Ngb-pt-0721-vol-08-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:47, 20 March 2020

Front

Body

རྒྱ་གར་སྐད་དུ། སརྦ་ཏ་ཐུ་ག་ཏ་ཀྭ་ཡ་ལྷུ་ཀ་ཙིསྟ་གུ་རྒྱ་རྙོ་ན་གསྟོ། ཐྲེ་ཨ་ཕྲི་ཏ་མ་ཧྭ་སུ་ཁ་ཏནྟྲ་མ་ཧྭ་རྭ་ཛ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་ཡེ་ཤེས་ཀྱི་སྙིང་པོ་དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་ཀྱི་བདག་ཉིད་གས་ངབའི་ཡེ་ཤེས་བཀོད་པ་རྨད་དུ་བྱུང་བའི་རྒྱལ་པོ་དོན་གྱི་མཆོག་ཁྱད་པར་དུ་གྱུར་པའི་ངོ་བོ་གསང་བའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསང་སྔགས་རྨད་དུ་བྱུང་བའི་གཏེར་ཆེན་པོ། ཁམས་གསུམ་གྱི་གཅོང་སྙིང་སེལ་བའི་བདུད་རྩི་དམ་པ་འཆི་བའི་གཉེན་པོར་གྱུར་པའི་བདག་ཉིད་དེ། རིགས་ཀྱི་བཙུན་མོ་བདུད་རྩིའི་རྒྱ་མཚོས་ཀུན་ནས་འཁྱིལ་བའི་རླན་ཅན། པད་མའི་འདབ་མ་སྟོང་རབ་ཏུ་རྒྱས་ཤིང་། གེ་སར་གྱི་དཔལ་རིན་པོ་ཆེའི་གུར་རྨད་དུ་རྒྱུར་པའི་སྙིང་པོ་ལ། ག་འུའི་རྩེ་མོས་ཀུན་ནས་དཀྲིགས་ཤིང་སྤྲས་པ། མྱུར་ཞིང་མགྱོགས་པའི་གློག་གཅིག་ནས་དམེད་ཅིང་གཅིག་ཏུ་འགྱུར་བ་ལས། ཤེལ་དམར་པོ་དང་། མལ་ཤེལ་དང་། བྱི་རུའི་པ་དག་གཟིངས་པ། གར་དང་། ཉེ་བའི་གར་དང་། ཀླུ་དང་སྟེག་པ་དང་། འཕར་བ་དང་། རྡེབས་པ་དང་། ཐལ་ལྕག་དང་། རྩེ་བ་དང་། འགྱུར་བ་དང་། འཇོ་བ་དང་། འདུད་པ་དང་། འཁྲིལ་ཞིང་བརྟན་པས་རྣམ་པར་རྟོག་པའི་རྒྱུན་བཅད་དེ་མི་གཉིས་པ་ལས། རང་རང་གི་མཚན་ཉིད་འཛིན་པས་གཙོ་བོ་ལ་འཁྲིལ་ཏེ་ཐ་མི་དད་པའི་བཞུགས་ཚུལ་གྱིས་བཞུགས་སོ། །གནས་རྨད་དུ་གྲགས་པ་ནི། འདི་ལྟ་སྟེ། མཐའ་དང་དབུས་མེད་པའི་ཕོ་བྲང་། རིགས་པའི་རྒྱ་མཚོས་ཁྱད་པར་དུ་སྤགས་འཕགས་པ། གང་དང་གང་ན་རང་རིག་པའི་འོད་ཀྱིས་ཁྱབ་ཅིང་གསལ་བར་གྱུར་ཀྱང་། ང་འམ། ངའི་འམ། ངའོ་པའི་རྒྱ་མོ་བཅད་པ། དབྱིངས་གཏིང་དཔག་དཀའ་བའི་ཀློང་དུ་འགྲམ་པོར་ཞིང་ཡེ་ཤེས་ཁྱད་པར་ཅན་གྱི་རྩིག་པ་རང་བྱུང་བར་བརྩིག་པའི་ཁང་པ། རྩེ་མོའི་འཕང་དུ་ཚད་མེད་ཅིང་ནམ་མཁའི་མཐར་གཏུགས་པ་ལ། རྡོ་རྗེའི་གུར་དུ་རང་བཞིན་གྱིས་གཏམས་ཏེ་འཁྱིལ་བ། སྣང་བ་མ་འགགས་པའི་ཡོན་ཏན་རྣམ་པར་འབྱུང་བ། འབྱུང་བའི་དཀྱིལ་འཁོར་བརྩིགས་ཤིང་འཕྱོ་བའི་ཁང་པ་བཟང་པོའི་གནས་ན་ཨསྨ་གསྟོའི་ཀ་བ་ཁོང་སྐབས་ཅན་ལ། རིན་པོ་ཆེའི་ས་ཚར་སྣ་འཕྱོང་ཅན་བརྩེག་མས་ལུས་གཡོགས་པ་ལས་འོད་འཕྲོ་བ། བི་ཌརུ་ལྗང་ཁུའི་ཀ་གདན་དང་།གསེར་གྱི་ཀ་ལོ་ལ་ཉི་མ་དང་ཟླ་བའི་ཕྲ་བཀོད་པས་བརྒྱན་པ་ལས་པདྨ་དཀར་པོའི་པ་ཏྲས་དཔྱངས་པ། རྡོ་རྗེའི་གདུག་གཏམས་པའི་ཐོག་ཏུ། ཐུགས་རྗེའི་བླ་བྲེལ་བཀབ་ཅིང་། གསེར་དངུལ་གྱི་གཡེར་ཁ་ཚངས་པའི་གསུང་སྒྲོགས་པས་མཐའ་ཀུན་ནས་བསྐོར་བ། ཚ་གྲང་སྐྱོབ་པའི་ཐུགས་རྗེས་ཀུན་ལ་ཁྱབ་ཅིང་བསིལ་བའི་གདུགས་ཀྱིས་ཕྱོགས་བཅུ་ནས་ཁེབས་ཤིང་ཀླུབས་པ། བདུད་བཞི་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་འཕན་པ་དང་འཕན་ཕྲན་ཚད་དང་བྲལ་བ་ལས་ཐུགས་རྗེའི་སེར་བུས་བསྐྱོད་པ། དྲ་བ་དང་དྲ་བ་རྐྱང་པའང་། མུ་ཏིག་དཀར་དམར་དང་། ས་ལེ་སྦྲམ་དང་།བྱུ་རུ་དང་། ཨ་ས་ལ་གར་བ་དང་། མུ་ས་ལ་གར་བ་དང་། སྐྲུག་དང་། རྡོ་རྗེའི་སྙིང་པོ་དང་། ཀེ་ཀེ་རུ་ལྗང་སེར་དང་། སང་མ་འདྲི་སྟང་ལ་སོགས་པ། པད་མའི་སྐུད་པ་ལ་བརྒྱུས་པའི་དཀྱིལ་ན། རིན་པོ་ཆེ་ཆུ་འདངས་དང་། ཟླ་བ་དང་། ཉི་མ་དང་། རྡོ་རྗེ་རངས་པས་བརྒྱན་པའི་དྲ་བ་དང་། སྣ་ལ་རིན་པོ་ཆེའི་དྲིལ་བུ་གཡེར་ཁ་དཔྱངས་པའི་ཕྱེད་པ་དང་། རིན་པོ་ཆེ་རྩིག་པ་རང་འབར་བ་ལ། ཚགས་ཐམས་ཅད་སྐར་མའི་གཟེར་འགེ་དང་། སྐར་ཕྲན་གྱི་གཟེར་གཏབ་པའི་ནང་ནས། པདྨ་སྣ་ཚོགས་པའི་པ་ཏྲའི་རྩ་ལག་བཀྱེ་བ། རྟ་བབས་དང་། ཐེམ་སྐས་དང་། ཁྱིའུ་དང་། སྣམ་རྟེན་དང་། རྐང་སྟེགས་དང་། རིན་པོ་ཆེའི་ཕུར་པ་དང་། དར་གྱི་ཆུན་པོ་དང་། མེ་ལོང་དང་། ཕོ་ལོང་འཕར་མ་བཏགས་པ་དང་། རིག་པ་འཛིན་པ་དང་། གྱད་སྟོབས་ཆེ་རྩེ་བྲན་གྱི་རྒྱན་གྱིས་བརྒྱན་པ་རྣམས་རིན་པོ་ཆེའི་ཕ་བོང་རི་བྲན་ཙམ་སྒོང་དུ་འདྲིལ་བ་དང་། བྱ་སྣ་ཚོགས་པ་སྐད་སྙན་པ་དུ་མ་སྒྲོགས་ཤིང་། རྫིང་བུ་བདུད་རྩིའི་ཆུས་བཀང་བ ལ། འཕུར་ཞིང་འབབ་པ་དང་། ལྷ་མོ་བརྒྱན་དུ་མས་བརྒྱན་པ་རྣམས་འདོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ། གར་བསྒྱུར་བའི་དཔུང་གིས་ཀུནནས་དཀྲིགས་ཏེ་འཁོད་པའི་གནས་ན། བྱང་ཆུབ་སེམས་དཔའ་མི་ བ་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ལུས་ཀྱི་གདན་དུ་བྱས་པ་ནི་མི་འཇིགས་པའི་སེང་གེ་དང་། སྟོབས་ཀྱི་གླང་པོ་ཆེ་དང་། རྫུན་འཕྲུལ་གྱི་རྟ་དང་། དབང་གི་རྨ་བྱ་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲིའི་བར་བར་ན། རབ་ཏུ་བསྡུ་་བ་བཞིའི་རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པ་སྐྱོནདང་བྲལ་བའི་པདྨ་དང་། ཐབས་དང་ཤེས་རབ་འབྲེལ་བའི་ཉི་ཟླའི་གདནལ་བསྙེངས་པ་མི་མངའ་བརབཞུགས་སོ། །དེའི་ཚེའཁོར་རྡུལ་ཕྲ་རབ་དཔག་ཏུ་མེདཅིང་བརྗོད་དུ་མེད་པའི་ཡང་བརྗོདཔ་ལས་འདས་པ་མང་པོར་འདུས་ཤིང་ཚོགས་པ་ནི་འདི་ལྟ་སྟེ། གསང་བ་ཆེན་མོ་རྡོ་རྗེ་རྒྱས་འདེབས་མ་དང་། གསང་བ་ཆེན་མོ་རྡོ་རྗེ་ཟ་བྱེད་མ་དང་། གསང་བ་ཆེན་མོ་རྡོ་རྗེ་རྨོངས་བྱེད་མ་དང་། གསང་བ་ཆེན་མོ་རྡོ་རྗེ་ཚེའཕེལ་མ་སྟེ་གསང་བའི་འཁོར་དང་། དེ་བཞིན་གཤེགས་པ་གཏི་མུག་ཆེན་པོ་དང་། དེ་བཞིན་གཤེགས་པ་ང་རྒྱལ་ཆེན་པོ་དང། དེབཞིནགཤེགསཔའདོད་ཆགས་ཆེན་པོ་དང། །དེབཞིནགཤེགསཔཕྲག་དོག་ཆེན་པོསྟེདེབཞིནགཤེགསཔའི་འཁོར་དང་། གཞན་ཡང་བཙུན་མོ་དམ་པ་སྲ་བའི་རྒྱལ་པོ་ཆེན་མོ་དང་། བཙུན་མོ་དམ་པ་མཉེན་པའི་རྒྱལ་མོ་ཆེན་མོ་དང་། བཙུན་མོ་དམ་པ་དྲོ་བའི་རྒྱལ་མོ་ཆེན་མོ་དང་། བཙུན་མོ་དམ་པ་བསྐྱོད་པའི་རྒྱལ་མོ་ཆེན་མོ་སྟེ་བཙུན་མོ་དམ་པའི་འཁོར་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཀུན་གྱི་བདག་ཉིད་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་འགུགས་པར་བརྩོན་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པར་སྟོབས་དང་།བྱང་ཆུབ་སེམས་དཔའ་རྡོ་རྗེ་དབང་སྤྱིན་བྱེད་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་འོད་ལྡན་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་རབ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་དགའ་བ་མཆོག་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་པདྨ་གཟིགས་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་འཁོར་བ་གཅོད་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་འཁོར་ལོ་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་དགོངས་པས་འཆད་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལས་ཀྱི་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་བསྲུང་བ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་འཇིགས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་བརྟན་པ་སྟེ་བྱང་ཆུབ་སེམས་པའི་འཁོར་དང་། སེམས་མ་ཆེན་མོ་རྡོ་རྗེ་འཇོ་སྒེག་མ་དང་། སེམས་མ་ཆེན་མོ་རྡོ་རྗེ་ཚིམ་པར་བྱེད་པར་དང་། སེམས་མ་ཆེན་མོ་རྡོ་རྗེ་ཀུན་འགུགས་མ་ཆེན་མོ་དང་། སེམས་མ་ཆེན་མོ་རྡོ་རྗེ་བརྟན་པར་མོས་དང་། སེམས་མ་ཆེན་མོ་རྡོ་རྗེ་རྒྱན་གྱི་རྒྱལ་མོ་ཆེན་མོ་དང་། སེམས་མ་ཆེན་མོ་རྡོ་རྗེ་མཛེས་པར་བྱེད་པ་དང་། སེམས་མ་ཆེན་མོ་རྡོ་རྗེ་རབ་ཏུ་འཆིང་བར་བྱེད་པ་དང་། སེམས་མ་ཆེན་མོ་རྡོ་རྗེ་མོས་པར་བྱེད་པ་དང་།སེམས་མ་ཆེན་མོ་རྡོ་རྗེ་སྒྲ་སྙན་དང་། སེམས་མ་ཆེན་མོ་རྡོ་རྗེ་གསལ་བའི་འོད་དང་། སེམས་མ་ཆེན་མོ་རྡོ་རྗེ་ཡལ་བར་མི་འདོར་བ་དང་། སེམས་མ་ཆེན་མོ་རྡོ་རྗེ་ཆགས་པ་མཛེས་དང་། སེམས་མ་ཆེན་མོ་རྡོ་རྗེ་དགྱེས་པས་གར་བསྒྱུར་མ་དང། སེམས་མ་ཆེན་མོ་རྡོ་རྗེ་མཉེན་མཉེན་འཇམ་མ་དང་། སེམས་མ་ཆེན་མོ་རྡོ་རྗེ་ཚངས་པའི་དབྱངས་དང་། སེམས་མ་ཆེན་མོ་རྡོ་རྗེ་མྱུར་དུ་བསྒྲུབ་ལ་སོགས་པ་སེམས་མའི་འཁོར་དང་། གཞན་ཡང་འཇོམས་པ་ཆེན་པོ་རྡོ་རྗེ་གཤེད་འདུལ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་གཤིས་མཆོག་ཏུ་ཆེ་བ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རྟའི་ཞལ་གདངས་པ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་བདུད་རྩི་ཀུན་ཏུ་བདུད་པ་སྟེ་འཇོམས་པ་ཆེན་པོའི་འཁོར་དང་། གཞན་ཡང་རོལ་པ་ཆེན་པོ་རྡོ་རྗེ་རྟའི་ཞལ་དང་། རོལ་པ་ཆེན་མོ་རྡོ་རྗེ་ཕག་གི་ཞལ་དང་། རོལ་པ་ཆེན་མོ་རྡོ་རྗེ་སྤྲེའུའི་ཞལ་དང་། རོལ་པ་ཆེན་མོ་རྡོ་རྗེ་ཁུ་བྱུག་གི་ཞལ་ཏེ་རོལ་པ་ཆེན་མོའི་འཁོར་དང་། གཞན་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྣལ་འབྱོར་གྱི་དབང་ཕྱུག་ལ་སོགས་པ་བརྗོད་ཀྱི་མི་ལང་ཞིང་། བརྗོད་པར་མི་ནུས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །གཞན་ཡང་དེའི་ཚེ་ན་ལྷ་ཚངས་པ་ཆེན་པོ་དང་། ཚངས་པ་ཀུན་གྲོལ་དང་། ཚངས་པ་གཙུག་ཕུད་འཛིན་དང་། ཚངས་པ་འོད་མཆོག་དང་། ཚངས་པ་རྣམ་གྲོལ་གྲགས་པ་ལ་སོགས་པ། ཚངས་རིས་ཀྱི་ལྷ་འབུམ་ཕྲག་དུ་མ་ཆུང་མ་དང་། བུ་དང་། བློན་པོ་དང་། སྡེ་དཔོན་དང་། དམག་དཔུང་དང་བཅས་པ་རྣམས་ཀྱང་འཁོར་དེར་འདུས་པའི་སེམས་ཀྱིས་ལྷགས་ཏེ། ལྷའི་མེ་ཏོག་རིན་པོ་ཆེ་ལས་གྲུབ་པ་དཔག་ཚད་ཙམ་དྲི་མཆོག་ཏུ་གྱུར་པ་སྣ་ཚོགས་དང་། སྨན་སྣ་ཚོགས་དང་། བཅུད་སྣ་ཚོགས་རོ་མཆོག་དང་ལྡན་པ་དང་། ཤིང་སྣ་ཚོགས་ལྕུག་མ་དང་། ལྕུག་ཕྲན་ལ་སོགས་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཐོགས་ནས། བཅོམ་ལྡན་འདས་དཔའ་བོ་ཆེན་པོ་དེ་ལ་མཆོད་ཅིང་ཆོས་མཉན་པའི་སླད་དུ་ཀུན་ནས་བསྐོར་ཏེ་འདི་སྙམ་དུ་སེམས་སོ། །བདག་ཅག་གིས་མཆོད་པའི་རྫས་ཁྱད་པར་ཅན་ཡོན་ཏན་སྣ་ཚོགས་པ་དང་ལྡན་པ་འདི་དག་གིས་རྒྱལ་བའི་རིགས་ཀྱི་གཙོ་བོ་མཆོག་གི་བདག་ཉིད་སྟོན་པ་གསང་བའི་བདག་ཉིད་ལ་ཡང་མཆོད་ཅིང་། འགྲོ་བ་མ་ལུས་པ་རྣམས་ཀྱི་གཅོང་རྙིང་ཅི་ཡོད་པ་སྦྱང་བར་བྱའོ། ཞེས་སེམས་སོ། །ཚངས་པའི་བུ་མོ་ཟུར་ཕུད་ཅན་ཞེས་བྱ་བ་ཁ་དོག་དང་ལྡན་པ། ཚུལ་མཆོག་ཏུ་ཤིས་པ། ལོ་གྲངས་བཅུ་གཉིས་ལོན་པ། རིན་པོ་ཆེ་ཡིས་སྤུད་པའི་རྒྱན་གྱིས་བརྒྱན་ཏེ་ལག་ན་བདུད་རྩིའི་བུམ་པ་ཐོགས་ནས། བསྙེན་ཏེ་འཛུམ་མུལ་ཞིང་དགའ་བ་དང་། དང་བ་དང་། མཆོག་ཏུ་དད་པའི་བསམ་པས་གནས་སོ། །ལྷའི་དབང་པོ་མིག་སྟོང་པ་ཡང་། བཙུན་མོ་ཤ་ཙི་པུར་བ་སི་དང་ལྷན་ཅིག་ཏུ་གླང་ཕོ་ཆེ་ལས་བབས་ཏེ། ཉེ་དབང་པོ་དང་། སྡེ་དཔོན་དང་། བྲན་དང་།ཡང་བྲན་དང། ཕོཉ་བའིའཁོར་འབུམ་ཕྲག་དུ་མས་བསྐོར་ཅིང་། ལག་ན་ལྷའི་མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་ཐོགས་ནས་བསམ་པ་དང་བཅས་པར་འཁོད་པ་ནི་སྔ་མ་བཞིན་ནོ། །དབངཔོ་དེའི་བུ་མོ་སེར་སྐྱ་མདོག་ཅེས་བྱ་བ། རིརབ་ཀྱི་འོག་ར་བནས་པ། ལོ་ཉི་ཤུ་ལོན་པ། བཀྲག་དང་། གཟི་མདངས་དང་། ལང་ཚོར་ལྡན་པ། ལག་ན་དྲི་རྣམ་པ་ལྔའི་སྣོད་རིན་པོ་ཆེ་ལས་བྱས་པ་ཐོགས་ནས་འཁོད་པ་ཡང་དེ་བཞིན་ནོ། །རྒྱལ་པོ་ཆེན་པོ་བཞི་ཡང་རང་རང་གི་འཁོར་དང་བཅས་པ་ཡང་གོང་བཞིན་འདུས་སོ། །འཇིག་རྟེན་སྐྱོང་བ་བརྒྱད་ཆུང་མ་དང་བཅས་པ་ཡང་དེ་བཞིན་ནོ། །དྲེགས་པཅན་གྱི་གནོད་སྤྱིན་གྱི་སྡེ་དཔོན་དང་། གཟའདང་། རྒྱུ་སྐར་དང་། སྐར་ཕྲན་དང་། ཀུན་ཏུརྒྱུ་ལ་སོགས་པ་རང་རངགིཆུང་མ་དངབཅས་པ་རྣམས་ཀྱང་དེ་བཞིན་དུ་འདུས་སོ། །སའི་ལྷ་ཕག་ཆེན་པོ་སྐྲུན་རང་རང་གི་འཁོར་ཚད་མེད་པདང་བཅས་ནས་ས་ལ་སྐྱེ་འཁྲུང་གིབདུད་རྩིམ་ལུས་པར་ཐོགས་ནས་འཁོར་དེར་འདུས་པ་ཡངསྔ་མ་བཞིནཏེ། ཅུངཟད་ཀྱི་ཉེ་བ་ན་ས་བདག་ཆེན་པོའི་བུ་མོ་གསེར་འཕྲེང་མ་ཞེས་བྱ་བ་དམ་ཚིག་གཙོར་ལེན་པ་རི་བདུན་ལ་གནས་ཏེ་ལག་ན་བདུད་རྩིའི་བུམ་པ་ཐོགས་པ་ཡང་གོང་བཞིན་གནས་སོ། །ལས་ཀྱི་མཁའ་འགྲོ་མ་ཆེན་མོ་རྟ་སྐད་འཚེར་དང་། ཁྲོ་གཉེར་དགུ་བརྩེགས་མ། ལ་སོགས་པ་མེ་ཏོག་གློག་འགྱུ་མ་དྲུག་ཅུ་རྩ་གཅིག་འཁོར་དང་བཅས་པ་དེ་བཞིན་ནོ། །ལྷག་པར་བསྙེན་ཏེ་ནམ་མཁའི་བུ་མོ་སེང་གེ་རྣམ་པར་རོལ་པ་ཆེན་མོ་ཞེས་པ་མཁས་ཁྱབ་པར་སྤྱོད་པ་གསང་བའི་གར་ལ་རོལ་པ་སྟེ་དེ་བཞིན་ནོ། །ཆུ་ལ་གནས་པའི་ལྷ་དང་ཀླུ་དཔག་ཏུ་མེད་པ་ཡང་། རྒྱ་མཚོའི་ཆུ་དང་། གང་ག་དང་། པག་ཤུ་དང་། སི་ཏ་དང་། སི་རྙུ་དང་། མཚོ་ཆེ་ཕྲ་དང་། འབབ་ཆུ་ཆེ་ཕྲ་དང་། རྫིང་ཆེ་ཕྲ་དང་། ལུ་མ་དང་། ཆུ་མིག་དང་། ལྟེང་ཀ་དང་། ཁྲོན་པ་ཆེ་ཕྲ་དང་།གངས་དང་། སེར་བ་དང་། བྲག་དང་། རྡོ་བའི་ཆུ་རྣམས་་་ས་རིན་པོ་ཆེའི་སྐྱོགས་ཀྱིས་སྟོན་པ་མཆོད་དེ་གོང་མ་བཞིན་ནོ། །དེ་ལས་ཀྱང་རྒྱ་མཚོ་ཆེན་པོའི་ལྷ་སྙེ་ལུ་ཀྲ་གྲེ་ཞེས་བྱ་བའི་བུ་མོ་དབྱིངས་ཕྱུག་རྒྱལ་མོ་ཞེས་བྱ་བ། རྒྱ་མཚོའི་དབྱིངས་ནས་སྐྱེས་པ་དེ་ཡང་འཁོར་དེར་འདུས་པ་ནི་གོང་བཞིན་ནོ། །ལི་སྣྲོ་བྱི་དང་། ཤཱཀྱ་ལ་སོགས་པ་མིའི་རིགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་རིན་པོ་ཆེ་བདུན་ལ་སོགས་པའི་མིའི་འབྱོར་པ་ཇི་སྲིད་ཡོད་པས་མཆོད་ཅིང་འཚོགས་པ་ཡངདེབཞིནནོ། ཁེངཡོངས་འདུ་དང་། དཔག་བསམ་གྱི་ཤིང་དང་། གེལ་བ་དང་། པ་ལ་ཀྟ་ལ་སོགས་པའི་རིགས་སྣ་ཚོགས་པ་ལ་དབང་བསྒྱུར་བའི་ལྷ་དགའ་བའི་སྒྲོན་མ་ལ་སོགས་པ་ཡང་། ཤིངདེདག་གི་རྩ་བ་དང། སྡོངཔོ་དང་། ཡལ་གདང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ཤུནཕྲགས་དང་། ཐང་ཆུ་ལ་སོགས་པའི་ཁུ་བབཅན་མངཔོ་ཐོགས་ནས་འདུས་ཤིངཚོགས་པ་ཡང་སྔ་མ་བཞིན་ནོ། །ཨ་རུ་ར་དང་། ག་པུར་དང་། ཛ་ཏི་པ་ལ་དང་། རུརྟ་ལ་སོགས་པའི་སྨན་རྣམ་པ་སྣ་ཚོགས་པ་ཁ་བ་དང་། དངར་བ་དང་། སྒྱུར་བ་དང་། བསྔལ་བ་དང་། ལན་ཚྭ་བ་ལ་སོགས་པ་ཕ་རོལ་རྣམ་པ་སྣ་ཚོགས་དང་ལྡན་པ་འདུ་བའི་ནད་ཅིལས་གྱུར་ཀྱང་ཞི་བར་བྱེད་ཅིང་སེལབ་ལ་དབང་བྱེད་པའི་ལྷ་མོ་ནོར་གྱི་རྒྱུན་དང་། །གདུང་བ་སེལ་དང་། རོ་ཉེ་ཐ་སྐར་སྐྱོང་དང་། བཅུད་འཕེལ་དགའ་བམོལ་སོགས་པ་རྣམས་ཀྱང། རངརང་གི་སྨནནུས་པདང་ལྡན་པཐོགས་ཏེ་བསམ་པ་སྣ་ཚོགས་དང་བཅས་པར་འཁོད་པ་ཡང་སྔ་མ་བཞིནདུའོ། །རྩི་མཆོག་གི་རྒྱལ་པོ་ཀུ་ཤ་དང་། དུར་བ་དང་། ཕི་ཕུ་སྟི་དང་། ཤི་བི་ར་ལ་དང་། ཀྲ་མ་པེ་ལུ་ཞེས་པའི་རྩིས་དུད་འགྲོའིགསོས་བྱེད་ཅིང་། བདེབའི་རྒྱུན་བསྐྱེད་པ་རྣམས་ལ་དབང་བྱེད་པའི་ལྷ་མོ་གྲུབ་པའི་བློ་གྲོས་ཞེས་བྱ་བའང་དེ་ལྟར་རོ། །རི་རབ་ཀྱི་འོག་རྒྱ་མཚོའི་གནས་རིནཔོ་ཆེའི་གླིང་ལ་རིན་ཆེན་སྒྲོན་མཐོག་ཅེས་བྱ་བའི་ལྷ་མོ་རིན་པོ་ཆེ་སིལ་མསྣ་ཚོགསཔ་ལ་ལོངས་སྤྱོད་པཡངརང་གི་ཡོ་བྱད་ཐོགས་ནས་འཁོད་དོ། །གསེར་གྱི་ས་གཞི་ལ་གནས་པ་གསེར་འོད་ཐོག་ཅེས་བྱ་བ། ཟིལ་དངར་ཕུན་སུམ་ཚོགས་པ་ལ་དབང་བྱེད་པ་ཡང་ཉེ་བར་འདུས་སོ། །རི་གཉའ་ཤིང་འཛིན་པའི་གནོད་སྦྱིན་བརྒྱ་བྱིན་སྐྱེས་ཀྱང་ཤིང་ཐོག་པིརྩི་པུ་ར་ཐོགས་ནས་བདེ་བར་དེར་འཁོད་དོ། །དེའི་སྲིང་མོ་གདོང་ཡང་མ་ཞེས་བྱ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་ཕན་པར་བྱའོ། །ཞེས་སེམས་བསྐྱེད་ནས་གཞན་མ་བས་བསྙེན་ཏེ་འཁོད་དོ། །ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་དང་། ཧེ་ར་ན་ཀེ་ཤུ་ལ་སོགས་པ་ཡང་ཡ ལད་སྣ་ཚོགས་གྱོན་ཅིང་མཚོན་སྣ་ཚོགས་པ་ཐོགས་ནས། ཁྲོས་པའི་བཞིན་རབ་ཏུ་འབར་བས། བཅོམ་ལྡན་འདས་ལ་ལོག་པར་སེམས་པ་རྣམས་ཚར་བཅད་ཅེས་སེམས་ནས་འཁོད་དོ། །སེང་གེ་དང་།གླང་པོ་ཆེ་དང། རྟ་དང་། བྱ་ཁྱུང་དང་། ངང་པ་དང་། རྨ་བྱ་དང་། ས་ར་ས་ལ་སོགས་པ་བྱོལ་སོང་རིགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་འདི་སྙམ་དུ། བདག་གི་ལུས་ངན་པ་འདི་དག་ཇི་སྲིད་གནས་ཀྱང་དོན་མེད་ཅིང་གཏི་མུག་གི་རབ་ཏུ་རྨོངས་པས་བརྒྱལ་ཏེ་ཐར་པའི་དུས་མེད་པས་ཤ་དང་། པགས་པ་དང་། ཁྲག་དང་། རྐང་དང་། ཀླད་པ་དང་། ནང་ཁྲོལ་དང་བཅས་པ་འདི་དག་ཐམས་ཅད་མཁྱེན་པ་ཡང་མཆོད་ཅིང་ཤ་ཁྲག་ཟ་ཞིང་འཐུང་པ་ལ་ཡང་སྦྱིན་པར་བཏང་ལ། རླུད་ལ་སོགས་པ་ཞི་བར་བྱས་ཏེ་དོན་ཡོད་པར་བྱའོ་ཞེས་བསམ་ནས་འཁོད་དོ། །ཡི་དྭགས་མགྲིན་རིངས་ལ་སོགས་པ་མང་པོ་དང་། དམྱལ་བ་ཕག་མིག་ལྟོ་བོ་ཆེ་ལ་སོགས་པ་བགྲང་པས་མི་ལང་བ་རྣམས་ཀྱང་རང་རང་གི་ནུས་ཚད་ཕྱུང་ནས་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་གསང་བ་པ་ཆེན་པོ་འདིའི་གསུང་ཐོས་ནས། སྡུག་བསྔལ་འདི་དག་གྲོལ་བར་འགྱུར་སྲིད་དེ། ཅིའི་ཕྱིར་ཞེ་ན། བདག་ཅག་གི་གཙོ་བོ་ཡང་འདིའི་ཐད་དུ་དོང་ཞིང་། སྐྱབས་སུ་གསོལ། དེ་ལྟར་མ་གྱུར་ཀྱང་བདུད་རྩི་འདི་དག་ལས་བཅུད་རྐུ་བ་འམ། དབྲོག་པ་བྱས་ཏེ་བདག་ཅག་ལ་ཕན་པར་བྱའོ་བསམ་ནས་འཁོད་དོ། །དེ་བཞིན་དུ་ནམ་མཁའི་གཏོས་ཀྱིས་ཁྱབ་པའི་གནས་ན་གནས་ཤིང་སྤྱོད་པ་ཐམས་ཅད་མ་ལུས་པར་འཚོགས་ཏེ་འཁོད་དོ། །བཅོམ་ལྡན་འདས་གར་གྱི་དབང་ཕྱུག་བདུད་རྩི་བདེ་བ་ཆེན་པོ།གསང་བ་པ་ཆེན་པོ་དེ་ནི། སེང་གེ་ལྟར་རབ་ཏུ་བརྗིད་དེ། མཉམ་པ་ཉིད་ཀྱི་འོད་བསྐལ་པ་ཐ་མའི་མེ་འབར་བ་ལྟ་བུ། བརྒྱ་སྟོང་གིས་འཕྲོ་ཞིང་འདུ་བར་གྱུར་ཏེ། ལྷམ་མེ་ལྷང་ངེ་ལྷག་གེར་ཆོས་ཐམས་ཅད་མཉམ་པ་ཉིད། ཇི་བཞིན་པ་མི་རྟོག །རབ་ཏུ་མི་རྟོག །ཀུན་ཏུ་མི་རྟོག །རྟོག་པ་ལས་འདས་ཏེ་བརྟགས་པས་མི་རྟོགས་པའི་དབྱིངས་ལ་རྣལ་བཞིན་བཞུགས་སོ། །དེའི་ཚེ་ཡུམ་ཆེན་མོ་བདུད་རྩི་དབྱིངས་ཕྱུག་མ་དེས་འཛུམ་པའི་མདངས་ཕྱུང་ནས་སྤྱན་ཟུར་གྱིས་བལྟས་ཏེ་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཧོ་སྟོང་ཉིད་ཀུན་དངོས་མཁས་ཀྱང་བསྐྲུན་པར་དཀའ་བར་ཡུལ་ལས་འདས་ཤིང་ཡུལ་དང་བྲལ། །བསམ་དཔག་མེད་ཅིང་ཐར་ལམ་བདེ་ཆེན་བདེ་བམཆོག་གི་བདུདརྩང་མཆོག་གི་རྒྱལ་པོ་དེ་དང་འདྲ་བ་མེད། །ཀུན་གྱངས་མ་རྟོགས་སྐྲན་སྙིང་འཚོ་མེད་སྡུག་བསྔལབཟོད་དཀས་ཀུན་གཟངར་སྐྱབ་དང་བྲལ་ཞིང་འ་ས་སོ་སྐྱེས། །ཆོས་ཉངད་བདེ་བའི་པདྨ་ཁ་ཟུམ་བུང་བ་དང་འདྲའི་འགྲོ་བ་རབ་ཏུ་བཅིངས་ཤའང་བསྡམསགྱུར་ལ། །ཐུགས་རྗེའི་ཉངད་ཟེར་ལྟ་བུས་དྲི་དང་ལྡན་ཞིང་སེར་བུས་བསྐྱོད་དེ་པདྨ་ཁ་བྱེད་ཇི་བཞིན་བཅིངས་པ་ཁ་དབྱེ་རིགས་ཧོ། །ཞེས་བསྐུལ་བས།བཅོམ་ལྡན་འདས་ནི་སྔ་མ་ལྟར་བརྣལ་ཏེ་ཅངའང་མི་གསུང་བར་བཞུགས་སོ། །དེ་ནས་ཡུམ་ཐར་པ་ཆེན་པོའི་ལམ་སྟོན་པ་དེས། སྤྱན་བག་དང་ལྡན་པ་དེས་བལྟས་ཏེ། འདི་སྐད་ཅེས་གསོལ་བ་བཏབ་བོ། །ཨེ་མ་ཧོ་མཁའ་གསལ་དག་ལ་ཉང་ཟླའང་གཟུགས་ཤར་ཀུན་ལ་གསལ་དྲོ་ཀུན་ལ་དབྱེ་བ་སྲངང་མེད་པ་ལ། །སྤྱིན་དང་མུན་ནགས་འཐངབས་པོས་དཀྲུགས་པས་འགྲོ་ཀུན་རྨོངས་ནས་ངན་སོང་གཡང་སར་ལྷུང་སྟེ་འཆིབའི་དུས་ནི་ཉ་བ་ལ། །ཐུགས་རྗེ་ཆེན་པོའི་སེར་བུས་སྤྲངན་བརླན་ཉང་ཟླ་ཤར་བའི་འོད་ཀྱངས་འགྲོ་ཀུན་མིག་རྙེད་སེམས་བརྟན་པས། །དལ་བ་རྙེད་དེ་དབུགས་ཕྱངན་འཇིགས་བྲལ་བདེ་བ་མྱོང་། དེ་བཞིན་དུ་ནི་རྨོངས་འཐིབས་དོན་དུ་ཐུགས་རྗེའི་སྣང་ཤར་མཛོད། །ཧོ། ཞེས་གསོལ་བས། ཡང་སྔ་མ་ཁོ་ན་བཞིན་བཞུགས་པར་གྱུར་ཏོ། །འདུས་པ་ཕལ་ཆེའི་འཁོར་ཐམས་ཅད་ཀྱང་ཡི་བློང་བར་གྱུར་ཏོ། །དེ་ནས་དབྱིངས་གསང་བའི་ལྷ་མོ་དེས་རྡོ་རྗེའི་གར་བསྒྱུར་ཏེ། འགྱིང་བག་ཏུ་ཁུ་ཚུར་གཉིས་སྐུར་བཞག་ནས། སྤྱན་པདྨ་རྒྱས་པ་ལྟར་མཛད་དེ། རྡོ་རྗེ་དོན་འབྱིན་པ་ཞེས་བྱ་བའི་ཀླུས་གསོལ་པ། ཨེ་མ་ཧོ་འགྲོ་བ་ཕལ་ཆེར་གནས་འདིར་འདུས་རྣམས་སྐལ་ངན་ཏེ། །དེ་བཞིན་གཤེགས་པའི་ཞིང་འདིར་མྱུར་བར་འདུས་ཀྱང་དོན་མེད་འ་ས། །འཁོར་བའི་ནད་རྙིང་བཟོད་དཀའ་ལུས་གདུངས་མགོན་པོས་སྤངས་ཤིང་གཟིར། །སྨན་པའི་རྒྱལ་པོས་བདུད་རྩི་སིལ་དངར་རོ་ཡི་ནད་གཞི་བརྟགས་ཏེ་མ་གསོས་པ། །མྱུར་བ་ཉིད་དུ་ཤི་བར་གྱུར་ནས་བརླག་སྟེ་སླན་ཆད་གསོ་ཅི་ལོ། །བདེ་གཤེགས་མགོན་པོ་ཐུགས་རྗེ་ཆེ་ཞེས་འགྲོ་ཀུན་བརྗོད་ཀྱང་དོན་ཆུང་ཆུ་བོ་དག་ལས་སྒྲོལ་མི་མཛད། །མུན་ནག་ཐིབས་པོར་འཁྱམས་ཏེ་ལམ་སྟེར་གཡང་སར་ལྟུང་བར་ངེས་ཀྱང་སྒྲོན་མི་འདེགས། །ཉི་ཚེའི་ཐུགས་རྗེས་བདག་འདུས་པའི་འཁོར་ལ་ཕན་པར་མི་འགྱུར་དྲང་ངོ་ཀྱེ། །ཞེས་གསོལ་བས། བཅོམ་ལྡན་འདས་བདུད་རྩི་མཆོག་གི་རྒྱལ་པོས་རྣམ་པར་མི་རྟོག་པའི་ཐུགས་རྗེས་རླན་པར་མཛད་ནས། ཡེ་ཤེས་གསལ་བའི་སྤྱན་ཕྱེ་ནས་བཞུགས་ཏེ་ཐམས་ཅད་ལ་ཁྱབ་པར་མཛད་དོ། །དེའི་ཚེ་ཡང་ཡུམ་བདུད་རྩི་དབྱིངས་ཕྱུག་མས། ཞལ་འཛུམ་པའི་མདངས་ཕྱུང་སྟེ། འདི་སྐད་ཅེས་གསོལ་ཏོ། །ཅིའི་ཕྱིར་ཅང་མི་གསུང་བཞུགས་ཤིང་། བདག་ལ་སྤྱན་རས་ཅི་ལ་མཛད། །བདག་གིས་ཉིད་ཀྱིས་དོན་རིག་ན། །སེམས་ཅན་དོན་ནི་མཛད་དོ། །ཞེས་གསོལ་བས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡེ་ནས་དག་པའི་དབྱིངས་ཉིད་ན། །བཏགས་པའི་ཐ་སྙད་རྣམས་དང་བྲལ། །རྣམ་གྲོལ་བྱང་ཆུབ་སྙིང་པོ་ལ། །བྱ་དང་བྱེད་པའི་ཐ་སྙད་མེད། །ཅེས་གསུངས་ནས། ཞལ་འཛུམ་པ་མཛད་ནས་བཞུགས་སོ། །ཡང་ཡུམ་གྱིས་གསོལ་བ། ཡེ་ནས་རྣམ་དག་རྩལ་བྲལ་ཞིང་། །སྤྱོད་ཡུལ་ཀུན་ལས་འདས་མོད་ཀྱང་། མུན་པ་ཕྱོགས་མེད་ཐིབས་པོ་ཡིས། །ཀུན་ནས་གཡོགས་པའི་རྨོངས་པ་རྣམས། །རང་རིག་སྣང་བ་ཐོབ་བྱའི་ཕྱིར། །ཆོས་ཀྱི་སྒྲོན་མ་གདེག་ཏུ་གསོལ། །ངེས་རྐྱེན་སྒྲ་དང་བྲལ་རྣམས་ལ། །སྒྲ་མཆོག་ཆོས་དུང་འབུད་དུ་གསོལ། །འཁོར་བའི་འདམ་དུ་བྱིང་ཀུན་ལ། །བླ་མེད་རྒྱལ་མཚན་བསྒྲེང་དུ་གསོལ། །ཆུ་བོ་རབ་མེད་མ་བརྒལ་བ། །བྱང་ཆུབ་སྐམ་སར་གདོན་དུ་གསོལ། །འཁོར་བའི་ཐ་བ་བསྐམས་པ་ལ། །ཐུགས་རྗེ་ཆར་བསིལ་དབབ་ཏུ་གསོལ། །དུག་ལྔའི་སྐྲན་རྙིང་སོས་མེད་ལ། །བདུད་རྩི་སྨན་མཆོག་སྦྱར་དུ་གསོལ། །ཅེས་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་ཐོག་མ་མེད་པ་ནས། །ཐུགས་རྗེའི་ངང་ལས་མ་གཡོས་ཀྱང་། །དུས་འདིར་དུས་ལ་མ་བབ་ཅིང་། །འདུས་པའི་བཅུད་དུ་མ་གྱུར་པས། །ང་ནི་གཅིག་ཀྱང་མི་གསུང་ངོ་། །ཞེས་བཀའ་སྩལ་ཏོ། །ཚུལ་དག་པ་དང་ལྡན་པའི་ཡུམ་དམ་པ་དེས་ཕྲ་བའི་སྤྱོད་པས་ཐུགས་མཉེས་པར་བྱས་ནས།བཞད་པའི་སྒྲ་དང་བཅས་པས་གསོལ་བ། ཨེ་མ་ཧོ་གསང་བདག་རིགས་ཀྱི་གཙོ། །ཕྱག་འཚལ་དཔའ་བོ་ཆེན་པོ་ལ། །བདག་ལ་སོགས་པའི་འཁོར་ཚོགས་རྣམས། །བབ་ཀྱི་དམ་པའི་སྣོད་མིན་ཞེས། །གསུང་བ་དག་ནི་ངོ་མཚར་ཆེ། །ཆོས་ཀུན་བྱ་བརྩལ་བྲལ་བའི་གླིང་། །ཐིག་ལེ་ཆེན་པོར་སངས་རྒྱས་ནས། སྣོད་དུ་གྱུར་དང་མ་གྱུར་ཅེས། །ཅི་ཡི་སླད་དུ་གསུང་བར་མཛད། །ཅེས་གསོལ་བ་དང་། བདུད་རྩི་མཆོག་གི་རྒྱལ་པོས་བཀའ་སྩལ་པ། །ང་ནི་ཐབས་མཆོབ་བསམ་ཡས་པས། །ཀུན་ལ་ཕན་པར་བྱེད་འགྱུར་ཡང་། བདག་འཛིན་རྨོངས་པའི་འགྲོ་བ་རྣམས། །རང་རང་རྫས་ལ་མངོན་འཚེལ་བས། །བླང་དོར་སྤྱོད་པ་སྣོད་མ་ཡིན། །བཅུད་དང་སྨན་དང་འབྲས་བུའི་མཆོག །ཁྱད་པར་ཅན་གྱིས་ང་མཆོད་ཅིང་། གཞན་དག་སྤོང་བར་བྱེད་པ་རྣམས། །བདུད་རྩི་མཆོག་གི་སྣོད་མ་ཡིན། །ཆེན་པོས་བསྐྱེད་བར་མཚུངས་མོད་ཀྱང་། །དྲི་རོ་ནུས་པར་ལྡན་པ་མཆོག །རང་གི་ནུས་པ་དཔག་མེད་ཀྱང་། །དྲི་ངན་རོ་ངན་ཤ་ཁྲག་ཁུ། །མི་བསྙེན་ཀུན་ཏུ་སྤོང་བ་མེན། །ངན་སྒྱུགས་མཆིལ་སྣབས་འབུ་དང་རྣག །རྐང་དང་ཚིལ་བུ་ཤ་སོགས་བ་། །སྤང་དང་བླང་བའི་སྤྱོད་པ་ནི། །གཙང་སྨེ་མེད་པའི་གནོད་མ་ཡིན། །དབྱིངས་ཕྱུག་གསང་བའི་པདྨ་ནི། །དུས་གསུམ་རྒྱལ་བའི་ཕོ་བྲང་ལ། །ངན་ཁུང་འདབ་རྫ་ས་ཞེས་སྨོད་པ། །ཐབས་མཆོག་བླ་མེད་སྣོད་མ་ཡིན། །ལྷུན་གྲུབ་རང་སེམས་རྣམ་དག་ཀློང་། །གཉིས་མེད་ཡེ་ནས་ཡིན་པ་ལ། ཁུ་འབྲས་བསྒྲུབ་བྱ་བྱེད་ཟེར་བ། །གསང་སྔགས་མཆོག་གི་སྣོད་མ་ཡིན། །ཁྱད་པར་སྨན་གྱི་རྣམ་པ་ཡིས། །རླུད་སོགས་འདུ་བའི་ནད་གསལ་ཞིང་། །ཞེ་སྡང་ལ་སོགས་ནད་རྙིང་རྣམས། །གསོལ་ལ་མི་བརྩོན་འཇོག་བྱེད་པ། །ར་ས་ཡ་ནའི་སྣོད་མ་ཡིན། །ཞེས་བཀའ་སྩལ་པས། འདུས་པའི་འཁོར་ཕལ་པོ་ཆེ་རྣམས་ཡིད་གཉིས་གྱུར་ཏེ། འདི་སྙམ་དུ་སེམས་སོ ཨེ་མ་བདག་ཅག་གི་རྫས་ལྷ་དང་མི་ལ་སོགས་པའི་ཡུལ་ན་རབ་ཏུ་དཀོན་པ་འདི་དག་ལ། འདི་སྐད་ཅེས་གསུང་བ་འདི། ཇི་འདྲ་བའི་རྫས་ངོ་མཚར་ཞིང་རྨད་དུ་གྱུར་པ་ཞིག་མངའ་བ་དེ་ཞུ་བར་བྱའོ་སྙམ་སེམས་སོ དེ་ནས་འཁོར་དེའི་ནང་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་ངོ།་ཞེས་བྱ་བ་དེས། འཁོར་རྣམས་ཀྱི་བསམ་པ་དེ་ལྟ་བུ་ཐུགས་སུ་རྩོལ་ནས། རང་གི་བསྟན་ལས་ལངས་ཏེ། ཤེས་རབ་ཀྱི་རལ་གྲི་ཕྱར་ཏེ། ཕྱོགས་བཅུར་བཏབ་པ་ལས་ཀྱང་། གཅད་པའི་དངོས་པོ་མ་རྙེད་དེ། དཔེར་ན་ནམ་མཁའ་ལ་བཏབ་པ་བཞིན་དུ་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་པདྨ་ཡང་ནས་ཡང་དུ་བཏུགས་ཏེ་གསོལ་བ། བཅོམ་ལྡན་དྲི་མེད་བདེ་བ་ཆེ། སྣང་ཆེན་གཙོ་བོ་དོན་རིག་པ། །ཁྱོད་ཀྱིས་བདག་ལ་བཀའ་དྲིན་གསུངས། །ནམ་མཁས་ཁྱབ་པའི་ཞིང་ཁམས་ན། །ནོར་མཆོག་ཁྱད་པར་ཅན་གྱི་རྫས། །གང་ལགས་བདག་ལ་བཀའ་དྲིན་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་གདུང་བ་ཐམས་ཅད་རྣམ་པར་སེལ་བ། དོན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡིད་བཞིན་རིན་ཆེན་འོད་འབར་བ། གཞན་ནས་མ་རྙེད་རང་ལས་བྱུང་། །མུན་པའི་འདམ་གྱིས་མ་གོས་པའི། །རང་གི་སེམས་ཉིད་ནོར་མཆོག་སྟེ། །སྨན་མཆོག་གནད་སེལ་བདུད་རྩིའོ། །ཡང་གསོལ་བ། །ནད་པའི་ཚོགས་ནི་གང་དང་གང་། །ནད་གཞི་རྟག་ན་ཇི་ལྟ་བུ། །ཡུན་ནི་ཇི་སྲིད་ཅིག་གནས་ན། །མཁས་པར་གྱུར་པའི་སྨན་པ་སུ། །སྨན་གྱི་རྣམ་གྲངས་ཁ་མངར་རྣམས། །སྦྱར་གཞི་ཇི་ལྟར་བྱས་ན་ཕན། །ནད་པས་སྤྱོད་པ་ཇི་ལྟར་བསྲུང་། །ནད་སོས་བདེ་བ་ཅི་ལྟར་འགྱུར། །ཚེ་འཕེལ་ཡུན་ནི་ཇི་སྲིད་གནས། །དེ་ཡི་འདོད་སྤྱོད་ཚད་ཇི་ཙམ། །དེ་ལྟར་གྱུར་པ་སུ་ལ་ཕན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ནམ་མཁའི་མཐའ་ཀླས་ཁམས་གསུམ་གྱི། །སེམས་ཅན་མ་ལུས་ནད་པའོ། །སེམས་འཕྲུལ་པ་ལས་བྱུང་བ་ཡི། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ནད་བཞིའོ། །ཡུལ་ནི་འཁྲུལ་ནས་མ་གྲོལ་བར། །ཐབས་མེད་སོས་གླགས་མེད་པ་ན། །ཀུན་ལ་མཁས་པའི་སྨན་པ་ནི། །ང་དང་བླ་མ་མཁས་རབ་བོ། །སྨན་ནི་ཁྱད་པར་ཅན་གྱི་ཐབས། །ཁ་མངར་ཞི་ཁྲོས་ཕྱེ་བའོ། །ངས་གསུངས་ཐེག་པའི་བྱེ་བྲག་ལམ། །རྒྱུད་དང་གང་འཚམ་སྦྱར་གཞི་སྟེ། །འཁྲུ་སྒྱུག་སླར་འཐུང་ནད་ལ་ཕན། །སོ་སོར་ཐར་དང་བྱང་ཆུབ་སེམས། །བླ་ན་མེད་པའི་དམ་ཚིག་རྣམས། །ནད་དང་མཐུན་པར་སྤྱོད་པ་བསྲུང་། །ནད་དང་བྲལ་ནས་ཅི་བདེ་བར། །བག་ཡངས་ཀུན་ལ་དགའ་དགུ་སྤྱོད། །ཐོག་མ་ཐ་མ་མེད་པར་དུ། །ཆུ་བོ་ལས་རྒལ་ལྷུན་གྲུབ་ནས། །ནམ་མཁའ་ཡོད་པར་དེ་སྲིད་གནས། །དེ་ནས་ཀུན་ལ་སྤྱོད་འགྱུར་ཏེ། །སྤང་བླང་མེད་པར་ཀུན་ལའོ། །འགྲོ་བ་རྨོངས་པ་ཐམས་ཅད་ཀྱི། །ཕ་མར་འགྱུར་ཏེ་ཀུན་ལ་ཕན། །དེ་ལྟར་ང་ཡི་བསྟན་པ་ཡང་། །འདུ་བའི་ནད་ཕྱིར་མ་ཡིན་ཏེ། །དུག་ལྔའི་ནད་གསོའི་བདུད་རྩིའོ། །ཞེས་བཀའ་སྩལ་པ། ཡང་སེམས་དཔའ་དེས་གསོལ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ནད། །བཟོད་དཀའ་སོས་པར་དཀར་བ་གང་། །དེ་དག་སྦྱང་ཞིང་གཞིལ་བའི་སྨན། །བརྩེ་བས་བདག་ཅག་རྣམས་ལ་གསུངས། །བཀའ་སྩལ་པ། ང་ནི་ཐབས་མཆོག་ཐ་དད་པ། །ཀུན་ལ་ཕན་པར་མཛད་འགྱུར་ཡང་། །སྣོད་མེན་ངན་པ་བཞི་སོགས་དང་། །གཙང་སྨེ་སྤོང་ལེན་ཅན་རྣམས་ལ། །ཅུང་ཟད་ཙམ་ནི་མི་སྨྲའོ། །སངས་རྒྱས་ཀྱིས་ཀྱང་ཐོས་དཀའ་ན། །ཁྱེད་ལ་སོགས་པས་སྨོས་ཅི་དགོས། །ཅེས་གསུངས་པས་འཁོར་ཐམས་ཅད་རྟབ་རྟབ་པོར་གྱུར་ནས། གཅིག་ལ་གཅིག་ལྟ་ཞིང་ཅང་མི་སྨྲ་བར་འགྱུར་རོ། །དེ་ནས་ཡང་བཀའ་སྩལ་པ། ང་ནི་ཐུགས་རྗེས་དབང་བྱས་ཤིང་། །སྨོན་ལམ་དག་ལས་སྐྱེས་གྱུར་ཡང་། །བདག་འཛིན་དྲ་བ་མ་བཅད་པའི། །སེམས་ཀྱི་མདུད་པ་མ་གྲོལ་བས། །ཁྱེད་ལ་རབ་ཏུ་ང་མི་གསུང་། །ཞེས་བཀའ་སྩལ་པ་དང་། དེ་ནས་གནས་ཤིང་ཚོགས་པ་ཐམས་ཅད་རབ་ཏུ་དངངས་ནས་བརྒྱལ། ཀུན་ཏུ་བརྒྱལ། ཀུན་ཏུ་རབ་བརྒྱལ་བར་གྱུར་ཏོ། །དེ་ནས་རིང་ཞིག་ནས་སེམས་དཔའ་རྡོ་རྗེ་རྣོན་པོ་དྲན་པ་རྙེད་ནས། །རྣལ་འབྱོར་མཆོག་གི་ཆ་ལུགས་བཞིན་བྱས་ཏེ་གསོལ་པ། ཀྱི་ཧུད་བདག་ཅག་སྐལ་བ་ཆུང་། །བཅོམ་ལྡན་དབྲི་མཁྱུད་མི་མཛད་ཀྱང་། །བདག་ཅག་སྣོད་དུ་མ་གྱུར་པས། །ཐར་པ་ཐོབ་པའི་ས་བོན་བྲལ། །འོན་ཀྱང་རྣམ་བཀོད་རྫས་མཆོག་རྣམས། །དད་པས་འབུལ་ལོ་ཐུགས་རྗེས་བཞེས། །བསླད་མ་བྱིན་གྱིས་བརླབས་ནས་ཀྱང་། །འགྲོ་ལ་སྨན་པ་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་པས། དེའི་ཚེ་བཅོམ་ལྡན་འདས་ཀྱི་འོད་འབེབས་པ་སངས་རྒྱས་གསལ་བའི་རྒྱན་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཕྱོགས་བཅུའེ་སངས་རྒྱས་ཐམས་ཅད་བསྡུས་ཏེ་ཉིད་ཀྱི་སྐུ་ལ་བསྟིམས་ཏེ་རྒྱས་པར་མཛད་དོ། །དེ་ནས་ཡང་གདུང་བ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །གསལ་ཞིང་དྲི་མ་མེད་པ་ཐམས་ཅད་དུ་ཁྱབ་པ་སྐུའི་བ་སྤུ་ནས་བཏོན་ཏེ་འཁོར་དེ་དག་ལ་ཐིམ་པར་མཛད་དོ། །དེ་ལྟར་ཐིམ་པས་འདུས་པ་དེ་དག་བརྒྱལ་བ་ལས་སངས་ཤིང་། དྲན་པ་གསལ་པོ་རྙེད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་མངའ་བདག །འཁོར་བའི་གཡུལ་ཕམ་པར་མཛད་པའི་དམག་དཔོན། བདག་ཅག་ལ་དབྱེ་བ་སྲི་མི་མཛད་ཀྱང་། སྣོད་དུ་མ་གྱུར་པས་གནས་སུ་མཆི་བར་བགྱིད་པས་བདག་ཅགགི་་རྫས་སྨན་དང་། རྩི་དང་། བཅུད་དང་། མེ་ཏོག་དང་། ལྷུམ་བུ་དང་། སྡོང་པོ་དང་། ཟིལ་མངར་ལ་སོགས་པ་འདི་དག་བྱིན་གྱིས་བརླབ་ཏུ་གསོལ། ནུས་པ་དང་ལྡན་པར་མཛད་དུ་གསོལ།ནད་ཐམས་ཅད་གསོ་བར་མཛད་དུ་གསོལ། །ཉིད་ཀྱིས་མཆོད་པར་བཞེས་སུ་གསོལ་ཞེས༷་གསོལ་པ་དང་། ཡང་བཅོམ་ལྡན་འདས་འཁོར་བ་ལས་ཀུན་ཏུ་སྒྲོལ་བ་དམ་པ་ཅན་བདེ་བར་བྱེད་པ་ཞེསབྱ་བའི་ཏིང་ངེ་འ༷ཛིན༷ ་ལ༷ ་སྙོམས་པར་ཞུགས་ནས། འོད་ཟེར་དང་བཅས་པའི་སྔགས་འདི་གསུངས་སོ། །ཨཱོཾ་པ་ཙི་ཀ་མ་ལ་ཨ་མྲི་ཏ་མ་ཧྭ་གུ་ན་མཧྭ་དྷ་ར་པ་ཤ་སརྦ་ལྷུ་ན་སྟི་ཤ་བཛྲ། ཏ་ཐུ་ག་ཏ་ཧུ༷་ཧུ༷་ཨ་མྲི་ཏ་སུ་ཁ་ཧུ༷་ཧུ༷་ཧུ༷་ཨ༷་ཨ༷་ཨ༷ཨཱོཾ་ཨཱོཾ་ཨཱོཾ་ཞེས་སྣ་ཚོགས་པའི་སྨན་དང་། རྩི་ལསོགས་པ་ཐམས་ཅད་ཀྱང་འཇིག་རྟེན་པའི་བདུད་རྩི་འདུ་བ་ཐམས་ཅད་སེལ་ནུས་པར་བྱིན་གྱིས་བརླབས་ཏེ། དེ་དག་ཉིད་ཀྱིས་བཞེས་ནས་རྒྱུ་དང་འབྲས་བུའི་ཆོསམ་བཤད་དེ། དེ་དག་ཆུད་མ་སོན་པར་ཐུགས་རྗེས་བཟུང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔེར་ན་ཉི་མའི་སྙིང་པོ་ལ། མུན་པ་རྡུལ་ཙམ་མི་གནསབཞིན། །ངཡིསགསུངས་པའི་བཀའ་ལ་ཡང་། ཐེ་ཚོམ་མེད་པར་༄༅ ངེས་པས་ན། །དེ་དག་ནན་ཏན་དག་ཏུ་སྒྲུབས། །ཅེས་གསུངས་ནས་ནམ་མཁའི་དབྱིངས་རྣམ་པར་སྤྲོས་པ་རྒྱས་པར་གཏོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཚམ་རྔམ་གྱིས་ལོག་པ་ཅན་ཚར་གཅོད་པའི་དམ་པ་འདི་དྲག་ཏུ་བརྗོད་དོ། ཧུ༷་ཧུ༷་ཧུ༷་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཧ་ལ་མ་ཧྭ་ཀྲོ་ཨ་མྲི་ཏ་སུ༷་བྷ་ནི། སྒྲོད་ཀ་སི་རསྒ་ཧ་ཧ་ཧ་ཕཊ་ཕཊ་ཕཊ། ཅེས་གསང་བའི་སྣོད་དུ་མ་གྱུར་པ་རྣམས་རང་དབང་མེད་པར་དཔག་ཚད་ཙམ་གྱིས་ཆོད་པར་གཏང་ངོ་། །དེ་དག་ཀྱང་གཙོ་བོའི་ཞབས་ལ་ཕྱག་འཚལ་ནས་ཡི་རང་བས་རང་རང་གི་གནས་སུ་དེང་ངོ་། །དེ་ནས་སེམས་དཔའ་རྡོ་རྗེ་རྣོན་པོས་ཕྱག་རྣལ་འབྱོར་གྱི་ལུགས་སུ་ལུས་ས་ལ་བརྡབས་ཏེ་འཚལ་ནས་འདི་སྐད་ཅེས་གསོལ་བ་བཏབ་བོ། །དཔའ་བོ་ཆེན་པོ་ཆོས་ཀུན་བདག །ཐུགས་རྗེས་འགྲོ་བའི་དོན་ལ་རོལ། །སོས་དཀའ་གཅོང་གིས་ཟིན་པ་ཡི། །ནད་པ་རྣམས་ཀྱི་སླད་དུ་ནི། །ཉིད་ཀྱི་མཚན་དང་མཐུན་པ་ཡི། །བླ་མེད་སྙིང་པོ་བཤད་དུ་གསོལ། །ཅེས་གསོལ་བ་བཏབ་པ་ལས། གསང་བ་ཆེན་པོའི་མངའ་བདག་གིས་བཀའ་སྩལ་པ། དུས་གསུམ་རྒྱལ་བའི་ཐུགས་ཀྱི་གཏེར། །དགོངས་པའི་བཅུད་ཕྱུང་སྙིང་པོ་འདི། །བྱིན་གྱིས་མ་བརླབས་ཁྱེད་རྣམས་ལ། །གང་ཡང་ངས་ནི་བསྟན་མི་ནུས། །ཡང་གསོལ་པ། གཙོ་ཆེན་ཁྱོད་ཀྱིས་ཐུགས་རྗེ་ཡིས། །བདག་ཅག་རྣམས་ལ་བྱིན་གྱིས་བརླབས། །གནས་དང་གཞི་རུ་སྨོད་མཛདདེ། །དེསླད་འཁོར་ལ་གསུང་དུགསོལ། །དེ་ནས་བཅོམལྡན་འདས་རྣམ་པརསྣང་མཛད་ནམ་མཁའ་ལྟར་སྣང་ཞིང་རྡུལ་དང་བྲལ་ལ་ཡོངས་སུ་དགཔ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།བརྗོད་པ་མེད་པརའདི་སྐད་ཅེས་རང་གྲགས་པར་གྱུར་ཏོ། ཁུ།་དང་འབྲས་བུའི་ཆོས་རྣམས་ནི། །སྤྲིན་མེད་མཁའ་ལྟར་རྣམ་པར་དག །དག་པའི་བདག་ཉིད་དབྱིངས་ཉིདཔས། །ཐམས་ཅད་ཀུནགྱི་བདག་ཉིད་དོ། །ཞེས་གསུངས་སོ། །དེནས་ཡང་བཅོམ་ལྡན་འདས་མི་བསྐྱོད་པས། ཆོས་ཀྱི་དབྱིངས་རང་སྣང་བ་ཐམས་ཅད་གསལབརབྱེད་པའི་གཞིའི་སྒྲ་དམ་པ་ཞེས་པའིཏིང་ངེ་འཛིན་ལསྙོམས་པར་ཞུགས་ནས། རངབཞིན་གྱི་སྒྲ་འདིརང་གྲགས་པར་གྱུར་ཏོ། །ཨ་ཨ་ཨུ་ཨི་ཞི་ཨུ་སྐྲུ་རེ་ཙྭ་ལི་ལྟོ་ཨེ་ཨིཨོ་ཨོཨ༷་ཨ། ཞེས་གྲག་གོ །དེ་ནས་ཡང་དེ་བཞིན་གཤེགས་པ་རིནཔོ་ཆེ་འབྱུང་བས། སྤྲོས་པ་དང་བྲལཞིང་བསོད་ནམསདང་ཡེ་ཤེསདཔག་ཏུ་མེད་པརདབྱིངས་སུ་མཉམཔཞེས་བྱ་བའི་ཏིང་ངེ་འཛིན་ལསྙོམས་པརཞུགས་སོ། །དེའི་ཚེ་རང་བཞིན་ཡི་གེ་འདི་དག་རང་སྣང་བར་གྱུར་ཏོ། །ཀ་ཁ་ག་ཀྟ་ང། ཙཚ་ཛ་རྙོ་ཉ། ཊ་ཋ་ཌརྟེ་ཎ། ཏ་ཐད་དྷན། པ་ཕ་བབྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྟ། ཌ་རྟེ་ད་དྷ་ར་ལ། ཞེས་སོ། །དེ་ནས་ཡང་བཅོམ་ལྡན་འདས་འོད་དཔག་ཏུམེད་པས། ཆོས་ཐམས་ཅད་ཐུགས་ཀྱི་དབྱིངས་བརྗོད་པ་དང་བྲལ་ཞིང་བརྗོད་པཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གྲག་གོ །ཧུ༷་ཧུ༷་བཛྲ་ཨུ་ཏྣ་ཀོ་྅ཧ༷། དེ་ནས་ཡང་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པས། གསང་བར་གྲུབ་པའི་མཆོག་གཉིས་སུ་མེད་པའི་སྐུ་རྣམ་པར་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བ་གྲུབ་པའི་སྙིང་པོ་དམ་པ་འདི་གསུངས་སོ། །ཨོ་བཛྲ་ས་ཏྭ་ས་མ་ཡ་ཨ་ཧ༷། དེ་ནས་དཔལ་རྡོ་རྗེ་སེམས་དཔའ་དབུ་གསུམ་པར་རྣམ་པར་གྱུར་ཏེ། བཙུན་མོ་དང་སྙོམས་པར་་ཞུབས་ནས། བྷ་གའི་དཀྱིལ་འཁོར་འདབ་མ་སྟོང་དང་ལྡན་པར་མཛད་དེ། དེ་བཞིན་དུ་ཆོས་ཀྱི་སྲོག་ཤིང་བཙུགས་ནས་གཉིས་སུ་མེད་པར་མཛད་དོ། །དེ་ནས་ཡང་ཉེ་བར་བྱིན་གྱིས་རློབ་པ་སྤྲིན་བཀོད་པ་ཡོངས་སུ་བདེ་བའི་ལས་ཞེས་བྱ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་ཐམས་ཅད་བྱིན་གྱིས་བརླབས་ཏེ། བདུད་རྩི་ཆར་པས་རྒྱུད་བརླན་པར་མཛད་དེ། རང་རང་གི་རིགས་ཀྱིས་མཚན་ཅིང་། རང་རང་གི་མཚན་མ་ལག་ཏུ་བྱིན་ཏེ། ཆོས་ཀྱི་སྒྲས་བསྒྲགས་ནས་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་ཡང་བརྟན་པར་མཛད་དེ། དམ་ཚིག་བྱིན་ནས་འདི་སྐད་ཅེས་བརྟུལ་ཞུགས་བསྒོའོ། །ཀྱེ་ཁྱེད་མི་བྱ་མི་བཟའ་མེད། །རང་བཞིན་རྗེས་སུ་སྤྱད་པ་སྤྱོད། །གདུལ་དཀའ་རང་བཞིན་ཁྱེད་ཀྱིས་སུ། །སྤྱད་རྒྱུ་མེད་པ་ཐབས་ཀྱིས་སྤྱོད། །དེ་ནས་འཁོར་དེ་དག་དབུགས་ཕྱུང་ནས་ལུང་བསྟན་ཏེ་གནང་བ་བྱིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འོད་རྣམ་པར་བྱེད་ཐམས་ཅད་འབེབས་པས་རྒྱུད་ཡོངས་སུ་སྦྱངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། །དེ་དག་གི་རྒྱུད་སྦྱངས་ཏེ་ཚིམ་པར་མཛད་ནས་བདེ་བ་ལ་རྒྱུན་སྙོམས་པར་བཞག་ནས་སྐལ་བ་དང་ལྡན་པར་མཛད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འོད་ཟེར་ལྟ་བུར་བྱེད་ཅིང་སངས་རྒྱས་ཐམས་ཅད། འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བདག་ཉིད་དང་འཁོར་ཐམས་ཅད་ལ་བསྡུས་ཏེ། ཐམ།ས་ཅད་བྱིན་གྱིས་བརླབས་ནས་སྣོད་དུ་མཛད་དེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་ནི་འགྲོ་བ་ཐམས་ཅད་ས་ལ་བཀོད་དོ། །མཛེས་པར་བྱས་སོ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་རྣོན་པོ་ལ་སོགས་པས་ལུས་དང་། ངག་དང་། སེམས་བདེ་བ་རྙེད་ནས། རབ་ཏུ་རང་རང་ལ་ངམ་པ་སྐྱེས་ཏེ་ངོ་མཚར་བའི་ཚིག་འདི་སྐད་ཅེས་བརྗོད་དོ། །ཨེ་མའོ་ཡེ་ནས་རྣམ་དག་བྱང་ཆུབ་སེམས། །ཐིག་ལེ་ངང་གེས་གསལ་མོད་ཀྱང་། །མུན་པར་འ་ས་པའི་བདག་ཅག་རྣམས། །བྱིན་རླབ་སྣོད་དུ་མཛད་པ་མཚར། །ཅེས་སོ། །ཡང་འཁོར་འདུས་པ་དེ་དག་གི་མཆོད་པའི་རྣམས་གྲངས་སྨན་དང་མེ་ཏོག་ལ་སོགས་པས་མཆོད་དེ། ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ནས་གསོལ་བ། བཅོམ་ལྡན་མི་རྟོག་ནམ་མཁའ་ཁྱོད། །བཅོམ་ལྡན་ཀུན་སྙོམས་ཉི་མ་ཁྱོད། །བཅོམ་ལྡན་གསལ་བྱེད་ཟླ་བ་ཁྱོད། །བཅོམ་ལྡན་ནད་སེལ་བདུད་རྩི་ཁྱོད། །བཅོམ་ལྡན་ཁྱོད་ཀྱིས་བདག་ཅག་ལ། །ཐུགས་བརྩེ་བ་ཡིས་བཤད་དུ་གསོལ། །ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱི་འོད་ཟེར་རྣམ་པར་སྤྲོས་པས་ཀུན་ལ་ཁྱབ་པ་ཞེས་བྱ་བའི་དགོངས་པ་ལ་བཞུག་ས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི་རིགས་རྣམས་ཀུན་གྱི་བདག །ང་ནི་སྙིང་རྗེ་སྔོན་དུ་བཏང་། །ང་ནི་ཐབས་མཆོག་བླ་མེད་པས། །སོས་མེད་གཅོང་རྙིང་གདོན་པར་བྱ། །ཡང་གསོལ་བ། ལོག་པར་ལྟ་བའི་ནད་ཆེན་པོ། །སོས་མེད་སྐྲན་ཞེན་བྱ་བ་དེ། །གཞི་ནི་ཅི་ལས་གྱུར་པ་ལགས། །ནད་ཀྱི་དངོས་པོ་ཅི་ལྟ་བུ། །འཆི་བར་འགྱུར་བ་གང་ལག་གསུངས། ཁེ་ནས་ཕྱི་མཐར་ཅི་ལྟར་འགྱུར། །བརྩེ་བས་བདག་ཅག་རྣམས་ལ་ཤོད། །གསང་སྔགས་བདག་པོས་བཀའ་སྩལ་པ། །ནད་གཞི་དོན་གྱི་སྙིང་པོ་སྟེ། །ན་དང་མི་ན་འཚོ་དང་འཆི། །དངོས་མེད་ཐ་སྙད་ལས་འདས་ཀྱང་། །མུན་པ་མུན་ནག་དཀྲིགས་འཐིབས་པས། །ནམ་མཁའི་མཐའ་དང་ལམ་གྱི་ཕྱོགས། །གནས་ཀྱི་ཆ་ཙམ་མིང་ཤེས་པས། །གཡང་སར་འ་ས་ཏེ་ཡང་ཡང་འཆི། །ལས་ཀྱིས་སླར་ལའང་འཚོ་བྱེད་དེ། །མ་རིག་འཁྲུལ་བཅས་སེམས་ཉིད་གཞིའོ། །དངོས་པོ་བདག་འཛིན་བདག་ལས་བྱུང་། །ཞེ་སྡང་མནར་སེམས་ང་དང་བདག །བྱམས་དང་ལྷན་ཅིག་མི་གནས་ཏེ། །སྲོག་གཅོད་ལ་སོགས་སྣ་ཚོགས་པ། །ངའོ་སྙམ་པ་སོས་མེད་ནད། །གཏི་མུག་རྨོངས་པ་སེམས་ཉིད་འཐིབས། ཁྲེས་རབ་གསལ་དང་ལྷན་མི་ཅིག །མུན་གཏིབས་རྨོངས་སོགས་སྣ་ཚོགས་པ། །ང་མེད་སྙམ་པ་སོས་མེད་ནད། །འདོད་ཆགས་ཞེན་པ་ཡུལ་ངན་བཅས། །གཏོང་ཆགས་སྡེ་དང་ལྷན་མི་ཅིག །ལོག་པར་གཡེམ་སོགས་ཐ་དད་པ། །ང་ལ་སྙམ་པ་སོས་མེད་ནད། །ང་རྒྱལ་ཆེ་བ་ཕྲག་དོག་ནད། །བཏང་སྙོམས་དག་དང་ལྷན་མི་ཅིག །དྲེགས་དང་ཁེངས་པ་ལ་སོགས་པ ང་ལས་ཆེ་བ་མེད་པ་ནད། །ཕྲག་དོག་སེར་སྣ་ལ་སོགས་པ། །རེ་བ་སྤངས་དང་ལྷན་མི་ཅིག །ངས་ནི་སྙམ་པ་སོས་མེད་ནད། །ཉི་ཤུས་བསྡུས་པའི་རྟོག་འཛིན་དེ། །གཉིས་མེད་དབྱིངས་དང་ལྷན་མི་ཅིག །སོ་སོར་འཛིན་དང་བདག་གཞན་སོགས། །འཁོར་བའི་གཅོང་རོང་འཁྱམ་པ་ཡི། །བསམ་གྱིས་མི་ཁྱབ་ནད་ཡོད་ཀྱང་། །ལྔ་དང་གསུམ་དང་གཉིས་ནད་དེ། །འཆི་བས་འདི་ཟིན་སོས་པར་དཀའ། །ཀུན་གྱི་གཞི་ནི་གཅིག་ཡིན་ཏེ། །སྨན་གྱི་རྒྱུ་ཡང་ཁོ་ན་ཉིད། །དཔེར་ན་འབྱུང་བས་སྐྱེད་འདྲ་ལ། །དུག་དང་སྨན་གྱིས་འཚོ་དང་འཆི། །སྔགས་དང་ཐབས་སུ་ལྡན་གྱུར་ན། །དུག་ཉིད་སྨན་གྱི་མཆོག་འགྱུར་ལ། །སྨན་ཀྱང་དུག་འགྱུར་དེ་བཞིནནོ། །འཆིབ་ཁམས་གསུམ་་འཁོར་བ་པའི། །འགྲོ་དྲུག་སེམས་ཅན་མ་ལུས་རྣམས། །ཡུན་རིང་ན་བས་ཉོན་མོངས་ཏེ། །སྐྱེ་རྒ་ན་དང་འཆི་བར་འགྱུར། །ཕྱི་མཐར་དར་ཅིག་དབང་མེད་དེ། ཁེ་ནས་་ཇི་ལྟར་འགྱུར་བ་ནི། །ཞེ་སྡང་ནད་ཆེན་མི་བཟད་པས། །ཤི་ནས་དམྱལ་ཁམས་མང་བརྒྱུད་དེ། །དེ་ནས་སྐྱེ་བ་བགྲང་ལས་འདས། །གཏི་མུག་ནད་ཀྱིས་རྨོངས་པ་རྣམས། །བྱོལ་སོང་རིགས་ནི་ཐ་དད་པར། །ཤ་ལ་ཉིང་གིས་ཟ་བ་ནི། །ཡང་ནས་ཡང་དུ་བརྒྱུད་ནས་སུ། །ཆགས་ཤིང་སྐམ་པའི་ནད་ཀྱིས་ནི། །ནམ་ཡང་ཐར་པར་མི་འགྱུར་ཏེ། །རང་ལུས་མཆོག་ཏུ་འཛིན་པ་ཡི། །རིང་པོ་སྡུག་བསྔལ་ཅན་དུའོ། །ང་རྒྱལ་རབ་ཏུ་ཁེངས་པའི་ནད། །བཟོད་པར་དཀའ་བས་ཤི་འོག་ཏུ། །འཐབ་རྩོད་ལྷུར་ལེན་ལྷ་མ་ཡིན། །གལ་ཏེ་གཞན་ནའང་རྩོད་ལ་དགའ། །ཕྲག་དོག་བདག་ཡོད་གཞན་ལ་མེན། །ནད་ཀྱིས་བརྒྱལ་བར་གྱུར་ཤི་ནས། །ཟས་དང་བཏུང་དང་བགོ་བདེ་བས། །གདུངས་ཤིང་མནར་བའི་ཡི་དྭགས་སྐྱེ། །གཞན་ཡང་ནད་སྣ་མང་པོ་ཡིས། །མི་བདེ་རྨོགས་ཤིང་ཚི་ཆད་ནད། །སྡུག་བསྔལ་འགྱུར་བའི་བྱེ་བྲག་ནི། །དབང་པོས་ཁམས་གསུམ་འཁོར་བ་ལྟོས། །ཡང་གསོལ་བ། ཐུགས་རྗེ་ཆེ་མངའ་གསང་བའི་བདག །དེ་དག་སོས་པར་བྱ་བའི་ཐབས། །གཞི་ལས་བྱུང་བའི་སྨན་གྱི་དངོས། །གང་ལགས་བརྩེ་བས་བཤད་དུ་གསོལ། །སྦྱར་ཐབ་།་བཟའ་བསྲེལ་བའང་ཤོད། །དེ་སྐད་ཅེས་ནི་གསོལ་བ་ལས། །གསང་སྔགས་དབང་པོས་བཀའ་སྩལ་པ། །གཞི་ནི་ནད་དང་འདྲ་བ་ཡིན། །དངོས་ནི་རྣམ་པ་ལྔ་ཡིན་ཏེ། །གཙང་སྨེར་མི་འབྱེད་སྦྱར་བའི་ཐབས། །དང་དུ་བླང་བ་བཟའ་བའི་ཐབས། །རང་དང་རྒྱལ་བ་མཆོད་བསྐུལ་གསོལ། །རྒྱུན་དུ་བྱ་བ་བསྲེལ་བའོ། །སེམས་དཔའ་མཆོག་གིས་ཡང་གསོལ་བ། །ལྔ་ཞེས་བགྱི་པ་གང་དང་གང་། །བཞི་དྲུག་སོགས་རྣམས་སྤངས་བ་ཡི། །ལྔ་རུ་ངེས་པ་ཇི་ལྟ་བུ། །ལྔ་པོ་སྐྱེ་བའི་ས་གཞི་གང་། །རྐྱེན་ནི་གང་གི་དབང་གི་སྐྱེ། །བཏུ་དང་རྐོ་དང་སྐམ་ཐབས་རྣམས། །སྨན་མཆོག་རྒྱལ་བས་བདག་ལ་གསུངས། །དེ་ལ་གཙོ་བོས་བཀའ་སྩལ་པ། །ལྔ་ཞེས་ངེས་པར་བཤད་པ་ནི། ཁྲ་དང་བཤང་གཅི་ཁུ་བ་ཁྲག །ཇི་བཞིན་བསམ་གྱིས་ཁྱབ་ཀྱང་། །མདོར་བསྡུས་ལྔ་པོ་ཁོ་ནར་ངེས། །ཉོན་མོངས་ལྔ་ཡི་གཅོད་སྦྱོང་ཞིང་། །རིགས་ལྔར་ཚེ་མཆོག་བསྲིང་བའི་ཕྱིར། །བཞི་དང་དྲུག་སྤངས་ལྔ་རུ་ངེས། །ཉོན་མོངས་དུག་ལྔ་སྦྲུལ་ལྟ་བུས། །འཚོ་བའི་སྲོག་གཅོད་སྦྱོང་བར་བྱེད། །རང་གི་ཕུང་པོར་ཤ་ཁྲག་ལས། །རབ་ཏུ་སྐྱེ་བའི་གཞི་ཡིན་ནོ། །དེ་བཞིན་ཞིང་ཁམས་ཐམས་ཅད་ན། ཁྱབ་པར་ཡོད་པས་ས་གཞི་འདྲ། །རྐྱེན་ནི་བསྙེན་པ་ཉེ་བསྙེན་པོ། །སྒྲུབ་དང་སྒྲུབ་ཆེན་དག་གིས་སུ། །བླ་མེད་བྱང་ཆུབ་འགྲུབ་པས་སྐྱེ། །ཐབས་ལ་མཁས་པའི་སྦྱོར་བ་ཡིན། །འཁོར་བ་ཉིད་ལས་བཏུ་བར་བྱ། །ལྔ་གསུམ་གཉིས་དང་བསམ་ཡས་པ། །རྩད་ནས་དབྱུང་ལ་བརྐོ་ཞེས་བྱ། །འཁོར་བའི་རྒྱ་མཚོ་གཏིང་རིང་བས། ཁྲེས་རབ་འོད་ཀྱིས་བསྐམ་པར་བྱ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས་ཡང་གསོལ་པ། །བདེ་གཤེགས་རྣམས་ཀྱིས་གསུངས་པའི་དོན། །བདག་གི་ཁོང་དུ་མ་ཆུད་དེ། །མི་གཙང་ལུས་ཀྱི་སྙིགས་མ་ལ། །བདེ་གཤེགས་གཙང་མར་བྱིན་རློབ་པ། །ནམ་མཁའ་རྫས་སུ་འགྱུར་རེ་ན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་རྫས་སུ་སུ་ཞིག་བསྒྱུར། །གདོད་ནས་དག་པའི་ནམ་མཁའ་ལ། །ན་བུན་སྤྲིན་གྱིས་སྒྲིབ་གཡོགས་པས། །གསལ་བར་མི་འགྱུར་མུན་པར་འགྱུར། །ཉི་འོད་ཤར་བས་སྐད་ཅིག་ལ། །མཐའ་གསལ་རབ་ཏུའང་གསལ་འགྱུར་བཞིན། །རྣམས་ལྔ་དག་པའི་བྱང་ཆུབ་སེམས། །རང་བྱུང་དག་པའི་རྫས་མཆོག་སྟེ། །མུན་པ་ལྟ་བུའི་མ་རིག་པས། །ཤིན་ཏུ་བསྒྲིབས་པས་གཙང་དང་སྨེ། །བདག་དང་བདག་ཏུ་འཛིན་པས་མནར། །རང་རིག་གསལ་བར་ཤར་བའི་ཚེ། །རྣམ་རྟོག་བསལ་བས་བདུད་རྩི་སྟེ། །རྣམ་དག་བྱང་ཆུབ་སེམས་ཆེན་པོ། །གདོད་ནས་དག་པས་གཉིས་སུ་མེད། །ཡང་གསོལ་བ། །ཤ་ཁྲག་བཤང་དང་ཁུ་བ་གཅི། །མི་དང་གླང་པོ་རྟ་དང་བྱ། །ཁྱི་ལ་སོགས་པའི་ཤ་རྣམས་དང་། །ལ་ཕུག་སྒོག་སྐྱ་སྲན་ཆན་དང་། །ཚེར་མ་ཅན་གྱི་ཤིང་ཐོག་སོགས། །འབྱུང་པོ་གདོན་དང་མཁའ་འགྲོ་དང་། །འཕྲ་མེན་ལ་སོགས་དམན་རིགས་ཀྱི། །མངན་ཟས་ཆེན་པོ་སྨད་པ་ལས། །བསྔགས་ཤིང་བླང་པར་མ་ཐོས་སོ། །ཡང་བཀའ་སྩལ་པ། གཙང་མས་གཙང་བར་རྟོག་པ་དང་། །འབྱུང་པོའི་མངན་ཟས་ཆེད་བྱེད་པ། །བུས་པ་བྱེད་ལ་རྩོད་མེད་ཀྱང་། །སྐྱེས་བུ་མི་ཆེན་ག་ལ་ཡིན། །དཔེར་ན་ཟླ་བའི་དཀྱིལ་འཁོར་ལ། །རི་བོང་གཟུགས་ཀྱིས་བསྒྲིབས་ནའང་། །འོད་མེད་ནག་འགྱུར་ག་ལ་སྲིད། །རང་བཞིན་ཉིད་ཀྱི་རང་འབྱུང་དག །ཡང་གསོལ་བ། །བཅོམ་ལྡན་ཉིད་ནི་རང་བྱུང་སྟེ། །ཐ་སྙད་ཀུན་བྲལ་དག་ཅེས་བྱ། །སྙིགས་མ་རྣམ་པ་ལྔ་ལ་སོགས། །ཁམས་ཀྱི་ཟས་ལས་བྱུང་བས་ན། །རང་བྱུང་མ་ཡིན་གཞན་བྱུང་ཡིན། །དག་ཅེས་བྱ་བ་ཆོས་ཀྱི་དབྱིངས། །གནས་སྐབས་གང་དང་གང་དུའང་། །གཅིག་དང་དུ་མར་མི་གནས་ཤིང་། །ཀུན་བཟང་ཉིད་པས་དག་ཅེས་པའོ། །ངང་གིས་བརྟགས་བྲལ་གསུང་མོད་ཀྱང་། །མི་གཙང་སྨད་ཅིང་གཤུང་བས་ན། །ཀུན་ནས་སྐྱོན་ཅན་དྲི་ང་བས། །དག་ཅེས་ཅི་སླད་གསུང་བ་ནོར། །བཀའ་སྩལ་པ། ཟས་ནི་འབྱུང་བའི་རྒྱུན་ཡིན་ཏེ། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཡུམ་གྱི་མཁའ་ཀློང་རང་བྱུང་སྟེ། །དེ་ལས་བྱུང་བས་རང་བྱུང་ངོ་། །ཡང་དག་དེ་ཁོ་ན་ཉིད་ནི། ཁྲེས་རབ་ཕ་རོལ་ཕྱིན་མའི་ཀློང་། །གདོད་ནས་སྨྲ་བསམ་ལས་འདས་པས། །གདོད་ནས་དག་ཅེས་བཤད་པ་ཡིན། །འདི་ནི་བདེ་གཤེགས་ཐུགས་ཀྱི་གཏེར། །རྡོ་རྗེ་དབྱིངས་ཀྱི་མཛོད་ཆེན་པོ། །ཡིད་བཞིན་རིན་ཆེན་འདོད་པའི་དབྱིག །ནམ་མཁའ་གཡུང་དྲུག་འཁྱིལ་བའོ། །སེམས་དཔའ་ཆེན་པོ་དེ་ལྟ་བས་ན་འདི་ལྔ་ནི་སངས་རྒྱས་སོ། །ཆོས་སོ། །ཆོས་ཀྱི་དབྱིངས་སོ། །བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་སེམས་བདེ་བ་ཆེན་པོའོ། །རྡོ་རྗེའི་མཛོད་བསྤྱིངས་པ་ཆེན་པོ་མ་ནོར་བའི་སྐྱེས་བུ་ཆེན་པོའི་དཀོར་དམ་པ་དཔག་བསམ་གྱི་ཤིང་གི་འབྲས་བུ་དབང་བསྐུར་བའི་བུམ་པ་བཟང་པོ་སྟེའཁོར་བའི་དཔུང་འཇོམས་པའི་དམག་དཔོན་ཆེན་པོ། །སྐྲན་སྙིང་སྦྱོང་བའི་སྨན། དུག་སེལ་བའི་ཀ་ལ་ཡ་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྲོག །རྣལ་འབྱོར་པ་ཐམས་ཅད་ཀྱི་ལྟ་བའོ། །ཡང་གསོལ་བ། རྣམ་གྲངས་ར།ང་པོར་རྣམ་ཕྱེ་སྟེ། །བཅོམ་ལྡན་འདས་ཀྱིས་གསུངས་མོད་ཀྱང་། །བདག་ཅག་འདུས་པའི་འཁོར་རྣམས་ཀྱི། །རྟོག་པའི་མདུད་ཕུར་མ་ཕྱིན་ཅིང་། །གཟུང་འཛིན་རྒྱ་མདུད་མ་བཀྲོལ་བས། །ཡང་དག་དགོངས་པ་བཤད་དུ་གསོལ། །ཅེས་གསོལ་ཏོ། །ཡང་བཀའ་སྩལ་པ། ཚངས་དང་བྲམ་ཟེ་གཙང་མ་ཟ བ་ཡི་འོ་མ་བ་་པའི་མཆོག །གཞན་དག་རྣམ་པར་སྤངས་ན་ཡང་། །བྱང་ཆུབ་གྲོལ་ཐོབ་ངས་མ་བཤད། །ཀླུ་དང་བྲམ་ཟེ་གཙང་མ་ཟ། །འབྲས་ཀྱི་ཁུ་བ་བ་་བའི་མཆོག །དེ་དག་མཆོག་གི་གཞན་སྤངས་ཀྱང་། །ཡང་དག་ཡེ་ཤེས་ག་ལ་འགྲུབ། །བྱོལ་སོང་ཙྭ་མཆོག་ཟ་བ་ཡང་། །ཇི་སྲིད་འཚོ་ཡི་བར་དུ་ཟ། །ཆུ་མཆོག་ལན་ཚྭའི་རོ་བྲོ་འཐུང་། །ས་བོན་བརླག་མེད་ག་ལ་ཡིན། །ཡི་དྭགས་ངན་སྒྱུགསབཤངགཅི དང། །སྟོར་ཁུང་འབབས་དང་སྨད་ཀུན་ཟ། །དྲི་ང་དུག་ཆུ་ལ་སྤྱོད་ཀྱང་། །བླ་མེད་ས་བོན་ཚིག་མ་ཡིན། །དེ་བས་བླང་དང་དོར་སྤངས་ཏེ། །གཉིས་མེད་ཀློང་དུ་ཐག་ཆོད་ན། །གཟུང་དང་འཛིན་པའི་ནད་བྲལ་བས། །བླ་མེད་བྱང་ཆུབ་ད་ལྟར་རོ། །ཆོས་ཉིད་དོན་གྱི་ནམ་མཁའ་ལས། །ཐུགས་རྗེ་རྒྱུན་གྱི་ཆར་ཕབ་པས། །རི་བོ་མཆོག་དང་རི་བདུན་དང་། །གླིང་དང་གླིང་ཕྲན་ལྕགས་རི་སོགས། །ལུང་བུ་སལ་སུལ་ཡན་ཆད་བརླན། །སྨན་དང་གེལ་བ་རྩི་དང་འབྲུ། །འདབ་མ་མེ་ཏོག་སྐྱེས་གྱུར་ཏེ། །འགྲོ་བའི་ནད་སེལ་གསོས་གྱུར་དང་། །ལུས་ལས་བྱུང་བའི་ལྔ་གཉིས་དག །ཇི་བཞིན་སྤྲོ་ས་བྲལ་རྒྱུ་ཡི་རྒྱུ། །ཆེན་པོ་ལྔ་ཡིས་རྒྱུ་བྱས་ཏེ། །འདུས་བྱས་དངོས་པོར་གཅིག་པ་ལ། །གཙང་སྨྲེར་ཕྱེ་བས་ཁྱེད་ཅག་འཁྲུལ། །ཆོས་ཉིད་རྒྱན་གྱི་མཁའ་ཀློང་དུ། །དག་དང་མ་དབ་ཇོག་པ་ཀུན། །ཐིག་ལེའི་དབྱིངས་སུ་རྒྱས་བཏབ་ལ། །ཕྱི་ནང་མཚན་མས་ཕྱེ་བས་འཁྲུལ། །གདོས་བཅས་དབྱིབས་དང་ཁ་དོག་གདངས། །དྲན་རིག་ཤེས་པ་ཐམས་ཅད་ཀུན། །རང་བྱུང་ཡེ་ཤེས་རང་སྣང་ལ། །རྒྱུ་དང་འབྲས་བུར་ཕྱེ་བ་འཁྲུལ། །དེ་བས་རྟོག་པའི་སེམས་སྤངས་ཏེ། །བདེ་བ་ཆེན་པོ་ཁྱབ་བརྡལ་བས། །སེམས་ཀྱི་འདུ་བྱེད་ཚར་ཆོད་ལ། །བདུད་རྩི་མཆོག་ལ་ནན་ཏན་བྱོས། །ཡང་སེམས་དཔས་རང་གི་སེམས་ལ་དམིགས་ཏེ་བརྟགས་ན། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ནི་སྐྱོན་དུ་བྱ་བ་ཐམས་ཅད་སྤངས་པ་ལ་འདི་ལྟ་བུའི་མཆོད་པ་མི་རིགས་སོ་བསམ་ནས་གསོལ་པ། ཨེ་མ་ཧོ་ཅི་སྟེ་བདེ་གཤེགས་རྒྱལ་བའི་ཞབས། །ངན་སྒྱུགས་འདམ་རྫབ་མི་གཙང་བས། །མཆོད་པར་དམིགས་ཏེ་བསྐང་བྱས་ན། །རྣམ་སྨིན་ལས་ཀྱི་རྒྱ་མོ་ཡིས། ཁམས་གསུམ་འཁོར་བའི་འདམ་རྫབ་ལ། །ཐར་མེད་ནད་ཀྱིས་མི་འཆི་པས། །བཅོམ་ལྡན་དཔའ་བོས་ཐུགས་དགོངས་ཏེ། །གསུང་མེད་གསུང་གིས་བཀའ་སྩལ་པ། །ཐ་སྙད་གདགས་པའི་གཞི་ཉིད་ནི། །གདོང་ནས་བྱང་ཆུབ་སྙིང་པོ་སྟེ། །འདི་ལ་གཙང་དང་མི་གཙང་ཞེས། །གཞིགས་ཅིང་སྨྲ་བའི་སྐྱེས་བུ་བླུན། །གསལ་བའི་ནམ་མཁའ་སྒྲིབ་བྲལ་ལ། །བསྐྱོར་པའི་རྩིག་པས་བརྩིབས་གཡོགས་ཏེ། །མུན་དུ་གྱུར་པས་མི་ཤེས་བཞིན། །ཆོས་ཉིད་རང་བཞིན་འོད་གསལ་ཞིང་། །རྟོག་པའི་དྲི་མ་རྒྱུན་ཆད་ཀྱང་། །མུན་པའི་སྒྲིབ་གཡོགས་ཀུན་འཐིབས་པས། །གཟུང་འཛིན་མཐས་བཅིངས་དོན་མ་ཤེས། །ནམ་མཁའ་ནམ་མཁའ་མཉེས་མཆོད་ན། །ནམ་མཁའི་རྡུལ་གྱིས་ག་ལ་གོས། །ཆོས་ཉིད་ལ་ནི་ཡེ་ཤེས་མཆོད། །མཆོད་པའི་ཚིག་སྟེ་མཐའ་ལས་འདས། །དེ་ལ་གང་ཞིག་རྟོག་བྱེད་པ། །ནམ་མཁའི་སྤྲིན་ལ་ཕུས་བཏབ་ལྟར། །ཚི་ཆད་སྤྲིན་སངས་ག་ལ་སྲིད། །ཡང་དག་འདོད་ཕྱིར་ཡང་དག་ཚོལ། །བཙལ་བས་ཡང་དག་མི་རྙེད་དེ། །དོན་རྟོགས་ཡང་དག་བདེ་ཆེན་འགྲུབ། །བདག་གཞན་མཐའ་ལས་མ་གྲོལ་ཞིང་། །སེམས་ཀྱིས་སེམས་ཀྱི་མཐའ་བསྡམས་པས། །ནམ་ཡང་ཐར་ཅིང་གྲོལ་བ་ནི། །འབྱུང་བར་ང་ཡིས་མ་མཐོང་སྟེ། །དཔེར་ན་དར་གྱི་སྲིན་བུ་བཞིན། །རང་གིས་རང་བཅིངས་སྙིང་རྗེའི་ཡུལ། །ཅེས་བཀའ་སྩལ་པས། སེམས་དཔའ་ཅེན་པོ་རྡོ་རྗེ་རྣོན་པོ་ལ་སོགས་པ་རྣམས་ཀྱི་མཐའ་ཆ་གཅིག་ཙམ་རྟོགས་ཀྱང་། སེམས་ཉིད་ཀྱི་མཐའ་ཀུན་ཏུ་མ་ཆུད་པས་གདུང་བའི་ཐག་ཆོད་པར་མ་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསང་བ་ཉེ་བར་བཀོད་པའི་ཀློང་ཀུན་ཏུ་གསལ་བ་ཞེས་བྱ་བའི་དགོངས་པ་ལ་ཡུན་རིང་དུ་བཞུགས་སོ། །དེ་ལྟར་བཞུགས་ནས་འཁོར་དེ་དག་གི་སེམས་ལ་ཡང་དག་པར་བརྟགས་ན་ད་དུང་དེ་ཉིད་དེ་ཁོ་ན་ཉིད་དུ་མ་སོན་བར་ཐུགས་སུ་བརྩོལ་ནས་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་རང་བཞིན་རྣམ་དག་མཚན་མའི་ཡུལ་ལས་འདས། །ཅིར་ཡང་སྣང་ལ་ཅི་ཡང་མ་ཡིན་ཅི་འདོད་རང་བཞིན་འབྱུང་། །དཔེ་མེད་དཔེ་ལས་འདས་ཏེ་དཔེ་དང་བྲལ་བས་ནམ་མཁའ་འདྲ། །འདོད་པ་ཀུན་སྒྲུབ་འདོད་པའི་སྐྱོན་གྱིས་མ་གོས་པདྨ་ལྟར། །ཡོངས་ལ་གསལ་ཞིང་ཡོངས་ཁྱབ་ཡོངས་ཀྱི་དངོས་གཞི་བདུད་རྩི་སྟེ། །གཙང་སྨེ་དབྱེར་མེད་གཙང་མའི་མཆོག་སྟེ་གཙང་ཞེས་ཟེར་པ་འདུག །ནམ་མཁའ་དག་ལ་ཉི་ཤར་སྤྱིན་གྱིས་གཡོགས་ན་འོད་བྲལ་མུན་བཞིན་དུ། །རང་སེམས་འདོད་ནས་འོད་གསལ་ཉི་མ་འབུམ་ཤར་འདྲ་ཡང་སྤྲིན་འདྲ་མུན་གཏིབས་པས། །དོན་གྱི་ཕྱོགས་ཙམ་སྣང་ཡང་མངོན་དུ་མ་གྱུར་ད་དུང་སེམས་ལ་ལྟོས། །རིགས་ཀྱི་བུ་མཉམ་པ་ལ་ཞོག་སྟེ་རང་གི་སེམས་ལ་བསྲིངས་ཏེ་རྟོགས་ཤིག་དང་། །དེས་ཁོང་དུ་ཆུད་པར་འགྱུར་རོ། །དེ་ནས་སེམས་དཔའ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ཀྱི་སྐྱིལ་ཀྲུང་བཅས་ཏེ། །སེམས་དཔའ་བསྟོད།ལག་པ་བསྣོལ། མིག་ཟམ་ཟིམ་དུ་བཙུམས། དབུགས་བསྲིངས། སྒྲ་བཅག །ཚིག་པ་དཔྱངས་ཏེ། རང་གི་སེམས་ཉིད་འདི་རྒྱུ་ཅི་ལས་བྱུང་། རྐྱེན་ཅིས་བསྐྱེད། ངོ་བོ་ཇི་ལྟར་བུ། འབྲས་བུ་ཅི་འཐོབ་པ་བརྟགས་ན། དེ་ལའང་བཅོམ་ལྡན་འདས་བཞད་དེ། བཀའ་སྩལ་པ། ངར་འཛིན་མདུད་པ་མཁྲོལ་ཏེ། །བདག་ཏུ་ལྟ་བའི་ཕུར་པ་དམ། །བདག་གཞན་རྟོག་པ་ཡོད་པས་ན། །སྐྱིལ་ཀྲུང་ཙོག་པུ་བརྐྱང་བསྐུམ་འཁྲུལ། །བདུད་རྩི་ཆེན་པོའི་འདུག་ཐབས་བདེ། །ནམ་མཁའ་འོད་ཀྱི་དཀྱིལ་འཁོར་ལས། །ཉི་ཟླ་འཇའ་དང་སྐར་མ་གློག །སེམས་ཉིད་མཐའ་དབུས་མེད་ཁྱབ་ལ། །རྟོག་བཅས་ཅི་སྣང་སེམས་ཉིད་པས། །བསྟོད་དང་སྨད་ཅེས་བཏགས་པ་འཁྲུལ། །བདུད་རྩི་མཆོག་གི་རང་གསལ་བདེ། །ལུས་སེམས་བཏགས་པའི་ཐ་སྙད་ལ། །ཡན་ལག་ཕྱེ་བའི་རྟོག་གཞི་མེད། །རིགས་སུ་ཕྱེ་བའི་ཕྱག་རྒྱ་ལ། །མཉམ་ཉིད་མཆོག་ཏུ་འཛིན་པ་འཁྲུལ། །དྲི་མེད་བདུདརྩིའི་རྒྱ་བཅིངས་བདེ། །ཕྱོགས་མཐའ་ཀུན་ཏུ་མ་སྤྲོས་ཀྱང་། །བཀའ་མེད་རང་བྱུང་ཡེ་ཤེས་གསལ། །ཡུལ་དང་དབང་པོ་དབྱེར་མེད་ལ། །བདག་ཏུ་འཛིན་པའི་ལྟ་སྟོངས་འཁྲུལ། །གཉིས་མེད་བདུད་རྩི་ལ་བལྟས་བདེ། །དབྱིངས་དང་ཡེ་ཤེས་དབྱེ་མེད་པ། །གཡུང་དྲུང་རྒྱུན་གྱི་རྟག་པ་ལ། །བཅུ་དང་ལྔ་རུ་བརྟག་བྱས་ཏེ། །བསྲིངས་དང་བསྡམ་ཞེས་རྟོག་པ་འཁྲུལ། །བདུད་རྩི་བསྲིངས་ཏེ་བསྟིམས་ན་བདེ། །ཆོས་ཉིད་རྣམ་དག་ངོ་བོའི་གསུང་། །བརྗོད་པ་ལ་འདས་སྨྲར་མེད་ལ། །ཀུན་ལ་བསྒྲགས་ཕྱིར་མི་མ་འགགས། །ཞེན་རྟོག་དབང་གིས་སྒྲ་བཀག་ཞབྲུལ། །བདུད་རྩིའི་སྒྲ་ཉིད་གསུང་གི་མཆོག ཤེས་པ་རང་སྣང་ཕུང་པོ་ཉིད། །མ་བཅོས་གནད་མཆོག་དམ་པ་སྟེ། །འབྱུང་བའི་རི་རབ་གཞལ་ཡས་ལ། །རིན་ཆེན་གཙང་སྦྲར་བྱ་བ་འཁྲུལ། །སྣོད་མཆོག་བདུད་རྩི་བུམ་པ་བདེ། །རང་སེམས་གདོད་ནས་དག་པ་ལ། །ཕྲ་རབ་རྡུལ་ལས་གྲུབ་པ་མེད། །བྱ་དང་བྱེད་པས་བསྒྲུབས་པ་མེན། །གདོད་ནས་རྒྱུན་བཅས་དེ་བཞིན་ཉིད། །རྐྱེན་བྲལ་བྱ་དང་བྱེད་སྤངས་ཤིང་། །བདག་མེད་སྟོང་པའི་རང་བཞིན་ལས། །འདོད་པ་ཀུན་འབྱུང་བསམ་འཕེལ་བཞིན། །རྐྱེན་ཅེས་བྱ་བ་ག་ལ་སྲིད། །ངོ་བོ་ལོགས་ཞེས་ཡོད་མེད་སྟེ། །བསྟན་ཅིང་བཤད་པའང་དེ་ཉིད་ལས། །ཁ་དོག་དབྱིབས་སུ་བཅས་པ་དང་། །བདག་གཞན་མཚན་དངོས་ག་ལ་སྲིད། ། ལམ་ཉིད་རྒྱུ་དང་འབྲས་བུ་སྟེ། །འབྲས་བུ་ཉིད་ཀྱང་རྒྱུ་ལམ་འདྲ། །མུན་དང་སྣང་བས་ཕྱེ་བ་ལས། །སོ་སོར་སྒྲུབ་ཅིང་སྨིན་པ་མེད། །ཇི་ལྟར་འཁོར་ལོས་སྒྱུར་བ་དག །རིན་ཆེན་བདུན་དང་དཔུང་ཚོགས་དང་། །ཐ་མའི་འགྲོ་བ་རྨོངས་པ་ལའང་། །མི་བཀོལ་དང་དུ་མི་ལེན་བཞིན། །ཆོས་ཉིད་བྱང་ཆུབ་སེམས་བདུད་རྩི། །རྟོགས་པའི་ལྟ་བ་གདེང་ཆུང་ན། །གཙང་སྨེ་བཟང་ངན་མི་འབྱེད་ཅིང་། །བླང་དོར་བྱེད་པ་བསྒྱུར་རྒྱལ་བཞིན། །ཅེས་བཀའ་སྩལ་པ་དང་། བརྟགས་པས་ཀྱང་། རྒྱུ་རང་གི་སེམས་ལས་བྱུང་། །རྐྱེན་མ་རིག་པ་མུན་པ་དང་འདྲ་བས་བྱས། །ངོ་བོ་བདག་དང་བདག་གིར་འཛིན་པར་གྱུར། །འབྲས་བུ་ངན་སོང་གསུམ་དུ་སྨིན་ཏེ་ལྷུང་བར་ཡང་ནས་ཡང་དུ་གྱུར་རོ། །ཡང་བརྟགས་པས། རྒྱུ་མ་བཅོས་པའི་ཐིག་ལེ་རང་སྣང་བ་ལས་བྱུང་། །རྐྱེན་རང་རིག་པའི་ཡེ་ཤེས་རང་གསལ་རྒྱལ་པོས་བྱས། །ངོ་བོ་ཅིར་ཡང་སྣང་ལ་ཅིར་ཡང་མ་གྲུབ་པ་རང་བྱུང་ཐབས་ཀྱི་རྒྱལ་པོར་གྱུར། འབྲས་བུ་སྙིང་པོ་བྱང་ཆུབ་ཀྱི་སེམས་གསལ་ཁྱབ་དྲི་མ་མེད་པར་གྱུར། །དེ་གཉིས་ཀྱང་རིག་པ་དང་། །མ་རིག་པའི་ཁྱད་པར་ལས་བྱུང་པས། །བདུད་ཅེས་པ་དང་། རྩི་ཞེས་པར་བཏགས་པའང་། །ནན་གྱིས་བཏགས་པ་སྟེ།དེའི་ཕྱིར་བཏགས་པ་དང་བྲལ་བས་བདུད་རྩི་ཞེས་བགྱི་བ་ལགས་ཅེས་གྲངས་ཅེས་གསོལ་བ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྟོགས་དང་མ་རྟོགས་ཁྱད་པར་ལས། །འཁོར་བ་མྱང་འདས་གཉིས་སྣང་ཡང་། །ཆོས་དབྱིངས་སྙིང་པོར་དོན་གཅིག་པ། །རྟོགས་ཤིང་ཆུད་པ་ལེགས་སོ་ལེགས། །དེ་ལྟར་ཡང་དག་དོན་རྟོགས་པ། །འབྲལ་མེད་སེམས་ཀྱི་དངོས་པོ་ནི། །གཞན་ཞེས་བཏགས་པ་མ་ཡིན་ཏེ། །བདུད་རྩི་བདེ་བ་ཆེན་པོ་ཞེས། །ང་དང་རྒྱལ་བ་ཀུན་གྱིས་གསུངས། །ཅེས་བཀའ་སྩལ་པ་དང་། སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་ལ་སོགས་པ་འཁོར་འདུས་པ་རྣམས་རང་རང་གི་ཤེས་རབ་ལ་ངམ་པར་གྱུར་ནས། །འགྱིང་བག་ཏུ་བདེ་བར་གནས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཉིད་ང་དང་བྲལ་བ་ལ། །ང་ཞེས་འཛིན་པའི་སྲིན་བུ་འདྲ། །བདག་འཛིན་ཕུར་པ་དམ་པས་འཁོར། །གཉིས་མེད་མཐའ་སྤངས་ཁྱད་པར་འཕགས། །དེ་ནས་རྟོག་མེད་བདེ་བར་གནོས། །སེམས་དཔའ་ཆེན་པོ་འཁོར་བའི་བདུད་ཉིད་མྱ་ངན་ལས་འདས་པའི་རྩིའོ། །དེ་བས་བདུད་རྩིའོ། །ཡང་དག་པའོ། །བདེ་བ་ཆེན་པོའོ། །སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་སྦྱངས་པའོ། །བྱང་ཆུབ་ཀྱི་སྙིང་པོའོ། །འཁོར་བའི་རྒྱ་མཚོ་རྩད་བཅད་པའོ། །མྱ་ངན་ལས་འདས་པར་རྒྱས་བཏབ་པའོ། །ངན་སོང་མིང་མེད་པའོ། །སྡུག་བསྔལ་ཉིད་བདེ་བའོ། །མི་མཐུན་པ་ཉིད་གཉིན་པོའོ། །འཇིག་རྟེན་པའི་སྨན་ཉིད་འཆི་བ་མེད་པའི་ར་ས་ཡ་ནའོ། །སྨད་པའི་རྫས་ཉིད་བདུད་རྩིའོ། །ཡེ་ཤེས་ལྔའོ། །རིགས་ལྔའོ། ཁ་དོག་ལྔའོ། །དེ་བཞིན་གཤེགས་པ་ལྔའོ། །ཡུམ་ལྔའོ། །བྱང་ཆུབ་སེམས་དཔའ་འོ། །སེམས་མའོ། ཁྲོ་བོའོ། ཁྲོ་མོའོ། །ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའོ། །སྤྲུལ་པའོ། །གསང་བའོ། །ཡང་སྤྲུལ་དང་། །ཞེ་སྤྲུལ་དང་། བྲན་དང་། ཡང་བྲན་དང་། ཕོ་ཉ་དང་། ལས་མཁན་དང་། ཅི་བགྱི་དང་། མ་དག་པའང་དེ་ཁོ་ན་ཉིད་དོ། །ཞེས་གསུངས་པས། ཐམས་ཅད་ཀྱང་སེམས་ཀྱི་སྣང་བར་ཁོ་ཐག་ཆོད་དེ། ལྷ་མེད་པའི་ངང་ལ་གཡོ་བ་མེད་པར་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་ནས་བཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་གསང་བ་དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གླེང་གཞི་བསྟན་པ་དང་། རང་བཞིན་གྱི་བདུད་རྩི་གཏན་ལ་པ་་་།འི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་མཆོག་གི་རྒྱལ་པོས་འཁོར་གྱི་གཙོ་བོ་རྣམས་ལ། ཀྱེ་ཞེས་བོས་ནས་བཀའ་སྩལ་པ།ཀྱེ་དམ་པ་རྣམས་ཁྱེད་ཀྱིས་རང་རང་གི་ཇི་ལྟར་རྟོགས་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་རང་བཞིན་གྱིས་འོད་གསལ་བ་དེ་ཅི་དགར་སྨྲོས་ཤིག་དང་། དེ་ནི་བདུད་རྩི་བདེ་བ་ཆེན་པོ་ཡིནནོ་ཞེས་པ་དང་། །དེ་བཞིན་གཤེགས་པ་མི་བསྐྱོད་པས་རང་གི་ཞིང་ཁམས་ན་འཁོད་པའི་འཁོར་རྣམས་ལ། བྱམས་པའི་སྤྱན་གྱིས་གཟིགས་ནས་འདི་སྐད་ཅེས་གསུངས་སོ། །སེམས་ལས་རང་བྱུང་ཞེ་སྡང་ཚོགས། །དམྱལ་བ་ཉིད་ཀྱང་དེ་ཉིད་དེ། །ཇི་སྙེད་རྫས་སུ་བཏགས་པ་རྣམས། །མ་སྐྱེས་སྐྱེ་དང་འགག་པ་དང་། །གནས་དམིགས་འགྲོ་དང་འོང་མེད་པས། །རང་སེམས་གདོད་ནས་དག་པ་སྟེ། །ནམ་མཁའ་གློང་ནས་རྒྱུན་སྐྱེས་པ ཐབས་མཁས་སྙིང་རྗེས་ཀུན་དོན་དུ། །བསྒྲུབས་ན་ང་དང་རྡོ་རྗེ་རིགས། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །བདུད་རྩི་བྱང་ཆུབ་སེམས་སུ་འགྲུབ། །དེ་བས་ས་བོན་རྟོག་པ་ནད། །ཅེས་སྨྲས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་གོང་མ་བཞིན་ཏེ། སྟོན་པའི་ཞལ་དུ་བལྟས་ཏེ། འདི་སྐད་ཅེས་གསུངས་སོ། །སེམས་ལས་སྣ་ཚོགས་གཏི་མུག་སྣང་། །བྱོལ་སོང་ཉིད་ཀྱང་དེ་ཉིད་དེ། །འཁོར་བའི་རྫས་རྣམས་བསམ་ཡས་པ། །བཏགས་པ་ཡོད་མེད་སྣང་གྲགས་ཀུན། །སེམས་ཉིད་སྣང་བར་ཤར་བ་སྟང་། །ཐུགས་རྗེ་འོད་ཀྱི་རྒྱུན་ཤར་བ། །ཐབས་ལ་མཁས་པའི་སྤྱོད་པ་སྟེ། །དང་པོས་བསྒྲུབས་ན་བདེ་གཤེགས་རིགས། །ང་དང་ཆོས་དབྱིངས་ཡེ་ཤེས་དང་། །རྣམ་ངག་བདུད་རྩི་དྲི་ཆེན་ངེས། །དེས་ན་དྲི་ཆེན་ངར་འཛིན་དུག །སྤང་བླང་མེད་པར་འགྲུབ་པར་འགྱུར། །ཞེས་བཤད་ནས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་ཉི་མས་རང་གི་འཁོར་དང་བཅས་བཞིན་དུ་ཕྱག་འཚལ་ཏེ། འདི་སྐད་ཅེས་གླེངས་སོ། །ཡིད་བཞིན་རིན་ཆེན་འབར་སེམས་ལས། །ང་ཞེས་ང་རྒྱལ་དཔག་མེད་སྣང་། །ལྷ་དང་ལྷ་མེད་ཉིད་ཀྱང་དེ། ཁྲ་དང་རྫས་རྣམས་བསམ་མི་ཁྱབ། །ཇི་སྙེད་མ་ལུས་ཐམས་ཅད་ཀུན། །ཡིདབཞིནནོརབུའབར་ཤར་ཏེ། །ཐབས་ཀྱི་ཐུགས་རྗེ་རང་སྣང་བ། །སྤྱོད་པ་བླ་མེད་ཁྱད་པར་ཅན། །བསྒྲུབས་ན་རིན་ཆེན་འབྱུང་ལྡན་རིགས། །མཉམ་ཉིད་ཡེ་ཤེས་ཆེན་པོ་དང་། །ཤ་ཚོགས་ཉིད་ཀྱང་བདེན་པར་འགྲུབ། །བཙང་དང་སྨེ་བའི་ཤར་ཕྱེ་དུག །ཅེས་རབ་ཏུ་བ་་ནས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པས། པད་མའི་རིགས་ཀྱི་སེམས་དཔའ་རྣམས་དང་བཅས་ཏེ། སྟོན་པ་ལ་ཕྱོགས་ནས་འདི་སྐད་ཅེས་གླེང་བ་གླེངས་སོ། །སྐྱོན་དང་བྲལ་བའི་བྱང་ཆུབ་སེམས། །ཆགས་དང་མངོན་པར་ཞེན་པར་སྣང་། །གླིང་བཞི་གནས་པའི་མི་རྣམས་དེ། །པདྨ་ལས་བྱུང་ཁྲག་དང་རྫས། །འཇིག་རྟེན་ཇི་སྙེད་རྣམ་སྣང་བ། །འདམ་བྲལ་པདྨ་ཇི་བཞིན་དུ། །རྒྱ་ཆེར་ཡངས་པའི་འོད་ཟེར་གྱིས། །རྟོགས་པ་རང་སྣང་རྒྱལ་པོ་སྟེ། །མཉེར་ན་དཔག་མེད་པད་མའི་རིགས། །སོ་སོར་ཀུན་ཏུ་རྟོགས་འགྱུར་ཏེ། །ར་ག་རག་ཏ་པདྨ་འགྲུབ། །མངལ་ལས་བྱུང་བའི་ཁྲག་རྣམས་སྨེ། །འཛིན་པའི་དུག་གི་དུག་ཆེན་ཡིན། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པས་རང་གི་སྡེ་དང་ལྷན་ཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསུངས་སོ། །སྣ་ཚོགས་འབྱུང་བའི་གཞི་ལས་ཀྱང་། །ཕྲག་དོག་བདག་རྒྱལ་གཞན་འཕམ་འབྱུང་། །དཔག་མེད་ཡི་དགས་དེ་བཞིན་ཏེ། །གཅི་དང་དེ་རིགས་གྱུར་པའི་རྫས། །ཡོད་མཐོང་སྣང་གྲགས་ཐམས་ཅད་ཀུན། །སྣ་ཚོགས་གཞི་ལས་གྲུབ་པ་སྟེ། །སྤྱོད་པ་མཆོག་འགྱུར་ཉིད་སྣང་ལས། །བདག་ཉིད་ཆེན་པོར་ཉིད་བསྒྲུབས་ན། །གདོན་མི་ཟ་དང་ལས་ཀྱི་རིགས། །བྱ་བའི་བྱ་བ་ཡེ་ཤེས་ཉིད། །རྡོ་རྗེ་ཆུ་ཡིས་འགྲུབ་པར་འགྱུར། །དག་དང་མ་དག་འབྱེད་པ་དུག །ཅེས་གུས་པར་གསུངས་སོ། །དེ་ནས་བཅོམ་ལྡན་འདས་བདུད་རྩི་མཆོག་གི་རྒྱལ་པོ་ཆེན་པོ་རིགས་ཐམས་ཅད་ཀྱི་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་གསང་སྔགས་ཀྱི་བདག་ཉིད་ཆེན་པོ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ངས་ནི་གསང་བའི་དོན། །ཅི་ཡང་མ་ཡིན་ཅིར་སྣང་བས། །བརྡལ་ཁྱབ་ཀློང་དུ་ཐག་ཆོད་དོ། །མ་འདྲེས་ཡོངས་སུ་རྫོགས་པས་ན། །ཐམས་ཅད་ལྷུན་གྲུབ་ཡེ་ཤེས་གཙོ། །དེ་ཡང་བཙལ་མེད་རང་ཤར་བའོ། །སྔར་སྣང་ལྔ་ཡི་བསྡུས་པའི་ཆོས། །ལྔ་རུ་ཐག་ཀུན་བཅད་པས་ན། །དེ་བས་ལྔ་ཞེས་བསྙད་པ་ཡང་། རང་བཞིན་ལ་ནི་ནན་གྱིས་བཏགས། །བྱང་ཆུབ་སེམས་ལ་སྐྱེ་བ་མེད། །དེ་ལས་ཐམས་ཅད་ཅིར་ཡང་སྐྱེས། །སྐྱེས་ཙམ་ཉིད་ན་རྟོག་མེད་པས། །སྐྱེས་དང་མ་སྐྱེས་ཐ་སྙད་བྲལ། །དྲི་ཆེན་ལ་ནི་འགགས་པ་མེད། །ཐམས་ཅད་དུ་ཡང་འགག་པར་བྱེད། །འགག་རྩམ་ཉིད་ན་མ་འགགས་པས། །འགག་ཅེས་བྱ་བའི་ཐ་སྙད་བྲལ། ་།་ལ་གནས་པའི་ཐ་སྙད་མེད། །ཐ་སྙད་མེད་ཉིད་གནས་པ་སྟེ། །གནས་སུ་ཞེས་པར་གྱུར་པ་ཉིད། །གང་དུ་གནས་མེད་རྟོག་པ་མེད། །ཁྲག་ཅེས་དམིགས་པ་ཅི་ཡང་མེད། །དེ་ཚེ་དམིགས་པས་དམིགས་པར་སྣང་། །དེ་ནའང་མེད་དེ་བཏགས་བྲལ་བས། །དེ་ལྟར་དམིགས་པ་མེད་པའོ། །དྲི་ཆུ་འགྲོ་བའི་རྟོག་པ་མེད། །དེ་ཚེ་ཀུན་ཏུ་འགྲོ་བར་བྱེད། །འགྲོ་བའི་ཞེས་པ་ཐ་སྙད་དེ། །དེ་ཚེ་བཏགས་མེད་རྣམ་དག་གོ །ཐམས་ཅད་ཀུན་ལ་འོང་བ་མེད། །དེ་ཉིད་ལ་ནི་འོང་ཞེས་བཏགས། །དེ་ལྟར་འོང་བར་གྱུར་པའི་ཚེ། །འོང་ཉིད་དམིགས་སུ་མེད་པའོ། ཁྲ་ཆེན་ནམ་མཁའ་ལྟར་དག་ཅིང་། །མཚོན་པར་བྱེད་ཀྱང་བཏགས་དང་བྲང་། །དབྱིངས་ཕྱུག་བྷ་ག་ཞེས་བསྙད་ཀྱང་། །དེ་ལས་གཞན་དུ་ཅི་འང་མེད། །གླང་ཆེན་ཤ་ནི་ས་ལྟར་སྣང་། །དངོས་སུ་ས་ཞེས་གྲུབ་པ་མེད། །སྤྱན་གྱི་བྷ་ག་དག་ཡིན་ཏེ། །དེ་འང་གཟུངས་བས་གཟུང་བ་ཡིན། །རྟ་ཤ་རིན་ཆེན་རྒྱ་མཚོ་ཆུ། །མ་འགས་རང་ཤར་དེ་ཉིད་གྲུབ། །བདག་ཉིད་མའི་བྷ་གར་སྣང་། །དེ་ཉིད་ཁོ་ནར་ངེས་པའོ། །ཁྱི་ཡི་ཤ་སོགས་ཅི་སྣང་ཡང་། །འོད་གསལ་མེད་ཉིད་དེ་ལྟ་བུའོ། །དཀར་མོའི་བྷ་ག་ཉིད་སྣང་སྟེ། །བཏགས་དང་བྲལ་བའི་བཏགས་པའོ། །རྨ་བྱ་ལ་སོགས་འདབ་ཆགས་ཀྱིས། །ཤ་ནི་ཐོགས་མེད་རླུང་ལས་གནས། །སྒྲོལ་མའི་བྷ་གའི་ཀློང་ཉིད་ལས། །གཞན་མེད་དེ་ཉིད་ཁོ་ནས་ཤེས། །ཇི་སྙེད་ཡོད་མཐོང་སྣང་གྲགས་རྣམས། །དམིགས་མེད་ཆ་མཉམ་གསང་བའི་ཀློང་། །ཀུན་གྱི་བདག་ཉིད་བྷ་ག་ཉིད། །དེ་ལྟར་སྣང་བས་དེ་ཉིད་ངེས། །ཇི་སྙིད་འཇིག་རྟེན་བསམ་ཡས་པའི། །མེ་ཏོག་ཤིངདངའབྲུ་བབ་སྨན། རང་རང་ནུས་མཐུར་ལྡན་པ་ཀུན། །རྩ་བ་སྡོང་པོ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། ཁུན་ཕྲགས་ཐང་ཆུའི་བཅུད་བཅས་ཀུན། །ཕྱག་རྒྱ་ཆེན་པོ་དེ་བཞིན་ཉིད། །སེམས་དཔའི་གཙོ་དང་སེམས་མའི་ཡུམ། །གཙོ་དང་གཉིས་མེད་མཉམ་སྦྱོར་བས། །དེལྟར་སྣང་བའང་བཏགས་པའོ། །སྣ་ཚོགས་ཛ་གད་རོ་མཆོག་བཅས། །ལུས་བཅུད་སྔགས་པའི་འོ་མ་དང་། །གསེར་དངུལ་ཟང་ལྕགས་རིན་ཆེན་ཚོགས། །རྒྱ་མཚོ་བ་གླང་རྨིག་རྗེས་ཆུ། །བསམ་ཡས་རྫས་སུ་བསྟན་པ་ཡང་། །ཁྲོ་བོ་ཁྲོ་མོ་ཡང་སྤྲུལ་གྱིས། །ཐུགས་རྗེ་ཀུན་བདག་སྐུ་གསུང་ཐུགས། །རྒྱན་གྱི་འཁོར་ལོས་སྣང་བས་ན། །དེ་ཉིད་བདུད་རྩི་དམ་པར་བཤད། །ཐམས་ཅད་མཉམ་ཉིད་ཀུན་ཏུ་བཟང་། །མ་བཅོས་དོན་གྱི་སྙིང་པོ་ སྟེ། །འགྱུར་ མེད་ ཀློང་ དུ་ ཐག་ ཆོད་ ན། །དེ་ ཉིད་ འཆི་ བའི་ ནད་ བྲལ་ བའི། །ཡང་ དག་ བདུད་རྩི་ ཆེན་པོར་ བསྟན། །འདི་དོན་ ཕྱིན་ཅི་ མ་ ལོག་ པར། །རྟོགས་ པའི་རྣལ་ འབྱོར་ གང་ ཡིན་པ། །དེ་ནི་སྐྱེས་བུ་སྐལ་བ་བཟང་། །ཅི་བསྒོམས་ཅི་བསྒྲུབས་ཅི་སྤྱད་ཀྱང་། །བདུད་རྩི་ཉིད་དེ་སྨན་གྱི་མཆོག །དམ་པའི་བདེ་གཤེགས་ཉིད་ཡིན་ཏེ། །འཁོར་བ་ཉིད་ན་མྱ་ངན་འདས། །སྲིད་པ་ཉིད་ན་རྣམ་པར་གྲོལ། །དུག་ལྔ་ཉིད་ན་བདུད་རྩི་དབྱིངས། །རང་བྱུང་ཡེ་ཤེས་མངོན་དུ་ཤར། །རང་སྣང་དཀྱིལ་འཁོར་མ་བསྒོམས་གསལ། །ལྷུན་གྲུབ་ངང་དུ་མངོན་སངས་རྒྱས། །དམ་པ་དེ་ལས་དེས་དོན་མེད། །དེ་ལས་ངེས་དོན་བླ་མེད་ཅིག །དུས་གསུམ་རྒྱལ་བས་མི་བརྙེས་སོ། །ཨཱོཾ༷་ཧཱུཾ༷་ཨུ་མྱུ༷། ཞེས་གསུངས་སོ། །དེ་སྐད་ཅེས་ཀུན་གྱིས་བརྗོད་ཅིང་གསུངས་པས། སྟོན་པ་བདུད་རྩི་གསང་བ་མཆོག་གི་རྒྱལ་པོ་དང་།འཁོར་ཐམས་ཅད་དགོངས་པ་གཅིག་པར་གྱུར་ཏེ། །མཉམ་པ་ཉིད་ལ་བཞུགས་སོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཆོས་ཐམས་ཅད་གཏན་ལ་ཕབ་སྟེ་བདུད་རྩིར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས་རང་གིས་སྟན་བདེ་བ་ལས་ལངས་ཏེ། རང་གི་ཤེས་རབ་ཀྱི་རལ་གྲིས་འཁོར་བ་ཐམས་ཅད་རྩད་བཅད་དེ། །སྟོན་པ་ལ་རྣལ་འབྱོར་གྱི་ཆ་ལུགས་བཞིན་ཏུ་འཚལ་ཏེ་གསོལ་བ་བཏབ་པ། །ཀྱེ་ཧོ་སྟོན་པ་རྡོ་རྗེ་འཆང་། །བདུད་རྩི་གསང་བ་མཆོག་གི་རྒྱལ། །སེམས་ཅན་རྣམས་ལ་ཐུག་བརྩེའི་ཕྱིར། །ཏིང་འཛིན་དཀྱིལ་འཁོར་དམ་པ་དག །བདུད་འདུལ་དཔའ་བོས་བཤད་དུ་གསོལ། །ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་ཐབས་ཆེ་ཐུགས་རྗེར་ལྡན། །སྤྱོད་པ་མཆོག་ཏུ་གྱུར་པས་ན། །ཏིང་འཛིན་དཀྱིལ་འཁོར་དམ་པ་དག །ཞུས་པ་ང་ཡིས་བཤད་པར་བྱ། །དང་པོ་སྟོན་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་འབྱུང་། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པས་ཕྱི་རོལ་དག་ཏུ་དགོད། །དེ་ནས་བཅོམ་ལྡན་འདས་བདུད་རྩི་མཆོག་གི་རྒྱལ་པོས་ཡེ་ཤེས་ལ་རབ་ཏུ་བརྟེན་པ་ཀུན་ཏུ་འོད་ཟེར་གྱི་སྙིང་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་གཞི་ཡི་སྙིང་པོ་འདི་གསུངས་སོ། །བྲུ༷། དེ་ནས་འདི་སྐད་ཅེས་གསུངས་སོ། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །ཕོ་བྲང་ཡིད་བཞིན་རིན་པོ་ཆེ། །དཀྱིལ་འཁོར་བརྒྱད་ལྡན་སྒོ་ཁང་བཅས། །འབྱུང་བ་རི་རབ་གདན་ལ་བཞུགས། །ཅེས་གསུངས་པས་རིན་པོ་ཆེ་འོད་ཀྱི་གཞལ་ཡས་ཁང་རང་སྣང་བར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་མི་རྟོག་པར་སྣང་བ་ཆོས་ཀྱི་དབྱིངས་ཅེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། །རྡོ་རྗེའི་རིགས་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཧུ༷། འོད་ཀྱི་ཚུལ་དུ་རབ་འཕྲོས་ཏེ། །ཞེས་སྡང་ཅན་གྱི་ལམ་སྦྱངས་ནས། །འཁྱིལ་ལམ་རབ་འབར་རྡོ་རྗེ་ཆེ། །ཐུགས་ལས་བྱུང་བས་སེམས་བཀོད་ནས། །སྐུར་གྱུར་ལུས་བཅོམ་འཕྲོ་འདུ་ཡིས། །བདག་ཉིད་ལ་ནི་སྨན་བྱས་སོ། །ཨོ་བཛྲ་ཨ་སྨྱོ་བྷ་ཧུ༷། དབུ་གསུམ་ཟླ་བ་རྒྱས་འདྲའི་མདོག །གཡས་སེར་དམར་པོ་གཡོན་པ་ན། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་རིགས་འཁྱུད་པདྨ་དང་། །རྒྱ་གྲམ་སྣ་ཚོགས་རྒྱན་དང་ལྡན། །བྱང་ཆུབ་སེམས་ནི་ཀུན་ནས་གང་། །དེ་ནས་ཡང་ཤེས་རབ་ཀུན་ཏུ་རྒྱས་པས་བདེ་བར་བྱེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས། །པདྨ་ལྟར་འདམ་ཀུན་ཏུ་སྤངས་པའི་སྙིང་པོ་འདི་དག་གསུངས་སོ། །ཧུ༷་ཧུ༷་ཧུ༷་ཧུ༷། སྙིང་པོ་ཕྱག་རྒྱ་སྐུར་རྫོགས་ཏེ། །འཕྲོ་དང་འདུ་བ་ཚུལ་བཞིན་དུ། །བདག་ཉིད་མདུན་གཡས་རྒྱབ་གཡོན་དུ། །འཁྲིལ་འཁྱུད་བདེ་བ་སྙོམས་ཞུག༷ ས་སོ། །ཨོ་སཏྭ་བཛྲ་ཧུ༷། དཀར་དང་སྔོ་དང་གཡོན་པ་དམར། །གཡས་པ་འཁྱུད་པས་ཁུ་ཚུར་བརྟན། །རྡོ་རྗེ་དང་ནི་འཁོར་ལོས་བརྒྱན། །རིན་ཆེན་པདྨ་དྲིལ་བཅས་གཡོན། །རིན་ཆེན་རྒྱན་དང་ནུ་མ༷ས་མཛེས། །ཨཱོཾ་རད་ན་བཛྲ་ཧུ༷། མཐིང་ཀ་གཡས་དཀར་གཡོན་པ་དམར། །དང་པོས་པད་མའི་ཁ་འབྱེད་ཅིང་། །རིན་ཆེན་རྡོ་རྗེ་གཡས་གཉིས་ན། །་་དྨ་་་གྲམ་འཁོར་ལོ་གཡོན། །ནུ་མ་ལ་སོགས་དེ་བཞིན་ནོ། །ཨཱོཾ་དྷརྨ་བཛྲ་ཧུ༷། མར་མེ་ལྟ་བུ་ཁ་དོག་དབུས། །གཡས་ནི་དུང་ལ་གཡོན་པ་མཐིང་། མེ་ཏོག་འཕྲེང་དང་པདྨ་ནི། །གཡས་ཀྱི་དང་པོར་ཤེས་པར་བྱ། །རྡོ་རྗེ་ལྗོན་ཆེན་འོག་མ་སྟེ། །དྲིལ་བུ་འཁོར་ལོ་རྒྱ་གྲམ་གོང་། །ཨོ་ཀརྨ་བཛྲ་ཧུ༷། ལྗང་དང་དཀར་དམར་དབུས་གཡས་གཡོན། །མདའ་གཞུ་རྒྱ་གྲམ་གམ་ ས་དང་པོ། །རྡོ་རྗེ་འཁོར་ལོ་འོག་གཉིས་ན། །རིན་ཆེན་པདྨ་གཡོན་འོག་གཉིས། །ན་ཆུང་རྒྱན་ཅན་ཀུ་ཙས་མཛེས། །འདི་དག་ངེས་པར་བསྟན་པ་ནི། །ཟ་བྱེད་མ་དང་ཚེ་འཕེལ་མ། །རྒྱས་འདེབས་རྨོངས་བྱེད་ཆེན་མོ་སྟེ། །ན་གཞོན་བཀྲག་བཟང་ཆགས་ཚུལ་ཏེ། །འཁྱུད་པས་བདེ་བར་བཞུགས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་ལྟར་གསལ་བའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །དེ་བཞིན་གཤེགས་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་སྙིང་པོ༷ ་འདི་ཉིད་ཀྱི༷་ཐུགས་གསང་བ་ལས་ཕྱུང་ངོ་། །ཨོ། ཡི་གེ་འཕྲོ་དང་འདུ་བྱས་པས། །གཏི་མུག་ངག་ལམ་བསྒྲལ་བྱས་ཏེ། །འཁོར་ལོས་རྟོགས་བཅས་སེམས་ཉིད་དབྱིངས། །དེ་ལས་སྣང་མཛད་གཏི་མུག་ལུས། །ཨཱོཾ་བི་རོ་ཙ་ན་ཨཱོཾ། སྣང་མཛད་གསེར་མདོག་གཡས་པ་དཀར། །གཡོན་པ་དམར་པོ་འཁོར་ལོ་དང་། །རིན་ཆེན་པད་གཡས་རྡོ་རྗེ་དང་། །རྒྱ་གྲམ་དྲེལ་བཅས་ནུ་མ་འཛིན། །རྒྱན་བཅས་དྲི་ཆེན་ཀུན་རྒྱས་པའོ། །དེ་ནས་ཡང་རྡོ་རྗེ་མི་འགྱུར་ཞིང་བརྟན་པ་ཞེས་བྱ་བ་ལ་བཞུགས་ཏེ། དེ་བཞིན་གཤེགས་པ་རབ་ཏུ་མཉེས་པར་བྱེད་པ་འདི་ཉིད་ཀྱི་ཐུགས་གསང་བ་ལས་ཕྱུང་ངོ་། ལ༷། གསེར་དང་འདྲ་བའི་ཁ་དོག་ལ། །ཐོར་མོབས་དོ་ཤལ་སོགས་པས་མཛེས། །གཡས་པ་དཀར་ལ་གཡོན་པ་དམར། །དང་པོ་ཨུཏུལ་འཛིན་པས་འཁྱུད། །རྡོ་རྗེ་སྤྱན་གཡས་དྲིལ་བུ་དང་། །པདྨ་བི་ཛྲ་པུ་རའི་ཤིང་། །གཡོན་འཛིན་གཙོ་ལ་མཉེས་བྱེད་པའོ། །ལ༷་རྟ་ཤ་ར་ཏེ། དེ་ནས་བཅོམ་ལྡན་འདས་བདུད་རྩི་མཆོག་གི་རྒྱལ་པོའི་མདུན་ན། ལྔའི་དཀྱིལ་འཁོར་གྱི་དབུས་སུ་འཁོད་དེ་གསང་བའི་ཆ་ཡང་རྫོགས་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད། དབྱེ་བ་མེད་པའི་ཚུལ་རྡོ་རྗེ་སྣང་བ། རྣམ་པ་ཀུན་ཏུ་ཆ་འཛིན་པར་མཛད་པ་ཞེས་བྱ་བའི་དགོངས་པ་ལ་བཞུགས་ཏེ། རྡོ་རྗེ་ཀུན་བདག་བཀོད་པ་ཞེས་བྱ་བ་དང་། རྡོ་རྗེས་འགུགས་པ་མངོན་པར་བྱེད་པ་ཞེས་བྱ་བ་དང་། རྡོ་རྗེས་རྗེས་སུ་ཆགས་ཤིང་ཞེན་པ་ཞེས་བྱ་བ་དང་། རྡོ་རྗེས་ཀུན་ནས་དགྱེས་པ་རབ་ཏུ་གྲུབ་པ་ཞེས་བྱ་བ༷་འདི་དག་ཉིད་ཀྱི་ཐུགས་གསང་བ་ལས་ཕྱུང་ངོ་། །ཧུ༷་ཛ་་ཧས། དཀར་པོ་ཞལ་གསུམ་མཐིང་ཀར་དམར། །རྡོ་རྗེ་རིན་ཆེན་པདྨ་གཡས། །རྒྱ་གྲམ་ཁ་ཊ༷་སྡིགས་མཛུ༷བ་གཡོན། །རྒྱན་དང་རབ་ལྡན་སེམས་སྐྱིལ་ཀྲུང་། ཨཱོཾ་བཛྲ་སཏྭ་ཧུ༷། མཐིང་ཀ་གཡས་དཀར་གཡོན་པ་དམར། །ལྕགས་ཀྱུ་རྡོ་རྗེ་རིན་ཆེན་ཏོག །པདྨ་ཁ་ཊ༷་རྒྱ་གྲམ་གཡོན། །དོ་ཤལ་གདུབ་འཁོར་ལ་སོགས་མཛེས། །ཨཱོཾ་བཛྲ་ར་ཛ་རྟོ། དམར་གསལ་གཡས་དཀར་གཡོན་མཐིང་ཀ །དང་པོ་གཉིས་ནི་མདའ་དང་གཞུ། །རྩེ་གསུམ་རྒྱ་གྲམ་གཉིས་གཡས་འོག ཁ་ཊ༷་པད་སྡོང་རྒྱན་བཅས་པའོ། །ཨོ་བཛྲ་ར་ག་ཧོ། ལྗང་ཀུ་གཡས་དཀར་གཡོན་པ་སེར། །སེ་གོལ་རིན་ཆེན་འཕྲེང་པད་མ། །མཆོད་སྤྱིན་ཁ་ཊ༷་བུམ་པ་གཡོན། །སྣ་ཚོགས་སྐྲུད་དང་སེམས་སྐྱིལ་ཀྲུང་། །ཨུ༷་བཛྲ་སྭ་རྙུ་སྟེ། འདི་དག་སྣང་མཛད་གཙོ་བོ་ཡི། །མདུན་གཡས་གཡོན་དང་རྒྱབ་དག་ཏུ། །པད་སྟེང་ཉི་ཟླའི་བེག་ཙེ་ལ། །དབུ་བཏུད་ཉན་པར་སྤྲོ་བས་འཁོད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབྱིངས་ཀུན་ཏུ་མ་སྐྱེས་པར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། །རང་གི་རིགས་དགྱེས་པར་བྱེད་པ་ཞེས་བྱ་བའི་སྙིང་པོ་འདི་དག་གསུངས་སོ། །ལ་རྙུ་ཨ་དྷི། དང་པོ་སྒེག་མོ་དཀར་བཙན་དམར། །ཕྱག་གཉིས་ཆུ་ཤེལ་མེ་ལོང་དག །འགྱིང་ཚུལ་སྐུ་རུ་འཛིན་པ་སྟེ། །རིན་ཆེ༷ན་ནུ་མས་རབ་བརྒྱན་བརྗིད། །ཨཱོཾ༷་བཛྲ་ལྭ་སེ་ལ། གཉིས་པ་དཔལ་ཕྲེང་མཐིང་ཤུན་མདོག །ལག་གཉིས་རིན་ཆེན་སྣ་ཚོགས་སྣོད། །འགྱིང་བས་འཛིན་ཅིང་སྤོས༷་རྒྱུན་འབྱིན། །ལུས་མཉེན་འཁྲིལ་བག་ནུ་མ་རྒྱས། །ཨཱོཾ་བཛྲ་དྷ་པེ་རྙུ། གསུམ་པ་ལྕགས་ཀྱུ་བྱུ་རུའི་མདོག །རྡོ་རྗེ་ལྕགས་ཀྱི་ཐུགས་ཀར་གཡས། །གཡོན་པ་རྡོ་རྗེ་ཁུ་ཚུར་སྐུར། །བག་གིས་ཁྲོས་བཞིན་མཆེ་བ་ཅན། །ཨཱོཾ་བཛྲ་ཨ༷་གུ་ཤ་ཨ༷། བཞི་པ་རབ་ཏུ་བརྟན་མ་སྟེ། །ལྗང་ཀུའི་་མདོག་ལ་གཤོན་ཚུལ་ཅན། །གཡས་པ་ཨུཏུལ་དམར་ཐུགས་ཀར། །གཡོན་པ་བགྲང་འཕྲེང་སྐུར་བརྟེན་ནོ། །ཨུ༷་བཛྲ་རྙེ་བི་ཤྭ་བྱ་དེ་དྷི། དེ་ནས་ཡང་བདུད་རྩི་མཆོག་གི་རྒྱལ་པོ་དེས་ཐམས་ཅད་མཉམ་པ་ཉིད་གཅིག་ཏུ་མཁྱེན་པ་ཞེས་བྱ་བའི་དགོངས་པ་ལ་བཞུགས་ཏེ། རིན་པོ་ཆེ་བསོད་ནམས་ཐམས་ཅད་རྫོགས་པ་ཞེས་བྱ་བའི་སྙིང་པོ་འདི་ཉིད་གསང་བའི་ཐུགས་ཀ་ནས་ཕྱུང་ངོ་། །སྭ། ཡིག་འབྲུས་ང་རྒྱལ་ངག་བཅོམ་ཞིང་། །རིན་པོ་ཆེ་ཡིས་དེ་སེམས་བཅོས། །ལྷ་མེན་སྐུ་ཡིས་ས་ལ་བཀོད། ཁྲ་ཆེན་རབ་རྒྱས་འབྱུང་ལྡན་སྐུ། །ཨོ་རཏྣ་སྭ་བྷ་བ་སྭ། དབུ་གསུམ་ཨིན་དྲ་ནི་ལའི་མདོག །དབུས་འདྲ་གཡས་དཀར་གཡོན་པ་དམར། །རིན་ཆེན་རྡོ་རྗེ་འཁོར་ལོ་གཡས། །པདྨ་རྒྱ་གྲམ་དྲིལ་བུ་གཡོན། །རྫོགས་ལོངས་སྤྱོད་པའི་རྒྱན་ཀུན་ལྡན། །ས་རད་ན་དྷིག །དེ་ནས་ཡང་རྡོ་རྗེ་ཀུན་ནས་མཉེན་ཞིང་ཚིམ་པ་ཞེས་བྱ་བ་ལ་བཞུགས་ཏེ། རིན་པོ་ཆེ་ཀུན་ཏུ་ཚིམ་པར་མཛད་པ་ཞེས་བྱ་བ་འདི་ཉིད་ཀྱི་ཐུགས་གསང་བ་ལས་བྱུང་ངོ་། །མ༷། རིན་ཆེན་མཐོན་མཐིང་གསལ་བའི་མདངས། ་།ལ་འདྲ་རྒྱ་སྐྱེགས་འདྲ་གཡས་གཡོན། །བུད་མེད་རབ་མཛེས་རྒྱན་ལྡན་ཞིང་། །རྡོ་རྗེ་རྩེ་གསུམ་པདྨ་དང་། །སྐྱབས་སྦྱིན་གཡས་ཏེ་ཀླུ་ཤིང་དང་། །དུང་དང་ཨ་འབྲའི་ཤིང་ཐོག་གཡོན། །མ༷་མོ་ཧ་ར་ཏི། དེ་དག་ཀྱང་རིན་པོ་ཆེས་ཡོན་ཏན་རྒྱས་པར་མཛད་པས་སྟོན་པ་ཉིད་ཀྱི་གཡས་ན་སྔར་སྣང་བའི་དབུས་སུ་གནས་ཏེ་ཆ་གཉིས་པོ་རབ་ཏུ་རྒྱས་པར་མཛད་ནས། བདེ་བར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་མཆོག་ཅེས་བྱ་བས་རང་གི་རིགས་རྟག་ཏུ་རྒྱས་པར་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། རྡོ་རྗེ་དབང་གཏེར་བར་མཛེད་པ་ཞེས་བྱ་བ་དང་། རྡོ་རྗེ་འོད་ཀྱི༷ས་མ་རིག་པ་སེལ་བ་ཞེས་བྱ་བ་དང་། རྡོ་རྗེ་མཛོད་ཆེན་པོ་བདུད་ལས་རྒྱལ་བ་ཞེས་བྱ་བ་དང་། རྡོ་རྗེ་དགོངས་པའི་རྒྱུད་ལ་རབ་ཏུ་བཞད་པ་ཅེས་བྱ་བའི་སྙིང་པོ་འདི་དག་ཉིད་ཀྱི་ཐུགས་གསང་བ་ལས་ཕྱུང༷་ངོ་། །ཨཱོཾ་ཨ༷་ཏྲ༷་ཧ། མཐིང་ཀ་འོད་ལྡན་དཀར་དམར་ཞལ། །རིན་ཆེན་འབར་བ་རྡོ་རྗེ་པད། །གཡས་ན་འཛིན་ནོ་གཡོན་པ་ན། །འཁོར་ལོ་རྒྱས་གྲམ་ཁ་ཊ༷་འཛིན། །སེམས་དཔའི་སྐྱིལ་ཀྲུང་སྣ་ཚོགས་བརྒྱན། །ཨཱོཾ་བཛྲ་རད་ན་ཨོ། དམར་སེར་རབ་ཏུ་བཞད་པའི་ཞལ། །གཡས་དཀར་གཡོན་པ་མཐིང་ཉི་མ། །རྡོ་རྗེ་རིན་ཆེན་གཡས་པད་མ། །ཁ་ཊ༷་རལ་གྲི་མཛེས་པའི་རྒྱན། །སྣ་ཚོགས་བརྒྱན་ཅིང་འགྱིང་བག་བཞུག༷ ས། །ཨོ་བཛྲ་ཏེ་ཙ་ཨ༷། དམར་གསལ་གཡས་དཀར་གཡོན་པ་ལྗང་། །ནོར་བུ་རྒྱལ་མཚན་རྡོ་རྗེ་དང་།་།འཁོར་ལོ་གཡས་པ་རྒྱ་གྲམ་དང་། །ཁ་ཊ༷་འཕྲེང་བ་གཡོན་ན་འཛིན། །རྣ་རྒྱན་གདུབ་བུ་ལ་སོག༷ས་བརྒྱན། །ཨཱོཾ་བཛྲ་ཀེ་དུ་ཏྲ༷།པདྨ་རྩ་དང་འདྲ་གཡས་གཡོན་གཉིས། །སེར་དང་དམར་ལ་སོའི་འཕྲེང་། །རྩེ་འཛིན་དང་པོ་གཡས་དང་གཡོན། །རིན་ཆེན་འཁ་ར་ལོ་ཁ་ཊ༷་པད། །ཕྱག་འཛིན་ཧ་ཧ་ཞེས་སུ་དགོད། །ཨཱོཾ་བཛྲ་ཧ་ས་ཧ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབྱིངས་ལས་ཀུན་ཏུ་ཉམས་པ་མེད་པ་མེད་པར་རང་གི་རིགས་ཚིམ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིན་པོ་ཆེ་ཀུན་ཏུ་ཚིམ་ཞིང་མཉེས་པ་ཞེས་བྱ་བའི་རིག་པ་འདི་ད༷ག །རང་གི་ཐུགས་གསང་བ་ལས་འཕྱུང་ངོ་། །མ་པུ་བ་རད། མཐིང་སྐྱ་འོད་འཕྲེང་ནུ་མ་རྒྱས། །ལག་གཉིས་རིན་ཆེན་སྣ་ཚོགས་པའི། །འཕྲེང་བ་བགྱིང་བའི་མཐེབ་འ༷ཛུབ་སྣ། །འགྲོ་ཀུན་དབང་བསྐུར་བ་ལ་མོས། །ཨཱོཾ་བཛྲ་མ་ལེ་སྨྱུ། རིན་ཆེན་པུ་ཤ་གར་ལྟར་སེར། །གསེར་སོགས་མཛེས་པའི་བུམ་སྣོད་དུ། །པདྨ་ཨུཏྲུལ་སིལ་མས་བཀང་། །གཡོན་དུ་འདུད་ཚུལ་འཐོར་བར་བྱེད། །ཨཱོཾ་བཛྲ་པུསྤྲོ་པུ། ནག་མོ་ཁྲོས་བཞིན་མཆེ་བ་ཅན། །མཆེ་བ་བསྡམས་དང་ཞགས་པ་ནི། །གཡོན་དང་གཡས་པས་བཟུང་ནས་སུ།༷།སེམས་དཔའ་མཉེས་པར་མཛད་ལ་བརྩོན། །ཨཱོཾ༷་བཛྲ་བཱ་ཤ་པ། ཞལ་གཅིག་ཕྱག་ནི་གཉིས་པ་ལ། །མ་རྒད་ཏ་ལྟར་ལྗང་ལ་འཚེར། །བདུད་རྩིས་གཏམས་པའི་ཟ་མ་ཏོག །ཐུགས་ཀར་བརྟན་པས་རྣམ་པར་རོལ། །ཨཱོཾ་བཛྲ་རཏྣ་ར་ཏི་རཊ། དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་རྒྱལ་པོ་ཆེན་པོས་རྒྱུད་ཐམས་ཅད་ཇི་ལྟ་བར་སོ་སོར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་ཀུན་ཏུ་རྒྱས་པའི་པདྨ་རྡུལ་དང་བྲལ་བ་ཞེས་བྱ་བའི་སྙིང་པོ་འདི་ཉིད་ཀྱི་ཐུགས་གསང་བ་ལས་ཕྱུང་ངོ་། །ཨ༷། འདོད་ཆགས་ཅན་གྱི་ངག་ཡིག་འབྲུས། །སེམས་རྡུལ་མེད་པར་པད་མའི་འོད། །མེ་ལུས་མཐའ་ཡས་ཉིད་ཀྱིས་ཏེ། །ཡན་ལག་ར་ག་རག་ཏས་སོ། །ཨོ་ཨ་མི་དེ་བ་ཨུ༷། །དབུ་གསུམ་མཚལ་གྱི་ཁ་དོག་དང་། །དཀར་གསལ་གཡས་ལ་གཡོན་མཐིང་ཀ །པདྨ་རྡོ་རྗེ་རིན་ཆེན་གཡས། །ནུ་མ་དྲིལ་བཅས་རིན་ཆེན་དང་། །རྒྱ་གྲམ་གཡོན་པ་རྒྱན་ཀུན་རྫོགས། །དེ་ནས་ཡང་ཆགས་པས་ཀུན་ཏུ་ཚིམ་པ་ཞེས་བྱ་བ་ལ་བཞུགས་ཏེ། པད་མ་ཀུན་ཏུ་ཚིམ་པར་མཛད་པ་ཞེས་བྱ་བའི་སྙིང་པོ་འདི་ཉིད་ཀྱི་ཐུགས་གསང་བ་ལས་ཕྱུང་ངོ་། །པྱ༷། བྱུ་རུའི་མདོག་ཅན་འཚེར་བའི་མདངས། །གཡས་པ་དཀར་ལ་གཡོན་པ་སེར། །པད་མའི་སྡོང་བུ་བུམ་པ་དང་། །ཟ་མ་ཏོག་གཡས་གཡོན་པ་ན། །ཨ་རུ་ར་ཡི་སྡོང་པོ་དང་། །འཕྲེང་བ་དྲིལ་བུ་རྒྱན་བཅས་འདུད། །ཨཱོཾ༷་པྱ༷་ར་ག་ར་ཏི། དེ་གཉིས་ཀྱང་ཆགས་པའི་ཉེས་པ་མི་མངའ་བའི་སིམ་བག་གིས། སྟོན་པ་ཉིད་ཀྱི་རྒྱབ་ཏུ་ལྔ་གཉིས་ཀྱི་དབུས་ན་མཛེས་ཤིང་སྒེགས་པའི་རྒྱན་རྒྱས་པར་མཛད་ནས་བག་བདེ་བར་བཞུགས་སོ། །དེ་ནས་གར་གྱི་དབང་ཕྱུག་པདྨ་འོད་དེས་རང་གིས་རིགས་བརྟན་པས་ཆགས་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། རྟོག་པ་ཡོངས་སུ་མཛེས་པས་རྡུལ་གསལ་བ་ཞེས་བྱ་བ་དང་། རྡོ་རྗེ་ཉོན་མོངས་རྩད་གཅོད་པ་ཞེས་བྱ་བ་དང་། རྡོ་རྗེ་འཁོར་ལོས་རྒྱུད་འགྲོལ་བ་ཞེས་བྱ་བ་དང་། །རྡོ་རྗེ་བརྗོད་པ་བྲལ་བས་རབ་ཏུ་བརྗོད་པ་ཞེས་བྱ་བའི་སྙིང་པོ་འདི་དག་ཉིད་ཀྱི་ཐུགས་གས༷ང་བ་ལས་ཕྱུང་ངོ་། །ཧྲི་དྷ༷་མ༷་ར༷། དཔལ་ལྡན་པད་རྩ་ལྟ་བུར་དཀར། །པདྨ་རྡོ་རྗེ་རིན་ཆེན་གཡས། །འཁོར་ལོ་ཁ་ཊ༷་རལ་གྲི་གཡོན། །རབ་ཏུ་མཛེས་པའི་བུས་པའི་རྒྱན། །འོད་འཕྲོས་སེམས་དཔའི་སྐྱིལ་མོ་ཀྲུང༷་། །ཨཱོཾ་བཛྲ་དྷརྨ་ཧྲི། སྐུ་སྔོ་ཞལ་གྱི་དབུས་ཀྱང་སྔོ། །གཡས་པ་དཀར་ལ་དམར་པོ་གཡོན། །རལ་གྲི་སྤོ་ཏི་དང་པོ་གཉིས། །རྡོ་རྗེ་ཁ་ཊ༷་བར་ན་འཛིན། །འཁོར་ལོ་རིན་ཆེན་ཐ་མ་ན། །རྒྱ༷ན་ལ་སོགསཔདེབཞིནནོ། །ཨཱོཾབཛྲཏིགསྣདྷ༷། པདྨདམར་པོའི་འདབ་འདྲ་དབུས། །གཡས་པ་དཀར་ལ་གཡོན་པ་སྔོ། །འཁོར་ལོ་ནུ་མ་བཅས་དང་པོ། །སྙེ་མ་རིན་ཆེནཟམཏོག །པདྨ་ཁ་ཊ༷་རལ་གྲི་གཡོན། །ཨཱོཾ་བཛྲ་༄༅། ༷ །བྷ་ཤ་མ༷། དབུས་གསུམ་ལྗང་ཀུ་རབ་ཏུ་མཛེས། །དབུས་འདྲ་གཡས་དཀར་གཡོན་པ་ནག །རྡོ་རྗེ་ལྗགས་བཅས་ནུ་མ་གཡས། །དབྱུག་པ་རིན་ཆེན་འཕྲེང་འོག་གཉིས། །རྒྱ་གྲམ་ཁ་ཊ༷་རལ་གྲི་གཡོན། །ཨཱོཾ་བཛྲ་བྷ་ཤ་རམ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབྱིངས་བརྗོད་པ་མེད་པས། ཆགས་པ་ཀུན་ཏུ་སྟོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། ཆགས་པས་ཉེ་བར་དགྱེས་པ་སྟོབ་པ་ཞེས་བྱ་བའི་སྙིང་པོ་འདི་རང་གི་ཐུགས་གསང་བའི་ཀློང་ནས་ཕྱང་ངོ་། །གི་ཨ་སྤོ་ར་ཊ། ཕྱི་རུ་བཅག་པའི་སྐུ་དང་ཞལ། །པི་ཝང་འཛིན་ཅིང་འགྱིང་བའི་ཚུལ། །ཚངས་པའི་དབྱངས་ཀྱི་གླུ་ལེན་ཅིང་། །སེམས་དཔའ་ལ་ནི་བ་་དེ་གནས། །ཨཱོཾ༷་བཛྲ་གིར་ཏི་གི །དམར་ལ་མདངས་ནི་ཤིན་ཏུ་གསལ། །གཡས་པ་སྐྱབས་སྤྱིན་ཕྱག་རྒྱ་ལ། །གཡོན་པ་མུན་སེལ་མར་མེ་སྡོང་།༷།པདྨ་ར་གའི་འཕྲེང་བས་བརྒྱན། །ཨཱོཾ༷་བཛྲ་ཨུ་ལོ་ཀེ་་་། དམར་ལ་ཡིད་ཙམ་གནག་པའི་མདངས། །དག་གིས་བྲོས་བཞིན་ལྕགས་ཀྱུ་ནི། །དམ་དུ་བསྡམས་ཏེ་ནུ་གཉིས་བརྒྱ༷ ན། །གཡོན་བརྐྱང་ཉི་སྟེང་འཁྱུད་པའོ། །ཨཱོཾ་བཛྲ་ཕོ་ཊ་པ༷། ལྗང་ཁུ་ལྡེམ་བག་ཡིད་གདངས་དམར། །ནུ་མ་དང་ནི་ཤ་ཀུན་རྒྱས། ཁར་བསིལ་ཁ་ཊ༷་གཡས་གཡོན་དུ། །བཟུང་ནས་སེམས་དཔའ་མཉེས་ལ་བརྩོན། །ཨཱོཾ་བཛྲ་ར་ག་ར་ཏི་རཊ། དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་མཆོག་གི་རྒྱལ་པོ་དེས་འགྲོ་བ་ཐམས་ཅད་ལ་ནན་ཏན་དུ་བདེ་བས་བདེ་བར་བྱེད་པ་ཞེས་བྱ་བའི་དགོངས་པ་ལ་སྙོམས་པར་ཞུགས་ནས། མོས་པ་སྣ་ཚོགས་གཏན་ལ་འབེབས་པའི་ལས་རབ་ཏུ་གྱུར་པ་ཞེས་བྱ་བའི་རིག་པ་དམ་པ་འདི་ཉིད་ཀྱི་ཐུགས་གསང་བ་ལས་ཕྱུང་ངོ་། །ཧ། ཕྲག་དོག་ཅན་ངག་ཡི་གེས་སྦྱངས། །རྒྱ་གྲམ་གྱིས་སེམས་ལས་རིགས་བཙུད། །སྐུའི་ལུས་ཀུན་བསྒྲལ་བྱོ་སོང་། །ཐམས་ཅད་ཀུན་ཏུ་དྲི་ཆུས་སྦྱངས། །ཨོ་ཨ་མོ་བྷ་སིདྷ་ཧི། ཨིན་དྲ་ནི་ལའི་མདོག་ལྡན་ཞིང་། །དབུ་གསུམ་དབུས་འདྲ་གཡས་པ་དཀར། །གཡོན་པ་རྒྱ་སྐྱེགས་དང་འདྲ་འོད། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་པད་གཡོན་ཏེ། །རྡོ་རྗེ་སྙིང་པོས་རྒྱན་ཀུན་བྱས། །དེ་ནས་ཡང་རྣམ་པར་ཅིང་ཡང་སྣང་བའི་ལས་སྣང་བར་བྱེད་པ་ཞེས་བྱ་བ་ལ་བཞུ་་་་ནས། ཡང་དག་པར་འདྲེན་པ་སྣང་བའི་རྒྱན་ཅེས་བྱ་བའི་རིག་པ་དམ་པ་འདི་ཉིད་ཀྱི་ཐུགས་གསང་བ་ལས་ཕྱུང་ངོ་། །ཏྭ༷། རབ་ཏུ་འཚེར་ཞིང་ལྗང་ཁུའི་མདོག །གཡས་པ་དཀར་ལ་གཡོན་པ་ནག །པད་མའི་སྡོང་བུ་པ་ཏྲ་བཅས། །འཁྱུད་ཅིང་དེ་འོག་འཕྲེང་བ་ཏོག །རོའི་སྣོད་དང་ལྕུག་མ་དུང་། །བྷ་ག་རླན་བཅས་བགྲད་ཚུལ་བཞུགས། །ཏྭ༷་བཛྲ་ར་ག་ར་ཏི་ཏྭ༷། དེ་གཉིས་ཀྱང་ལས་བཞིས་འདུལ་ཞིང་ལྔས་སྦྱོར་བ་ལ་བརྩོལ་པའི་སྟོབས་དང་ལྡན་པས། གཙོ་བོའི་གཡོན་ཕྱོགས་སུ་ཚོམ་བུ་ལྔའི་དབུས་མ་ལ་ལོངས་སྤྱོད་ཆེན་པོའི་རྒྱན་དུ་མས་རབ་ཏུ་བརྒྱན་ཅིང་། གཉིས་པའི་ཡན་ལག་རབ་ཏུ་མཛེས་པས་ཉིད་ལ་ཉིད་ཆེད་དུ་ངམ་ཞིང་མདངས་ཕྱུང་ནས་བཞུགས་སོ། །དེ་ནས་ཐོགས་པ་མེད་པའི་ལས་རྒྱ་མཚོ་ཆེན་པོ་དེས་ཚོགས་ཀྱི་དཀྱིལ་འཁོར་ཡོངས་སུ་སྨིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། རྡོ་རྗེ་ལས་སྣ་ཚོགས་མཐར་འབྱིན་པ་ཞེས་བྱ་བ་དང་། རྡོ་རྗེ་སྲིན་པོས་གདུག་པ་ཅན་ཀུན་ཏུ་ཟ་བར་བྱེད་པ་ཞེས་བྱ་བ་དང་། རྡོ་རྗེས་བསྙེངས་པ་ཐམས་ཅད་ཀྱི་ཚོགས་ལས་རབ་ཏུ་རྒྱལ་བ་དང་། རྡོ་རྗེ་བརྟན་བས་མི་འགྱུར་བར་བྱེད་པ་སྒྱུ་མ་ལྟ་བུ་ཞེས་བྱ་བའི་སྙིང་པོ་འདི་དག་ཉིད་ཀྱི་ཐུགས་གསང་བའི་དབྱིངས་ལས་ཕྱུང་ངོ་། །ཀྭ༷་ཧྭ༷་ཨ༷་མ༷། ལྗང་ཁུ་ཞལ་གྱི་དབུས༷་དང་འདྲ། །གཡས་དཀར་བཞད་ཚུལ་གཡོན་པ་དམར། །གཡས་ཀྱི་དང་པོ་རྒྱ་གྲམ་བསྣམས། །རྡོ་རྗེ་རིན་ཆེན་གཡས་འོག་གཉིས། །གསེར་འཕྲེང་ཐུགས་ཀར་གཡོན་དང་པོས། ཁ་ཊ༷་རལ་གྲི་རྒྱན་བཅས་མ༷དུན། །ཨཱོཾ་བཛྲ་ཀརྨ་ཀ༷། མཐིང་ནག་དབུས་ལ་གཡས་དཀར་དམར། །གཡོན་ཏེ་དང་པོ་མཆེ་བ་དང་། །འཁོར་ལོ་རིན་ཆེན་གཡས་རིམས་བཞིན། །པདྨ་ཁ་ཊ༷་རྒྱ་གྲམ་གཡོན། །མཛེས་སྤྲས་ཀླུབས་པས་བ༷རྒྱན་པའོ། །ཨཱོཾ་བཛྲ་ཡ་ཀྟ་ཧ༷། སེར་ལ་གདོང་ནག་དབུས་ལ་གཡས། །དཀར་ལ་གཡོན་པ་ལྗང་ཀུ་ཁྲོས། །རྡོ་རྗེ་གོ་ཆ་བརྟན་གཡས་དང་། །རིན་ཆེན་འཕྲེང་དང་པད་མའི་སྡོང་། །འཁོར་ལོ་ཁ་ཊ༷་དབྱིག་པ་གཡོན། །ཨཱོཾ་བཛྲ་ར་ཀྟ་ཨ༷། ལྗང་ནག་དབུས་ལ་གཡས་གཡོན་གཉིས། །གསེར་དང་པདྨ་ར་ག་འདྲ། །དང་པོ་གཉིས་ནི་རྡོ་རྗེ་ཡི། །ཁུ་ཚུར་བརྟན་དང་རྡོ་རྗེ་དང་། །རིན་ཆེན་གཡས་ལ་ཁ་ཊ༷་པད། །ཨཱོཾ༷་བཛྲ་སན་དྷི་མ༷། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབྱིངས་མཚན་མ་མེད་ཅིང་འོད་གསལ་བ་ལས་རྣམས་བདེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། དགའ་བ་ཆེན་པོ་ལས་ཡོངས་སུ་ཚིམ་པ་ཞིས་བྱ་བའི་སྙིང་པོ་འདི་དག་རང་༷གི་ཐུགས་གསང་བའི་དཀྱིལ་འཁོར་ནས་ཕྱུང་ངོ་། །ནིར་གྭ་བྷ་ཏ། ཨི་ཇོནི་ལ་ལྟར་ལྗང་ཞིང་། །རབ་ཏུ་འགྱིང་བས་ལུས་བཅུས་ཏེ། །ལག་གཉིས་གར་བསྒྱུར་སྤྱི་བོར་འགྲོལ། ཁྲ༷་དང་ནུ་མ་ཟླ་རྒྱས་བཞིན། །ཨཱོཾ་བཛྲ་ནིར་གི་ཁེར། སེར་ལྗང་འོད་འབར་གཞོན་ཚུལ་ཆགས། །གཡས་པ་སྦོམ་པོ་དབང་སྦྱར་བརྐྱང་། །གཡོན་པ་དུང་ཆོས་དྲི་ཡི་ཆུས། །བཀང་ན༷ས་འཐོར་ཞིང་འཇུག་ལ་བརྩོན། །ཨཱོཾ་བཛྲ་གན་ད་ག །གསེར་ལྟར་སྣང་ཞིང་གསང་བའི་སྒྲ། །སྒྲོགས་པས་ཤེས་རབ་ཕ་རོལ་ཕྱིན། །དྲིལ་བུ་ཚངས་པའི་གསུང་འབྱིན་པ། །གཡས་པས་༷ཐུགས་ཀར་གཡོན་པ་སྐུར། །ཨཱོཾ་བཛྲ་གན་དེ་བྷ། སེར་སྐྱ་ཆགས་པའི་བཞུགས་པས་བཞུགས། །སྤྱན་དང་སྨན་མའི་དཀྱུས་རིང་གཟིགས། །ནཱ་ག་གེ་གསར་མེ་ཏོག་གཡས། །གཡོན་པ་སྒྲོམ་བུ་བཟུང་ནས་འཁྱུད། །ཨཱོཾ་བཛྲ་ར་ཏི་ག །དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་མཆོག་གི་རྒྱལ་པོ་དེས་ཐམས་ཅད་དུ་རྣམ་པར་རྒྱལ་བས་རྟོག་པ་རབ་ཏུ་སེལ་བ་ཞེས་བྱ་བའི་ཏིང་འཛིན་ལ་བཞུགས་ནས། ཉོན་མོངས་པ་འཇོམས་པ་རབ་ཏུ་འཇོམས་པའི་གཤེད་ཅེས་བྱ་བ་དང་། འཆི་བདག་རབ་ཏུ་གནོན་པའི་སྟོབས་ཅེས་བྱ་བ་དང་། ཕུང་པོ་ཟད་པར་སྦྱོང་བའི་མགྲིན་ཞེས་བྱ་བ་དང་། ལྷ་རྣམས་སྟོབས་རྣམ་པར་འཇོམས་པར་བྱེད་ཅིང་འཁྱིལ་བ་ཞེས་བྱ་བའི་སྙིང་པོ་འདི་དག་གསུངས་སོ། །ཨ་མ་ཧྭ་ཨུ། རབ་ཏུ་ཁྲོས་བཞིན་མཐིང་ནག་མཆེ་བ་ཅན། །གཡས་པའི་ཞལ་དཀར་གཡོན་པ་དམར་ལ་རྔམ། །རྡོ་རྗེ་དྲག་པོ་ཁ་ཊ༷་ཐོད་དབྱུག་གཡས། །སྡིགས་མཛུབ་ཐོ་བ་ཞགས་པ་གཡོན་པའི་ཕྱག །ཐོད་པ་སྦྲུལ་དང་ཉི་ཟླའི་རྣ་ཆས་བརྒྱན། །གསུས་ཁྱིམ་རབ་ཏུ་བཤལ་ཞིང་གཡས་བརྐྱང་བཞུགས། །ཨོ་ཡ་མན་ཏ་ཀྲིད་ཨ། སྨིན་མའི་དབུས་བསྡུས་སྤྱན་གསུམ་བཟློག་ནས་གཟིགས། །གཡས་དཀར་ཞི་ཚུལ་གཡོན་པ་དམ༷ར་ལ་རྔམ། །དབུས་མ་དམར་ནག་ཞལ་གདངས་མཆེ་བ་གཙིགས། །མི་མགོས་འཇོམས་ཚུལ་ཏྲི་ཤུལ་རྒྱུ་ཞགས་གཡས། །ཐོད་ཁྲག་རལ་གྲི་སྟི་རའི་དབྱུག་པ་གཡོན། །ཧུ༷་དང་ཕཊ་ཅེས་ལྗགས་ཀྱི་རྩེ་ནས་འདོན། །ཨཱོཾ་པྲ་རྙོ་ནཏ་ཀྲིད་མ། རྟ་མཆོག་རྡོ་རྗེ་དབུས་ནི་དམར་ནག་བཞད། །གཡས་པ་དཀར་༷ལ་འཚེར་བའི་གསུང་དང་ལྡན། །གཡོན་པ་ཁུལ་སྔོན་པོ་རྒྱས་འདྲ་རྔམ། །ཐོད་སྦྲུལ་ཞིང་དབྱུག་སྦྲུལ་གྱི་ཞགས་པ་གཡས། །དུང་ཁྲག་གྲི་དང་རལ་གྲི་གཡོན་པ་ན། །དུར་ཁྲོད་རྒྱན་ལྡན་གཡོན་པ་བརྐྱང་ནས་སོ།།ཨཱོཾ་པདྨ་ཀྲི་ད་ཧ། བགེགས་འཇོམས་དཔའ་བོའང་གསུམ་གྱི་ཞལ་ཕྱག་དྲུག །དབུས་མ་ལྗང་ན༷ག་གཡས་སེར་གཡོན་པ་དམར། །དབུ་སྐྲ་གྱེན་བརྗེས་སྟག་ཤམ་གླང་ཆེན་ལྤགས། །རྡོ་རྗེ་རྒྱ་གྲམ་རྩེ་ལྔ་རྡེའུ་ཆུང་གཡས། །དུག་ཁྲག་ཁ་ཊ༷་བ་དན་གསུམ་པའི་ཕྱག །ཐོད་པ་སེར་ལ་དབུ་དང་གདུ་བུས་མཛེས། །ཨཱོཾ་བིག་ནན་ཏ་ཀྲིད་ཨ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་ཁྱབ་པས་བསྡུ་བ་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱམས་པས་འགུགས་པ་ཞེས་བྱ་བ་དང་། སྙིང་རྗེ་འཆིང་བ་ཞེས་བྱ་བ་དང་། དགའ་བས་སྡོམ་པ་ཞེས་བྱ་བ་དང་། བཏང་སྙོམས་ཀྱི་དགྱེས་པར་བྱེད་པ་ཞེས་བྱ་བ་འདི་ཉིད་ཀྱི་ཐུགས་གསང་བ་ལས༷་ཕྱུང་ངོ་། །ཛ༷༷ཧུ༷་བ༷་ཧོ། དཀར་མོ་སྤྱན་གསུམ་བག་གིས་ཁྲོས། །གཡས་བརྐྱང་ཚུལ་གྱིས་ཉི་མ་མནན། །རྡོ་རྗེ་ལྕགས་ཀྱུ་གཡས་པས་སུ། །ཐུགས་ཀར་བཟུང་ནས་འདེབས་ཚུལ་དུ། །གཡོན་པ་རྡོ་རྗེ་ཁུ་ཚུར་སྐུར། །ཨཱོཾ་བཛྲ་མུ་ཏི་ཛ། མཐིང་ནག་སྦྱན་གསུམ་འདྲི་ཚུལ་ལྟ། །གཡས་པ་རྡོ་རྗེ་ཞགས་པ་སྡོག །གཡོན་པ་ཕག་ཆེན་མཆེ་བ་གཙིགས། །སྲིན་པོའི་ངག་གིས་ཧུ༷་ཞེས་སྒྲོགས། །གཡོན་བརྐྱང་བ་ཡི་གནས་པས་ག༷ནས། །ཨཱོཾ་བཛྲ་མུ་སྟི་ཧུ༷། ཀུན་སྡོམ་ཞེས་པའི་དགའ་བའི་བདག །དམར་ནག་རབ་ཏུ་སྤྱན་བགྲད་དེ། །ཉི་མ་ཟླ་བས་བརྒྱན་པ་ཡི། །ལྕགས་སྒྲོགས་འཛིན་པས་རབ་ཏུ་དགྱེས། །འཐུན་པའི་སྟབས་ཀྱིས་ནུབ་ཏུའོ། །ཨཱོཾབཛྲ་མུ་སྟི་བ༷།༄༅། ༷།དགྱེས་པར་བྱེད་པ་ལྗང་ཀུའི་མདོག ཁྲ་ཚུགས་རླུགས་ལ་ནུ་མ་བཤལ། །དྲིལ་བུ་ཚངས་པའི་དབྱངས་ལྡན་གཡས། །གཡོན་པ་པད་སྣོད་རྒྱ་གྲམ་བཅས། །བྱང་སྒོ་བཟང་པོའི་སྟོབས་ཀྱིས་བཞུགས། །ཨཱོཾ་བཛྲ་མུ་སྟི་ཧོ། ཐབས་རྣམས་ཞལ་གསུམ་ཕྱག་དྲུག་ལ། ཁྲེས་རབ་ཞལ་གཅིག་གཉིས་པའི་ཕྱག །ཕོ་དང་མོ་ཡི་རྒྱན་གྱིས་བརྒྱན། །དབང་པོ་མཆོག་དང་ཁ་སྐྲུས་ཕྱེ། ཁ་སྐྲུ་མེད་དང་ནུ་མ་དང་། གསང་བའི་དབང་པོས་མ་ལུས་པྱེ། །མི་འཇིགས་པ་དང་སྟོབས་དང་ནི། །རྫུ་འཕྲུལ་དབང་དང་ཐོགས་མེད་དང་། །རིན་ཆེན་ཁྲི་རྐང་ཉི་ཟླ་དང་། །པད་མའི་གདན་ལ་གཙོ་བཞུགས་པ། །དབུས་སུ་ལྔ་དང་བཞི་གཉིས་གཉིས། །མཉམ་པའི་སྐྱིལ་ཀྲུང་བརྟན་པས་བཞུགས། །མདུན་ནས་འཁྲིལ་ཏེ་འཁྱུད་ཚུལ་བརྟན། །པད་མ་ཟླ་བ་གློད་བརྟན་ལ། །སེམས་དཔའི་སྐྱིལ་ཀྲུང་ཟླ་རྒྱབ་སྟེན། །པདྨ་ཉི་ཟླའི་སྟན་ལ་ནི། །སེམས་མ་མཉེན་ལྕུག་འཁྲིལ་འཁྱུད་ལྡེམ། །རྡོ་རྗེ་བྲག་ཆེན་ཉི་མ་ལ། ཁྲོ་བོ་གཡས་བརྐྱང་ཁྲོ་མོ་གཡོན། །མེ་ལོང་དབུས་ན་ཁྲོས་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བརྗོད་པ་མེད་པར་སྒྲ་བཀའ་སྩལ་ཏོ། །ཨེ་མའོ་ཅི་ཡང་དམིགས་མེད་བརྗོད་བྲལ་ཅིར་ཡང་མི་རྟོག་དབྱིངས་ཉིད་ལ། །རྒྱུ་དང་རྐྱེན་བྲལ་རང་སྣང་དཀྱིལ་འཁོར་རང་བྱུང་བརྩལ་མེད་ངང་ལ་སྣང་། ཁ་དོག་དབྱིབས་དང་མཚོན་ཆ་དག་དང་རྒྱན་རྣམས་ཐ་དད་ཅིར་ཡང་སྣང་། །སྣང་བ་ཉིད་ན་དོན་ཉིད་མཚོན་ཏེ་དེ་ཉིད་དེ་ལྟར་སྣང་ལ་སྣང་ཙམ་ཉིད་ན་དེ་ལས་གཞན་མ་ཡིན། དེ་ལྟར་འགྲོ་གང་མོས་ལ་དེ་ཁོ་ན་ཉིད་དེ་དག་གིས་སུ་རྟོགས་པར་བྱ་ཕྱིར་དེ་བཤད་དོ། །ཞེས་གསུངས་པས་ནམ་མཁའི་མཐའ་ཀླས་པ་ཐམས་ཅད་རང་བྱུང་བདུད་རྩི་ལྔའི་དཀྱིལ་འཁོར་དུ་རང་སྣང་བར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། སྐུ་གསུངས་ཐུགས་ཉིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྣམ་པར་སྤྲོས་ཏེ་བཀོད་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས། རང་གི་སྟན་བདེ་བ་ལས་ལངས་ཏེ། ལན་བརྒྱ་ཕྲག་དུ་མར་རྣལ་འབྱོར་གྱི་ཕྱག་སྟོན་པ་ལ་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་དཔའ་བོ་ཐུགས་རྗེ་ཅན། །བདག་ཅག་རྨོངས་ལ་འཀའ་དྲིན་གསུངས། །ཆོས་ཉིད་བྱ་བཙལ་བྲལ་བ་ཉིད། །མཚོན་ཕྱིར་ཏིང་ངེ་འཛིན་གསུངས་པ་དེ། །གང་ཞེས་རྟོགས་པར་མ་གྱུར་ན། །མཚན་མའི་དཀྱིལ་འཁོར་དམ་པ་དག །བརྩེ་བས་བཤད་པར་མཛད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །བཅོམ་ལྡན་སྟོན་པས་བཀའ་སྩལ་པ། །ཐུགས་རྗེ་སྔོན་དུ་བཏང་ཟིན་པས། ཕྱི་ནས་བསྐྱབ་ཏུ་མེད་མོད་ཀྱང་། །མི་ཤེས་རྨོངས་པ་ལ་བསྟན་ཕྱིར། །ཕྱི་རོལརྡུལཚོནདཀྱིལའཁོར་བཤད། །དང་པོར་དམ་པ་བཤད་པ་ལ། །བླ་མའི་མཚན་ཉིད་རབ་ཏུ་གཅེས། །སློབ་དཔོན་དབང་ཐོབ་དམ་ཚིག་ཅན། ཁུ།ད་ཀྱི་དོན་ལ་རབ་ཏུ་མཁས། །ལྟ་བ་ཡངས་ཤིང་སྤྱོད་པ་ཞིག །དཀྱིལ་འཁོར་བྲི་བའི་ལས་ལ་བཟོ། །སྨན་གྱི་གཙུག་ལག་མཐར་ཕྱིན་ཅིང་། །ཅི་ལའང་མ་རྨོངས་ཤེས་རབ་ཆེ། །རང་གི་རིགས་ལྡན་ཐབས་མཁས་པས། །དཀྱིལ་འཁོར་བྲི་བའི་ལས་བྱ་སྟེ། །བདག་འདྲ་འམ་ཅུང་ཟད་དམན་ཀྱང་རུང་། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །དབང་པོ་ཚང་དང་ཡན་ལག་བདེ། །ཀུན་ལ་བྱམས་པའི་གྲོགས་མཆོག་བདེ། །་ར་ཤེས་ཀུན་གྱི་བདག་ཉིད་གཙོ། །ཀུན་བྱེད་ཀུན་ལ་མ་རྨོངས་པའི། །ཐམས་ཅད་གཙང་སྨེ་མེད་པ་ཟ། །དཔའ་ཞིང་བརྟུལ་ཞུགས་མཆོག་དང་ལྡན། །སྐྱོན་དྲུག་རྣམ་པར་སྤངས་པ་ཡི། །མི་ཕྱེད་དགུར་ལྡན་གཙང་སྦྲ་ཅན། །དམ་ཚིག་ཐམས་ཅད་མཉམས་པས། །ཡང་ནས་ཡང་དུ་གསོལ་གདབ་པ། །རྫས་ལ་སོགས་པ་མཉེས་བྱས་ལའོ། །དེ་ནས་གནས་མཆོག་བཙལ་བྱ་བ། །རི་རྩེ་ཉམས་དགའ་མདངས་སྡུག་པའི། །ཡིད་འོང་གནས་སུ་བྱ་བ་ནི། །ཤིང་དང་ནགས་ཀྱི་ལྷ་མོའི་གནས། །དྲང་སྲོང་རྣམས་ཀྱིས་བསྒྲུབས་ས་འམ། །འཕྲ་མེན་མའི་སྦྱོར་ས་འམ། །རྩི་སྨན་འཁྲུངས་པའི་ས་ཕྱོགས་སམ། །རི་བོར་སྨན་ལྗོངས་ཙན་དན་ཚལ། །ནགས་ཀྱི་གསེབ་བམ་ཆུ་ངོགས་སམ། །བྲག་ཕུག་སྟོང་པའི་ཐིབས་པོའམ། །བཀྲ་ཤིས་ཡིད་དགའི་ས་ཕྱོགས་ནི། །མཉམ་ཞིང་སྣུམ་པའི་ས་སྣག་ཅན། །ཟུག་རྡོ་སྲིན་བྲག་མེད་པའི་གནས། །ཚྭ་སྒོ་ས་དང་བ་ཚ་མེད། །མ་གྲུབ་མ་གས་མཉམ་པོ་ལ། །སྒྲུབ་པའི་གནས་མཆོག་དེར་བྱའོ། །རབ་ཏུ་བརྟགས་པའི་གནས་མཆོག་དེར། །བསླང་ངམ་ཉི་འམ་དབང་བྱས་ནས། །སྦྲན་དང་བསླང་དང་སྦྱར་བྱས་ཏེ། །བྱིན་བརླབས་བསྐྲད་ནས་བརྟན་བརྟགས་པས། །ས་དེ་རྒྱལ་བའི་ཞིང་དུ་བྱ། །རིན་ཆེན་བུམ་པ་མ་ཉམས་པར། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །རིན་ཆེན་ལྔ་དང་བཟའ་བ་་དང་། །བཅུད་ཀྱིས་གཏམས་ནས་སྦ་བར་བྱ། །རབ་ཏུ་ཆ་མཉམ་དཀྱིལ་འཁོར་ལ། །དྲི་ལྔས་བྱུགས་ཏེ་སྟ་གོ་་བྱ། །ཕྱི་ནང་ཁྱམས་ཀྱི་ཆ་རྣམས་སུ། །དྲི་ཞིམ་མེ་ཏོག་རབ་གཏོར་ཏེ། །བདག་པོའི་གསང་སྔགས་བཟླ་བ་ནི། །བརྒྱ་རྩ་བརྒྱད་དམ་ཉི་ཤུ་གཅིག །ཡང་ན་བདུན་དུ་བཟླས་བྱའོ། །བ་བྲེ་གདུགས་དང་བ་དན་བཅས། །རྒྱལ་མཚན་ཕྱོགས་མཚམས་རྣམས་སུ་བྲེ། །མེ་ཏོག་འཕྲེང་དང་མུ་ཏིག་འཕྲེང་། །དར་གྱི་ཆུན་པོ་གཡེར་ཀ་དང་། །སིལ་སིལ་སྒྲ་རྣམས་གདགས་པ་དང་། །མེ་ལོང་རྔ་ཡབ་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་འཁྲུས་བྱས་ཏེ། །མི་འཆི་ལྔ་ཡིས་ལུགས་བྱུགས་ཏེ། །ལྷ་ཡི་བསམ་གཏན་ལ་གནས་པས། །རྒྱལ་བ་རྣམས་ལ་སྙན་ཆ་གསོལ། །སློབ་མ་ལ་ཡང་ཁྲུས་བྱས་ཏེ། །གཙང་མའི་སེམས་ཀྱིས་སེམས་བསྐྱེད་བྱ། །པུས་བཙུགས་ཐལ་སྦྱར་སྨན་སེམས་ཀྱིས། །བླ་མ་ལ་ཡང་གསོལ་བ་གདབ། །དྲི་ཆུས་སྙིང་ཁར་བྱུགས་ནས་ནི། །ཧུ༷་གིས་མནའ་ཡིས་སྙིང་པོ་བསྒག །སྐུ་ཤ་ཚེམས་ཤིང་བསྲུང་སྐུད་སྤྱིན། །དགེ་དང་མི་དགེ་བརྟག་པར་བྱ། །གསེར་དངུལ་རིན་ཆེན་ལས་བྱས་པའང་། །ཐ་ནའང་ཁམས་ལས་བྱས་ཏེ། །ཕྱག་རྒྱ་ལྡན་པ་གས་ཆག་མེད། །སྣ་ཚོགས་ཡོ་བྱད་ལྡན་བྱས་ཏེ། །རས་དཀར་དག་གམ་ཡང་ན་ལྔས། །བཅིང་ཞིང་མེ་ཏོག་འཕྲེང་བ་གདགས། །རྣམ་རྒྱལ་བུམ་པ་བཀྲ་ཤིས་རྫས། །ལོ་མས་ཁ་ཡང་དགབ་པར་བྱ། །ལྷག་མ་རེ་རེ་འམ་ཡང་ན་སྦྱིར། །གཅིག་གིས་བྱས་ཀྱང་གནང་བར་བཤད། །དེ་ནས་བློ་ལྡན་རྣལ་འབྱོར་པས། །གསལ་བའི་བསྙེན་པ་བྱ་བ་ནི། །འབུམ་ཕྲག་བདུན་ནམ་ཁྲི་གསུམ་མམ། །ཡང་ན་ལོ་གཅིག་ཟླ་བ་དྲུག །སོ་སོར་བསྙེན་པ་ཁས་བླངས་དང་། །མཚན་མ་བརྟན་པར་གྱུར་ཀྱི་བར། །རྣམ་པ་གསུམ་གྱིས་བཟླས་མཆོད་འབད། །རས་བལ་རབ་ཏུ་མཛེས་པ་ལ། །བསྒྲིམས་ཏེ་གསུམ་པ་ཁ་དོག་ལྔ། །ཡིག་འབྲུས་བསྐྱེད་ལ༷་བཀུག་བསྟིམས་ཏེ། །བརྟན་པར་གྱུར་དང་ཕྱེ་མའི་གཟུགས། །རྡུལ་ཕྲན་ལས་ནི་སྲད་བུར་བྱས། །ཡེ་ཤེས་གཟུགས་སུ་བརྟན་བྱས་ལ། །བསྒྲིལ་ནས་གཅིག་ཏུ་གྱུར་པ་དང་། །བདེ་བའི་ཐིག་མཆོག་གདབ་པར་བྱ། །ཨཱོཾ་བཛྲ་ས་མ་ཡ་སྲུ་ཏྲ་མ་ཏི་ཀྲ་མ་ཨ་མྲི་ཏ་མཎྜལ་ཧུ༷། ཤར་ནས་ནུབ་ཏུ་བརྒྱང་བ་དང་། །དེ་ནས་ལྷོ་དང་བྱང་དུ་གདབ། །ཕྱོགས་མཚམས་རབ་ཏུ་མཉམ་པ་ལ། །ཐིག་གི་དབྱེ་བས་ཆ་བསྙམས་ཏེ། །བརྒྱད་བཏབ་ས་བརྒྱད་མངོན་པར་འགྲུབ། །ཀ་བ་བརྒྱད་དང་ལྡན་པ་ཡིས། །ཆ་དགུ་པ་རུ་སྙོམས་པར་བྱ། ཁུ་བཞི་ཁྱམས་དང་ཡང་དག་ལྡན། །སྒོ་བཞི་སྒོ་ཁང་དག་དང་བཅས། །སྣ་ཚོགས་མཛེས་པའི་རྒྱན་གྱི་ས། །ཐམས་ཅད་ཀུན་ཏུ་སྙོམས་པ་ནི། །ལྷག་པ་ཆད་པ་མེད་པར་བྱ། །དེ་ནས་གསེར་སོགས་རིན་ཆེན་ལྔ། །བདར་ཅིང་ག་ས་ཏེ་ཕྱར་བྱས་པ་འམ། །ཡང་ན་སྭ་ལུ་ཕྱེར་བརྡུངས་ནས། །མཐིང་ཤུན་ལ་སོགས་བཙོས་བྱས་ཏེ། །མཛེས་པའི་ཁ་དོག་ལྔར་བྱས་པའམ། །ཐ་མ་འང་རྡོ་སོགས་ཁ་དོག་ལྔ། །ཕྱིར་བཏགས་རས་ལ་སྦྱར་བྱས་ནས། །ཡང་ན་ཉི་ཤུ་ལྔར་བྱས་ཏེ། །དཀྱིལ་འཁོར་དག་ལ་བདེ་བར་དགྱེ། །ཉི་མ་ཟླ་བ་གཡས་དང༷་གཡོན། །མ་དང་ཊ་ལས་བསྐྱེས་ནས་ཀྱང་། །རྫི་མ་བཀུག་པས་དྲང་བར་བྱ། །རང་རང་ཁ་དོག་ལྡན་པ་ཡི། །ཡི་གེ་འཕྲེང་བ་ལྔ་ལས་ནི། །གྱུར་པའི་ཡེ་ཤེས་ཚོན་རྩི་ལྔར། །བྱས་ཏེ་མཆོད་ནས་བསྟོད་ཅིང་བཟླས། །ཨཱོཾ་བཛྲ་ཙིཀྟ་ས་མ་ཡེ་ཨ་མྲི་ཏ་མཎྜལ་མ་ཧྭ་ས་མ་ཡ་ཧུ༷།དེ་ནས་ས་གཞི་དག་པ་ལ། །ཆ་རྣམས་བགོས་ཏེ་ཐིག་གདབ་པ། །སྲད་པུ་འཇུར་མདུད་མེད་པ་ཡིས། །བདུད་རྩི་ལྔ་དང་བསྲེས་ནས་ནི། །ཁུ་བས་རབ་ཏུ་འཛིན་པར་བྱ། །འཁོར་ལོ་ལ་སོགས་སྔར་གྱི་བཞིན། །རིམ་པས་མ་ནོར་བརྟགས་བྱས་ཏེ། །དེ་ནས་ཚོནི་རྩི་དགྱེ་བར་བརྩམས། །དང་པོར་བླ་མ་སློབ་དཔོན་དེ། །ལྷ་མོ་དག་དང་ལྷན་ཅིག་ཏུ། །སྙོམས་པར་གནས་ནས་གཡས་གཡོན་གྱི། །མཐེབ་མཛུབ་བར་ནས་དྲང་བར་བྱ། །དཀར་པོ་སེར་དང་ལྗང་ཁུ་དང་། །དེ་ནས་དམར་དང་ནག་པོ་རྣམས། །ལྔ་ཡི་རིམ་པས་ཡང་དག་བཤད། །རེའུ་ཆ་དཀར་པོ་ཆ་སྙམ་ལ། །ཉི་མའི་གདན་ལྔ་བསྟར་བ་ནི། །དབུས་མའི་ཆ་ལ་རྫོགས་པ་སྲ །གཙོ་དང་གཟུངས་མས་བྲི་བར་བྱ། ཁྲར་དུ་སེར་པོ་བྲི་བར་བྱ། །ལྷོ་ན་སྔོན་པོ་ནུབ་ཏུ་དམར། །བྱང་ན་ཨསྒྲི་ལྟ་བུར་ལྗང་། །མཚམས་བཞིར་རིགས་ཀྱི་ཁ་དོག་ལྡན། །ཤར་གྱི་ཁྱམས་ལ་སོགས་པ་ཡང་ རང་རང་རིགས་ཀྱི་ཁ་དོག་ལྡན། །སྒོ་ཁང་བཞི་དང་ཡང་དག་བཅས། །འདོད་པའི་ཡོན་ཏན་རིན་ཆེན་འཕྲེང་། །དྲ་བ་དྲ་བ་ཕྱེད་པ་དང་། །དྲིལ་བུ་གཡེར་ཁ་དར་དང་བཅས། །ཏྭ་ར་ཎ་དང་རྟ་བབས་དང་། །རྡོ་རྗེ་འཕྲེང་བར་ཡང་དག་ལྡན། །འོད་དཔུང་བསྐལ་པའི་མེ་འབར་བ། །བྱ་སྐད་འདོན་པའི་རྫིང་བུར་བཅས། །སྣ་ཚོགས་རྒྱན་དང་ལྡན་པ་བྲི། །དབུས་སུ་རྡོ་རྗེ་ཆེན་པོ་སྔོན། ཁྲར་དུ་འཁོར་ལོ་དཀར་ལ་གསལ། །ལྷོ་རུ་རིན་ཆེན་གསེར་གྱི་མདོག །པདྨ་ར་གའི་མདོག་འདྲ་ནུབ། །རྒྱ་གྲམ་ལྗང་ཁུ་བྱང་དུ་སྟེ། །དབུས་ཀྱི་རེའུ་ཆ་དབུས་ཉིད་ལའོ། །ཤར་གྱི་རེའུ་ཆའི་ཕྱོགས་བཞི་དང་། །དབུས་ཉིད་དུའང་འཁོར་ལོ་དང་། །ཨུཏུལ་བསྡམས་འཁྱུད་བྲི་བར་བྱ། །རྡོ་རྗེ་དང་ནི་མེ་ལོང་བདུན། །ལྕགས་ཀྱུ་སྤོས་མེ་བཅས་པ་གཡས། །མདའ་དང་ལྕགས་ཀྱུ་གཡོན་དུ་བྲི། །སེ་གོལ་དང་ནི་ཨུཏུལ་རྒྱབ། །ལྷོའི་དབུས་སུ་བྲི་བ་ནི། །རིན་ཆེན་རྡོ་རྗེ་རྩེ་གསུམ་མོ། །རིན་ཆེན་འབར་བ་འཕྲེང་བ་བདུན། །ཉི་མ་མེ་ཏོག་གཞོང་པ་གཡས། །རྒྱལ་མཚན་དང་ནི་ཞགས་པ་གཡོན། །སོ་འཕྲེང་ཟ་མ་ཏོག་ནི་རྒྱབ། །རེའུ་ཆ་ནུབ་ཀྱི་དབུས་ཉིད་དུ། །པདྨ་པདྨའི་སྡོང་བུ་བྲི། །པདྨ་དཀར་པོའི་པི་ཝང་མདུན། །རལ་གྲི་མར་མེའི་སྡོང་བུ་གཡས། །འཁོར་ལོ་དང་ནི་ལྕགས་སྒྲོག་གཡོན། །རྡོ་རྗེ་ལྕེ་དང་འཁར་གསིལ་རྒྱབ། །བྱང་དབུས་བྲི་བའི་ཕྱག་རྒྱ་ནི། །རལ་གྲི་པད་མའི་པ་ཏྲོཇོ། །རྒྱ་གྲམ་དང་ནི་གར་སྒྱུར་མདུན། །མཆེ་བ་དང་ནི་བྱུག་པ་གཡས། །རྡོ་རྗེ་གོ་དང་དྲིལ་བུ་གཡོན། །ཁུ་ཚུར་བརྟན་ན་ཀླུ་ཤིང་རྒྱབ། ཁྲར་སྒོ་བྲི་བའི་ཕྱག་རྒྱ་ནི། །རྡོ་རྗེ་ལྕགས་ཀྱུ་བྲི་བར་བྱ། །ལྷོར་ནི་མི་མགོའི་ཞགས་པའོ། །ཐོད་སྦྲུལ་ལྕགས་སྒྲོག་ནུབ་ཏུའོ། །བྱང་དུ་རྒྱ་གྲམ་དྲིལ་བུ་བྲི། །ཏྭ་ར་ཎ་ཡི་གཡས་གཡོན་དུ། །སྨན་དང་ཤིང་དང་མེ་ཏོག་དང་། །རྩི་དང་བ་་དང་ཟིལ་མངར་དང་། །འབྲུ་དང་ཆང་དང་འོ་མ་ཆུ། །དེ་ཀུན་དབང་བྱེད་ལྷ་མོ་དང་། །ལྷ་དང་ཀླུ་ཡི་རིགས་འཛིན་དང་། །མི་དང་དྲང་སྲོང་གནོད་སྦྱིན་གྱི། །དུས་གསུམ་རྒྱལ་བའི་གདུང་འཚོབ་ཀུན། །གསང་བའི་སྣོད་དུ་བྱས་པ་རྣམས། །མིང་ངམ་བརྡ་འམ་མཚན་མ་འམ། །ཕྱག་མཚན་དུ་ཡག་བྲི་བར་བྱ།དེ་ལྟར་ཕྱག་རྒྱ་བཀོད་པ་ཡང་། །རེ་རེ་ཞིང་ནི་ཡིག་འབྲུ་ལས། །ཆུ་བུར་ལྟ་བུར་བསྐྱེད་བྱས་ཏེ། །ཐུགས་ཀ་འམ་གསང་བ་ལས་ཕྱུང་ལ། །བསྟིམས་སྟེ་གཉིས་སུ་མེད་པར་བྱའོ། །ཡང་ན་རྣལ་འབྱོར་རྗེས་མཐུན་པར། །བྱས་ཏེ་ག་བུ་ལས་ཕབ་ལ། །གདན་ལ་བཞུགས་པར་བྱ་ཞེས་གསུངས། །རྗེས་སུ་རྣལ་འབྱོར་རྫོགས་བྱས་ནས། །གུར་ཀུམ་ལྡེ་གུས་རྫོགས་བྱས་ནས། །དེ་ཡི་ཕྱི་ནས་བྱུགས་པ་གཞན། །དེ་རྗེས་ཡོན་ཆབ་རྫས་ལ་སོགས། །སྣ་ཚོགས་པས་ནི་མཉེས་པར་བྱ། །སྒྲ་དང་རོལ་མོ་ལ་སོགས་པ། །བྱེ་བྲག་མང་པོས་རེ་རེ་མཆོད། །བརྒྱ་འམ་སྟོང་ལས་ལྷག་པའི་སྤོས། །མེ་ཏོག་གཤོང་པ་མར་མེར་བཅས། །ཞལ་ཟས་ཀྱི་ནི་རྣམ་གྲངས་དང་། །བབུར་བ་ལ་ཏུ་ཉ་ཤ་དང་། །བཙོང་དང་སྒོག་སྐྱ་ཆན་སྣ་ཚོགས། ཁྲ་དང་ཚིལ་བུ་རྐང་དང་ཞག །བཙོས་བསྲེགས་སྐམ་པོ་རློན་པར་བྱས། །མཆོད་པའི་ཕྱིར་ན་བཏུང་བ་མཆོག །རོ་ཡི་དམ་པ་ཛ་གད་ཀྱིས། །སྣོད་མཆོག་བཀང་ལ་འཁོར་བར་དགྲམ། །རྔ་དང་རྫ་རྔ་རྔ་བོ་ཆེ། །རྔ་རིངས་ཏི་མི་ལ་དང་དུང་། །པི་ཝང་གླིང་བུ་ཀེར་ཀོ་ཏ། །ཆ་ལང་ཙ་ཤིང་ཀ་བ་སྟ། །གར་དང་རབ་ཏུ་མཉེས་པའི་གར། །རྐང་པ་སྒྱུར་དང་ལག་པ་སྒྱུར། །ཀུན་ལ་ཁྱབ་པ་བདུད་རྩི་ལྔ། །གཡས་སུ་འཁོར་བ་རབ་བསྐོར་ཏེ། །དཀྱིལ་འཁོར་བསྐོར་ཏེ་དགྲམ་པར་བྱ། །རབ་ཏུ་སྒྲུབ་ལ་བརྩོན་བྱའི་ཕྱིར། །གླིང་བུ་བུད་ཅིང་གླུ་བླངས་ཏེ། །ཡང་ནས་ཡང་དུ་བསྐོར་བྱ་ཞིང་། བརྒྱ་འམ་ཉི་ཤུ་རྩ་གཅིག་བཟླས། །ཆད་དམ་ཉེས་པ་སོར་གཞུག་ཅིང་། །ལྷག་པ་ཧུ༷་བཟླས་དབྱི་བར་བྱ། །དེ་ནས་རོལ་མོ་སྣ་ཚོགས་ཀྱིས། །དྲངས་ཏེ་བུམ་པ་དགོད་བྱ་བ། ཁྲར་སྒོའི་ངོས་སུ་རྣམ་པར་རྒྱལ། །རས་ཀྱི་སྟེང་དུ་བཞག་པ་འམ། །ཡང་ན་རིན་ཆེན་ཁྲི་ལ་འོ། །ལས་ཀུན་བྱེད་པ་བྱང་ཤར་མཚམས། །ལྷག་མ་རང་རང་དག་གི་ཕྱོགས། །ཕྱི་རོལ་བུམ་པ་གང་བ་བཀོད། །བདུད་རྩི་རྣམ་པ་ལྔ་རྣམས་ནི། །སྣོད་ཀྱི་མཆོག་ནི་བཀང་བྱས་ཏེ། །མཚམས་བཞིར་གཞག་ཅིང་གཙོ་བོའི་སྣོད། །རྣམ་རྒྱལ་བུམ་པའི་སྟེང་དུ་བཞག །དེ་ལྟར་ནན་་ཏན་རབ་བསྐྱེད་དེ། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱའོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། །གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་དེ་ཉིད་ཀྱིས། །སྟོན་པ་འཁོར་དང་བཅས་པ་ལ་མཆོད་པའི་ལིང་ལོང་མང་པོས་ལན་བརྒྱ་སྟོང་དུ་མཆོད་པ་བྱས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔའ་བོ་ཆེན་པོ་ཐབས་ཀྱི་བདག་ཉིད། མཆོད་པ་དམ་པ་ཅི་ལྟ་བུ་ཞིག་གིས་མཆོད་པར་བགྱི་ལགས་བཀའ་སྩལ་དུ་གསོལ། སྟོན་པས་བཀའ་སྩལ་བ། ཆོས་ཉིད་བྱང་ཆུབ་སེམས་ཆེན་པོ། །རང་བཞིན་འོད་གསལ་བདེ་བ་ཆེ། །རྣམ་རྟོག་རྡུལ་གྱིས་མ་གོས་པ། །ཀུན་ལ་ཁྱབ་ཅིང་འདོད་དགུར་བསྒྱུར། །དབང་སྒྱུར་དབང་ཕྱུག་ཆེན་པོ་དེས། །ཀུན་ཚིམ་ཀུན་ལ་ཁྱབ་པས་ན། །མཆོདཔའིམཆོགཏུདེབཤདདོ། །རང་རིག་གསལ་བའི་ཡེ་ཤེས་ནི། །མཆོད་པ་ཀུན་གྱི་མཆོག་ཡིན་ཏེ། །ཐམས་ཅད་དཔག་གིས་མི་ལང་བས། །རྒྱལ་བ་ཀུན་ལ་རབ་ཏུ་མཆོད། །ཨོ་སརྦ་ཏ་ཐུ་ག་ཏ་པུ་ཙ་བཛྲ་སྭ་བྷ༷་བ་ཨུད་མ་ཀོ་ཧ༷། མཆོད་བྱ་མཆོད་བྱེད་ཐ་སྙད་སྤངས། །ང་དང་ང་ཡི་རྟོགས་བྲལ་བའི། །བདེ་ཆེན་གསང་བའི་མཆོད་པ་སྟེ། །ཐབས་མཁས་རྟོག་པ་རབ་སྤངས་ནས། །གསང་བ་སྙོམས་པའི་མཆོད་པས་མཆོད། །ཨཱོཾ་ཧུ༷་བདེ་བ་ཆེན་པོ་བདེ་ཆེན་སྙོམས་འཇུག་པས། །གསང་བ་ལས་བྱུང་དེ་ནི་རབ་མཆོག་རྒྱལ་བ་མཉེས། །རབ་ཏུ་དགྱེས་པར་འགྱར་བ་ང་ས་རབ་དགའ་བ་ཀུན་དང་མཉམ་པར་སྦྱོར། །དཀྱིལ་འཁོར་ཀུན་ཏུ་རབ་མཉེས་རབ་ཏུ་དགྱེས་པར་མཛད་པར་གྱུར་ཏོ། །དེ་ནས་ཡང་རབ་ཏུ་ངམ་པས་ཚིག་འདི་སྐད་ཅེས་གསུངས་སོ། །དེ་བཞིན་གཤེགརྨེ་པ་ཐམས་ཅད་ཀུན། །རབ་ཏུ་མཉེས་པར་འགྱུར་བ་ལ། །ཀུན་ཏུ་བསྔགས་པར་གྱུར་པ་ནི། །དགའ་བས་ཀུན་ཁྱབ་མཆོད་ཡོན་དབུལ། །བྱང་ཆུབ་ཡན་ལག་མཉེས་པས་ན། །མེ་ཏོག་ཞབས་ལ་དབུལ་བར་བྱ། །ཀུན་ཏུ་ཚིམས་པས་རབ་མཉེས་པས། །སྤོས་ནི་ཤངས་དང་གསང་བར་དབུལ། ཁྲེས་རབ་གསལ་བས་མུན་སེལ་བས། །མར་མེ་འོད་ཀྱི་དཀྱིལ་འཁོར་དུ། །ཚུལ་ཁྲིམས་ཀྱིས་ནི་ཚིམས་པས་ན། །དྲི་ཆབ་ཐུགས་ཀར་བྱུག་པར་བྱ། །བཏང་སྙོམས་ལྷུན་གྱིས་གྲུབ་སྦྱོར་བར། །ཞལ་ཟས་ལྗགས་ལ་ཚིམ་པར་བྱ། །གཟུགས་རྣམས་སྤྱན་དང་སྒྲ་རྣམས་སྙན། །དྲི་ནི་ཤངས་ལ་དབུལ་བར་བྱ། ཁ་མངར་རོ་ནི་ལྗགས་ལ་དབུལ། །རེག་བྱ་ལུས་ཀྱི་གནས་ཀུན་ཏུ། །ཆོས་ཀུན་བདེ་བར་ཚིམ་བྱེད་སམས། །གདུགས་ནི་དབུ་ཡི་དཀྱིལ་འཁོརལ། །རྒྱལ་མཚན་སྐུ་ལ་བསྟབ་པའོ། །བླ་རེ་འོད་ཀྱི་དཀྱིལ་འཁོར་ལ། །འཕྲེང་བ་རིན་ཆེན་འཕྲེང་བ་དང་། །མེ་ཏོག་འཕྲེང་དང་སྣ་ཚོགས་པ། །དཔྲལ་བར་ཐོད་ཚུལ་དག་ཏུ་བཅིང་། །དར་དཔྱངས་སྙན་ཆ་ལྟག་ཏུ་དཔྱང་། །སྙན་ཆ་སྙན་གྱི་གོང་དང་འོག །ཟེའུ་འདིར་དང་ནི་དབུ་བརྒྱན་དབུ། །མདུན་རྒྱན་ས་ཡི་འཁོར་ཡུག་ཏུ། །རིན་ཆེན་སིལ་མ་ཐང་མར་བརྡལ། །ཟ་མ་ཏོག་དང་རིན་ཆེན་སྒྲོམ། །ཕུང་པོ་མིག་མངས་རིས་སུ་བྲི། །བྱེ་མར་བརྡལ་ལ་གཅལ་དུ་བཀྲམ། །གྲང་ཞིང་བསིལ་འཇམ་རེག་གཉེན་མདང་། །བྱ་སྐད་སྙན་སྒྲོགས་ཚངས་པའི་གསུང་། །བར་བར་དག་ཏུ་ལྗོན་པའི་ཤིང་། །མེ་ཏོག་འབྲས་བུ་ལོ་མར་བཅས། །གཡེར་ཀ་དར་གྱི་རྣམ་པ་ལ། ཁྲེས་རབ་རླུད་གིས་བསྐྱོད་པ་རྣམས། །རྡུལ་ཕྲན་ཙམ་དུ་བཀོད་པའོ། །དཔུང་རྒྱན་དོ་ཤལ་སེ་མོ་དོ། །ཕྱག་དང་ཞབས་ཀྱི་གདུ་བུ་རྣམས། །སོ་སོའི་གནས་སུ་དབུལ་ཞིང་གདགས། །འཇམ་མཉེན་རེག་ན་བདེ་བའི་གོས། །སྟོད་དཀྲིས་ལ་དང་བ་ཏི་དང་། །ཟ་བུག་ཚིག་དགུ་ལ་སོགས་པ། །རང་རང་བདེ་བའི་གནས་སུ་དབུལ། །བ་་བ་དྲི་དང་བཅུད་དང་ཆང་། ཁེང་གི་བཅུད་མཆོག་ས་ལའི་ཁུ། །དམ་པའི་ཟས་བཅུད་གཉིས་པོ་དང་། །རོ་ཡི་བ་་པ་ཇི་སྙེད་པ། །གསུང་གི་རྡོ་རྗེ་གནས་སུ་བསྟིམ། །བྱང་ཆུབ་སེམས་ནི་ཐུགས་ཀར་རོ། །དྲི་ཆེན་དཔྲལ་བར་དབུལ་བར་བྱ། །པདྨ་རག་ཏ་གསུང་ལའོ། ཁྲ་ནི་ལྟེ་བ་དག་ཏུ་བྱ། །དྲི་ཆུ་གསང་བའི་གནས་སུ་བསྟིམ། ་་ཆེན་ཐུགས་ཀྱི་རྡོ་རྗེ་མཉེས། །གླང་པོའི་ཤས་ནི་སྐུ་རྡོ་རྗེ། ཁྱི་ཤས་གསུང་གི་རྡོ་རྗེ་ལ། །རྟ་ཡིས་ཡོན་ཏན་མཆོག་ཏུ་འགྲུབ། །བྱ་ནི་ལས་ཀྱི་རྡོ་རྗེ་ལ། །གཞན་ཡང་མཆོད་པའི་ཁྱད་པར་ནི། །རང་གི་རིགས་ལ་དབུལ་བྱ་སྟེ། །ཐམས་ཅད་བདག་ཉིད་ཆེན་པོ་ཡིས། །ཐུགས་ཀྱི་དབྱིངས་སུ་བསྟིམ་པ་ནི། །མཆོད་པ་བླ་ན་མེད་པའོ། །ནམ་མཁའ་བདེ་བའི་དབྱིངས་ཉིད་དུ། །ནམ་མཁའ་ཁྱབ་བྱེད་དབྱེར་མེད་ཐིམ། །ནམ་མཁའ་ལ་གནས་ནམ་མཁའ་ནི། །་ནམ་མཁའི་ངང་དུ་བདེ་ཆེན་ཐིམ། །དཔེར་ན་དྲི་ཟའི་གྲོང་ཁྱེར་ནི། །མཁའ་འམ་ས་གཞི་རི་ངོས་སམ། བྲག་གམ་ཆུ་ལ་སྣང་བ་ལ། །ཆར་གྱི་རྒྱུན་ནམ་ན་བུན་ནམ། །སྨུགས་སིལ་རྒྱུན་དག་བྱུང་ངམ་ཁྱབ བབ་བམ་ཀུན་ཏུ་བརླན་བྱས་ན། །ཟོས་སམ་འཐུངས་སམ་སྤྱད་པ་དག །ཅུང་ཟད་ཙམ་༷ནི་མེད་མོད་ཀྱང་། །དེ་དག་གིས་ནི་ལུས་དང་ངག །ལུས་བདེ་ཡང་དག་ཐོབ་པར་འདྲ། །དེ་ལྟར་མཆོད་པའི་རྫས་དང་གནས། །དབུལ་བའི་ཐབས་སོགས་དེ་ལྟར་སྤྱད། །ཧུ༷་གིས་སྦྱངས་ལ་ཨུ༷༷གིས་སྤེལ། །ཨཱོཾ་གྱིས་འདོད་དགུར་ཐམས་ཅད་བསྒྱུར། །དེ་ནས་རྒྱལ་བ་ཀུན་བདག་མཉེས། །རབ་ཏུ་ཚིམ་པར་ངས་བཤད་དོ། །ཏྲ༷་ལས་གྱུར་པའི་འོད་ཀྱིས་ནི། །རིན་པོ་ཆེའི་ཚོགས་བྱིན་རླབས། །དབུ་རྒྱན་ལ་སོགས་སྐུའི་རྒྱན། །གཟི་བརྗིད་སྙིང་པོའི་ཕུང༷་པོ་ཧྭ༷། །དར་དཔྱངས་ཧོ་ལས་རབ་ཏུ་བསྐྱེད། །དོ་ཤལ་སེ་མོ་དོ་ལ་སོགས། །པ༷་ལས་བྱུང་བར་བྱ་ཞེས་བཤད། །དར་གྱི་སྟོད་སྨད་ན་བཟའ་རྣམས། །ཀ༷་དང་པྱ༷་ལ་སོགས་པའོ། །བཟའ་བའི་ཚོགས་ནི་ཧུ༷་ཉིད་ལ། །ཨཱོཾ་ནི་ཡོངས་སུ་གྱུར་པ་ལས། །ཅང་ལ་སོགས་པ་རབ་ཏུ་༷དབུལ། །མཆོད་ཡོན་ཨ་དང༷་སྤོས་མེ་ཏུ། །པུ་ལས་མེ་ཏོག་པམ་ལས་སུ། །མར་མེར་བྱིན་བརླབས་དབུལ་བར་བྱ། །བྷ་ལས་དྲིའི་རྒྱན་དབྱུང་ཞིང་། །ཤ༷་ལས་ལྷ་བཤོས་ཡང་ན་འདྲ། །ཧུ༷་གིས་བྱང་ཆུབ་སེམས་སུ་བྱ། །ཨཱོཾ་གྱིས་དྲི་ཆེན་སྭ་ལས་ཤ །ཨཱོཾ་ནི་པད་མ་རག་ཏའོ། །ཧ་ཡིས་དྲི་ཆུ་བྱིན་གྱིས་བརླབ། །མྱུ༷་གིས་ཤ་ཆེན་ལ༷་གྱིས་སུ། །གླང་པོའི་ཤ་ནི་བྱིན་བརླབ་བྱ། །མ༷་གིས་རྟ་ཤ་པྱ༷་གྱིས་སུ། ཁྱི་ཤ་ཏ༷་གྱིས་བྱའི་ཤ། །བྱིན་རླབས་རབ་ཏུ་བརྟན་པར་བཤད། །དུ་ཡིས་གཟུགས་སྡུག་ལྷའི་བྱད། །བྷ་ཡིས་སྒྲའི་ཚོགས་བརླབ་བོ། །ཏི་ལས་དྲའི་རྣམ་པའོ། །པ༷་ལས་རོ་རྣམས་མཉེས་ཕྱིར་བརླབ། ཁྲམ་ལས་ཡང་ན་བྷ་ལས་སུ། །རེག་བྱ་གང་ཡང་རུང་བ་བརླབ། །ས་གཞི་རྣམས་ནི་སུ་ལས་སུ། །པ༷་ལས་རྫིང་བུ་ཆེ་ཕྲ་རྣམས། །རིན་ཆེན་ཕུང་པོ་སིལ་མའི་ཚོགས། ཁམས་ལས་གྱུར་པ་བྱ་ཞེས་བཤད། །དཔག་བསམ་ཤིང་དང་ཙུ་ད་དག །ལྕུག་ཕྲན་ཡལ་ག་བཅས་པ་རྣམས། །བ༷་གིས་ཉེ་བར་སྦྱངས་བར་བཤད། །རྟ་དང་གླང་པོའི་ཁྱུ་དག་ནི། །བྲན་དང་བཅས་པ་ཐམས་ཅད་ཀུན། །ཙ༷མ་ལས་བྱུང་བའི་སྤྲིན་དཔུང་ཙམ། །རྒྱལ་བ་རབ་ཏུ་མཉེས་པར་བྱ། །དེ་ནས་ལྷ་མོ་འམ་མི་མོ་འམ། ཀླུ་མོ་འམ་བྱིན་བརླབས་ཚུལ་ལྟ་བུར། །བྱས་ཏེ་རབ་ཏུ་སྦྱར་ནས་སུ། །མཉེན་པས་རབ་ཏུ་མཉེས་པར་བྱ། །ཨཱོཾ་བྷ་ག་ནེ་རོད་དྷ་པདྨ་རག་ཏ། བཛྲ་ནེ་རོད་ཏ་བོ་རྙེ་ཙིདྷ་མ་ཧྭ༷་སྙུ་རྒྱ་པུ་ཙ་མྱ་ཧ་པུ་ཙ་ཧུ༷་ཧུ༷། གར་གྱི་རྣམ་པར་རོལ་པ་ཡིས། །བདག་གི་དཀྱིལ་འཁོར་མཆོད་པར་བྱ། །ལུས་ནི་རྡོ་རྗེ་མི་བསྐྱོད་པ། །ཧུ༷་ལས་ཕྲ་རབ་རྡུལ་གྱིས་བཀང་། །ལག་གཡས་དེ་བཞིན་གཤེགས་པ་སྟེ། །ཨཱོཾ་ལས་རྣམ་པར་སྣང་མཛད་དོ། །རྐང་གཡས་རིན་ཆེན་འབྱུང་ལྡན་ནོ། །སུ་ལས་ཕྲ་རབ་རྡུལ་ཕྲན་དགོད། །ལག་གཡོན་སྣང་བ་མཐའ་ཡས་ཀྱི། །རྡུལ་ཕྲན་ཨ༷་ལས་པད་མའི་རིགས། །ལས་ཀྱི་རིགས་ནི་རྐང་པ་གཡོན། །ཧ་ལས་དོན༷་ཡོད་གྲུབ་པ་སྟེ། ཁྲེས་རབ་ཚོགས་དང་བཅས་པའོ། །ལག་གཡས་ཕྱར་ཏེ་གཡོན་བཤལ་མནན། །མགོ་བོ་ཡིད་ཙམ་གཡོན་དུ་བ་། །འཕར་དང་གསིག་དང་བརྟན་སྐྲུགས་ན། །དེས་ནི་རྒྱལ་བ་རྒྱ་མཚོ་༷མཉེས། །ཨཱོཾ་བཛྲ་ཀརྨ་ཙ་ཏུར་ཀུ་རུ་ནིར་ཏུ་ཧ་ཧ༷་ཧུ༷་ཛ་ཕཊ་ཀ་ར། །དེབཞིནརྐངགཡསཕྱར་ཏེ་གཅུ། །གཡོན་པ་ས་ལ་བརྡབ་ཅིག་མནན། །ལན་གསུམ་བྱ་བ་དེ་བཞིན་གཤེགས། །ཐམས་ཅད་དུ་ནི་ཞི་པ་འགྲུབ། །ཨཱོཾ་པུརྙ་ཤན་ཏིང་སརྦ་ཏ་མ་ཐ་ཧེ་ཧེ་ཏྲ་ཏ་ཀ་ར་ན་པ་ཧེ་ཧུ༷་ཧུ༷་ཕཊ་ཀ་ར། རྐང་པ་གཡས་པས་གཡོན་པ་གནན། །ལག་པ་གཉིས་ཀྱང་བཟློག་ནས་བརྐྱང་། །མགོ་ལུས་གསིག་ཅིང་འདར་བའི་ཚུལ། །ཐ་མར་ཐལ་བརྡབ་རྒྱས་པའོ། །ཨཱོཾ༷་རད་ན་ཚུ྅་སརྦ་རྒྱ་ཏ་ཀུ་རུ་ཏེ་བྷ་བ་ཧེ་དུ་ཧེ་ཧུ༷་ཧུ༷་ཕཊ་ཀ་ར། །ལག་གཡོན་ཕྱར་ནས་ཅུང་ཟད་བརྗིད། །མིག་གཉིས་ཆགས་ཚུལ་སྨིན་མ་་སྒྱུར། །རྐང་གཉིས་རྟིང་སྤྲད་སོར་མོ་དགྱེད། །འཕྱོངས་ཤིང་གར་བསྒྱུར་དབང་དུ་འགྱུར། །ཨཱོཾ༷་པདྨ༷་མོ་ཧ་ན་སརྦ་སྟ༷་བྷ་རི་ཀུ་རུ་ཏེ་ཧ་ཧ་ཧ་དུ་ཧུ༷་པ༷་ཕཊ་ཀ་ར། རྐང་པ་གཡོན་པ་གྱེན་དུ་འདེགས། །གཡས་པ་ས་བརྟན་རབ་ཏུ་བརྐྱང་། །ལག་གཉིས་ཐལ་མོ་བརྡབ་ཅིང་བརྐྱང་། །ཁྲོས་པས་འབྲི་ཚུགས་དྲག་པོ་འགྲུབ། །ཨཱོཾ་ཀརྨ་མྱ་ར་ན་ཡུ་སརྦ་མ་ར་དུ་པྲ་བེ་ཤ་ལྭ་ཕཊ་ཧུ༷་ཧུ༷་ཕཊ་ཀ་ར། དང་བས་ལུས་རྣམས་རབ་ཏུ་གསིག །ལག་པ་གྱེན་དུ་སྦྱར་ནས་བགྲེང་། །རྐང་པ་བཅུས་ལ་རེས་མོད་བསྟན། །གསང་བའི་མི་མངོན་རྒྱས་བཏབ་ལ། །ཕཊ་ཀྱི་སྒྲ་ནི་དྲག་ཏུ་བསྒྲགས། །པདྨའི་ཕྱག་རྒྱ་སྨིན་༷མར་བཅིང་། ཁྲོས་ནས་རབ་ཏུ་བཀྲོལ་བར་བྱའོ། །དེ་ལྟར་མཆོད་པའི་སྤྲིན་སྤྲོས་ལ། །རྒྱལ་བ་བདག་གི་ཚོགས་བཅས་ལ། །རབ་ཏུ་དགྱེས་པས་མཉེས་བྱའི་ཕྱིར། །གསང་སྔགས་ལན་གསུམ་བརྗོད་ཅིང་དབུལ། །ཨཱོཾ་བ་ཧུ༷་པུ་ཙ་མ་ཧྭ་པྲུ་ཛ། དེ་བི་པྲུ་ཛ། གུ་གྱེ་བྱུ་ཙ། སྣུ་ན་པྲུ་ཛ། སྟ་ན་པྱུ་ཛ། མ༷་ས་པྲུ་ཛ། རག་ཏ་བྱུ་ཛ། ཙིསྟ་བྱུ་ཛ། བ་སུ་ཏ་བྱུ༷་ཛ། མ་ཙ་པྱུ་ཛ། མེ་ཙ་པྱུ་ཛ་སརྦ་ཏ་ཐུ་ག་ཏ་བཛྲ་པྲ་ཏི་ཛ་མན་ཁུ་ཁུ་ལེ་ལེ་ཧོ་ཧོ་ཧ༷། ཞེས་གསུངས་པས། ཕྱོགས་བཅུ་ནམ་མཁའི་མཐས་ཀླས་པའི་བདེ་བར་གཤེགས་པ་ཞིང་གི་རྡུལ་ཕྲ་རབ་སྙེད་མཉེས་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མཉེས་པའི་མཆོད་པ་སྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་མཆོག་གི་རྒྱལ་པོ་ཆེན་པོ་དེས། ཐམས་ཅད་གཉིས་སུ་མེད་པར་བྱིན་གྱིས་རློབ་པ་དབང་བསྒྱུར་ཞིང་ཐབས་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་ཅང་མི་གསུང་པར་གྱུར་ཏོ། །དེའི་ཚེ་ནམ་མཁའི་མཐས་ཀླས་པ་ཐམས་ཅད་དེ་བཞིན་གཤེགས་པའི་སྐུས་ཀུན་ནས་གང་བར་གྱུར་ཏེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་རྒྱས་པར་གྱུར་ཏོ། །དེ་དག་རེ་རེའི་སྐུ་ལས་ཀྱང་འོད་ཟེར་དོན་མཛད་པར་སྤྱོད་པ་བསམ་གྱིས་མི་ཁྱབ་པས་ཐམས་ཅད་ནས་ཐམས་ཅད་དུ་ཁྱབ་པར་མཛད་དོ། །དེ་དག་གི་རྩེ་མོ་ལས་ཀྱང་པདྨ་ཁ་དོག་སྣ་ཚོགས་སུ་འདུག་པ། འདབ་མ་སྟོང་སྟོང་དང་ལྡན་པ། །ལྟེ་བ་དང་གེ་སར་དུ་བཅས་པ། །དྲི་ཕུན་སུམ་ཚོགས་པས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ཚིམ་པར་མཛད་པས་ཀུན་ནས་ཁྱབ་པར་མཛད་དེ། །དེ་དག་གི་ལྟེ་བ་ལ་ཡང་རིགས་ལྔའི་སངས་རྒྱས་རྡུལ་ཕྲ་རབ། ཆུ་ཀླུང་གི་རྡུལ་ཕྲ་རབ་དང་མཉམ་པ། མཚན་དང་དཔེ་བྱད་ཐུན་མོང་དང་། ཁྱད་པར་མཆོག་ཏུ་གྱུར་པས་རྣམ་པར་སྤྲས་པ་རྣམས་བཞུགས་སོ། །དེ་དག་རེ་རེའི་ཡང་གནས་ལྔ་ལྔ་ནས་འོད་ཀྱི་དྲ་བས་རྣམ་པར་བརྒྱན་པའི་ལྷ་མོ། པད་མའི་རྩ་བ་ལྟརདཀར་བའི་མདངས་ཅན། རྩ་དམར་བར་འཛུམ་པའི་མདངས་དངལྡན་པ་ལག་ངར་མན་ཅདགསེར་གྱི་གདུ་བུས་གཏམས་ཏེ། རིན་པོ་ཆེ་གཞན་སྣ་ཚོགས་པའི་རྣརྒྱན་དང་། རྐང་གདུབ་དང་། དཔུངརྒྱན་དང་། སོརགདུབ་དང་། རྩེ་བྲནགྱི་ཅོདཔན་དང་། རྐང་གདུབ་ལ་སོགས་པས་རབ་ཏུབརྒྱན་པའིཕྱག་ན། རིན་པོ་ཆེའི་བུམ་པ། དཔག་བསམ་གྱི་ཤིང་འབྲས་བུ་ཅན་གྱིས་ཁ་བརྒྱན་པ། ལྷའི་རས་ཀྱིས་མགུལ་བ་བཅིངས་པ། །ནང་བདུད་རྩི་ལྔའི་ཆུབོས་གཏམསཔ་ཐོགས་ཤིང་། གཡོན་པས་རས་དང་། མེ་ཏོགའཕྲེང་དང་། ཙན་དན་དང་། གུར་ཀུམ་གྱི་ཕྱེམས་ཕྱོགས་ཀུན་ཏུ་ཆར་འབེབས་ཤིང་བཀྲ་ཤིས་ཀྱི་གླུས་ཚིགས་སུ་བཅད་པ་འདོན་པ་དཔག་ཏུ་མེད་པས། ནམ་མཁའི་མཐའ་ཁྱབ་ནས་གངབར་གྱུར་ཏོ། །དེ་ལྟབུའི་མཛདཔ་མངོནདུ་མཛདཔའིཚེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྣོན་པོ་རང་གི་སྟནལས་ལངས་ནས། བཅོམ་ལྡན་འདས་ལ་རྣལ་འབྱོར་གྱི་དབང་ཕྱུག་ལུགས་བཞིན་བྱས་ནས་རབ་ཏུ་གུས་པས་བཏུད་དེ་གསོལཔ། །ཨེམ་ཧོ་གསང་བ་མཆོག་ཏུ་གྱུར་པ་ཡི། །བདེ་གཤེགས་རྣམས་ཀྱི་གསངམཆོགསྟེ། །དབང་མཆོག་དམཔ་བསྐུར་བའི་ཐབས། །འཇུག་པས་འཇུག་དང་བཅས་པ་རྣམས། །བརྩེ་བས་བདག་ལ་བཤད་དུ་གསོལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །འགྲོ་བའི་གཙོ་བོས་བཀའ་སྩལ་པ། །གསང་བ་བས་ཀྱང་ཆེས་གསང་བའི། །ཡང་གསང་དབང་བསྐུར་རྨད་བྱུང་བའི། །ཐབས་མཆོག་ཡང་གསང་བླ་ན་མེད་པའི་གཙོ། །ཁྱེད་ལ་ཡང་དག་བཤད་པར་བྱ། །ཡོན་ཏན་ཀུན་ལྡན་རབ་བརྟགས་པའི། །ཆོས་ཀྱི་བུ་རུ་གང་འོས་པས། །དད་པ་བརྟན་པོར་བྱས་ནས་ནི། །བྱང་ཆུབ་སེམས་ལ་རྟག་མོས་པས། ཁྲུས་བྱས་གཙང་མའི་གོས་གྱོན་ལ། །ཚད་མེད་བཞི་ལ་གནས་པར་བྱ། །མིང་པོའི་དཀྱིལ་འཁོར་ཆེན་པོ་ལ། །མདུན་ཏེ་གནས་ནས་དགའ་སེམས་ཀྱིས། །གསེར་སོགས་རྫས་ཀྱིས་སྙིམ་པ་དགང་། །ཡང་ནས་ཡང་དུ་སློབ་དཔོན་དང་། །ལྷ་རྣམས་ལ་ནི་གསོལ་བ་གདབ། །བདེ་བར་གཤེགས་དང་སློབ་དཔོན་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཁྱེད་ལ་རྟག་ཏུ་བདག་འབུལ་ལོ། །འཁོར་བ་འདི་ལས་བསྐྱབ་པའི་ཕྱིར། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་དགོངས། །ཐོག་མཐའ་མེད་པའི་མུན་གཏིབས་པས། ཁེས་རབ་སྒྲོན་མ་བདག་ལ་ཐེག །ཆུ་བོ་རབ་མེད་ཆེན་པོ་ལས། །བདག་ནི་བསྒྲལ་ཏེ་སྐམ་སར་ཁོད། །བདག་ནི་ཕམ་གྱུར་འཁོར་བས་ན། །ཡང་དག་བྱང་ཆུབ་ཆེན་པོ་ལ། །བདག་ནི་དིང་འདི་ཉིད་དུ་འཁོད། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སྙིང་རྗེ་ཆེན་པོ་བསྐྱེད་ནས་ཀྱང་། །འདི་སྐད་ཅེས་ནི་ལན་གདབ་བོ། །བུ་ཁྱོད་དད་པ་ཆེར་ལྡན་ཞིང་། །བདག་དང་གཞན་དག་བསྒྲལ་བའི་ཕྱིར། །དག་པའི་དཀྱིལ་འཁོར་ཆེན་པོ་མྲ །འཇུག་པ་འདོད་པ་ཁྱོད་ལེགས་ཏེ། ཡང་དག་ལམ་མཆོག་དཔལ་ལྡན་པར། །ཉམས་སུ་ལེན་པར་འདོད་པ་ན། །བསླབ་པ་དག་ལ་གནས་ནུས་སམ། །དེས་ཀྱང་ནུས་པར་བགྱི་ཞེས་གསོལ། །དེ་ནས་དག་པར་ཁྲུས་བྱ་བ། །ལས་ཀུན་བྱེད་པའི་ཆུས་བྱའོ། །དར་ལ་དེ་ཡིས་བཏབ་བྱས་ལ། །དཀྲིས་ཏེ་ཡོལ་བའི་ཕྱི་རོལ་བཞག །དེ་ནས་ཐལ་སྦྱར་པུས་བཙུག་ནས། །བླ་མེད་འདོད་པས་གསོལ་བ་གདབ། །བླ་མེད་ཁང་པར་འཇུག་སྔོན་དུ། །བདག་ལ་སྤྱོད་པ་མཆོག་བསླབ་ཅིང་། །སྡོམ་པ་མཆོག་ནི་བདག་ལ་སྩོལ། །བདག་སེམས་བརྟན་པར་ཉིད་ཀྱིས་མཛོད། །དེ་ལ་འདི་སྐད་བཀའ་སྩལ་བྱ། །ང་དང་བདེ་གཤེགས་་ཐམས་ཅད་ཀྱི། ་་ནམ་པ་ཇི་སྙེད་གསུངས་པ་ཡང་། །བདམ་པར་བྱ་བ་ཉིད་ལས་སུ། །བསྔགས་པ་གཞན་ནི་གང་ཡང་མེད། །ཁྱོད་ཀྱི་ལུས་ཀྱི་མི་བྱ་བ། །སྲོག་གཅོད་འདོད་པས་སྤྱོད་པ་དང་། །གཞན་གྱིས་མ་བྱིན་རྫས་ལེན་པ། །ཕ་མ་རྡོ་རྗེ་སློབ་དཔོན་གྱི། །ཕྱིར་ཡང་མི་བྱ་གཞན་ཅི་སྨོས། །ངག་གིས་བརྫུན་དང་ཕྲ་མ་དང་། འཁྱལ་བའི་ངག་དང་རྩུབ་པའི་ཚིག །ནམ་དུ་འང་དུས་ལ་མ་བབ་པ། ཁྱོད་ཀྱིས་སྨྲ་བར་མ་བྱེད་ཅིག །ངན་སེམས་དང་ནི་གནོད་པར་སེམས། །ལོག་པར་ལྟ་བ་ཕྱིན་ཅི་ལོག །དགོས་ཆེད་ཡོད་ཀྱང་གཞར་མི་བྱ། །ལྷ་དང་བླ་མ་སྨད་མི་བྱ། །མུ་སྟེགས་ཉེ་གནས་ཅན་དག་དང་། །འགྲོ་ཀུན་ལ་ཡང་གཤེ་མི་བྱ། །སྙིང་པོ་ཡང་དག་ལྡན་པས་ན། ཁྲན་པ་ཉ་པ་ལ་སོགས་ལའང་། །གཤེ་བ་དག་ཏུ་ཡོངས་མི་བྱ། །གཙུག་ལག་ཁང་དང་བྱང་ཆུབ་ཆེན། །དགེ་སློང་བྲམ་ཟེ་ཕ་དང་མ། ཁྱད་པར་དུ་ཡང་བླ་མའི་རྫས། །ཏིལ་འབྲུའི་ཕུབ་མའང་བླང་མི་བྱ། །བསྒོ་བ་ཐོབ་ན་ཉེས་པ་མེད། །ཕུལ་བའི་རྫས་ནི་མི་བསྒོམ་ཞིང་། །བསྔོས་པ་ལ་ནི་མི་རློམ་མོ། །ཐུན་མོང་དེ་ལས་ལྷག་བསྲུང་བ། །གསང་བ་རྨད་བྱུང་སྒོ་འདི་སྲ །མི་བྱ་བ་ནི་ཅུང་ཟད་མེད། །གོང་ལས་ལྷག་པ་གཉིས་ཡིན་ཏེ། །བཟློག་སྟེ་ཐམས་ཅད་བྱ་བ་ནི། །ཡོལ་བའི་ནང་དུ་དྲངས་ལ་སྤྱིན། །བུ་ཁྱོད་རིགས་ཀྱི་སྲས་མཆོག་སྟེ། །བླ་མ་སངས་རྒྱས་ཉིད་དུ་བལྟ། །རྡོ་རྗེ་དང་ནི་དྲིལ་བུ་བླང་། །ཉིན་རེ་འང་དུས་དྲུག་སྤྱིན་པ་གཏང་། །ཕྱི་ནང་གསང་བའི་དམ་ཆོས་བཟུང་། །ཐམས་ཅད་མཆོད་པའི་ལས་རྣམས་བྱ། །དོན་དམ་དང་ནི་ཀུན་རྫོབ་ཀྱི། །སེམས་ནི་ནན་ཏན་དག་ཏུ་བསྐྱེད། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་། །བག་དང་ལྡན་པས་སྤྱད་པར་བྱ། །དོན་དང་བཟང་ཞེས་ལས་རྣམས་ལ། ཁྱད་པར་དབྱེ་བར་ག་ལ་བྱ། །སྨན་རྣམས་ལ་ནི་ཁ་མངར་རོ། །ཞུ་རྗེས་བཅད་དེ་མི་བསྲེ་བསྲེལ། །གཙང་དང་སྨེ་ཞེས་དབྱེ་མེད་པར། །མི་ལ་སོགས་པའི་ཤ་བསྲེལ་ཞིང་། །བདག་དང་གཞན་ཡང་ཟ་རུ་གཞུག །མི་མོ་གང་ལའང་མི་སྨད་ཅིང་། ཁྲེན་ཏེ་མ་ལའང་དཔྱ་བ་མིན། །གཉིས་པོས་ལེགས་པར་བཤད་བྱས་ནས་། སྣོད་དང་ལྡན་ལ་གསང་སྡོམ་ནི། །བརྟགས་ནས་སྦྱིན་ཏེ་ཀུན་ལ་མིན། །གཟུངས་ཆེན་ཐབས་དང་ལྡན་པའི་བུ། །ཚུར་ཤོག་རབ་ཏུ་གསང་བའི་ཚུལ། །སྡོམ་པ་ཁྱོད་པ་སྦྱིན་པར་བྱ། །ཁྱོད་ཀྱི་སྲོག་ནི་གཅད་པར་བྱ། །མ་བཅོས་དོན་གྱི་སྙིང་པོ་ལ། །ང་དང་གཞན་ཞེས་མི་འབྱེད་པས། །གཅད་དང་གཅོད་པར་བྱ་མི་དམིགས། །མ་བྱིན་པར་ཡང་བླང་བར་བྱ། །བདག་གཞན་རྫས་སུ་འཛིན་པའི་བློ། །གཟུང་འཛིན་རྟོག་དང་བཅས་པ་ནི། །དེ་བཞིན་ཉིད་ཀྱི་ཀློང་ལ་མེད། །ཆགས་པས་ཀུན་ལ་སྤྱད་པར་བྱ། །དུག་སྔགས་སྙིང་ལ་གནས་གྱུར་ན། །སྦྲུལ་དང་བཙན་དུག་དབྱིག་སྦྱར་མའི། །གནོད་པ་དེ་ལའང་འབྱུང་མི་འགྱུར། །ལྕེ་དང་རྐན་ལས་བྱུང་བའི་རྫུན། །སྨྲས་པས་ལོག་པའི་གཞི་མེད་དེ། །དོན་གྱི་སྙིང་པོ་རབ་ལྡན་པའི། །བློ་ལ་རྫུན་གྱི་གཞི་མེད་དོ། །མྱོས་བྱེད་བག་དང་ལྡན་པར་བ་་། །སེམས་ཉིད་བརྟན་པའི་སྐྱེས་མཆོག་ནི། །ཅིའང་མེན་པས་རབ་བརྟན་ཏེ། །ཉེས་པར་གྱུར་བའི་གཞི་མི་སྲིད། །བག་གིས་སྤང་མེད་བླང་དོར་མེད། །བདུད་རྩི་ལྔ་ལ་ལོངས་སྤྱད་དེ། །རྟག་པར་བདག་གི་བརྒྱན་དུ་བྱ། ཁྲ་ལྔ་བཟའ་བར་བྱ་བ་སྟེ། །བཤང་གཅི་ཁུ་ཁྲག་ངན་པ་མེད། །རྨད་བྱུང་བསྟན་པའི་སྒོ་འདི་སྲ །མི་བྱ་བ་ནི་ཅི་ཡང་མེད། །དེབཞིནམིབསྲེསཔཡང་མེད། །བུ་ཁྱོད་ཀྱིས་ནི་བརྟན་པར་ཟུང་། །འོན་ཏང་རྒྱལ་བའི་གདུང་འཛིན་ཏེ། །དཔེར་ན་འཁོར་ལོ་སྒྱུར་རྒྱལ་པོ། །ནོར་བུ་རིན་ཆེན་ལ་སོགས་པ། །རྒྱལ་སྲིད་བདུན་དང་ལང་ལོང་དང་། །ལུང་དང་མི་གཙང་མི་འབྱེད་པར། །ཀུན་ལ་དབང་སྒྱུར་རྒྱལ་ཆེན་པོ། །དེ་བཞིན་འཁོར་དང་མྱང་ངན་འདས། །སྤང་བླང་མེད་པར་སྤྱོད་པས་ན། །རྡོ་རྗེ་ཐེག་ཆེན་བླ་མེད་དོ། །དེ་བས་ངའི་བསྒོ་བ་འདི། །ཉོན་ལ་ནན་ཏན་ཆེར་གྱིས་ཤིག །དེས་ནི་དོན་ལ་འབྱོར་བར་འགྱུར་རོ། །དེ་ནས་ཧུ༷་གིས་སྦྱོར་བ་ཡིས། །དེའི་སྙིང་ཀར་ཟླ་བ་ཡི། །སྟེང་དུ་རྩེ་ལྔའི་རྡོ་རྗེ་བསམ། །དེ་ལས་རྡོ་རྗེ་སེམས་དཔའ་གཙོ། །བསྐྱེད་ལས་འོད་ཀྱི་རྒྱལ་བའི་ཚོག༷ས། །བཀུག་སྟེ་སྙིང་ཀར་ཀུན་བརྟན་པས། །དམ་ཚིག་ལ་ནི་ནན་ཏན་དུ། །བྱ་བའི༷ ་ཕྱིར་ན་རྣམ་གསུམ་ལ། །ཆུ་དང་དཔལ་བོ༷་བདུད་རྩིར་བཅས། །རློན་པ་དང་ནི་དྲི་ཆུ་དང་། །སྦྱར་ཏེ་ལྕེ་ལ་གསུམ་གསུམ་སྤྱིན། །ཨཱོཾ་ཨི་དྷན་ཏེ་ན་ར་ཀན་ཏེ། བྷ་ར་ཧི་སྟེ། ས་མ་ཡ། ཡཀྟ་ཁད་ཁ་ཚིན་དྷ་ཧུ༷་ཕཊ། ཨཱོཾ་ཨུ༷་ཨ་མྲི་ཏ་ཀུཎྜལི་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་ཨུ༷༷ཧུ༷་སརྦ་པརྩི་ཨ་མྲི་ཏ་ཀུཎ་ཌ་ལི་རག་ཤ་ཀྲོ་དྷ་ཧ་ན་ཧ་ན་བཛྲ་སི་དྷ་ཧུ༷་ཐ་ཐ། དེ་ནས་བུ་དེས་འདི་སྐད་གསོལ། །དྲི་ཆེན་རྡོ་རྗེ་བླ་མ་ཡིས། །བདེ་གཤེགས་ཐམས་ཅད་བསྡུ་མཛད་དེ། །བདུད་རྩི་བདག་ལ་དབབ་ཏུ་གསོལ། །བདག་རྒྱུད་ཐ་བ་རྒོན་གདུང་ལ། །བྱང་ཆུབ་མྱུ་གུ་བསྐྱེད་བྱ་དང་། །བླ་མེད་འབྲས་བུར་བསྒྲུབ་པའི་ཕྱིར། ཁྲེས་རབ་ཐབས་ཀྱི་ངོ་བོ་ལས། །ཡེ་ཤེས་བདག་ལ་དབབ་ཏུ་གསོལ། །བླ་མས་ཕྱོགས་བཅུའི་ཞིང་ཁམས་ན། །འོད་ཀྱི་ཐམས་ཅད་བསྐུལ་བཀུག་སྟེ། སྒྱི་བོ་ཟླ་བའི་ཨ་བརྒྱུད་དེ། །བ་སྐྲུའི་ལམ་ནས་མགོ་ཞབས་སུ། །རང་གི་ཡེ་ཤེས་བསྐྱེད་བྱ་ཞིང་། །ཕྱག་རྒྱས་རང་བརྒྱུད་བརྟན་པར་བྱ། །ཨཱོཾ༷་བཛྲ་ཨུ་བེ་ཤ་ཨ་ཨ་ཨ། ས་རྩ་ར་སའི་བདུག་པས་བདུག །རང་གི་ལག་མཐིལ་གཡོན་པ་སྲ །དྲི་ལས་ཅི་བྱས་སྡིག་པའི་ཚོགས། །བསམས་ཏེ་ཏིལ་དང་ཡུང་ཀར་རམ། །ཡང་ན་དུག་གི་མེ་ཏོག་བསྲེག །གཙོ་བོའི་གསང་སྔགས་བཟླས་པ་བྱ། །ཡང་ན་ཞི་བའི་འཕྲེང་བ་བཟླས། །བདག་ནི་རྨོངས་འཐིབས་མུན་པར་འ་ས། །གསལ་བའི་ཡེ་ཤེས་སྦྱར་བས་སུ། །དབང་པོ་ཉིད་ལ་ཆ་སྣང་བ། །བསྟན་པས་རྟོགས་སུ་བདག་འགྱུར་མོད། ཁྱོད་ལ་དབང་པོར་གྱུར་པ་རྣམས། །སྟོབས་སུ་འགྱུར་རམ་མི་འགྱུར་ཕྱིར། །བསྡུས་ཏེ་དཀྱིལ་འཁོར་ཡིད་ལ་གྱིས། །ཅི་སྣང་ང་ལ་རྫུན་སྤང་སྨྱོས། །བླ་མ་ལ་ནི་གུས་བ་་དེ། །ཅི་སྣང་བཟླས་པའི་སྒོ་ནས་ཤེས། །དེས་ན་རིགས་སུ་ངེས་པར་བྱ། །དེ་ནས་ཨུ་ཁ༷་བྲི་ར་ཧྭ༷་ཛ། ཤར་ནས་བདེ་གཤེགས་འཁོར་བཅས་ལ། །སྤྱི་བོ་ས་ལ་ག་ས་གསུམ་བཙལ། །ཆེ་བའི་བརྗོད་ན་རབ་ཏུ་བསྔགས། །ཧུ༷། ལྷོ་ནས་རིན་ཆེན་རིགས་ཚོགས་ལ། །ཡོན་ཏན་བརྗོད་དེ་ཕྱག་བྱ་བ། །དཔྲལ་བའི་རིན་ཆེན་ས་དབབ་བྱ། །བ༷་པདྨ་ལ་ནི་ནུབ་སྒོ་ནས། །གསུང་གི་སྔགས་པ་བརྗོད་བྱས་ཏེ། །པདྨའི་ཁ་མགྲིན་ས་ལ་དབབ། །ཧོ། བྱང་ནས་ལས་ཀྱི་རིགས་ཚོགས་ལ། །ལས་ཀྱི་བསྔགས་པ་གླེངས་ནས་ཀྱང་། ལུས་ཀུན་ས་ལ་བརྡབ་བྱས་གསུམ། །རྩ་བའི་ནི་སྒོ་ཤར་ཕྱོགས་ནས། །སྙིང་པོ་རྡོ་རྗེ་ས་ལ་དབབ། །རྡོ་རྗེ་ཆེ་བ༷ རྗོད་ཕྱག་གསུམ་བྱ། །རྡོ་རྗེ་རྩེ་མོ་གཅིག་པའི་རྒྱ། །བཅིངས་པའི་བར་དུ་གསེར་དངུལ་འཕྲེང་། །རང་གི་རིག་པ་བརྟན་བྱས་ནས། །སྔགས་འདིས་དཀྱིལ་འཁོར་དག་ཏུ་དོར། །ལྷའི་ཐུགས་ཀར་བསྟིམ་པར་བྱའོ། །ཨཱོཾ་བཛྲ་པྲ་ཏི་ཛ་བཛྲ་ཧོ། །མ་ཧྭ་ས་མ་ཡེ་བཛྲ་པྲཛི་པུ་ཛ་པྲ་ཏི་ཛ་བཛྲ་ཧོ། གང་དང་གང་དུ་བབ་པའི་ཚེ། །དངོས་གྲུབ་དེ་ལས་ཤེས་བྱས་ཏེ། །ཡེ་ཤེས་ཁོང་པར་མ་ཆུད་ན། །ལན་གསུམ་དག་ཏུ་བསྐྱར་ཏེ་བྱ། །དེས་ཀྱང་ཡིད་ཆེས་མ་གྱུར་ན། །སྐལ་ངན་དེ་ནི་དབྱུང་བྱ་སྟེ། །སེམས་བསྐྱེད་དེ་དག་ཙམ་ལ་བརྟེན། །བདག་ནི་མ་རིག་མུན་པས་ཁེབས། །གཏིབས་ཆད་ངན་སོང་གཡང་ས་མྲ །ལྷུང་གྱུར་འདི་ལས་བསྐྱབ་མཛད་དེ། །མུན་པ་ཐིབས་པོ་བསལ་དུ་གསོལ། །རང་རིག་གསེར་གྱི་མིག་ཐུར་གྱིས། །ཨ༷་རྫ་དང་འདྲ་རབ་རིབ་དག །ང་ཡི་ཐུགས་རྗེས་བསལ་བྱས་ཏེ། །རང་སེམས་དཀྱིལ་འཁོར་བལྟ་བར་གྱིས། །དེས་ན་མཐོང་བ་དམ་པ་ཡིན། །དེ་ནས་དཀྱིལ་འཁོར་ཕྱི་དང་ནང་། །ལེགས་བལྟས་རང་སེམས་མཐོང་ཞེས་བྱ། །དེ་ནས་ལུས་ཀྱིས་ཕྱག་བཙལ་ཏེ། །པུས་བཙུགས་གུས་པས་བཏུད་དེ་གནས། །དེ་ནས་འཕྲེང་བའི་དབང་བྱ་སྟེ། །ལྷ་ཉིད་གྲལ་ལས་བཞེངས་ནས་སུ། །བུ་དེའི་རྒྱུད་ལ་བསྟིམ་པར་བྱ། །འདི་ནི་རྒྱལ་བ་ཀུན་གྱི་བདག ཁྱོད་ཀྱི་ཐོག་མ་མེད་ནས་བསྒྲུབས། །དེ་རིང་ཁྱོད་ལ་བབས་གྱུར་ཏེ། །ནམ་དུའང་འབྲལ་བ་མ་བྱེད་ཅིག །དེ་ནས་གསང་བ་བསྒྲགས་པར་བྱ། །དེ་རིང་ཕན་ཆད་རྒྱལ་བའི་སྲས། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །རྒྱལ་བའི་རིགས་སུ་འཁྲུངས་གྱུར་ཅིང་། །བྱང་ཆུབ་ཉིད་དུ་མངོན་སངས་རྒྱས། །དེ་བས་བུ་ཁྱོད་དོན་མཆོག་འགྲུབ། །ངེས་པ་ཉིད་དུ་ཡང་དག་སྦྱོར། །དེ་ནས་བླ་མས་བྱིན་པའི་ལྷ། །རང་གི་ནུས་པ་མ་ཉམས་པས། །བསྒོམ་དང་མཆོད་དང་བཟླས་བསྟོད་དེ། །དེ་ནི་བསྒོམས་པས་མཐོང་བ་ཡིན། །དེ་ནས་སེང་གེ་ཁྲི་བརྩིགས་ཏེ། །དཀྱིལ་འཁོར་འདབ་བརྒྱད་བཀྲ་ཤིས་བརྒྱད། །དར་རམ་རས་ཀྱི་གཡོགས་པའི་སྟེང་། །སྐྱིལ་ཀྲུང་ཡང་ན་བཟང་པོ་ཡིས། །འདུག་ཐབས་ལྟ་བུར་གནས་བརྒྱན་ཏེ། །སྟེང་ནས་བླ་བྲེས་དགབ་པ་དང་། །གོས་དཀར་གྱོན་ཞིང་མཉམ་པ་ཡི། །ཕྱག་རྒྱས་གནས་ཏེ་བསྒོམས་པར་བྱ། །མེ་ཏོག་སྙིམ་པ་བཀང་ནས་སུ། །གཏོར་ཏེ་གསོལ་བ་གདབ་པ་ནི། །སངས་རྒྱས་བྱང་ཆུབ་སེམས་ཀུན་དང་། །བླ་མ་ལ་ནི་བདག་ཉིད་འབུལ། །སེམས་དཔའ་མཆོག་གིས་བདག་བཟུང་སྟེ། །དད་པས་ཁྱེད་ཀྱི་འབངས་སུ་མཆི། །ས་རབ་མཆོག་ལ་གནས་པ་ཡི། །རྣལ་འབྱོར་བདག་གི་སྐལ་བ་བཟང་། །བདུད་རྩི་མཆོག་གི་སྣོད་ལགས་པས། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །སྔོན་དུ་བཅོམ་ལྡན་བདུད་རྩི་མཆོག །བདེ་ཆེན་དཔལ་ལྡན་ཀུན་བཟང་གིས། །བྱང་ཆུབ་སེམས་དཔའ་སྐལ་ལྡན་ཀུན། །དབང་མཆོག་རྨད་བྱུང་རབ་བསྐུར་ནས། །གཙོ་མོ་ཆེན་པོར་མཛད་པ་བཞིན། །བདག་ཀྱང་དེའི་རྗེས་སུ་སློབ། །དེ་ལ་ཡང་ནི་འདི་སྐད་དུ། །ང་ནི་བདུད་རྩི་བདེ་བ་ཆེ། །སངས་རྒྱས་ཡོངས་པས་སྔར་སངས་རྒྱས། །ང་ནི་རྡོ་རྗེ་འཛིན་པ་དཔལ། །སེམས་ཅན་ཡོངས་ཀྱི་སེམས་ཉིད་དོ། །གཉིས་མེད་ལྷུན་གྲུབ་ཆེན་པོ་སྟེ། །རྒྱལ་བ་དཔག་མེད་ཡོངས་ཀྱི་རྗེ། །རང་བཞིན་སྟོས་བལ་དེ་བཞིན་ཉིད། །ཐ་སྙད་བཞི་བྲལ་སེམས་ཉིད་ནི། །ས་ཆེན་སངས་རྒྱས་སྤྱིད་དཔལ་ས། །འདི་རྟོགས་རིག་པ་མཆོག་ཡིན་ཏེ། །རང་དབང་རྒྱལ་པོ་རང་བཞིན་རྫོགས། །བསྐུར་བའི་ཐ་སྙད་བྲལ་བ་སྟེ། །ཡེ་ནས༷ ་བཙལ་དང་བྲལ་བ་ཡིན། །དེ་ཉིད་ཐོབ་པར་བྱེད་འདོད་པས། །འདོད་ཆགས་ལ་སོགས་ཇི་བཞིན་པ། །དེ་བཞིན་ཉིད་དུ་རྟོགས་བྱའི་ཕྱིར། །བུམ་པ་ལ་སོགས་རྫས་ལྔ་ཡིས། །ལུས་ཀྱི་སྤྱི་བོར་བཏུགས་ཏེ་བསྐུར། །ཨཱོཾ་བཛྲ་ཨ་སྟི་ཁོསྣྲོ་ཧུ༷། ཞེས་གསུངས་པས། དེ་བཞིན་གཤེགས་པ་རྣམས་ལྷ་མོ་དང་བཅས་པས་བུམ་པས་དབང་བྱིན་ཏེ། དེ་ཉིད་ཀྱང་་གནས་གནས་སུ་ཞུགས་ཏེ་དབྱེར་མེད་པར་གྱུར་ཏེ། དབང་བྱིན་ནོ། །དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ཏུ་དབང་བསྐུར་བསྟན་བྱའི་ཕྱིར། །རྡོ་རྗེས་ཐུགས་རྗེས་འགྲོ་ལ་བསྟན། །དྲིལ་བུས་ཆོས་ཀྱི་གསུང་སྒྲ་བསྟན། །གཉིས་ཀྱིས་གཉིས་མེད་ཕྱག་རྒྱ་བསྟན། །གཉིས་པ་བརྟན་པར་བྱ་བའི་ཕྱིར། །འཁོར་ལོ་བ་དན་ཏྲི་ཤུ་ལ། །བགྲང་འཕྲེང་རྔ་ཡབ་ཟ་མ་ཏོག །མེ་ཏོག་སྙེ་མ་བུམ་པ་དང་། །བཅས་པས་རྡོ་རྗེ་རྩེ་གཅིག་བསྐུར། །གསུམ་པ་རབ་ཏུ་བལྟ་བྱའི་ཕྱིར། །དུང་དང་གརྙི་རས་ཡུག་དང་། །སྨན་གྱི་སྣོད་དང་གླེག་བམ་རྔ། །མདུང་དང་སོག་ལེ་རྩེ་གཅིག་བུམ། །བཞི་པ་ཀུན་ཏུ་བརྟན་བྱའི་ཕྱིར། །རལ་གྲི་དང་ནི་གྲི་དང་མདའ། །གཞུ་དང་པདྨ་བླ་བྲེ་དང་། །བསིལ་ཡབ་ར་དུང་རྩེ་གསུམ་དང་། །བུམ་པ་བཅས་པས་དབང་བསྐུར་རོ། །ལྔ་པ་ཡང་དག་བརྟན་བྱའི་ཕྱིར། །ཐོ་བ་གཏུན་ཤིང་སྒྲོན་མ་དང་། །གཤན་ཏི་ཀ་དང་དགྲ་སྟ་ཤིང་། །མེ་ལོང་སྦྲེང་དུ་འཁར་བའི་རྔ བུམ་པར་བཅས་པ་སྔ་མ་བཞིན། །དྲུག་པ་འདི་བར་་རྟན་ཆེད་དུ། །རིན་ཆེན་མར་མེ་དར་དཔྱངས་དང་། །ཟླ་བ་གདུགས་དང་སྦྲང་ཡབ་དང་། །མཆེ་བ་རྡོ་རྗེ་རྩེ་ལྔ་ཕུབ། །བུམ་པ་ཡིས་ནི་འདིར་ཡང་གསུངས། །བདུན་པ་ཤིན་ཏུ་བརྟན་བྱའི་ཕྱིར། །རྡོ་རྗེ་རྒྱ་གྲམ་དྲ་བ་ཁབ། །རལ་གྲི་རྩེ་གཅིག་གཤོལ་དང་ནི། །པད་མའི་འཕྲེང་དང་སོ་འཕྲེང་གྲི། །བུམ་པ་བཟང་ལྡན་འདི་ལ་སྦྱར། །བརྒྱད་པ་ལ་ནི་བསྟི་བའི་ཕྱིར། ཁྲར་སྒོར་འཁོར་ལོ་ནོར་བུ་རྟ། །བཙུན་མོ་དམག་དཔོན་བློན་པོ་སྟེ། །རིན་ཆེན་བདུན་གྱི་དབང་བསྐུར་རོ། །ཁྲི་སྙེན་ས་ལེ་ཞྭ་དག་ལྷམ། །ཚངས་པའི་སྐུད་པ་གདུབ་བུ་ཁབ། །མདའ་གཞུས་ལྷོར་བསྐུར་ཉེ་བ་བདུན། །ནུབ་ཏུ་དཔལ་བེའུ་འཁོར་ལོ་གདུགས། །རྒྱལ་མཚན་པད་མ་བུམ་པ་དུང་། །རིན་ཆེན་གསེར་གྱི་ཉས་བསྐུར་ཏེ། །བཀྲ་ཤིས་རྟགས་ཀྱི་བཀྲ་ཤིས་བྱ། །བྱང་དུ་ཀུ་ཤ་བིལ་པ་དང་། །ལི་ཁྲི་སྙི་ཧ༷་མེ་ལོང་ཞོ། །ཡུངས་ཀར་དུང་སྟེ་རྫས་བརྒྱད་བསྐུར། །བླ་བྲེ་གདུགས་དང་རྒྱལ་མཚན་འཕན། །དོ་ཤལ་པུང་རྒྱན་སེ་མོ་དོ། །མགུར་ཆུ་སྙན་ཆ་ཕྱག་ཞབས་ཀྱིས། །གདུབ་བུ་སོར་གདུབ་བཟའ་བ་་གོས། །རྡོ་རྗེ་བརྟུལ་ཞུགས་དབུགས་དབྱུང་སྟེ། །ལུང་བསྟན་གནང་བའང་སྤྱིན་པར་བྱ། །དགུ་དང་བཅུ་དང་བཅུ་གཅིག་ལ། །རང་རང་ལྟ་བ་དག་བྱའི་ཕྱིར། །འབྲུ་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་བུམ་པར་བཅས། །གསུམ་དང་བཞི་དང་གཉིས་བར་གྱི། །ཕྱག་རྒྱ་སྔགས་དང་ཕྱག་རྒྱ་ཡིས། །ཡེ་ཤེས་བརླབ་ཕྱིར་དབང་བསྐུར་རོ། །བཅུ་གཉིས་བཅུ་གསུམ་བཅུ་བཞི་ལ། །གསང་དང་ཤེས་རབ་ཡེ་ཤེས་དང་། །དེ་ལྟར་དེ་བཞིན་བཞི་པ་ཡང་། །མཚོན་ཏེ་བསྐུར་བས་དབང་ཀུན་རྫོགས། །བཙྭ་ལྔ་བསྐུར་བའི་ཐ་སྙད་སྡངས། །རང་རིག་དེ་ཉིད་རང་བྱུང་གིས། །ཀུན་ཁྱབ་གསལ་བས་དོན་གྱི་མཆོག །བསྐུར་དང་བླང་པའི་ཐ་སྙད་བྲལ། །ཅེས་གསུངས་སོ། །གསང་བའི་འཁོར་ཐམས་ཅད་རབ་ཏུ་མགུ་སྟེ། །དམ་པར་འགྲོ་བའི་བཀའ་ལུང་གིས་རང་རང་གི་རྒྱུད་ཚིམ་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དབང་རྣལ་འབྱོར་དུ་སྐུར་བས་མཐར་ཕྱིན་པ་ཞེས་བྱ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དམ་ཚིག་བདག །གསང་བའི་སྒོ་འདིར་ཞུགས་པ་ཡི། །རྣལ་འབྱོར་གསང་སྔག་་་རིགས་འཛིན་པས། །བསྲུང་བའི་གནས་རྣམས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་མི་འདའ་བས། །བསྲུང་བར་བྱ་བ་དམ་པ་དག །འགྲོ་བ་ཕན་ཕྱིར་འདི་སྐད་གསུངས། །སྙིང་པོ་ཐིག་ལེ་སེམས་ཀྱི་དངོས། །མ་བཅོས་བྱང་ཆུབ་སེམས་ཆེན་པོ། །གཉིས་མེད་རྒྱུ་དང་རྐྱེན་མེད་པས། །སྐྱེ་དག་འགག་པ་ཡོངས་བྲལ་བ། །ང་ལས་མི་འདའ་དམ་ཚིག་སྟེ། །དེ་ལས་བསྲུང་དང་བསྲུང་བྱ་མེད། །བསྲུང་དུ་མེད་པའི་དམ་ཚིག་ནི། །འགྱུར་མེད་བྱང་ཆུབ་ཀློང་ཆེན་པོར། །སྤྲོས་མེད་དབྱིངས་སུ་རྒྱས་བཏབ་པས། །དེ་ལས་ལྷག་པའི་བསྲུང་བྱ་མེད། །དེ་ལྟར་རྟོགས་པའི་སྐྱེས་བུ་ཡིས། །ཅི་བྱས་ཅི་བསྒོམས་ཅི་སྤྱད་ཀྱང་། །དམ་ཚིག་མཆོག་སྟེ་དམ་པའོ། །ཡང་དག་འགྲོ་བའི་དོན་དུ་ནི། །བགྲུང་བྱ་བླ་མེད་བསྲུང་བ་ནི། །རག་དགའ་བག་མེད་ཉམས་འགྱུར་བས། །འདས་ན་བདེ་གཤེགས་ཉིད་ཀྱང་འཚིག །དེ་ལ་བསྲུང་བར་བྱ་བ་ནི། །སྤྱི་སྟེ་ཐུན་མོང་ཁྱད་པར་དང་། །ལྷག་པ་ཉིད་དུ་བསྟན་པའོ། །དེ་ལ་ཐུན་མོང་བསྟན་པ་ནི། །རྩ་བ་དང་ནི་ཡན་ལག་གོ །རྩ་བ་དག་ནི་རྣམ་གསུམ་སྟེ། །རི་བོ་མཆོག་རབ་མི་བསྒུལ་ཏེ། །ཤིང་མཆོག་སྨན་སྡོང་མེས་མི་བསྲེག །བསམ་པར་ཡང་ནི་མི་བྱ་ན། །དངོས་སུ་ཅི་སྨོས་བྱས་ན་བརླག །གཅན་གཟན་རྒྱལ་པོ་སེང་གེའི་སྒྲ། །གངས་ཀྱི་ལྷོངས་ན་ངུར་བའི་གདངས། །གཟུགས་བལྟ་སྒྲ་རྣམས་རྒྱུན་མི་གཅད། །དེ་ལས་འདས་ན་དམྱལ་བར་ངེས། །རྒྱ་མཚོ་གཏིང་དང་རི་རབ་རྨང་། །སྦས་པའི་གསེར་སོགས་གཏེར་མི་གདོན། །འཕྱར་གཡེང་གཅན་བུས་བཏོན་གྱུར་ན། །རྒྱལ་པོ་ལ་སོགས་ཀྱིས་ཕྲོགས་ནས། །བདག་འཕམ་ནོར་དང་ལྡན་མི་འགྱུར། །ཉེས་བྱས་སྲོག་ཐུང་དམྱལ་བ་ཆེ། །རྡོ་རྗེ་ཞེས་བྱར་བརླག་པར་ངེས། །འདི་དག་ཉེས་བྱས་དཔེར་བསྟན་པ། །རྩ་བ་རུལ་པའི་ལྗོན་ཤིང་ལ། །སྡོང་བུ་ཡལ་ག་འབྲས་བུ་དང་། །ལོ་མ་མེ་ཏོག་མི་འབྱུང་དང་། །སོལ་བ་དཀར་པོར་མི་འགྱུར་ཞིང་། །དེ་ལས་ལྕུག་མ་མི་སྐྱེས་དང་། །ས་བོན་སད་ཀྱིས་བསད་བསྲེགས་འདྲ། །གསོས་པས་སོས་པའི་ཀླགས་མེད་དེ། །བསྐལ་པ་འབུམ་དང་ཉིས་འབུམ་དང་། །འབུམ་ཕྲག་གསུམ་དུ་སྐབས་མི་སྲིད། །གསོས་ན་དེ་ནས་གདོད་སྐྱེ་སྲིད། །ཡན་ལག་བཙྭ་ལྔར་བསྟན་པ་ནི། །མི་སྤང་བ་རུ་བརྗོད་པ་སྟེ། །རྡུལ་དང་མུན་པ་སྙིང་སྟོབས་དང་། །ཞོར་བྱུང་གཉིས་དང་ལྔར་བསྟན་ཏོ། །དང་དུ་བླང་བ་ལྔ་པོ་ནི། །གཅོད་པ་དང་ནི་མ་བྱིན་ལེན། །འདོད་སྤྱོད་བཛུན་དུ་སྨྲ་བ་དང་། །འཆལ་སོགས་བརླང་པོར་སྨྲ་བའོ། །སྤྱད་པ་ལྔ་ཡང་འདི་ལྟ་སྟེ། །ཟླ་བ་ཉི་མ་སྨན་ཆེན་པོ། །རྡོ་རྗེ་གུར་ཀུམ་ཆུ་ལྔ་ནི། །ལུས་ཀྱི་བཅུད་དུ་གྱུར་པས་སོ། །དེ་ཡི་ཞོར་ལས་བྱུང་བ་ཡི། །དངུལ་གསེར་ལྕགས་དང་ཟངས་དང་ནི། །མཁའ་རའི་ལྕགས་ཀྱུ་ལྔའང་དེ་བཞིན་ནོ། །ཀུན་གྱི་ཤོར་ལས་འབྱུང་བ་ནི། །ཕུང་པོ་ལྔ་ལ་སོགས་པ་རྣམས། །ལྔ་ལྔ་ལྔ་སྟེ་ལྔ་ཕྲག་བརྒྱད། །རིགས་ཀྱི་དབང་གིས་སྔར་བསྟན་པའོ། །རྡོ་རྗེ་རིན་ཆེན་པདྨ་ལས། །དེ་བཞིན་གཤེགས་པའི་རིགས་དང་ལྔ། །རེ་རེ་ལ་ཡང་སྐུ་ལྔ་དང་། །གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ། །འཕྲིན་ལས་ལྔ་སྟེ་བསྒྲུབ་འབྲས་བུ། །འདི་ལས་མི་འདའ་དམ་ཚིག་གཏོགས། །ཁྱད་པར་དག་ཏུ་བཤད་པ་ནི། །དུ༷་གི་རྒྱུངས་པ་རྒྱུན་དུ་བཞིབ། །དེ་བས་བདེ་བར་དང་དུ་སླང་། །པདྨའི་ཟིལ་པ་བུང་བས་བཞིབ། །ཆགས་པས་འགྲོ་བ་མི་གཏང་ངོ་། །བླ་མེད་དྲི་མཆོག་དུ་རུ་ཀ །སྐྱེས་བུས་བཟའ་ཞིང་བསྐུ་མཉེ་བྱ། །རི་རབ་ལ་བརྐོས་རྩ་བ་ནི། །གསང་བ་ཟློས་པས་ཁར་བཅུག་མུར། །བྲག་ལས་འཛགས་པའི་ཞུན་ཆུ་ནི། །ཚངས་པའི་དབྱངས་དང་ལྡན་པས་བཏུང་། །ཨ་འབྲ་རྒུན་འབྲུམ་པ་ན་སེ། །པ་རི་བུ༷་ཤ་དག་དང་བཞི། །ན་ལེ་ཀེར་ཡ་བཟའ་བར་བྱ། །རྩ་བ་སྡོང་བུ་ཤུན་པ་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། ཁུན་ཕྲགས་ཐང་ཆུ་བཟའ་ཞིང་བ་་། །གསང་བའི་སྔགས་ཀྱི་སྦྱོར་བ་ཡི། །བཏབ་ཅིང་དུག་ཀྱང་བཟའ་བར་བྱ། །སྤང་དང་བླང་བ་མེད་པ་ཡིས། །རེ་དོགས་སྤངས་ཏེ་ཀུན་ཏུ་སྤྱད། །ཟླ་བའི་དུས་ལ་བབ་པའི་ཚེ། །ལུས་ལ་བསྐུ་བའི་སྦྱོར་བས་མཉེ། །དེ་ཚེ་པད་མའི་ཁ་མི་དབྱེ། །དུས་སུ་མི་དབྱེ་ག་ལ་སྲིད། །ཞི་བའི་སྦྱོར་བས་ཐམས་ཅད་བྱ། །གང་ཞིག་འདུལ་བར་མ་གྱུར་ན། ཁྲོས་པའི་སྦྱོར་བས་ནན་ཏན་བྱ། །བཟང་ངན་དྲི་དང་དུག་སྨན་ལ། །བླང་དང་དོར་བ་བྱ་བ་མེན། །ཡོ་བྱད་རྫས་དང་མི་ལྡན་པའི། །བསྒྲུབ་ལ་འཇུག་པར་བྱ་བ་མིན། །རྟོག་པའི་སེམས་དང་ལྡན་པ་ན། །འཕགས་དང་མཁའ་འགྲོ་ཅི་ཕྱིར་མཆོད། །རྟོག་བྲལ་འཕགས་རྒྱུན་དུ་མཆོད། །མཁའ་འགྲོ་མའང་མཆོད་པ་དང་། །བདག་ཉིད་ཀྱིས་ནི་རྒྱུན་དུ་མྱང་། །དམ་ཚིག་པ་རྣམས་རྒྱུན་དུ་བསྐང་། །དེས་ནི་ཁྱད་པར་དམ་པའོ། །བརྟུལ་ཞུགས་དམ་ཚིག་ཉི་ཤུ་གསུམ། །ནམ་དུའང་འབྲལ་བ་མེད་པ་ནི། །དུས་གསུམ་བསྔོ་ཞིང་བགྲངས་ནས་ནི། །རབ་བསྐུར་གསོ་ལ་བརྩོན་པར་བྱ། །སྤྱོད་པའི་དམ་ཚིག་ཉི་ཤུ་གཉིས། །དམ་ཚིག་ཀུན་གྱི་སྔོན་དུ་འགྲོ། །རྒྱུན་དུ་མི་འདའ་རབ་ཏུ་བསྡམ། །བསྲུངས་པས་ཉེས་བྱས་བྱུང་སྲིད་ན། །བསྐང་དང་གསོལ་ལ་རབ་བརྩོལ་བས། །བྱང་ཆུབ་རྒྱུ་རུ་འགྱུར་བར་བྱ། །དེ་དག་གསོ་ལ་བརྩོན་པ་ན། །ཡོ་བྱད་དག་ནི་རབ་བསྟར་ཏེ། །བཟླས་ལ་འབད་པས་གང་འདས་པ། །སོར་གཞུག་ཡང་ནི་མ་རྟོག་པ། །ཡུན་རིངས་ནན་ཏན་བྱས་ན་སྐོངས། །ཡང་ན་བླ་མ་མཆོད་པས་སྐོངས། །ཡང་ན་ཚོགས་ཀྱི་འཁོར་ལོ་བསྐོར། །གསུངས་རབ་འདོན་དང་སྐུ་གདུང་བཞེངས། །སྲོག་གདོན་ཆོས་ཀྱི་སྦྱིན་པ་དང་། །སྨན་གྱི་སྦྱིན་པའང་ཆུ་ཀླུང་དོར། །ཡང་དག་སྤྱོད་པ་འདི་དག་གིས། །སྐོངས་པར་འགྱུར་བར་གདོན་མི་ཟ། །ཡང་ན་རྒྱལ་བ་འཁོར་དང་བཅས། །མདུན་དུ་ ཕབ་ནས་མཆོད་བྱས་ཏེ། །གདུང་བ་དག་གིས་སྨྲེངས་ཏེ་བཤགས། །དེས་ ཀྱང་ཕྲ་མོ་སྐོང་བར་ འགྱུར། །དེ་སྐད་དམ་ཚིག་རྒྱལ་པོ་ཆེས། །འཁོར་རྣམས་ཀུན་ལ་བརྩེ་བའི་ཕྱིར། །བསྲུང་གནས་གསོ་བའི་ཐབས་བཅས་པ། །དགོངས་ནས་ཉིད་ཀྱིས་རབ་གསུངས་པའོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དམ་ཚིག་གི་གནས་དག་གསོ་བ་ལ་བརྩོན་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་གསོལ་པ། ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་གཙོ། །གསང་བའི་དབང་ཕྱུག་སྔགས་ཀྱི་བདག །བཟླས་པ་ཙམ་གྱིས་འགྲུབ་པ་ཡིས། །གསང་བ་དེ་ཉིད་བཤད་དུ་གསོལ། །དེ་སྐད་ཞུས་པའི་ཚིག་གསན་ནས། །སྔགས་ཀྱི་དབང་ཕྱུག་ཆེན་པོ་ཡིས། །རྡོ་རྗེ་རྣམ་པར་དག་པའི་མཆོག །ཀུན་ཏུ་གསལ་བར་བྱེད་ཅེས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཟླ་བའི་ཧུ༷་དང་ཐ་མ་ཡི། །ཆོས་ཀྱི་སྙིང་པོ་རབ་འབར་ལས། །དཔག་ཏུ་མེད་པའི་འོད་འཕྲོས་པས། །འགྲོ་ཀུན་ལམ་ལ་གནས་བྱས་ཤིང་། །སླར་ཡང་བདག་ཉིད་དབྱིངས་བསྡུས་ནས། །གསང་སྔགས་གསུང་འདི་བཀའ་སྩལ་ཏོ། །བསྙེན་པ་མ༷་བྱས་འབྲས་མི་འབྱིན། སྔགས་རྣམས་མ་བཟླས་མི་འགྲུབ་སྟེ། །བླ་མེད་སྔགས་ལ་རབ་བརྩོན་པས། །ཐམས་ཅད་བཟླས་པས་འགྲུབ་པར་བཤད། །སྐུ་ཡི་རྡོ་རྗེ་ཐུགས་ཀ་ནས། །ཟླ་བ་ལ་གནས་འཁོར་ལོའི་སྟེ། །ཨཱོཾ་ལས་འབར་བའི་འོད་ཟེར་ནི། །དུང་དང་བ་མོ་ཟླ་ལྟར་དཀར། །ཡིག་འབྲུ་འཁོར་ལོ་རྣམ་སྣང་སྐུ། །གསལ་དང་ཟླ་འོད་རབ་རིབ་ཏུ། །འཕྲོས་པས་ཞི་བའི་ལས་རྣམས་འ་བ། །འོང་དཔག་མེད་ལ་རང་སྙིང་དུ། །པདྨ་ལ་གནས་པདྨ་ཡི། །གེ་གསར་ལ་གནས་ཨ༷་གྱི་མདོག །མཚལ་གྱི་ཁུ་བ་འམ་བྱུ་རུ་འདྲ། །གསུང་དང་ཕྱག་མཚན་སྐུ་ཕྲ་མོའི། །གསལ་ལ་མི་གསལ་འདི་འོད་ཙམ། །འསྒྲོ་འདུས་དབང་གི་ལས་བྱའོ། །མི་འཁྲུགས་རྡོ་རྗེའི་ཐུགས་ཀ་སྲ །མཐིང་ཤུན་ལྟ་བུའི་ཁ་དོག་གི །ཧུ༷་ནི་རྡོ་རྗེའི་བུམ་པར་གནས། །ཉི་མའི་དབུས་ནས་ཐུགས་ཀ་མྲ །དེ་ནས་སྐུ་གསུང་ཐུགས་ཀྱི་རྒྱ། །རབ་འབྲིང་ཐ་མའི་ཤེས་རབ་ཀྱིས། །སྤྲོ་བསྡུས་དྲག་པོའི་ལས་བྱའོ། །རིན་ཆེན་དཔལ་ནི་ལྟེ་བར་བསྒོམ། །ཟུར་བརྒྱད་དབུས་སུ་ཡི་གེ་སྭ། །གསེར་བསྲེགས་ཁ་དོག་རབ་ཏུ་འབར། །ཚེ་དང་བསོད་ནམས་འདོད་པའི་ཕྱིར། །ཤེས་རབ་བརྟན་དང་མི་བརྟན་པའི། །འཕྲོ་དང་འདུ་བ་འཁྲིགས་པ་ཡིས། །རྒྱས་པར་གྱུར་པའི་ལས་བྱའོ། །གཟིར་དང་མནན་པའི་ལས་བསྒྲུབས་ན། །དོན་ཀུན་གྲུབ་པའི་ཐུགས་ཀ་སྲ །རྒྱ་གྲམ་མེ་ཡིད་དཀྱིལ་འཁོར་གྱི། །དབུས་སུ་ཧ་མཆོག་བསྒོམ་པ་ནི། །སྤངས་མའི་འོད་ལྡན་རབ་ཏུ་འཚེར། །སྤྲོས་བསྡུས་མནན་དང་གཟིར་བ་དང་། །ཐམས་ཅད་ཀུན་ཏུ་བྱ་བ་ནི། །རང་སྙིང་སེམས་དཔའི་ཐུགས་དཀྱིལ་དུ། །ཉི་ཟླ་པདྨ་རིན་ཆེན་མེ། །དབུས་ནས་ཧུ༷་ཨཱོཾ་སྭ་ཨུ༷་ཧ། ཁ་དོག་ལྔ་ལྡན་རྡོ་རྗེའི་དབུས། །སྟོང་གི་འཇིགྭ་རྟེན་ཁྱབ་བྱས་ཏེ། །ལས་དང་མཐུན་པའི་ལས་བྱས་ཏེ༷། །བསྡུ་བ་དག་ནི་རབ་བྱས་ན། །ཐམས་ཅད་ཐམས་ཅདྭ་འགྲུབ་འགྱུར་ཏེ། །རིགས་རྣམས་ཀུན་གྱི་བླ་མར་བཤད། །བཟླས་པ་འགྲུབ༷་པའི་གསང་སྔགས་ནི༷། །ཨཱོཾ་རད་ན་ཀ་རེ་མ་ཀུ་བྷ་བ་ཡོད་ཏ་ར་ན་བུ་རྙ༷་གྲྭ་ཧྭ། ཨཱོཾ་རད་ན་ཀ་དེ་བ་ཤང་དེ་སྙི་ཊ་ཀུ་ལན་དྷ་རི༷་པདྨ་གྲྭ་ཧྭ། །ཨཱོཾ་རད་ན་ཀ་རེ་མ་ར་ན་ཡུན་་ང།་ཏྭ་མྱ་མ་ཀི་བཛྲ་གྲྭ་ཧྭ། །ཨཱོཾ་རད་ན་ཀ་རེ་པུ་སྒྱི་བརྙ་ར་པདྨ་གྲྭ་ཧྭ། ཨཱོཾ་རད་ན་ཀ་རེ་མོ་ཧ༷་སྟ༷་བ་ཏ་དྷ་ར་ཀིར་མ་གྲྭ་ཧྭ། ཨཱོཾ་རད་ན་ཀ་རེ་པརྩི་ཀུ་ལ་ཀརྨ་སརྦ་པ྅་དེ་བི་ཧུ༷་ཨུ༷་ཨཱོཾ་སྲུ་ཧྭ་ཧུ༷་སྲུ་ཧྭ། རང་སྙིང་ཡང་ན་གསང་བའ་དབུས། །ཉེ་ཟླའི་གའུ་སྐར་ཁུང་ཅན། །གཡོ་མེད་སེམས་ཀྱི་རང་བཞིན་ཏེ། །ཏིལ་འབྲུ་བརྒྱར་གཤེགས་འོད་ཀྱི་འཕྲེང་། །པད་མའི་སྐུ་པས་བརྒྱུས་བྱས་ཏེ། །སྐར་ཁུང་བླ་འོག་ལ་བཏགས་ཏེ། །ཡར་འགྲོ་མར་འགྲོ་བརྟགས་པ་ལས། །རང་གི་རིག་པའི་ཡེ་ཤེས་སྐྱེ། །ཇེ་གསལ་ཇེ་གསལ་འབྱུང་འགྱུར་ཞིང་། །སྣང་བ་ནམ་མཁའ་ལྟར་མཐོང་སྟེ། །རྣམ་དག་ཡེ་ཤེས་གསལ་༄༅ མཐོང་བ། །ཡང་དག་སེམས་ཀྱི་བཟླས་པའོ། །ཡང་ན་སྣ་ཡི་བུ་ག་གཉིས། །ཉི་མ་གཡོན་ལ་ཟླ་བ་གཡས། །སྲན་ཆུང་ཙམ་གྱི་སྟེང་དུ་ནི། །དཀར་པོའི་ཁ་དོག་ཧུ༷་དང་མུ༷། །འཁོར་བར་འོད་ཀྱི་འཕྲེང་བ་ཅན། །རྡོ་རྗེ་ཨུཏྲུལ་ཏིལ་འབྲུ་ཙམ། །ལྟེ་བ་ལ་ནི་བསྒོམ་པར་བྱ། །སྒོ་རྣམ་གཞན་དུ་ཕཊ་ཀྱིས་དགག །སྣ་ལས་སྒྲོལ་མའི་བ་དག་ནི། །དལ་གྱིས་དལ་གྱིས་གཏང་བར་བྱ། །ཐམས་ཅད་རང་གི་སེམས་ཉིད་དུ། །བགས་ཀྱིས་བྱས་ཏེ་བསྡུས་ནས་སུ། །གཞི་མོ་ལ་ནི་བསླན་བྱས་ཏེ། །ཇི་སྲིད་བརྟན་གྱི་བར་དུ་གཟུང་། ༷།མ་གྱུར་གོང་དང་འདྲ་བ་ལས། །བསྲིང་བས་བགས་ཀྱིས་བརྟན་པར་དུ། ཁུན་མི་འཆད་པར་སྤྲོ་བསྡུ་བྱ། །རང་སེམས་བདེ་བར་བརྟན་པར་དུ། །གཞན་གྱི་དོན་ཡང་དེ་བཞིན་འགྱུར། །བདེ་གཤེགས་རིགས་ལ་ཨཱོཾ་དང་ལ༷། །གསེར་གྱི་མདོག་ཅན་འཁོར་ལོ་དང་། །དྲིལ་བུའི་དབུས་སུ་བསམ་པ་ནི། །ཐམས་ཅད་གོང་དང་འདྲ་བའོ། །རིན་ཆེན་རིགས་ལ་སྭ་དང་མ༷། །ཨིཎྜ་ནི་ལའི་མདོག་ལྟར་འཚེར། །རིན་ཆེན་དྲིལ་བུའི་དབུས་སུ་ནི། །བསམས་ཏེ་ཐམས་ཅད་གོང་དང་འདྲ། །པདྨའི་རིགས་ལས་ཨ༷་དང་པྱ༷། །པདྨ་ར་ག་ལྟ་བུའི་འོད། །འདབ་བརྒྱད་དྲིལ་བུའི་དབུས་བསམས་ཏེ། །ལྷག་མ་གོང་དང་འདྲ་བར་བཤད། །ལས་ཀྱི་རིགས་ལ་བསམ་པ་ནི། །ཧ་དངཏ༷ ནིཨིཎྜའིའོད། །རྒྱ་གྲམ་དྲིལ་བུ་ལ་བསམས་ཏེ། །འཕྲོ་འདུ་བྱས་བརྟན་གོང་དང་འདྲ། །ཡང་ནས་ཡང་དུ་ནན་ཏན་ནི། །བླ་མེད་རང་སེམས་ཉིད་ལས་སྣང་། །རང་རིག་རང་གི་ཡེ་ཤེས་ལས། །གཞན་ནས་འོངས་བ་མ་ཡིན་ནོ། །འདི་ནི་སེམས་ཀྱི་བཟླས་པ་སྟེ། །དངོས་གྲུབ་མཆོག་ཏུ་ཉེ་བ་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །མ་འོང་འགྲོ་ཀུན་ནན་ཏན་བྱོས། །ཡང་ན་ཕྱག་རྒྱ་ཆེན་པོ་སྲ །གསལ་བར་རབ་ཏུ་སྒོམ་པ་ཡི། །རྡོ་རྗེའི་བུམ་པར་ཟླ་དཀྱིལ་འཁོར། །དེ་སྟེང་ཐིག་ལེ་ཏིལ་འབྲུ་ཙམ། །རྡོ་རྗེ་དེ་ཡི་ཕྱེད་དཀྱིལ་དུ། །དེ་ཡི་བཞི་ཆ་ཙམ་གྱི་ཧུ༷། །པདྨ་ལ་ཡང་དེ་བཞིན་ཏེ། །ཉི་མ་དང་ནི་པདྨ་དང་། ཡི་གེ་མུ༷་ནི་རྣམ་པར་བསམས། །དབུགས་སུ་གྱུར་པའི་བྱང་ཆུབ་སེམས། །རྡོ་རྗེ་སྒྲོལ་མས་ཡིད་བསྐྱོད་དེ། །རྡོ་རྗེ་ལས་ནི་པདྨར་སྤྲོ། །པདྨ་ལས་ཀྱང་རྡོ་རྗེ་སྤྲོ། །དཀར་དམར་ལས་ཀྱི་ཁྱད་པར་ལས། །འོད་ཀྱི་ཐིག་ལེ་ཙ་ན་ཀ །གཡོ་བའི་སྒྲོལ་མས་སྤྲོ་བྱའི་ཚེ། །བ་སྐྲུའི་སྒོ་རེ་ནས་དབྱུང་བ། །གང་བས་འགྲོ་བའི་སེམས་བསྡུས་ཏེ། །རང་དབང་དག་ཏུ་བྱས་ནས་ནི། །སྤྲོ་བསྡུ་གོང་གི་སྦྱོར་བས་བྱ། །ལུས་ཀུན་བདེ་བས་ཁྱབ་བཟུང་སྟེ། །རབ་ཏུ་བརྟན་པའི་བདེ་བ་དེས། །ཇི་སྙེད་རྒྱལ་བ་ཀུན་བདེ་སྟེ། །འགྲོ་ཀུན་དག་ཀྱང་དེ་བཞིན་ནོ། །འདི་ལྟར་རྣལ་འབྱོར་གང་གནས་པ། །སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད། །མ་འོངས་དུས་ན་ག་ལ་ཡིན། །ཕྱི་བཤོལ་དུས་སུ་མི་རྟོག་གོ །དེ་ནས་བླ་ན་མེད་པའི་དོན། །གསང་ཆེན་ཐབས་ཀྱི་སྦྱོར་བྲལ་བས། །རང་རིགས་གསལ་བའི་བཟླས་པ་འདི། །རིགས་གཞན་དག་གིས་དབང་བཙན་ནའང་། གདན་དང་ཡིག་འབྲུའི་སྦྱོར་བ་ཡིས། །རིགས་ཀྱི་ཁྱད་པར་ཤེས་པར་བྱའོ། །དེ་སྐད་ཅེས་གསུངས་ནས་ཡང་གསུངས་པ། བཟླས་པའི་དོན་མཆོག་དམ་པ་སྟེ། །གཉིས་མེད་མི་རྟོག་སྤྲོ་བསྡུ་བྲལ། །གང་སྤྲོ་གང་གི་དོན་དུ་སྤྲོ། །ཐམས་ཅད་ཀུན་གཞི་བརྡལ་བའི་ཀློང་། །ཆོས་དབྱིངས་མུ་མཐའ་བྲལ་བ་ལ། །བདག་དང་གཞན་མེད་བརྡལ་བའི་དབྱིངས། །ཉག་གཅིག་ཐིག་ལེར་སངས་རྒྱས་སོ། །དེ་ལྟར་གང་ཤེས་བཟླས་པའི་དོན། །རྨད་བྱུང་ད་ལྟ་ཉིད་གྲུབ་བོ། །ཞེས་གསུངས་པས། ཐམས་ཅད་དུ་འཁོད་པའི་འཁོར་རྣམས་རབ་ཏུ་ཚིམ་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བཟླས་པའི་ཐབས་མཆོག་དམ་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་དེས་ཡན་ལག་རྣམས་བསྐྱོད་དེ། །གར་གྱི་སྦྱོར་བས་ཕྱོགས་བཞི་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་བདག་ཅག་འཁོར་རྣམས་དང་། མ་འོངས་པའི་འགྲོ་བ་མཐའ་དག་ལ་སྨན་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་མཛད་པའི་འཕྲིན་ལས་རྣམ་གྲངས་དང་བཅས་པར་བཤད་དུ་གསོལ། གཏན་ལ་ཕབ་སྟེ་བཤད་དུ་གསོལ། བཀའ་སྩལ་པ། རིགས་ཀྱི་བུ་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ནི་མ་བཅོས། མ་བསླད། མ་བསྒྱུར་བའི་དེ་ཁོ་ན་ཉིད་རང་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་དེ། དེ་ལས་བཅོས་པའམ། བསྒྱུར་བའམ། བསླད་པ་ནི་ངས་ཅུང་ཟད་ཙམ་ཡང་མ་མཐོང་ལ། དེ་བཞིན་གཤེགས་པ་དུས་གསུམ་དུ་འགྲོ་བའི་དོན་དབྲི་བཀོལ་མི་མཛད་པ་རྣམས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་རོ། །དེ་ལྟ་བུའི་ཆོས་ཉིད་དེར། མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་ངང་གིས་ཞི་བས་ན་ཞི་བའོ། །སངས་རྒྱས་ཀྱི་ཡོན་ཏན་བསགས་པར་རྒྱས་པ་ནི་རྒྱས་པའོ། །དེའི་ངང་དུ་ཐམས་ཅད་མ་འདུས་པ་མེད་པ་ནི་དབང་ངོ་། །གདུག་པ་ཅན་རྣམས་ཀྱང་རྒྱས་མ་ཐེབས་པ་མེད་པ་ནི་དྲག་པོའོ། །འཁོར་བ་ཉིད་དེ་ཁོ་ནར་བཟློག་པ་ནི་བཟློག་པའོ། །དེ་ཉིད་ལས་གཞན་མིང་མི་གྲག་པར་ཟིལ་གྱིས་མནན་པ་ནི་མནན་པའོ། །ཡང་བདུད་རྩི་ཆེན་པོ་འབྱུང་བའི་གནས། །བདེ་བ་མཆོག་གི་ཕོ་བྲང་། །རྒྱལ་བའི་བཞུགས་གནས་དེ་ན། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འཁོར་བའི་ཆོས་ཐམས་ཅད། དེ་བཞིན་པ་དེ་ཉིད་དུ་ཞི་བས་སོ། །ཕུང་པོ་དང་ཁམས་ལ་སོགས་པ་ཉིད་ལྷའི་དཀྱིལ་འཁོར་དུ་ལྷང་ངེ་པར་རྒྱས་ལ། དེ་དག་ཀྱང་དེ་ཁོ་ན་ཉིད་བདེ་བའི་རོ་རྒྱས་པའོ། །ཐམས་ཅད་ཟིལ་གྱིས་མནན་ཏེ། བུ་གའི་སྒོར་དབང་དུ་མ་འདུས་པ་མེད་པའོ། །ཞེ་སྡང་ལ་སོགས་པ་དེའི་སྟོབས་ཀྱིས་རང་དབང་མེད་པར་དྲག་ཤུལ་དུ་འཇོམ་པས་སོ། །སླར་ལ་ཡང་བཟློག་སྟེ་ཀུན་ཏུ་ཚིམ་ལ།དེ་ལས་ཀྱང་བཟློག་ནས་དོན་བྱེད་ནུས་པ་ནི་དེའོ། །རྟོག་པའི་རི་བོ་ཐམས་ཅད་མནན་པ་ཡང་ངོ་ ཡང་ཐབས་བླ་ན་མེད་པས་འཁོར་བ་རྩད་གཅད་དེ། མྱ་ངན་འདས་པར་རྒྱས་རང་བཞིན་གྱིས་བཏབ་པའི་དུས་ན། གདུག་པ་ཅན་དང་། དེ་ལ་བརྟེན་ཏེ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་དབྱིངས་དང་ཡེ་ཤེས་སུ་ཞི་བས་ནའོ། །རོས་བཅས་པ་མེན་ཏེ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ། རང་དང་རང་གི་རིགས་འཛིན་པའི། ནམ་མཁའི་མཐས་ཀླས་པ་ཀུན་ཏུ་རྒྱས་པ་ནའོ། །རིག་པའི་སྐྱོ་བས་རིགས་དྲུག་གི་གནས་ནས། རང་དབང་མེད་པར་གནས་དེ་ཉིད་དུ། དབང་དུ་བསྡུས་ནས་འཇུག་པ་ནིའོ། །དེ་ཉིད་ཐབས་མཁས་པས་ཤུགས་ཆེན་པོའི་སྙིང་རྗེས་ཡལ་བར་མི་འདོར་བ་ནིའོ། །འཁོར་བ་ཉིད་མྱ་ངན་ལས་འདས་པར་རུ་བཟློག་པ་ནིའོ། །དེས་མྱ་ངན་ལས་འདས་པའི་གཡུལ་རྒྱལ་བར་བྱས་ཏེ།མནན་པ་མེད་པར་འཁོར་བ་སྐྱ་ལིངས་ཆེན་པོ་བཏང་སྟེ་རྩད་ནས་བཅད་ནས། ཐུགས་རྗེའི་རྨང་འོག་ཏུ་མནན་པ་ནིའོ། །དེ་དག་ལས་ཐབས་མཁས་པའི་སྤྱོད་པས་བསྒྲལ་དང་། ཐུགས་རྗེ་ཆེན་པོའི་ལྕགས་ཀྱུས་དྲང་བ་ནི་འདི་ལྟ་སྟེ། བསམ་པའི་དབང་གིས་ནི་མཐའ་ཡས་སོ། །ལས་ཀྱི་ཉི་ཤུ་གཅིག་གོ །རིགས་ཀྱི་དབང་གིས་ལྔའོ། །དགོངས་པ་དྲུག་སྟེ། གང་ཞེ་ན། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། མནན་པ་དང་། བཟློག་པའོ། །དེ་ལ་ཞི་བའི་དབྱིབས་ནི། ཟླུམ་པོ་དང་། འཁོར་ལོ་རྩིབས་བརྒྱད་པ་ལྟ་བུ་དང་། པདྨ་ལྟ་བུའོ། །རྒྱས་པ་ནི་གྲུ་བཞི་དང་། རིན་པོ་ཆེ་འབར་བ་དང་། ཟུར་བརྒྱད་པའི་རིན་པོ་ཆེ་ལྟ་བུའོ། །དབང་ནི་ཟླ་གམ་དང་། ལྕགས་ཀྱུ་ལྟ་བུ་དང་། གཞུ་གདུངས་པ་ལྟ་བུའོ། །དྲག་པོ་ནི་གྲུ་གསུམ་པ་དང་། བྷ་བ་ལྟ་བུ་དང་། རྡོ་རྗེ་རྩེ་གཅིག་པ་ལྷ་བུའོ། །མནན་པ་ནི་རྡོ་རྗེ་རྒྱ་གྲམ་ལྟ་བུགོ །ཟློག་པ་ནི། རལ་གྲི་ལྟ་བུ་སྟེ། འདི་དག་ཀྱང་རབ་འབྲིང་ཐ་མའི་དོན་དུ། ཁྲུ་གང་བ་དང་། དོ་བ་དང་། བཞི་པའོ། མུ་ཁྱུད་ཀྱང་སོར་བཞི་པ་དང་། བརྒྱད་པ་དང་། བཅུ་དྲུག་པ་སྟེ། ཁམས་གསུམ་ཉིད་དུ་སྐུ་གསུང་ཐུགས་སུ་སྦྱོར་བས་ཆེ་ཕྲ་གསུམ་བརྩེག་གོ །མཚན་མ་ནི་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེ་རྩེ་དགུ་པ་དང་། རྡོ་རྗེ་རྒྱ་གྲམ་དང་། ཧྲི་ཤུ་ལའོ། ཁ་དོག་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། མཐིང་ནག་དང་། ལྗང་ཁུ་དང་། ནག་པོའོ། །དུས་ནི་དབྱར་དང་། སྟོན་དང་། དཔྱིད་དང་། དགུན་དང་ནམ་དུས་ལ་བབ་པ་དང་། ནམ་དགོས་པའོ། །ཡང་ནམ་ནངས་པ་དང་། གུང་དང་། དགོངས་དང་།ནམ་ཕྱེད་དང་། འཇུག་པ་དང་། འབྱུང་བ་སྟེ་མ་ངེས་པའོ། །དོན་ཆེན་ནི་སྒྲིབ་པ་སྦྱང་བ་དང་། ནད་དང་། དལ་ཡམས་དང་། ཞབྲུག་པ་དང་། རིམས་དང་། ས་བདག་གི་གདུག་པ་དང་། ཡུལ་ཁམས་བཀྲ་ཤིས་པར་བྱ་བ་དང་། ཤི་བ་རྣམས་ཀྱི་དོན་དུའང་རུང་ངོ་། །རྒྱས་པ་ནི་ཚེ་བསྲིང་བ་དང་། རྒྱལ་སར་འགྲོ་བ་དང་། དབང་བསྐུར་བ་དང་། འབྲུ་དང་། རྐང་འགྲོས་སྤེལ་བ་དང་། བྲན་དང་བཟའ་གྲངས་སྤེལ་བ་དང་། རིགས་བརྒྱུད་འཕེལ་བའི་ཕྱིར་རོ། །དབང་ནི་མ་དད་པ་རྣམས་སེམས་རངས་པར་བྱ་བ་དང་། རྒྱལ་པོ་དང་། རྒྱལ་ཕྲན་དང་། ཚོང་དཔོན་དང་། བྲམ་ཟེ་དང་། ལྷ་དང་། མིའི་བུ་མོ་དང་། གར་མཁན་དང་། བཙོ་བླག་མཁན་དང་། རྟ་དང་གླང་པོ་ཆེ་དང་། གསེར་དངུལ་ལ་སོགས་པའི་རྫས་དང་། ཁར་མ་ལ་སོ།གས་པའི་འབྲུ་དང་། འཁོར་ཡུག་ལ་སོགས་པ་རྣམས་དབང་དུ་བྱ་བའི་ཕྱིར་རོ། །མངོན་སྤྱོད་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང་། བླ་མ་དང་དཀོན་མཆོག་གསུམ་ལ་ཕུལ་བའི་རྫས་ལ་འཕྲོག་ཅིང་རློམ་པར་བྱེད་པ་དང་། མུ་སྟེགས་དམ་པའི་ཆོས་ལ་དཔྱ་ཞིང་སྐུར་པར་བྱེད་པ་དང་། མཆེད་འཁོར་འགལ་བར་བྱེད་པ་རྣམས་ཐར་པ་ལ་འགོད་པའི་ཕྱིར་རོ། །མནན་པ་ནི་མི་མ་ཡིན་པ་རྣལ་འབྱོར་པ་ལ་འཚེ་བ་དང་། མི་ཀུན་ལ་འགལ་བར་བྱེད་པ་དང་། ཡུལ་ཁམས་སུ་བགེགས་བྱེད་པ་དང་། །རིམས་ནད་གཏོང་བ་ལ་སོགས་པ་བྱེད་པ་དང་། བསྒྲུབ་པ་ཆེ་བྲ་དང་།སྔགས་ཟློས་པ་ལ་བར་ཆད་བྱེད་པ་རྣམས་ལ་བྱའོ། །བཟློག་པ་ནི་ཕ་རོལ་གྱི་སྦྱོར་བ་ངན་པ་དང་། མུ་སྟེགས་ཀྱི་གསེར་སྔགས་དང་། སད་སེར་དང་། ཕུང་བྱེད་ཀྱི་སྦྱོར་བ་དང་། དུག་དང་། དབྱིག་དུག་དང་།སྦྱར་དུག་དང་། གཅན་གཟན་གྱི་དུག་དང་སྦྱོར་བ་ངན་པ་ཐམས་ཅད་བཟློག་པའི་ཕྱིར་རོ། ཁ་ཁྱེར་གྱི་འཕྲེང་བའང་རིགས་བཞིན་ནོ། །ཞི་བ་ལ་ནི་ཏིལ་དཀར་པོའོ། །རྒྱས་པ་ལ་ནི་འབྲས་ཀྱི་ལག་པན་ནོ། །དབང་ལ་དུར་བའི་མྱུ་གུའོ། །དྲག་ཤུལ་སྤྱོད་པ་ལ་ནི་ཀོ་ཏ་བའི་གཅིན་ཁྲག་དང་བཅས་པའོ། །མནན་པ་ལ་ནི་ད་དུ་རའི་འབྲས་བུའོ། །བཟློག་པ་ལ་ནི་ཡུངས་ཀར་དང་རུས་པའི་ཕྱེ་མས་བྱའོ། །ཞི་བའི་ཡོན་ཆུ་ནི་འོ་མ་དང་བཅས་པའོ། །རྒྱས་པ་ནི་ཞོ་དང་བཅས་པའོ། །དབང་ནི་ཁྲག་དང་བཅས་པའོ། །དྲག་ཤུལ་སྤྱོད་པ་ནི་བའི་གཅིན་དང་ཁྲག་ཅུང་ཟད་དང་བཅས་པའོ། །མནན་པའི་འབྲུའི་ཆང་དང་བཅས་པའོ། །བཟློག་པ་ལ་ནི་ཆུ་དང་བས་སོ། །ཞི་བའི་ཤིང་ནི་ཙན་དན་དཀར་པོ་དང་། བལ་བ་ལ་སོགས་པ་དྲི་ཞིམ་ཞིང་འོ་མ་ཅན་ལ་བྱའོ། །རྒྱས་པའི་ཤིང་ནི་ཨ་འབྲ་དང་། འབྲ་ཀོ་དང་། རྒུན་ཤིང་ལ་སོགས་པ་འབྲས་བུ་ཅན་སྣ་ཚོགས་ལས་བྱའོ། །དབང་གི་ནི་ཙན་དན་དམར་པོ་དང་། གུར་ཀུམ་དང་། སྲ་ཏ་ཀ་རུ་ལ་སོགས་པ་ལ་བྱའོ། །དྲག་ཤུལ་སྤྱོད་པ་ནི་སེང་ལྡེང་དང་། སྐྱེར་པ་དང་། ག་རའི་ཤིང་ལ་སོགས་པ་ཚེར་མ་ཅན་སྣ་ཚོགས་པས་བྱའོ། །མནན་པ་ནི་མ་ཏང་དང་། པེ་ལ་སོགས་པས་བྱའོ། །ཟློག་པ་ནི་ཐང་ཤིང་དང་། སྲེགས་ལ་སོགས་པར་བྱའོ། །ཡང་ཞི་བ་ལ་ནི་འབྲས་ཀྱི་ཆན་བསྲེག་པའོ། །རྒྱས་པ་ལ་ནི་འབྲས་ས་ལུའི་ཆན་ནམ། ནས་ཆེན་བསྲེས་ལ་བསྲེག་གོ །དབང་ལ་ནི་འབྲས་ཨང་བྷའི་ཆན་ནམ་ནས་ཆན་དང་བྲོ་བསྲེས་ལ་བསྲེས་གོ །མངོན་སྤྱོད་ལ་ནི་སྲན་མ་ཤའི་ཆན་བསྲེག་གོ །མནན་པ་ལ་ནི་རྒྱའི་བྲ་སྲན་བསྲེག་གོ །བཟློག་པ་ལ་ནི་ཇི་ཅེའི་ཆན་བསྲེག་གོ །ཡང་ཞི་བ་ལ་ནི་གཙུབ་ཤིང་ལས་བྱས་པའོ། །རྒྱས་པ་ལ་ནི་རྒྱལ་པོ་འམ་ཚོང་དཔོན་གྱི་མེས་བྱའོ། །དབང་ལ་ནི་རྡོ་རྗེ་རིགས་སམ་སྨད་འཚོང་མའི་མེས་སོ། །མངོན་སྤྱོད་ལ་ནི་ཤན་པ་འམ་གདོལ་བའི་མེས་བྱའོ། །མནན་པ་ལ་ནི་རྡོལ་བ་ལས་བྱུང་བའི་མེས་བྱའོ། །ཟློག་པ་ལ་ནི་གར་མཁན་ནམ་བཙོ་བླག་གི་མེས་བྱའོ། །ཡང་ཞི་བ་ལ་ནི་རས་དཀར་པོ་རྒྱན་པ་དང་། ཤིང་ལྷམ་དང་། དངུལ་ལམ་ཀུ་ཤའི་སོར་གདུབ་དང་། ཤིང་ཤུན་དང་ཀུ་ཤའི་སྟན་དང་། ཚངས་པའི་སྐུད་པས་བརྒྱན་ཏེ་ཤར་ནས་བྱའོ། །རྒྱས་པ་ལ་ནི་ཟབ་འོག་གམ། ཚིག་གུ་འམ། རས་སེར་པོའང་རུང་བགྱོན་ཅིང་། གསེར་གྱི་རྒྱན་དང་། རྨ་བྱའི་འབོལ་སྟན་དང་། ཁྲི་མཐོན་པོ་དང་། གུར་ཀུམ་གྱིས་ལུས་བྱུགས་ཏེ་བྱའོ། །དབང་ལ་ནི། ཨུད་དཔལ་དམར་པོ་ལས་བྱས་པའི་འཕྲེང་བ་དང་ཟངས་དང་བཞོན་དམར་ལས་བྱས་པའི་གདུ་བུ་དང་། གསོར་གདུབ་དང་།རྣ་རྒྱན་དང་། ཙན་དན་དམར་པོའི་ལྡེ་གུ་དང་། གུར་ཀུམ་དུ་སྦྱར་བའི་ལྡེ་གུས་ལུས་ལ་བསྐུ་བར་བྱས་ཏེ་བྱའོ། །མངོན་སྤྱོད་ལ་ནི། ལྕགས་དང་། ཞ་ཉེ་དང་། གར་བུ་ཞེས་བྱ་བའི་ལྕགས་ལས་བྱས་པའི་རྒྱན་དང་། དུ་གུ་ལའི་རས་རྩུབ་མོ་ནག་པོར་བྱས་པ་ལ། ཁྲག་དང་དྲི་ཆུས་གཤེར་བའི་གོས་དང་། གུ་གུལ་ནག་པོ་ལྡེ་གུས་ལུས་བྱུགས་པ་འམ། ཡང་གཡང་གཞི་བྱོན་ཏེ། བདུད་རྩི་ལྔས་ལུས་བྱུགས་ལ་བྱའོ། །བཟློག་པའང་དེ་དང་འདྲའོ། །མནན་པ་ནི་མ་དུ་ཤ་ཀ་ཞེས་བྱ་བའི་གོས་མེ་ཏོག་གིས་བརྒྱན་པ་འམ། ཡང་ཅིས་ཀྱང་མ་བརྒྱན་ཀྱང་རུང་སྟེ་རྡོ་རྗེ་ཐོགས་ལ་བྱའོ། །ཞི་བ་ལ་སོགས་པ་གསུམ་གྱི་རྫས་ནི་ཕལ་དུ་འདྲ་བར་མངར་བ། རོ་མཆོག་དང་ལྡན་པ་ལས་སྦྱར་ཏེ། མར་ཁུ་དང་ཆན་དང་། འོ་མ་དང་། ཞོ་དང་། འབྲུ་སྣ་ཚོགས་པ་དང་། ཨ་འབྲ་ལ་སོགས་པའི་ཤིང་ཐོག་རོ་ཞིམ་པ་སྲོག་ཆགས་མེད་པ་དང་། །འོ་ཐུག་དང་། ཟས་གཡོས་སུ་བྱས་པ་སྣ་ཚོགས་ཆེར་དབུལ་ཏེ། ཀུན་ཀྱང་བདུད་རྩི་ལྔ་དང་བསྲེ་བར་གཅེས་སོ། །མངོན་སྤྱོད་ལ་ནི། དུག་སྣ་ཚོགས་དང་། ཀེ་ཙེ་དང་། ལན་ཚྭ་དང་། ཏིལ་ནག་དང་ཐལ་ཆེན་དང་། ཤ་དང་། ཁྲག་དང་། རུས་པ་དང་། ཞག་དང་། ཤིང་ཐོགཁ་བ་དང་། ཚེར་མ་ལས་སྐྱེས་པ་དང་། རུལ་སུམས་ཅན། བདུད་རྩི་དང་བསྲེ་སྟེ། མར་ནི་ཡུངས་ནག་གི་ཁུ་བས་བྱའོ། །གཉིས་ཀྱང་ཤས་དེ་དང་འདྲ་སྟེ། རང་རང་དང་ཅི་མཐུན་དུ་བྱའོ། ཞེས་བདུད་རྩི་མཆོག་གི་རྒྱལ་པོས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གྲུབ་པར་བྱ་བའི་གསང་སྔགས་འདི་དག་གསུངས་སོ། །ཨཱོཾ་སརྦ་ཏ་ཐུ་ག་ཏ་དེ་བ་ཤན་ཏི་མཎྜལ་ཤ་ཏི། གུ་རུ་ཤ་ན་ཏི་མ་ནུ་སརྦ་ཤན་ཏི་མ།ཆེ་གེ་མོ་ཤན་ཏི་གྲྭཧྭ། ཞེས་པ་ནི་ཞི་བའི་འོ། །ཨོ་སརྦ་ཏ་ཐུ་ག་ཏ་རད་ན་ཀ་ར་ཡ་བུ་སྟེ། མཧྭ་བྲེསྒོ། ས༷རྦ་པྲེརྙུ། ཆེ་གེ་མོ་ཚུརྨྱེ། ཀུ་རུ་གྲྭ་ཧྭ། ཞེས་པ་རྒྱས་པའི་འོ། །ཨཱོཾ༷་སརྦ་ཏ་ཐུ་ག་ཏྭ་ཡ་པདྨ་བྷ་བ་མོ་ཧ་ན་ཡ་ཧོ། ཀ་ར་ད་དྷ་ཎ་ར་མོ་ཧ་ན་ཡ་ཧོ། སྟི་ཏྭ་ར་ཀ་མོ་ཧ་ན་ཡ་ཧོ། ཆེ་གེ་མེ་མོ་ཧ་ན་ཡ་ཧོ། ཞེས་པ་ནི་དབང་གིའོ། །ཨཱོཾ་སརྦ་ཏ་ཐུ་ག་ཏ་བཛྲ་ཀུ་ལ་མ་ཧ་མ་ར་ན། རད་ན་ཏྲ་ཡ་ཨུ་མ༷ན་ཏ་མ་ར་ཎ་ཧ་ན་ད་ཧ་བ་ཙ་ག་ར་ཛ་ཕོ་ཊ་ཧུ་ལུ་ཏིགི་བན་དྷ་མ་ཏ་ཆེ་གེ་མོ་མུ་ར་ཡ་ཕཊ། དྲག་པོའོ། །ཨཱོཾ་བཛྲ་ཛ་ལ་མན་ཏྲ་སུ༷་བྷ་ནི་ཧུ༷་ཧུ༷་ཀྲོ་དྷ་ནི་ཧཱུཾ༷་སུམ་བྷ་ནི་སུམ་བྷ་ནི་ཧུ༷་ཕཊ་ཎན་ཎན། ཞེས་པ་ནི་མནན་པའོ། །ཨཱོཾ་ཀྲོ་དྷ་བཛྲ་ཧ་ལ་ལ་ཏ་ཤན་ཏི་ཀྲོ་དྷ་ཧུ༷་ཧུ༷་ཕཊ་ཛ་ལ་ཛ་ལ་ཧ་ལ་ཧ་ལ་ར༷་ར༷་ཕཊ་ཕཊ། ཅེས་པ་ནི་བཟློག་པའོ། །འདི་ནི་གསང་བའི་ཡང་དག་གཙོ། །ཐབས་ཆེན་བླ་མེད་གསང་བའི་ལས། །བདེ་གཤེགས་ཐུགས་ཀྱི་སྙིང་པོ་སྟེ། །བསྒྲུབ་ལ་རབ་ཏུ་བསྔགས་པ་ཡིན། །ཞེས་གསུངས་སོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཕྲིན་ལས་རྣམ་པ་དྲུག་གཏན་ལ་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་དབང་ཕྱུག་ཆེན་པོ་དེས། ལས་དེ་དག་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། ཉིད་ཀྱི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཏེ་ཉིད་ཀྱི་སྐུ་ལ་བརྟན་པར་མཛད་ནས་རྡོ་རྗེ་ཚེ་བསྡུ་བའི་སྙིང་པོ་འདི་གསུངས་སོ། །བྲུ༷་བཛྲ་ཨ་མྲི་ཏ་ཨུ་ཡུ་ཏི་ཧུ༷་བྲུ༷་ཨ་ཨ་ཨ། ཞེས་གསུངས་སོ། །དེ་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་རྡོ་རྗེ་ཚེ་ཡི་དངོས། །ཐམས་ཅད་ཀུན་ཏུ་བརྟན་པའི་བདག །འགྲོ་བའི་ཚེ་མཆོག་བསྡུ་བའི་ཕྱིར། །གསང་བ་གྲུབ་པ་བཤད་དུ་གསོལ། །སྒྲུབ་ལ་བར་ཆད་མི་འབྱུང་ཕྱིར། །ཚེ་འདིས་ཐོབ་པར་བྱ་ཕྱིར་དུ། །བདུད་རྩི་བསྒྲུབ་པའི་ཚེ་གསུངས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་། །བདུད་རྩི་ཚེ་མཆོག་འདི་གསུངས་སོ། །ས་གཞི་རབ་ཏུ་བཀྲ་ཤིས་པའི། །གནས་མཆོག་དག་པར་བསྒྲུབ་པར་བྱ། །དཀྱིལ་འཁོར་ཟླུམ་པོ་ལེགས་སྦྱངས་ལ། །ཚད་ལྡན་རས་ཀྱི་སྲད་བུ་ཡིས། །ཐིག་གདབ་དཀྱིལ་འཁོར་བྲི་བ་ནི། །ཟླ་གམ་དབང་གི་ཁ་སྤྲོད་ལ། །འཁོར་ལོ་བརྒྱད་དང་བཅས་པ་བྱ། ཁང་པ་སྒོ་ཁང་བཅས་པ་དང་། །ཏྭ་ར་ཎ་དང་ལྡན་པར་བྱ། །དབུས་སུ་རྡོ་རྗེ་བདུད་རྩེའི་ཚེ། །དམར་སྐྱ་གཡས་པ་པདྨའི་སྡོང་།གཡོན་པ་བདུད་རྩིའི་བུམ་པ་བརྟེན། །ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན། ཁྲེས་རབ་རྒྱན་དང་བཅས་པས་འ་ད། །དེ་ལ་འཁྲིལ་བའི་ཡུམ་བཞི་ཡང་། །རྒྱས་འདེབས་རྨོངས་བྱེད་ཟ་བྱེད་མ། །ཚེ་འཕེལ་དང་ནི་བཅས་འཁྱུད་དོ། །བརྒྱད་ལ་སེམས་དཔའ་བརྒྱད་པོ་ཡང་ སེམས་མ་བརྒྱད་དང་བཅས་པའོ། ཁྱམས་ལ་བཀྲ་ཤིས་བརྒྱད་ཀྱང་དགོད། །སྒོ་བ་ཁྲོ་བོ་ཡབ་ཡུམ་ཀྱང་། ཁྲོས་པའི་ཚུལ་གྱིས་བརྗིད་གནོན་པའི། །བདག་ཉིད་རྣལ་འབྱོར་ཆེར་གནས་པས། །ཡང་དག་མཆོད་ཅིང་རྒྱས་པ་དང་། །དེ་ནས་བར་ཆད་མེད་པར་བཟླས། །སྟེགས་བུ་དབུས་སུ་ཀ་བཱ་ལ། ཁ་སྦྱར་ནང་དུ་ཚེ་ཡི་རྟེན། །བུ་རམ་མར་རམ་འོ་མས་དགང་།སྨན་དང་འབྲུ་དང་རིན་པོ་ཆེ། །སྙིང་པོ་བདུད་རྩི་ལྔར་བཅས་པ། །དཀར་དམར་རས་ཀྱིས་བཅིངས་ནས་ཀྱང་། ཁ་དོག་ལྔ་ཡི་སྐུད་པས་བཅིངས། །ཙན་དན་དམར་པོའི་ཕུར་བས་སུ། །ཚེ་ཡི་རྟེན་དུ་བྱ་བར་བཤད། །མེ་མར་ལྔ་ཡང་རྒྱུན་མི་གཅད། །ཡང་ན་ལྷ་ཡི་གྲངས་མཉམ་པའི། །པད་མའི་མེ་ཏོག་ཚོམ་བུ་དང་། །ཚེ་རྟེན་དེ་བཞིན་དག་ཏུ་བྱ། །སྙིང་ནི་རིན་ཆེན་དམར་གུར། །དེ་ནང་འདབ་བརྒྱད་ཚེ་ཡི་གདན། །བ་དག་བརྒྱད་ནི་ཚེ་ཡི་དངོས། ཁ་དོག་སྣ་ལྔ་ཚེ་ཡི་འོད། །འབྱུང་བ་ལྔ༷་ཡི་བཅུད་དཀྱིལ་ན། །ཚེ་ཡི་དངོས་པོ་ཐིག་ལེ་སེམས། །འགྱུར་བ་མེད་པས་བདེ་ཆེན་པོ༷ ། །འཕེལ་འགྲིབ་དབང་དུ་མི་འགྱུར་ཡང་། །བདག་ཉིད་སྐྱོན་གྱི་དངོས་འཛིན་པས། །བག་ཆགས་འགོ་སྲིད་བཟླས་པ་བྱ། །ཨཱོཾ་བཛྲ་ཨ་མྲི་ཏ་ཏྲ་ཐ་ཧུ༷། མུ༷་བ་ག་ཛ་ལ་བ༷། ར༷་བཛྲ་ཀྲོ་དྷི་ཤྭ་རི་ཛ། ཧོ་མུག་ཏི་དུ་ཤ་ཧོ། ཨཱོཾ་རཀྟ་རཀྟ་ཊ༷། དུ་ཤ་ཡུ་ཏི་ཀྟ༷། བཛྲ་ཀ་བ་ཛ་ཏུ༷། འདི་དག་བསམ་པ་མངོན་བྱས་ཏེ། །དང་པོ་ཉིད་ཀྱི་དངོས་གཞི་ཤེས། །དེ་ཉིད་བྷ་གའི་རྒྱ་མཚོ་བསྡམས། །གཞན་པ་ཁྲོ་མོས་དབྲོག་ཅིང་བསྟིམ། །དེ་ཉིད་ཉི་ཟླའི་གའུར་གཞུག །ཕྱི་རོལ་བར་ཆད་བྱེད་པ་བསྲུང་། །དེ་ལ་སྒོ་དགུར་ཁྲོ་བོས་བསྲུང་། །རྡོ་རྗེ་གོ་བགོས་ཀུན་ཏུ་བསྐྲད། །དམིགས་པར་བྱ་བ་ཉིད་ལའོ། །དེ་ཚེ་བསྟེན་པར་བྱ་བའི་ཟས། །ཀ་ཤོ་ཀན་དྷའི་ཕྱེ་མ་དང་། །འདའ་ཧུ་པ་ལ་བ་ཡི་མར། །ཡང་ན་བ་ཡི་འོ་མར་སྦྱར། །ནང་རེ་ཞིང་ནེ་བསྐྱེད་ཅིང་བཟའ། །ལུས་ལས་བྱུང་བའི་ཆུ་བ་་ཞིང་། །ཉི་མ་དག་ལས་རབ་བསྒྲིམ་སྤང་། །ཡང་ན་དངུལ་ཆུ་དག་པ་དང་། །མུ་ཟི་གསེར་ལྟར་གདས་པ་དག །བ་ཡི་མར་དང་བསྐོལ་བཙོས་ཏེ། །ཨ་རུ་ར་ཡང་བསྲེགས་ལ་མུར། །ནང་རེ་སྲང་རེ་བསྐྱེད་ཅིང་བཟའ། །སུམ་ཆ་རེས་ནི་ལུས་བསྐུ་ཞིང་། བ་ཡི་འོ་མ་བསྐོལ་གྲངས་བ་་། །ལུས་ཀྱི་སྐྱོན་རྣམས་དག་གྱུར་ནས། །དུང་དང་ཟླ་བ་ལྟར་དཀར་རྒྱས། །བྱིས་པ་ལྟ་བུར་གཞོན་ཤ་ཆགས། །ཚེ་རིང་ལུས་བདེ་ནད་འབྲལ་ཞེས། །གསང་བའི་བདག་པོ་ང་ཉིད་ཀྱིས། །རྣལ་འབྱོར་ཡོངས་ལ་བརྩེ་བའི་ཕྱིར། །འདི་ལ་ཐེ་ཚོམ་མེད་པར་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། །བདུད་རྩི་ཚེའི་སྒྲུབ་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྣོན་པོ་རང་གི་སྟན་བདེ་བ་ལས་ལངས་ཏེ། དཔལ་བདུད་རྩི་བདེ་བ་ཆེན་པོ་ལ་རྣལ་འབྱོར་མཆོག་གི་ཕྱག་ལུགསབཞིནབཙལནསཐལ་མོ་སྦྱར་ཏེ་གསོལ་བ། །བཅོམ་ལྡན་འདས་ཀྱེ་བདག་ལ་དགོངས། །འཁོར་བ་ཉིད་ནི་བསྒྲུབ་བྱ་ཞེས། །དེ་ཡི་ཐབས་ནི་བདག་ཉིད་ཀྱི། །ས་བོན་ལས་ནི་བྱང་ཆུབ་ཆེ། །སྤང་བླང་མེད་པར་བཀའ་སྩལ་ན། །འདི་འདྲའི་ཐབས་ཀྱི་རང་བཞིན་དེ། །བདག་འདྲ་རྨོངས་ལ་གསུང་དུ་གསོལ། །བདུད་རྩི་མཆོག་གིས་བཀའ་སྩལ་བ། །ང་ནི་ཐབས་མཁས་ཐུགས་རྗེ་ཆེ། །འགྲོ་བ་ཀུན་ལ་བུ་བཞིན་དུ། །ཕྱིན་ཅི་མ་ལོག་སེམས་པས་ན། །ཡང་དག་དོན་ནི་བཤད་ཀྱིས་ཉོན། །ལུས་ལ་སེམས་གནས་སེམས་ཉིད་ལུས། །ཅི་ཡང་མིན་ལས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ན་མ་གྲུབ་པས། །དེ་བས་སེམས་ཉིད་རྟག་དཀའ་སྟེ། །རྒྱལ་བ་མར་མི་་་མི་རྟོགས་ན། །སེམས་དཔའ་ཁྱོད་ཀྱིས་སྨོས་ཅི་དགོས། །དཔེར་ན་བླུན་པོས་མཛུབ་མོའི་རྩེས། །ནམ་མཁའི་མཐའ་ལ་མཚོན་བྱས་ནས། །དེ་ཡིས་མཚོན་པར་ནུས་མ་ཡིན། །དེ་བཞིན་སེམས་ཀྱི་ནམ་མཁའ་ལ། །ཚིག་གིས་མཚོན་ཏེ་སྨྲ་བྱེད་པ། །རང་ཉིད་མྱོས་ཏེ་ག་ལ་མཚོན། །ཚད་མས་སེམས་ཉིད་རྗེས་གཅོད་པ། །སྤྲེ་འུས་ནམ་མཁའི་རྒྱ་དང་ཚད། །ལག་པའི་མཐིལ་གྱིས་བཀབ་བྱས་ཏེ། །ཆར་རྒྱུན་མི་གནོད་འདོད་པ་འདྲ། །སེམས་ཉིད་རྒྱ་མཚོ་ཆེན་པོའི་གཏིང་། །ཅིས་ཀྱང་གཡོ་བར་མི་ནུས་ལ། །མཉན་པ་དག་ལ་རྒྱལ་པོས་གསུངས། །གཟིངས་འདི་བརྟན་པར་ཆོས་ལ་ཁྱོད། །ང་ཡིས་སྦྱར་བའི་ཟས་ཁྱེར་ཏེ། །རྒྱ་མཚོ་དཀྱིལ་ནས་དེ་ཉིད་ལ། །ཟབས་དང་རྒྱ་དང་དཔངས་དག་ལྟོས། །དེ་ནས་སེམས་ཅན་རིགས་དང་གྲངས། །ངེས་པར་ཁྱེར་ལ་ང་ལ་སྤྱོས། །ང་ཡིས་ཁྱོད་ནི་ཅི་དགར་བྱ། །མེན་ཏེ་སྲོག་ལ་དབབ་ཅེས་བསྒོ། །སྲོག་ནི་བཅད་པས་རབ་འཇིགས་ཏེ། །གཟིངས་དང་སྨན་དང་སྔགས་དག་གི །སྦྱོར་བ་བྱས་ཏེ་ཕྱིན་འགྱུར་བས། །མཐའ་མ་ཙོམ་དུ་ཕྱིན་པས་སུ། །བཅས་པས་ཕན་ཐོགས་མ་གྱུར་ཏེ། ཤེ་ནས་གཉེན་མཚན་བརླག་པ་ལྟར། །སེམས་ཉིད་རྒྱ་མཚོའི་གཏིང་འདྲ་ལ། །མ་རིག་ལོག་བརྟགས་རྒྱལ་པོ་འདྲས། །འདུ་ཤེས་ཆུང་བས་མཉན་པ་ལ། །འདུ་བྱེད་གཟིངས་དང་རྫས་འདྲ་བའི། །གཙང་མའི་ཕྱི་རོལ་སྒྲ་བརླགས་ཏེ། །སེམས་ཀྱི་རྒྱ་གཏིང་མཚན་ཉིད་དང་། །སེམས་ལས་བྱུང་བའི་འཁོར་བ་དང་། །མྱ་ངན་འདས་པའི་མཐའ་རྟག་ཕྱིར། །འཆི་འདྲི་གཏན་ལ་མ་ཕེབས་པས། །བསྡིགས་ཏེ་བཏང་བས་ག་ལ་རྟོགས། །སྒྲོ་སྐུར་གྱིས་ནི་དམྱལ་བར་ལྟུང་། །འོ་ན་གང་གིའང་ཡུལ་མེད་པས། །འགྲོ་བའི་ཡུལ་དུ་མ་གྱུར་ཏེ། །ནམ་ཡང་ཐོབ་པར་མི་འགྱུར་ཞེས། །ཀུན་ལ་ཁྱབ་པས་བཙལ་མི་དགོས། །ཡེ་ནས་ཡིན་པས་བསྒྲུབ་དང་བྲལ། །བུ་རམ་ཤིང་དང་མངར་བའི་རོ། །ཐ་དད་མིན་པས་མགོ་ཞབས་ཁྱབ། །དཔེར་ན་སེང་གེའི་ང་རོའི་སྒྲ། །བསྒྲགས་པས་ཐམས་ཅད་མི་གནས་ལྟར། །རང་གིས་རང་གི་དོན་རིག་ན། །འཁོར་བ་ཞེས་བྱ་མི་གནས་པས། །བྱང་ཆུབ་སེམས་ཞེས་དེ་ལ་བྱ། །དེ་ལྟར་རྟོག་པའི་དམ་པ་ནི། །གསེར་གྱི་ཉི་མ་ཤར་བ་སྟེ། །ཞེས་སྡང་མུན་པ་ཀ་དག་ནས། །ཆོས་དབྱིངས་ཡེ་ཤེས་ཁྱབ་བརྡལ་བས། །རྡོ་རྗེ་རིགས་ཀྱི་གདུང་འཚོབ་ཅིང་། །ཁམས་གསུམ་འཁོར་བ་རིགས་དྲུག་གི །སྤྲོས་མེད་ཞེ་སྡང་གཅོང་སྦྱོར་བ། །སྨན་གྱི་དམ་པར་གྱུར་པ་ནི། །རང་དང་སེམས་ཅན་ཐམས་ཅད་ཅད་ཀྱི། །ལུས་ལས་བྱུང་བའི་ཁུ་བའོ། །ཅི་ཕྱིར་དེ་ལས་སངས་རྒྱས་འབྱུང་། །རིགས་དྲུག་སྐྱེ་བའི་ས་བོན་ཏེ། །བཅུད་མཆོག་དམ་པ་འདི་ལས་སོ། །འདི་དོན་རྟོགས་པའི་རྣལ་འབྱོར་པས། །བླ་མེད་བདུད་རྩི་མ་བསྒྲུབས་འགྲུབ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཞེས། །ལྷ་དང་མི་ཡི་རིགས་ཀུན་སྒྲོགས། །རྩ་བའི་བདུད་རྩི་འདི་མེད་པར། སུ་ཞིག་ནད་དང་བྲལ་བྱའི་ཕྱིར། །བདུད་རྩི་བསྒྲུབ་ལ་བརྩོན་པ་ནི། །ས་བོན་མེད་པར་འབྲས་བུ་འདོད། །སྐྱེས་བུ་དེ་ནི་བླུན་པོ་སྟེ། །གྱི་ནས་བདུད་རྩི་འགྲུབ་པ་མེད། །དེ་བས་རང་གི་སེམས་ཉིད་ཀྱི། །མཚན་ཉིད་རབ་ཏུ་བརྟགས་བྱས་ལ། །བདུད་རྩི་མཆོག་ཏུ་བསྒྲུབ་བྱའི་ཕྱིར། །ལྷག་པའི་བྱང་ཆུབ་སེམས་བཙལ་བྱ། །ཞེས་གསུངས་པས།འཁོར་ཐམས་ཅད་ད་དུང་དུ་རྟོག་པའི་དྲ་བ་རྒྱ་མ་ཆད་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་སྟོན་པ་གསང་ཆེན་གཙོ། །ཀྱེ་ཧོ་བརྗོད་བྲལ་གསང་བའི་གསུང་། །ཀྱེ་ཧོ་བདེ་ཆེན་བརྗོད་བྲལ་ཐུགས། །བླ་མེད་དོན་གྱི་སྙིང་པོ་དེ། །དང་དུ་བླངས་ཏེ་བསྒྲུབ་འཚལ་ན། །བདག་ལ་བྱུང་བའི་བྱང་ཆུབ་སེམས། །ཐབས་ཀྱིས་བཙལ་བའི་རྒྱལ་པོ་དེ། །བདག་ཅག་རྣམས་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་བདུད་རྩི་མཆོག །བདེ་བ་ཆེན་པོ་ཉིད་ཀྱིས་ནི། །གདན་ལས་བཞེངས་ཏེ་བཞད་མཛད་ནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །བདེ་བ་དམ་པའི་རྒྱུན་ཞེས་པའི། །ཏིང་ངེ་འཛིན་ལ་བཞུགས་ནས་སུ། །བཙལ་བའི་ཐབས་འདི་བཀའ་སྩལ་ཏོ། །གཉིས་སུ་མེད་པའི་ཐབས་ཤེས་རབ། །དབྱེར་མེད་སྙིང་རྗེ་རྟོག་བྲལ་བ། །དེ་ལས་བྱུང་བའི་ཐབས་ཆེན་པོ། །ཡངས་པ་མཁས་པ་རྒྱ་ཆེ་བ། །དཔག་ཏུ་མེད་པ་ངས་བཤད་དོ། །འདི་ནི་གསང་བའི་སྙིང་པོ་མཆོག །བླ་མེད་བསྒྲུབ་པའི་ལམ་ཡིན་ཏེ། །ཇི་སྙེད་གསུངས་པའི་ཐབས་རྣམས་ལས། །ང་ཡིས་སྙིང་པོ་གསུངས་པ་ཡིན། །མན་ངག་གསང་བའི་ཐིགས་པ་སྟེ། །རྩོལ་བར་བཅས་པས་དངོས་གྲུབ་ཐོབ། །མ་བརྩལ་ལྷུན་གྱིས་གྲུབ་པ་ནི། །བླ་མེད་སྦྱོར་བ་སྦྱར་བ་ཡིན། །དཔེར་ན་གསེར་ལ་མགར་བས་གཟུགས། །བདེ་གཤེགས་སྐུ་དང་བན་གླང་རྟ། །རྣ་ཆ་གདུ་བུ་བུམ་པ་སྣོད། །ཅི་བརྡུངས་དབྱིབས་མིང་ལས་རྣམས་ཀྱང་། །ཐ་དད་གསེར་དུ་གྱུར་པ་ལས། །དེ་དག་གཟོ་པོས་བྱས་པ་ཡིན། །བཙལ་དང་བྲལ་བའི་སེམས་ཉིད་ནི། །སངས་རྒྱས་སེམས་ཅན་རྒྱུར་སྣང་སྟེ། །དག་པ་སྒྲུབ་བྱེད་རྣལ་འབྱོར་པས། །ཐབས་དང་ཤེས་རབ་ལྡན་འགྲུབ་སྟེ། །གསེར་ལས་བདེ་གཤེགས་སྐུ་བཞིན་ནོ། །བདག་ཉིད་ཕྱག་རྒྱ་མཉམ་གཞག་སྟེ། །ཐབས་དང་ཤེས་རབ་ལྡན་པར་བྱ། །གསང་བ་རིགས་ཀྱི་བཙུན་མོ་ལ། །བྱིན་བརླབས་སྦྱོར་བའི་གཙུག་ལག་གིས། །སྦྱར་ན་མཆོག་གི་དངོས་གྲུབ་ཐོབ། །རྫས་དང་ཐུན་མོང་སྨོས་ཅི་དགོས། །དང་པོ་ལས་ཀྱི་ཕྱག་རྒྱ་སྟེ། །གཉིས་པ་དམ་ཚིག་དག་གི་རྒྱ། །གསུམ་པ་ཆོས་ཀྱི་ཕྱག་རྒྱ་སྟེ། །བཞི་པ་ཕྱག་རྒྱ་ཆེན་པོར་བཤད། །དང་པོ་བྱའི་གདོང་པར་བསྐྱིལ། །གཉིས་པ་བདེ་བ་འདུས་པའོ། །གསུམ་པ་སྙིང་ཀ་འམ་སྤྱི་གཙུག་མགྲིན། །བཞི་པ་ཐ་སྙད་རྣམ་པར་སྤངས། །དེ་ལ་དང་པོའི་གནས་བཤད་པ། །ཡོན་ཏན་བཅུ་གཅིག་ཡང་དག་ལྡན། །བཞིན་བཟངས་མིག་གི་དཀྱུས་རིང་བ། །སྟོད་སྨད་ཕྱེད་ལ་རྐེད་པ་ཕྲ། །ཚིགས་སོར་ཟླུམ་ལ་སོར་མོ་རིང་། །ཡོན་ཏན་འོད་ཅན་བཅུ་གཉིས་ལོ། །ཡེ་ཤེས་རིགས་ཅན་ཡིན་པར་བཤད། ཁྲན་པ་གདོལ་པ་གར་མཁན་ནམ། །ཁྲུས་མཁན་བཞི་འམ་བཟང་པོ་བཞི། །འོས་དང་ལྡན་པ་འདིར་གཟུང་ངོ་། །འགྲིས་ཤིང་སྐྱོ་ངས་མེད་པ་དང་། །དད་པ་ཆེན་པོ་གང་ཡོད་འོས། །པདྨ་ཅན་དང་དུང་ཅན་དང་། །བན་གླང་ཅན་དང་རི་མོ་ཅན། །རིགས་བཞི་དག་ཏུ་རྒྱུད་འདིར་གྲགས། །དེ་ཡང་གང་དང་གང་ཞེ་ན། །པདྨ་ཅན་ནི་ཞི་དེས་ཆེ། །དམར་སྨུག་སྨིན་མ་འཕྲ་ལ་རིང་། །སོ་དཀར་ཚགས་དམ་ངང་པའི་འགྲོས། །ཞི་ཞིང་དེས་ལ་ཁོང་གཟོས་པའོ། །དུང་ཅན་མ་ནི་འཇམ་ཚིག་སྨྲ། །བཞིན་དཀར་ཟླུམ་ལ་སོ་ཞོ་ཆགས། །སྐད་སྦོམ་ཞིང་ནི་བདེ་བར་སྨྲ། །བན་གླང་ཅན་ནི་ཚིག་མི་སྟེར། ཁ་དོག་གནག་ལ་སྐྲ་གཟེངས་འཁྲོ། ཁྲ་ཆེན་ཡན་ལག་སྡོང་པོ་འདྲ། །བཞིན་ལོག་ཀུན་དང་སྨྲ་མི་བྱེད། །རི་མོ་ཅན་ནི་སྨྲ་ལྕེ་མང་། །ལུས་པོ་རིང་ལ་ཁ་དོག་སེར། །འཁྱེར་ཞིང་འགྲོ་ལ་ཡིད་ཙམ་དགའ། །ཐམས་ཅད་ཀུན་ཏུ་སྨྲ་ལ་དགའ་འོ། །པདྨ་ཅན་ལ་རྡོ་རྗེ་རྒྱ། །དུང་ཅན་འཁོར་ལོ་འམ་པདྨ་རྒྱ། །བན་ལང་ཁ་ཊ༷་ཏྲི་ཤུལ་རྒྱ། །རི་མོ་འབྲི་ཀུ་སུམ་བརྩེག་གོ །པདྨ་ཅན་ནི་འཇམ་ལ་དམ། །ཙན་དན་དུ་རུ་ཀ་ཡི་དྲི། །དུང་ཅན་མ་ནི་ཨུད་པལ་དྲི། །དམ་ལ་འདྲེད་པར་ཤེས་པར་བྱ། །བན་གླང་ཅན་ནི་ཆེ་ལ་ཡངས། །གླ་རྩི་འམ་ཡང་ན་གུར་ཀུམ་དྲི། །རི་མོ་ཅན་ནི་ཤེར་ལ་རྩུབ། ཁྲ་ཡི་དྲི་འམ་བ་ཚའི་དྲི། །བདེ་གཤེགས་རིགས་དང་རིན་ཆེན་དང་། །པདྨ་ལས་ཀྱི་རིགས་ཏེ་འདི། །བཞི་འམ་རིམ་པ་བཞིན་དུ་སྦྱར། །རྡོ་རྗེ་རིགས་རྣམས་ཀུན་ལའོ། །བལྟས་ན་རྟག་བཟོད་གཅིག་པ་སྟེ། །འགྲོ་ན་སྟབས་སྡུག་གཉིས་པ་ཡིན། །གསུམ་པ་འདུག་ན་ཚུལ་ཡང་མཁས། །བཞི་ནི་སྨྲ་ན་ངག་ཀྱང་སྙན། །ཚུལ་བཞིན་ལྡན་པ་ཉེ་གནས་སོ། །ན་ཚོད་བབ་དང་ལུས་རན་དང་། །རྒྱན་ཅིག་པ་དང་རིགས་ལྔའི་ཚུལ། །བཀོད་པའི་རྒྱན་དང་ལུས་ཀྱི་རྒྱན། །བཀའ་ཉན་མཉེས་པ་བཀོད་པ་དང་། །འཛུམ་དང་གསང་བ་མི་འབྱེད་དང་། །སྒོམ་ཞིང་འཕྲེང་བ་ལ་མཁས་ཏེ། །ཐམས་ཅད་ལྡན་པ་བཅུ་གཅིག་གོ །ཞ་སྒུར་འོན་འཐེང་དབང་པོ་ལྔ། །མ་ཚང་བ་ནི་ལུས་ཀྱི་སྐྱོན། །དིག་དང་ཁ་ཡོན་ར་རོ་བོ། །བརྫུན་དང་ཕྲག་མ་ལ་དགའ་དང་། །ལོག་སྨྲ་ཧ་ཅང་རྒོད་པ་དག །ཞེ་སྡང་ང་རྒྱལ་ཕྲག་དོག་དང་། །གཏི་མུག་འདོད་ཆེས་དྲགས་དང་ལྔ། །འདི་དག་ཡིད་ཀྱི་སྐྱོན་ལྔའོ། །རླུད་མཁྲིས་བད་ཀན་ཅན་དང་ནི། །སྐྲངས་དང་ཤུ་ཏོར་ཅན་དག་དང་། །བརླལ་དང་རྨ་ཅན་ནད་སྐྱོན་སྤངས། །མི་བརྩོལ་སྙིང་རྗེ་ཆུང་བ་དང་། བརླིང་པོས་ཕ་རོལ་ཉེ་འགེམས་དང་། །སེར་སྣ་ཅན་དང་ལེ་ལོ་ཅན། །དགེ་བའི་བར་དུ་གཅོད་པ་སྟེ། །བཅུ་གཉིས་ལྔའི་སྐྱོན་སྤངས་པའོ། །ལྟག་པའི་སྐྱོན་དགུ་ཤིན་ཏུ་སྤངས། །ཤིང་རྟའི་སྲོག་ཤིང་རྔ་མོའི་ཁ། །ཡོན་པོ་ལུག་པ་སོ་བྱའི་མགྲིན། །ཀུ་ཤུ་གས་དངཨུད་པལ་བསྐམས། །རྟག་འཛགས་པ་དང་མེས་གདུངས་ཏེ། །རྟག་ཏུ་འདི་འདྲའི་པདྨ་ནི། །རྣལ་འབྱོར་དབང་ཕྱུག་ཆེན་པོས་སྤངས། །བརྟེན་ན་དངོས་གྲུབ་ཉམས་པར་བཤད། །དེ་ལྟར་བརྟགས་པའི་ཕྱག་རྒྱ་ལ། །དབང་བསྐུར་དམ་ཚིག་ལྡན་བྱས་ཏེ། །མཁས་པས་བརླབས་ཏེ་དོན་ཤེས་བྱ། །བརྡ་དང་གཙུག་ལག་རྒྱས་བསླབས་ཏེ། །ཁྲུས་བྱ་རྒྱན་གྱིས་མཛེས་པར་ཀླུབས། །རབ་ཏུ་དབེན་པའི་གནས་དག་ཏུ། །གཙུག་ལག་བརྩེན་པས་གླུ་བླང་བྱ། །སྟོད་སྨད་རྐེད་པ་གཡོན་དུ་བཅུ། །ཐལ་མོས་འགྲམ་པ་སྤྱི་བོར་བརྟེན། །མཉམ་པའི་གར་གྱིས་རྐང་བསྐྱོད་ལ། །རྡོ་རྗེ་ཧུ༷་གི་གླུ་བླང་ངོ་། །མཉེས་ཅིང་འཁྲིལ་བས་གཡས་སུ་བཅུ། །མཆན་ཁུང་སྙིང་ཀར་ལག་གཉིས་བསྡམ། །སྐྲ་འམ་ཅོད་པན་བརྡབ་བྱ་ཞིང་། ཨེ་ཧང་གླུ་ཡིས་མཉེས་པར་བྱ། །ལྷ་ཡི་རྣལ་འབྱོར་ལྡན་བྱས་ཏེ། །བྱིན་གྱིས་བརླབ་ཅིང་རིགས་ལྔ་ཡི། །ཕྲ་རབ་རྡུལ་གྱིས་ལུས་དགང་ངོ་། །གསང་བ་མཆོག་གི་དཀྱིལ་འཁོར་ནི། །བྱིན་བརླབས་ཡང་དག་པར་བྱས་ནས། །བཀུག་ཅིང་མཆོད་པ་དབུལ་བ་དང་། །ལས་རྣམས་མཐར་ནི་དབྱུང་བར་བྱ། །དེ་ནས་ཆགས་པས་འདི་སྐད་དུ། །ཧུ༷། བདག་ནི་ཀུན་ཏུ་བཟང་མོ་སྟེ། །དུས་གསུམ་རྒྱལ་བའི་ཐུགས་དམ་སྐོངས། །རིན་ཆེན་གཞལ་ཡས་ཁ་ཕྱེ་ལ། །མ་ཆགས་ཧུ༷་གི་གཞེས་སུ་གསོལ། །ཧོ་ཨ། ཧུ༷། བདག་ནི་བཅོམ་ལྡན་དཔའ་བོ་སྟེ། །རིན་ཆེན་འབར་བ་ཁ་ཕྱེ་ལ། །དགྱེས་པའི་རྡོ་རྗེ་རབ་བསྐྱོད་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །ཨ་ཛུ་ཧུ༷། སྤྱི་བོ་རྣ་བ་མིག་དང་ཁ། ཁ་ལ་ཁ་ཡིག་གདབ་པར་བྱ། །དཔུང་པ་ནུ་མ་ལག་མཐིལ་གཉིས། །སྙིང་ཁ་ལྟེ་བ་བརླ་ཡི་ནང་། །གཡས་གཡོན་རྩིབ་མ་མཆན་ཁུང་དུ། །བྱིན་པ་རྐང་མཐིལ་འཇུག་བྱེད་དུ། ཁ་ལག་སོ་དང་ཐལ་མོས་བརྩེན། །རྩ་རྣམས་སྐྱོད་ཅིང་གླུ་བླང་ངོ་། །ལ་ཕུག་སྒོག་པ་ཤ་དང་ཉ། །ཆང་ཡང་བག་ཙམ་བཏུང་བར་བྱ། །འདི་ནི་ཉེ་བར་གྱུར་པའི་ཟས། །སྦྱོར་ལ་རབ་ནས་རབ་ཏུ་བསྔགས། །རྣམ་ལྔ་བདུད་རྩི་རི་ལུ་ནི། །ལྕགས་གསུམ་དག་དང་ལྡན་པར་བྱ། །ཨོ་ཨུ༷༷ཧུ༷་གིས་བྱིན་བརླབས་ཏེ། སྦྱོར་བའི་དུས་སུ་གཉིས་པོས་བཟའ། །དེ་ནས་གསང་བའི་བརྡས་མཚོན་ཏེ། །ས་སར་རང་རང་ཏིང་འཛིན་ལ། །གསལ་བར་གནས་པས་འདི་སྐད་དུ། །འདའ་མེད་པས་ན་འདའ་བར་དཀའ། །དམ་ཚིག་འདི་ནི་བླ་མེད་རྒྱུ། །ལམ་མཆོག་བྱང་ཆུབ་སེམས་ནི་བདག །བཟུང་བ་ཙམ་གྱིས་བདག་སངས་རྒྱས། །ས་མ་ཡ་སྟུ༷་ཞེས་བྱས་བཏང་། །སྦྱོར་བའི་ལམ་མཆོག་དཔལ་དང་ལྡན། །དམ་ཚིག་ཆེན་པོ་འདེར་གནས་པས། །ང་ནི་མངོན་པར་་བ་བྱེང་པས། །སྒྱུ་མའི་དམ་ཚིག་དུས་ལ་བབ། །ས་མ་ཡ་ཧོ། འཕགས་པ་ཇི་སྙེད་བཞུགས་མཆོད་ཅིང་། །མཁའ་འགྲོ་འཁོར་ཚོགས་བསྐང་པ་དང་། །སེམས་ཅན་དོན་ལ་རབ་ཆགས་པས། ཁྲེས་རབ་ལ་ནི་བདག་ཆིརྒིས་སོ། །ར་སྙོ་ཡ་ཧ༷། བདག་ནི་རྨད་བྱུང་གསང་བ་ཡི། །རིགས་ཀུན་གཙོ་མོ་རྨད་བྱུང་རབ། །ཆགས་པ་ཆེན་པོ་ལམ་མཆོག་ལ། །ཆགས་པས་དེ་འདྲ་ཆགས་པར་བགྱི། །རྭ་ག་ཡ་མི། ཛ༷༷ཧུ༷་བ༷་ཧོའི་ཕྱག་རྒྱས་སུ། བཀུག་བཅུག་བཅིངས་དང་དགྱེས་བྱའི་ཕྱིར། །སྤྲོ་བ་ཕཊ་དང་དབྱེ་བྱ་ཞིང་། །བསྟིམ་པ་ཨ་ཡིས་བྱ་བར་བཤད། །ཆོག་བུ་དང་ནི་གཡས་བརྐྱང་དང་། །གཡོན་དང་འཕྲེད་དང་གན་རྐྱལ་དང་། །རུལ་སྦལ་ཉལ་འདྲ་སེང་གེ་རྟ། ཁེང་རྟའི་འཁོར་ལོ་པདྨ་བརྩེགས། །ཕ་ཝང་ཕུར་འདྲ་སེང་གེའི་ཚུལ། །འདི་དག་ལྷ་ཡི་སྦྱོར་ཤེས་པས། །སྦྱར་ན་ཡེ་ཤེས་འདོད་པ་སྐྱེ། །མཆོག་དང་ཐུན་མོང་འགྲུབ་པར་བཤད། །བྷ་ག་ལ་ནི་ལིང་ག་བཞག །མཉམ་པས་ཐལ་མོ་ཕྱོགས་བཅུར་བརྡབ། །སྒོ་དགུ་ལས་ནི་སྲོག་རྩོལ་བསྡམ། །ཧུ༷་བརྗོད་སེམས་ནི་ལྟེ་བར་བསྐྱིལ། །འབྲུག་དང་བ་གླང་རྨ་བྱ་དང་། །རྟ་སོགས་འདོད་པ་དྲུག་གི་གླུ། །མི་འགྱུར་དལ་ལ་མེན་པས་བླང་། །སེམས་ནི་གཞན་དུ་མི་བཏང་བསྐྱིལ། །ཆུ་ཚགས་ཀྱིས་ནི་ཆུ་བཟུང་ལྟར། །འདི་ལས་ཕྱི་རོལ་མ་ཡིན་ནོ། །ཧུ༷། དེ་ནས་ཉམས་དགའི་གླུ་བླང་ངོ་། །ཧུ༷། རྣམ་དག་དྲི་མེད་འདམ་གྱི་པད་ལྟར་ཉེས་པའི་སྐྱོན་བྲལ་བ། ་།ས་རབ་ཤེལ་ལྟར་གསལ་བའི་ཐུགས་ནི་ཀུན་ལ་རོ་སྙོམས་པས། །བདག་འདྲའི་རྣམ་རྟོག་ཞི་བར་བྱེད་པའི་གཟུངས་མ་ཁྱོད་འདྲ་མེད། ཁྱོད་ལ་བདག་ནི་བདེ་བར་གྱུར་པས་རྟོག་བྲལ་རབ་ཏུ་རྟོགས། །དེ་ཕྱིར་གསང་བའི་བཙུན་མོ་ཁྱོད་དང་ནམ་ཡང་འབྲལ་བར་མི་བྱེད་དོ། །ཧུ༷། འགྲོ་བའི་མོས་པ་ཅི་འདྲ་ཐབས་རྣམས་སྟོན་བྱེད་པ། །དེ་ཡིས་ཐར་ལམ་བདེ་བར་གྱུར་པས། ངན་སོང་འཇོམས་པར་བྱེད། གསང་བའི་རྡོ་རྗེས་བྱང་ཆུབ་སེམས་ཀྱ་ཆར་ཆེན་འབེབས་བྱེད་པ། །དགེ་བའི་ལོ་ཏོག་བསྐྱེད་པས་བདེ་ཆེན་འབྲས་བུ་རྣམ་པར་སྨིན་མཛད་པས། །བདག་ནི་ཁྱོད་བསྟེན་ནམ་ཡང་འབྲལ་བར་མི་བྱེད་ཁྱོད་ལ་བདག་བསྟོད་དོ། །གལ་ཏེ་བརྟེན་པར་མ་ནུས་ནའང་། །ཉི་ཟླ་གཟའ་ཡིས་གཟུང་བྱས་ཏེ། །ནམ་ཡང་གཏང་བ་མ་ཡིན་ནོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། །ཇེ་ཇེ་བསྐལ་པ་མཐའ་ཡི་བར། །བརྟན་པས་ཟླ་བ་དྲུག་ཉིད་ནའོ། །གལ་ཏེ་དེ་ལྟར་སྟོབས་མེད་ན། །ཨུ་དག་དང་ནི་དབྱེར་མེད་མཐའ། །འཕྲོ་དང་འདུ་བའི་བྱ་བ་ཡིས། །འོད་ད༷ང་བཅས་པའི་ཧུ༷་དེ་ཉིད། །ཕྱུང་ལ་གསང་སྔགས་བརྗོད་དེ་བཟའ། །གསུམ་དུ་བྱས་ཏེ་མ་ནུས་ན། །གསེར་ལམ་དངུལ་ལམ་ཉ་ཕྱིས་དུང་། །མཆོག་གི་ཀ་བཱ་ལར་བླུགས་ཏེ། །གུར་ཀུམ་དང་བསྲེས་བསྒྲུབ་པར་བྱ། ཨཱོཾ་བཛྲ་ཙིསྟ་མཧྭ་ས་མ་ཡ་ཨ། །ཧོ་སུ་ཁ་བོ་དྷི་ཙིཀྟ་ཧུ༷། །བསྒྲུབ་པ་ཆེན་པོའི་དུས་སུ་ནི། །ལྟའི་སྦྱོར་བས་མཉམ་སྦྱར་ནས། །ལན་གསུམ་བར་དུ་ཁུ་བ་འབྱུང་། །གསང་བའི་སྔགས་ནི་བཏབ་ནས་སུ། །འབར་དང་བསྒྲུབ་པའི་རྫས་སུ་བསྔགས། །དེ་མེན་འགྲུབ་པར་ངས་མ་གསུངས་སོ། །ཐབས་རྣམས་ཇི་སྙེད་ཡོད་པ་ལས། །འདི་ནི་སྙིང་པོར་གསུངས་པ་སྟེ། །གསང་བའི་གསང་བ་བླ་མེད་པས། །འདི་ནི་བླ་མེད་ཐོབ་པའི་ཐབས། །སྐལ་ལྡན་རྣལ་འབྱོར་དབང་ཕྱུག་གིས། །བསྟེན་ན་དངོས་གྲུབ་ཐོབ་འཀྱུར་གྱིས། །སྣོད་དང་མི་ལྡན་ངང་ཚུལ་ངན། །ཆགས་ཤིང་རྨོངས་པས་བསྟེན་ན་ཉམས། །དེ་སྐད་དཔལ་ལྡན་བདུད་རྩི་ཆེ། །རང་བྱུང་དཔལ་བོས་བཀའ་སྩལ་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། །ལྷག་པ་བྱང་ཆུབ་ཀྱི་སེམས་བསྐྱིལ་ཞིང་བཙལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་དེས་ཡང་། བཅོམ་ལྡན་འདས་ལ་གསོལ་བ། །ཀྱེ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་དམ་པ་དེའི་རྩ་བ་དང་། ཡན་ལག་གི་འདུ་བར་འདུས་པ་དེ་དག་ལྟ་བུ་མཆིས་སམ། མཆིས་ན་དེ་དག་གང་དང་གང་ལགས། བཙལ་བའི་ཐབས་ནི་ཇི་ལྟ་བུར་སྩལ་བར་བགྱི། དེ་སྐད་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་ཆེན་པོ་ཁྱོད། །འགྲོ་བ་ཀུན་ལ་ཕན་གདགས་ཕྱིར། །ཁྱོད་ཀྱིས་ཞུས་པ་བཤད་པར་བྱ། །རྣམ་པར་མི་རྟོག་ཆོས་དབྱིངས་ལས། །གཡོ་མེད་ཐུགས་རྗེའི་རྒྱུན་ཤར་ཏེ། །ཉི་མའི་འོད་ཀྱིས་ཀུན་ཏུ་ཁྱབ། །ས་གཞི་ཐམས་ཅད་སྣུམ་མཛད་དེ། །ཁྱབ་པར་སྐྱེས་པས་འགྲོ་ཀུན་གསོ། །ཐམས་ཅད་ཐུགས་རྗེའི་སྣང་བའོ། །དེའང་རྩ་བ་རྣམ་པ་བརྒྱད། །ཕྱི་དང་ནང་དང་གསང་བའོ། །དང་པོར་གསང་བ་བཤད་བྱ་བ། །མིག་དང་རྣ་བ་སྣ་དང་ལྕེ། །འདམ་བུའི་མེ་ཏོག་དུང་དང་སྤོས། །བུ་རམ་བརྒྱད་པར་བཤད་པ་སྟེ། །ཞེ་སྡང་རྩ་བ་ཡིན་པའི་ཕྱིར། །རྩ་བ་བརྒྱད་ཅེས་སྦྲུལ་ལ་བྱ། །ནང་ལ་གཉིས་ཏེ་སྦས་པ་དང་། །མངོན་པ་ཕྱི་ཡི་བཞི་སྟེ་བརྒྱད། །མིག་སྐྲ་སོ་དང་སེམ་མོ་ཕྱི། །གོ་རོ་ཙ་ན་གཞུངས་པ་དང་། །བེ་ལ་གྲེ་བ་གསང་བ་སྦས། །ཙན་དན་དཀར་པོ་དྲི་མཆོག་གིས། །རྩ་བ་སྡོང་པོ་ཤུན་པ་དང་། །ཡལ་ག་ལོ་མ་མེ་ཏོག་དང་། །འབྲས་བུ་ཐང་ཆུ་བརྒྱད་ནི་ཕྱི། །ག་པུར་ཁུར་མངས་བེས་ཞོ་དང་། ཁྲོན་བུ་དང་ནི་བྱར་བྱི་དང་། སེན་མོའི་ཐང་ཆུ་ཤ་རི་རམ། །མེན་ཏེ་ཐ་སྐར་འབྲུག་རུས་བརྒྱད། །བི་ན་ཧ་སྟེ་དམ་པའི་འོ། །ན་སྐྱེས་འབའ་ཧུ་སྟི་ར་ཧ། །སེ་ན་ཤུ་དང་ནི་བྱར་བྱི་དང་། །ལེ་ཤེ་ར་དང་ཧུ་ལ་ཀ །བ་ཤ་རེའུ་དང་སྤར་ཧ། །བརྒྱད་ནི་མིག་གི་ཡིན་པར་བཤད། །རྣ་བའི་ཁ་་།་སེར་པོ་དང་། །མིག་མི་དང་མི་སྣན་ཏ་རེ། ་།་དག་དཀར་པོ་དང་། །ཤེ་ར་ཤེ་དང་ཨ་མྲའི་ཤུན། །དྷ་བ་ཀེ་དང་བརྒྱད་དུ་བརྟན། །ལྕེ་ཡི་ཁྱི་ལྕེ་དཀར་པོ་དང་། །ལ་ཧུ་ར་ནེ་ཤེ་པ་ར། །ཀྱི་འདེ་ཆུ་གང་ཀས་སྨྲ་དང་། ཁྱག་ར་ཝ་རྟེན་བརྒྱད་ཡིན་ནོ། །ཐྲེ་ཤིང་རྩ་བ་ཀན་ནེ་ར། །བ་མོ་གློ་གློ་ཙམ་པ་ཀ །སུག་སྨེལ་ཨུག་ཆོས་རྩ་བ་དང་། །གླམ་པ་ར་དང་མཚལ་བ་ཡི། །ཐང་ཆུ་བརྒྱད་ནི་སྣ་ཡིའོ། །འདབ་བུའི་དྲ་བ་ལ་དང་ཀ་ཀ་ཤ །ཅི་ན་རུ་པ་ཤ་པ་ཙ། །ཛ་ཏི་དཀར་པོ་ཨ་ཏ་ར། །པ་ལ་ཧ་ར་ཏ་པི་ལ། །དུང་ལ་ཀརཤ པ་ནེ་དང་། །འགྲོན་བུ་རྒྱ་དུང་བྱ་དགོད་མཆུ། །ཡ་བག་ཀྟ་ར་ཁྱིམ་བྱའི་རུས། །ཛ་ས་ར་རུས་བས་ལྡན་བརྒྱད། །སྤོས་ནི་ཚེ་སྤྱ་ར་དང་ནི། །གང་ག་དྷི་དང་ཉུངས་སྨུག་དང་། །ལེ་ར་པ་ཤ་ཙིན་དྷ་དང་། །བ་ཤ་པ་དང་ཧུ༷་ལུ་སིང་། །ཐད་ཏྭ་ཧ་སྟེ་བརྒྱད་ཡིན་ནོ། །བུ་རམ་ལ་ནི་ཤ་ཀ་ར། །མ་མྱོ་ར་དང་ག་ལི་དང་། །ནཱ་ག་གེ་སར་བུམ་པའི་རྩི། །མིག་པོ་ཆེ་ཡི་རྩི་དང་ནི། །གན་དྷ་ཧ་ར་བ་ར་ཀ །བརྒྱད་དེ་གསང་བའི་རྩ་བའོ། །ལུང་ཐང་དཀར་པོ་འབའ་སུག་དང་། །ཞ་ཏྭ་ཝས་དང་འང་བ་ལ། །བྱི་ཚེ་དཀར་པོ་པུ་འབུར་མ། །ལིང་སྤྲིང་ཀ་དང་མིན་ཚེར་བ། །བརྒྱད་ནི་སེམས་ཀྱི་མཐའ་ཡིའོ། །སྐྲ་ནི་མེ་ཏོག་ཁྱག་ར་ཙེ། །པད་སྐུད་ཕག་གི་ཟེ་བ་དང་། །དོམ་གྱི་སྙིང་ལྤགས་གླང་དགོད་རྔ། །སྤྲས་མའི་གདོང་བུ་བན་གླང་རྔའོ། །ས་ཡི་ཕག་རྒོད་མཆེ་བ་དང་། །དྷི་གང་ག་དང་རྡོ་སོལ་དང་། །ལུག་སེའི་སྡོང་བུ་སྦ་འབྲས་དང་། །ཀརྐ་ན་དང་སེ་ཝ་ཙང་ག །པ་སན་ཏ་རའི་མེ་ཏོག་བརྒྱད། །སེན་མོའི་ཆུ་སྲིན་སྡེར་མོ་དང་། །རྒྱ་མཆོའི་འབུ་ཤུན་ཉ་ཕྱིས་དང་། །རྡོ་ཐག་དག་དང་དེ་བཞིན་དུ། །དབང་པོ་ལག་པ་ཝང་ག་སེ། །ཞར་ག་ཡ་དང་མིག་ལ་རྐའོ། །དྲི་ཤའི་ཀླད་པ་རྟ་དང་ཁྱི། །ཕག་པའི་ཀླད་པ་ཤིང་ཀ་ཡ། །བིལ་བ་བ་སེ་ལུ་གུ་ར། །ལུག་ངལ་འབྲས་བུ་ཀླད་པའི་འོ། སྒྱུངས་བའི་པི་ཙི་ཏྲ་ཀ་མུ་ལ། །བིལ་བའི་རྐང་དང་ཡ་ར་ཤ །ཀ་ར་བ་ཤ་དུ་ན་ཧས། །བོ་ག་ལིང་དང་སེན་ཏ་ཐ། །ཀུམ་བི་ར་དང་རྣམ་པ་བརྒྱད། །བེ་ལ་ཀྲི་བའི་སྐུ་བ་དང་། །པང་ཤ་མོ་དང་གློ་ཚ་དང་། རྒྱ་ཚ་སྣེ་ཏ་ཚ་དང་ནི། །འབིངས་གའི་འབྲས་བུ་ཤ་སངས་དང་། །ཧིང་ཀ་ཁ་དང་རྣམ་པ་བརྒྱད། །རྡོ་རྗེ་སེ་ནའི་སྡོང་བུ་དང་། །བོ་དྷི་མུ་ལ་མུ་ལ་ཀ་ས་དང་། །མུ་ལ་རིང་པོ་བག་ཙེ་ཏ། །སྤྲ་བང་མུ་ལ་ཡ་སྤྲ་ར། །སྤྲ་ཚིལ་བརྒྱད་དེ་ནང་གིའོ། །རྒྱ་ཤུག་ཙུ་ཏ་པང་ཀ་ར། །རྣམ་པར་རྒྱལ་བའི་ཨ་རུ་ར། །ཀུ་མུ་ཏ་དང་ཙང་ག་དྷི། །ཨག་མེ་ར་དང་རག་ན་ཏ། །འདི་བརྒྱད་རྩ་བ་རྩ་བའི་སྟོངས། །སྡོང་བུ་ཡལ་ག་དང་ལོ་མ། །མེ་ཏོག་འབྲས་བུ་ཤུན་པ་དང་། །ཐང་ཆུ་བརྒྱད་ནི་ཐང་ཆུའི་སྟོངས། །བློ་དང་ལྡན་པས་ཤེས་བྱ་སྟེ། །མདོར་བསྡུས་ང་ཡིས་བསྟན་པ་ཡིན། །ཉིང་ལག་འབུམ་ཕྲག་གཡས་པའི་བཅུད། །སྨན་དུ་མ་གྱུར་གཅིག་ཀྱང་མེད། །བྱང་ཆུབ་སེམས་སུ་གཏོགས་པ་ཀུན། ཁྱད་པར་དག་ནི་མ་ཤེས་ན། ཁ་དོག་རོས་ནི་ཤེས་བྱ་སྟེ། །དཀར་དང་ཁ་བའི་རྣམ་པ་ཀུན། །བྱང་ཆུབ་སེམས་སུ་ཤེས་པར་བྱ། །དེ་སྐད་སྟོན་པས་བཀའ་སྩལ་པས། །སེམས་དཔའ་ཆེ་སོགས་འཁོར་རྣམས་ཀྱིས། །སྣོད་བཅུད་ཇི་སྙེད་ཡོད་གྲགས་ཀུན། །བྱང་ཆུབ་སེམས་སུ་ཁོང་དུ་ཆུད། །བདེ་བ་ཉམས་སུ་ལོན་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བྱང་ཆུབ་སེམས་སུ་མ་འདུས་པ་མེད་ཅིང་ངོས་གཟུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་སེམས་དཔའ་རྡོ་རྗེ་རྣོན་པོས། སྟོན་པ་ལ་གསོལ་བ། ཀྱེ་ཧོ་ནད་སེལ་སྨན་པའི་མཆོག །འཁོར་བའི་ཁྲི་མུན་གཏིང་རིངས་ནས། །ཐོན་པའི་དུས་རིང་འགྲོ་བ་རྣམས། །སོས་པའི་གླགས་མེད་ཞེ་སྡང་ནད། །བྱང་ཆུབ་སེམས་ཀྱི་སྨན་སྦྱར་བས། །མྱུར་བ་ཉིད་དུ་ཟུག་རྔུ་སངས། །བདེ་བར་གྱུར་པ་རབ་ཏུ་ལེགས། །འདི་ལྟར་གྱུར་པའི་རྩི་མཆོག་འདི། །འཇིག་རྟེན་འདུ་བའི་ནད་རྣམས་ལ། །ཕན་པའི་ནུས་མཐུ་མཆིས་མ་མཆིས། །དཔའ་བོ་ཐུགས་རྗེས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །བླ་མེད་བྱང་ཆུབ་ངེས་འགྲུབ་ཅིང་། །བཟོད་མེད་ཞེ་སྡང་སེལ་ནུས་ལ། །འདི་ཡི་ཡོན་ཏན་སྨོས་ཅི་དགོས། །དེ་དག་བཤད་ཀྱིས་ཁྱེད་རྣམས་ཉོན། །བྱང་ཆུབ་སེམས་ནི་རྟག་བསྟན་ན། །ཀུན་གྱི་ཡིད་འོང་དགའ་འགྱུར་ཏེ། །རྒྱལ་པོའང་བྲན་བཞིན་བསྒོ་བ་ཉན། །སྙིང་སྐྲན་ཚ་བའི་ནད་རྣམས་འཇིལ། །རྩ་བ་བརྒྱད་ཀྱི་ཡོན་ཏན་ནི། །མིག་གིས་མིག་རྣོན་ཐོབ་པར་བྱེད། །རྣ་བས་འོན་དང་འཐིབས་པ་སེལ། །སྣས་ནི་རྒྱུན་དུ་རིགས་བྱེད་ཤེས། །ལྕེས་ནི་སྨྲ་ལ་རབ་ཏུ་མཁས། །འདམ་བུའི་མེ་ཏོག་སྐད་འགགས་སེལ། །དུང་གིས་མིག་སྤྲིན་ཁྲག་ཅན་སེལ། །སྤོས་ཀྱིས་འཇིག་རྟེན་ལྷ་རྣམས་སྐྱོབ། །བུ་རམ་རྨ་དང་གྲང་བ་འཇོམས། །མིག་གིས་འཇིག་རྟེན་གསུམ་མཐོང་སྟེ། །སྐྲ་བསྲེགས་གཤོབ་ཀྱིས་སྐྲངས་པ་སེལ སོ་ཡིས་སོ་སྲིན་སྦྱོང་འགྱུར་ཞིང་། །སེན་མོས་ཡན་ལག་ཞ་བ་རེངས། །ལྷད་པ་ལྷད་ཟེར་བདུད་རྩིར་ཆེ། །བསྒྱུངས་པས་ལུས་དྲང་ལེགས་པར་འགྲུབ། །རླིག་པས་རིགས་རྒྱུད་འཕེལ་བྱེད་ཅིང་། །ཕོ་མཚན་གྱིས་ནི་རྩལ་དང་ལྡན། །ཙན་དན་དཀར་པོའི་རྩ་བ་ཡིས། །ཀླུ་ཡི་གདོན་རྣམས་འཇོམས་པར་བྱེད། །སྡོང་བུས་སྙིང་གི་རླུད་སེལ་ལོ། ཁུན་པས་སྦྲུལ་དང་འབུ་སྲིན་སྦྱོང་། །ཡལ་གས་བུད་མེད་བུ་རྙེད་དེ། །ལོ་མ་ཟོས་ན་ས་བོན་འཕེལ། །མེ་ཏོག་གིས་ནི་བརྒྱ་བྱིན་འགྲུབ། །འབྲས་བུས་རིམས་ནད་ཐམས་ཅད་སེལ། །ཐང་ཆུས་སྤྱིན་ལས་ཆར་པ་ཕེབས། །ཡན་ལག་རྣམས་ཀྱི་མཐུ་རྩལ་ནི། །ག་པུར་རྩ་བ་གཏན་ནས་སེལ། ཁུར་མས་མཁལ་མའི་ཆུ་སེར་འདྲེན། །བསེ་ཞོས་བད་ཀན་འཁྲུ་བར་བྱེད། ཁྲོན་བུས་བུས་པའི་ནུ་ཞོ་འདྲེན། །བྱར་བྱིད་རྩ་སྦུགས་ཁྲག་ནད་སེལ། །སེ་ནའི་ཐང་ཆུས་ཕོ་མཚན་འགྲེང་། ཁྲ་རི་རམ་མམ་ཐ་སྐར་གྱིས། །རུས་པ་རྡོ་རྗེ་སྲ་མཁྲེགས་བྱེད། །འབྲུག་གི་རུས་པས་རླུད་མཛེ་སེལ། །ཡན་ལག་གཞན་ཀྱང་ཡོན་ཏན་མཆོག །རེ་རེ་ལྡན་པར་དཔའ་བོས་བཤད། ཁམས་གསུམ་འཁོར་བའི་གཅོང་སྙིང་དང་། །དུག་རྣམས་སེལ་བར་བྱེད་བ་ལ། །སྨན་མཆོག་བསྒྲུབ་པར་ར་་ཏུ་བཤད། །དེ་སྐད་འགྲོ་བའི་གཉེན་གཅིག་པུ། །རྡོ་རྗེ་བདུད་རྩི་ཡང་དག་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།རྩ་བ་དང་ཡན་ལག་སྨན་འཇིག་རྟེན་གྱི་ཡོན་ཏན་དང་ལྡན་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་བདུད་རྩི་བདེ་བ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཧུ༷། བྱང་ཆུབ་སེམས་འདི་ཡེ་ཤེས་རང་བཞིན་ཏེ། །དྲི་མེད་རིན་ཆེན་ཆར་བཞིན་འབབ་པ་ལས། །འགྲོ་བ་ཀུན་བསྐྱེད་ཡིད་བཞིན་ནོར་བུའི་ཚུལ། །གདོད་ནས་དག་པས་བདུད་རྩིའི་རང་བཞིན་ལ། །གཉིས་མེད་སྦྱར་བས་རྡོ་རྗེ་རིགས་ཆེན་འགྲུབ། །ཆོས་དབྱིངས་ཡེ་ཤེས་འདི་ཉིད་ཡིན་པར་བཤད། །ཅེས་གསུངས་པས། སྣོད་བཅུད་ཐམས་ཅད་བདུད་རྩི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་སངས་རྒྱས་ཏེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་བདུད་རྩི་བདེ་བ་ཆེན་པོས་གསང་བ་དེ་ཁོ་ན་ཉིད་བདུད་རྩིར་དབང་སྒྱུར་བ་ཞེས་བྱ་བའི་དགོངས་པ་ལ་སྙོམས་པར་བཞུགས་ནས། འོད་ཀུན་དུ་འབྱུང་བས་ཐམས་ཅད་ལ་བྱིན་གྱིས་རློབ་པར་བསྒྲུབ་པ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་ཐུགས་ལས་ཕྱུང་ངོ་། །ཨོ་ཨུ༷༷ཧུ༷་བཛྲ་ས་ཏྭ་ཧུ༷། སརྦ་ཨེ་འུ་ཤུ་རྙེ། བཛྲ་ཨ་སྐྲོ་ཏ་སུ་ཁ་མ་ཧྭ་ཡོ་ག་ཧུ༷་ཙིསྟ་ཧུ༷། ཨོ་ཨུ༷༷ཧུ༷་ཨཀློ་བྷ་དེ་ཥ་ར་ཏི་ས་མ་ཡ་སྟུ༷། ཞེས་གསུངས་པས་སྣོད་བཅུད་ཐམས་ཅད་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་བས། ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་སུ་རྒྱས་ཐེབས་པར་གྱུར་ཏོ། །དེ་ལ་ཡང་འདི་སྐད་ཅེས་གསུངས་སོ། །ཉི་མའི་འོད་ཀྱི་དཀྱིལ་འཁོར་ལ། །བྱང་ཆུབ་སེམས་ཆེན་ཡི་གེ་ཧུ༷། །སྐྱོན་བྲལ་ཟླ་རྒྱས་ཁ་དོག་ལ། །ཡེ་ཤེས་འོད་ཀྱིས་མཐའ་མ་བསྐོར། །འབར་འཕྲོ་གློག་གི་ཚ་ཚ་འཕྲོ། །བརྗོད་པ་སེང་གེ་ངུར་བའི་གདངས། །མཚན་དཔེ་ལྡན་པའི་བདེ་གཤེགས་སྐུ། །ཡོན་ཏན་ཟད་མེད་རན་པོ་ཆེ། །ཐོགས་མེད་ཀུན་འདུལ་འཕྲིན་ལས་བདག །འདུ་འཕྲོ་ཀློང་དུ་བདུད་རྩི་བསྐྱིལ། །སྟོང་གསུམ་འཇིག་རྟེན་བན་དྷའི་སྣོད། །མཚན་ལྡན་བཀྲ་ཤིས་གཞལ་ཡས་ཁང་། །རྩ་ཡི་སྐར་ཁུང་ནམ་མཁའི་སྒོ། ཁྲེལ་གྱི་ཟར་བུ་བཅུད་ཀྱི་མཆོག །མི་བསྐྱོད་རྒྱལ་བའི་ཞིང་ཁམས་ན། །བི་ཌར་བཀོད་པའི་གཞལ་ཡས་སུ། །བྱུ་རུའི་བུམ་པ་མཐེ་བོང་ཙམ ཀ་ར་བྲི་རའི་ལྕུག་མ་ལ། །འཁྲིལ་ཏེ་བདེ་བའི་རོ་ཡིས་མཆོད། །རྡོ་རྗེ་བཀོད་པའི་ཞིང་ཁམས་སྦྱངས། །རྒྱལ་བའི་ཐུགས་ཀའི་བདུད་རྩི་བསྡུས། །སྟོང་གསུམ་འགྲོ་བ་ཞེ་སྡང་ཅན། །མི་འགྱུར་དཔལ་བེའུ་དབྱིངས་སུ་བསྒྲལ། །བགྲོད་པ་མེད་པར་ས་མཆོག་ནོན། །ཐམས་ཅད་བྱང་ཆུབ་སེམས་སུ་ཞུ། །གསང་བའི་དངོས་གྲུབ་དབྱིངས་སུ་བསྐྱིལ། །བརྟན་པ་རྩེ་ལྔའི་རྒྱ་ཡིས་བཏབ། །ཧུ༷་ཆེན་ཀློང་གིས་མཚན་མ་བྱས། །རྫས་ཀྱི་དངོས་པོ་འོད་ཀྱིས་བསྲེགས། །ཐིག་ལེ་ཉག་གཅིག་དབྱིངས་སུ་ཐིམ། །ཡེ་ནས་རྣམ་དག་ཡིན་པའི་དོན། །དོན་ལྡན་སྐྱེས་བུས་དེ་ལྟར་སྦྱངས། །ཞེས་གསུངས་པས་འཁོར་ཐམས་ཅད་རབ་ཏུ་བདེ་བའི་རོས་ཚིམ་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བྱང་ཆུབ་སེམས་སྦྱངས་པའི་སྔགས་དང་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་དེས། རབ་ཏུ་དགའ་བའི་མདངས་ཕྱུང་ནས། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ་བགད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་གསང་སྔགས་གསང་བའི་བདག །སེམས་ཅན་ཀུན་གྱི་གཉེན་གཅིག་པུ། །ཆུ་བོ་རབ་མེད་སྒྲོལ་བའི་གཟིངས། །བདུད་རྩི་བྱང་ཆུབ་སེམས་འདི་ལ། །གྲུབ་དང་མ་གྲུབ་ཁྱད་པར་གྱི། །རྟགས་རྣམས་བདག་ཅག་རྣམས་ལ་ཤོད། །སེམས་ཅན་རྣམས་ནི་རྨོངས་པས་ན། །དགེ་དང་མི་དགེའི་དོན་དག་ལ། ཤེད་ནི་མ་བྱེད་འ་ས་པས་ན། །བར་དུ་གཅོད་པས་ཡ་ཆའོ། །དེ་སྐད་གསོལ་པས་རྒྱལ་བའི་ཡབ། །བདུད་རྩི་དབང་སྒྱུར་བདེ་བ་ཆེས། །ཚངས་པའི་གསུང་ནི་འདི་སྐད་ཅེས། །འགྲོ་བ་བྱམས་པས་བཀའ་སྩལ་པ། །བདུད་རྩི་མཆོག་གི་བསྒྲུབ་པ་ལ། །བྱང་ཆུབ་སེམས་ནི་གྲུབ་པའི་རྟགས། །ཁྱེད་ལ་ཡང་དག་་བཤད་པར་བྱ། །འདི་ལ་གཙོ་ཆེར་འོད་འབྱུང་བས། །དེ་ཡི་ཁྱད་པར་འདི་ལྟ་སྟེ། །གྲུབ་པའི་འོད་དང་བར་ཆད་དོ། །དཀར་དང་དམར་ལ་སོགས་པའི་འོད། །རབ་ཏུ་གསལ་ཞིང་མདངས་དང་ལྡན། །སེམས་ཀྱང་དགའ་ཞིང་གཟེང་དང་ལྡན། །ལུས་ཡང་སྤྲོ་དང་བྱིང་རྨུགས་མེད། །དེ་དག་རང་སེམས་གྲུབ་པའི་རྟགས། །དབྱིབས་ཀྱང་ཉི་ཟླ་འདྲ་བ་དང་། །སྐར་མ་མེ་མར་འཇའ་ཚོན་འདྲ། །གློག་དང་མེ་སྟག་ཚ་ཚ་འདྲ། །སྐར་མདའ་འདྲ་དང་མེ་ཏོག་འདྲ། །ཡུད་ཙམ་ཟེར་དུ་སྟོན་པ་བཅུ། །སྟོང་གསུམ་ཁྱབ་ཅིང་ཡུན་རིང་གནས། །འཁོར་ཡུག་ཁྱབ་ཅིང་ཅུང་ཟད་གནས། །ཁང་པ་རྫས་བཅས་ཡུད་ཙམ་གསལ། །རབ་འབྲིང་ཐ་མར་ཤེས་པར་བྱ། །ཡང་དག་རྣལ་འབྱོར་ལས་བྱུང་རབ། །བདུད་རྩི་ལས་བྱུང་འབྲིང་དུ་བཤད། །རྫས་དང་གནས་ཁང་ལས་བྱུང་ན། །ཐ་མ་དག་ཏུ་རབ་ཏུ་བཤད། །དེ་དག་དགེ་བར་རབ་ཤེས་ནས། །རེ་དང་ཆགས་པའི་སེམས་སྤངས་ལ། །ཧུ༷་དུ་གསལ་བར་དམིགས་བྱས་ཏེ། །ཚིག་གིས་མཚོན་ཙམ་གདོན་མི་བྱའོ། །རྡོ་རྗེ་རིགས་ཀྱི་གཙོ་ཆེན་པོར། །བདག་ཉིད་རབ་ཏུ་གསལ་བསྒོམས་ཏེ། །ཉི་མའི་དབུས་སུ་ཧུ༷་བསྒོམས་ཏེ། །ཏིལ་འབྲུ་ཙམ་དུ་བསྒོམ་པར་བྱ། །རླུད་གི་ལྕགས་ཀྱུ་འོད་ལྟ་བུས། །རང་དབང་མེད་པར་བཀུག་ནས་སུ། །སྙིང་ཁར་བསྟིམ་པས་མགོ་ཞབས་སུ། །བྱང་ཆུབ་སེམས་ཀྱིས་ཁྱབ་བྱས་ཏེ། །ལོག་པར་བརྟགས་པའི་དྲི་མས་སྦྱངས། །ཏིལ་འབྲུ་མར་དང་ལྡན་པ་བཞིན། །གསལ་ལ་བརྟན་པ་ཕབ་བྱས་ཏེ། །རང་གི་གནས་སུ་བསྐྱིལ་ལ་གཟུང་། བརྟན་ནས་རྗེས་སུ་དྲན་པ་ཡིས། །སྤྲོ་དང་བསྡུ་བས་ཡང་ནས་ཡང་། །ལས་སུ་གྱུར་པར་ནན་ཏན་བྱའོ། །ཨེ་མ་རང་རིག་སེམས་ཀྱི་དོན། །རྣམ་དག་བྱང་ཆུབ་སེམས་ཡིན་ཏེ། །འོད་ལྟར་གསལ་བའི་དངོས་པོ་གང་། །དེ་ནི་བདག་སྟེ་ཧུ༷་ཡིན་ནོ། །ཞེས་པས་ཡང་ཡང་ནན་ཏན་བྱ། །དེ་ལས་གཞན་པའི་འོད་དག་ནི། །ནག་དང་མི་གསལ་མོག་མོག་པོ། །འུར་ཙེག་ཟེར་དང་དམན་དང་འཐིབས། །རློན་བྲོ་གཉིད་ཀྱི་དབང་གྱུར་ན། །བར་ཆད་བྱེད་པར་ཤེས་པར་བྱ། །དེ་ནི་ནག་པོ་ལྟོ་འཕྱངས་ཏེ། །རང་གི་སེམས་ལས་བརྟགས་པའི་བདུད། །དེ་བཟློག་དོན་དུ་བཟློག་པ་ཡི། །བདུད་བརྩི་འཁྱིལ་བ་བརྒྱ་རྩ་བརྒྱད། །ཡང་ནས་ཡང་དུ་བསྲེག་པར་བྱ། །ཡང་ན་རྡོ་རྗེ་ཧུ༷་བཞི་པའི། །གསང་སྔགས་བརྒྱ་རྩ་བརྒྱད་དུ་བཟླས། །ཡང་ན་སེམས་ཀྱི་རྩད་བཅད་དེ། ཁ་དོག་དབྱིབས་དང་རྟགས་པའི་མིང་། །ཀུན་ཀྱང་མི་རྟོག་ཆོས་ཀྱི་དབྱིངས། །སྐྱེ་འགག་མེད་པའི་དོན་བསྒོམ་བྱ། །དེས་ནི་རྣམ་རྟོག་རྩད་ཆོད་ནས། །བདུད་རྩི་བདེ་བ་མཆོག་ཐོབ་འགྱུར། །དེ་སྐད་དཔའ་བོ་བདུད་རྩི་མཆོག །རྨད་བྱུང་གིས་ནི་བཀའ་སྩལ་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་བྱང་ཆུབ་སེམས་གྲུབ་མ་གྲུབ་ཀྱི་རྟགས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་སེམས་དཔའ་རྡོ་རྗེ་རྣོན་པོས་གསོལ་བ། བཅོམ་ལྡན་འདས་འགྲོ་བའི་མགོན་པོ་བཤད་དུ་གསོལ། བདུད་རྩི་བྱང་ཆུབ་སེམས་ར་ས་ཡ་ན་འདི་ལྟ་བུ་སྒྲུབ་པ་དེས། སྤྱོད་པ་ཇི་ལྟ་བུ་ཞིག་ལ་སྤྱད་པར་བགྱི་བདེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་ལྟ་བུའི་བསྒྲུབ་པ་ལ་གནས་པས་སྦྱོད་པ་ནི་འདི་ལྟ་བུ་ལ་གནས་པར་བྱའོ། །བླ་མེད་མཆོད་དེ་བདུད་རྩི་ཆེས། །བླ་མ་བཀུར་ཏེ་འདོད་ཡོན་ལྔས། །དམ་ཚིག་ལུས་གཡོ་ངག་བྲལ་ཡིད། །གསོག་མེད་པར་ནི་བསྲུང་བར་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །བྱང་ཆུབ་སེམས་ཉིད་མི་གཏང་ཞིང་། །ཀུན་རྫོབ་སེམས་ཀྱང་མི་དོར་ཕྱིར། །དེ་ལ་ཡང་དག་ནན་ཏན་བྱ། །བུད་མེད་ཤེས་རབ་རིགས་ཀྱི་ལྷ། །ཀུན་ཏུ་བཟང་མོ་བྷ་གའི་ཀློང་། །འདུ་འབྲལ་མེད་པར་མཉེས་པར་བྱ། །སེམས་ཅན་ཆེ་ཕྲ་གང་ཡང་་རུང་། །བྲེད་ཅིང་དངས་དང་གཙེ་མི་བྱ། །སྲོག་འཕྲོག་པ་ལྟ་ག་ལ་སྲིད། །འདུ་བ་བཞི་ཡིས་གདུངས་པ་ཡིས། །སེམས་ཅན་རྣམས་ལ་སྙིང་བརྩེ་བར། །བྱས་ཏེ་གང་དང་གང་དག་ལ་། །ཕན་པའི་སྨན་རྣམས་སྦྱིན་པར་བྱ། །ཞུ་རྗེས་བཅད་དེ་མི་གནོད་པའི། །སྨན་རྣམས་བཏགས་ཏེ་རྩི་མང་དང་། །བུ་རམ་དག་དང་ལྡན་བྱས་ཏེ། །སྲོག་ཆགས་མང་པོ་འདུ་བ་ཡི། །མཚོ་འམ་འབབ་ཆུ་རྫིང་ཆེན་པོར། །དོར་ཏེ་ཆགས་མེད་སྦྱིན་པར་བྱ། །ཟས་སྐོམ་གོས་སམ་གནས་དག་གིས། །ཉེན་པའི་འགྲོ་གང་ཉམ་ཐག་ལ། །ཉེ་དུའི་འདུ་ཤེས་བཞག་ནས་ནི། །གང་གི་སྒོ་ནས་ཕན་པར་བྱ། །དེ་ཡི་སྟོབས་དང་མི་ལྡན་ནའང་། །སྙིང་རྗེའི་ཤུགས་ཀྱིས་གདུང་བ་བསྐྱེད། ཁོང་ཁྲོ་གཤེ་དང་བརྒྱད་མི་བྱ། །དེས་ནི་བྱིན་དང་བསོད་ནམས་འདྲ། །སྲོག་གི་ཉེན་པ་མཐོང་བས་ན། །རང་གི་སྲོག་ལ་བབ་ཀྱང་ནི། དེ་ལ་ཕན་པའི་ཆོ་ག་བྱ། །བརྫུན་སྨྲས་པ་ལའང་ཉེས་པ་མེད། །དཀོན་མཆོག་མཆོད་ཅིང་བཀུར་བ་བཞིན། །ཕ་དང་མ་ལ་དེ་བཞིན་ནོ། །དེ་དག་པས་ཀླང་བླ་མ་ལྷག །ནགས་སམ་གངས་སམ་ཆུ་འགྲམ་དུ། །བྱང་ཆུབ་སེམས་ཀྱི་རིགས་སྐྱེས་པའི། །སྨན་དག་མཐོང་བར་གྱུར་པ་ན། །དེ་ལ་རབ་ཏུ་དགའ་སེམས་ཀྱིས། །ཁྱེར་ཏེ་བདག་གི་གནས་སུ་བཞག །ཐོར་ཐོ་བར་བུར་མི་བསྐྱེར་བར། །དེ་ཉིད་ཁུང་བུར་བཅུག་ནས་ནི། །ས་དེ་ཉིད་ཀྱིས་སླར་ལ་གཡོག །སེ་གོལ་བརྡབས་ཏེ་འདི་སྐདདུ། །དེབཞིནཉིདཀྱིབདེན་པ་དང་། །བདུད་རྩི་ཆེན་པོའི་བྱིན་བརླབས་ཀྱིས། །སླར་ཡང་སྐྱེ་བར་གྱུར་ནས་སུ། །འགྲོ་བའི་ནད་རྣམས་སེལ་བར་ཤོག །དུག་ཀྱང་རྒྱུན་ཆད་མ་གྱུར་ཅིག །གྲྭ་ཧྭ་ཞེས་ནི་བརྗོད་པར་བྱ། །སེམས་ཅན་ཕན་ཕྱིར་མ་གཏོགས་པ། །མ་བརྟགས་གང་ཡང་བྱ་བ་མིན། །སྤྱོད་པ་བླ་མེད་དོན་ལྡན་བདག །བོར་ནས་བདུད་རྩི་བཏུང་བྱས་ཀྱང་། །བླ་མེད་འགྲུབ་པར་མི་འགྱུར་བས། །སྤྱོད་པ་མཆོག་ལ་ནན་ཏན་བྱ། །དེ་སྐད་བཅོམ་ལྡན་བདུད་རྩི་ཆེ། ཕན་བྱེད་མགོན་གྱི་བཀའ་སྩལ་པས། །སེམས་དཔའ་ཆེ་སོགས་འཁོར་རྣམས་ཀུན། །བག་མེད་རྩིང་པོའི་ལས་བོར་ནས། །སྤྱོད་པ་མཆོག་ལ་ནན་ཏན་དུ། ཁུར་ནས་ཐལ་སྦྱར་སྤྱན་སྔར་འཁོད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྱོད་པ་མཆོག་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་བདེ་བ་ཆེན་པོས། མེ་ལོང་ལྟ་བུ་ཡེ་ཤེས་ཆེན་པོ་མུན་པ་སེལ་བ་ཞེས་བྱ་བའི་དགོངས་པ་ལ་བཞུགས་ཏེ་ཅང་མི་གསུང་བ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས་འཁོར་དེ་དག་ལ་སྦྱན་གྱི་ལྟ་ཟུར་གྱིས་བལྟ་ན། ཐམས་ཅད་རང་བཞིན་རབ་ཏུ་གནགས་ནས་འཁོད་པ་མཐོང་ངོ་། །དེ་ནས་འཁོར་དེ་ན་བདུད་རྩི་དབང་ཕྱུག་འོད་མཆོག་འཕྲེང་ཞེས་བྱ་བ་ཞིག་ལྷ་མོ་རབ་ཏུ་གཟུགས་བྱད་བཟང་ཞིང་། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཏེ། །ལག་པ་གཉིས་ཀར་མྱུར་བར་བསྒྱུར་ཞིང་རངགིཔད་མའི་སྟན་ལསལངས་ནས། འཛུམ་པའི་མདངས་དམུལ་ཏེ་སེམས་དཔའ་རྡོ་རྗེ་རྣོན་པོ་ལ་འདི་སྐད་ཅེས་སྨྲས་སོ། །སེམས་དཔའ་ཆེན་པོ། བཅོམ་ལྡན་འདས་ནི་སེམས་ཅན་གྱི་ཁམས་ཐམས་ཅད་བདུདརྩིའི་དབྱིངས་ལབཀོད་ཟིན་ཅིང་དགོངས་ནས་ཅང་མི་གསུང་བར་བཞུགས་ན། ད་དུང་འཁོར་འདི་བའི་ཚོགས་དང་ཁམས་གསུམ་བསམ་གྱིས་མི་ཁྱབ་པ་ན་གནས་པའི་སེམས་ཅན་གཏི་མུག་ཅན་ཐམས་ཅད་དདུང་གཅིག་ཀྱང་གྲོལ་བར་མགྱུར་ར། ་ར།སདཔའ་ཆེནཔོ་ཁྱོད་དཔའ་བོ་ཆེན་པོ་ལ་གསོལ་བ་དང་བསྐུལ་བ་མི་བྱེད་པ་དེ་ཅེས་སྨྲས་པ་དང། །བྱངཆུབ་སེམས་དཔས་སླར་སྨྲས་པ། བདགགིས་ནི་དོན་མངདུ་ཞུས་པས་བཀས་གནང་བའང་མཛད་ལ། སེམས་ཅན་གྱི་མཛདཔའང་མཛད་ཟིན་ན། ཅི་ཁྱོད་ཀྱིས་ཞུ་བ་སྤོབས་ཤིག །ལྷ་མོས་སྨྲས་པ། བདག་གིས་ཀྱང་ཞུ་བ་མི་སྤོབས་པ་མ་ཡིན་ཏེ་སྤོབས་མོད་ཀྱང་།སེམས་དཔའ་ཆེནཔོ་ཁྱོད་ནི་ཤེས་རབ་མཆོག་ཏུགྱུར་པས་བྱ་བཐམས་ཅདལ་མ་རྨོངས་ཤིང་། བདེབར་གཤེགས་པས་ཀྱང་བྱིན་གྱིས་བརླབས་ཏེ་སྲས་ཀྱི་དམ་པ་ཁོ་ནར་མཛད་པས་ཞུ་བ་སྤོབས་པ་ཅནཀྱང་ཡིན་ལ།བདག་ཅག་ཀྱང་དེ་ཁོན་ལྟར་སྤྲོ་བས། སེམས་དཔའ་ཁྱོད་ཀྱི་ཞུས་ཤིག་།ཅེས་སྨྲས་པདང་། འཁོར་ཐམས་ཅད་ཀྱིས་ཀྱངདེབཞིནནོཞེསསྨྲསསོ། །དེ་ནས་སེམས་དཔའ་དེས་རང་གི་ཤེས་རབཀྱི་རལ་གྲིསཁམས་གསུམ་གྱི་སེམས་ཅན་རབ་ཏུ་རྨོངས་པ་རྣམས་ལ་བཏབ་སྟེ། གཏི་མུག་གི་དྲ་བ་ཅི་ཡོད་པ་རྣམས་ཁྲག་མེད་པར་བརྡལ་ཏེ། །རང་རང་གི་སེམས་ཀྱི་སྣང་བ་ལྟར་བཅུག་སྟེ། རལ་གྲི་དེ་སྟན་ལ་བཞག་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་གསོལ་པ། ཀྱེ་མ་བཅོམ་ལྡན་ཐུགས་རྗེའི་བདག །མ་རིག་རྒྱ་མོ་ཆུད་པ་ཡིས། །གཏི་མུག་མུན་པར་འ་ས་པ་རྣམས། །སངས་རྒྱས་ས་ལ་ལྷུན་གྲུབ་ཕྱིར། །དེ་ཡི་དོན་རྣམས་བཤད་དུ་གསོལ། །གཏི་མུག་སེམས་ལས་ཐ་དད་མིན། །མེ་ལོང་ལྟ་བུར་གསལ་དག་ཅིང་། །དྲི་མ་མ་སྤངས་དེ་ཉིད་ཅེས། །གསུངས་དོན་བདག་ཅག་རྣམས་ལ་ཤོད། །བཅོམ་ལྡན་བདུད་རྩིས་བཀའ་སྩལ་པ། །སེམས་ལས་གཏི་མུག་ཐ་དད་པར། །འཛིན་པའི་འགྲོ་བ་བླུན་པོ་སྟེ། །ངེས་ནི་བྱང་ཆུབ་ཐོབ་པར་དཀའ། །དཔེར་ན་ཆུ་དང་ལན་ཚྭ་གཉིས། །གཅིག་སྟེ་རྣམ་པ་མེད་པ་ལ། །འབྱེད་པར་འདོད་པ་དེ་ནི་འཕྲུལ། །དེ་བཞིན་སེམས་ལོགས་གཏི་མུག་ཅེས། །སྤང་དང་བླང་པར་བྱེད་པ་ནི། །ངོ་བོ་ཉད་ལ་ཡོངས་མ་གྲུབ། །སེམས་ཉིད་ཅིར་ཡང་མི་སེམས་ཤིང་། །ཅི་ལའང་འཇུག་པ་དང་བྲལ་ལ། །རྣམ་གྲངས་ངེས་པའི་བདག་ལ་རྨོངས། །གཏི་མུག་ཅེས་ནི་ཐ་སྙད་བཏགས། །ཇི་ལྟར་བཏགས་ཀྱང་དཔག་དཀའ་སྟེ། །དཔེར་ན་མཆོག་རབ་ལྷུན་པོ་ལ། །ཕྲ་རབ་རྡུལ་དུ་བཤིག་བྱས་ནས། །གྲངས་ཀྱི་ངེས་པར་བྱེད་པ་འདྲ། །གཏི་མུག་ཅེས་སུ་གཏགས་པ་ཉིད། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །མི་རྟོག་པ་ལ་ཐམས་ཅད་གསལ། །དེ་ཉིད་བདེ་བར་གཤེགས་པའི་རིགས། །རྣམ་པར་སྣང་མཛད་རྒྱལ་བའི་གཙོ། །སྤངས་པས་མི་སྤོངས་ནང་སྦྱངས་ཤིང་། །དེ་ཉིད་དབྱིངས་སུ་ཐག་གཅད་ཕྱིར། །ལུས་ལས་བྱུང་བའི་འདྲི་ཆེན་པོ། ཁྲེས་རབ་ཅན་གྱི་དང་དུ་བླང་། །སྤངས་པས་མི་སྤོངས་གྱུར་པ་ནི། །དཔེར་ན་ཉི་མའི་སྙིང་པོ་ལ། །མུན་པའི་གཞི་ནི་ཅུང་ཟད་ཙམ། །མེད་དེ་ཡེ་ནས་གསལ་དག་ཀྱང་། །མཁའ་ལས་བྱུང་བའི་སྤྲིན་ཆེན་པོས། །གཏིབས་པས་གསལ་བར་མ་གྱུར་ཀྱང་། འོད་ལ་དབྱེ་བསྲི་མིང་མེད་དེ། །ཐུགས་རྗེའི་སྣང་བ་ཤར་གྱུར་ཀྱང་། །རི་ནག་པོ་ཡིས་བསྒྲིབས་བྱས་ནས། །གླིང་བར་དག་ན་མི་སྣང་བཞིན། །གཏི་མུག་ཅེས་པའང་དེ་དང་འདྲ། །དེ་ཉིད་བསལ་བར་བྱ་བའི་ཐབས། །བླང་དང་དོར་བ་དབྱིངས་ཉིད་དུ། །གཅིག་པས་བཅུ་དང་སྙིགས་མ་ཞེས། །སྤང་བླང་མེད་པས་དང་དུ་བླང་། ཁུ།་ཉིད་གཙང་ལ་འབྲས་བུ་ནི། །མི་གཙང་བར་འཛིན་འགྲོ་བ་འཁྲུལ། །འབྲས་བུ་གཙང་ལ་རྒྱུ་ཉིད་ནི། །མི་གཙང་དེ་ཡང་ག་ལ་རིགས། །རྒྱུ་དང་འབྲས་བུ་དབྱེ་མེད་དེ། །རྒྱུ་གཙང་འབྲས་བུ་དག་ཀྱང་གཙང་། །བཟློག་པ་དག་ཀྱངདེབཞིནབས། ཁུ།འབྲས་གཉིས་ལ་སྤང་བླང་མེད། །དེ་བས་ཐེག་ཆེན་བླ་མེད་འདིར། །ཐམས་ཅད་ཆོས་ཉིད་བརྡལ་བ་སྟེ། །དེ་ལྟར་མ་རྟོགས་བསྒྲལ་བ་དང་། །བཤང་བ་མཆོག་ཏུ་འཛིན་བྱེད་ཅིང་། དེ་ལ་ཞེན་རྣམས་དག་བྱའི་ཕྱིར། །མཚན་ཉིད་ཁོང་དུ་ཆུད་བྱས་ལ། །དེ་ནས་དྲི་ཆེན་བསྒྲུབ་པར་བྱ། །དེ་སྐད་བདུད་རྩི་མཆོག་ཉིད་ཀྱིས། །གཏི་མུག་ཅན་རྣམས་བསྒྲལ་ཕྱིར་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དྲི་ཆེན་པོའི་རང་བཞིན་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་སེམས་དཔའ་རྡོ་རྗེ་རྣོན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་རྡོ་རྗེ་བདུད་རྩི་ཆེ། །ཀུན་རྫོབ་སྒྱུ་མའི་ཚུལ་ཙམ་དུ། །བདུད་རྩི་དྲི་ཆེན་བཙལ་བའི་ཐབས། །བདུད་རྩི་བདེ་བས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །བདུད་རྩི་རྒྱུན་ཆེན་ཞེས་བྱ་བའི། །ཏིང་འཛིན་མཆོག་ལ་བཞུགས་ནས་ནི། །དྲི་ཆེན་བཙལ་བའི་ཐབས་བཤད་དོ། །རྣལ་འབྱོར་དེ་བཞིན་ཉིད་རྟོགས་ནས། །བསྒོམ་དང་སྒྲུབ་ལ་དད་མོས་པས། །བདག་མེད་པ་ལ་གནས་པར་བྱ། །དེ་ལས་གཡོས་དང་བསྐྱོད་མེད་པར། །རྣམ་པར་སྣང་མཛད་ཡབ་ཡུམ་དུ། །འདྲིས་ཤིང་གོམས་པར་ནན་ཏན་བྱ། །ཡང་ན་བྱིན་པའི་ལྷ་བསྒོམས་ཏེ། །འདོད་པ་ལྔ་ཡིས་བདག་མཆོད་དེ། །གསང་སྔགས་བཟླས་པ་རྒྱུན་མི་གཅད། ཁར་མ་དཀར་པོ་དང་བཅས་པའི། །ཞོ་དང་འོ་མ་མར་དག་དང་། །ཙིསྟ་ཀྲ་དང་བཅས་པར་བཟའ། །ལུས་ཀྱི་སྟོབས་རྣམས་བསྐྱེད་པའི་ཕྱིར། །ཆང་ཡང་བག་ཙམ་བ་་བར་བྱ། །གངས་དང་ནགས་ལ་གནས་པ་ཡི། །དྷ་ན་ཀ་ཡི་ཤ་ཡངབཟའ། །གཞན་ཡང་མ་ཧེ་མེ་ཤ་ཀ །ཨེརྒྱ་ཡ་ལ་སོགས་པའི་ཤ །ཏིལ་མར་རྩི་མར་ལ་སོགས་དང་། ཁྲེང་ཀུན་པི་པི་ལིང་བཅས་པར། །བཅོས་ནས་རང་གིས་ཚོད་བཟུང་སྟེ། །བག་ཡངས་པར་ནི་བཟའ་བར་བྱ། །འདུ་བའི་ནད་ལ་མི་གནོད་པའི། །སྨན་རྣམས་བཟའ་ཞིང་བསྐུས་པ་བཏུང་། །ཐང་ལག་སྙོམས་པར་བགོ་བར་བྱའོ། །ལུས་དང་ཁོང་པ་ལ་གནས་པའི། །སྲིན་བུ་སྦྱངས་པའི་ཆོ་ག་བྱ། །ཏིལ་མར་གུར་ཀུམ་བཅས་པ་ཡིས། །ཉིན་རེ་ཞིང་ནི་བསྐུ་བར་བྱ། །དེ་ནས་སྤྱི་བོར་ཟླ་སྟེངས་སུ། །གནས་པའི་འོད་ཀྱིས་རྣམ་སྣང་མཛད། །སྤྱན་དྲངས་མཆོད་དེ་ཁར་ཐིམ་ནས། །ཟས་དང་དབྱེ་མེད་ཞུ་གནས་སུ། །འོད་དུ་ཞུ་ནས་དྲི་ཆེན་དུ། །གྱུར་ནས་སེམས་ཅན་དོན་དུ་དབྱུང་། །བཟའ་བཏུང་བྱེ་བྲག་ཐམས་ཅད་ཀུན། །རྗེས་སུ་མཐུན་པར་བྱིན་བརླབས་ཏེ། །རང་གི་ལྷ་ལ་མཆོད་པར་བྱ། །འོད་ཞུ་དྲི་ཆེན་སྣང་མཛད་དུ། །གྱུར་ཏེསེམས་ཅན་དོན་བྱའོ། །གསེར་དངུལ་ཟངས་ལྕགས་མཁའ་རའི་སྣོད། །ཐ་མའང་རྫ་སའི་སྣོད་དུ་བླུགས། ཁྲེང་གི་སྣོད་དུ་མི་བླུགས་སོ། །འབུ་སྲིན་སྦྲང་མ་ལ་སོགས་པ། །གཅིག་ཙམ་ཡང་ནི་མི་གནས་པར། །ས་ལ་བྱི་དོར་ལེགས་བྱས་ཏེ། །ལྕི་བ་མར་དང་འོ་མ་གཅིན། ཁ་ཆས་ཡང་ནས་ཡང་བྱུགས་པར། །གཙང་མའི་རས་ལ་སྐམ་པ་ནི། །རུལ་པ་ལ་སོགས་སྐྱོན་མེད་བྱ། །དེ་ལྟར་བསྐེམས་པར་གྱུར་པ་དང་། །ལྕགས་ག་་ལ་ནི་ཞིབ་པར་བརྡུངས། །རྫ་ས་ལ་ནི་བྱས་པའི་སྣོད། །ཨུ་རྒྱན་གྱི་ནི་བྲེ་ཚད་གང་། །གཅིག་ནི་བུམ་པ་ལྷ་བུ་ལ། །གཉིས་ནི་ཐོད་པ་ཟླུམ་པོ་འདྲ། །ཅུང་ཙམ་སོར་བཞི་ཟླུམ་པོ་ཡི། །བུ་ག་ཞབས་ན་ཡོད་པར་བྱ། ཁ་དང་ཞབས་སུ་བསྡམས་བྱས་ཏེ། །ལན་ཚྭ་མེད་པའི་ཆུ་བྲེ་གང་། །བར་དུ་ཀུ་ཤའི༷ ་འཁོར་ལོ་བཞག །སྟེང་དུ་བདུད་རྩི་བྲེ་དོ་བླུགས། །རྒུན་ཐིས་ལོ་མ་ཀུ་ཤ་ཡིས། །བཅད་ན་ཀསྦ་བེ་ར་འམ། །བེ་ཤིང་མེ་ཡིས་བཙོ་བར་བྱ། །ཇི་སྲིད་མ་ཚོས་བར་དུ་ནི། །སྔགས་འདི་བར་ཆད་མེད་པར་བཟླས། །ཨཱོཾ་བུརྙ་ས་མན་ཏ་པརྩི་ཨ་མྲི་ཏ་ཧ་ཧ་བ་སུ་ཊ་པ་ཏྲ་ཧུ༷། ཕྱི་རོལ་མར་དུ་བཙོས་འདྲར་བྱུང་། །ཚོས་པའི་རྟགས་སུ་བསྟན་པ་སྟེ། ཁེང་ལོ་དག་གི་སྟེང་དུ་དབབ། །ཇི་སྲིད་གྲངས་པར་གྱུར་པ་ན། ཁ་ཞབས་ཕྱེ་ལ་གནས་དབེན་བཞག །དེས་ནི་ཤུ་བ་གཡོན་ཅན་དང་། །མཛེ་ནད་བཅོ་བརྒྱད་ངེས་པར་འཇོམས། །འོག་གི་སྣོད་ན་བདུད་རྩི་ནི། །ཆུ་ལ་ཆུ་བཞག་དཀར་ལ་འཚེར། །གཟུང་༷བས་ཟིན་པར་མི་འགྱུར་ཏེ། །དཔེར་ན་གུར་ཀུམ་ཆུ་བཞིན་ནམ། །དངུལ་ཆུ་དག་པ་བཞིན་དུ་འགྱུར། །བཀྲ་ཤིས་ཐོད་པ་གསེར་སྣོད་དུ། །བླུགས༷་ཏེ་དུ་རུ་ཀ་ཡི་བཅུད། །ལྡེ་གུར་བྱས་པ་དག་དང་བསྲེ། །ཟླ་སྟེང་ཨཱོཾ་འབར་འཁོར་ལོ་བཅས། །འབར་འཕྲོ་དེ་བཞིན་གཤེགས་བཀུག་སྟེ། །བདུད་རྩིར་བཅས་པ་དེ་ལ་བསྟིམ། །གསང་སྔགས་ཅི་མང་བཟླས་པ་ནི། །ཨཱོཾ་བི་རོ་ཙ་ན་བུད་དྷ་ལོ་ཙ་ན་ཁ་ལ་ཤུ་རྒྱ་ཏྭ་སྭ་བྷ་བ་ཨོ། དེས་ནི་ཡོན་ཏན་དཔག་མེད་འགྲུབ། །ལུས་ལ་བསྐུས་ན་གཉེར་མ་མེད། །བཀྲག་དང་ལྡན་ཞིང་གཤོན་ཤ་ཆགས། །མགོ་ལ་བསྐུས་ན་སྐྲ་དཀར་མེད། །མིག་རྣོ་ཨུ་དཔལ་མཐིང་ཀ་འདྲ། ཁ་རུ་འཐུངས་ན་སོ་སྐྱེ་སྟེ། །ལྕེ་ཡང་པད་མའི་འདབ་འདྲ་ཞིང་། །སྐད་སྙན་ངང་པ་གཞོན་ནུ་འདྲ། །རྣ་བས་རིགས་དྲུག་རང་སྒྲ་རྣ༷མས། །དམ་ཆོས་བདུད་རྩི་སྐད་དུ་ཐོས། ཁོང་དུ་འཐུངས་ན་ནད་རྣམས་མེད། །ཚེ་ནི་རང་ཉིད་ཅི་དགར་གནས། །རྟག་ཏུ་ས་བོན་འཕེལ་འགྱུར་ཏེ། །རྟ་དང་གླང་པོ་ཅང་ཤེས་བཞིན། །དཔྲལ་བར་ཐིག་ལེ་ཉི་རེ་བྱ། །ཨཱོཾ་འབར་ཟླ་བའི་གདན་ཅན་བསྒོམ། །ལྷག་མ་བསྒྲུབ་པའི་རྫས་སུ་བཞག །མ་འོངས་ཀུན་ལ་སེམས་ཀྱིས། །དྲི་ཆེན་བཙལ་བའི་ཐབས་མཆོག་འདི། །བསྒྲུབ་པ་པོ་ཡི་དོན་དུ་བཤད། །ཐེག་པ་དམན་ལ་རབ་དད་ཅིང་། །རྨོངས་པ་རྣམས་ལ་སྦ་བར་བྱ། །བསྟན་ན་ཉམས་ཏེ་དམྱལ་བར་འགྲོ། །དེ་སྐད་ཕན་མཛད་བདུད་རྩིས་གསུངས། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆེན་བཙལ་བའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་སེམས་དཔའ་རྡོ་རྗེ་རྣོན་པོ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་བདུད་རྩི་རྨད་དུ་བྱུང་བ་དྲི་ཆེན་པོ་དེ་ལ་རྩ་བ་དང་ཡན་ལག་ཏུ་གྱུར་པ་དག་མཆིས་སྲིད་ན་ཡང་དེ་དག་ངོས་གཟུང་ཞིང་བཙལ་བའི་ཐབས་བདག་ཅག་ལ་བཤད་དུ་གསོལ།དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ཏེ། །ཀུན་ལ་རབ་ཏུ་མཁས་པས། དྲི་ཆེན་གྱི་རྩ་བ་དང་ཡན་ལག་རྣམས་བཤད་ཀྱིས་ཉོན་ཅིག །བདུད་རྩི་དམ་པ་དེ་ཉིད་ནི། །དེ་བཞིན་ཕྱི་ནང་གསང་བ་ཡི། །རྩ་བ་བརྒྱད་ཡང་དག་ལྡན། །གཏི་མུག་ཅན་གྱི་སེམས་ཅན་དེའི། །དབང་པོ་བཞི་དང་ཡུལ་བཞི་བརྒྱད། །དེ་ཡི་རྫས་སུ་བྱ་བ་ནི། །ཕག་པའི་མིག་རྣ་སྣ་དང་ལྕེ། །མི་གངས་མེ་ཏོག་ཕན་ཙན་དང་། །བྱ་རྒོད་སྤོས་དང་ཏིག་ཏ་བརྒྱད། །ནང་གི་མངོན་པ་ཕྱི་དང་ནང་། །ཀུ་ཀུ་ར་དང་ཕུག་རོན་དང་། །ཉ་དང་རང་ཤི་བམ་གྱི་བཞིའོ། །སྦས་པ་ནང་གི་དྲི་ཆེན་བཞི། ་སྣྲུ་ལྔ་བསྒྲལ་བའི་བླ་མའི་དང་། །དྲང་སྲོང་དབེན་དང་ཚིག་མཐུན་ཕག །དེ་ལྟར་བརྒྱད་དུ་བསྟན་པ་ནི། །ཕྱི་ཡི་རྩ་བར་བསྟན་པ་ནི། །ཨ་ཀ་རུ་ཡི་རྩ་བ་དང་། །སྡོང་བུ་ཤུན་པ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། །ཐང་ཆུ་དང་ནི་རྣམ་པ་བརྒྱད། །དེ་ལྟར་ཉི་ཤུ་རྩ་བཞི་ནི། །དྲི་ཆེན་གྱི་ནི་རྩ་བའོ། །དེ་ཡིས་ཡན་ལག་བཤད་པར་བྱ། །བརྒྱད་ནི་དམ་པའི་ནི་རུ་ཧ། །ཛ་ཏི་པ་ལ་བོ་ང་སེར། །ཡུངས་ཀར་ཚེར་སྔོན་སྐྱེར་བ་དང་། །ཡུང་བ་ནཱ་ག་པུས་པ་དང་། །ལུག་རུ་སེར་པོ་དག་དང་བརྒྱད། །ལྷ་མ་རྩ་བ་རེ་རེའང་བརྒྱད། །སྔར་བཤདབཞིནདུཤེསཔརབྱ། །དེ་ཡང་སྤང་སྐྱེས་བྷ་ཧུ་དང་། །ཨམ་བ་ས་དང་མི་གཡོ་བ། །སོན་ཀྱ་ར་ལ་རེ་ཀ་དང་། །ཀླེ་ར་ཚ་དང་པན་ཙེ་ས། །གིམ་སྟི་རི་རྟི་དག་དང་བརྒྱད། །ཀ་ཤོ་ཀན་དྷའི་མེ་ཏོག་དང་། །ལུག་ངལ་མེ་ཏོག་ཤ་ར་ཀིའི། །རྟ་རྗོན་ཛ་ཏི་བ་ད་དང་། ཁྲ་ཤོ་ས་རི་ཀིའི་དང་། །གྲན་ཏ་དང་ནི་ཝ་ལ་སེ། །དེ་ལྟར་བརྒྱད་ཀྱི་མེ་ཏོག་བརྒྱད། །རྣ་བའི་སྟོངས་དང་འཕྲད་ཡིན་ནོ། །སྲི་ཤིང་སྡོང་བུ་ཤུན་པར་བཅས། །བྱིད་སང་དུར་བྱིད་སེར་པོ་དང་། །ཨེ་ར་ཏ་དང་ནི་སྤྲ་དང་། །ཡོ་རི་ཀ་དང་ཤག་ས་ན། །ཨི་མིན་ཛ་དང་བརྒྱད་ནི་སྣ། །ལྕེ་ཡི་བ་དོ་ལེ་དང་ནི། །བ་མི་་་་་ཀྱི་རྩེ་་་འི། །མེ་ཏོག་དང་ནི་དུག་མོ་ཉུངས། །ཀན་དྷ་ཀ་རི་བ་ཤུ་ཀ། །སེན་ཏ་ས་ར་ཛ་ཏི་ཀའི། །མེ་ཏོག་དག་དང་བརྒྱད་ཀྱིས་བྱ། །མི་གངས་བས་ཀྱི་བུ་རམ་གྱི། །ས་བོན་མེ་ཏོག་ཀ་ནེ་དང་། །སྦྲང་མ་མེ་ཏོག་སྔོ་འཇིབ་རྩི། །ཕུབ་ར་དང་རུ་རག་ཤ་དང་། །སླེ་ཏྲེས་ག་མུ་བྱ་ཉ་དང་། །ཨ་གེ་ཙ་རྣམས་དགོད་པར་བྱ། །པན་ཙན་གྱི་ཡང་གཟེ་མ་དང་། །གན་དྷ་པ་ཏྲ་སི་ར་ཏ། ཁྲེ་ཤ་ཧྭ་དང་ལན་ཙའི། །མེ་ཏོག་མེ་ཏོག་བ་ཤི་ཀ །བི་དང་ཀ་དང་བརྒྱད་ཡིན་ནོ། །བྱ་དགོད་སྦོས་ཀྱི་བཤད་པ་ནི། །བླ་རྩི་སུག་སྨེལ་སྐྱ་འབྲམ་དང་། །ཤོ་མངས་དང་ནི་ལུ་མི་དང་། །ལྷུ་གངས་པ་དག་བར་བ་ཏང་། །ཟངས་རྩི་བ་དང་བརྒྱད་དུབཤད། །ཏིགཏའིཤོཤསརི་པ་ཏྲ་དང་། ཁོ༑་ནོ་ས་རི་ལི་ག་ངུར། །ལིག་མི་ར་དང་ལིག་ཤོ་ཤ། །སྐྱུག་པ་ས་དང་བེ་ལ་ཚ། །དེ་ལྟར་བརྒྱད་དུ་ཤེས་པར་བྱ། །ཀུ་ཀུ་ར་ཡི་དྲི་ཆེན་གྱིས། །སྣི་ཚ་དང་ནི་སྣི་བེབ་ས། ཁུ།ག་ཤེ་ཀྲུག་རེ་ར་དང་ནི། །མི་ར་པས་སྨ་ཞེས་བྱ་དང་། །ཁྱུ་བ་དཀར་པོའི་དྲི་ཆེན་དང་། །སེང་གེ་སྤྱང་ཀིའི་དྲི་ཆེན་བརྒྱད། །ཧ་གངས་བྱ་བང་ཐི་བ་དང་། །ངང་པ་དང་ནི་ཀོ་ཀི་ལ། །དུར་པ་མན་ཏྲི་སྐྱེ་ཀའི་དང་། །བརྒྱད་ཀྱི་དྲི་ཆེན་ཕུག་རོན་གྱི། །སྦྲ་ཏིང་ཀ་དང་སྦྲལ་པ་དང་། །གག་པོར་སུངས་ཀྱི་དྲི་ཆེན་དང་། །སུ་སུ་ད་ར་ཤུགས་དཀར་པོ། །ཛོ་ཏི་ར་དང་ཀང་ཀ་ཀང་། །ཛ་ཏི་སྤྲ་དང་བརྒྱད་ནི་ཉའི། །རང་ཤི་བམ་གྱི་དྲི་ཆེན་ལ། །ར་ག་ར་རས་ར་ཏི་ཤ །སྤྱང་ཚེར་ཕོ་དང་དེའི་མོ། །གླ་སྲན་དུག་སེ་དུ་ན་ག །ཕག་ཚེ་བ་དང་བརྒྱད་ཡིན་ནོ། ་།ད་ལྔ་བསྒྲལ་བའི་དྲི་ཆེན་གྱིས། །རྡོ་རྗེ་སློབ་དཔོན་དྲི་ཆེན་དང་། །སྐྱེས་བུ་མཚོན་བསད་དྲི་ཆེན་དང་། ཁུ་སང་ག་རའི་དྲི་ཆེན་དང་། །རང་ག་ར་དང་སྐྱུག་ག་ར། །མིར་མའི་འབྲས་བུ་རི་མ་མང་། ་༑ག་ཏི་ཧས་དང་བརྒྱད་ཡིན་ནོ། །དབང་བསྐུར་བ་དང་འཆད་པའི་དང་། །གསང་བའི་ཡུམ་གྱི་དྲི་ཆེན་དང་། །ཁ་རྐག་ནག་པོ་ཡ་ན་ ་ཁ། །ཁར བ་ན་ཏྭད་སེ་ར། །བི་ན་ར་བེས་དག་དང་བརྒྱད། །དྲང་སྲོག་དབེན་པའི་དྲི་ཆེན་གྱི། །བདེ་ར་ཚ་དང་ཐ་ན་ཀ །ཝ་ད་ག་ལེར་ཐོད་དཀར་དང་།་སྦྱ་ར་ར་ཛ་སྤྱང་ག་ར། །སྟག་པའི་འབྲས་བུ་འཇི་ཏ་ར། །དེ་ལྟར་བརྒྱད་དུ་བསྟན་པ་ཡིན། །མ་དུ་ས་དང་གང་ག་རས། །ཤབ་ནེ་བས་དང་སྐྱས་འབྲམ་དང་། །ཀུམ་ནེའི་འབྲུམ་བུ་ཤང་ག་ཤང་། །ཡ་ར་ཏས་ཧ་ཁྱེད་ར་ཝས། །འདི་བརྒྱད་ཚིག་མཐུན་ཕག་གི་ཡིན། །ཕྱི་ཡི་རྩ་བར་བསྟན་པ་ཡི། །ཨུད་པ་ལ་དང་ཤས་ཤ་ཤིང་། །ཨ་ཤང་ཐ་དང་ཨ་རུ་ར། སྐེམ་བུ་རིགས་ཀྱི་ཤིང་བུ་དང་། །སྒྱུ་རུ་ར་དང་ནིམ་པ་དང་། །པུ་ཕག་གི་ནི་ཤིང་སྟེ་བརྒྱད། ཁེང་འདི་རྣམས་ཀྱི་རྩ་བ་ནི། །རྩ་བའི་སྟོངས་སུ་ཤེས་པར་བྱ། །སྡོང་བུ་ཤུན་པ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། །ཐང་ཆུ་བརྒྱད་ཀྱང་ཐང་ཆུའི་སྟོངས། །གཞན་ཡང་རིགས་སུ་གཏོགས་པ་རྣམས། །དམན་པས་འགྲོལ་བར་མི་ནུས་ན། །གཅིག་ཀྱང་གཞག་པ་མ་ཡིན་ཏེ། ཁ་དོག་སེར་དང་རོ་མཆོག་བསྐ། །དེ་དག་དྲི་ཆེན་དག་གི་སྟོངས། །ཐམས་ཅད་དེ་བཞིན་གཤེགས་པའི་རིགས། །སྒྲུབ་པར་བྱེད་པའི་རྫས་མཆོག་ཡིན། །དེ་སྐད་བདུད་རྩི་བདེ་བ་ཆེ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །བདུད་རྩི་སྒྲུབ་ལ་ཕན་ཕྱིར་རོ། །དཔལ་བདུདརྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།བདུད་རྩི་དྲི་ཆེན་པོའི་རིགས་ཀྱི་སྨན་ངོས་གཟུང་བར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་རྣོན་པོས། བདུད་རྩིའི་རྒྱལ་པོ་ཆེན་པོ་ལ་གསོལ་བ། བཅོམ་ལྡན་འདས་བདུད་རྩི་དྲི་ཆེན་པོ་འདི་དམ་པ་དང་། རྩ་བ་དང་། ཡན་ལག་འདི་དག་མ་བསྒྲུབས་པས་ཀྱང་ཡོན་ཏན་མཆོག་སྒྲུབ་པ་མཆིས་སྲིད་ན། དེ་བདག་ཅག་རྣམས་ལ་བཤད་དུ་གསོལ། ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བྱུང་བདུད་རྩི་དྲི་ཆེན་པོའི། །ཡོན་ཏན་གོང་དུ་བསྟན་པ་ཡིན། །གཞན་ཡང་ལོངས་སྦྱོད་ཆེན་པོ་འཕེལ། །རྩ་བའི་དོན་རྣམས་བཤད་བྱ་ན། །ཕག་གི་མིག་གིས་རིགས་ཀུན་མཐོང་། །རྣ་བས་ལྷ་ཀླུའི་སྐད་རྣམས་ཐོས། །སྣས་ནི་གཟུགས་མེད་དྲི་ཚོར་ཏེ། །ལྕེས་ནི་འགྲོ་དྲུག་སྐད་སྨྲ་ཤེས། །མི་གངས་པས་ནི་བད་སྐད་སེལ། །བན་ཙན་གྱིས་ནི་ལྷོ་པ་འཇོམས། །བྱ་དགོད་སྤོས་ཀྱིས་གདོན་སྐྲོད་དེ། །ཏིག་ཏས་བད་མཁྲིས་བསྡོངས་པ་འདྲེན། ཁྱི་ཡི་དྲི་ཆེན་སྐྲངས་པ་འདུལ། །ཕུག་རོན་དྲི་ཆེན་དམུ་རྫིང་འཇོམས། །ཉ་ཡི་དྲི་ཆེན་སྦྲུལ་སྐྲོད་དོ། །རང་ཤིའི་དྲི་ཆེན་ལྕེབ་གདོན་གསོད། ཁུ་ལྔའི་དྲི་ཆེན་ཤུ་བ་སྐེམས། །གྲུབ་པའི་དྲི་ཆེན་ཆོས་སྣོད་ལྡན། །དྲང་སྲོང་དྲི་ཆེན་སྤྲིན་གདོལ་ཏེ། །ཚིག་མཐུན་དྲི་ཆེན་རུས་མཛེས་སྦྱོང་། །ཨ་ཀ་རུ་ཡི་རྩ་བ་ཡིས། །མཁལ་རྩ་བསྐམས་པ་གསོ་བར་བྱེད། །སྡོང་བུ་དྲང་སྲོང་ལྷ་མཉེས་ཏེ། ཁུན་པས་མ་ཧེ་འཕེལ་བར་འགྱུར། །ཡལ་གས་བུ་མོའི་ས་བོན་འཕེལ། །ལོ་མས་རྒྱལ་པོའི་ཡུལ་འཁོར་སྐྱོང་། །མེ་ཏོག་གིས་ནི་སྟོབས་ཆེན་དགའ། །འབྲས་བུས་འབྲས་ཀྱི་ཞིང་འཕེལ་ཏེ། །ཐང་ཆུས་བུས་པའི་གདོན་རྣམས་འཇོམས། །ཛ་ཏི་པ་ལས་སྙིང་ཚ་སེལ བོ་ང་སེར་པོས་ཁྲག་འཁྲུགས་འབྱེད། །ཡུངས་ཀར་གྱིས་ནི་བགེགས་རྣམས་སྒྲོད། །ཚེར་སྔོན་བ་ལང་སྦོས་པ་འཇིབ། །སྐྱེར་བས་མིག་ནད་ཚ་བ་སེལ། །ཡུང་བས་ཁ་ལྐོག་སྐྲངས་པ་སེལ། །ནཱ་ག་པུས་པས་ཀླུ་གདུག་འཇོམས། །ལུག་རུ་སེར་པོས་མཁའ་འབྲས་སྦྱོང་། གཞན་ཡང་བཤད་པའི་ཡན་ལག་མཆོག །བརྒྱ་དང་དགུ་བཅུ་རྩ་གཉིས་དག །གཞན་ཡང་ཁ་དོག་རོས་ཕྱེ་བ། །དེ་དག་རེ་རེའང་ཡོན་ཏན་མཆོག །ལྡན་འགྱུར་སྦྱར་བས་སྨོས་ཅི་དགོས། །དེ་ནས་རྣལ་དབྱོར་སྒྲུབ་པ་པོས། །དུས་རྣམས་ཀུན་ཏུ་ནན་ཏན་མཆོག །བསྐྱེད་དེ་གཡོ་སྒྱུ་མེད་པས་བསྟེན། །དེ་སྐད་ཕན་བྱེད་མགོན་པོ་ཡིས། །ཀུན་ལ་ཕན་ཕྱིར་བཤད་ཅིང་བསྟན། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆེན་པོའི་རྩ་བ་དང་ཡན་ལག་གི་སྨན་ཡོན་ཏན་དང་ལྡན་པར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་འཆི་བ་མེད་པའི་བདུད་རྩིའི་བདག་ཉིད་དེས། བདུད་རྩི་དྲི་ཆེན་པོ་བྱིན་གྱིས་བརླབ་པར་བྱ་བའི་དོན་འདི་གསུངས་སོ། །ཨོ། སྨད་པ་མི་གཙང་སྒྱུ་མ་འདི། །རྟོག་པ་དེ༷་ཉིད་སྙིགས་མ་ཡིན། །ཚེ་མཆོག་འཛིན་པའི་བདུད་རྩི་སྟེ། །གདོད་ནས་དག་པའི་རང་བཞིན་པས། །བདེ་༷གཤེགས་ཀུན་གྱི་ཐུགས་དམ་ཉིད། །གཉིས་མེད་སྐུ་རུ་སྦྱོར་བས་ན། །མེ་ལོང་ཡེ་ཤེས་དམ་ཚིག་འགྲུབ། །ཨཱོཾ་ཨུ༷༷ཧུ༷་བི་རོ་ཙ་ན་མོ་ཧ་ར་ཏི་ས་མྱ་ཡ་སྟུ༷། མ་ཧྭ་ཡོ་ག་ཨ་ཏི་སྤར་ན་པ་ནི་དྷི། ཨ་མྲི་ཏེ་ཨ་ཙིཏི་ཨ་ཏི་ཏིཉི་ཨཱོཾ། ཞེས་ཆེད་དུ་གསུངས་པས། ནམ་མཁའི་མཐས་ཀླས་པའི་སྣོད་བཅུད་ཐམས་ཅད་འཐུལ།ཀུན་ཏུ་འཐུལ། ཀུནཏུ་རབ་ཏུ་འཐུལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡནའདས་རྟག་པ་ཆེན་པོའི་གཡུང་དྲུང་གིས། གསང་བ་ཚེ་འཛིན་པའི་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པའི་རིགས་མི་ནུབ་པའི་དྲི་ཡོངས་སུ་དག་པ་ཞེས་བྱ་བའི་སྙིང་པོ་གོང་མ་ལྟ་བུ་ཕྱུང་སྟེ། མཛད་པའི་ཚུལ་གྱིས་འོད་ཟེར་གྱིས་དོན་མཛད་དེ། བདུད་རྩི་དྲི་ཆེན་པོ་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་དོན་ཕྱིན་ཅི་མ་ལོག་པར་གསུངས་སོ། །ཟླ་བ་རབ་མཛེས་གདན་སྟེངས་སུ། །དྲི་ཆེན་རང་བཞིན་ཡི་གེ་ཨཱོཾ། ཡོན་ཏན་ལྷུན་གྲུབ་གསེར་གྱི་མདོག །ཡེ་ཤེས་གསལ་བའི་འཕྲེང་བས་བསྐོར། །ཡིག་འབྲུ་ཚ་ཚ་འབར་བའི་འཕྲེང་། །ཀ་ལ་བིང་གའི་ཚངས་པའི་དབྱངས། །རབ་མཛེས་རིན་ཆེན་འོད་ཀྱི་བུ། །ཟད་མེད་ཡོན་ཏན་འབྲེལ་བའི་འོད། །སྡུག་བསྔལ་ཐམས་ཅད་ཞི་མཛད་ལས། །སྤྲོས་ཤིང་འདུས་པས་དྲི་ཆེན་བསྐྱིལ། །ནམ་མཁའི་མཐས་ཀླས་བན་དྷའི་སྣོད། །གཞལ་ཡས་ཚངས་པའི་སྐུད་པ་ཅན། །གསེར་གླིང་གནམ་སྒོ་ཤེས་རབ་ཐབས། །བབ་ཀྱི་གཙོ་བོ་གསེར་ཟིལ་འབབ། །རྣམ་སྣང་ཞིང་ཁམས་བྱང་ཆུབ་རྒྱན། །དངུལ་གྱི་ཙོང་ཙོང་འཁྲིལ་བ་ལ། །པདྨ་པ་ཏྲ་ལུ་གུ་རྒྱུད། །གཅིག་ནས་བོ་ཞིང་གཅིག་ཏུ་འཁྱིལ། །འཁོར་ལོ་དབུས་སུ་རབ་སྦྱངས་ནས། །བདེ་གཤེགས་དཔྲལ་བའི་མཛོད་པུ་གནས། །དྲི་ཆེན་བབ་༄༅། ༷ །བསྡུས་གཏི་མུག་སྦྱངས། །འགྱུར་མེད་མཛོད་པུའི་ལམ་དུ་ཐིམ། །ཕྱིན་མེད་ཡེ་ཤེས་བླ་མའི་ས། །ཐམས་ཅད་དྲི་ཆེན་དབྱིངས་སུ་ཞུ། །སྐུ་ཡི་དངོས་གྲུབ་ཙ་ནར་བསྐྱིལ། །འཁོར་ལོ་འགྱུར་མེད་རྒྱ་ཡིས་བཏབ། །ཨཱོཾ་འབར་གཙུག་ཏོར་ལྗོན་པའི་ཚལ། །དངོས་པོ་འོད་ཀྱི་མེ་ལྕེས་བསྲེགས། །ཉག་གཅིག་བདུད་རྩི་གོང་བུར་བསྡུས། །ཡེ་ནས་དེ་ལྟར་ཡིན་པ་ལས། །ཐབས་ཀྱིས་སྦྱངས་པས་ཡིན་པར་ཤེས། །དེ་ལྷར་དྲི་ཆེན་ཤེས་པར་གྱིས། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆེན་པོ་དག་པར་སྦྱངས་པའི་ཐབས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་འཁོར་གྱི་གཙོ་བོ་སེམས་དཔའ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་དེས། དྲི་ཆེན་པོ་སྦྱངས་ཏེ་གཏི་མུག་རབ་ཏུ་གསལ་བའི་ཡེ་ཤེས་སུ་གྱུར་པས་ཡིད་ཚིམ་པར་གྱུར་ནས། ཡང་བཅོམ་ལྡན་འདས་ལ་གསོལ་པ། །བཅོམ་ལྡན་བདུད་བདུལ་བདུད་རྩིའི་བདག །འཁོར་བ་མ་སྤངས་མྱ་ངན་འདས། །བཤང་པ་མ་སྤངས་དྲི་ཆེན་སྨན། །དུག་གསུམ་ནད་རྣམས་སྦྱོང་མཛད་པའི། །དཔའ་བོ་ཁྱོད་ལ་ཞུ་བ་མཆིས། །དྲི་ཆེན་བསྒྲུབས་པས་གྲུབ་པའི་རྟགས། །བར་ཆད་འབྱུང་ན་ཇི་ལྟ་བུ། །དགེ་ན་བླང་བར་བྱ་བ་དང་། །བཟློག་པར་བྱ་བའིཁྱད་པར་དག །བཅོམ་ལྡན་བདུད་རྩིས་བཤད་དུ་གསོལ། །དབང་ཕྱུག་ཆེན་པོས་དེ་གསན་ནས། །རབ་ཏུ་འགྲོ་བ་ཐུགས་བརྩེ་བས། །དགེ་ཞིང་བླང་བའི་ཁྱད་པར་དང་། །མི་དགེ་མནན་པ་བཤད་པ་ནི། །འདི་སྐད་བདུད་རྩི་བདག་པོས་བཤད། དྲི་ཆེན་ལས་ནི་གྲུབ་པའི་རྟགས། །དུ་བ་འབྱུང་བར་ངས་བཤད་དོ། །དེ་ལ་གཉིས་ཏེ་དགེ་མི་དགེ །དགེ་བར་བསྟན་པ་དབྱིབས་རྒྱུ་སྟེ། །མཆོད་རྟེན་འདྲ་དང་དུ་བ་ནི། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་༷གྲི་ལྕགས་ཀྱུ་འདྲ། །མདའ་དང་ཞགས་པ་དང་འདྲ་བའོ། །ཡང་ན་ཡིག་འབྲུ་འདྲ་བ་ཡི། །བདག་དང་བདུད་རྩི་གཞན་དག་ལ། །རབ་འབྲིང་འདི་ཡི་སྔར་གསུངས་བཞིན། །དཔྲལ་བར་ཟླ་དཀྱིལ་འཐེབ་ལོང་ཙམ། །ཨཱོཾ་འབར་གསེར་གྱི་འོད་འདྲ་བ། །འོད་ཟེར་ལྔ་དང་བཅས་པ་ལས། །ཅི་འདྲ་བའི་འོད་འབྱུང་བས། །རྒྱལ་བའི་ཞིང་ཁམས་མཐའ་དག་ཏུ། །དྲི་ཆེན་འགྲུབ་སྟེ་དུ་བ་ལ། །དུ་བ་དེ་ཉིད་བདག་ལ་ནི། །དབང་དུ་བསྡུ་ཞིང་བསྟིམ་བྱས་ཏེ། །སྡོམ་པའི་གནས་ཉིད་མཛོད་པུ་ཡི། །གནས་སུ་བསྐྱིལ་ཏེ་བསྟན་པ་ལས། །འཕེལ་ཏེ་བདག་ལ་གསལ་བ་ནི། །མགོ་ཞབས་ཡན་ཆད་བ་སྤུ་ཡི། །བུ་གའི་གནས་སུ་ཐིམ་བྱས་ཏེ། །དགའ་བདེ་བདེ་བའི་དྲི་ཆེན་པོ། །སོ་སོ་མ་ཡིན་ཐ་མི་དད། །དབྱེར་མེད་དོན་གྱི་མཉམ་གཞག་སྟེ། །གཅིག་ལ་མཚོན་ཙམ་བརྗོད་མི་བྱ། །ནམ་ཞིག་བསྟན་པར་གྱུར་པའི་ཚེ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །རྡོ་རྗེ་ཁྲོ་བོ་ལ་སོགས་པའི། །རྗེས་སུ་དྲན་པ་བཅུ་དྲུག་གིས། །འགྲོ་བའི་དོན་དུ་སྤྲོ་བར་བྱའོ། །དེ་ཚེ་བརྗོད་མེད་བརྫོད་བྱའི་དོན། །ཨེ་མ་ཧོ་དངོས་གྲུབ་སྣ་ཚོགས་པ། །འབྱུང་བའི་རྒྱལ་མཚན་ཆེ་རང་བཞིན། །ང་སྟེ་རང་ཡིད་ཀུན་གྲུབ་ཕྱིར། །རང་བཞིན་དུ་ནི་གྲུབ་པ་ཡིན། །ཨཱོཾ༷་བྲརྙ་སིརྙ་ཨི་ཧ༷། དེ་ལས་གཞན་པའི་དུ་བ་ནི། །སྔོ་ནག་མདོག་ལས་བུན་བུན་པོ། །སྦར་མོ་བཀུག་འདྲ་ཞགས་པ་འམ། །སྦྲུལ་འཁྱིལ་བ་དང་རྔ་ཆག་འདྲ། །རི་མོ་དབྱིབས་མེད་ཆེར་འབྱུང་ཞིང་། །མི་གསལ་ཤེས་པ་འཐིབས་གོང་བཞིན། །འདི་དག་མི་དགེ་བར་ཆད་བདུད། །རྣམ་དག་ཡོན་པོ་ཞེས་བྱ་སྟེ། །ཡུངས་ནག་དུག་དང་ལྡོང་རོས་མིར།། །བཟློག་པའི་སྤྱིན་སྲེག་བརྒྱད་བྱའོ། །གང་དག་ཆོས་ཉིད་བརྗོད་མེད་ཅིང་། །བྱ་བརྩལ་བྲལ་བའི་བྱང་ཆུབ་སེམས། །ཇི་བཞིན་དོན་གྱི་སྙང་པོ་དེ། །བློ་ལ་གདེང་ཆེན་བརྟན་བྱས་ཚེ། །བར་ཆད་བགེགས་ཀྱི་སྦྱོར་་བ་ནི། །འབྱུང་བར་བྱ་བའི་གཞི་མེད་དེ། །མེ་ལ་སྦྲང་མ་མི་འཆགས་བཞིན། །སྦྱོར་བ་ངན་པ་མིང་མི་སྲིད། །དེ་སྐད་བཅོམ་ལྡན་སྟོན་པའི་གཙོ། །བདུད་རྩི་བདེ་བ་ཆེན་པོ་ཡིས། །སྒྲུབ་ལ་བརྩོན་པའི་དོན་དུ་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆེན་པོ་གྲུབ་པ་དང་མ་གྲུབ་པའི་རྟགས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོསཕྱག་བཙལ་ཏེ་གསོལ་བ། བཅོམ་ལྡན་འདས་སྤྱད་དུ་མེད་པའི་སྤྱོད་པའི་བདག་ཉིད་དཔའ་བོ་ཆེན་པོ། རྣལ་འབྱོར་པ་གང་ཞིག་བདུད་རྩི་དྲི་ཆེན་པོ་ལ་བརྟེན་ནས། མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའི་རྣལ་འབྱོར་བས། སྤྱོད་པ་བླ་ན་མེད་པ་ཇི་ལྟ་བུ་ཞིག་སྤྱད་པར་བགྱི་བ་དེ་བདག་ཅག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། དེ་ལ་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། སེམས་དཔའ་དེ་བཞིན་གཤེགས་པའི་རིགས། །འཚོ་བའི་རྒྱལ་སྲས་དམ་པ་རྣམས་ཀྱིས་སྤྱོད་པ་ནི། གང་ཡང་སྤྱད་དུ་མེད་པ་བདུད་རྩི་ཆེན་པོ་འགྱུར་བ་མེད་པའི་ཀློང་། ཐིག་ལེ་ཆེན་པོའི་གཡུང་དྲུང་སྦས་པ་མེད་པའི་གཏེར་ཆེན་པོ་སྤྱད་པར་བྱའོ། །དེ་འདྲ་ལ་གནས་སྤྱོད་པའི་གཏེར། །ཟད་མེད་འགྲོ་བ་ཀུན་གྱི་དཔལ། །རེ་དང་དོགས་པ་རྣམས་སྤངས་ཏེ། །སྤྱད་པར་བྱ་བའི་དམིགས་བསྟན་པ། །ས་གཞི་དགེ་དང་བཀྲ་ཤིས་གནས། །ཡི་ད་འོང་བར་ཆད་མེད་པ་བསྟེན། །ལྷ་དང་སློབ་དཔོན་མཆོད་པའི་ཕྱིར། །རྫས་རྣམས་གཙང་གདང་མང་བར་བསོག །དབང་ཕྱུག་རང་ཉམས་དགེ་བྱའི་ཕྱིར། །འགྲོ་འོང་འགྲུལ་པ་མཚམས་གཅད་བྱ། །མི་དང་བྱོལ་སོང་ཐམས་ཅད་ཀྱི། །སྙིགས་མའི་མི་གཙང་སྨད་མི་བྱ། །བུད་མེད་ཐམས་ཅད་ལས་ཀྱི་རྒྱ། །དུས་ཀུན་བཅིང་བ་མ་ཡིན་ཀྱང་། །དང་པོར་གཤེ་དང་སྨད་མི་བྱ། །དམ་ཚིག་ཕྱག་རྒྱ་མི་འབྲལ་ཞིང་། །གསོ་ལ་རབ་ཏུ་བརྩོན་པར་བྱ། །སེམས་ཅན་གདུག་པ་འདུལ་བའི་ཕྱིར། །སྦོད་གཏོང་ལས་ལ་རབ་ཏུ་བརྩོན། ཁྲ་ནི་གླང་ཆེན་མྱོས་པ་ཡང་། །བྱིན་གྱིས་བརླབས་ཏེ་བཟའ་བྱ་ན། །གཞན་དག་བཟའ་བ་སྨོས་ཅི་དགོས། །འགྲོ་ཚེ་རྟ་མཆོག་གླང་ཆེན་དང་། ཁེང་རྟ་ལ་ནི་ཤོན་པའི་ཚེ། །ཏྲ༷་ལས་བསྐྱེད་དེ་འགྲོ་བའི་ཚེ། །དོན་དུ་ས་རྣམས་རིམ་བགྲོད་དེ། །ཐེག་ཆེན་སྤྱོད་པས་དོན་བྱའོ། །ང་རྒྱལ་ཞི་བའི་སེམས་ལྡན་པས། །བྱམས་པས་ཀུན་ལ་བརྩོན་པར་བྱ། །སྲུང་དང་ལྡེབས་དང་བཞད་གད་ཀུན། །ལྷ་དང་དཀྱིལ་འཁོར་ཆེན་པོ་དང་། །ཚོགས་ཀྱི་དཀྱིལ་འཁོར་ཉེ་འཁོར་དང་། །བླ་མའི་སྤྱན་སྔར་བྱ་བ་མིན། །གནང་བ་བྱིན་ནས་ཀུན་བྱ་སྟེ། །ཐམས་ཅད་ཀུན་ཏུ་བཀའ་བཙན་བྱ། །ཙན་དན་ཤིང་བུ་རྩད་མི་གཅད། །དུག་སྡོང་དེ་བཞིན་རྩད་མི་གཅད། །ཆགས་པས་འཁྲིགས་པ་གཅད་མི་བྱ། །དགོས་པའི་ཚེ་ན་དོར་མི་བྱ། །སྨན་དང་མེ་ཏོག་བརྡ་བ་འམ། །བརྐོ་ཕྱིར་ལྕགས་ཀྱི་འཇོར་ཐོགས་ནས། ཁྲུས་བྱས་གཙང་མའི་གོས་གྱོན་ཏེ། །དྲུང་དུ་ཕྱིན་ནས་ཤར་དུ་བལྟ། །ཕྱག་གསུམ་བཙལ་ནས་ཐལ་སྦྱར་ཏེ། །འདི་སྐད་ཆེད་དུ་བ༷ རྗོད་པར་བྱ། །ཕྱག་འཚལ་དེ་བཞིན་གཤེགས་ཁྱོད་ལ། །ཕྱག་འཚལ་སྨན་གྱི་ལྷ་ཁྱོད་ལ། །འདི་ལ་གནས་པའི་ལྷ་མོ་ཁྱོད། །བདག་ལ་དགྱེས་པར་དགོངས་མཛད་དེ། །སྨན་གྱི་དངོས་གྲུབ་བདག་ལ་སྩོལ། །ཨཱོཾ་ཨ་མྲི་ཏ་པ་ཏ་པ་ལི་སྣ་ཧྭ། རྩད་ནས་བཏོན་ནས་བཏུ་འམ་བརྡ། །སྙིང་པོ་ལ་སོགས་བཟུང་ནས་ནི། །ཐོར་ཐོ་བར་བུར་སླར་ལ་སྦ། །ས་ཡིས་བཀང་སྟེ་འཐས་པར་བཅག །བདེ་དང་སྐྱེ་འཁྲུང་ལེགས་གྱུར་ཅིག །བརྗོད་དེ་རུལ་སུམས་མེད་པར་སྐམ། །སྤྱོད་པ་མཆོག་ཏུ་གྱུར་པ་འདི། །རྣལ་འབྱོར་པ་ལ་ཕན་བྱའི་ཕྱིར། །བདུད་བཅོམ་ཐམས་ཅད་མཁྱེན་པ་ཡིས། །ཡང་དག་པར་ནི་བཀའ་སྩལ་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་བརྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆེན་པོའི་སྤྱོད་པ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་སྟོན་པ་ཐམས་ཅད་མཁྱེན་པ་དེས། མཉམ་པ་ཉིད་ཀུན་ཏུ་སྤྲོས་པ་ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ང་རྒྱལ་ཆེན་པོའི་དོན་ལ་བཞད་དེ་བཞུགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྣོན་པོ་ཡང་། རལ་གྲི་དེ་ཉིད་དུ་བསྐོར་ནས་རང་གི་སྙིང་ཀར་བསྟན་པར་བཞག་ནས། གཟེངས་བསྟོད་དེ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ལྷོ་ཕྱོགས་ངོས་རིན་པོ་ཆེ་བརྩེགས་ཤིང་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ནས་འོངས་ཤིང་དབང་ཐོབ་པ་ཞིག་འཁོད་དེར་འོངས་བའི་ལྷ་མོ། །རིན་ཆེན་སྒྲོན་མའི་དབྱིག་ཅེས་བྱ་བ་དེས། རང་གི་པདྨའི་འདབ་མ་རབ་ཏུ་རྒྱས་པར་བྱ་ཏེ། གསེར་གྱི་རྒྱན་ཅས་རྣམས་ལུས་ལས་བཀྲོལ་ཏེ། སྟོན་པ་དང་། སེམས་དཔའ་དེ་ལ་གཏོར་ཏེ། སེམས་དཔའ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སེམས་དཔའ་ཆེན་པོ་གསོན་ཅིག །བདག་གིས་འཁོར་བ་པའི་སེམས་ཅན་འདི་དག་ལ་བསྟན་ན། ད་ཕྱིས་ཏ་ག་ལ་ཡང་ཐོན་ཏེ། ཁ་ཡང་ཕྲིད་པར་མ་གྱུར་ཏེ།ང་རྒྱལ་གྱི་རི་ཆེན་པོས་ནོན་ནས་ཐེག་པའི་གླགས་མེད་ན། བཅོམ་ལྡན་འདས་ཀྱིས་ཅི་ལྟ་བུ་ཞིག་ལ་དགོངས་ནས། དོན་མཉམ་པ་ཉིད་ལ་བཞུགས། སེམས་དཔའ་ཁྱོད་ཉིད་ཀྱང་། བཅོམ་ལྡན་འདས་ལ་བསྐུལ་བར་མི་བྱེད་པ་འདི་ལས་དཔགས་ན། འཁོར་བ་པ་འདི་དག་གཏེས་ཆད་དེ་བླ་ན་མེད་པའི་སྒྲུབ་པའི་ཐབས་དང་བྲལ་བའམ། འོན་ཏེ་སེམས་ཅན་གྱི་དོན་མི་སྤྱོད་དམ། འོན་ཏེ་སེམས་ཅན་གྱི་དོན་མི་སྤྱོད་དམ། དོན་ཅི་ལགས། དེ་ནས་སེམས་དཔའ་རྡོ་རྗེ་རྣོན་པོས་སླར་ལ་སྨྲས་པ། ལྷ་མོ་ཁྱོད་ཤེས་རབ་མཆོག་དང་ལྡན་ཞིང་། སེམས་ཅན་གྱི་དོན་ལ་མོས་པ་སྟེ། ཡིད་ཚིམ་པར་མ་གྱུར་ན། ད་དུང་བཅོམ་ལྡན་འདས་ལ་གསོལ་ཅིག །སེམས་ཅན་མ་བསྒྲལ་བ་རྣམས་མཐར་སྒྲོལ་བར་འགྱུར་རོ། །དེ་ནས་ཡང་ལྷ་མོས་སྨྲས་པ། ཅི་སེམས་དཔའ་ཁྱོད་བདག་ལ་ཤེ་འམ། འོན་ཏེ་བགམ་པར་མཛད་པ་ལགས། སེམས་དཔའ་ཁྱོད་ནི་བདག་ཅག་འཁོར་འདུས་པའི་ནང་ན་གཙོ་བོ། རབ་མཆོག །དམ་པར་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་ལག་ཏུ་ཤེས་རབ་དང་ཡེ་ཤེས་ཀྱི་རྟགས་བྱིན་ནས། དབང་བསྐུར་ཏེ་འགྲོ་བ་རྣམས་ལ་ཅི་དང་ཅི་དགོངས་པ་གསོལ་བ་འདེབས་པར་བཀས་གནང་ལ། གང་དང་གང་ཞུས་པ་དེ་དང་དེ་བཤད་པར་ཞལ་གྱིས་བཞེས་པས། སེམས་དཔའ་ཁྱོད་ཀྱིས་ཞུ་བ་དབུལ་བར་རིགས་ལ། བདག་ཀྱང་དེ་ལྟར་བསྐུལ་བས། སེམས་དཔའ་ཁྱོད་ཀྱིས་ང་རྒྱལ་ཅན་ང་རྒྱལ་སྤོང་བར་མི་ནུས་པ་དེ་དག །མ་སྤངས་པར་བདེ་བ་རྙེད་པའི་ཐབས་དམ་པ་བཤད་པར་གསོལ་བ་ཐོབ་ཅིག །དེ་སྐད་ཅེས་སྨྲས་པ་དང་། འཁོར་ཐམས་ཅད་ཀྱིས་ཀྱང་སེམས་དཔའ་དེ་ལ་བཏུད་དེ་དེ་བཞིན་དུ་བདག་ཅག་ཀྱང་སྤྲོ་བར་བགྱིད་དོ། །ཞེས་གླེངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས། ཤེས་རབ་ཀྱི་རལ་གྲི་དེས། སེམས་ཅན་ཐམས་ཅད་ལ་བཏབ་སྟེ། རེ་རེ་འང་ལུས་རྡུལ་དུ་གཏུགས་ཏེ།ང་རྒྱལ་གྱི་ངོ་བོ་ཇི་ལྟ་བུ་ཞིག་བཙལ་ཞིང་བལྟས་ན། ཅུང་ཟད་ཀྱང་རྙེད་པར་མ་གྱུར་ནས། ཡང་བསྣན་ཏེ། ཡུན་རིང་དུ་བརྟགས་པས། ང་རྒྱལ་ལ་བདག་མེད་དོ་ཞེས་ཕྱོགས་གཅིག་ཙམ་ཤེས་ཀྱང་། ལེགས་པར་ཁོང་དུ་མ་ཆུད་ནས། རལ་གྲི་དེ་ཕྱིས་ན་ཡང་དག་པར་བྱ་བའི་རྒྱུ་ཡང་མ་རྙེད་དེ། སེམས་ཅན་བསད་པ་རྣམས་ཀྱང་སྔ་འཁོར་སྣང་ནས། བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ་གསོལ་པ། བཅོམ་ལྡན་རྣམ་པ་ཐམས་ཅད་མཁྱེན། །བདུད་འདུལ་བདུད་རྩི་མཆོག་གི་མཆོག །སེམས་ཅན་རྣམས་ནི་ང་རྒྱལ་གྱི། །རི་བོས་མནན་ཏེ་ཐར་མེད་ནས། །རོ་བམ་གླིང་དུ་འ་ས་ལགས་ན། །འདི་དོན་བདག་ཅག་རྣམས་ལ་ཤོད། །དེ་སྐད་གསོལ་བས་ཐམས་ཅད་མཁྱེན། །ཉིད་ཀྱིས་གསུངས་ཀྱིས་འདི་སྐད་གསུངས། །ངར་འཛིན་དྲ་བས་བཅིངས་མོད་ཀྱང་། ཚིག་གི་སྒྲོས་བཏགས་རྨོངས་པ་ལས། །ང་རྒྱལ་སེམས་ལས་ཐ་མི་དད། །ང་རྒྱལ་མེད་ན་སེམས་མེད་དེ། །སེམས་མེད་བྱང་ཆུབ་སྙིང་པོའང་མེད། །དེ་མེད་ཉི་ཚེ་ཆད་པ་སྟེ། ཁམས་གསུམ་སྲོག་ཕྲོགས་པས་སྡིག་ཆེ། །ང་ཉིད་རང་བྱུང་ཆེན་པོ་སྟེ། །ཡེ་ཤེས་བླ་ན་མེད་པའོ། །བྱ་བའི་ནང་ན་འདི་མཆོག་སྟེ། །ང་རྒྱལ་དང་ནི་ཡེ་ཤེས་ཆེ། །དོན་ཉིད་དབྱིངས་སུ་མཉམ་པས་ན། །མཉམ་ཉིད་ཡེ་ཤེས་ཞེས་སུ་བཏགས། །དེ་ཉིད་རིན་ཆེན་ཟད་མེད་མཛོད། །བཀོད་པ་ཀུན་ཏུ་མ་ཉམས་ཤིང་། །འགྲོ་བའི་དོན་དུ་མངོན་འབྱུང་བས། །ཡིད་བཞིན་ནོར་བུ་ཀུན་འབྱུང་རིགས། །ཡེ་ནས་དེ་ལྟར་ཡིན་ཤེས་ན། །བདུད་རྩི་ཞེས་ནི་ཞིང་ཀུན་གྲགས། དེ་ལྟར་ཤེས་པར་མ་གྱུར་ཏེ། །མུན་པར་འ་ས་པའི་འགྲོ་བ་རྣམས། །བདག་དང་གཞན་དུ་རྣམ་བཏགས་པས། །ང་རྒྱལ་ཐར་མེད་ནད་ཆེན་པོས། །བསད་ནས་ངན་སོང་སྡུག་བསྔལ་མྱོང་། །ཕྱི་མའི་དོན་ལ་ལེགས་བཙུད་པས། །བདུད་རྩི་ཞེས་ནི་བྱ་བར་བཤད། །དེས་ནི་ཆོས་ཉིད་རོ་མཆོག་དག །འགྲོ་ཀུན་རྒྱུད་ལ་རྒྱས་པ་དང་། །དྲེགས་པའི་ང་རྒྱལ་གཞོམ་པའི་ཕྱིར། །དེ་ལ་ཤ་ཆེན་ཞེས་བྱའོ། །ལོག་དང་ཡང་ཐ་མེ་དང་། །གཉིས་མེད་དབྱིངས་སུ་སུས་རྟོགས་པ། །དེ་ལ་བསྒྲུབ་པ་ཞེས་བྱའོ། །དེ་ལྟར་གདེང་ལྡན་རྣལ་འབྱོར་པས། །རང་བཞིན་བདུད་རྩི་ཤ་ཆེན་པོ། །དམ་པའི་མཆོག་དེ་བླང་བྱའི་ཕྱིར། །སྤང་བླང་མེད་པར་ཤ་ཆེན་བསྒྲུབ། །གཙང་སྨེ་ཞེས་སུ་བཏགས་པ་ནི། །རྨོངས་ཤིང་འཁྲུལ་པ་རྣམས་ལ་སྣང་། །ཡང་དག་དོན་གྱི་སྙིང་པོ་ལ། །གཙང་དང་སྨེ་བའི་ཐ་སྙད་བྲལ། །དེས་ན་ཤ་ཆེན་དང་དུ་བླང་། །གང་ཡང་དོར་བར་མི་བྱའོ། །དེ་སྐད་རང་བྱུང་བདུད་རྩི་དག །བཅོམ་ལྡན་ཀུནཏུ་བཟང་པོ་ཡིས། །ང་རྒྱལ་ཅན་ལ་ཕན་ཕྱིར་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་ཤ་ཆེན་པོའི་རང་བཞིན་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་སེམས་དཔའ་རྡོ་རྗེ་རྣོན་པོས་སྟོན་པ་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་བ་བཏབ་བོ། །སྣང་སྲིད་ཐམས་ཅད་ས་ལེ་འོ། །སྟོན་པ་ཀུན་མཁྱེན་རྨོངས་པ་སེལ། །འགྲོ་བའི་གཉེན་གཅིག་དམ་པའི་གཙོ། །བདག་ཅག་རྣམས་ལ་ཡང་དག་པའི། །སྨན་མཆོག་ཤ་ཆེན་ནད་སེལ་བ། །ལོག་པའི་ང་རྒྱལ་གཤོམ་སླད་དུ། །ཇི་ལྟར་བཙལ་བ་བཤད་དུ་གསོལ། །དེ་སྐད་གསོལ་པས་བདུད་རྩི་ཆེ། །དགའ་ཆེན་སྟོན་པ་མགོ་པོ་ཡིས། །འོད་ཀྱི་འབྱུང་གནས་བདེ་བའི་མཆོག །སྒྲོན་མས་སྣང་བ་ཞེས་བྱ་བའི། །ཏིང་འཛིན་མངོན་དུ་མཛད་ནས་ནི། ཁམས་གསུམ་བདུད་རྩིར་བསྒྲུབ་པའི་ཕྱིར། །དུར་ཁྲོད་རྫས་མཆོག་བཙལ་བའི་ཐབས། །ཐུགས་ལས་ཕྱུང་སྟེ་འདི་སྐད་གསུངས། །ཉོན་ཅིག་འདུད་པ་མང་པོའི་འཁོར། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །རང་བཞིན་འོད་གསལ་བདེ་བ་ཆེ། །བློ་ཡི་ཡུལ་དུ་མ་གྱུར་ཀྱང་། །བློ་ཉིད་ཡིན་ཕྱིར་ཤེས་གསལ་བྱ། །དེ་ཉིད་བདེན་པ་གཉིས་མེད་པ། །རིན་ཆེན་དབང་ཕྱུག་ཐབས་ཤེས་རབ། །རང་རིག་བློས་ནི་དེ་ལྟར་རོ། །སྟོན་པས་སྣང་ཞིང་འབྲེལ་བས་ན། །དྲུག་པའི་ལྷ་ནི་མཆོག་ཤེས་ཏེ། དེ་ཡི་རིགས་ནི་འཛིན་པའོ། །བདུད་རྩི་ལྔ་དང་འདོད་ཡོན་ལྔས། །རང་དང་རངས་པ་རྟག་ཏུ་མཆོད། །རང་སྔགས་བསྙེན་པ་བཟླས་པས་ནི། །ཐམས་ཅད་འགྲུབ་པར་ངས་བཤད་དོ། ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །རང་ལུས་རྒྱན་དང་བཅས་པར་བྱ། །ཧུ༷་ཞེས་བྱ་བའི་སྦྱོར་བ་ཡིས། ཁྲོས་པས་རྡོ་རྗེའི་གར་བྱ་ཡི། །ཕཊ་ཀྱིས་རབ་ཏུ་ཁྲོས་ནས་ནི། །དུར་ཁྲོང་ངག་རྟ་གར་གྱིས་འགྲོ། ཁྲོ་བོ་རྔམ་པའི་རོལ་ཐབས་བྱ། །འཕྲ་མེན་མ་ཡི་འཆོ་ཚུལ་དང་། །དབང་ཕྱུག་མ་ཡི་རྔམ་སྟབས་དང་། །གནོད་སྤྱིན་མ་ཡི་འཕྲོག་སྟངས་དང་། །མགོ་བརྙན་མ་ཡི་འབྲི་ཚུགས་ཀྱིས། །དང་པོ་རོ་རྡོ་བརྟག་པར་བྱ། །བདུན་དང་ལྔ་དང་གསུམ་པ་ལ། །མཚན་དང་དཔེ་བྱད་ཡོད་པ་ལ། །སོར་མོ་དྲ་བར་འབྲེལ་བ་དང་། །སོ་ཚགས་དམ་ཞིང་ལྷག་པ་དང་། །སྨིན་དཀྱུས་རིང་ཞིང་བར་མ་ཆད། །སྐྲ་མདོག་ནག་ལ་འཇམ་པ་དང་། །འཁྱིལ་ཅིང་གྱེན་དུ་འགྲེང་བ་ལ། །མངོན་ཤེས་དག་དང་ལྡན་པའོ། ཁྲེ་ནས་གསུམ་མམ་ལྔ་དག་ལས། །རུལ་ཏེ་བསྒྲུབ་པའི་རྫས་མེན་པས། །འགྲེ་ལྡོག་རྒོད་དང་འཛུམ་པ་དང་། །སྒྲ་འབྱིན་འབྲོས་དང་བཀྲག་འབྱིན་དང་། །ཐལ་མོ་བརྡེབས་པ་མཆོག་ཡིན་པས། །དེ་ལས་བསྒྲུབ་པའི་རྫས་བཙལ་ལོ། །དང་པོ་ཧུ༷་གི་བྲོ་ཡིས་སྦྱང་། །ཡི་གེ་ལྔ་ཡི་འཕྲོ་འདུ་ཡིས། །མཚོན་ཆ་ལྔ་ཡི་ཆར་པ་དབབ། །འབྲུ་གསུམ་ས་བོན་བསྲེག་བཀྲུ་གཏོར། །ཉི་སྟེང་སྒྲུ༷་ལས་གཞལ་ཡས་ཁང་། །རིན་ཆེན་རིགས་ཀྱི་ལྷ་བཀོད་བཞུགས། །མཆོད་དེ་ཕོ་ཉས་སྤྱན་ཡང་དྲང་། །བག་ཆགས་བསྒྲུབ་པའི་རྫས་མིན་པ། །སྒོ་བཞིར་བྲོ་བཞིས་སྦྱང་བར་བྱ། །ཁྲོ་བོ་ཆེན་པོ་ལྷག་པའི་ལྷ། །སྟོབས་ཆེན་ཕ་རོལ་དཔུང་འཇོམས་པར། །བྱིན་བརླབས་རྡོ་རྗེ་ཕུར་པ་ནི། །དུར་གཅན་གདུལ་ཕྱིར་བཀྲ་ཤིས་ཕྱིར། །རོའིཁུར་བུ་འམ་ཤུལ་དུ་གདབ། །རྡོ་ལེབ་ཐོག་ཏུ་བཞག་ནས་ནི། །ཐལ་བ་ཡུངས་ཀར་ཏིལ་ནག་ལ། །ཧུ༷་བཞི་གསང་སྔགས་ཕཊ་དང་བཅས། །བརྒྱ༷ ་རྩ་བརྒྱད་འདས་བྲབ་པར་བྱ། །དེ་ནས་གཙང་མའི་ཆུ་ཡིས་བཀྲུ། །ག་པུར་གུར་ཀུམ་བདུད་རྩི་ལྔས། །དེ་ལ་བསྐུས་ཤིང་བྱུགས་བོ་་་རྣི། །ལྷ་ཡི་སྦོར་བས་སྟེང་འདུག་སྟེ། །གསང་སྔགས་ཁྲི་ཕྲག་བདུན་དུ་བཟླས། །ཨཱོཾ་བཛྲ་རྫལ་ཀྲོ་དྷ་མ་ཏང་རོ་ན་སྟི་ཊ་ཧུ༷་ཧཱུཾ་ཧ་ལྭ་ཧ་ལ་ཕཊ་ཕཊ། ཨཱོཾ་བཛྲ་ཁད་ག་ཧ་ན་ཧ་ན་ཧུ༷་ཕཊ། ཨཱོཾ༷་སརྦ་མཧྭ་མ༷་ས་ཨ་མྲི་ཏ་ཀུན་ཌ་ལི་ཤུད་རྙོ་རྒི་བྷ་བ་ཧུ༷་ཕཊ། འཕར་དང་སྨྲ་དང་དྲོད་བྱུང་ནས། ཁྲོད་པས་འཇམ་དཔལ་རྣོ་ཐོགས་ཏེ། །གང་གཡོ་མོད་ལ་གཅད་པར་བྱ། །དེ་ནས་སྣོད་ཉིད་གཅད་བྱས་ཏེ། །བདུད་རྩི་མཆོག་གི་སྣོད་དུ་བྱ། །དགེ་དང་མི་དགེའི་མཚན་མ་ཀུན། །ངས་གསུངས་འཇིགས་བྱེད་ཆེན་པོ་ཡི། །རྒྱུད་ལས་འབྱུང་བ་ཇི་བཞིན་བརྟག །རིགས་ཀྱི་ཁྱད་པར་ཤེས་པར་བྱ། །དང་པོ་ཐམས་ཅད་ངར་བྱས་ཏེ། །དགོངས་པའི་དོན་དང་སྦྱང་བར་བྱ། །དེ་ནས་སྐྲུ་གྲི་མཚོན་ཆེན་པོ། །ཐོགས་ཏེ་དཔའ་བོ་ཆེན་པོ་ཡིས། །ཉ་བཞི་བཙོས་བརྒྱད་བྲབ་པར་བྱ། །ཞ་ཉེའི་སྣོད་དུ་བཞག་ནས་ནི། །བདུད་རྩི་བསྒྲུབ་པའི་རྩ་བར་སྦྱར། །ལྷག་མའི་རྫས་ཀུན་བསྡུས་ནས་ནི། །ཆུ་གཙང་དག་ཏུ་བཙོ་བ་ནི། །ལུབར་བའམ་རོ་ཉེའི་སྣོད་དག་ཏུའོ། །སེང་ལྡེང་ཚེར་མ་ཅན་གྱི་མེ། །ཆེ་ཆུང་རན་པར་བུད་པར་བྱ། །བྲེ་གསུམ་ལ་ནི་བྲེ་དོ་བཙོ། །གཉིས་ཀ་སྲང་ལ་གཅལ་བར་བྱ། །བཅུད་ཐོན་ཚོས་པར་གྱུར་པ་ན། །སིང་ག་རའི་རིས་ག་་ཏེ། །ལྕགས་གཏན་པ་འམ་རྡོ་ཡང་རུང་། །བཅ་ཀུན་ཐོན་པར་མནན་པར་བྱ། །ཅི་བྱུང་་བར་བར་ལྷུགས་ནས་ནི། །བསྡུས་ཏེ་ཚ་བ་གསུམ་དང་སྦྱར། ཁོངས་སུ་འཐུངས་ན་བད་རླུད་སེལ། །ལུས་ལ་བསྐུས་ན་ཤུ་ཏོར་སྦྱོང་། །རྟག་ཏུ་བཅངས་ན་ཁྲགས་འབྲས་འདུལ། །ནམ་གྱི་གུང་ལ་འོ་མ་དང་། །སྦྱར་ཏེ་ཁུར་བ་གསུམ་གསུམ་གཏུང་། །བསྲེས་ཏེ་བག་དང་ལྡན་བྱས་ན། །ཕོ་མཚན་སྟོབས་ལྡན་ས་བོན་འཕེལ། །བསྐྱིལ་བའི་ཐབས་ལ་རྩལ་ལྡན་ནོ། །དངོས་པོ་ དྲི་མ་ལ་བསྐམས་ནས། །ལྕགས་ཀྱི་གཏན་ག་་ལ་བཏགས་ཏེ། །རས་ལ་སྦྱངས་ཏེ་ཀ་བཱ་ལར། །སྒྱུ་རུ་ར་ཡི་ཁུ་བས་སྦྲུས། །ཕྱི་རོལ་ཏིལ་མར་བསྐུ་བྱས་ཏེ། །འདབ་ཏོ་པ་ལའི་ལོ་མར་གྲིལ། །རྟས་ནས་རི་ལུ་ཨ་འབྲས་ཙམ། །བྱས་ཏེ་ཟ་མ་ཏོགཏུབླུགས། །འདི་ནི་ཤ་ཆེན་དམ་པ་སྟེ། །རུལ་དང་སུམས་ཤིང་བམ་པ་དང་། །བད་མཁྲིས་བག་དང་མ་བྲལ་བ། །སྐྱུ་ཁ་ཡིས་ནི་འབྲསབུ་དྲ། །འདི་དག་སྤང་བར་ངས་བཤད་དོ། །དེ་སྐད་བདུད་རྩི་བདེ་བ་ཆེ། །རང་བྱུང་དཔའ་བོ་ཆེན་པོ་ཡིས། །འཁོར་བའི་ང་རྒྱལ་ནད་སྦྱང་ཕྱིར། །ཀུན་ལ་བརྩེ་བས་བཀའ་སྩལ་ཏོ། །དཔལབདུད་རྩིབདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོཆེན་པོ་ལས། བདུད་རྩི་ཤ་ཆེན་བཙལ་བའི་ཐབས་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་ཡང་སེམས་དཔའ་རྡོ་རྗེ་རྣོན་པོས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་གསོལ་པ། ཀྱེ་མ་ཧོ་བཅོམ་ལྡན་འདས་སྣོད་བཅུད་ཐམས་ཅད་ཡེ་ནས་བདུད་རྩི་ཤ་ཆེན་པོར་མ་གྱུར་པ་མེད་དོ་ཞེས་གསུངས་ན། དེ་དག་རྩ་བ་དང་ཡན་ལག་ཏུ་བཅས་པ་ངོས་འཚལ་བར་བགྱི་བ་དེ་དག་བཤད་དུ་གསོལ། །ཐུགས་རྗེའི་བདག་ཉིད་བཤད་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་བདུད་རྩི་ཆེན་པོས་བཀའ་སྩལ་པ། ང་ཐོག་མ་མེད་པའི་དུས་སྔ་བའི་ཡང་སྔ་བ་ནས། སེམས་ཅན་ཐམས་ཅད་ཤུགས་ཆེན་པོས་བསྒྲལ་ཏེ། བདུད་རྩི་རྒྱ་མཚོར་བསྐྱིལ་ཟིན་ཀྱང་འགྲོ་བ་གང་དར་གྱི་སྲིན་བུ་བཞིན། རང་གིས་རང་བཅིངས་པ་རྣམས་དགྲོལ་བར་བྱ་བའི་ཐབས། ཁྲ་ཆེན་པོའི་རྩ་བ་དང་ཡན་ལག་ཏུ་བཅས་པ་རྣམས་ངོས་གཟུང་བ་བཤད་ཀྱིས་ཉོན་ཅིག །བྱང་ཆུབ་སེམསནིཇིབཞིནཏེ། །རྩབདངནི་ཡན་ལག་གོ །རྩ་བ་ཕྱི་ནང་གསང་བ་གསུམ། །ང་རྒྱལ་ཅན་གྱི་སེམས་ཅན་གང་། །དེ་ཡི་བརྒྱད་ནི་གསང་བ་ཡི། །ས་བོན་ཡིན་པར་ངས་བཤད་དེ། །མིག་དང་རྣ་བ་སྣ་དང་ལྕེ། །སྤངས་མ་སྲིན་བུ་ཀ་ཀ་རི། །རྒྱ་སྤོས་ལན་ཚྭ་སྔོན་པོ་བརྒྱད། །གསང་བའི་རྩ་བའི་རྫས་ཡིན་ནོ། །ནང་གི་སྦས་པའི་བཞི་དག་དང་། །མངོན་པ་བཞི་དང་བརྒྱད་ཡིན་ནོ། །ལྕེ་དག་སྙིང་དང་མཁལ་མ་དང་། །ཚིལ་ཁྲ་བཞི་ནི་ནང་གིའོ། །རྗེ་ངར་ལག་ངར་ཉྭ་གཉིས་གཉིས། །བཞི་ནི་ཕྱི་ཡི་རྫས་སུ་དགོད། །དུ་རུ་ཀ་ཡི་རྩ་བ་དང་། །སྡོང་བུ་ཤུན་པ་ཡལ་ག་དང་། །འདབ་མ་མེ་ཏོག་འབྲས་བུ་དང་། །ཐང་ཆུ་བརྒྱད་ནི་ཕྱི་ཡི་སྟེ། །དེ་ལྟར་ཉི་ཤུ་རྩ་བཞི་ནི། ཁྲ་ཆེན་རྩ་བར་བསྟན་པ་ཡིན། །དེ་དག་ཡན་ལག་བཤད་པ་ནི། །བརྒྱད་ནི་དམ་པའི་ནི་རུ་ཧ། །གླང་པོ་ཆེ་དང་ཕག་རྒོད་ཤ །ཁྱིམ་བྱའི་ཤ་དང་སྨིག་མའི་ཤ །འབྲས་བུ་དང་ནི་ས་ལུ་འབྲས། །ཏིལ་དང་ཇི་ཙེ་ཀ་ནི་ཧྭག །བརྒྱད་ནི་དམ་པའི་སྟོང་དུ་འགྱུར། །འབའ་ཧུ་ལུག་མིག་སྟོན་སྐྱེས་དང་། ཁྲ་ཀ་ར་ཡི་སྡོང་བུ་དང་། །ས་བོན་དང་མི་སུག་ཙེ་བན། །ཀ་ནི་ཧ་སྟ་སྤང་རྒྱན་དང་། །ཧ་ཧེ་ས་ནི་སེར་པོ་དང་། །ཐ་འབྲི་བརྒྱད་ནི་མིག་གི་འོ། །ཀ་ཤོ་ཀན་དྷི་ཤུན་པ་དང་། །སེ་ལྔ་ཀ་ནི་ཀ་སྔོན་པོ། །ཛ་ཏི་སེར་པོ་ཧ་སེར་པོ། །སྟག་ཚེར་བ་དང་སེང་ཚེར་དང་། །བྱ་ན་ཧ་རྣམས་རྣ་བའི་འོ། །སྣ་ཡི་སྲི་ཤིང་ཐང་ཆུ་དང་། །ལོ་ན་ཧ་དང་བི་རྒྱ་ཛ། །ཧག་མེད་ཏང་དང་སྒྲོན་ཤིང་དང་། ཁྲར་ཡ་དང་མི་ལིག་མི་ཛ། །ཀུམ་བི་རྒྱ་དང་བརྒྱད་ཡིན་ནོ། །ལྕེ་ཡི་ཁྱི་ལྕེ་སྨུག་པོ་དང་། ཁྲ་ན་ར་དང་ཤ་སེར་གེ །ལེན་ད་ར་དང་སེར་པོ་ཏ། །ཀུན་ཏྲ་སེ་དང་གང་ག་ཕུས། ཁུ་ར་ཏ་ནི་ཕུས་པ་བརྒྱད། །སྟོངས་སུ་འགྱུར་བས་དགོད་པར་བྱ། །བལ་ཕུ་དང་ནི་ལྡོང་རོས་དང་། ཁུ་དང་གངས་དང་ཤེ་ན་ར། །གག་ག་ལེ་དང་རལ་པ་ཤ །ཀེར་ཡུར་ཧ་ག་མེ་རུ་རྣམས། །སྤངས་མ་ཡི་ནི་སྟོངས་སུ་བྱ། །སྒོག་སྐྱ་ཚོང་དང་ལ་ཕུག་དང་། །བྲག་ཤ་བ་དང་འཛི་ན་སྲ །ཀོས་ནམ་རུ་དང་ཤ་སང་གེ །ལོ་ཧ་རི་དང་རྣམ་པ་བརྒྱད། །ཀ་ཀ་རིའི་ཡིན་པར་བཤད། །རྒྱ་སྤོས་རིགས་སུ་བསྟན་པ་ནི། །དུ་རུ་ཤ་དང་བྲིང་ག་ཡ། །ཏྭད་ཏྭ་ལེ་ར་ག་ན་ར། །ལིག་མི་ཙ་དང་ཙན་དྷ་དང་། །ཤ་མ་ཏྲི་བི་ཏ་ཏོ་བན། །བརྒྱད་པོ་དག་ནི་དགོད་པའི་སྟོངས། །བྲི་ཡ་ཚ་དང་གློ་ཙ་དང་། ་།་ག་ཙ་དང་ཤིང་ཚ་དང་། །པི་པི་ལིང་དང་སྒོའུ་གཤེར་དང་། །ལི་བར་ཨག་དང་ལི་ཁྲེ་ཁྲ། །དེ་བརྒྱད་ལན་ཚྭ་སྔོན་པོའི་འོ། །ནང་གི་རྩ་བའི་ཡན་ལག་ནི། །ལྕེའི་དུག་ར་རེའུ་ལྕག་པ། །ཀ་བྲེ་ཏ་དང་ཝ་ཡི་ལྕེ། །བན་གླང་ཁྱི་ཡི་ལྕེ་གཉིས་དང་། །སེ་ར་ཀུམ་བི་ར་ཛ་བརྒྱད། །སྙིང་ཤོ་ཤ་དང་པདྨ་ནག །དཀར་པོ་ལོ་ན་ཧ་རུ་ཤ །བིར་བ་སྦ་དང་བི་ན་ཏང་། །ཇིད་ཏ་ར་དང་ཚིལ་ཤ་མང་། །འདི་བརྒྱད་སྙིང་གི་སྟོངས་སུ་འགྱུར། །མཁའ་མའི་རིགས་སུ་གྱུར་པ་ནི། ཁ་སྲལ་བི་ན་རུ་འབྲས་བུ། །བ་མཁལ་དང་ནི་དོ་ཀེའུ་ར། །ཆག་གི་ཤ་དང་སོ་བན་སྲ །འདི་བ་ཀ་ར་རོ་རས་བ། །འདི་བརྒྱད་ཡིན་པར་ངས་བཤད་དོ། །དོང་ཀ་དང་ནི་ངོ་མ་རི། ཁྲས་སྟ་དང་ནི་ར༷་ར་རེ། །ཀུ་ན་ཧས་སྟ་སྔ་རྙོ་བིས། ཁྲང་ཟེ་བ་དང་ལུག་ཏི་ཁྱར། །འདི་བརྒྱད་གཞང་གི་ཡིན་ཞེས་བཤད། །ཀ་ལ་ཧོ་ཕག་ཀ་རེ་ར། །ར་རོ་ས་དང་ཤོ་ན་བི། །འབའ་བ་ཏང་ཏ་ཧུར་ཨུར་དང་། །སེ་ན་རུ་ཤ་སེ་ས་བས། །འདི་བརྒྱད་སྐྱོད་བྱེད་གཡས་ཀྱི་ཡིན། །གཡོན་གྱི་ཀམ་ཀ་ལེ་དང་ནི། །སུར་བུ་དང་ནི་ཀུག་ཏྲ་ས། །ཝན་ཏྲ་ཏ་དང་ཤ་རྒྱ་བ། །བིལ་སུས་ས་དང་ཏམ་མྲ་དང་། །སྐྲུག་ར་སེ་དང་བརྒྱད་ཡིན་ནོ། །ལག་པ་གཡས་ཀྱི་ཤིམ་པ་དང་། །སེར་བུ་བང་དག་གུག་ཏྲ་པ། །སྤྱིན་ར་དང་ནི་ཤུ་མུ་ཟ། །ཀར་ཀ་ལེ་བ་ཅ་རོ་དང་། །སུར་བུའི་མེ་ཏོག་བརྒྱད་ཡིན་ནོ། །གཡོན་པ་ཡི་ནི་རྟི་ར་རུག །བྲ་ག་བྲ་མའི་མེ་ཏོག་དང་། །ཙིན་ཏྲ་བིན་དང་ལུས་སེ་བ། །ཚར་ཛ་ལེ་དང་ངར་པ་དང་། །གི་ར་དང་ནི་ཧུ་མུ་སེ། །བརྒྱད་ནི་འདི་ཡི་སྟོངས་སུ་བསྟན། །ཕྱི་ཡི་རྩ་བ་བརྒྱད་ཀྱི་ནི། ཁེང་བརྒྱད་དག་ཏུ་ཤེས་བྱ་སྟེ། །བ་ལུ་ཀི་དང་རང་གི་རྟ། །དུམ་བུ་སེ་དང་ཀར་ཡུར་དང་། །གསེར་མདོག་པའི་ཨ་རུ་ར། །བ་རུ་ར་དང་མུ་ཏ་ས། །སྤྲི་ཡང་ཀུ་དང་བརྒྱད་རྣམས་ཀྱི། །རྩ་བ་རྣམས་ནི་དུ་རུ་ཀའི། །རྩ་བའི་སྟོངས་སུ་ཤེས་པར་བྱ། །དེབཞིནསྡོམབུཤུནཔ་དང་། །ཡལ་ག་འདབ་མ་མེ་ཏོག་དང་། །འབྲས་བུ་དང་ནི་ཐང་ཆུ་བརྒྱད། །ཐང་ཆུའི་རོགས་ཏེ་གཞན་ཡང་འདྲ། །འདི་དག་ཕྱི་ཡི་ཡན་ལག་གོ ཁྲ་ཆེན་རིགས་ཀྱི་སྨན་གཞན་དག །ཐམས་ཅད་རྫོགས་པར་བྱ་བ་ནི། །དྲང་སྲོང་དག་གིས་བཤད་པ་བཞིན། །གལ་ཏེ་དབྱེ་བར་མ་ནུས་ནའང་། ཁ་དོག་སྔོ་དང་མངར་བའི་རོ། །དེ་དག་ཐམས་ཅད་མ་ལུས་པ། །རིན་ཆེན་རིགས་ཀྱི་སྨན་ཡིན་ནོ། །དེ་སྐད་སྟོན་པ་མཆོག་ཉིད་ཀྱིས། །བཞད་ནས་གསུངས་པའི་དོན་འདི་ནི། །ང་རྒྱལ་ཐབས་ཀྱིས་བསྒྱུར་སླད་དུ། ཁྲ་ཆེན་གཏན་ལ་དབབ་ཕྱིར་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་ཤ་ཆེན་གྱི་རིགས་ཀྱི་སྨན་ངོས་གཟུང་བར་བྱ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས། །གསང་བ་མཆོག་གི་རྒྱལ་པོ་རྡོ་རྗེ་བདུད་རྩིའི་མཆོག་ལ་གསོལ་བ། ཀྱེ་བཅོམ་ལྡན་འདས། རྒྱལ་བས་བྱིན་གྱིས་བརླབས་ཤིང་རིན་པོ་ཆེའི་རིགས་ཀྱི་བདུད་རྩི་དག་མ་བསྒྲུབས་ཤིང་བྱིན་གྱིས་མ་བརླབས་ཀྱང་རང་བཞིན་གྱིས་ཐུགས་རྗེའི་སྣང་བ་ལགས་ན་ཅི། མཐུ་མཆིས་པར་འགྱུར་རམ། དེ་ཇི་ལྟར་ལགས་པ་དེ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བས། གཙོ་བོ་གར་གྱི་དབང་ཕྱུག་དེས་ཐུགས་སུ་ཆུད་ནས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་སྐལ་ལྡན་སེམས་དཔའ་ཆེ། །ཞུས་པའི་དོན་རྣམས་བཤད་ཀྱིས་ཉོན། ཁྲ་ཆེན་པོ་ནི་སྨན་གྱི་མཆོག །ནད་སེལ་གང་ཡིན་གོང་དུ་བཤད། །རྟག་ཏུ་བསྙེན་པས་མཐུ་ཆེའོ། །རྩ་བ་ལ་སོགས་བཤད་བྱ་ན། །རྩངས་པའི་མིག་གིས་ལྷོ་ཕྱོགས་ཀྱི། །ས་ཡ་སུམ་ཅུ་ཚུན་ཆད་མཐོང་། །རྣ་བས་དེ་ཡི་སྒྲ་ཀུན་ཐོས། །སྣས་ནི་ཡོན་ཏན་ཅི་ལྡན་ཚོར། །ལྕེས་ནི་ཆོས་ཀྱི་ཡོན་ཏན་འཆད། །སྤངས་མས་སྲིན་བུ་འབུམ་སེལ་ཏེ། །ཀ་ཀ་རི་ཡིས་ཆུ་འགགས་སྦྱོང་། །རྒྱ་སྤོས་མིག་ཕྱིད་ངེས་པར་སོས། །ལན་ཚྭ་སྔོན་པོས་གྲང་བ་འཇོམས། །ལྕེ་ཡིས་ཀུན་ལ་སྨྲས་པ་ཉན། །སྙིང་གིས་དྲན་པ་རྒྱ་ཆེར་སྐྱེ། །མཁལ་མས་རྐེད་པའི་ཆུ་སེར་སྦྱོང་། །གཞང་གིས་ཕ་རོའ།་རེགས་པ་འཇོམས། །བྱིན་སྙིང་གཡས་པས་རྒྱལ་པོའང་འགྲོ། །གཡོན་པས་བུད་མེད་ཁྱབ་པར་སྦྱོང་། །ལག་ངར་གཡས་པས་ཅི་བཅོལ་འགྲུབ། །གཡོན་པས་བཤང་བ་འགགས་པ་སེལ། །དུ་རུ་ཀ་ཡི་རྩ་བ་ཡིས། །ཚོང་དཔོན་ཚོང་བཅས་དབང་དུ་སྡུད། །སྡོང་བུས་ཅང་ཤེས་འཕེལ་བར་བྱེད། །ཡལ་གས་བསེ་རེགས་བགེགས་སྐྲོད་དེ། ་།ན་པས་བས་ལྷགས་གཏིང་ནས་སེལ། །འདབ་མས་གཙུག་ལག་སྦྱོར་ལ་མཁས། །མེ་ཏོག་གིས་ནི་ཁྱབ་འཇུག་མཉེན། །འབྲས་བུས་བྱི་བ་སྲིན་བུ་འཆིང་། །ཐང་ཆུས་བུད་མེད་གཡེམ་པ་འཇིལ། །ཡན་ལག་བརྒྱད་བརྒྱད་སྨན་ཀུན་གྱིས། །འདུ་བའི་ནད་རྣམས་སྦྱར་བས་སེལ། ཁ་དོག་དག་ནི་རོས་ཕྱེ་སྟེ། །རིན་ཆེན་རིགས་སུ་གཏོགས་པ་རྣམས། །འདུ་བའི་ནད་རྣམས་རེ་རེ་ལ། །མི་ཕན་པ་ནི་གཅིག་ཀྱང་མེད། །དེ་དག་འགྲོ་བ་ཕན་མཛད་ཕྱིར། །ངས་ནི་ཡང་དག་པར་བཤད་དོ། །དེ་སྐད་སྟོན་པ་མཆོག་གིས་གསུངས། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུ་ཀྱི་རྒྱལ་པོ་ཆེན་པ་ལས། བདུད་རྩི་ཤ་ཆེན་པོ་རྩ་བ་དང་ཡན་ལག་གི་སྨན་ཡོན་ཏན་ཆེན་པོ་ཡོད་པར་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་པའི་ཐིག་ལེ་ཆེན་པོའི་བདག་ཉིད་དེས། །བདུད་རྩི་ཤ་ཆེན་པོ་རྣམ་པར་སྦྱང་བར་བྱ་བ་དང་། ཐ་སྙད་བྱིན་གྱིས་བརླབ་པ་འདི། ཉིད་ཀྱིས་སྐུ་གསུང་ཐུགས་ལས་ཕྱུང་ངོ་། །སྭ། སེམས་ཅན་རྣམས་ནི་གནས་ལ་ཆགས། །ནོར་བས་བདག་ཉིད་གཙང་མར་འཛིན། །དོན་གྱིས་སུན་ནི་མ་ཕྱུང་ན། །བསོད་ནམས་ཐམས་ཅད་བྲལ་བ་ཡི། །ཡི་དྭགས་སྐམ་ཐག་ཆད་པ་ཡང་། །བདག་ལུས་གཏང་བར་མི་ཕོད་ན། །ལྷ་ལ་སོ་ས་པའི་བསོད་ནམས་ཀྱིས། །ལུས་ཅན་རྣམས་ལྟ་སྨོས་ཅི་དགོས། །དེ་བས་འདི་ཀུན་སུན་དབྱུང་ཞིང་། །རང་བྱུང་བདུད་རྩི་བསྟན་པའི་ཕྱིར། །བསྟན་ཀྱང་ལྷ་ཡི་བདག་ཉིད་བཟའ། །མི་ལ་སོགས་པ་དེ་བཞིན་དུ། །རྣལ་ འབྱོར་པས་སྤྱང་ཅིང་བཟའ་འོ། །དེ་ལྟར་བདག་གཞན་མི་འབྱེད་པས། །བླང་དོར་མེད་པར་གྲོལ་བ་ཡིས། །མཉམ་པ་ཉིད་ཀྱི་དོན་མཐོང་ནས། །ཐམས་ཅད་མཉམ་ཉིད་ཡེ་ཤེས་སྐུ། །བདེ་གཤེགས་རིན་ཆེན་རིགས་མཆོག་འགྲུབ། །ཅེས་གསུངས་པས། ཁམས་གསུམ་འཁོར་བའི་ཆོས་ཐམས་ཅད་མ་སྤངས་བདུད་རྩི་དམ་པ་ཤ་ཆེན་པོར་སངས་རྒྱས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ངང་གིས་གནས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་རབ་ཏུ་དགྱེས་པའི་བདུད་རྩི་ཆེན་པོ་དེས་ངེས་པར༷་གྲུབ་པར་བྱེད་པའི་རྡོ་རྗེ་མི་འགྱུར་བའི་གསང་བ་ཞེས་བྱ་བའི་དགོངས་པ་ལ་ཞུགས་ནས། སྣང་བ་ཉེ་བར་བཀོད་པས་དུག་ཉེ་བར་སེལ་བར་བྱེད་པ་ཞེས་བྱ་བའི་སྔགས་དམ་པ་འདི་ཉིད་ཀྱི་ཐུགས་ལས་ཕྱུང་ངོ་། །ཨཱོཾ་ཨུ༷༷ཧུ༷་མ་ཧྭ་མ༷་ས་མ་ཧྭ་སྤ་ར་ན་ར་ཧོ་ཧ༷་རད་ན་ར་ཞི་ས་མ་ཡ་སྟ༷། ཞེས་གསུངས་པས། ནམ་མཁའི་མཐས་ཁྱབ་པའི་སྣོད་བཅུད་ཐམས་ཅད་བྲོ། རབ་ཏུ་བྲོ། ཀུན་ཏུ་བྲོ་བས། མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བདུད་རྩི་ཤ་ཆེན་པོར་ཆུབ་པར་གྱུར་ཏོ། །དེ་ཉིད་ལ་དོན་འདི་སྐད་ཅེས་གསུངས་སོ། །རིན་ཆེན་ཟུར་བརྒྱད་དབུས་སུ་ནི། ཁྲ་ཆེན་རང་བཞིན་ཡི་གེ་སྭ། །བི་དུརུ་འདྲ་འོད་ཟེར་འཕྲེང་། །ཡེ་ཤེས་སྒྲོན་མ་བ་དག་བཞིན། །འཕྲོ་འདུ་སྲིན་བུ་མེ་ཀྱེར་འདྲ། །འབྲུག་ཆེན་གདངས་ངར་བརྗོད་པའི་གསུངས། །མཁའ་ལ་འཇའ་ཚོན་གསལ་འདྲ་སྐུ། །བསམ་དགུར་རེ་སྐོངས་ཡོན་ཏན་འབར། །འགྲོ་གང་ཅིས་འདུལ་དེ་འདྲའི་ལས། །ལྔ་ཡི་འཕྲོ་འདུ་སེལ་བྱེད་རྩི། །སྲིད་གསུམ་བན་དའི་ཟངས་ཀོངས་ནི། །སུལ་མངས་གླིང་བཞིར་རི་རབ་ལྔ། །ནམ་མཁའི་ཐིག་སྐོར་ལེ་བརྒན་འོད། །མཚལ་གྱི་ཞུ་བ་པདྨའི་རྩ། །རིན་ཆེན་རྒྱལ་པོ་བཀོད་པའི་ཞིང་། །གྲང་འབྲུམ་ཨསྨ་གར་བྷའི་གནས། །ལེའུ་ཚེན་གཅེའུ་འབར་ཨུཏ་པ་ལ། །འོད་ཀྱི་བྷ་ག་བདུད་རྩིའི་སྦུས། །བསྐྱོད་དེ་རིན་ཆེན་རིགས་ཀུན་མཆོད། །དཔལ་ལྡན་ལྗོན་པའི་ཚལ་སྦྱངས་ཏེ། །སྐུ་དང་གསུང་ཐུགས་བདུད་རྩིར་བསྡུས། །ང་རྒྱལ་མཐའ་ལ་གནས་པར་བྱངས། །སྲིད་པ་མདོ་བསྡུས་ཐིག་ལེར་བསྒྲལ། །གནས་མེད་ཡང་དག་ལམ་ལ་གནས། །བདུད་རྩི་ཤ་ཆེན་ཐིག་ལེ་འབར། །རྨད་བྱུང་དངོས་གྲུབ་མཁའ་ལ་བསྟིབས། །ཟུར་བརྒྱད་ཀ་མ་ཙིསྟ་ལ། །ས་ཡི་མཚོན་ཏེ་རྒྱུ་དྲུག་སྦྱངས། །མཚན་མའི་བཏགས་པ་རབ་ཏུ་བསྲེགས། །བདེ་འབྱམ་གསེར་གྱི་ཉི་མར་ཐིམ། །གདོད་ནས་རྣམ་དག་དེ་ཡིན་ལས། །ཐབས་མཁས་སྐྱེས་བུས་དེ་ལྟར་སྦྱངས། །དོན་ཀུན་དེ་ལྟར་ཤེས་པར་བྱོས། །ཅེས་གསུངས་པས། འདུས་པ་ཕལ་མོ་ཆེའི་ཚོགས་ཐམས་ཅད། བདུད་རྩི་ཤ་ཆེན་པོའི་རོས་ཚིམ་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཤ་ཆེན་པོ་སྦྱང་བའི་སྔགས་དང་ཏིང་ངེ་འཛིན་བསྟན་པའི་ལེའུ་ཉེར་དགུ་པའོ།། །།དེ་ནས་འཁོར་དེར་འདུས་པའི་གཙོ་བོ་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་དེས། ཤ་ཆེན་པོ་ཞེས་བཏགས་པའི་ནད་དེ་ཉིད་བདུད་རྩིར་མཛད་ནས། བྱ་བའི་ཡེ་ཤེས་ཀྱིས་ཁྱད་པར་དུ་ང་རྒྱལ་ཅན་གཏིངས་ཕྱུང་ནས། བགྲོད་པ་མེད་པའི་ས་མཐར་ཕྱུང་སྟེ། རབ་ཏུ་བདེ་བ་རྙེད་པས། ཡིད་ཚིམ་པར་གྱུར་ཀྱང་། ད་དུང་རྟོག་པའི་དྲ་བ་རྒྱུན་མ་ཆད་ནས།ཡང་གསོལ་་བ། ནད་སོས་སྨན་པའི་རྒྱལ་པོ་མཆོག །དུག་ཉིད་སྨན་ལ་བདུད་ཉིད་རྩི། །འཁོར་བའི་ཞིག་ཉིད་བདེ་གཤེགས་གནས། །སྤང་བླང་མེད་པར་སྒྲུབ་མཛད་ལ། །བདག་ཅག་རྣམས་ནི་ཞུ་བ་མཆིས། ཁྲ་ཆེན་བསྒྲུབས་ཏེ་གྲུབ་པའི་རྟགས། །ཇི་ལྟར་ལགས་པ་བཤད་དུ་གསོལ། །གྲུབ་དང་འདྲེས་ནས་བར་ཆད་དག །འབྱུང་ན་གྲུབ་པར་མི་འགྱུར་ཞིང་། །འགྲོ་ཀུན་རྨོངས་པས་མི་ཤེས་པས། །གསལ་བར་ཕྱེ་སྟེ་བཤད་དུ་གསོལ། །དགེ་དང་མི་དགེ་བྱུང་ན་ཅི། །བླང་དང་བཟློག་པའི་ཐབས་བཤད་འཚལ། །བར་ཆད་ངོས་བཟུང་བགེགས་ནི་གང་། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བདུད་འདུལ་རྒྱལ་པོས་བཀའ་སྩལ་པ། །དེ་དག་ཞུས་པ་རབ་ཏུ་ལེགས། །དགེ་དང་མི་དགེ་བཅས་བཤད་ཀྱིས། །ཕལ་ཆེར་འདུས་པ་རྣམས་ཉོན་ཅིག །ཤ་ཆེན་བསྒྲུབས་ནས་གྲུབ་གྱུར་ན། །དེ་ཉིད་རྟགས་ནི་དྲི་འབྱུང་ངེས། །དགེ་བ་རྣམས་པ་བདུན་དུ་བཤད། །གླ་རྩི་དང་ནི་ཨ་ཀ་སྲ །དུ་རུ་ཀ་དང་གུར་ཀུམ་དང་། །ཛ་ཏི་པ་ལ་ག་པུར་དྲི། །སིང་ཧ་ཀ་རོ་བདུན་འབྱུང་སྟེ། སྨན་གྱི་དྲི་ཉིད་མ་ཡིན་པས། །དུས་གསུམ་དག་ཏུ་དུས་དུས་འབྱུང་། །ཉམས་དགའ་ལ་སོགས་དེ་བཞིན་ཏེ། །བདག་ཉིད་རིགས་ཀྱི་བདག་པོ་འམ། །བྱིན་པ་ཉིད་དུ་གསལ་བ་དང་། །ལྟེ་བ༷་དཔྲལ་བར་ཟུར་བརྒྱད་པའི། །རིན་ཆེན་ལྗང་སྔོན་གསལ་སྟེང་དུ། །གསེར་འདྲའི་སྭ་ནི་འོད་བཅས་ལས འབར་འགྲོ་གསལ་བའི་ཀྱོ་བས་སུ། །འཇིག་རྟེན་ཁམས་ཀྱི་རྒྱལ་བའི་ཚོགས། །བཀུག་སྟེ་དྲི་དག་དབྱེར་མེད་པར། །བདག་གི་གནས་སུ་ཡང་ཡང་བསྟིམ། །དབང་པོའི་སྒོ་ཀུན་ཀུན་བསྡུས་ཏེ། །དལ་བུས་དལ་བུས་ཇེ་ཇེ་བསྲིང་། །བརྟན༷་ནས་ངག་གིས་འདི་ཡང་གླིང་། །གཞན་དུ་གཅིག་ཙམ་མ་ཡིན་ནོ། །ཨེ་མའོ་སྣ་ཚོགས་དྲིར་སྣང་བ། །བདག་ལས་གཞན་པ་མ་ཡིན་ཏེ། །བརྟན་པར་གྱུར་ནས་བླངས་ཐོབ་ན། །རིན་ཆེན་ལྟ་བུར་དགོས་འདོད་སྐོང་། །ཨཱོཾ་རད་ན་སིདྷ་ཨ་མྲི་ཏ་ཨ་ཧ༷། ཤ་རུལ་དྲི་ང་རུལ་པ་དང་། །སློན་གདའ་བཤང་གཅི་རྐུ་དང་སྔབ། །འདི་དག་བར་ཆད་བྱེད་པ་ནི། །གནོད་སྦྱིན་སྒྲ་སྐྱེས་སྟོབས་ལྡན་བུ། །སྒྲ་མཁས་ཧ་ར་མིག་ཅེས་བྱ། །འདི་བྱུང་བརྟན་པའི་བློ་ཅན་གྱིས། །རང་རིག་ཅི་ཡང་མ་ཡིན་ལ། །ཅིར་ཡང་སྣང་ལ་མི་རྟོག་པའི། །དོན་ལ་བློ་ཡི་འབྱོར་བ་ནི། །ངར་གྱིས་ཡུན་རིང་གནས་པར་བྱ། །གལ་ཏེ་དེ་ལྟར་མ་གྱུར་ན། །མར་དང་འོ་མ་ཏིལ་ནག་པོས། །ཞི་བའམ་ཡང་ན་བཟློག་པ་ཡི། །སྤྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ། །དེས་ནི་རྣམ་རྟོག་བགེགས་ཞི་འགྱུར། །རང་ཉིད་རང་གི་རྟོག་པ་བགེགས། །རྟོག་པ་མེད་ན་བགེགས་མེད་པས། །རྟོག་བྲལ་སེམས་ནི་བགེགས་ཀྱི་གཉེན། །དེ་བས་མཉམ་གཞག་སེམས་ཉིད་ནི། །བགེགས་རྣམས་ཀུན་གྱི་གཉེན་པོར་ཆེ། །དེ་སྐད་འགྲོ་བ་ཀུན་ལ་ཡང་། །བརྩེ་ཕྱིར་ངས་ནི་བཤད་པ་ཡིན། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ལས། བདུད་རྩི་ཤ་ཆེན་པོ་གྲུབ་པ་དང་མ་གྲུབ་པའི་རྟགས་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེས། །བཅོམ་ལྡན་འདས་ལ་གསོལ་བ།བཅོམ་ལྡན་འཁོར་བའི་ཆོས་འདི་ལ་ཇི་ལྟར་སྤྱད་ཀྱང་། བདེ་བར་གཤེགས་པའི་མཛད་སྤྱོད་ཁྱད་པར་ཅན་ལགས་ཀྱང་། འགྲོ་བ་རྣམས་དེས་ཚིམས་པར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། ད་དུང་ངར་འཛིན་པའི་དྲ་བ་མ་བཅད་པའི་སླད་དུ་ལགས་སོ། །དེའི་སླད་དུ་བདུད་རྩི་ཤ་ཆེན་པོ་འདིའི་སྤྱོད་པ་ལེགས་པར་བཤད་དུ་གསོལ། དཔའ་བོ་ཆེན་པོས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་ཐུགས་སུ་ཆུད་དེ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་རིན་པོ་ཆེའི་གདུང་འཚོབ་པའི་སྲས་དམ་པ་རྣམས་ཀྱིས་སྦྱོད་པ་ནི། ཆོས་བདེ་བ་ཆེན་པོ་བརྩལ་སེམས་དང་བྲལ་བ་ལ་ནི། སྤྱོད་པ་དང་སྤྱད་པར་བྱ་བ་ཅི་ཡང་མེད་དེ། ཅི་སྤྱད་པ་ཐམས་ཅད་བདེ་བ་ཆེན་པོ་བདུད་རྩི་ཆུབ་པའོ། །ངེས་པའོ། །རྒྱས་ཐེབས་པའོ། །ཞུབྲ་ཆུབ་པ་ཉེད་དུ་སྤྱད་པར་བྱའོ། །དེ་ལྟར་སྤྱོད་པ་སྐལ་པ་བཟང་། །རྣལ་འབྱོར་ཆེན་པོ་སྤྱོད་པ་བདེ། །ངར་འཛིན་བདག་དང་བཅས་པ་ཡི། །གང་སྤྱོད་ཅི་སྤྱོད་འཆིང་བ་སྟེ། །དཔག་ཏུ་མེད་པའི་བསྐལ་པ་སྲ །སྤྱད་པད་འབྲས་བུ་ཐོབ་པ་མེན། །རྨོངས་ཤིང་འཁོར་བའི་འགྲོ་བ་རྣམས། ཁེས་རབ་གསལ་ཞིང་རྒྱས་བྱའི་ཕྱིར། །གང་ལྟར་འོས་དང་ཅི་འཚལ་བའི། །ཆོས་ཀྱི་སྦྱིན་པའི་ཆར་ཆེན་དབབ། །བཀྲེས་སྐོམ་གྲང་བས་ཉེན་པ་ཡི། །འགྲོ་གང་ཉམ་ཐག་གྱུར་པ་ལ། །ཟས་སྐོམ་གོས་སོགས་ཕནགདགས་ཏེ། །ཡོ་བྱད་ཆེ་ཆུང་གང་ཡང་གདགས། །བདུད་དང་མུ་སྟེགས་སྦྱོར་བ་དང་། །རྒྱལ་པོའི་ཆད་པས་སྲོག་འཕྲོག་པ། །བདག་གི་སྲོག་ལ་བབ་ཀྱང་བསྐྱབ། །དབྱེན་བརྫུན་འཐབས་བརྡེགས་ཀྱང་ཉེས་པ་མེད། །ཉི་ཚན་བྱེ་ཚན་མེས་གདུངས་དང་། །ལྟེང་ཀར་ཆད་པའི་སེམས་ཅན་སོགས། ཁྲ་ཁྲིན་དེད་པས་ཉེན་པ་ལ། །གཙུག་ལག་ཁང་དང་ཀུན་དགའ་ར། །མཁར་སོགས་གནས་ཀྱི་སྦྱིན་ལ་བསྐྱབ། ཁྲེས་རབ་མུན་པར་འ་ས་རྣམས་ལ། །སངས་རྒྱས་བྱང་ཆུབ་སེམས་སོགས་ཀྱིས། །སྤྱོད་པ་ཅི་སྤྱད་ལོ་རྒྱུས་སྙན། །བད་ཀན་རླུད་མཁྲིས་འདུས་པའང་རུང་། ཁུ་ཐོར་འབྲས་དང་མཚོན་བརྒྱབ་པའི། །ནད་པའི་ཚོགས་ལ་བཀུར་བྱ་ཞིང་། །དཔོན་གྱིས་སྒོ་བའི་འཚོ་བ་སྦྱར། །མི་དང་གླང་པོ་རྟ་ཁྱི་བྱ། །ནམ་ཡང་སྲོག་དང་མི་བསྲལ་ན། །བསྒྲུབ་དང་ཆོས་ཕྱིར་ག་ལ་ཡིན། །དེ་དག་ཤ་ལ་བླང་དོར་དགའ། །ཅུང་ཟད་ཙམ་ཡང་བྱ་བ་མེན། །རྐུ་ཕྲོག་བདག་གིར་མི་བྱ་སྟེ། །ཚོང་དུས་དག་ཏུ་རིན་གྱིས་ཉོ། །གཞན་ལ་དགོས་པར་གྱུར་པའི་ཚེ། །གསེར་གྱིས་ཉོས་ལ་ཅི་དགོས་སྦྱིན། །རྡོ་རྗེ་སློབ་དཔོན་འཐད་ན་ཡང་། །རང་ལས་བཅད་པའང་དབུལ་བ་ཙམ། །དུར་ཁྲོད་སོང་ནས་དགོས་ཚོལ་ཚེ། །དགེ་སློང་མུ་སྟེགས་ལ་སོགས་པའི། ཁ་ན་མ་ཐོ་བསྲུང་བའི་ཕྱིར། །ཕྱི་རོལ་དག་ལ་རབ་སྦ་བྱ། །གཞན་པས་སྔར་སྤྱད་རྫས་ཀྱི་ཐེད། །ཏིལ་འབྲུ་ཙམ་ཡང་སྤྱད་མི་བྱ། །བསླང་དང་ཉོ་དང་བཙོང་མི་བྱ། །བརྟུལ་ཞུགས་ཆུང་བས་ཁུ་འཕྲིག་གམ། །གཙང་སྨེ་ནད་ཀྱིས་ཟིན་གྱུར་ན། །ནམས་ཀྱང་གྲུབ་པར་འགྱུར་བ་མེན། །དེ་སྐད་རྡོ་རྗེ་བདུད་རྩི་ཆེ། །འགྲོ་མགོན་ཆེན་པོས་བཀའ་སྩལ་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་ཤ་ཆེན་པོ་བསྒྲུབ་པའི་སྤྱོད་པ་ཁང་་་ར་ཅན་བསྟན་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་སྟོན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ། དོན་དང་བྱ་བ་མང་པོ་ལ་ཕྱི་བཤོལ་མི་མངའ་བ་དེས། སོ་སོར་རྟོག་པས་མ་རྨོངས་པ་ས་ལེ་བར་ཀུན་ཏུ་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ནས། འདོད་པ་ལ་ཞེན་པ་མི་མངའ་བར་འདོད་ཆགས་ཆེན་པོ་ལྷུན་གྱིས་གྲུབ་སྟེ། མངོན་པར་ཞེན་པར་མཛད་ནས། བརྣལ་ཏེ་ཅང་མི་གསུང་བར་བཞུགས་སོ། །སྔ་མ་བཞིན་དུ་སེམས་དཔའ་དེ་ཡང་ཆགས་པའི་མདངས་ཀྱིས་རབ་ཏུ་དགའ་བ་དང་བཅས་ནས་འཁོད་དོ། །དེ་ལྟར་སྟོན་པ་དང་། སེམས་དཔའ་ཆེན་པོ་གཉིས་ཅང་མི་གསུང་མི་སྨྲ་བས། འཁོར་རྣམས་རབ་ཏུ་ངོ་མཚར་བར་གྱུར་ཏེ། གཅིག་ལ་གཅིག་མིག་བལྟ་ཞིང་། ལག་པ་བསྣོལ་ཏེ་གནས་པ་ལས། ནུབ་ཕྱོགས་ཀྱི་ལོགས་བདེ་བ་ཅན་པདྨ་རབ་ཏུ་རྒྱས་པའི་ཚལ་མཛེས་པས་རབ་ཏུ་བག་ཡངས་པ་ཞེས་བྱ་བའི་ཞིང་ཁམས་ནས་འོངས་པ། རྒྱལ་པོ་ལག་བཟངས་ཞེས་བྱ་བའི་བུ་མོ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། རྣལ་འབྱོར་མ་ཆེན་མོ་པདྨའི་འོད་ཅེས་བྱ་བ་ཞིག་དེར་འོངས་ནས་འཁོད་པ་དེས། སྙིམ་པ་གསེར་དང་དངུལ་གྱི་དོང་ཚེས་བཀང་ནས། སེམས་དཔའ་དེའི་ཞབས་ལ་གཏོར་ཏེ། ཏི་མི་ལ་རྡུང་ཞིང་སྟེག་པའི་གར་བྱས་ཏེ། གླུ་བླངས་ནས་གསོལ་བ་ཀྱེ་རྒྱལ་བའི་སྲས་གསོན་ཅིག །ཉིད་ཞལ་མདོག་གནགས་ཏེ། སྟོན་པ་ལ་ཡང་ཞུ་བ་མི་སྤོབས་ལ། །བདག་ཅག་འཁོར་བྱིན་ལ་ཡང་སྨན་འདོགས་པར་མི་མཛད། མ་འོངས་པའི་འགྲོ་བ་ལ་ཡང་ཐུགས་རྗེ་ཉེ་བར་མི་འཇོག་པ་དེ་ཇི་ལྟ་བུའི་མཛད་པ་ལ་དགོངས་ཅེས་སྨྲས་པ་ལས། ལན་སྨྲས་པ། ང་ལ་རི་བསམ་ཞེས་བྱ་བ་དང་། མི་བསམ་ཞེས་བྱ་བ་གང་དུ་ཡང་མི་རྟོག་ན་ཁྱེད་ཅི་ལྟར་མ་སྤྲོ། ཡང་སྨྲས་པ། བདག་ཅག་ནི་སེམས་ཅན་རྣམས་འདོད་ཆགས་ཀྱི་གཟེར་ཏེ་གང་ལ་ཡང་གྲོལ་བར་མ་གྱུར་བས། འདི་དག་གྲོལ་ན་ཅི་མ་རུང་སྙམ་སྟེ་དེ་ལྟར་སེམས་སོ། །སླར་སྨྲས་པ། ངས་ནི་སེམས་ཅན་གྱི་དོན་བྱ་བའི་ནུས་པ་ཆུང་སྟེ། ཀྱེད་མོས་པ་ལྟར་ན་ད་གཟོད་བཅོམ་ལྡན་འདས་ལ་ཕྱོགས་འགའ་ཞུ་འོ་ཞེས་སྨྲས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་རྣོན་པོས། སེམས་མ་དེས་རང་ལ་གཏོར་བའི་དོང་ཚེ་མང་པོ་དག །བཅོམ་ལྡན་འདས་ལ་གཏོར་ནས་གསོལ་བ། འདོད་ཆགས་ཀྱིས་ནི་རབ་གཟིར་བའི། །འགྲོ་གང་ཉམ་ཐག་སྡུག་བསྔལ་ཏེ། །ངན་སོང་གསུམ་དུ་གདོན་མི་ཟ། །དེ་དག་མྱ་ངན་འདས་ཐོབ་པའི། །ཐབས་མཆོག་བཤད་པར་མཛད་དུ་གསོལ། །དེ་ནས་བཅོམ་ལྡན་དཔའ་བོ་ཡིས། །པདྨ་ཁ་ཕྱེ་ཇི་བཞིན་དུ། །སྤྱན་མཆོག་རྒྱས་པར་ཕྱི་ནས་སུ། །ཚངས་པའི་གསུང་གིས་བཀའ་སྩལ་པ། །ང་ཡི་ཡེ་ཤེས་སྤྱན་གྱིས་སུ། །ནམ་མཁའི་མཐས་ཀླས་པར་བལྟས་ན། །གྲོལ་དང་མ་གྲོལ་ཞེས་པ་དང་། །རིས་སུ་ཕྱེ་བའང་མ་གཟིགས་ནས། །སླར་ཡང་ཅང་མི་གསུང་བར་བཞུགས། །དེ་ནས་སེམས་དཔའ་དེས་རང་གི་རལ་གྲི་དེ་ཕྱར་ནས། འདོད་ཆགས་ཀྱི་དྲ་བ་བཅས་པར་དགོངས་ནས་བཏབ་སྟེ། འདོད་ཆགས་ཅན་རྣམས་བསད་དེ། ཁྲག་ཐམས་ཅད་དྲངས་ཏེ་བག་མེད་པར་འཐུངས་སོ། །དེ་ནས་སེམས་དཔའ་དེ་ཉིད་ཅུང་ཟད་ཅིག་བརྒྱལ་ཏེ་སངས་ནས་ལངས་ཏེ་ཕྱོགས་བཅུར་བལྟས་ན། ཅི་འང་མཐོང་བ་མེད་པར་ཐམས་ཅད་གསལ་བར་མཐོང་ནས། འདི་སྙམ་དུ་ཅི་བདག་སྨྱོས་སམ། འོན་ཏེ་བདུད་ཀྱིས་བྱིན་གྱིས་བརླབས། སངས་རྒྱས་ཀྱི་བསྟན་པ་ལ་གནས་པ་རྣམས་ནི་ཀུན་ལ་བརྩེ་བ་སྟེ། གནོད་པ་ཅུང་ཟད་ཙམ་ཀྱང་མི་བྱེད་ན། །འདི་ལྟར་གསོད་པ་ཅི་སྙམ་ན། །བདག་ཉིད་ལ་བརྟགས་ན། སེམས་ཉིད་ཀྱི་དངོས་པོ་འང་བསད་པར་ཤེས་ཏེ། བདག་གི་སེམས་འདི་ལྟར་ན། །གང་ཡང་བསད་པ་མེད་གྲང་། ཅི་བསད་པ་དང་མ་བསད་པ་གཉིས་ཀ་ཡང་ཡུལ་ལས་འདས་པའི་ཞེས་སེམས་ཤིང་རྣལ་འབྱོར་པ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སེམས་ཅན་འདོད་ཆགས་ཅན་རྣམས་བསད་དམ། གསོལ་པ། བསད་ལགས་སོ། །བཀའ་སྩལ་པ། རང་གི་གསལ་པའི་མཚོན་ཆེན་པོས། །བདག་འཛིན་རྒྱལ་མོ་བྲལ་བྱས་ཏེ། །མ་རིག་བདག་དོན་མི་ཤེས་པ། །འགྱུར་མེད་བདེ་ཆེན་ཀློང་དུ་བསད། །ཡང་བཀའ་སྩལ་པ། ཁྲག་ཐམས་ཅད་འཐུངས་སམ། གསོལ་བ། འཐུངས་ལགས་སོ། །བཀའ་སྩལ་པ། ལོག་དང་འདོད་པའི་འདོད་ཆགས་ཁྲག །འགྱུར་མེད་དབྱིངས་ཀྱི་ཀློང་དཀྱིལ་དུ། གཉིས་པའི་ཐ་སྙད་ཀུན་བསྡུས་ཏེ། །སྤང་དང་བླང་མེད་དབྱིངས་སུ་བཏུང་། །ཞེས་བཀའ་སྩལ་པས། སེམས་དཔའ་དེ་རབ་ཏུ་དགའ་ནས་ཕྱག་འཚལ་ཏེ་གསོལ་བ། ནད་སེལ་རྡོ་རྗེ་བདུད་རྩི་མཆོག །འགྲོ་བའི་གཉེན་གྱུར་བྱམས་པའི་གཙོ། །འདོད་པའི་འདམ་དུ་བྱིང་བ་ཡིས། །སེམས་ཅན་སྐམ་གསར་གདོན་པའི་ཕྱིར། །རཀྟ་གང་ལགས་བཤད་དུ་གསོལ། །དེ་ནས་ཐམས་ཅད་འདྲེན་མཛད་པའི། །པདྨའི་བདག་ཉིད་ཆགས་ཆེན་པོས། །ཡང་དག་ཡེ་ཤེས་སོ་སོར་རྟོག །ཡེ་ཤེས་གསལ་བས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་རྣོན་པོ་ཆེ། །འདོད་ཆགས་སེམས་ལས་ཐ་དད་མིན། །སེམས་ཉིད་སོ་སོར་རྟོག་པ་སྟེ། །དེ་ཉིད་ཆོས་ཉིད་སྤྲོས་བྲལ་བས། །འདོད་ཆགས་གཞན་ནས་འོངས་པ་མེད། །དཔེར་ན་ནམ་མཁའ་དང་བ་ལས། །རླུད་གི་རྐྱེན་གྱིས་བསྐྱོད་བྱས་ན། །སྤྲིན་ཆར་སེར་བ་ཐོག་དང་འཇའ། །སྣ་ཚོགས་ཇི་ལྷར་སྣང་མོད་ཀྱང་། །ནམ་མཁའ་ཉིད་ཀྱི་ཆོ་འཕྲུལ་ལས། །བཀོལ་བ་མ་ཡིན་དེ་དང་འདྲ། །འཁོར་བ་འདོར་བར་མི་བྱེད་ཅིང་། །མྱ་ངན་འདས་ལའང་འདོད་པ་མེད། །མ་འདྲེས་ཆོས་ཀྱི་དབྱིངས་ཉིད་དུ། །ཡོངས་སུ་རྫོགས་པ་འདོད་ཆགས་ཆེ། ཁྲག་ནི་འདོད་ཆགས་བདེ་ལ་ཞེན། །དེ་བས་འདོད་ཆགས་ཁྲག་ཅེས་བཤད། །པདྨའི་རིགས་མཆོག་དེ་ཉིད་དེ། །བདེ་གཤེགས་གསུང་དང་ཐ་མི་དད། །མཉམ་སྦྱོར་དབྱིངས་ཀྱི་ཐིག་ལེ་ལས། །ལོག་རྟོག་ཆགས་པ་སྤང་བའི་ཕྱིར། །ཐབས་ལྡན་སྐྱེས་བུ་ཆེན་པོ་ཡིས། །འདོད་ཆགས་ཁྲག་རྣམས་མི་སྤངས་སྟེ། །སོ་སོར་བརྟགས་ཏེ་བླང་བར་བྱ། །དེས་ནི་འདོད་ཆགས་ནད་རྣམས་སོས། །དེ་སྐད་རྨད་བྱུང་བདུད་རྩི་ཆེ། །འདོད་ཆགས་གཙོ་བོས་བཀའ་སྩལ་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་རཀྟའི་རང་བཞིན་བསྟན་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་བདུད་རྩིའི་མངའ་བདག་དེ་ལ། ཆོས་ཀྱི་ལྡེ་མིག་ཆེན་པོ་སེམས་དཔའ་དམ་པ་དེས། དགའ་བའི་ཚལ་ཆེན་པོ་ནས་སྐྱེས་པའི་མེ་ཏོག་ཤིང་རྟའི་འཕང་ལོང་ཙམ་གྱིས་སྐུ་ཕྱེད་ནུབ་ཙམ་དུ་གཏོར་ཏེ། བསྐྱང་ནས་ཕྱག་འཚལ་ཏེ་གསོལ་པ། ཀྱེ་ཀྱེ་དགའ་དབང་བདུད་རྩི་མཆོག །ནད་སེལ་སྨན་པ་ཀུན་གྱི་བདག །བདུད་དཔུང་ཐམས་ཅད་ཚར་གཅོདཔའི། །དམག་དཔོན་ཁྱོད་ལ་གསོལ་བ་མཆིས། །འདོད་ཆགས་ནད་སེལ་སྨན་གྱི་མཆོག །རག་ཏ་འདོད་འབར་ལོངས་སྤྱོད་སེལ། །ཡེ་ཤེས་རང་བྱུང་ངང་གིས་དག །འདི་ཡི་བཙལ་ཐབས་ཁྱད་པར་ཅན། །སྟོན་པས་སྔ་སླད་མ་གསུངས་པ། །དུས་འདིར་བདག་ཅག་འཁོར་ལ་ཤོད། །དེ་སྐད་གསོལ་བས་ཆགས་པའི་བདག །སྟོན་པ་མཆོག་གིས་ཉོན་མོངས་པའི། །གདུང་བ་རབ་ཏུ་སེལ་བའི་མཆོག །ཀུན་ཏུ་མ་རྨོངས་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་བཞུགས་ནས་ནི། །འདི་མྱོས་རིས་དྲུག་འགྲོ་བ་རྣམས། །ནད་གཉིས་སྨན་དུ་བསྒྲུར་བ་དང་། །པདྨ་རིགས་ཀྱི་གདུང་བསབ་ཕྱིར། །རཀྟ་དགའ་བའི་ཚལ་ཆེན་པོ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །རྡོ་རྗེ་རྣོན་པོ་ལ་སོགས་འཁོར། །ཇི་བཞིན་བྱང་ཆུབ་སྙིང་པོ་ཉིད། །བླང་དང་དོར་བ་རྣམ་སྤངས་པ། །དམན་པའི་ཡུལ་དུ་མ་གྱུར་ཅིང་། །མུན་པ་ཐིབས་པོས་རབ་རྨོངས་ཀྱང་། །སེམས་ལས་མ་གཏོགས་འདོད་ཆགས་མེད། །འདོད་པ་ཁོ་ན་བྱང་ཆུབ་སེམས། །སེམས་དང་འདོད་ཆགས་དབྱེར་མེད་པས། །རག་ཏ་བཙལ་བས་ག་ལ་རྙེད། །འོན་ཀྱང་རྨོངས་ལ་ཕན་གདགས་ཕྱིར། རག་ཏ་ཀུན་རྟོག་ཡེ་ཤེས་སོ། །མི་རྟོག་བྱང་ཆུབ་སྟོང་ཆེན་ལས། །པདྨ་མ་གར་གྱི་དབང་ཕྱུག་གཙོ། །དཀར་མོར་འཁྲིལ་འཁྱུད་གསལ་བ་འམ། །དང་པོའི་ལྷ་མོ་ཡང་རུང་བར་བཤད། ཁྲེས་རབ་འཚལ་ལམ་ཞིང་ཆེན་ནམ། །གཞན་ཡང་གང་ཡང་རུང་བ་སྟེ། དུག་ནད་ཤི་དང་མཛེ་ནད་ཅན། །བུ་ཚ་བཅས་དང་ཐི་བའི་ཁྲག །བདུད་རྩི་མིན་ཏེ་བམ་རུལ་མེན། །ལྷག་མ་དུང་ངམ་ཉ་ཕྱིས་བསག །མ་ག་དྷ་ཡི་བྲེ་གང་ཙམ། །མི་བསྒུལ་དབེན་པའི་གནས་དག་ཏུ། །སྨིག་མའི་འདབ་མའི་སྟེང་དུ་བཞག །ཆགས་ཏེ་བརྟན་པར་གྱུར་པ་དང་། །གནམ་ལྕགས་ལས་བྱས་གྲི་ཐོགས་ཏེ། །སྔགས་འདི་བཟླ་ཞིང་གཏུབ་པར་བྱ། །ཨོ༷་པདྨ་རཀྟ་མུ་ལ་ཁད་ཁ་ཁད་ཁ་ཙིན་དྷ་མ་ཧྭ་བེ་ལ་ཨ་ཀྲ་བེ་ཤ་ཉཡ་ཏ་ཝང་ག་ལེ་གྲྭ་ཧྭ། དྲུག་ལས་གཉིས་སུ་གྱུར་པ་ན། །མཚལ་དང་ད་ཏྲིག་གུར་ཀུམ་དང་། །མུ་འཇའ་ར་རྣམས་ཆ་བསྙམས་ཏེ། །སྲང་དྲུག་དག་དང་བསྲེས་ནས་ནི། །རི་ལུ་རྒྱ་སྲན་ཙམ་བྱས་ཏེ། །ད་ལིས་ལོ་མའི་ནང་དུ་གྲིལ། །གྲིབ་མ་ལ་ནི་གཞག་པར་བྱ། །བསྒྲུབ་པ་མཆོག་གི་རྫས་ཡིན་པས། །རྣལ་འབྱོར་པས་ནི་རྟག་ཏུ་བསྟེན། །གཞན་གྱིས་མཐོང་བར་བྱ་བ་ནི། །ཅུང་ཟད་ཙམ་ཡང་མ་ཡིན་ནོ། །དྷ་དུ་ར་ཡི་ཁུ་བ་དང་། །སྦྱར་ཏེ་གང་ལ་བླང་གྱུར་ན། །དེ་ནི་སྨྱོ་བར་ཐེ་ཚོམ་མེད། །དེ་གཉིས་འོ་མ་དང་སྦྱར་ཏེ། །འཐུངས་ན་རྫས་རྣམས་ཐམས་ཅད་ཀུན། །གསེར་གྱི་མདོག་ཏུ་མཐོང་བར་འགྱུར། །ཤ་ཁ་ར་དང་སྦྱར་བས་ནི། །སྙིང་ཁྲག་འཁྲུགས་པའི་ནད་སེལ་ཏེ། །དེ་ལས་ལྷག་པའི་སྨན་མེད་དོ། །དེ་ལྟར་ཕྱི་ཡི་བཙལ་ཐབས་བཤད། །དམ་པའི་དོན་དུ་གསུངས་པ་ནི། །རཀྟ་འོད་འབར་ལུས་ཀྱིས་བཅུད། །ཆགས་དང་ལེན་པའི་དུས་སུ་འབྱུང་། །པདྨ་རྒྱས་པ་ལས་འབྱུང་སྟེ། །བཙོད་ཁ་རྒྱ་སྐྱེགས་ཁུ་བའི་མདོག །ཐ་མ་དང་ནི་འབྲིང་ཡིན་ཏེ། །འཛིན་པའི་ས་བོན་ཁ་དོག་ནི། །མཚལ་གྱི་མདོག་འདྲ་དམར་གསལ་འཁྱུག །མཆོག་གི་རཀྟར་དེར་བཤད་དོ། །དགོས་པའི་དུས་སུ་མ་ལྡན་ན། །མྱུར་བ་ཉིད་དུ་གྲུབ་བྱ་བ། །སྔར་གསུང་རིགས་ཀྱི་ཕྱག་རྒྱ་ནི། ཁྲུས་བྱས་ཧ་ས་ཀི་རའི་མར། །ཧུ་ལུ་ཀ་ཡི་དྲི་དང་སྦྱར། །ཉིན་གཅིག་གསུམ་དུ་བསྐུ་མཉེ་བྱ། །སྐྱུ་རུ་ར་ཡི་ཁུ་བ་བསྡུས། །གྲངས་པར་བསྒྲངས་པ་ཧུབ་གསུམ་གསུམ། །བླུད་དེ་དེ་ནས་བརྩེད་པར་བྱ། །མིག་དང་རྣ་བ་སྣ་དང་ནི། །ནུ་མ་གཉིས་དང་མཐིལ་བཞི་དང་། །རྩིབ་མའི་མཆན་ཁུང་ལྐོག་མའི་འོག །དུང་གི་ཕུར་པས་གདབ་བ་དང་། །སེན་མོས་བརྩེན་པ་ཡང་ཡང་བྱ། །དེ་དག་ཀུན་ཏུ་འོ་གདབ་ཅིང་། །བྷ་ག་ལ་ཡང་འོ་གདབ་བྱ། །དེ་ནས་གླང་པོའི་ཕྱག་རྒྱ་ཡིས། །བྱ་རོག་གདོང་པར་གཡས་པས་བྲུད། །གཡོན་པས་ལྟེ་བར་དལ་གྱིས་མཉེ། །གསུམ་གྱིས་ངེས་པར་འཛག་པར་འགྱུར། །གལ་ཏེ་ན་ནི་མཁལ་མར་མཉེན། །ཐལ་ལྕག་དལ་བས་བརྟན་བྱས་ནའོ། །དེ་ནས་སྨོས་པའི་སྣོད་ནང་དུ། །གཟགས་ཏེ་གུར་ཀུམ་དག་དང་བསྲེ། །ཡང་ན་ག་བུར་དག་དང་བསྲེ། །དཔྲལ་བ་སྙིང་ཁ་མགྲིན་པ་སྲ །ཐིག་ལེ་བྱ་ཞིང་ལྟེ་བར་བྱ། །ལན་གསུམ་ལྕེ་ལ་བླང་བར་བྱ། །དེས་ནི་རབ་ཏུ་དངོས་གྲུབ་ཉེ། །ཕྱི་རོལ་གཡེང་བ་རབ་སྤངས་ཏེ། །ཡང་དག་བསམ་གཏན་ལ་གནས་པས། །ཅུང་ཟད་ཙམ་ཡང་མི་དབབ་སྟེ། །ནམ་མཁའ་ལ་ནི་རཀྟ་བསྐྱིལ། །རྡོ་རྗེ་ཆ་ཡི་དཀྲུགས་ན་ཡང་། སྒྲོལ་མ་བསྲིངས་པས་དོན་བསྒྲུབ་བོ། །དེ་ལས་ཡང་དག་ཡེ་ཤེས་སྐྱེ། །བླ་མེད་སྙིང་པོ་གདོན་མི་ཟ། །གལ་ཏེ་བརྟེན་པར་མ་གྱུར་ན། །སྔར་གསུངས་པ་ཡི་སྩོར་བ་ཡིས། །བསྒྲུབ་པའི་དོན་དུ་ནན་ཏན་བྱ། །དེ་སྐད་ཆགས་རབ་དོན་ལྡན་པའི། །བདེ་བ་ཆེན་པོས་ཡང་དག་གསུངས། །འངོང་ཆབས་དབྱིངས་སུ་བསྒྲལ་ཕྱིར་རོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་རག་ཏ་བཙལ་བའི་ཐབས་བསྟན་པའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་རྣོན་པོ་དེ་རབ་ཏུ་ཡིད་ཚིམ་པར་གྱུར་ཀྱིས་ཀྱང་། ད་དུང་བདུད་རྩི་རག་ཏ་དེའི་རྩ་བ་དང་ཡན་ལག་གང་ལགས་པ་དེ་ཁོང་དུ་མ་ཆུད་ནས་གསོལ་བ།དགའ་བའི་བདུད་རྩི་བདུད་བདུལ་གཙོ། །མི་མཁྱེན་མི་མངའ་ས་ལེའོ། །ཇི་ལྟར་རཀྟའི་རྩ་བ་དང་། །ཡན་ལག་བཅས་པ་བཤད་དུ་གསོལ། །དེ་སྐད་གསོལ་བས་འཁོར་བ་ལས། །རྒྱལ་བའི་དཔའ་བོས་བཀའ་སྩལ་པ། །ང་ནི་ཐབས་མཁས་སྙིང་རྗེའི་བདག །སེམས་ཅན་རབ་མེད་ཆུ་བོ་ལས། །སྒྲོལ་བར་བྱེད་པའི་གཟིངས་ཆེན་པོ། །ཐམས་ཅད་བྱང་ཆུབ་སྙིང་པོ་སྲ །བསྒྲལ་ཟིན་བསྒྲུབས་ཟིན་གྲུབ་ཟིན་ཀྱང་། །རྐྱེན་བྲལ་རང་ངོ་རང་གིས་སུ། །ཤེས་པར་མ་གྱུར་རྨོངས་པ་རྣམས། །ཀུན་རྟོག་པདྨའི་དབྱིངས་བསྒྲལ་ཅིང་། །རག་ཏའི་རྩ་བ་ཡན་ལག་དག །ལེགས་པར་ཁོང་དུ་ཆུད་བྱའི་ཕྱིར། །གཏན་པ་ཕབ་སྟེ་བཤད་ཀྱིས་ཉོན། །བྱང་ཆུབ་སེམས་བཞིན་རག་ཏ་ཡང་། ཁོ།ས་པར་བྱ་བ་ངས་བཤད་དེ། །ཕུག་རོན་མིག་དང་རྣ་བ་སྣ། །ལྕེ་སྟེ་དབང་པོ་བཞི་རྣམས་དང་། །རྨ་བྱའི་མདོངས་ཀྱི་སྒྲོ་དག་དང་། །སྨིག་མའི་སྡོང་བུ་བྲག་སྤོས་དང་། །གོ་ལ་ཡི་ནི་འབྲས་བུ་བརྒྱད། །གསང་བའི་རྩ་བའི་རྫས་སུ་ཤེས་པར་བྱ། །སྦས་ནང་བཞི་དང་མངོན་པ་བཞི། །བརྒྱད་ནི་ནང་གི་རྩ་བ་སྟེ། །སྙིང་དང་མཆིན་པ་མཁལ་མ་དང་། །འཚེར་བ་བཞིན་ནི་མཛོད་དང་མཚོ། །རྒྱུན་སྲང་སྙིངས་མ་ནང་གི་བཞི། །མཛོད་བཞི་སྙིང་གི་རག་ཏ་དང་། །ན་ས་པད་་་་་ཁྲག་དང་ཡང་། །རྩ་བའི་ཁྲག་དང་བཞི་ནི་ཕྱིའོ། །ཕྱི་ནི་ཙན་དན་དམར་པོ་ཡི། །རྩ་བ་སྡོང་བུ་ཤུན་པ་དང་། །ཡལ་ག་ལོ་མ་མེ་ཏོག་དང་། །འབྲས་བུ་ཐང་ཆུ་བརྒྱད་ཡིན་ནོ། །དེ་ལྟར་རྩ་བ་བཤད་བྱས་ནས། །ཡན་ལག་བཤད་པར་བྱ་བ་ནི། །བརྒྱད་ནི་དམ་པ་ནི་རུ་ཧ། ཁ་ལ་མུན་ཛ་ཤིར་ཤིར་ཤ། །ཛུ་ཏྲི་ར་དང་ཀུག་ཀེ་ར། །གང་ག་ནྟྲ་ཤི་ཞེས་བྱ་དང་། །ར་ཏྲི་ས་དང་བིག་རུ་ཤ །ཁ་རུ་ཚ་ལ་བརྒྱད་ཡིན་ནོ། །སོས་སྐྱེས་བ་ཧུ་ལུག་མིག་དང་། །དག་རུ་ཤ་དང་སེར་སེང་ཀུ། །རྨ་བྱ་དང་ནི་ཕུག་རོན་མིག །དོ་རེ་ཤ་དང་བུ་རུག་པུ། །ཆ་ལ་ཝ་ཏེ་ཏ་དང་བརྒྱད། །དེ་ནི་མིག་གི་སྟེངས་ཡིན་ནོ། །རྣ་བའི་དག་ཏུ་བསྟན་པ་ནི། །ཀ་་།་ཀན་དྷའི་འདབ་མ་དང་། །སྤྲེའུའི་རྣ་བ་ཀལ་པ་ས། །བྱི་ན་རུ་རྟ་ཤ་ཀྲི་ར། །ཀུ་ཀུ་མ་ར་ལོ་འདེ་ཏ། །ས་མ་པོ་ཀ་ར་བརྒྱད་དོ། །སྣ་ཡི་སྲིང་ཐྲེང་པད་འདྲ་ཡིས། །མེ་ཏོག་དང་ནི་ཤ་རོ་ཧ། །ཀུ་ལུ་ཀུ་མ་ལ་དང་ནི། །ཀ་རུ་ས་ཡི་མེ་ཏོག་དང་། །འཛའ་ཏི་པ་ལ་ད་ཏྲིག་གི །མེ་ཏོག་གཉིས་དང་འཛའ་ཏི་ཀའི། །མེ་ཏོག་ཤུ་དག་སྨུག་པོ་བརྒྱད། །ཧ་སེ་ཀིལ་ཡ་རྩ་སྡོང་བཅས། ་།་རུ་ར་དང་པདྨ་དམར། །མ་ལི་ཙན་དང་དུ་རུ་ཧ། །ཀུ་ལ་ཆ་ར་ད་ག་ར། །ངང་ར་པས་དང་བརྒྱད་ལྕེའོ། །མདངས་ཀྱི་ཁ་ལ་ཛ་མུན་ཁྲག །པོ་རེ་རཀྟ་འབར་མ་དང་། །བྱ་བང་ཁྲག་དང་དི་ར་གྲ། །རྒོ་བ་དང་ནི་ཁྱི་དམར་ཁྲག ་།་ར་བ་ཡི་ཁྲག་དང་བརྒྱད། །ས་ཡི་འབྲས་བུ་ལྟེ་བ་ཀ ་།་དག་མེ་ཏོག་ས་ལུ་ལྗང་། །མ་ཤ་མོན་སྲན་རྒྱ་སྲན་དང་། །སྲན་ཆུང་བརྒྱད་ནི་མིག་འབྲས་ཀྱི། །སྤོས་མཆོག་བྲག་ལ་སྐྱེས་པ་ཡི། ཁུ་བྱུག་དང་ནི་ཁུ་རུ་ཤ། །ལེན་དྷ་པས་དང་རམ་བུ་དང་། །བྲ་ག་དང་ནི་རྡོ་བྲེག་དམར། །སི་ར་སང་དང་ཁར་ཀ་ཏང་། །བརྒྱད་ནི་བྲག་སྐྱེས་སྤོས་ཀྱི་སྟོངས། །མཚལ་དང་ལི་ཁྲི་ལྡོང་རོས་དང་། །བཙག་དང་ཁྱེ་ད་ར་ཧ་དང་། །མུན་དུང་དང་ནི་ཨུ་ཏུ་དང་། །ཧེ་ག་རས་ནི་གོ་ལའི་སྟོངས། །དེ་དག་གསང་བའི་རྩ་བའི་སྟོང་། །སྙིང་གི་སླ་གོར་ཞོ་ཤ་དང་། །པིར་པ་ཁུར་བུ་ན་སེ་དང་། །དོང་ཁའི་མེ་ཏོག་ཏྲ་ཏ་ར། །ཙ་ར་ཏ་ཏ་བྱི་རྒྱ་པར། །ཀུག་ནེ་ཝ་ག་བེ་བརྒྱད་ཡིན་ནོ། །མཆིན་པའི་ནི་མུ་འཛ་ར། །བིག་ནེ་ར་དང་སྣག་ཏི་སྲ །ཡང་ན་བེ་དུ་ག་ལ་བེ། །ཧུན་ཀུན་བརྒྱ་དང་རྩ་བརྒྱ་ཁྱེར། །ཙི་ར་ཙ་དང་བརྒྱད་ཡིན་ནོ། །རྒྱ་སྐྱེགས་རྒྱ་སྐྱེགས་མེ་ཏོག་དང་། ཁ་ཕུག་རེ་དང་རྦིན་ད་དང་། །སྒྱུ་རུ་ར་དང་གླང་སྐལ་དང་། ཁྲ་ཤོ་ཧི་ཡ་མེ་ཏོག་གསུམ། །པེན་ར་ཏྲ་དང་བརྒྱད་དགོད་དོ། །མཆེར་པའི་འཕང་མའི་འབྲས་བུ་དང་། །བལ་བུའི་མེ་ཏོག་མཚར་པའི་ཏོག །འབྲམ་བུ་སྐྱི་འབྲས་མེ་ཏོག་བཅས། །ལུག་ངལ་མེ་ཏོག་ཤ་ར་ཏྲ། །བརྒྱད་པོ་དག་ཏུ་ངས་བསྟན་ནོ། །ཙིཉི་རཀྟ་གུར་ཀུམ་དང་། །གྲིང་ཐྲིང་ཤི་ག་རས་སྟར་བུ། ཁ་སྲལ་རྒུ་འབྲུམ་ཡར་པ་ཏ། །ལིང་ག་དམར་པོ་བརྒྱད་མཛོད་ཀྱི། །ན་ས་ཕག་དང་རྨ་བྱའི་ཁྲག །སྟག་དང་དོམ་དང་མ་ཧེའི་ཁྲག །མེ་ཤ་བ་དང་ཕར་བའི་ཁྲག །བརྒྱད་ནི་བླ་མའི་ན་སའི་སྟོངས། །པད་མའི་ཁྲག་ནི་སྟོངས་དམ་པ། །ཏི་ལ་ཀ་དང་ག་ཆུ་ཧ། །ལེའུ་ལེ་ཧ་སྟེ་པུ་སྤ་བཞི། ཁྲེ་ནའོ་སྲན་མའི་ཟོམ་ཤིང་གི །འོམ་བུ་ཨུད་དཔལ་དམར་པོ་བརྒྱད། །རྩ་བའི་ཁྲག་གིར་གྱུར་པ་ཡང་། །བྱེའུ་རུག་འབྲི་མོག་ད་ཏྲིག་དང་། །ར་མཉེ་བ་དང་ནག་ཏི་ར། །སྐྱ་ན་བག་ཤ་མ་རུ་ཙེ། །བྱི་དང་ཀ་དང་བརྒྱད་ཡིན་ནོ། །ཕྱི་ཡི་རྩ་བ་བརྒྱད་ཀྱི་ནི། །ཨ་རུ་ར་ནི་བེ་ཏ་དང་། །ཨ་སྨྲ་དང་ནི་ཚ་ཤི་ར། །པདྨ་ཤི་ན་ར་ག་དང་། །ཙམ་པ་ཀ་དང་བི་ཤི་ཀ །བང་ག་ལེ་བ་དག་དང་བརྒྱད། །རྩ་བ་ཕྱི་ཡི་རྩ་བའི་སྟོངས། །སྡོང་བུ་ཤུན་པ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། །ཐང་ཆུ་བརྒྱད་ནི་ཐང་ཆུའི་སྟོངས། །དེ་དག་ཕྱི་ཡི་རྩ་བའི་ཡིན། །དུས་འདིར་འདོད་ཆགས་ཅན་གདུལ་ཞིང་། །ཡང་དག་དོན་དུ་རབ་བསྒྲུབ་ཕྱིར། །བླ་མེད་སྙིང་པོས་བཀའ་སྩལ་ཏེ། །འདོད་ཆགས་དོན་དུ་རབ་བསྟན་པས། །དེ་བས་ཐབས་འདི་ངས་བཤད་དོ། །འདོད་ཆགས་རྣམས་ནི་མི་སྤངས་ཏེ། །བདེ་བ་དམ་པ་མི་འབྱུང་བས། །འདོད་ཆགས་ཁྲག་རྣམས་དང་དུ་བླང་། །གཞན་ཡང་པདྨ་རཀྟའི་རིགས། །མ་གྱུར་འཇིག་རྟེན་དག་ན་མེད། །ཐམས་ཅད་ཤེས་པར་མི་ནུས་ན། ཁ་དོག་དམར་དང་མངར་བ་ནུབ། །དེ་ལྟར་ཤེས་ནས་རབ་བསྒྲུབ་པར། །བདུད་རྩི་བདེ་བ་མཆོག་གིས་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ལས། བདུད་རྩི་རག་ཏའི་རིགས་སུ་གཏོགས་པ་ངོས་གཟུང་བར་བསྟན་པའི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་དེ་རབ་ཏུ་ཆགས་པའི་མདངས་དང་ལྡན་པ་དེས། གསང་སྔགས་རྨད་དུ་བྱུང་བའི་མངའ་བདག །བཅོམ་ལྡན་འདས་བདུད་མཆོག་གི་རྒྱལ་པོ་ལ་གསོལ་བ། བདུད་རྩི་ཆེན་པོ་པདྨ་རག་ཏའི་སྟོངས་དང་། རིགས་སུ་གྱུར་པ་འདི་དག །འཇིག་རྟེན་འདིའི་ཡོན་ཏན་མཆིས་པ་ལགས་སམ་མ་ལགས། །མ་མཆིས་ན་ནི་ཐུགས་རྗེའི་སྣང་བ་ཤར། །ཞེས་བགྱིད་རུང་བ་ལགས་སམ། །མཆིས་ན་ནི་གང་ལགས། དེ་དག་བདག་ཅག་རྣམས་ལ་བཤད་དུ་གསོལ། དེ་ནས་ཉོན་མོངས་པའི་ནད་ཞི་བར་མཛད་པའི། གཙོ་བོས་འཛུམ་པ་མཛད་དེ་བཀའ་སྩལ་པ། ང་ནི་བདུད་འདུལ་དཔའ་བོ་སྟེ། །ང་ནི་ཐབས་མཁས་འགྲོ་དྲུག་སྒྲོལ། །དག་པའི་ཡོན་ཏན་ཆེན་པོ་རྣམས། །བཤད་ཀྱིས་སེམས་དཔའ་ལ་སོགས་ཉོན། །པདྨའི་རག་ཏ་སྨན་ཆེན་པོ། །ཡོན་ཏན་དཔག་མེད་གོང་དུ་བཤད། །མདོག་སྡུག་པེས་ཇོའི་ནད་རྣམས་འཇོམས། །འདོད་ཆགས་མིག་གིས་པདྨ་མཐོང་། །རྣ་བས་གསུང་གི་གསང་བ་འཐོབ། །སྣས་ནི་བདེ་དང་མི་བདེ་ཤེས། །ལྕེས་ནི་གསུང་རབ་རྒྱ་མཚོ་སྒྲོགས། །རྨ་བྱའི་མདོངས་ཀྱིས་ཀླུ་གདོན་སྐོད། །སྨིག་མའི་སྡོང་བུས་བུ་མང་སྟེ། །བྲག་སྤོས་ཀྱིས་ནི་ར་བྱི་སྐྲོད། ཁྲ་གོ་ལེས་ནི་སོ་མཛེས་སྡུག །སྙིང་གིས་སྙིང་གི་རླུ་་ནད་སེལ། །མཆིན་པས་ཁྲག་རྒྱས་རྣམ་པར་འཇོམས། །མཁལ་མས་ཆུ་འགགས་འདྲོན་པ་བྱེད། །མཚེར་བས་ཅང་ཤེས་རྟ་གསོད་དོ། །སྙིང་ཁྲག་གི་ནི་འཕྲ་མེན་དགའ། །སྣ་ཡི་ཁྲག་གིས་དབང་པོ་གསལ། །པདྨའི་ཁྲག་གིས་ཆགས་པ་སྐྱེ། །རྩ་བའི་ཁྲག་གིས་མུ་གེ་སེལ། །ཙན་དན་དམར་པོའི་རྩ་བ་ཡིས། ཁྲག་དང་རླུ་་དུ་ཞབྲུགས་པ་སེལ། །སྡོང་བུས་མཚེར་ནད་བཅུ་གསུམ་འཇོམས། ཁུན་པས་མ་མོའི་གདོན་རྣམས་སྒྲོད། །ཡལ་གས་ལྕེ་མི་བདེ་བ་སྦྱོར། །ལོ་མས་གླང་ཆེན་མྱོས་ནས་དཔའ། །མེ་ཏོག་གིས་ནི་ཚངས་པ་མཉེས། །འབྲསབུསམཆིནསྐྲནརྣམཔར་སྦྱོང་། །ཐང་ཆུས་མཆིན་པའི་ཁྲག་རྒྱས་སྐེམས། ཁ་ལ་མུན་རྫས་གླད་ཟེར་སོས། ཁེར་ཤིང་ཤ་ཡིས་ལྐོག་སྐྲངས་ཞི། །ཛ་ཏྲི་ར་ཡིས་རྒྱུན་ནད་སྦྱོང། ཁུག་ཀེ་ར་ཡིས་ཁྲུས་ལ་དྲག །གང་ག་དྷི་ཤས་སྐྱ་ནད་སྦྱོང་། །དེ་མེན་ར་ཏྲིས་གཞང་འབྲུམ་འདུལ། །བིག་དུ་ཤ་རས་འོན་པས་ཐོས། ཁ་རུ་ཚ་ལ་རླུད་སྐྲན་འདུལ། །ཡན་ལག་བརྒྱ་དང་དགུ་བཅུ་གཉིས། །ཐམས་ཅད་སྟོབས་དང་ལྡན་པར་བཤད། །སྣོད་བཅུད་རག་ཏའི་རིགས་རྣམས་ཀྱིས། །འབྱུང་བ་ལས་གྱུར་འགྲོ་བ་ཡི། །འདུ་བ་བཞི་དང་སྐྱེན་གྱི་རྣམས། །ཐམས་ཅད་ཀུན་ལ་རེ་རེས་ཕན། །པདྨའི་རིགས་མཆོག་འགྲུབ་པ་ནི། །སྦྱོར་བ་བླ་ན་མེད་པས་སོ། །དེ་སྐད་རྒྱལ་བ་ཐམས་ཅད་མཁྱེན། །སྟོན་པ་མཆོག་གིས་རབ་གསུངས་པ། །རིགས་ཀྱི་རྒྱུད་དུ་བྱུང་བ་ཡི། །བསྒྲུབ་པ་ཡོངས་ལ་ཕན་གདགས་ཕྱིར། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་རསྙིར་རིགས་རྩ་བ་དང་ཡན་ལག་ཏུ་བཅས་པ་ཐམས་ཅད་རང་བཞིན་གྱི་ཡོན་ཏན་ཆེན་པོ་དང་ལྡན་པར་བསྟན་པའི་ལིའུ་སྟེ་སུམ་ཅུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་བདུད་རྩི་བདེ་བ་ཆེན་པོས། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་སྤྲོས་པ་མེད་པའི་ཐིག་ལེ་ཆེན་པོའི་ཀློང་དུ། ཡེ་ནས་སངས་རྒྱས་པའི་དོན་འགྲོ་བའི་རིག་པ་ལ་གསལ་བར་བྱ་བའི་ཐབས་བདུད་རྩི་པདྨ་རཀྟ་ཉིད། སོ་སོར་རྟོག་པའི་ཡེ་ཤེས་སུ་དབང་སྒྱུར་བའི་གྱི་རླབས་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཕྱུང་ངོ་། །ཨུ༷་རཀྟ་པདྨ་ལས་འབྱུང་། །སྨད་པ་མི་གཙང་རྫས་འདི་དག །ཆགས་ཡུལ་བདེ་བའི་གནས་ཡིན་ཏེ། །པདྨ་རིགས་ཀྱི་དམ་ཚིག་འགྲུབ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཞེས་གསུངས་པས། །དུས་གསུམ་གྱི་ཆོས་ཐམས་ཅད། །འདོད་ཆགས་ཆེན་པོ་ཇི་བཞིན་པའི་དབྱིབས་སུ་ཡེ་ནས་སངས་རྒྱས་ཏེ། །སོ་སོར་རྟོགས་པའི་ཡེ་ཤེས་སུ་བྱུང་ཐེབས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཆགས་པའི་དམ་ཚིག་རྡོ་རྗེ་དེས། །འོད་ཀྱིས་གདོན་མི་ཟ་བར་གྲུབ་པ་མཐར་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། གསལ་བའི་རྒྱ་མཚོ་ཚོགས་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བའི་སྔགས་དམ་པ་འདི་ཉིད་ཀྱི་ཐུགས་ལས་ཕྱུང་ངོ་། །ཨོ་ཨུ༷༷་ཧུ༷་མ་ཧྭ་པདྨ་རཀྟ་མུ་ལ། ཨ་མི་དེ་བ་ར་ག་ར་ཏི་ས་མ་ཡ་ཧུ༷་སུ་ཁ་ཧོ། ཞེས་གསུངས་པས། སྟོང་གསུམ་གྱི་སྣོད་བཅུད་དུ་བཅས་པ་ཐམས་ཅད་བདུད་རྩི་རཀྟའི་ཀློང་ཆེན་པོར་གྱུར་ནས། གྲགས། རབ་ཏུ་གྲགས། ཀུན་ཏུ་རབ་ཏུ་གྲགས་པས། ཐམས་ཅད་ནས་ཐམས་ཅད་དུ་པདྨའི་རིགས་སུ་སངས་རྒྱས་ཏེ། འདོད་ཆགས་ཉིད་དཀའ་བསྒྱུར་བར་གྱུར་ཏོ། །དེ་ཉིད་ཁོ་ན་ཡིད་ཆེས་པར་བྱ་བའི་ཆེད་དུ། འདི་སྐད་ཅེས་ཉིད་ཀྱིས་གསུངས་སོ། །པདྨ་ལེ་བརྒན་འདབ་བརྒྱད་དབུས། །རཀྟ་ཉིད་ནི་ཡི་གེ་ཨུ༷། །ར་ག་དམར་སྨུག་འཁྲིགས་པའི་མདོག །ཉོན་མོངས་དབྱིངས་སྦྱོང་འཕྲེང་བ་ལྔ། །འཕྲོ་འདུ་མར་མེའི་སྡོག་བུའི་རྩེ། །རྡོ་རྗེ་སྲིན་པོ་རྔམ་པའི་གསུང་། །གློག་ལྟར་མྱུར་མགྱོགས་སྤྲུལ་པའི་སྐུ། །ཟད་མེད་གཏེར་ཆེན་རིན་ཆེན་བཀོད། །རྒྱ་མཚོ་རླབས་ལྟར་བསྐྱོད་པའི་ལས། །ཡེ་ཤེས་འོད་ཟེར་བདུད་རྩིའི་རྐྱེན། །སྣོད་ཀྱི་འཇིག་རྟེན་བན་དྷའི་སྣོད། །ཟླ་གམ་དུག་གསུམ་སྐུ་གསུང་ཐུགས། །རྩ་ཡི་འཁོར་ལོ་ཀ་མ་ལ། །བཅུད་ཀྱི་དམ་པ་བདུད་རྩིའི་གཙོ། །སྣང་བ་མཐའ་ཡས་བདེ་བའི་ཞིང་། །པད་མའི་ཟེའ་་བ་བན་ཌ་ལི། །མུ་ཏིག་ཟར་བུ་ཤེལ་གྱི་སྐས། །དངུལ་གྱི་སྐྲུ་གུ་གཡུང་དྲུང་བམོ། །ཀུན་ཏུ་འཕྲོ་འདུས་མཆོད་དེ་བསྐུལ། །ཀུན་འབྱུང་ཙན་དན་ནགས་ཚལ་གཤགས། །སྐུ་དང་གསུང་དང་ཐུགས་ཀྱི་བཅུད། །བསྡུས་་ཏེ་་ལོག་པའི་འདོད་ཆགས་སྦྱངས། །ངག་གི་འབྱུང་གནས་བཅུད་དུ་བསྡུས། །ཐོབ་མེད་གསུང་གི་དངོས་གྲུབ་ཐོབ། །པདྨ་རཀྟ་ཐིགས་པར་ཤར། །པདྨ་བྷ་གའི་ཀློང་དུ་བསྐྱིལ། །འདབ་བརྒྱད་སྐྱེ་འཆི་དབྱིངས་སུ་ཐིམ། །ཨུ༷་གྱིས་ངན་སོང་འཚམས་སྦྱར་ཏེ། །མི་བདེ་འགྱུར་མེད་བྱང་ཆུབ་ཀློང་། །ཉི་མ་འོད་ཀྱི་སྙིང་པོ་ལ། །དངུལ་གྱི་གཟེར་ཆེན་ཐམ་སེ་ཐམས། །ཡེ་ནས་དེ་ལྷར་གསལ་བའི་དོན། །དོན་དང་ལྡན་པའི་སྐྱེས་བུ་ཡིས། །བརྩོན་འགྲུས་ལྡན་པས་དེ་ལྟར་སྦྱང་། །དེ་དག་མཁས་པར་རབ་ཏུ་བྱའོ། །འགྲོ་མགོན་སེམས་དཔས་བཤད་པ་ཡིན། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། པདྨ་རཀྟ་སྦྱང་བ་དང་། བསྐྱབ་པ་དང་། ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་ཞེས་བྱ་བའི་སྐྱེས་བུ་དམ་པ་འགྲོ་བའི་དོན་ལྷུ་ཆེར་སྤྱོད་པ་དེས་རཀྟ་ཞེས་འཁྲུལ་པས་བཏགས་པའི་གཅོང་རྙིང་པ་དེ་རང་བྱུང་གི་བདུད་རྩིར་མཛད་པས། །སོ་སོར་རྟོག་པའི་ཡེ་ཤེས་ཆེན་པོས་འདོད་ཆགས་རོས་བཅད་ནས། ཕྱིན་པ་མེད་པར་ཡེ་ཤེས་བླ་ན་མེད་པ་ལྷུན་གྱིས་གྲུབ་སྟེ། བདེ་བར་གཤེགས་པའི་མཛད་པ་མ་བརྩལ་བར་མཐར་ཕྱུང་ནས། བདེ་བ་རྙེད་ནས་ངལ་སོས་ཀྱང་། །ད་དུང་ཕྱིན་ཅི་ལོག་ལ་མངོན་པར་འཆེལ་པའི་འགྲོ་བ། མུན་པའི་ཀློང་ནས་འཐོན་པ་རྣམས་འགྲོལ་བར་བྱ་བའི་ཕྱིར་དང་། ངེས་པའི་ཤེས་པའི་གྲུབ་གདེང་རྙེད་པར་བྱ་བའི་ཆེད་དུ་གསོལ་བ། ལྷ་མི་ཡོངས་ཀྱི་སྟོན་པའི་གཙོ། །འཁོར་བའི་རྒྱ་མོ་འདྲལ་བའི་མཆོག །ནད་སྦྱོང་སྨན་པའི་ཆེ་མཆོག་གཙོ། །ཀུན་མཁྱེན་ཁྱེད་ལ་གསོལ་བ་ནི། །དམ་པའེ་སྤྱོད་པ་ཚོར་བསྒྲུབ་པའི། །འགྲོ་གང་རཀྟ་བསྒྲུབ་བརྩོན་པས། ཁུ།བ་དང་མ་གྲུབ་དྲོད་དང་རྟགས། །བླང་དང་བཟློག་པའི་ཐབས་མཆོག་དག །རང་བྱུང་བདུད་རྩིས་བཀའ་སྩལ་འཚལ། །དོན་འདི་ཁོང་དུ་མ་ཆུད་ན། །དགེ་དང་མི་དགེ་མ་འཚལ་བས། །གྲུབ་པའང་དོན་མེད་བརླག་པ་དང་། །བར་ཆད་དམ་པར་བྱས་པ་ཡིས། །བསྒྲུབ་ལ་ཉེས་པ་འབྱུང་འགྱུར་བས། །དེས་ན་བདག་ཅག་ཚིམ་པར་མཛོད། །དེ་སྐད་ཞུས་པ་ཐུག་ཆུད་ནས། །བཅོམ་ལྡན་བདུད་རྩིས་བཀའ་སྩལ་པ། །རཀྟ་བསྒྲུབ་ལ་བརྩོན་པ་ཡིས། ཁྲུབ་དང་མ་གྲུབ་ཁྱད་པར་དག །ལེགས་པར་བསྡུས་ཏེ་བཤད་བྱ་ཡིས། །ཉོན་ཅིག་སེམས་དཔའ་ལ་སྩོགས་འཁོར། །རཀྟའི་རྟགས་ནི་གཙོར་སྨོས་པ། །སྒྲ་དག་འབྱུང་བར་ངེས་པ་སྟེ། །བར་ཆད་དེ་དང་ཤན་འདྲེས་པའོ། །དེ་ལ་དགེ་བ་གང་ཞེ་ན། །གོ་ཞིང་ཤེས་པས་ཟིན་པ་དང་། །མ་གོ་ཤེས་པས་མ་ཟིན་པའོ། །གོ་བ་ཕྱི་དང་ནང་དུ་བཤད། །ཕྱི་ནི་འབྱུང་བ་བཞི་ཡི་དང་། །ཐ་དད་ཅིར་ཡང་སྣང་བ་སྟེ། །མ་ངེས་འབྲུག་ལ་སྩོགས་པའོ། །ནང་ནི་དཀོན་མཆོག་གསུམ་དག་དང་། །ཕ་རོལ་ཕྱིན་དང་དངོས་གྲུབ་སྒྲ། །གོ་ཞིང་ཁོང་དུ་ཆུད་པའོ། ཁྲེས་པས་མ་ཟིན་གང་ཞེ་ན། །འུར་དང་ཐུག་ཆེ་ཐོག་ལ་སོགས། །བདུད་རྩི་ཉིད་ལ་གྲག་པའོ། །འབྲུ་ལྔའི་སྒྲ་སོགས་དགེ་བའོ། །འདི་དག་གྲག་པར་གྱུར་པ་ན། །བླ་མ་ཕྱག་རྒྱ་ལ་གསང་ན། །གྲོགས་ལ་སོགས་ལ་སྨོས་ཅི་དགོས། །སོད་དང་རྒྱོབ་དང་རླག་པར་གྱིས། །དུག་དང་མི་དགེ་བར་ཆད་སྒྲ། །མི་སྙན་བར་ཆད་བདུད་བགེགས་སྒྲ། །དེ་དག་མི་དགེ་ཡིན་པར་བཤད། །དེ་དག་བྱེ་བྲག་ཤེས་བྱ་ལ། །རེ་དང་དོག་པ་རྣམ་སྤངས་ལ། །མི་རྟོག་མཉམ་གཞག་རང་རིག་ལ། །རབ་གསལ་ཡེ་ནས་ལྷུན་གྲུབ་པས། །མི་རྟོག་པ་ལ་ནན་ཏན་བྱ། །ཡང་ན་འོད་དཔག་མེད་པ་འམ། །འདོདཔའི་ལྷ་རུ་གསལ་བྱས་ཏེ། །མགྲིན་པའི་ལྕེའུ་ཆུང་དབུས་སུ་ཡང་། །འདབ་བརྒྱད་དབུས་སུ་ཨུ༷་བསམ་པ། །རྒྱ་མཚལ་བཅག་པ་ལྟ་བུ་ལས། །འོད་ཟེར་དམར་པོ་ལྕགས་ཀྱུ་དང་། །འདྲ་བས་ཕྱོགས་བཅུའི་བདེ་གཤེགས་གསུང་། །འོད་ཀྱི་ཚུལ་བཀུག་སྒྲལ་བ་བསྟིམ། །དེ་ཉིད་ཆགས་པའི་ཁ་དོག་གིས། །སྔར་གྱི་གནས་སུ་བསྟིམ་པས་སུ། །གསུང་གི༷་དངོས་གྲུབ་བརྟན་བྱས་ལ། །ཚིག་འདིས་བརྟན་པའི་ང་རྒྱལ་བྱ། །སྣ་ཚོགས་སྒྲ་ནི་ཐ་དད་རྣམས། །ཨེ་མ་ཧོ་ངོ་མཚར་གཞན་མེན་ཏེ། །བདག་ཉིད་སྒྲར་སྣང་ངག་བརྟན་ཕྱིར། །རཀྟ་རང་སེམས་རྨད་བྱུང་ཉིད། །ཨཱོཾ་པདྨ་སིད་དྷི་མ་ཧྭ་རཀྟ་ཨུ༷་ཨུ་ཧ༷། དེས་ནི་དངོས་གྲུབ་རབ་ཏུ་བརྟན། །གཅིག་ལྟར་སྣང་དང་རྨུགས་འཐིབས་དང་། །མི་གསལ་སྐྲག་ལ་སོགས་སྣང་བ། །གནོད་སྦྱིན་སྒྲས་ཤེས་བྱ་བའི་བུ། །བུམ་སྣ་ལྟོ་འཕྱངས་ཡིན་ཤེས་བྱ། །དེ་ལ་ཡུངས་ཀར་རྒྱལ་པོ་དང་། །གུ་གུལ་གྱིས་ནི་སྤྱིན་སྲེག་བྱ། །བརྒྱ་རྩ་བརྒྱད་དུ་ངེས་པའོ། །རྣལ་འབྱོར་ལྟ་བ་ང་དང་བདག །གཟུང་དང་འཛིན་པར་མངོན་འཆེལ་པ། །དེ་ནི་བགེགས་ཅེས་ང་ཡིས་གསུངས། །ཆོས་དབྱིངས་དག་པས་དེ་འཇོམས་སོ། །རྨོངས་པ་རྣམས་ཀྱིས་ཤེས་བྱ་ཞིང་། །བསྒྲུབས་པའི་འབྲས་བུ་ཡོད་པ་དང་། །བར་ཆད་དབང་དུ་མི་འགྱུར་ཕྱིར། །རཀྟའི་རྟགས་ནི་ངས་བསྟན་ཏོ། །དཔལ་བདུད་རྩི་ བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།བདུད་རྩི་རཀྟ་གྲུབ་པ་དང་མ་གྲུབ་པའི་རྟགས་དགེ་མི་དགེ་བསྟནཔའི་ལེའུ་སྟེ་སོ་བདུན་པའོ།། །།དེནས་སེམས་དཔའ་ཆེན་པོ་དོན་ཀུན་ལ་རབ་ཏུ་མ་རྨོངས་ཤིང་ས་ལེ་བར་མཁྱེན་པ་དེས། གཙོ་བ་ཐམས་ཅད་མཁྱེན་པདེ་ལགསོལ་བ། ཀྱེ་བཅོམ་ལྡན་འདས་འཁོར་བདངམྱངནལས་འདས་པཐམས་ཅདསྤྱད་པ་དང་སྤྱོད་པའི་ཁྱདཔར་ཅི་ཙམ་ཞིག་མཆིས། བཀའ་སྩལ་པ། འཁོར་བ་ཞེས་བྱ་བནི་ཇི་ལྟ་བུ།མྱ་ངན་ལསའདས་པཞེསབྱ་བ་ནི་ཇི་ལྟ་བུ། དེགཉིས་ཀྱིསྤྱད་པ་སྤྱོད་པ་ཞེསབྱབནི་ཇི་ལྟ་བུ་ཞིག་པདེས། ཁྱོདཉིདཀྱིས་ཞུ་བ་སྤོངས་ཤིག །གསོལ་བ། བཅོམ་ལྡན་འདས་སྔར་ཉིད་ཀྱིས་གསུངས་པའི་དོན་ནི་བདག་གིས་འདི་ལྟརཁོང་དུ་ཆུད་དེ། འཁོར་བ་ནི་འཇིག་རྟེནཔའི་ཆོས་ཏེ་དོརབར་བྱ་བ། མྱ་ངན་ལསའདས་པནི་འཇིག་རྟེན་ལས་འདས་པ། འབྲས་བུ་སྤངསབླང་སོ་སོར་སྒྲུབ་པ་ནི་སྤྱོདཔ་ཞེས་ཁོང་དུ་ཆུད་དོ། །བཀའ་སྩལ་པ། འཇིགརྟེན་པ་ཞེས་པ་ནི་ཇི་ལྟ་བུ། འཇིག་རྟེནལས་འདས་པ་ཞེསཔ་ནི་ཇི་ལྟབུ། སྤྱོདཔཞེས་ཇི་ལྟབུ་ཞིག་བླང་དོར་བྱེད་སྨྱོས་ཤིག །གསོལ་བ། གང་བདག་ཏུ་ལྟ་བ་ལམངོན་པར་ཞེན་པ།བདག་ཏུ་རྨོངས་པ། བདག་ཏུ་ངར་འཛིན་པ། རིལ་པོརའཛིནཔའོ། །འཇིག་རྟེནལསའདསཔ་ནི་དེ་ལས་བཟློག་པ་སྟེ། དེདག་གང་དུའང་འཛིན་པ་མེད་པའོ། །དེདག་ལ་སྤང་བ་དང་བླང་བའི་ཁྱད་པར་ཤེས་ཏེ།དགེ་བ་དང་མི་དགེ་བའི་ལས་ལ་འཇུག་པ་ནི་སྤྱོད་པའོ་ཞེས་ཐོབ་སྟེ་ཉིད་ལས་སོ། །བཀའ་སྩལ་པ། དེ་ལྟ་བུའི་ཆོས་སྤང་བླང་གིས་ཕྱེ་བ་དེ་དག་རྩ་བ་ཅི་ལས་བྱུང་། གསོལ་བ། རྩ་བ་ནི་སེམས་ལས་བྱུང་ངོ་། །བཀའ་སྩལ་པ། སེམས་ཞེས་པ་དེ་དངོས་གཞི་ཇི་ལྟ་བུ་ཞིག །གསོལ་བ། དངོས་གཞི་ནི་ཇི་ལྟ་བུ་ཡང་མ་ཡིན་པ་སྟེ། ཁ་དོག་མེད་པ། དབྱིབས་མེད་པ། མིང་མེད་པ། མཚན་མ་མེད་པ་སྟེ་ཅི་ཡང་མ་ཡིན་པའོ། །བཀའ་སྩལ་པ། དེ་ལྷ་ན་ཅི་ཡང་མ་ཡིན་པར་ཅིར་ཡང་མི་སྣང་སྟེ་ས་བོན་ཚིག་པ་ལྟ་བུ་བའོ། །གསོལ་བ། དེ་ནི་ཅི་ཡང་མ་ཡིན་པ་ལས། ཅིར་ཡང་སྣང་བས་ཅི་ཡང་འགྲུབ་པ་སྟེ། བསམ་འཕེལ་གྱི་ནོར་བུ་ལྟ་བུས་ས་བོན་མ་ཚིག་པར་ངེས་པའོ། །བཀའ་སྩལ་པ། སེམས་ཅན་ཆེན་པོ་དེ་བས་ན་སྤྱད་དུ་མེད་པའི་དེ་ཁོ་ན་ཉིད་ལ། ཅི་སྤྱད་ཀྱང་ཅུང་མི་ཟ་སྟེ། དཔེར་ན་ཡུལ་མ་ག་དྷའི་ས་གཞི། ལྟ་བུ་སྟེ་འདི་དག་གོ །བླ་མ་དཀོན་མཆོག་ཕ་དང་མ། །དུས་གསུམ་བརྗེད་མེད་དུས་དྲུག་མཆོག །ནོར་དང་འཚོ་བའི་ཟས་དང་གོས། །ཅི་འབྱོར་པས་ནི་ཅི་དགར་མཆོད། །དྲི་གཙང་ཁང་བཟང་མཛེས་བརྒྱན་པར། །དྲི་ཞིམ་སྤོས་ཀྱིས་བྱི་དོར་བྱ། །ལྷབ་ལྷུབ་ལ་སོགས་རབ་བརྒྱན་ཅིང་། །རྟ་བས་མཛེས་པར་གསུང་ཆེན་དག །རྒྱུན་མི་འཆད་པར་སྦྱིན་པར་བཀླག །ཉན་ཐོས་སྡོམ་ལ་རབ་གནས་པ། །བསྙེན་ཏེ་སོ་སོར་ཐར་པ་ཡི། །སྡོམ་པ་སྐྱོན་མེད་ཀུན་ལ་བཤད། །རྟེན་འབྲེལ་འབྱུང་དགག་ལ་མོས་ན། །མ་རིག་ལ་སོགས་གཏན་ལ་དབབ། །ཐེག་ཆེན་བླ་མེད་དགའ་སེམས་ལ། །བདག་མེད་ཆོས་ལའང་དེ་བཞིན་ཏེ། །ཟག་མེད་དོན་ལ་གཟུང་པར་བྱ། །བྲམ་ཟེ་ལ་སོགས་རང་གི་རིགས། །གཙང་འཛིན་གཙང་མའི་ཆོས་ཅན་ལ། །བྱ་དང་བྱེད་པ་རབ་ཏུ་བརྗོད། །སེམས་ཉིད་གཙོར་འཛིན་སེམས་དཔའ་ལ། །རྣལ་འབྱོར་དག་ལ་བློ་བཞག་གོ །ཆགས་སྡང་ལས་ལ་འཆེལ་བ་ལ། །ཐབས་དང་ཤེས་རབ་ངེས་དོན་བརྗོད། །སྤྲོལ་བྲལ་བློ་ལ་རབ་སྦྱོར་ན། །ངེས་པར་བདག་ཉིད་མངོན་སྦྱོར་བའི། །རྟོག་མེད་དབྱིངས་དང་ཡེ་ཤེས་གཞག །ཇི་བཞིན་སྤྲོས་བྲལ་ཡང་དག་བརྗོད། །འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །ཅིས་ཀྱང་ཐར་པའི་ལམ་ལ་གཟུད། གཅིག་ཀྱང་དོར་བར་མི་བྱའོ། །ངག་གི་བརྗོད་པ་དོན་ཡོད་ཅིང་། །འབྲས་བུ་མཆོག་ཏུ་འབྱིན་པས་ན། །གང་ལ་དད་པའི་སྔགས་སྤྱིན་ནི། །སེམས་ཅན་ཐར་པ་ལ་གཟུད་ཕྱིར། །ངག་གི་སྤྱོད་པ་བྱ་བར་ནི། །སྟོན་པ་ངས་ནི་གནང་བར་བཤད། །བྲོ་དང་སྟེན་རྩིག་འཚལ་བགད་རྩོགས། །ཀུན་ཏུ་སྨྲ་བ་ཞིག་བརྗོད་མི་བྱ། །ངག་གི་སྤྱོད་པ་ལ་གཟུད་ཕྱིར། །སྟོན་པ་བདག་ཉིད་ཆེན་པོས་གསུངས། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་རཀྟ་སྒྲུབ་པའི་ངག་གི་སྤྱོད་པ་མཆོག་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལོག་པའི་སྡེས་མི་བསྙེངསཤིང་ཚར་གཅོད་པའི་མིའི་སེང་གེ་ཆེན་པོ་དེས། བྱ་བ་ནན་ཏན་གྱིས་ལེ་ལོ་ཅན་འཁོར་བའི་འདོད་ཁྲིད་ལ་མངོན་པར་འཆེལ་བའི་ཕྲག་དོག་ཐབསཀྱིས་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གང་ལ་ཡང་ཕྲག་དོག་པ་མི་མངའ་བར་ཆོས། མཉམ་པ་ཉིད་དུ་རྒྱས་ཐེབས་ཏེ་འགྱུར་བ་མི་མངའ་ཞིང་གདེང་གིས་ཀུན་ཏུ་ཆུབ་པར་གྱུར་ནས། ཞལ་འཛུམ་པ་དང་བཅས་པས་བརྗོད་པ་མེད་པར་བཞུགས་སོ། །སེམས་དཔའ་དེ་ཡང་ཞིབས་ཞི་བའི་གཟིགས་ཐབས་སུ་རྣལ་འབྱོར་ལ་ཉེ་བ་ཉིད་དུ་ཞུགས་ནས་བཞུགས་སོ། །འཁོར་རྣམས་ཀྱང་འཁོར་བའི་ཁམས་ན་གནས་པའི་སེམས་ཅན་ཞེ་སྡང་ཅན་དང་། གཏི་མུག་ཅན་དང་། ང་རྒྱལ་ཅན་དང་། འདོད་ཆགས་ཅན་རྣམས་རང་བཞིན་དང་ཐབས་ཀྱིས་ཕྱིས་ཕྱུང་ཡང་། ད་དུང་འགྲོ་བ་གང་ཕྲག་དོག་གི་མཐའ་ལ་མངོན་པར་ཞེན་པ་རྣམས་ཁ་ཡང་མ་ཕྲིད་ན། སྟོན་པ་ཡང་ཅང་མི་གསུང་ལ། སེམས་དཔའ་ཡང་ཞུ་བར་མི་བྱེད་པ་ནི། དའི་སེམས་ཅན་འདི་དག་བཅོམ་ལྡན་འདས་ཀྱིས་མི་འདུལ་ལམ། འདུལ་ཏེ་འདི་དག་ལས་ཀྱིས་བསྒྱུར་ཏེ་སྐལ་བ་མེད་དམ། འོན་ཏེ་བཏང་སྙོམས་སུ་བཞུགསཏེ་དོན་མི་མཛད་དམ་སེམས་ནས་སོ་སོར་འཁོད་དོ། །གནས་དེར་བྱང་ཕྱོགས་ཀྱི་ལོགས་ནས་འཇིག་རྟེན་གྱི་ཁམས་རྒྱལ་བ་བཀོད་པའི་མཛོད་ཅེས་བྱ་བ་སངས་རྒྱས་སྒྲ་དབྱངས་བསྒྲགས་པའི་རྒྱལ་པོའི་ཞིང་ཁམས་ན།འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་ཅན་འོད་ཅེས་བྱ་བའི་སྲས་མོ་འོད་གསལ་བའི་རྒྱ་མཚོ་ཞེས་བྱ་བ་བུ་མོ་དམ་པ། རིན་པོ་ཆེའི་རྣ་ཆས་བསྒེགས་པ། ཨུད་པ་ལ་ལྟ་བུའི་མིག་རབ་ཏུ་རྒྱས་པ། ཤིན་ཏུ་མཛེས་པའི་ཁ་དོག་ཟླ་བ་ལྟ་བུར་རྒྱས་པ་ཅིག་འོངས་ནས་གནས་པ་དེས། ཕྱོགས་བཅུར་བལྟས་ནས་སྟན་ལས་ལངས་ཏེ། རིན་པོ་ཆེའི་མེ་ཏོག་སིལ་མ་སྙིམ་པ་བཀང་ནས་སྟོན་པ་དང་སེམས་དཔའ་ལ་གཏོར་ཏེ། ཕྱག་འཚལ་ནས་སེམས་དཔའ་ལ་སྨྲས་པ། སེམས་དཔའ་ཆེར་་་་་འིང་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། །སྲས་ཀྱི་དམ་པ་ཡིན་པས་ཅི་གསོལ་བ་གནང་བ་ལགས་ན། སྟོན་པ་མཆོག་ལ་གསོལ་བ་སྔར་ཀྱང་བཏབ་པས་ཅི་གསོལ་བ་གནང་ལ། །ད་དུང་ཡང་གསོལ་ན་གནང་བར་འགྱུར་བས་མི་གསོལ་བར་ཕྱི་བཤོལ་མཛད་པ་དེ། ཕྲག་དོག་ཅན་འདུལ་བར་མི་འགྱུར་བ་ལགས་སམ། སེམས་ཅན་གྱི་དོན་མཛད་པ་མི་སྤྲོ་བ་ལགས་སམ། སྟོན་པས་མི་གནང་བ་ལགས་སམ། སེམས་དཔས་སླར་སྨྲས་པ། ང་ནི་ཐབས་མཁས་ཤིང་སེམས་ཅན་གྱི་དོན་དུ་ཅི་དཀའ་བ་དང་དུ་བླང་བར་བྱའོ། ཞེས་གོ་ཆ་གྱོན་པས་ཅི་ལྟར་སེམས་ཅན་འདུལ་བ་བཞིན་བྱ་བར་སེམས་དཔའ་ཡིན་ཀྱང་། སྟོན་པ་དགོངས་པ་ཇི་བཞིན་པ་ལ་སྙོམས་པར་ཞུགས་པ་ལ་ཞུ་བ་མི་སྤོབས་སོ། །ལྷ་མོས་སྨྲས་པ། ཅི་དོན་དུ་བྱ་བ་ཐམས་ཅད་ནི་སེམས་ཅན་གྱི་དོན་དུ་ཡིན་ན་ཅིའི་ཕྱིར་གསོལ་བ་མི་སྤོབས། སྨྲས་པ། སེམས་ཅན་གྱི་དོན་དུ་ཞུ་བ་སྤོབས་ཀྱིས་ཀྱང་ད་དུང་ཚོད་ལ་མ་བབ་ཅིང་འདུལ་བའི་དུས་ལ་མ་བབ་ཀྱང་ཁྱེད་ཞུ་བ་ལ་སྤྲོ་ན། ད་བདག་གིས་གསོལ་བར་བགྱིའོ་ཞེས་སྨྲས་ནས།རང་གི་མཚན་རབ་ཏུ་རྣོ་བའི་དཔལ་དག་ལྡན་པ་དེས། སེམས་ཅན་ཕྲག་དོག་ཅན་རྣམས་སྙིང་ཕྱུང་སྟེ་རྩེ་མོ་ལ་བཀལ་ཏེ། བཅོམ་ལྡན་འདས་ལ་འབུལ་ཞིང་གསོལ་བ། ཀྱེ་ཀྱེ་དགའ་ཆེན་བདུད་རྩི་མཆོག །བདག་་གིས་ཕྲག་དོག་ཅན་བསད་དེ། །སྙིང་ཕྱུང་དཔའ་བོ་བཞེས་སུ་གསོལ། ཁྲེས་རབ་མཚོན་ཆེན་དཔལ་རྣོ་བས། ཁམས་གསུམ་འཁོར་བའི་རྩད་བཅད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བསད་གང་གི་གང་ལྟར་བསད། ཁྱོད་ཅི་བདག་འཛིན་དྲ་བས་བཅིངས། །ང་མི་ཀུན་ཏུ་མི་རྟོག་ཅིང་། །བདག་གཞན་དྲ་བ་བཅད་པས་ན། །གསད་བྱ་གསོད་བྱེད་ངས་མ་མཐོང་། །རང་རིག་གསལ་བས་ཀུན་འབྱུང་ཞིང་། །ཐམས་ཅད་རང་སྣང་དཀྱིལ་འཁོར་མཆོག །ཕྲག་དོག་དེ་ཉིད་ལས་ཀྱ་རིགས། །བྱ་བ་ནན་ཏན་བདེ་གཤེགས་ཐུགས། །ཀུན་ཏུ་བསྐྱོད་པས་ཀ་ནས་དག །བདུད་རྩི་དྲི་ཆུ་སྨན་ཆེན་པོ། །འཆི་བ་མེད་པས་དུག་ཉིད་དངོས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་ཉིད། །བསྲུང་མེད་དམ་ཚིག་ཉམས་པའི་གསོས། །ལས་ཀྱི་མཁའ་འགྲོ་བསྙེན་པའི་རྫས། །བདག་གཞན་དོན་ཀུན་འགྲུབ་པའི་རྒྱུ། དངོས་མེད་དངོས་གྲུབ་མ་བརྩལ་འགྲུབ།འཁོར་འདས་ཀུན་གྱི་དངོས་བཞི་བས། །རྡོ་རྗེ་དྲི་ཆུ་ཞེས་བྱའོ། །རང་སེམས་བརྟག་པས་སྟོང་བདག་མེད། །སྙིང་རྗེ་ཆེན་པོ་ལས་བྱུང་བས། །རྡོ་རྗེ་ལས་ནི་དྲི་ཆུའི་བདག །ཀུན་ཏུ་ཕྲག་དོག་ཞེན་སྤངས་ཞེས། །སྤང་དུ་མེད་ལས་བཏགས་པ་ཡིན། །སྤང་བླང་ཞེས་པས་འཚོ་མེད་ནད། ཁེ་ནས་མནར་མེད་ཡི་དྭགས་འགྲོ། །དུག་ཉིད་སྨན་འགྱུར་ཇི་བཞིན་དུ། །སྤང་བླང་མེད་པ་སྨན་གྱི་མཆོག །ཁམས་ལས་བྱུང་བའི་སྙིགས་མ་ཆུ། །སྨད་སྤངས་དོར་བར་བྱེད་པ་ཅི། །རང་ལས་བྱུང་བས་རང་ཉིད་དོར། །རང་མི་དོར་ན་དེ་ཉིད་ཀྱང་། །དོར་བའི་ཐ་སྙད་ག་ལ་ཡོད། །སེམས་དོར་བྱང་ཆུབ་ག་ལ་རྙེད། །ཕྲ་དོག་སེམས་ཀྱི་ཡེ་ཤེས་ཏེ། །དེ་ལས་དྲི་ཆུ་ལས་ཀྱི་རིགས། །བཏགས་པའི་སྐུ་མཆོག་དོན་ཡོད་གྲུབ། །བྱ་བའི་ལས་རྣམས་མཐར་ཕྱིན་ཏེ། །དེ་ནི་རྣམ་དག་དྲི་ཆུར་བཤད། །དེ་སྐད་གསུངས་པས་རབ་དགའ་སྟེ། །འཁོར་ཀུན་བདུད་རྩི་ཁོང་ཆུད་ནས། །སེམས་ཉིད་ཁོ་ཐག་ཆོད་པར་གྱུར། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆུའི་རང་བཞིན་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།དེ་ནས་ཡང་གསང་སྔགས་མཆོག་ཏུ་གྱུར་པའི་མངའ་བདག་རྡོ་རྗེ་བདུད་རྩི་ཆེན་པོ་ལ། སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས་ཤེས་རབ་ཀྱི་པདྨ་ཁ་ཕྱེ་སྟེ། ཕྱག་འཚལ་ནས་གསོལ་བ། འཁོར་བར་འཁྱམས་པའི་ས་མཁན་གཙོ། །བཙོན་ར་དམ་པོ་ནས་འདོན་པའི། །ཐུགས་རྗེའི་བདག་ཉིད་བདག་ལ་དགོངས། །སེམས་ཅན་འཁོར་བར་བྱིང་བ་ལས། །སྐམ་སར་གདོན་པའི་ཐབས་ཆེན་པོ། །བདུད་རྩི་དྲི་ཆུ་བསྒྲུབ་འཚལ་ན། །རྟེན་དང་རྟེན་ཅན་ཐམས་ཅད་ཀུན། །དྲི་ཆུ་བཙལ་ན་ཇི་ལྟར་བཙལ། །བདག་ཅག་འཁོར་ལ་བཤད་དུ་གསོལ། །ཕྱོགས་ཆ་ཀུན་ཏུ་གཡེང་འགྱུར་བའི། །དུག་ཉིད་རང་སྣང་སྲོག་གཅོད་ཅིང་། །དེ་ལས་སྤང་མེད་ཟག་བྲལ་ཆུ། །བཙལ་བའི་ཁྱད་པར་བདག་ལ་ཤོད། །དེ་སྐད་གསོལ་པས་ཕྲག་དོག་བདག །རང་བྱུང་དཔའ་བོ་ཆེན་པོ་སྟེ། །རང་སྣང་བྱུང་བའི་དཀྱིལ་འཁོར་མཆོག །བྱ་བརྩལ་བྲལ་བའི་ཀློང་དཀྱིལ་ནས། །ངོ་བོ་ཉིད་ཀྱི་གསུང་ཉིད་ལས། །སྤྲོས་ཏེ་ཚིག་ཏུ་འདི་ཡི་དོན། །ཚུལ་བཞིན་བཤད་ཀྱིས་ལེགས་པར་ཉོན། །རང་སེམས་གསལ་ལམ་འདྲེས་ཏེ། །བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས། །ཇི་བཞིན་བྱ་བ་དེ་ཉིད་ནི། །བཙལ་ཞེས་བསམས་བརྗོད་མི་རྙེད་དེ། །གདོད་ནས་རང་གི་ངང་དུ་རྫོགས། །ཐ་སྙད་ཅིར་ཡང་སྣང་བ་ཡང་། །ནན་གྱིས་བརྟགས་ཤིང་བརྗོད་པར་ཟད། །ཐིག་ལེ་ཉིད་ལས་གཡོས་པ་མེད། །ལོག་བརྟགས་འཁྲུལ་བའི་སྐྱེ་བོ་རྣམས། །ཐབས་མཆོག་རྨད་དུ་བྱུང་བ་ཡིས། །དམ་པ་ཉིད་ལ་གཟུད་བའི་ཕྱིར། །རྡོ་རྗེ་ཆུ་ནི་ཚོལ་འདོད་པས། །ཐོག་མར་རྣམ་མི་རྟོག་པའི་དོན། །ཡང་དག་པ་ལ་རྣལ་འབྱོར་བྱ། །སྣང་དང་སྟོང་པ་གཉིས་མེད་པས། །ལས་ཀྱི་རྒྱལ་པོར་གསལ་བ་དང་། །ཕྱག་རྒྱ་དང་ཡང་གཉིས་སུ་མེད། །ཡང་ན་ཐོག་མཐའ་མེད་པ་མྲ །འབྲེལ་པས་འཕངས་ཏེ་ཕོགས་པའི་ལྷ། །ཡན་ལག་ཡོངས་སུ་རྫོགས་པར་བྱ། །དེ་ཡི་གསང་སྔགས་ཟློས་ལ་བརྩོན། །མཆོད་དང་བསྟོད་དང་སྤྱིན་སྲེག་དང་། །ཕྱག་རྒྱ་མཉེས་པར་བྱེད་པ་ཡིས། །དཔའ་བོ་རོ་མཆོག་ལྡན་བཏུང་ཞིང་། །སྨན་གྱི་ཁུ་བ་དམ་པ་དང་། །ས་ལི་ཤུན་པ་ནན་པའང་རུང་། །བཙོས་དང་སྦྱར་ལ་བསྐུས་པ་ཡི། །རོ་དང་ལྡན་པ་བཏུང་བར་བྱ། །འཁར་ཅན་མར་དང་ལྡན་པ་དང་། །ཞོ་དང་པན་ཅེའི་ཚོད་མ་དང་། །ཡང་ན་ཤ་ཡི་ཚོད་མའང་རུང་། །དྲུག་ཅུ་པ་དང་ལོ་མ་དང་། ཁེང་འབྲས་བབ་མེད་ཤུན་པ་དང་། །ཧབ་རྩེ་ལ་སོགས་རྣམ་སྤངས་ཏེ། །ཐོག་མར་ལུས་མཆོག་སྟོབས་ལྡན་བྱ། །ཆགས་ཤིང་ཞེན་པ་རྣམ་པར་སྤང་། །ཏིལ་མར་བསུང་ལྡན་དྲི་དང་བཅས། །ཡང་ན་ཧ་ས་ཀི་རའི་མར། ཁུ་ལུ་ཀ་དང་བཅས་པ་ཡིས། །གཙུག་ནས་མཐིལ་སོགས་ཁྱབ་པ་མྲ །དུས་དྲུག་ཐ་མའང་ཉིན་རེར་བསྐུ། ཁང་བཟངས་ཁྲི་ལ་ཉལ་ནས་ཀྱང་། །ཀ་ཤི་རས་ལ་བདེ་བར་རོ། །ནམ་ནངས་ཉི་མ་ནུབ་ཁ་སྲ །འཁར་བ་དག་བཀྲུས་མཛེས་པ་མྲ །བླུགས་ནས་དངས་སྙིགས་ཕྱེད་པ་དང་། །རས་ཚགས་ནས་ནི་ཕྱུང་ལ་བསག །ཁལ་ཕྱེད་ཙམ་གྱི་སྣོད་བཀང་ནས། །ཐབ་ཁོར་གྲུ་གསུམ་བརྩེགས་པ་སྲ །བེ་ཡི་ཤིང་ལ་མེ་བུས་ལ། །ལྕགས་སམ་ཟངས་སུ་བཙོ་བར་བྱ། །ལྕགས་ལས་བྱས་པའི་ཐུར་མས་དཀྲུག །དབུ་བ་ལྗང་ཁུའི་མདོག་དང་འདྲ། །མཁྲིས་པའི་ནད་དུ་ཤེས་པར་བྱ། །སེར་པོ་བད་ཀན་ནད་ཡིན་ནོ། །དཀར་ལ་འཚེར་བ་རླུད་ཡིན་ནོ། །ནག་གམ་ལྕགས་ཀྱི་མདོག་འདྲ་ན། །ནད་རྣམས་འདུས་པར་ངན་པར་བཤད། །ཆག་གམ་ཆད་དམ་སྣོད་འདྲམས་ན། །དབུ་བ་ཁྲག་གི་མདོག་དང་འདྲ། ཁྲེང་གི་རྩེ་ལ་བླང་བྱས་ཏེ། །ཕྱི་རོལ་དག་ཏུ་དོར་བར་བྱ། །དེ་ནས་སུམ་ཆ་གཅིག་བསྐམས་ནས། །བྲག་ཞུན་སྲང་གཅིག་མཉེས་ལ་བླུགས། །ཆ་གཉིས་བསྐམས་པར་གྱུར་པ་དང་། །གུར་ཀུམ་བསྐུས་པའི་ཆུ་སྲང་ནི། །གསུམ་དང་ལྷན་ཅིག་བསྐོལ་བྱས་ཏེ། །དུ་ནས་ཐེན་དང་མཐོ་གང་དང་། ཁྲུ་དང་མདའ་གང་འོང་བ་དེ། །དྲི་ཆུའི་མཆོག་ཏུ་རབ་ཏུ་བཤད། །གང་ག་ན་ས་དང་སྦྱར་ནས། །བྱད་ལ་བྱུགས་ན་ཟླ་རྒྱས་བཞིན། ཁུ་ཐོར་འཛེར་པ་དག་པར་འགྱུར། །འབྲས་ཀྱི་ཁུ་བ་དང་སྦྱར་ཏེ། །རྨ་ལ་བསྐུས་ན་བདུད་རྩི་བཞིན། །ཡན་ལག་གང་ལ་བསྐུས་པ་ཡི། །མཛེར་པ་དག་ཀྱང་དག་པར་བྱེད། །སྒྱུ་རུ་ར་ཡི་ཁུ་བ་དང་། ཁ་བོ་རྩ་ཡི་ཁུ་བ་དང་། །ཧ་སེ་ཀིལ་ཡའི་ཁུ་བ་གསུམ། །ཆ་བསྙམས་འཐུངས་པར་གྱུར་པ་ན། །མཁྲིས་པའི་ནད་རྣམས་སེལ་བ་སྟེ། །མིག་སེར་ལ་སོགས་ཐམས་ཅད་སེལ། །འཁྲུ་བ་དྲག་པོ་གཅོད་པར་བྱེད། །སྐད་ནི་ངང་བ་གཤོན་ནུ་ལྟར། །སོ་ལ་བྱུགས་ན་དམ་ལ་དཀར། །རབ་མཛེས་འཇམ་དཔལ་ལྟ་བུར་འགྱུར། །འདི་ཡི་ཡོན་ཏན་བསམ་མི་ཁྱབ། །ཐང་ཤིང་ལོ་མར་གྲིལ་བྱས་ཏེ། །ལྷ་ཡི་སྦྱོར་བ་དང་ལྡན་པས། །སྔགས་འདི་འབུམ་ཕྲག་གསུམ་དུ་བཟླས། །ཨཱོཾ༷་ཁ་ན་བཛྲ་ཀུ་ཀུ་མ་ཀར་མ་ཀུ་ལ་པཉུ་ཨ་མྲི་ཏ་ས་ར་སིདྷི་རྒྱུ་ན་པ་ལ་ཧུ༷་ཧུ༷། ལག་པ་གཡོན་པའི་མཐིལ་དུ་བཞག །གཡས་པའི་དབང་མོས་མཉེས་ནས་སུ། །དཔྲལ་བ་ལྕེ་དང་སྙིང་ཀ་སྲ །གསུམ་གསུམ་བཞག་ལ་བསྟིམ་པར་བྱ། །ལྷག་མ་ཐོད་པར་གཞག་བྱས་ཏེ། །སྒྲུབ་པའི་རྫས་སུ་སྦྱར་བར་བྱ། །དེས་ནི་བླ་མེད་ལས་རྣམས་འགྲུབ། །བྱ་བ་ཀུན་ལ་མ་རྨོངས་ཤིང་། །རྣམ་པ་ཐམས་ཅད་མཁྱེན་འགྱུར་ཏེ། །བྱང་ཆུབ་སྙིང་པོར་ཐོགས་པ་མེད། །དེ་སྐད་བཅོམ་ལྡན་བདུད་རྩི་ཆེ། །བདེ་བ་ཆེན་པོ་ཉིད་ཀྱིས་སུ། །ཕྲག་དོག་བྱང་ཆུབ་ཉིད་བསྒྲུབ་ཕྱིར། །འདུས་པའི་འཁོར་ལ་བཤད་པ་ཡིན། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆུ་བཙལ་བའི་ཐབས་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་བདུད་རྩི་དྲི་ཆུ་ཉིད་ཕྲག་དོག་མ་སྤངས་དབྱིངས་སུ་སྦྱོར་བའི་ཐབས་ཆེན་པོ་ཡིན་པར་ཤེས་ཤིང་ཁོང་དུ་ཆུད་ཀྱང་འཁོར་བའི་རྩས་ལ་དྲི་ཆུའི་རྩ་བ་དང་ཡན་ལག་གང་ཡིན་པ་ད་དུང་དུ་མ་ཆུད་ནས། ཕྱག་བཙལ་ཏེ་གསོལ་བ། བཅོམ་ལྡན་ཁྱབ་བདག་སྣང་སྟོང་གཙོ། །ལོག་པའི་ནད་སེལ་ཀུན་གྱི་ཕ། །འདྲེན་པ་ཆེན་པོ་ཁ་ལོ་སྒྱུར། །བདག་ཅག་འཁོར་ལ་གནང་བར་མཛོད། །དྲི་ཆུ་རྩ་བ་ཡན་ལག་གང་། །དེ་ཡི་སྟོངས་སུ་གྱུར་པ་རྣམས། །མི་ཤེས་བདག་ཅག་རྣམས་ལ་གསུངས། །ཞུསླ་པའི་དོན་དེ་ཐུགས་ཆུད་ནས། །འཇོམས་པའི་དཔའ་ཆེན་གྱིས་གསུངས་པ། ང་ནི་འགྲོ་ཀུན་སྒྲོལ་ལ་བརྩོན། །ཐར་པ་ཆེན་པོར་ཀུན་འཛུད་ཅིང་། །ཡེ་ཤེས་མར་མེ་གསལ་བར་འདེགས། །མི་ཤེས་མུན་པའི་གཏིང་རུམ་ནས། །ཐབས་ཆེན་བརྩོན་འགྲུས་གོ་རྒྱན་པས། །སྦྱོར་བའི་ཀྱོ་བས་བདེ་དྲངས་ཏེ། །མཁས་པའི་བདེ་བས་དབྱིངས་སུ་འཁོད། །དེ་ཉིད་དོན་ལ་བདེ་དགོད་ཕྱིར། །ལེགས་པར་བཤད་ཀྱིས་གུས་པར་ཉོན། །བྱང་ཆུབ་སེམས་ནི་བཤད་བཞིན་དུ། །དྲི་ཆུ་དག་ཀྱང་དེ་བཞིན་ཏེ། །རྩ་བ་དང་ནི་ཡན་ལག་གོ །རྩ་བའང་ཕྱི་ནང་གསང་བ་གསུམ། །གསང་བའི་རྩ་བ་བརྒྱད་བསྟན་པ། །ཕྲག་དོག་རུས་སྦལ་ནག་པོ་ཡི། །མིག་དང་རྣ་བ་སྣ་དང་ལྕེ། །ཟར་མའི་མེ་ཏོག་འཁར་བ་དང་། །གུ་གུལ་ནས་དང་བརྒྱད་ཡིན་ནོ། །ནང་གི་སྦས་བཞི་མངོན་པ་བཞི། །རྡོ་རྗེ་སློབ་དཔོན་གསང་བའི་ཡུམ། ཁུ་ལ་རྣམས་ནི་དྲི་ཆུ་དང་། །དེའི་འཁྲིས་བཞི་སྦས་པ་ཡི། །འབབ་ཆུ་རྒྱ་མཚོ་རྡོ་ཡི་ཆུ། །བདུད་རྩིའི་ཆུ་ནི་ཅོང་ཞིའི་ཆུའོ། །དེ་བཞིན་མངོན་པ་ཕྱི་སྟེ་བརྒྱད། །ཕྱི་ཡི་རྩ་བར་བསྟན་པ་ནི། །གོར་ཤི་ཤ་ཡི་རྩ་བ་དང་། །སྡོང་བུ་ཤུན་པ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། །ཐང་ཆུ་དག་དང་བརྒྱད་ཡིན་ནོ། །བརྒྱད་ནི་དམ་པ་ནི་རུ་ཧ། །རུ་རྟ་ལི་ནི་འབའ་སུག་གསུམ། །ཡ་བག་ཏ་རེ་ཀ་ལ་ཀ །བིག་ན་བིག་དང་རུ་མ་ཧར། །རྒྱག་ན་དགའ་སྟེ་བརྒྱད་ཡིན་ནོ། །གཡའ་སྐྱེས་བ་ཧུ་ལུག་མིག་དང་། །སུ་མ་རུ་དང་དན་ར་དང་། །ཀ་ནི་ར་དང་ཤ་མ་ས། །ལུང་ཏང་མེ་ཏོག་ཤ་བང་ཏེ། །ཨག་བྲ་ལི་དང་བརྒྱད་དུ་བསྟན། །ཀ་ཤོ་ཀན་དྷའི་འབྲས་བུ་དང་། །བིག་རུ་བ་དང་ཅེན་ད་བ། ་་་མ་ནོ་ར་དོང་ཀང་ཀ །ཐྲི་ར་ཏྲི་བ་མུ་ལེ་མུག ཁྲ་ན་སེ་ཏ་བརྒྱད་རྣ་བའི། །སྲི་ཤིང་ལྗང་མའི་མེ་་་་ངང་། །སྔོན་བུ་གསེར་གྱི་མེ་ཏོག་དང་། །ལྕམ་པ་མུ་རྦ་ཅ་ར་དང་། །བག་སོ་རྒྱ་མཚོ་དབུ་བ་དང་། །ཉའི་བུ་དང་བརྒྱད་སྣ་འི། །ལྕེ་ཡི་བརྒྱད་དུ་བསྟན་པ་ནི། །ཀྱེ་ལྕེ་སྡོང་བུ་ཤུན་བཅས་དང་། །ཏ་ར་ཏྭ་ཐི་བི་་ན་ཐ། །དོ་ལོ་ཀེ་སྤུར་ན་བེ་བ། །པ་རལ་པ་ར་བི་ཤ་ཕ། །བ་ན་ར་གེ་ཏ་དང་བརྒྱད། །རྫ་ཏི་ཏའི་མེ་ཏོག་དང་། །ཡ་བ་ནེ་ཧྲོ་ཀག་ཀ་ཤ །བིག་ཀུ་ཤ་དང་ཀུ་ར་ཤ །བ་བྷ་བ་ཏེ་ཙྭ་དུར་བ། །པུ་ཙེ་ཤེལ་དང་བརྒྱད་ཟར་མའི། །མཁར་བའི་ཡང་རྦ་བབ་ནེ་དང་། །བྲག་སྐྱེས་དུར་བ་ཤི་ཡ་སྲ །ལོ་ཀེ་ར་དང་ཤི་ཡང་འདོས། །བིམ་དུ་ཛ་ར་ཤ་ཡ་ཀྱང་། །བ་བྷ་ཧ་དང་ཀྱང་པ་རྟ། །དེ་དག་ཡིན་པར་ངས་བཤད་དོ། །གུ་གུལ་དག་ལ་དགོས་པ་ནི། ་་་མེ་ཧ་དང་ཧལ་བག་ཆེ། ཁུག་པའི་ཐང་ཆུ་སྒྲོན་ཤིང་དང་། །ཕྲ་ཤགས་དང་ནི་ཕྲ་རབ་ནེ། །ཛ་ཡ་ར་ས་ཀུ་མ་ལ། །བརྒྱད་དུ་ང་ཡིས་རབ་ཏུ་བཤད། །སོ་བ་གྲོ་དང་མ་མ་རི། །ཀུག་རྦེ་པ་ཤ་ཝ་གས་ཝ། །ཨ་བུར་དེ་ན་མང་བེ་ཁ། །བབ་ནེ་ཤ་ར་ཁ་དང་བརྒྱད། །ནས་ཀྱི་དགོས་པའི་སྟོངས་ཡིན་ནོ། །དེ་ལྟར་གསང་བའི་རྩ་བའི་སྟོངས། །ཡང་དག་ངེས་པར་བཤད་ཟིན་ནས། །ནང་གི་རྩ་བའང་བཤད་པར་བྱ། །སློབ་དཔོན་དྲི་ཆུའི་ཤ་རེ་མང་། ཁྱར་ཀྱ་དེ་ཤ་མེན་བུ་སེལྭ །མེ་ཏོག་དཀར་པོ་ད་རུ་ར། །ཚུ་ན་ད་ར་ཤི་ལ་ཀ །བུག་རེ་མུང་ག་བརྒྱད་ཡིན་ནོ། །བུད་མེད་ནད་ཞོ་ཝ་ཅྭ་ཀས། །ཏ་ར་གེ་བ་མིག་མ་རི། །སུ་བེ་བེ་ར་ཁ་ལ་ལྕེ། །་།ན་དང་ག་དང་བི་བུག་གེ །བརྒྱད་ནི་ཡུམ་གྱི་དྲི་ཆུར་བཤད། ཁ་དོག་དཀར་པོའི་གླང་གི་ཆུ། །མོར་མ་ར་དང་ས་ར་ས། ཁྲུང་ཁྲུང་ཤ་བའི་དྲི་ཆུ་དང་། །སྤང་རྒྱན་དཀར་པོ་ལུག་དེ་ཝ། །སེན་ཏྲ་ཏོ་བརྒྱད་རྒྱུ་ལྔའི། །མཁྲིས་པའི་བརྒྱད་དུ་བསྟན་པ་ཡང་། །གླང་པོ་བྱ་རྒོད་དོམ་དང་སྤྲེ། །ཉ་དང་ཕྱི་བ་འབྲོང་ཁྱི་དཀར། །འདི་དག་བརྒྱད་ཀྱི་མཁྲིས་པའོ། །ཆུ་བོའི་ཆུ་ཡིར་བསྟན་པ་ཡང་། །ལུག་མུར་དང་ནི་སྤྲེའུ་བརྒྱུས་དང་། །མཉའ་བའི་མེ་ཏོག་དག་དང་གསུམ། །ཏྲི་ཏ་བ་དང་རྒྱ་ནག་ཚ། །ཚ་རུ་ཤ་དང་བྱིལ་བ་དང་། །དུ་ན་ཤ་དུག་སེན་ཐོཇོ། །ཨ་ཏོང་རྒྱ་འབྲས་མཁན་པ་དང་། །སེ་ར་བས་དང་ཀྱ་ཀུང་དང་། ཁྲ་ས་ར་དང་མུམ་བྲ་དང་། །དུན་ཏྲ་བཅོ་བརྒྱད་རྒྱ་མཚོ། །སེའུ་འབྲུ་ཤིང་ངར་སྲ་འབྲས་དང་། །འཇམ་འབྲས་ཏི་ཏི་ལ་ཧ་ར། །ཨ་ཡུ་ར་དང་ཐ་ལེ་ག །ཙར་ཙང་བ་བརྒྱད་བྲག་ཞུན་ནོ། །ཅོང་ཞི་ཁབ་མ་༄༅ རལ་ཟུངས་དང་། །ཏྲི་བི་ཏ་ནི་སེར་པོ་དང་། །ཀུག་ནེ་སྤུས་སྦ་ཤ་རུ་ར། །བཅའ་སྒ་དོང་ཀྲ་ཨ་རྒྱ་ནེ། །ལ་ཙ་འདོན་དང་བརྒྱད་ཡིན་ཏེ། །ནང་གི་རྩ་བར་ཤེས་པར་བྱ། །ཕྱི་ཡི་ནཱ་ག་གེ་སར་དང་། །བལ་པུ་ཤ་དང་རག་ནེ་ཙོ། །སྐྱེར་པ་འབའ་ཤུ་གསང་སྣང་དང་། །འབྲི་ཏི་རི་དང་ཨ་རུ་ར། །བེ་བ་ར་ཞེས་བྱ་བའི་རིགས། །འདི་བརྒྱད་རྩ་བ་རྩ་བའི་སྟོངས། །སྡོང་བུ་ཤུན་པ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། །ཐང་ཆུ་བརྒྱད་ནི་ཐང་ཆུའི་ཕྲད། །དེ་དག་ཕྱི་ཡི་རྩ་བར་བཤད། །ཇི་སྙེད་འཇིག་རྟེན་ཁམས་དང་ན། །ཡོད་པ་རྩི་ཤིང་སྐྱེས་སོ་ཅོག །བརྒྱད་དང་མི་ལྡན་མེད་པས་ན། །རང་རང་རིགས་ཀྱིས་ཕྱེ་སྟེ་བྱ། །དྲི་ཆུ་རིགས་ལ་མི་མཁས་པས། ཁ་དོག་ལྗང་དང་རྩུབ་པའི་རོ། །ཐམས་ཅད་ལས་ཀྱི་རིགས་ཀྱི་བཅུད། །དེ་ལྟར་ཁོང་དུ་ཆུད་པར་བྱ། །རིགས་རྣམས་ཁྱད་པར་མ་ཤེས་ཤིང་། །མ་བྱེད་པ་ནི་ལྷོ་ནུབ་མཚམས། །མ་དག་པ་ནི་མཚམས་བཅད་དོ། །དེ་སྐད་ཀུན་མཁྱེན་སྟོན་པའི་གཙོ། །རྣམ་པ་ཀུན་ལྡན་བདུད་རྩི་ཆེ། །འགྲོ་བའི་དོན་ལ་རབ་བརྩོན་པས། །ངེས་པར་གཏན་ལ་ཕབ་སྟེ་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆུའི་རིགས་སུ་གཏོགས་པའི་སྨན་ངོས་གཟུང་བའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་འཁོར་གྱི་དམ་པ་དེས། འཁོར་ཐམས་ཅད་བསྡུས་ཏེ་བདེ་བའི་མཆོད་པས་སྟོན་པ་ལ་ཡང་ནས་ཡང་དུ་མཆོད་ཅིང་ཕྱག་གིས་ཀྱང་བསྟོད་ནས། མགྲིན་གཅིག་ཏུ་བྱས་ཏེ་གསོལ་བ། ཀྱེ་བཅོམ་ལྡན་འདས། ཉིད་ནི་འཇིག་རྟེན་ཐམས་ཅད་ཀྱི་སྔ་རོལ་བསྐལ་པ་ཐམས་ཅད་ཀྱི་དང་པོ། །སངས་རྒྱས་ཐམས་ཅད་ཀྱི་ཐོག་མའི་ཡང་ཐོག་མ་ནས་སངས་རྒྱས་ཏེ། བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་གིས་རྫོགས་ཏེ། ཐུགས་སུ་མ་ཆུད་པ་རྡུལ་ཆ་ཙམ་ཡང་མི་མངའ་བས། བདུད་རྩིའི་རིགས་ཐམས་ཅད་ཡོན་ཏན་དང་ལྡན་པད་བཤད་ལགས་ན། ད་དུང་དྲི་ཆུའི་རིགས་སུ་འདུས་པ་འདི་དག་གི་ཡོན་ཏན་ཅུང་ཟད་ཀྱང་མ་གསུངས་པས། འགྲོ་བ་ཀུན་ལ་ཐུགས་བརྩེ་བས་བཤད་དུ་གསོལ། །བདེ་བར་གཤེགས་པས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐོག་མ་མེད་པའི་དུས་མཐའ་ནས། །སེམས་ཉིད་སྦྱོང་ལ་རབ་བརྩོན་པས། །ཁོ་ན་ཉིད་ནི་མངོན་གྱུར་པས། །སེམས་ཅན་དོན་ནི་མ་བརྩལ་གྲུབ། །ཡེ་ནས་དེ་ལྟར་ཡིན་པ་ལས། །མུན་པས་འཐིབས་པའི་འགྲོ་གང་ལ། །ཐུགས་རྗེའི་འབྲས་བུ་སྨིན་བྱའི་ཕྱིར། །དྲི་ཆུའི་ཡོན་ཏན་ང་ཡིས་བཤད། །དྲི་ཆུའི་ཡོན་ཏན་ང་ཡིས་སུ། །འདི་ལྟར་བྱིན་བརླབས་བསྟན་པ་ནི། །རྒྱས་པར་གོང་དུ་གསུངས་པ་ཡིན། །གཞན་ཡང་དག་ནི་ཚངས་པ་འདྲ། །གླང་སྣ་ཅེས་པའི་ནད་སེལ་ཏོ། །རྩ་བའི་ཡོན་ཏན་འདི་ལྟ་སྟེ། །ཕྲག་དོག་ཅན་གྱི་མིག་གིས་ནི། །ལས་ཀྱི་རིགས་ཀྱི་ཞིང་ཁམས་མཐོང་། །རྣ་བས་སྟོང་གསུམ་སྒྲ་ཐོས་ཏེ། །སྣས་ནི་རབ་འབྱམས་དྲི་ཚོརའགྱུར། །ལྕེས་ནི་འཕྲིན་ལས་རྒྱ་མཚོ་སྒྲོགས། །ཟར་མའི་མེ་ཏོག་མགྲིན་ནད་སྦྱོང་། །འཁར་བ་ཡིས་ནི་རྒྱ་ཐོར་སྐེམས། །གུ་གུལ་ཆུ་སེར་ནད་རྣམས་སྦྱོང་། །ནས་ཀྱིས་མེ་ཡི་སྐྱེ་འགྲོ་གསོ། །སློབ་དཔོན་ཆུས་ནི་བད་རླུད་སེལ། །མཚན་ལྡན་དྲི་ཆུས་སྲིན་སྐྲན་འཚོ། །བསྒྲལ་བའི་དྲི་ཆུས་རྒྱ་ནད་གཅོད། །མཁྲིས་པས་མེས་ཚིག་མཚོན་བརྒྱབ་འཚོ། །གང་ག་ཆུ་ཡིས་བསོད་ནམས་འཕེལ། །རྒྱ་མཚོ་ཆུ་ཡིས་ལུས་མཉེན་འགྱུར། །རྡོ་ཆུས་ཚེ་རིང་བདེ་བ་འགྲུབ། །ཅོང་ཞི་ཆུ་ཡིས་རུས་པ་མཁྲིགས། །གོར་ཤི་ཤ་ཡི་རྩ་བ་ཡིས། །ཕོ་བའི་བད་ཀན་ཚ་བ་སེལ། །སྡོང་བུསམཁྲིས་པ་རླུད་བཅས་སེལ། ཁུན་པས་སྒྱུ་མར་རླུད་ཞུགས་འཚོ། །ཡལ་གས་འདོད་པའི་ཟས་རྙེད་འགྱུར། །ལོ་མས་སྙིང་གི་དྲན་པ་གསལ། །མེ་ཏོག་སྒྲོང་གི་རི་ཏི་མཉེས། །འབྲས་བུས་ཕོ་མཚན་སྐྲངས་པ་འདུལ། །ཐང་ཆུས་རྩ་སྦུགས་རྣག་སྐེམས་སོ། །རུ་ཏས་མིག་གི་ནཚ་སྦྱོང་། །ལི་ཤི་ཀུན་ལ་ཡངས་དག་དཔའ། །འབའ་སུག་ཚ་བ་སྐྱེ་བར་བྱེད། །ཀ་ལ་ཀ་ཡིས་འདོད་ཆགས་སྐྱེད། །ཡ་བསྒ་རས་ཁྲག་ཚབས་འདྲེན། །བིག་ན་བིག་ནི་སྣ་འགགས་སེལ། །རུ་མ་ཧ་ར་གཞང་སྲིན་འདུལ། །རྒྱག་ན་དགའ་ནི་བདེ་མེད་སྡུད། །གཞན་དག་ཏུ་ཡང་ང་ཡིས་ནི། །རྡོ་རྗེ་དྲི་ཆུའི་ཡན་ལག་གིས། །ཡོན་ཏན་རྣམས་ནི་དཔག་ཏུ་མེད། །འདུ་བས་ལུས་གཟིར་འགྲོ་བ་གང་། །དྲི་ཆུའི་རིགས་སུ་གྱུར་པའི་སྨན། །བཅངས་པ་ཙམ་གྱི་ཡོན་ཏན་ཀྱང་། །ཡ་མཚན་མཆོག་ཏུ་གྱུར་པ་ཡིན། །བླ་མེད་ཐབས་ཆེན་དམ་པ་ཡིས། །བརྟེན་ཏེ་བསྒྲུབས་པས་ཚེ་གཅིག་གི །རྫོགས་པར་སངས་རྒྱས་ཉིད་འགྱུར་ཏེ། །འདི་ལ་ཐེ་ཚོམ་ཟ་མ་བྱེད། །དེ་སྐད་རང་བྱུང་བདུད་རྩི་ཆེ། །སྟོན་པ་དཔའ་བོས་རྣམ་པར་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆུའི་རིགས་ཀྱི་འདུ་བར་གཏོགས་པ་ཐམས་ཅད་ཡོན་ཏན་དཔག་ཏུ་མེད་པར་བསྟན་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བདུད་རྩི་རྨད་དུ་བྱུང་བའི་བདག་ཉིད་ཆེན་པོ་དེས་ཕྱོགས་བཅུ་དུས་བཞིར་བཀོད་པ་ཆེན་པོའི་རྒྱལ་བ་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་འཕྲིན་ལས་མཛད་པ་མེད་པར་ཡེ་ནས་བྱ་བ་ཐམས་ཅད་དང་བྲལ་བཞིན་དུ། བདེ་བ་ཆེན་པོ་འགྱུར་བ་མེད་པར་མཐར་ཕྱིན་ཏེ། བྱ་བ་ནན་ཏན་ངང་གིས་བཀོད་ཟིན་ཀྱང་དེ་ཉིད་ཁོང་དུ་མ་ཆུད་པའི་བློ་ལ་ཡིད་ཆེས་ཤིང་གསལ་བར་བྱ་བའི་ཐབས་ཆེན་པོ་རྡོ་རྗེའི་ཆུ་དེ་ཉིད། བྱ་བ་ནན་ཏན་གྱི་ཡེ་ཤེས་ཉིད་དུ་ཡེ་ནས་གྲུབ་ཟིན་པ་དེ་ཉིད། བྱིན་གྱིས་བརླབ་པའི་ཆེད་དུ་དོན་འདི་ཉིད་སྐུ་གསུང་ཐུགས་ལས་ཆེད་དུ་ཕྱུང་ངོ་། །ཧ། ཀུན་འབྱུང་ཟག་པའི་གུར་ཀུམ་ཆུ། །རྡོ་རྗེ་དྲི་ཆུའི་ཆུ་ཡིན་ཏེ། །ཆུ་ལས་མ་བྱུང་གང་ཡང་མེད། །ལས་ཀྱི་རིགས་ཀྱི་དམ་ཚིག་དང་། ནན་ཏན་ཡེ་ཤེས་མཆོག་ཀྱང་འགྲུབ། ཅེས་གསུངས་པས་འཁོར་བ་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྲག་དོག་ཅན་ཐམས་ཅད་ཕྲག་དོག་ཆེན་པོའི་ཀློང་དུ་བྱང་ཆུབ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་སངས་རྒྱས་ནས་རང་འབྱུང་བར་གྱུར་ཏོ། །དེ་ནས་ཡང་བདུད་རྩིའི་བདག་ཉིད་ཕྲག་དོག་རྡོ་རྗེ་ཆེན་པོ་དེས། རབ་ཏུ་གསལ་བའི་སྒྲོན་མ་བསྐོར་བ་དང་། མྱ་ངན་ལས་འདས་པ་དང་། །སྐུ་རིག་བསྲེལ་དུ་མཛད་ནས་འགྲོ་བའི་དོན་མཐར་ཕྱུང་ཡང་། །ད་དུང་དུ་ལོག་པར་ལྟ་བ་ལ་མངོན་པར་འཆེལ་བ་ཡུན་རིང་བས། །རབ་ཏུ་འཁྱམས་པ་རྣམས་གྲོལ་ཞིང་ཡིད་ཆེས་པས། ངོ་ཤེས་པར་བྱ་བའི་ཆེད་དུ་སྟོན་པ་ལ་གསོལ་བ། །གསང་བའི་དབང་ཕྱུག་ཆེན་པོ་སྟེ། །གར་གྱི་དབང་ཕྱུག་དགྱེས་ཆེན་པོ། །རྒྱལ་བའི་དབང་ཕྱུག་ཉེར་དགོངས་ཕ། །དོན་གྱི་དབང་ཕྱུག་ཐུགས་ཀྱི་དབྱིངས། །བདུད་རྩི་དབང་ཕྱུག་གསོལ་བ་མཆིས། །རྣལ་འབྱོར་དྲེ་ཆུ་བསྒྲུབ་པ་ལ། །གྲུབ་པའི་རྟགས་ནི་ཇི་ལྟར་ལགས། །མ་གྲུབ་བར་ཆད་འབྱུང་ན་གང་། །དངོས་གྲུབ་རེ་བ་མེད་བླང་དང་། །དོགས་པ་མེད་པས་བཟློགས་པའི་ཐབས། །འདི་དག་བདག་ལ་བཤད་དུ་གསོལ། །འདི་དག་རྟོགས་པར་མ་གྱུར་ན། །ཁྱད་པར་ཁོང་དུ་མ་ཆུད་པས། །ཉམས་ཏེ་བདུད་ཀྱི་བར་ཆད་འབྱུང་། །དེ་སེལ་ལེགས་པར་བཤད་དུ་གསོལ། །དེ་སྐད་ཅེས་གསོལ་ཐུགས་ཆུད་ནས། །བདེ་ཆེན་བདུད་རྩིས་བཀའ་སྩལ་པ། །དྲི་ཆུ་བསྒྲུབ་པའི་རྣལ་འབྱོར་པས། །གྲུབ་པར་ངེས་པའི་དགེ་རྟགས་དང་། །བར་ཆད་བདུད་དུ་ངེས་པ་དག །ལེགས་པར་བཤད་ཀྱིས་ཁྱོད་ཉོན་ཅིག །དྲི་ཆུ་ལས་ནི་ལྷ་མོའི་གཟུགས། །འབྱུང་བས་ངེས་པར་བཤད་པར་བྱ། །བར་ཆད་བྱེད་པའང་གཟུགས་སྟོན་པས། །དེ་ཡི་ཁྱད་པར་ཤེས་བྱ་ན། །གཟུགས་མཛེས་མཐོང་དགའ་ཡིད་དུ་འོང་། །ན་གཤོན་དར་ལ་བབ་པ་ལ རལ་པ་ཐོར་ཚུགས་ཟུར་ཕུད་ལྡན། །རྣ་རྒྱན་ལ་སོགས་མཛེས་པའི་ཆས། །དར་སོགས་གོས་གྱོན་དྲི་ཞིམ་པའོ། །བོང་རིང་ལུས་སྐམ་དྲི་མ་ཅན། །ཡང་ན་ཤ་ཆེ་ལྷུག་ལ་ཐུང་། །མིག་དང་ཁ་ཡོ་སོ་ཚེལ་ཞིང་། །གོས་རུལ་སྐྲ་བརྙིངས་དྲི་ང་ཞིང་། །འཁྲོ་འཚིག་གཤེ་དང་ངན་ཚིག་བརྗོད། །འདི་དག་བདུད་ཀྱི་སྤྲུལ་པའོ། །མཐོང་ན་མི་དགའ་སློན་དགའ་དང་། །བཞིན་ལོག་པ་ཡང་དེ་བཞིན་ནོ། །དགེ་བ་བུམ་པའམ་དེ་ཉིད་མཐོང་། །རང་སེམས་ཉིད་དུ་རང་སྣང་བའོ། །རྣལ་འབྱོར་ལ་སྣང་ལྷ་མོའི་གཟུགས། །དམ་ཚིག་ཕྱག་རྒྱ་ཡུན་རིང་གནས། །ལག་དང་ངག་བརྡ་མི་སྟོན་ཏེ། །བྱིན་བརླབ་ཚུལ་དབྱུང་བཟའ་ཞིང་མཆོད། །སློབ་མ་དབང་བསྐུར་བསྒྲུབ་མི་དགོས། །གྲོགས་སམ་གནས་ཁང་རྫས་གཞན་ལ། །བྱུང་བར་སྣང་བ་ངེས་པ་ན། །ལག་པའམ་ངག་གི་བརྡ་བསྟན་ཏེ། །བདུད་ན་ལན་འདེབས་ག་ལ་ནུས། །དེས་ན་ལྕེ་ལ་ཧུ༷་བསྒོམས་ཏེ། །བདུད་རྩི་བྱིན་ལ་ཅི་འདོད་བཅོལ། །ཡོ་བྱད་དག་ལ་སྣང་བ་ན། །དེས་ནི་ལོངས་སྤྱོད་འཕེལ་བར་ངེས། །དེས་ན་དོན་ཡོད་ཡབ་ཡུམ་མམ། །མེ་རྟག་ཕོག་པར་གསལ་བསྒོམས་ལ། །གསང་བའམ་རྐང་པའི་མཐིལ་དུ་ནི། །གྲུ་གསུམ་མེ་ཡི་འོད་འདྲའོ་སྟེང་། །ལྗང་ཀུ་ཧ་ལས་འོད་སྤྲོས་ཏེ། །རྒྱ་གྲམ་ལས་ནི་རླུད་ལྕགས་ཀྱུས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བཀུག །གཟུགས་དང་བརྟན་པར་བྱས་ནས་ནི། །དེ་ཉིད་ལྗང་ཀུ་འཚེ་བའི་མདོག །ལས་ཀྱི་རིགས་ནི་ཐོགས་མེད་མཆོག །ངང་གིས་བདེ་བར་ལྷུན་གྲུབ་རས་ ་བསང་བའི་གནས་སུ་ཐིམ་པས་ནི། །ལས་རྣམས་ཀུན་ལ་དགེ་དབང་བསྒྱུར། །དེ་ཚེ་ངག་ཏུ་གླེང་བ་ནི། །ཆགས་པ་ཆེན་པོ་བཅོམ་ལྡན་འདས། །རང་བཞིན་ཉིད་དུ་གནས་པ་སྟེ། །དེ་ནི་རྣམ་དག་བདག་གི་གཟུགས། །ཨེ་མ་ཧོ་ཆེ་མཆོག་རང་སྣང་སྐུ། །ཧ་ཀརྨ་ཀུ་ལ་ཀུ་ཀུ་མ་སི་ཏ་ཨ་ཧ༷། དེ་ཚེ་བདུད་རྩི་རྣམ་པ་ལྔའི། །རི་ལུ་རང་གི་ཁར་བཅུག་སྟེ། །ཟམ་ཟིམ་མིག་བཙུམས་བསྡམས་ནས་ཀྱང་། །གང་ཡང་སྤྲོ་བ་མི་བྱ་སྟེ། །ལྷག་པ་རྟགས་ཀྱི་བྱང་ཆུབ་སེམས། །ཕྱི་ནས་བསྒྲུབ་པར་མི་བྱའོ། །བདུད་དུ་ངེས་པར་སྣང་བ་ནི། །ཕག་རྒོད་ལྟོ་བོ་ཆེ་ཞེས་བྱ། །ཁམ་པ་ཤ་རུལ་ཁྲག་རྣག་དྲི། །ཚ་ལ་རྩུབ་པའི་དྲི་བྲོ་བ། །གཞན་ནི་སྔར་གསུངས་ངེས་པ་སྟེ། །རབ་ཏུ་དྲག་པོའི་གསང་སྔགས་དང་། །བཟློག་པའི་སྦྱིན་སྲེག་གསུམ་ལྔ་བདུན། །ཐལ་བ་ལ་ནི་ལིང་ག་བྱ། །མིང་རུས་ཕུར་པས་གནས་བདུན་དུ། །བཏབ་སྟེ་ལམ་ཁར་ཐོད་པས་གནན། །དེས་ནི་ངེས་པར་བཟློག་པར་འགྱུར། །རེ་ཞིང་དོགས་པར་སེམས་པ་དང་། །བདག་དང་ལྷ་ཞེས་མངོན་འཆེལ་བ རང་སེམས་འཁྲུལ་བ་བགེགས་ཡིན་ཏེ། །གཞན་ནས་འོངས་བ་མ་ཡིན་ནོ། །སེམས་ཉིད་བདག་གཞན་མི་འབྱེད་ཅིང་། །ཆོས་དབྱིངས་མི་རྟོག་རང་རིག་པ། །རང་རྣལ་ཉིད་ནི་མངོན་དགའ་ན། །དེས་ནི་བར་ཆད་ག་ལ་འབྱུང་། །དེ་སྐད་གསང་ཆེན་སྟོན་པས་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆུའི་གྲུབ་པ་དག་མ་གྲུབ་པ་འི་ཁྱད་པར་བསྟན་པའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་བྱ་བ་ཐམས་ཅད་ལ་མ་རྨོངས་པ་དེས། བཅོམ་ལྡན་འདས་གསང་བའི་དབང་ཕྱུག་ཆེན་པོ་ཇེ་ལ་གསོལ་བ། ཀྱེ་བདེ་བ་རྒྱན་གྱི་མངའ་བདག །མ་སྤངས་པར་རང་གྲུབ་པའི་དངོས་གཞི་དམ་པ། བདག་ཅག་ལ་གསོལ་བ་མཆིས་པས་བཀས་གནང་བར་མཛད་དུ་གསོལ། འཁོར་བའི་ཆོས་ལས་མྱ་ངན་ལས་འདས་པ་དེ་ཁོ་ན་ཉིད་བསྒྲུབ་པ་ལ། སྤྱད་པ་དང་སྤྱོད་པ་ཞིག་འཚལ་ན། །དེའི་བགྱི་བ་དེ་ཇི་ལྟ་བུ་ལགས། བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག །དཔེར་ན་ནམ་མཁའ་ལ། ལག་པས་རྡོ་རྗེ་འམ། རྡོ་རྗེ་རྒྱ་གྲམ་ཞིག་གི་བྲིས་ན་དེ་དབང་པོའི་མངོན་སུམ་ལ་སྣང་ངམ། གསོལ་བ། དེ་མིག་ལ་མ་ཡིན་ཀྱང་ཡིད་ལ་སྣང་སྟེ། དེ་ལ་རིང་དུ་བརྟགས་ན། མིག་ལ་ཡང་སྣང་བར་འགྱུར་ལ། དེ་བརྟག་པར་ཡང་མི་ནུས་ཏེ་དཔེ་དང་འདྲ་བ་ལགས་སམ། བཀའ་སྩལ་པ། སྤྱོད་པའང་དེ་བཞིན་ཏེ། ཅིའང་སྤྱད་དུ་མེད་པ་ལས་ཅིའང་སྤྱད་པས་དེ་འགྲུབ་སྟེ་ངེས་པའོ། །སེམས་དཔའ་ཆེན་པོ་དཔེར་ན་སྒྱུ་མ་མཁན་མཁས་པས་ཅི་ཡང་མེད་པ་ལས་སྔགས་ཀྱི་བྱ་བས་ཅིར་ཡང་སྣང་སྟེ། ཐམས་ཅད་ཀྱི་ཡིས་ཚིམ་སྟེ་དགའ་བ་དེར་གྱུར་ན། དེས་ཡང་དག་པར་དགའ་བར་བྱས་པ་ཡོད་དམ། གསོལ་བ། བཅོམ་ལྡན་འདས་དེ་ལྟར་ན། རྫས་དང་སྔགས་ཀྱི་སྦྱོར་བ་ལས་བྱུང་བ་གྲུབ་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། དེས་བྱས་པ་དང་བ་བྱེད་པ་ཅིའང་གྲུབ་པ་མེད་ཀྱང་། གཞན་དག་དེ་ཁོ་ན་ལྟར་འཛིན་པས་དེ་དག་ལ་ངེས་པར་འགྲུབ་པའོ། །བཀའ་སྩལ་པ་སེམས་དཔའ་རྣལ་འབྱོར་གྱི་སྤྱོད་པ་སྤྱད་པར་འདོད་པ་རྣམས་ཀྱིས་ཀྱང་། སྤྱོད་པ་ཐམས་ཅད་དེ་ལྟར་སྤྱད་པར་བྱ་སྟེ། ཅིའང་སྤྱད་དུ་མེད་པའི་དེ་བཞིན་ཉིད་ལ། ཅི་སྤྱད་པ་ཐམས་ཅད། དེ་ཁོ་ན་ཉིད་ཀྱི་སྟོངས་སུ་འགྱུར་ཏེ། གདོན་མི་ཟ་བར་འགྲུབ་པའོ། །གསོལ་བ། བཅོམ་ལྡན་འདས་དེ་ལྟར་ན་དགེ་བ་དང་མི་དགེ་བའི་སྤྱོད་པ་ལ་སྤང་པ་དང་། བླང་བ་མེད་པར་གོ་མཉམ་པ་ལགས་སམ། བཀའ་སྩལ་པ། སེམས་དཔའ་ཆེན་པོ། དཔེར་ན་འབྱུང་བས་བསྐྱེད་པར་གོ་མཉམ་པ་ལས། དུག་དང་སྨན་གྱིས་འཆི་བ་དང་འཚོ་བར་བྱེདཔབཞིནནོ། །གསོལ་བ། འཆི་བ་དང་འཚོ་བ་ཞེས་པའང་བཏགས་པ་ཙམ་སྟེ། དེ་བཞིན་ཉིད་ལ་ནི། དེ་དག་གིས་བཏགས་པ་མ་མཆིས་ལ། དུག་དང་སྨན་ཞེས་བགྱི་བར་ཡང་གྲུབ་པ་མ་མཆིས་སོ། །བཀའ་སྩལ་པ། དེ་བཞིན་ཏེ། ཅི་སྦྱད་པ་ཐམས་ཅད་དེ་བཞིན་པ་དེ་ནི་སྤྱོད་པ་བླ་ན་མེད་པའོ། །དེས་ན་ལས་ཀྱི་རིགས་འདི་ལ། །སྤྱོད་པ་གང་ཡང་ལེགས་པར་སྤྱད། །དུས་དྲུག་བཞི་འམ་ཉིན་གཅིག་ཅིག །བདེ་གཤེགས་མཆོད་ལ་གུས་པར་བྱ། །ཡོ་བྱ་ཅི་འབྱོར་པ་ཡིས་ནི། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་དབུལ། །རོལ་མོ་མཆོད་པ་སྤྲིན་ཕུང་ཙམ། །བཤམས་སམ་ཡིད་ཀྱིས་བསམ་བྱས་ཏེ། །རྒྱལ་བ་རྒྱལ་སྲས་མཁའ་འགྲོ་ལ། །གུས་བཅས་གཡོ་སྒྱུ་མེད་པར་བཏབ། །ཉན་ཐོས་སྡོམ་ལ་རབ་གནས་ཤིང་། །སློང་བའི་རྫས་ཀྱིས་འཚོ་བྱེད་རྣམས། །བུ་གཉེན་གནས་སུ་སེམས་བསྐྱེད་དེ། །ཡོ་བྱད་བཅུ་གསུམ་འབྱོར་ཚད་སྦྱིན། །ཐེག་ཆེན་བླ་མེད་དང་ལེན་ཅིང་། །བྱང་ཆུབ་སྡོམ་མཆོག་བསླབ་གནས་ལ། །ལུས་སྲོག་གིས་ཀྱང་མཉེས་བྱ་ན། །ཡོ་བྱད་གཞན་དག་སྨོས་ཅི་དགོས། །བླ་མེད་ཐེག་ཆེན་ཡང་རབ་གནས། །སེམས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད། །སྤྱི་དང་ཁྱད་པར་ལྷག་ལ་གནས། །དེ་ནི་བདེ་གཤེགས་ཉིད་དང་མཚུངས། །བྲམ་ཟེ་རྟག་ཏུ་གཙང་འཛིན་ལ། །དཀར་དང་འབྲས་སོགས་ལ་མ་སྦྱིན། །མཐའ་འཁོབ་ཁྲིམས་དང་འགལ་བའི་གནས། །སྤྱོད་པ་ངན་པའི་རྒྱལ་རིགས་ལའང་། ཁྲན་སྨད་གཤེ་བརྙས་མི་བྱ་ཞིང་། ཁོ་ན་མཐུན་པའི་བརྩེ་སེམས་བསྐྱེད། །ནད་པ་གང་ཞིག་ཉེན་གྱུར་ལ། །སྨན་དང་འཚོ་བས་ནད་བསལ་བྱ། །དམངས་རིགས་དམན་ལ་ལྷན་སེམས་བསྐྱེད། །བརྩེ་བས་ཀུན་ལ་ཕན་གདགས་སོ། །མུ་སྟེགས་ལྟ་བ་ལོག་པ་ལ། །གཤེ་ཞིང་སྨད་པར་མི་བྱ་སྟེ། །ཐབས་ཀྱིས་ལྟ་བ་མཆོག་ལ་གཟུད། །བུད་མེད་སྒྱུ་འཕྲུལ་བདེ་སྒྲུབ་པས། །སྨད་ཅིང་གཤུང་བ་མ་ཡིན་ནོ། །གླུ་གར་རོལ་མོ་མཁན་དག་ལ། །ལྷག་པར་མི་བསྟེན་བརྙས་མི་བྱ། །དེ་དག་ལས་ཀྱི་སྤྱོད་པ་སྟེ། །མཁས་ལྡན་སྒྲུབ་པ་པོས་སྤྱད་ཅིང་། །དུས་རྣམས་ཀུན་ཏུ་དོར་མི་བྱ། །དེ་སྐད་འགྲོ་བའི་གཉེན་གཅིག་པ། །སྟོན་པ་མཆོག་གིས་འགྲོ་དོན་གསུངས། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དྲི་ཆུའི་སྒྲུབ་པ་པོའི་སྤྱོད་པ་བླ་ན་མེད་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།དེ་ནས་དམ་ཚིག་ཆེན་པོ་རྡོ་རྗེ་རྣོན་པོས། ཤེས་རབ་ཀྱི་རལ་གྲིས་སེམས་ཅན་གྱི་རིས་ཐམས་ཅད་ཤའི་ཐང་མ་དཔག་ཏུ་མེད་པར་བརྡལ་ནས། རྒྱལ་བའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ཆེན་པོ་ལ་སོགས་པ་མཆོད་དེ། སེམས་ཅན་ཐམས་ཅད་ཀྱང་ཚིམ་པར་བྱས་ནས། སྟོན་པ་ལ་གསོལ་བ། ཀྱེ་མ་དགའ་སེམས་ཆེ་བའི་གཙོ། །རྣམས་ལྔའི་བདུད་རྩི་བཤད་པས་སུ། །བདག་ཅག་རབ་ཏུ་ཚིམ་གྱུར་ཀྱང་། །ད་དུང་གསོལ་བ་དམ་པ་མཆིས། །བདུད་རྩི་དམ་པ་བསྒྲུབ་པ་ལ། ཁྲ་ཡི་རྣམ་པ་འཚལ་མི་འཚལ། །དེ་ཡི་རང་བཞིན་ཇི་ལྟ་བུ། །བཙལ་ན་ཐབས་མཆོག་ཇི་ལྟར་བགྱི། །རིགས་ཀྱི་དབྱེ་བ་ཇི་ལྟར་ལགས། །དེ་ངེས་གྲུབ་ན་རྟགས་ཅི་འབྱུང་། །མ་གྲུབ་བགེགས་ཀྱིས་བར་གཅད་ན། །དེ་ཡི་ཁྱད་པར་གསུང་བར་ཞུ། །དེ་སྐད་གསོལ་པ་ཐུགས་ཆུད་ནས། །སྟོན་པ་ཐམས་ཅད་མཁྱེན་པ་ཡིས། །བཞད་ནས་འདི་སྐད་བཀའ་སྩལ་ཏོ། ཁྲ་ནི་ལུས་ཀྱི་བཅ་ཡིན་ཏེ། །དེ་ལ་བརྟེན་ནས་ཐམས་ཅད་འབྱུང་། །དགེ་དང་མི་དགེ་ཇི་སྙེད་པ རང་སེམས་དབང་བསྒྱུར་ཡེ་ཤེས་མཆོག །རེད་ནས་ཤ་ཆེན་ལ་སོགས་བརྟེན། །སྤང་བླང་གཞི་ཉིད་ག་ལ་སྲིད། །བདུད་རྩི་མཆོག་ནི་ཤ་ཉིད་དེ། །དགོས་དང་མི་དགོས་རྟོག་པ་མེད། །དེ་བས་རབ་ཏུ་བསྒྲིམས་ནས་སུ། ཁྲ་རྣམས་ལ་ནི་ནན་ཏན་བྱ། །རྣམ་གྲངས་ཤ་ཆེན་གླང་ཆེན་ཤ །རྟ་ཤ་ཁྱི་དང་བྱ་ཡི་ཤ། །མི་ཆེ་ཀླ་གླང་སྙིང་གིས་མཚོན། །ཐེག་པ་དམན་ལ་གསང་བའི་ཕྱིར། །ནན་ཏན་ཉིད་དུ་བརྩོན་པར་བྱ། །ལྷ་ཡི་སྦྱོར་བ་དང་ལྡན་པས། །ལུས་ཀྱི་ཁམས་ལས་བླང་བྱས་ཏེ། །མ་རུལ་མ་སུམ་རབ་ཏུ་བསྒྲིམ། །གཙང་མའི་སྣོད་དུ་བཅང་བར་བྱ། །གཞན་དག་ཐབས་མཆོག་སྔར་གསུངས་ཡིན། ཁྲ་ཆེན་རྡོ་རྗེ་རིགས་ཀྱི་གཙོ། །གླང་པོ་དེ་བཞིན་གཤེགས་པའོ། །རིན་ཆེན་རིགས་ནི་རྟ་ཤའོ། ཁྱི་ཡི་ཤ་ནི་པད་མའོ། །བྱ་ཤ་ལས་ཀྱི་དབང་པོའོ། །དེ་ཡིས་བསྡུས་པའི་ཤ་རྣམས་ནི། །རང་རང་མཐུན་པའི་རིགས་ཡིན་ཏེ། །གོལ་བ་ཅན་དང་ཁ་སྲག་དང་། །ཟླུམ་པོ་མཆེ་བ་གཤོག་པ་ཅན། །ཐམས་ཅད་ལྔ་ཡིས་བསྡུས་པའོ། །གསང་བ་རིགས་ཀྱི་བཙུན་མོ་ལྔ། །བྷ་གའི་དབུས་སུ་སྨིན་པའི་ཤ །དབུས་དང་ཤར་སོགས་རིམ་པ་བཞིན། །བྱང་ཆུབ་སེམས་སོགས་རིམས་བཞིན་སྦྱར། །མུ༷་ལ༷་མ༷་པྱ༷་ཏ༷་ལྔ་ཡང་། །ཉི་མའི་དཀྱིལ་འཁོར་སོགས་གནས་པ། །བསྲེག་སྦྱང་བདུད་རྩིར་བྱ་བ་ནི། །སྤྲོ་དང་བསྡུ་དང་བསྟིམ་པའོ། །བསྐྱིལ་བ་དར་མོ་ཡ་ཏའི་དབུས། །པདྨ་འདབ་བརྒྱད་ལྟེ་བའི་སྟེང་། །གེ་སར་ཕུག་གི་བྱ་རོག་གདོང་། །དམ་པོ་བསེ་གབ་རྩ་དབུས་ལམ། །དེ་ནི་བདེ་ཆེན་ཡང་དག་པའི། །ཁྱད་པར་ཅན་དུ་ཐམས་ཅད་གནས། །ཡང་ན་རུས་སྦལ་རྐང་ལག་ལྟར། །མི་མོས་རབ་བསྡམ་ཧ་ཧ་བཤད། །དེས་ནི་ཤ་རྣམས་རབ་བསྒྲུབས་འགྲུབ། །ངེས་པའི་རྟགས་ནི་མང་དུ་འཕེལ། །གསེར་ལྟར་རབ་འཚེར་འཛམ་བུའི་མདོག །དངོས་གྲུབ་རྒྱ་ཆེན་རབ་ཏུ་འགྲུབ། །ཚེ་ལ་བར་ཆད་མི་འབྱུང་བཞིན། །བགེགས་ཞི་ནད་མེད་ཡོ་བྱད་འཕེལ། །ཕྱི་ནས་བསྒྲུབས་ན་གདོན་མི་ཟ། །འཁོར་ལོས་སྒྱུར་རྒྱལ་ཆེན་པོ་ཡང་། །ཚེ་འདིའི་འོག་ཏུ་ཐེ་ཚོམ་མེད། །བདེ་གཤེགས་མཆོད་དང་མཁའ་འགྲོ་བསྐང་། །རྣལ་འབྱོར་ཉམས་པ་སོར་གཞུག་ཕྱིར། །རྟག་ཏུ་བཅང་ཞིང་མཆོད་པར་བྱ། །གལ་ཏེ་གྲུབ་པར་མ་གྱུར་ན། །རུལ་དང་མྱགས་དང་འབུ་སྲིན་དང་། ཁེན་ཏུ་ཉུང་ནས་ཐ་མར་བརླག །དེ་ནི་བདུད་ཀྱི་བྱིན་བརླབས་ཏེ། །རྣལ་འབྱོར་ཚེ་ལ་བར་ཆད་འབྱུང་། །ཡོ་བྱད་བྲལ་ནས་དབུལ་པོར་འགྱུར། །དེ་ཚེ་བཟློག་པའི་སྦྱིན་སྲེག་ནི། །ཀུན་ཤ་སྔོན་པོ་ཏིལ་ནག་དང་། །འབྲུ་ཡི་ཆན་དང་བ་མར་གྱིས། །ཉི་ཤུ་གཅིག་ཏུ་བསྲེག་པར་བྱ། །ཐལ་བ་ལམ་པོ་ཆེ་ཡི་སར། །རླུད་ལ་ཕྱང་བས་ངེས་པར་ཟློག །ཀུན་ཏུ་རྟོག་མེད་བྱང་ཆུབ་སེམས། །ནམ་མཁའི་དཀྱིལ་དང་རྒྱ་མཚོའི་གཏིང་། །འགྱུར་མེད་ཉི་མ་བརྡལ་བ་བཞིན། །རང་རིག་རང་སྣང་གསལ་བར་བྱ། །དེས་ནི་བར་ཆད་ག་ལ་འབྱུང་། །དེ་སྐད་གསུངས་པས་འཁོར་ཀུན་དགའ། །རབ་ཏུ་བདེ་བ་ཐོབ་པར་འགྱུར། །དེ་ནས་སེམས་དཔས་ཡང་གསོལ་བ། །རང་བཞིན་བྱང་ཆུབ་སེམས་ཆེན་པོ། །སྐྱེ་བ་མེད་ལས་སྐྱེ་བའི་ཤ །འགྲོ་བའི་ལུས་ནི་དངོས་པོའི་གནས། །འདི་ཡི་རང་བཞིན་ཇི་ལྟར་ལགས། །འཇིག་རྟེན་ཕན་ཡོན་ཇི་ལྟར་མཆིས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཡང་དག་སྟོན་པས་བཀའ་སྩལ་པ།ཁམས་གསུམ་འགྲོ་བའི་སེམས་ཉིད་ནི། །མ་བཅོས་བྱང་ཆུབ་སེམས་ཉིད་དེ། །གཉིས་སུ་མེད་པས་རྒྱལ་བའི་ཀློང་། །ཐབས་དང་ཤེས་རབ་ཁུ་བ་ཁྲག །དབྱེར་མེད་ངང་ལས་བསྐྱེད་པས་ན། ཁྲ་ནི་བྱང་ཆུབ་སེམས་ཉིད་དོ། །འདི་ནི རངབཞིན མཐུདངལྡན། །ངོ་བོ་ཉིད་ཀྱིས་སྟོབས་ཆེན་པོ། །ནད་རྣམས་ཀུན་གྱི་གཉེན་པོར་ཆེ། ཁྱད་པར་དག་ཏུ་རབ་བསྟན་པ། ཁུ་བ་དང་ནི་ཤ་དང་ཁྲག །བཤང་དང་གཅི་ལ་སོགས་པ་ནི། །གདོད་ནས་དག་པའི་སྨན་ཡིན་པས། །རྣམ་རྟོག་འཇིལ་བྱེད་བདུད་རྩིའོ། ཁྲ་ཆེན་རང་བཞིན་མཐུ་ཆེ་སྟེ། །གླང་པོས་བསྒོམ་པ་སྲན་དང་ལྡན། །རྟ་ཤས་བློ་ནི་རྣོ་བར་འགྱུར། །དེ་བཞིན་ཁྲིས་ནི་གཉིས་ཆུང་ངོ་། །བྱས་ནི་ཏིང་འཛིན་དམིགས་པ་འགྲུབ། །ཀུན་གྱིས་རླུད་མཁྲིས་བད་ཀན་འཇོམས། །དེ་ལྟར་ཡོན་ཏན་ཐམས་ཅད་འགྲུབ། །ང་ཡིས་ཤ་ཡི་དོན་བསྟན་པ། ཁམས་གསུམ་འཁོར་བའི་ནད་སྦྱང་ཕྱིར། །ཐུགས་ལས་ཕྱུང་ནས་རབ་ཏུ་བསྟན། །དཔལ་བདད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་ཤ་རྣམ་པ་ལྔ་དོན་ཇི་བཞིན་པར་བསྟན་པའི་ལེའུ་སྟེ་བཞི་བཅུ་དྲུག་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས། བདུད་རྩིའི་དོན་ཁོང་དུ་ཆུད་ནས་དོན་ལ་རབ་ཏུ་ངམ་སྟེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ཡེ་ཤེས་སྐུ་ལྔ་བསྟན་པའི་ཕྱིར། །བྱང་ཆུབ་སེམས་ནི་དཀར་བས་ན། །དྲི་མེད་དག་པས་ཡེ་ཤེས་སྐུ། །སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི། །རཀྟ་ཆགས་མེད་དམར་བས་ན། །ཆགས་མེད་རྣམ་དག་པད་མའི་སྐུ། །མ༷་ས་ཡིད་བཞིན་རིན་ཆེན་སྔོ། །སྣ་ཚོགས་འབྱུང་བས་མཉམ་ཉིད་སྐུ། །དྲི་ཆེན་གསེར་མདོག་སྣང་མཛད་དེ། །མངོན་བྱུང་སྤྲུལ་པ་ཆོས་ཀྱི་སྐུ། །དྲི་ཆུ་དག་བྱེད་ལྗང་ཀུའི་མདོག །ཀུན་ཏུ་དོན་གྲུབ་ལས་རབ་སྐུ། །སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི། །སོ་སོའི་ལུས་ལ་གནས་པ་ཡིན། །དྲི་ཆེན་དྲི་ཆུ་རཀྟ་དང་། ཁྲ་ཆེན་བྱང་ཆུབ་སེམས་རྣམས་ཀུན། །སེམས་ཅན་འཛིན་རྟོག་བཟློག་པའི་ཕྱིར། །གཙོ་དང་དང་དུ་བླང་བར་བྱ། །གཙང་སྨེ་མེད་པར་ཀུན་གྱིས་སྤྱོད། །ཐེ་ཚོམ་མེད་པར་དངོས་གྲུབ་ཐོབ། །ཨ་ལ་ལ་ཧོ། ཞེས་རང་གི་ཤེས་པའི་དོན་ཕུལ་བས། སྟོན་པ་དང་འཁོར་དུ་བཅས་པ་ཐམས་ཅད་རབ་ཏུ་དགྱེས་པར་གྱུར་ཏོ། །དེ་ནས་ལྷ་མོ་ཆེན་མོ་གསོལ་བ་འདེབས་པ། ཞིང་ཁམས་སོ་སོ་ནས་འོངས་པའི་བཙུན་མོ་རྣམས་ཀྱིས་ཀྱང་བདུད་རྩི་ཇི་ལྟ་བུའི་དོན་ཁོང་དུ་ཆུད་པར། དེ་དག་སྟོན་པ་དང་སེམས་དཔའ་ལ་གསོལ་ཅིང་སྨྲས་པ་ཨེ་མ་ཧོ། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །སངས་རྒྱས་ཀུན་གྱི་ཆོས་ཉིད་འདི། །སྙིང་པོ་ཆོས་ཀྱི་དོན་ལས་འབྱུང་། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །སྨ་།་པ་ར་བྱ་བའི་རྫས་ལྔ་པོ། །གཅིག་ལའང་ཡོན་ཏན་ལྔ་ལྔ་འམ། །གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ། །དམ་ཚིག་རྩ་བ་བཅོ་ལྔ་ཡིན། །ཡན་ལག་ཉི་ཤུ་རྩ་བརྒྱད་དོ། །སྣོད་བཅུད་དབུས་སུ་བསྡུས་ནས་ནི། །བཅུ་དྲུག་བཅུ་དྲུག་པོར་ཡང་བསྟན་པར་བྱའོ། །ཐབས་དང་ཤེས་རབ་ལྡན་པ་ལས། །སེམས་དཔའ་སེམས་མའི་ཚོགས་སུ་བལྟའོ། །རྩ་བ་བརྒྱད་དང་ཡན་ལག་བརྒྱད། །རྫས་ ནི་ སེམས་ དཔའ་ བཅུ་ དྲུག་ སྟེ། །སྣོད་ དབྱིངས་སེམས་ མ་ སུམ་ ཅུ་ རྩ་ གཉིས་ མཚན་ ལྡན་ ཞིང་། །དཔེ་ བྱད་ བཟང་ པོ་ བརྒྱད་ ཅུས་ བརྒྱན། །རྡོ་ རྗེ་ དབྱིངས་ཀྱི་ དཀྱིལ་ འཁོར་རྫོགས། །རྒྱུ་ཡང་གསང་བ་འབྲས་བུའང་གསང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས། །མཛོད་ལྡན་དཔལ་གྱི་ཕྱག་རྒྱ་དང་།ཁ་འབྱེད་རྡོ་རྗེའི་ཕྱག་རྒྱ་དང་། །འཁོར་ལོ་རྩིབས་ཀྱི་དབུས་སུ་བཞག །བདུད་རྩི་ལྔ་དང་རྩ་བ་བརྒྱད། །མིག་དང་རྣ་བ་སྣ་དང་ལྕེ། །མཚན་དང་རྣམ་ཤེས་ཡུལ་དང་བཅས། །འདུས་ལ་མ་བྱས་རྡོ་རྗེ་སྟེ། །དགོངས་པ་འདུས་པས་རྡོ་རྗེར་བཤད། །རྡོ་རྗེ་སེམས་དཔར་རབ་སྦྱར་ན། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཨ་ལ་ལ་ཧོ་ཞེས་གསོལ་ཅིང་གླེངས་པས། །བཅོམ་ལྡན་འདས་རབ་ཏུ་དགྱེས་པར་གྱུར་ཏེ། བཀའ་སྩལ་པ། རྒྱལ་བ་རྣམས་ཀྱི་དགོངས་པའི་དོན། །ཇི་བཞིན་བླ་མེད་བྱང་ཆུབ་སེམས། །བདུད་རྩི་དོན་ཉིད་དབྱེར་མེད་རྟོགས། །ལེགས་སོ་རྒྱལ་བའི་སྲས་དམ་པ། ཁྱེད་ཉིད་བདུད་རྩི་མཆོག་ཏུ་གྱུར། །ཅེས་གནང་བར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཁོརརྣམས་ཀྱིས་དོན་གྱི་ཆེན་པོའི་གདེང་རྙེད་དེ་ཇི་བཞིན་པའི་ལྟ་བ་གསོལ་བ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་འཁོར་བའི་ཆོས་ཕྱི་ནང་གིས་བསྡུས་པ་ཐམས་ཅད་མྱ་ངན་ལས་འདས་པའི་བདུད་རྩིར་བསྒྲུབས་ཤིང་བསྒྱུར་བས་ཡིད་ཆེས་ཏེ་རང་རང་གི་ཤེས་པའང་ང་ལ་སྨྲས་ཟིན་ན། ད་དུང་ཞུ་བ་ཡོད་ན་ཅི་དང་ཅི་ཡོད་པ་དེ་དག་ང་ལ་སྨྱོས་ཤིག །སེམས་དཔས་གསོལ་བ། ཀྱེ་བཅོམ་ལྡན་འདས་བདག་ལ་གསོལ་བ་མཆིས་ཏེ། འཁོར་བ་ཐམས་ཅད་སྐྱེད་བ་ནི་འོ་མ་ལགས་ཏེ། ལུས་རྫོགས་པར་བགྱིད་ན། ཅིའི་སླད་བདུད་རྩི་བག་ཙམ་ལས་མ་གསུངས། ད་གྱིས་བའི་ཐབས་དང་རང་བཞིན་ཇི་ལྟ་བུ་ལགས། བཀའ་སྩལ་པ། འོ་མ་གསོས་སུ་གྱུར་པ་ལྟར། །ཆོས་ཉིད་ཁམས་གསུམ་སེམས་ཅན་ཀུན། །བྱང་ཆུབ་མྱུ་གུ་བསྐྱེད་པའི་གསོས། །དེ་བས་བདུད་རྩི་དམ་པའི་བཅུད། །སྐྱེ་མེད་བྱང་ཆུབ་སེམས་ཆེན་པོ། །ཡང་དག་ཡེ་ཤེས་བླ་མེད་པས། །གསོ༷ས་ཀྱི་མཆོག་སྟེ་ཐ་མི་དད། །ཇི་ལྟར་འོ་མར་གྱུར་པ་ལ། །མཁས་ལྡན་ཆེན་པོས་རབ་སྦྱངས་ནས། །ཡོན་ཏན་ཞོ་དང་མར་ལྟར་འགྲུབ། །དེ་བཞིན་རྫས་རྣམས་སྦྱང་གྱུར་ན། །མཉམ་ཉིད་ཡོན་ཏན་མར་ལྟར་འགྲུབ། །ཨཱོཾ་ཊ་ཀི་ར་བཛྲ་པ་ཏྲ་སརྦ་དུ་ཧ་ར་དུ་ཧ་ར་ཨ་མྲི་ཏེ་གྲྭ་ཧྭ། དེ་བས་ཐབས་ལྡན་རྣལ་འབྱོར་པས། །ཐམས་ཅད་བདུད་རྩིར་བསྒྲུབ་པའི་ཕྱིར། །མི་དང་རྟ་ལ་སོགས་པ་ཡི། །འོ་མར་གྱུར་པ་ཐམས་ཅད་ལ། །སྤང་བླང་མེད་པར་བདུད་རྩིར་བསྒྲུབ། །རྨ་དང་ཤུ་ཐོར་གཡོན་པ་དང་། །བས་བླགས་མེ་དབལ་ལ་ཤིས་ཏེ། །ནད་རྣམས་ཀུན་ཕན་ལྷག་པར་རླུད་། །ཀླུ་ཡིས་ཉེན་པའི་གསོས་སུ་ཆེ། །སྨན་རྣམས་ཀུན་གྱི་གཞི་ཡིན་ནོ། །སེམས་དཔའ་དེས་གསོལ་བ། །འཇིག་རྟེན་འདི་ན་དཀོན་པའི་རྫས། །གསེར་ལ་སོགས་པའི་རིན་པོ་ཆེ། །བདུད་རྩི་ཉིད་ནི་ལགས་ངེས་པས། །བསྒྲུབ་པར་བགྱི་ན་ཇི་ལྟར་འཚལ། །དེ་ལ་ཡང་དག་བཀའ་སྩལ་པ། །དཔག་མེད་རྒྱལ་བ་རྣམས་ཀྱི་ནི། །ཆེ་བའི་ཡོན་ཏན་ཟད་མེད་དེ། །གསེར་ལ་སོགས་པའི་རིན་ཆེན་གཏེར། །ཟད་མེད་དགོས་པ་ཀུན་སྐོང་བའོ། །བདེ་གཤེགས་ཐུགས་དང་ཡོན་ཏན་གཉིས། །སོ་སོ་མ་ཡིན་དབྱིངས་གཅིག་པས། །རིན་ཆེན་ཟད་མེད་བདུད་རྩིའི་དབྱིངས། །དཔེར་ན་གསེར་ལྡན་རིན་ཆེན་ལྟར། །སོ་སོར་གནས་ཀྱང་རང་རང་གི །ཁ་དོག་མཚན་ཉིད་སོ་སོར་གསལ། །རིན་ཆེན་ཡོན་ཏན་དེ་དྲ་ཡང་། །བསྡུས་ན་ཡོན་ཏན་རྨད་དུ་གྱུར། །དེ་བས་གཉིས་སྤྲད་མཛེས་པར་སྣང་། །དེ་བཞིན་རྫས་ཀྱི་ཡོན་ཏན་ཡང་། །རང་གི་ཡོན་ཏན་རིན་ཆེན་སྣང་། །གཉིས་མེད་མཉམ་པར་སྣང་བས་ན། །བླ་མེད་ཡོན་ཏན་རྨད་དུ་འགྱུར། །ཨཱོཾ་སརྦ་ཏ་ཐུ་ག་ཏ་གུ་ཎ་རད་ན་སྭ་བྷ་བ་དྷརྨ་དྷ་ཏུ་སྣ་ཧྭ། མཆོད་དང་བདེ་གཤེགས་སྐུ་བཞེངས་པས། །བདུད་རྩིར་བསྒྲུབས་ན་དཔག་ཏུ་མེད། །གང་དུ་དམིགས་པས་འཁོར་ལོས་སྒྱུར། །རིན་ཆེན་བདུན་ལ་དབང་བྱེད་འགྱུར། །འཇིག་རྟེན་ཡོན་ཏན་བསམ་མི་ཁྱབ། །དཔེར་ན་གསེར་སོགས་རིན་པོ་ཆེ། །མི་གང་བསྲེལ་བར་བྱེད་པ་དེ། །ཀུན་གྱི་ཡིད་འོང་ལུབུར་བ་དང་། །དེ་ཡིས་བསྒོ་བ་ཉན་པར་གྱུར། །ཅི་བསམ་སྐད་ཅིག་ཙམ་འགྲུབ་སྟེ། །བཟའ་བཏུང་བགོ་བས་བྲེལ་མེད་ཅིང་། །དེ་ཡི་འཁོར་ཡང་བདེ་འགྱུར་ལྟར། །བདུད་རྩི་དམ་པའི་ཆོས་ཉིད་འདི། །རྣལ་འབྱོར་དད་བརྩོན་ལྡན་པ་ཡིས། ཁོང་དུ་ཆུད་ནས་སྒྲུབ་བྱེད་པ། །རྒྱལ་བ་མཉེས་ནས་དངོས་གྲུབ་སྩོལ། །འཁོར་གྱི་མཁའ་འགྲོ་ཅི་བསྒོ་ཉན། །བླ་མེད་བྱང་ཆུབ་སྙིང་པོ་འགྲུབ། །འཇིག་རྟེན་བསམ་པ་མཐར་ཕྱིན་ཅིང་། །དེ་ཡི་འཁོར་དང་ཡུལ་ཁམས་དགེ །དེ་སྐད་རྒྱལ་བ་སྔ་མས་གསུངས། །དེ་ནས་སེམས་དཔས་ཡང་གསོལ་པ། །སྟོན་པ་རྣམ་ཀུན་མཁྱེན་ལྡན་པ། །ཆང་ནི་དུག་གི་དམ་པ་ཞེས། །རྒྱལ་བ་རྣམས་ཀྱིས་གསུངས་པས་ན། །འདིར་ཡང་སྤངས་ཏེ་མི་སྤྱད་དམ། །འོན་ཏེ་ཉེ་བར་འགྱུར་བར་གསུང་། །སྨན་པའི་མཆོག་གིས་བཀའ་སྩལ་པ། །ར་ས་ཡ་ན་བདུད་རྩི་ཆེ། །འདོད་པ་ཀུན་འབྱོར་བདེ་བ་ནི། །འདི་ཉིད་བསྲེལ་སྤྱད་རྫས་ཀྱི་མཆོག །བྱང་ཆུབ་སྙིང་པོ་བདེ་བའི་རྒྱན། །སྙིང་པོ་བྱང་ཆུབ་སེམས་ཉིད་དེ། །ཀུན་ཏུ་ཚིམ་པས་ཆང་ཉིད་དོ། །ནད་སེལ་བདུད་རྩི་དབང་སྡུས་ཕྱིར། །དགོས་པའི་དམ་པར་ངས་བཤད་དོ། །འདི་ལ་བཤད་བསྟན་འདི་ལྟ་སྟེ། །འབྲུ་རྣམས་ལ་ནི་ཆང་མེད་དོ། །ཆུ་ལ་ཆང་གི་རང་བཞིན་མེད། མཁས་པས་འབྲུ་ཆུར་སྦྱར་ཏེ། །ཐབས་ཀྱི་རྩོལ་བས་བསྒྲུབས་པས་ན། །མཉམ་པ་ཉིད་ཀྱི་ཆང་དུ་འགྱུར། །ཨཱོཾ་ཨ་མྲི་ཏ་ཛ་བ་གྲྭ་ཧྭ། །ཛུ་བི་གྲྭ་ཧྭ། རོ་མཆོག་གོ་འཕང་ཐོབ་པར་འགྱུར། །མི་གཙང་བ་ལ་གཙང་བ་མེད། །མན་ངག་ཅན་གྱི་སྒྲུབ་པ་པོས། །མཁས་པས་གཉིས་མེད་སྦྱར་བས་ནི། །མཉམ་པ་ཉིད་ཀྱི་དོན་ཐོབ་འགྱུར། ཨོ་ཀྲོ་དྷི་ཤཱ་རི་སང་ཤོ་དྷ་ནི་སང་ཤོ་དྷ་ནི་གྲྭ་ཧྭ།དེས་ནི་བླ་མེད་ཆང་འགྲུབ་སྟེ། །ཡང་དག་བླ་མེད་བྱང་ཆུབ་འགྲུབ། །སེམས་དཔའ་དམ་པས་ཡང་གསོལ་པ། །ཐམས་ཅད་སྐྱེད་བྱེད་ཐ་བ་སྦེངས། །དེ་མཚོན་ཆུ་ནི། བཅུད་མཆོག་བདེར་འཚོ་དམ་པའི་ཆུ། །བདུད་རྩིའི་བཅུད་དུ་མ་གྱུར་ཏམ། །ཡང་དག་འདྲེན་པས་བཀའ་སྩལ་པ། །ཐུགས་རྗེ་རྒྱུན་གྱི་ར་ས་ཡ་ན། །འཁོར་བའི་ཐ་བ་གཏན་ནས་སྦེངས། །རིས་དྲུག་ཐིག་ལེར་དབྱེར་མེད་སྡུད། །ངར་འཛིན་གདུངས་བའི་དགོན་གདུང་སྦེངས། །དེ་མཚོན་ཆུ་ནི་བདུད་རྩི་མཆོག །རྒྱ་མཚོ་གང་ག་གཙང་པོ་ཆུ། ཁྲོན་པ་འབབ་ཆུ་ལྟེང་ཁ་དང་། །ཅོང་ཞི་བྲབ་ཞུན་སེར་བའི་ཆུ། །ཐམས་ཅད་བདུད་རྩི་ཐིག་ལེའོ། །ཆུ་རྣམས་ཐམས་ཅད་ཐ་དད་པ། །རྒྱ་མཚོར་ཕྱིན་ལན་ཚྭའི་རོར། །དེ་བས་ཐམས་ཅད་བསྡུས་པའི་དཔལ། །རྒྱ་མཚོ་ཙམ་དུ་བརླབས་ཆེ་ལ། །ཕྱོགས་བཅུ་དུས་གསུམ་རོ་གཅིག་གོ །འབྱུང་བ་ལྔ་པོའི་ཐུགས་རྗེ་ལས། །སྨན་ལྔ་བདུད་རྩི་དམ་པར་དག །འགྲོ་བ་ཡོངས་ཀྱི་གསོས་མཛད་པར། །ཐུགས་རྗེས་བྱིན་གྱིས་བརླབས་པ་ཡིན། །དངོས་པོ་མེད་ལས་དངོས་གྲུབ་བླང་། །བྱང་ཆུབ་སེམས་ཀྱི་སྤྲིན་ཡིན་པས། །གང་ལྟར་དམིགས་པ་འགྲུབ་པར་འགྱུར། །ཨོ་ཀ་ཀ་ནི་བ་ཤུ་དེ་བ་མྱ་མ་ཀི་གྲྭ་ཧྭ། །དེ་སྐད་གསུངས་པས་ཐམས་ཅད་ཀུན། །བདུད་རྩི་ཉིད་དུ་ངོ་ཤེས་ན། །དུག་ལྔའི་གཅོང་རྙིང་བྱང་བར་འགྱུར། །དེ་ནས་འཁོར་དེར་འདུས་པ་ཡི། །ལྷ་མོ་ཚངས་པའི་སྒྲོལ་མ་ཞེས། །རུས་སྦལ་གཟུགས་ནི་འཛིན་པ་སྟེ། །སྟན་ལས་བབ་སྟེ་རང་སྐད་ཀྱིས། །སྟོན་པ་ལ་ནི་འདི་སྐད་གསོལ། །ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས། །ཀུན་རིག་སྣང་གསལ་ཉི་མའི་འོད། །བདག་ཅག་བླུན་པོའི་རིགས་རྣམས་ཀྱིས། །རིགས་དང་བྱེ་བྲག་མི་འཚལ་ན། །འདི་ཡིས་བདུད་རྩི་འགྲུབ་མི་འགྲུབ། །བདག་ཅག་རྨོངས་ལ་རྩེ་བས་གསུངས། །སྟོན་པས་དེ་ལ་བཀའ་སྩལ་པ། །ཆོས་སུ་སྣང་བ་ཐམས་ཅད་ཀུན། །ཆོས་ཉིད་ཀློང་དུ་རོ་གཅིག་ལྟར། །ཕྱེད་དང་མ་པྱེད་རྫས་རྣམས་ཀུན། །བདུད་རྩི་ཐིག་ལེར་རོ་གཅིག་པས། །འགྲུབ་དང་མི་འགྲུབ་སྨོས་ཅི་དགོས། །གང་དག་བླུན་པོ་རྩལ་ཞན་པས། །རིགས་ཀྱི་ཐབས་དང་མ་ལྡན་ན། །པདྨའི་སྣོད་མཆོག་རབ་མཛེས་པ། །གཏམས་ཏེ་སྲིན་པོའི་སྙིང་ཁར་མནན། །དེས་ནི་ཡང་དག་བདུད་རྩི་འགྲུབ། །ངས་བསྟན་དོན་ལ་གདོན་མི་ཟ། །དེ་སྐད་གསུངས་པས་འཁོར་ཀུན་དང་། །ཚངས་པའི་སྒྲོན་མ་རབ་ཏུ་དགའ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཐམས་ཅད་བདུད་རྩི་ཆེན་པོར་བསྒྲུབ་པ་དང་མ་ཕྱེད་པ་གསོ་བར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །།དེའི་ཚེ་འཁོར་འདུས་པ་ཕལ་མོ་ཆེ་མ་ལུས་པ་རྣམས། སེམས་དཔའ་རྡོ་རྗེ་རྣོན་པོ་དང་བཅས་པ་རབ་ཏུ་དགའ་བའི་མདངས་ཕྱུང་ནས། བདུད་རྩིའི་དོན་ཇི་བཞིན་བར་ཁོང་དུ་ཆུད་པ་ལ་ངམ་ཞིང་ངོ་མཚར་མཆོག་ཏུ་གྱུར་པས་ལྷའི་དཀྱིལ་འཁོར་དང་དབྱེར་མེད་པ་ལ་ཕྱག་འཚལ་ཏེ་བསྟོད་པ། ཁ་དོག་དབྱིབས་དང་མཚན་མ་མེད། །འགོག་པ་མེད་ཅིང་བྱ་བའང་མེད། །རྩ་བ་མེད་ཅིང་རྟེན་པའང་མེད། །བདུད་རྩི་ཆེ་ལ་བརྗོད་པའང་མེད། །ཉོན་མོངས་ལྔ་དང་བདུད་བཞི་བཅོམ། །དྲི་མེད་དག་པའི་བྱང་ཆུབ་སེམས། །ངེས་པའི་དོན་རྟོགས་ངང་ལ་མནོས། །ཅེས་ཉིད་ཀྱི་དོན་ལ་ཉིད་ངམ་ཞིང་དེ་ཉིད་ལ་བདུད། རྣམ་པར་འདུད། ཤིན་ཏུ་འདུད་ནས་བངང་ཇི་མཉམ་པ་ཆེན་པོ་ངང་ལ་བསྐྱོད་པ་མེད་པར་བཞུགས་པ་ལ་ཡང་དག་པའི་དོན་ཀུན་ཏུ་རྟོགས་པ་མཆོག་གི་བསྟོད་པ་ཞེས་བྱ་བས་བསྟོད་པ། ནམ་མཁའི་མཚན་ཉིད་སངས་རྒྱས་ཏེ། །མཚན་ཉིད་མེད་པས་ནམ་མཁའ་འདྲ། །བྱ་བ་མེད་པས་གྲོལ་བ་སྟེ། །བདུད་རྩི་མཆོག་ལ་ཕྱག་འཚལ་ལོ། །ཆུ་ཟླ་བཞིན་དུ་དྲི་བྲལ་བས ཐམས་ཅད་རྟོག་པ་ཡོངས་སུ་སྤངས། །བདག་ཏུ་འཛིན་མེད་རྣམ་པར་དག །བདུད་རྩི་རྒྱལ་ལ་ཕྱག་འཚལ་ལོ། །དུས་གསུམ་ཆོས་ཀྱི་དབྱིངས་སུ་གཅིག །བདུད་དང་ངན་སོང་གསུམ་ལས་ཐར། །ལེན་པ་མེད་ཅིང་གཏོང་བའང་མེད། །དྲི་མེད་དག་པའི་བྱང་ཆུབ་སེམས། །བདུད་རྩི་མཆོག་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་བསྐྱེད་པའི་རྒྱུ། ཁམས་གསུམ་སེམས་ཅན་འདྲེན་པའི་དཔལ། །འགྲོ་བ་དྲུག་གི་སྒྲིབ་སྦྱོང་བ། །བདུད་རྩི་རྒྱལ་ལ་ཕྱག་འཚལ་ལོ། །བདེ་བ་ཆེན་པོས་ཀུན་ལ་ཁྱབ། །སྣང་མེད་དབྱིངས་ལས་ཐམས་ཅད་སྣང་། །རྒྱལ་བ་རྒྱ་མཚོའོ་ཐུགས་དམ་མཆོག །རྣལ་འབྱོར་སྲོག་ལ་ཕྱག་འཚལ་ལོ། །སྙིང་པོའི་སྙིང་པོ་ཐུགས་ཀྱི་དབྱིག །ཐིག་ལེ་གསང་བའི་དབྱིངས་ཉིད་དང་། །སྲོག་དང་རྩོལ་བ་ཀུན་གྱི་དངོས། །ཐིག་ལེའི་དབྱིངས་ལ་ཕྱག་འཚལ་ལོ། །གཟུགས་སྐུ་མཚན་མ་ཀུན་གྱི་གནས། །ལྷ་དང་དཀྱིལ་འཁོར་གནང་བའི་གཞི། །ཐམས་ཅད་སྒྲོལ་བྱེད་ཐུགས་རྗེའི་བདག །བདུད་རྩི་མཆོག་ལ་བདག་ཅག་བདུད། །ཅེས་སེང་གེའི་སྒྲ་རྣམ་པར་བསྒྲགས་ནས་བསྟོ་་ད་དེ། །སྟོན་པའི་ཞལ་དུ་བལྟས་ནས་འཁོད་དོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་ལྷའི་དཀྱིལ་འཁོར་དུ་ཤེས་པ་ལ་མངོན་པར་བསྟོ་ད་པ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་དགུ་པའོ།། །།དེ་ནས་དེའི་ཚེ་བཅོམ་ལྡན་འདས་བདུད་རྩི་གསང་བ་མཆོག་གི་བདག་པོ་ཆེན་པོ་སྤྱོད་ཡུལ་བདུད་རྩིར་གྱུར་པ་ཞེས་བྱ་བ་དེས་ཇི་སྲིད་ནམ་མཁའི་མཐའ་ཀླས་པ་དེ་སྲིད་དུ་འོད་ཟེར་གྱིས་ཁྱབ་པར་མཛད་དེ། །རིགས་ལྔ་དང་། རྗེ་མོ་ལྔ་དང་། སེམས་དཔའ་དང་། སེམས་མ་ལྕམ་དྲལ་དང་། ཁྲོ་བོ་དང་། ཁྲོ་མོ་སྐྱོང་བྱེད་རྣམས་དང་། སྤྲལ་པའི་ཚོགས་སུ་མཛད་དེ་འཁོར་བ་དཔྱིས་ཕྱུང་ནས་ལྷའི་དབང་ཕྱུག་ཏུ་མཛད་དོ། །དེ་དག་གིས་ཀྱང་འཁོར་བ་ལ་ཁ་བལྟས་པ་ཐམས་ཅད། མཛད་པའི་སྦྱོད་པས་མ་ནོར་བའི་དབྱིངས་ལ། བཀོད་དེ་བདུད་རྩིའི་ཀློང་དུ་འབར་བར་མཛད་དེ། སྣོད་ཐམས་ཅད་ཁྱབ་པར་དམ་པའི་ཀ་བཱ་ལར་མཛདབཅུད་ཐམས་ཅད་བདུད་རྩི་དམ་པ། བཅུད་ཀྱི་སྙིང་པོ། དམ་པ་རྣམས་ཀྱི་གསོས་ཆེན་པོ་དེས་ཀྱང་འགྲོ་བ་ཐམས་ཅད་ཐར་པའི་ལམ་ལ་བཙུད་དེ། བདེ་བ་ཆེན་པོའི་ཀློང་ལ་བཀོད་ནས་སངས་རྒྱས་པར་མཛད་དེ།དེའི་ཚེ་ལོག་པར་ལྷ་བའི་སེམས་ཅིག་ཐུགས་རྗེའི་སྣང་བ་དེ་ལྟ་བུས་ཞིང་དུ་མ་གྱུར་པ་དག་ལ། ཉིད་ཀྱི་སྣང་བ་དེ་ཉིད་དུས་ཀྱི་མེ་ཆེན་པོ་ལྟ་བུར་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར། བསྲེགས།རབ་ཏུ་བསྲེགས། ཀུན་ཏུ་རབ་ཏུ་བསྲེགས་པས། ལྟ་བ་ངན་པ་དེ་དག་སྦྱངས། ཀུན་ཏུ་རབ་ཏུ་སྦྱངས་ཏེ། རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་བཅུ་དང་། རིག་པ་ལས་བྱུང་བའི་བུ་མོ་བརྒྱད་དང་། སྣང་བ་ལས་བྱུང་བའི་བུ་མོ་བརྒྱད་དང་། ཚད་མེད་ཐོགས་མེད་བསྡུས་པའི་བུ་མོ་བཞི་དང་། ས་རྫོགས་པ་ལས་ཀྱི་ཕོ་ཉ་མོ་བཅུ་གཉིས་དང་བཞི་གཉིས་ཏེ། ཕྱག་རྒྱ་རྫོགས་པར་མཛད་ནས། དེ་དག་གིས་ཀྱང་ཕྱག་རྒྱ་མཛད་པ་མཛད་དེ།སྣོད་ཀྱིས་བསྡུས་པ་ཐམས་ཅད་རང་བྱུང་གི་ཀ་བཱ་ལ་མཚན་ཡོངས་སུ་རྫོགས་པའི་སྣོད་ཁྱད་པར་ཅན་དུ་མཛད། བཅུད་ཀྱིས་བསྡུས་པ་ཐམས་ཅད་དུག་ལྔའི་གསོས། རིགས་ལྔའི་བདག་ཉིད། བདུད་རྩི་རྣམ་པ་ལྔར་མཛད་དེ