བྱུང་བ། །བལ་མོ་ཀུན་དུག་རྔམ་ཆེན་ཧ་ལའི་སྐུ། །མཐིང་ནག་མི་སྲུན་འཇིགས་པའི་འོད་ཟེར་འཕྲོ། །རལ་པ་སྦྲིན་དམར་ནམ་མཁའ་ཡོངས་སུ་ཁེབས། །ཟ་བྱེད་དབུ་ཡིས་དུག་ལྔ་ཞེ་ལ་གནོན། །སྙན་ནས་འབྲུག་སྒྲོགས་ཤངས་ནས་བུ་ཡུག་སེར་ཅེན་འབེབས། །སྤྱན་ནས་མེ་འབར་བདུད་བཞི་ཐལ་བར་སྲེག་ཤངས་ནས་ཧཱུཾ༷་གི་སྒྱུག་པས་འཇིག་རྟེན་འགེངས། །ཞལ་ནས་ཁྲག་རིམས་འཇིག་རྟེན་ཡམས་ནད་གཏོང་། །གདུག་པའི་མཆེ་བས་ཟ་བྱེད་སྟོང་ཁམས་སྒྲོལ། །ཕྱག་གཡས་སྙིང་འབྱིན་ཙིཏི་དགུ་བརྒྱ་བསྣམས། །གཡོན་ན་ཕོ་ཉ་སྤྱང་མོ་དགུ་འབུམ་འགྱེད། །བལ་མོའི་ཕུ་དུང་འཇིག་རྟེན་ཕུང་བར་བྱེད། །འཁར་བ་བརྡབས་པས་སྲིན་གསུམ་དབང་དུ་སྡུད། །སེང་ལྡེང་ཕུར་བུས་སྐྱེ་ཤི་རྩ་ནས་གཅོད། །སྦྲུལ་ནག་སྟོང་གིས་ཐོད་དང་ཡན་ལག་བརྒྱན། །ཞིང་ཆེན་གཡང་གཞིས་མ་སྟོང་ལས་ལ་འཇུད། །སྟག་གི་ཤམ་ཐབས་སྲིད་གསུམ་གནད་ལ་བོར། །འཕྲིན་ལས་ཐལ་ཆེན་ཁྲག་དང་ཞག་གི་རིས། །ཞབས་ཀྱིས་བརྐྱང་བསྐུམ་དང་ཉམས་སྙིང་སྟེང་གཟེར། །ཐམས་ཅད་དབང་སྡུད་བལ་མོ་ཀུན་དུག་མ། །སྟོབས་ལྡན་ནག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་ཡི་གེ་སུམ་ཅུ་པ་འདི་བསྙེན་པ་འབུལ་ལོ། །མ་མ་ཏྲག་རག་ཤ་ཁ་མུན་ཏྲ། །ས་མ་ཡ་བལ་དུག་ཀུན་དུག། །ཨེ་ཀ་ཛ་ཞི་སྟིབ་ཏ་ཙཀྲ་ཀྲོ་དྷ་མ་ཛ་སྨྱོ་སྨྱོ། །སྙིང་ཟོར་ནག་མོའི་རྒྱུད་ལས། །བསྙེན་པ་སྔགས་ཀྱི་གྲངས་དང་རྫས་བསྟན་པའི་སྐབས་ཏེ་གཉིས་པའོ།། །།དེ་ནས་སྒྲུབ་པའི་སྔགས་བསྟན་པ་དང་། །རྦད་ཅིང་དབང་བསྐུར་བ་འདི་གསུངས་སོ། །དེ་ལྟར་བསྙེན་པ་རྫོགས་པ་དང་། །ཡི་གེ་བཅུ་བདུན་པ་འདི་གསུངས་སོ། །ཏྲག་རག་ཤ་སྙིང་ཁ་མུན་ཏྲ། །་ག་རག་མོ་བདུན་སྦྱོ་ཛ། །འདི་རྦད་དོ། །སྒག་རག་ཤ་སྙིང་བམ་རིལ། །སྙིང་ཁ་རལྟི་སྟ་རྦད། །ཙག་ལེ་མུ་རུ་བ༷། །ཙག་ལེ་མེ། །སྲོག་ཐུམས་རྦད། །སྲོག་བ༷་རིལ། །ཞེས་བསྐུལ་བར་བྱའོ། །ཧཱུཾ༷། །དུག་ལྔ་དབང་སྡུད་དཀྱིལ་འཁོར་ནས། །བལ་མོ་ནག་མོ་ཀུན་དུག་མ། །སྐུ་ནི་ལྷིང་ནག་དུག་རྩུབ་མ། །དབུ་ནི་ཞེ་སྡང་ཐོར་ཚུགས་ཅན། །ཞེས་སྡང་འབར་བས་རྡུལ་དུ་ལྷོགས། །ལྡིང་ནག་དུག་གིས་མྱོས་ཏེ་བསད། །ཕྱག་གཡས་ཞེ་སྡང་ཙིསྟ་བསྣམས། །དགྲ་སྙིང་དམར་པོ་ཚལ་བར་འགེམས། །དགྲ་སྙིང་དབྱུང་བའི་དུས་ལ་བབ། །གཡོན་ན་ཞེ་སྡང་སྦྱང་མོ་འགྱེད། །དགྲ་བོའི་གནས་སུ་མྱུད་དུ་རྒྱུག །འཇིགས་བྱེད་ཆེན་པོའི་ཕོ་ཉ་འགྱེད། །སྲོག་གི་རྩ་བ་ཆོད་ལ་ཤོག །སྙིང་གི་རྒྱུད་མ་ཆོད་ལ་ཤོག །འགོ་བའི་ལྷ་ལྔ་དབང་དུ་སྡུས། །མངོན་སྦྱོད་དྲག་པོས་དབང་དུ་སྡུད། །ཞལ་དུ་ཁྲག་དམར་ཆེན་པོ་གསོལ། །རག་ཏ་དམར་མོར་འཐུངས་ལ་ཤོག །ཁྲག་འཐུང་ཆེན་པོ་ད་ཚུར་སྤྱོན། །དམར་འབྱིན་ཆེན་པོའི་དུས་ལ་བབ། །གདུག་པའི་མཆེ་བས་སྟོང་ཁམས་སྒྲོལ། །ཀླད་པ་རྒྱས་ཀྱི་སྒོ་ཕྱེ་ལ། །ཀླད་ཟན་ཆེན་མོ་ད་ཚུར་བྱོན། །དབུ་ཟ་ཆེན་མོ་རལ་པ་ཅན། །ཀླད་བདག་ཆེན་མོའི་དུས་ལ་བབ། །འཇིགས་པའི་རྒྱན་ཆ་མང་པོས་བརྒྱན། །སྦྲུལ་ནག་སྟོང་གིས་འཆིང་ཞིང་སྡོམ། །མི་ལྤགས་གཡང་གཞི་འཕྱར་ཞིང་སྡུད། །མ་ཆེན་སྟོང་ནི་ལས་ལ་འཇུད། །འཕྲ་མེན་མཁའ་འགྲོ་དབང་དུ་སྡུད། །འཕྲིན་ལས་མཁའ་འགྲོ་ཕོ་ཉར་གཏོང་། །བདུད་དང་སྲིན་པོ་དབང་དུ་སྡུད། །འབྱུང་པོ་ཕོ་ཉ་དབང་དུ་སྡུད། །ཕུང་བྱེད་ནག་མོའི་དུས་ལ་བབ། །ཞེ་སྡང་ཞབས་ཀྱིས་ཕྱོགས་བཅུར་རྒྱུག །སྲིད་པ་གསུམ་ག་དབང་དུ་སྡུད། །འཇིག་རྟེན་གསུམ་དུ་རིམས་ནད་གཏོང་། །བུད་མེད་ནག་མོ་འབུམ་གྱིས་བསྐོར། །ཀུན་དུག་ཁྲག་སྒྱུག་དུས་ལ་བབ། །ཅེས་རྦད་དོ། །སྙིང་ཟོར་ནག་མོའི་རྒྱུད་ལས། །སྒྲུབ་པའི་སྐབས་ཏེ་གསུམ་པའོ།། །།དེ་ནས་ཐུགས་དམ་བསྐང་ཞིང་གྲུབ་མ་གྲུབ་ཀྱི་མཚན་མ་བརྟག་ཅེས་བྱུ་བ་འདི་གསུངས་སོ། །རྨ་བྱའི་རྒྱལ་མཚན་དུ་དར་དང་། །རྣེལ་གྲིར་ཤ་བའི་སྙིང་ཆེན་དང་། སྣ་ཚོགས་སྨན་དང་གོ་རོ་ཙ་ནའི་མཆོག །སྣ་ཚོགས་དར་དང་མེ་ལོང་དང་། ཁེང་ཀུན་ལ་སོགས་སྨན་རྣམས་དང་། །སྣ་ཚོགས་ཤ་ཡི་གཏོར་མས་བསྐང་། །གྲུབ་པའི་རྟགས་རྣམས་བཤད་པ་ནི། །བུད་མེད་བྱུང་ན་དངོས་གྲུབ་འཕེལ། །ཁྱོ་གར་བྱུང་ན་དགྲ་ལ་མྱུར། །བཙུན་མར་བྱུང་ན་འཁོར་ལ་གཟན། །བྱ་ནག་བྱུང་ན་ཐུགས་དམ་བསྐང་། །ཁྱི་རུ་བྱུང་ན་དམ་ཚིག་ཉམས། །ཕྱི་བཤགས་ནང་བཤགས་ཁྲུས་མཆོག་བྱ། །མོ་ཉིད་བསྟོད་གཟུགས་ཉི་ཤུ་གཅིག །གཙོ་མཆོག་ཡིན་པར་ཉམས་སུ་བླང་། །མོན་མོར་བྱུང་ན་མོ་ཉིད་དངོས། །བསྒྲུབ་མཆོག་དམ་ཚིག་གཙང་པ་ཡིན། །ཁྱུང་མཆོག་ཅན་གྱིས་དབང་བསྐུར་ཏེ། དངོས་གྲུབ་ཆེན་པོ་རྩོལ་བར་བསྐུལ། དེ་ནས་དགྲ་རྟགས་བཤད་པར་བྱ། གཡག་ཏུ་བྱུངན་འབྲིང་པོར་འོང་། བ་ལ་བྱུང་ན་དེ་བས་མྱུར། །རི་དྭགས་བྱུང་ན་དེ་བས་མྱུར། །དངོས་སུ་བྱུང་ན་དེ་བས་མྱུར། །ཙ་ར་ཇ་རྐུན་བྱེད་ན་བཟང་། །འཐབས་ཏེ་མཚོན་བཏབ་བརྒྱབ་ན་བཟང་། །ཁོ་རང་བརྩོན་དུ་བཟུང་ན་རབ། །དམག་དཔུང་ཆེ་བས་གྲངས་ན་བཟང་། །མ་གྲུབ་རྟགས་རྣམས་བཤད་པ་ནི། །བཙན་མོ་ལྟ་བུར་བྱུང་ནང་ན། །ཕར་ལ་ཕྱག་འཚལ་ཤིན་ཏུ་ངན། །ལུག་དང་རྟ་རུ་བྱུང་ན་ངན། །སྙིང་མི་དགའ་ལ་འགྲོ་སྙིང་འདོད་། འདི་ནི་རང་ལ་ཉམས་སུ་བརྟག །སེང་སེང་བྱེད་ལ་གཡལ་ཞིང་སྤྲིད། གོང་དུ་སྨོས་པའི་རྫས་ཀྱིས་བསྐང་། བྱིང་ཞིང་འཐིབས་ན་གྲིབ་མས་ཕོག །ལྟོགས་ལ་གཞན་གྱི་ཟས་འདོད་ན། །བྱ་ནག་སྨུག་ནག་ཐུགས་དམ་བསྐང་། །དེ་བས་ཁྱད་པར་སྒྲ་རྟགས་ནི། །སྙིང་ཏུན་དུས་སུ་འདི་ལྟར་འབྱུང་། །སེམས་ཅན་ཙིཏི་དངོས་སུ་འབྱུང་། །རོ་རུ་བྱུང་ན་ཐེ་ཚོམ་མེད། །དངོས་སུ་བྱུང་ན་ཕུར་ཐུན་གདགས། །རོ་འམ་སྙིང་ལ་བསྔགས པ བཞིན། །ཐོགསཔ་མེད་པར་མཚོན་གྱིས་གདབ། །ཐུན་སྣོད་འབྲུབ་ཁུང་གཉིས་སུ་འབྱུང་། །ཐུན་སྣོད་དང་བཅས་འབྲུབ་ཁུང་གནན། །ཙིསྟ་བྱུང་ན་ཞལ་དུ་རྔུབ། །དེ་ལ་རྟགས་མི་འགོར་གི་ཆོས། །ཕུར་ཐུན་རྟགས་རྣམས་བསྟན་པ་ནི། །མཁར་པའི་རྩ་རུ་གཟན་ཟན་རྗེ། །བུ་ཆུང་རྗེས་སུ་འོང་བར་བཤད། །ཕུར་པས་གདབ་ཅིང་སྦྱིན་སྲེག་བྱ། །བྱ་རྗེས་བྱུང་ན་མ་མོ་ཉིད། །སྔགས་ཀྱི་དབང་བསྐུར་ལས་ལ་རྦད། །སྦྱིན་སྲེག་ལས་ཀྱི་ཁ་ཚར་དེ། །ལྟས་ངན་ཟེར་བ་དེ་བཞིན་ནོ། །སྙིང་ཟོར་ནག་མོའི་རྒྱུད་ལས། །མཚན་མ་རྟགས་ཀྱི་སྐབས་ཏེ་བཞི་པའོ།། །།དེ་ནས་ཐབས་འཕྲིན་ལས་ཀྱི་བསྒྲུབ་པ། །སྙིང་ཐུན་ཟོར་གྱི་ལེའུ་འདི་གསུངས་སོ། ཁེན་ཏུ་རལ་པའི་ཐོད་པ་ལ། །མ་དང་སྒག་གཉིས་དགོད་པར་བྱ། །ཁྲག་དང་སྙིང་སྣའི་ཕྱེ་མ་བསླུགས། །མཐིང་ནག་དར་གྱིས་གྲིལ་བར་བྱའོ། །བུད་མེད་མཚལ་ཆེན་སྨེ་ཡི་ཁྲག །བྱང་ཆུབ་སེམས་དང་སྦྱར་བར་བྱ། །དེ་བཞིན་གྲུ་གསུམ་བདུན་བྱས་ཏེ། །གཅིག་ཏུ་མེད་ལོང་གཞག་པར་བྱ། །གཅིག་ལ་སྐྱེར་བའི་ཕུར་པ་ལ། །ཐུན་གྱིས་མ་མོར་དབང་བསྐུར་ཏེ། །གཅིག་ཏུ་དུག་ཤིང་སྦྱིན་སྲེག་བརྩིག །གཅིག་ཏུ་ཐུན་གྱི་ཕོར་པ་གཞག །གཅིག་ཏུ་སྔགས་ཀྱིས་དགུག་པར་བྱ། །གཅིག་ཏུ་ལྷ་དང་ཕྲལ་ཏེ་བསད། །གཅིག་ཏུ་དྲག་པོའི་རྫས་བཅུག་ལ། །ཁ་སྤུད་ཀླུ་ལ་གཏད་པར་བྱ། །ཞེས་དྲག་སྔགས་བདུན་པ་འདི་གསུངས་སོ། །ཏྲག་རག་ཤ་ཁ་མུན་ཏྲ་མ་རུ་ལ་རུ་ལུ་ཧཱུཾ་སྨྱོ་སྨྱོ། །ཏྲག་རག་ཤ་ཏི་སྣ་སམ་ཡ་སྨྱོ། །ཨེ་ཀ་ཛ་གི་སྙིང་ཁ་རག་ཤ་བམ་རིལ་སྨྱོ། །ཨ་ཀར་ནག་མོ་རག་མོ་ཡག་ཤ་སྨྱོ། །་ག་རག་ཤ་སྙིང་ལིང་རྦུད། །་ག་རག་ཤ་ར༷་རག་ཏ་ཐུན་སྨྱོ། །དེ་ནས་ལིང་ག་བཅའ་བའི་མན་ངག་འདི་གསུངས་སོ། །འཁོར་ལོ་བཞི་བཅས་དབུས་སུ་རླུད་དེ་དབུས་རླུད་ལ་འཁོར་ལོ་བྲི། །སྒྲོམ་སུ་ཡ༷་གསང་བར་ར༷། །ལྟེ་བར་ཁ༷་ཡིན་སྙིང་ཁར་ཁི། །དེ་བཞིན་འཁོར་ལོ་་ག་བཞི་དགོད། །བདུན་བྱང་མིང་རུས་དྲག་སྔགས་བདུན། །གཡས་ནས་འཁོར་བར་ང་ཡིས་བཤད། །དེ་ནས་འཕྲིན་ལས་མ་མོ་བཟི། །ལིང་ཁ་དྲེགས་པའི་ལུས་དགོད། །སྤྱི་བོར་དཀར་མོ་ཁྱུང་ཐོགས་མ། །སྙིང་ཁར་ནག་མོ་མཆེ་བ་ཅན། །ལྟེ་བར་སེར་མོ་གཡང་གཞི་ཅན། །གསང་བར་དམར་ལྗང་ལྒབྲུག་མོ་བསྐྱེད། །གོང་གི་ཚིག་བཤད་བརྗོད་བྱ་ཞིང་། །བདག་ལ་དབང་བསྐུར་དངོས་གྲུབ་སྩོལ། །ཞེས་སྔགས་འདིས་བདག་དང་གཉིས་མེད་བསྟིམ། །ཨོ་རག་ཤ་རེའུ་ཏྲི་ས་མ་ས་ཏི་ཛི་ལྷན། །ཞེས་གཉིས་སུ་མེད་པར་བསྟིམ་མོ། །སྙིང་ཟོར་ནག་མོ་རྒྱུད་ལས། །དྲག་སྔགས་སྣ་ཚོགས་ཀྱི་སྐབས་ཏེ་ལྔ་པའོ།། །།དེ་ནས་ཕུར་ཐུན་ནག་པོའི་ངན་སྔགས་སྒྲོལ་གིང་བསྒྲུབ་པ་འདི་གསུངས་སོ། །ལྕགས་སམ་སེང་ལྡེང་ཕུར་བ་ལ། །གཟི་བྱིན་བསྐྱེད་པའི་དྲག་སྔགས་འདི། །སྒག་རག་ཤ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། །རག་མོ་ཏེ་ཀུན་ཙ་ཙ་ཁ་ལ་སྨྱོ། །རུ་ལུ་རུ་ལུ་མ་ཏིང་སྨྱོ། །རྣལ་མ་རྣལ་ཏེ་གསོད་ལརྔམ། །གཤོལ་ལ་མེར་མེར། །ཕྲིས་ལ་ཆུམས་ཆུམས་ཐུ་བྱི་ཐུ་ལྕགས་ཀྱི་སྒྲ། །ཨོ་ཐྲི་མཉུ་ཡ་མ་རྭ་ཛ་ཨེ་ཀ་ཛ་གི་ཛ། །ཞེས་བསྒྲུབ་བོ། །དར་མཐིང་ནག་གི་ཅོད་པན་གདགས། །འདིས་ཐུགས་དམ་གྱི་མ་མོ་དབང་བསྐུར་ཏེ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིབྷ་ནན་བ༷་ཧཱུཾ༷། །སྒག་་ག་གུར་ལན་སེར། །ཏུག་ཏུག །ཅེས་རྫས་ཀྱིས་དབང་བསྐུར། །དེ་ནས་འདིས་གདབ་པར་བྱའོ། །ཙིསྟ་རྦད། །ཁུག་ཡ་ཕུག །མྱོགས་ཐུབ་བ༷་རིལ། །ཞུང་ཞུང་ཆུ༷་ཆུ༷། །ཏྲ་ཏྲག་ཤ་མུགས་ཐིབས། །སུབས་ཁུག་སྟོ། །ཆོག་རྣི་འགྱེལ་ཁ་ལ་སྟ་རྦད། །ཅེས་བྲ་བའི་སླུད་བུ་ལ་བརྟེན་པར་བྱའོ། །སྙིང་ཟོར་ནག་མོའི་རྒྱུད་ལས། །ཕུར་ཐུན་ནག་པོའི་ངན་སྔགས་སྒྲོལ་གིང་གི་སྐབས་ཏེ་དྲུག་པའོ། །དེ་ནས་ལས་ཐམས་ཅད་ཀྱི་མཇུག་བསྡུ་བ། །ངན་སྔགས་མནན་པ་འདི་གསུངས་སོ། ཁེན་ཏུ་མཚན་ངན་ཐོད་པ་ལ། །དབུས་སུ་ལིང་ག་ཕྱོགས་བཞིར་སྒག །ར༷་ཡ༷་སུ་ཁ༷་མཚམས་བཞིར་དགོད། །མིང་རུས་དེར་བསྐོར་དྲག་སྔགས་བདུན། །ཚངས་པར་དེ་བཟླས་རྒྱུན་སྲངས་མནན། ཁྱི་ནག་བྱ་་ནག་ལྤགས་པས་བརྟན། །ཕྲིན་ལས་མོ་བོད་པར་བྱ། ཞེས་གསུངས་སོ། །སྙིང་ཟེར་ནག་མོའི་རྒྱུད་ལས་ངན་སྔགས། །མནན་པའི་སྐབས་ཏེ་བདུན་པའོ།། །།དེ་ནས་ཙིསྟ་ཡང་སྙིང་རོ་ལངས་སྒྲོལ་པ་དངོས་གྲུབ་ཀྱི་ཁྱད་པར་གྱི་སྐབས་འདི་གསུངས་སོ། །ས་སྟེགས་གྲུ་བཞི་རི་རབ་བརྩིག །དེ་ནས་བདག་ཉིད་ལྷ་མཆོག་ཏུ། །རྫོགས་པའི་ཚུལ་དུ་སྐུར་བསྐྱེད་དོ། དུར་ཁྲོད་གནས་ནས་རོ་བཙལ། ་་ནས་ཞག་བདུན་ལོན་པའི་ཚེ། །བུད་མེད་མཛེས་པའི་རོ་བཙལ་ལོ། །དར་ཞིང་འཕེལ་བའི་རོ་ལ་བསྒྲུབ། །དེ་ནས་རོ་ཉིད་བཀྲུ་བར་བྱ། །རྟེན་དང་བྲལ་བ་སྔོན་དུ་བྱ། །བདུད་རྩི་ལྔ་ཡི་རྫིས་རྣམས་ལ། །གུར་ཀུམ་སྨན་དང་དྲི་ཆེན་སྤོས། །སྣ་ཚོགས་དྲི་ཡི་ཆུ་ཡིས་བཀྲུ། །དེ་ལ་དཀྱིལ་འཁོར་སྡུ་བར་བྱ། །སྙིང་ཁར་གྲུ་གསུམ་གྲུ་བཞི་ནི། ཁེང་ཚ་ལྡོག་རོས་དག་གིས་བྲིས། །དབུས་ཀྱི་ཕོ་བྲང་ཨེ་ལ་ནི། ཁྲེས་རབ་མཚལ་གྱིས་ཏྲག་བྲིའོ། །གྲོ་ག་ཤིང་ཤུན་དག་ལ་ནི། །དངོས་གྲུབ་ཅི་འདོད་དམར་བྱང་བྲི། །དེ་བཞིན་སྒག་གི་དབུས་སུ་གདགས། །ལྟེ་བར་ལས་ཀྱི་དཀྱིལ་འཁོར་བྲི། །འཁོར་ལོར་བཞི་བྲིས་་ག་བཞི་དང་། །ར༷་ཡ༷་སུ༷་ཁ༷་ཙ་ཀར་བྲི། །འབྲུབ་ཁུང་དཀྱིལ་འཁོར་གསང་གནས་ཉིད། །ནགས་ཚལ་སྐྲུ་གྲི་གཏམ་པར་བསམ། །སྙིང་ཁར་རོ་བདག་མོན་མོ་སྟེ། །ལྟེ་བར་སྲིད་པའི་རྒྱལ་མོ་བསམ། །ཁ་མ་བལ་མོ་ནག་མོ་བསྐྱེད། །རྒྱབ་ཏུ་གནོད་སྦྱིན་འགྲམ་རིང་ཡབ་ཡུམ་གཉིས། །རང་དང་ཙ་ལས་བསྐྱེད་པར་བྱ། །གཞན་དང་ལུས་དང་རྣམ་ཤེས་ལ། །མོན་མོ་འབུམ་གྱིས་བསྐོར་བ་ཡིན། །ཐམས་ཅད་མ་ཡིས་ས་བོན་དགོད། །དེ་ནས་དཀྱིལ་འཁོར་དར་གྱི་གུར་ཁང་དབུབ། །བཅུ་གསུམ་པར་དུ་བསྒྲུབ་པ་བྱ། །སོ་སོའི་སྔགས་ཀྱིས་བར་བར་གཅད། །ཙ་རེ་ཡམས་ཀྱིས་སོ་སོར་གསུམ་སྔགས་བརྗོད། །རའུ་རེའུ་གྱིས་དང་པོར་མཆོད། །གཉིས་པ་འབོད་ཡིག་རྟགས་དང་སྦྱར། །གསུམ་པ་བསད་ཡིག་རྟགས་དང་དུས། །ཇི་ལྟར་འདོད་པ་བྱ་བར་བཤད། །དེ་ནས་འཛུམ་བག་མདངས་སྐྱེ་ཞིང་། །མེ་སྟག་འོད་དང་འཇའ་ཚོན་འབྱུང་། །ཁ་སྨྲ་བ་ནི་ཐུན་མོང་སྟེ། །སོ་སོའི་རྟགས་རྣམས་བཤད་པར་བྱ། །དེ་ནས་རོ་ཉིད་བསྒྲལ་བར་བྱ། །དང་པོ་མཆན་ཁུང་གཡས་པ་ནས། །ཙིསྟ་རིན་ཆེན་དབྱུང་བར་བྱ། །སོ་སོའི་དཀྱིལ་འཁོར་མ་སུབས་པར། ཁུན་ཆེན་བཤུས་ལ་ནང་ནས་མཉེས། །དེ་ནི་དངོས་གྲུབ་དཀྱིལ་འཁོར་ཏེ། །རང་གི་སྙིང་དང་འདྲ་བ་སྲ ཁྲ་ཁྲག་དངོས་གྲུབ་བླང་བར་བྱ། །བྱ་དང་ཁྱི་ལ་བསྟན་མི་བྱ། །དབང་པོ་ལྔ་ནི་གཏོར་མའི་རྫས། །ཀླད་པ་རྐང་དང་ཚིལ་བུ་རྣམས། །མ་འདྲེས་ཏིལ་མར་སྤྱིན་སྲེག་བྱ། ཁྲ་ནི་བརྡུགས་བསྐམས་པྱེ་མར་བྱ། །དུས་དྲུག་པ་ལ་མཆོད་པ་བྱ། །ལིང་ག་སྙིང་ནང་བཅུག་གྱུར་ན། །ནམས་ཀྱང་བདུན་ནམ་དགུ་ཉིད་ན། །གང་ཡང་རུང་སྟེ་སྒྲོལ་པར་འགྱུར། །ཞེས་གསུངས་སོ། །སྙིང་ཟོར་ནག་མོའི་རྒྱུད་ལས། །རོ་ལངས་སྒྲོལ་བྱེད་ཡང་སྙིང་གསང་བའི་སྐབས་ཏེ་བརྒྱད་པའོ།། །།དེ་ནས་སེར་བ་དང་། །ལྟས་ངན་དབབ་པ་འདི་གསུངས་སོ། །དེ་ཉིད་གསང་བའི་ཐོད་པ་ལ། །ལྟེ་བར་དཀྱིལ་འཁོར་བསྐྱེད་པར་བྱ། །སྒྲུབ་དང་རྦད་བསད་དེ་ཉིད་དེ། །ལྷས་ངན་སེར་བ་དབབ་པའི་སྔགས་། །སོ་སོར་ཕྱེ་སྟེ་བསྟན་པར་བྱ། ཁོའུརེའུ་ཤེའུ་རེལྭ །ཏྲ་མ་རུ་ཤ་ཤ་ཛ་ཛ། །མ་ལིང་ལིང་སྨྱོ་སྨྱོ། །ཏྲི་བྱི་རི་ཤིག་ཤག །རག་ཤ་ཀྱེ་གོང་། །ཨི་རབ་རི། །བཛྲ་བ་ཤ་ལ། །ཏོ་རི་ཏ་ཤ་འདུས་འདུས་སྨྱོ། །ཞེས་གསུངས་སོ། །སྙིང་ཟོར་ནག་མོའི་རྒྱུད་ལས། །སེར་བ་དང་ལྟས་ངན་དབབ་པའི་སྐབས་ཏེ་དགུ་པའོ།། །།སྙིང་ཟོར་ནག་མོའི་རྒྱུད་སྔགས། །བུ་དང་རྒྱལ་པོ་མ་གཏོགས་པ། །གཞན་ལ་སྤྱིན་རེ་ན་ར་སྐན། །མངའ་བདག་སྲས་ཀྱི་བཙས་སུ་ཞོག །སོ་ཕག་ཤི་ཐབས་ཁ་ཐ་མ། ། ཁཐམས།། །།རྒྱ་གར་སྐད་དུ། །ཨུ་རུ་དེ་བི་ཀྭ་ལི་ཨེ་ཀ་འདའ་ན་མན་ཏྲ་ཏན་ཏྲ། །བོད་སྐད་དུ། །འཕགས་མ་ལྷ་མོ་ནག་མོའི་རོ་ག་ནག་མོའི་གསང་སྔགས་ཀྱི་རྒྱུད་ཅེས་བྱ་བ། །བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ལ་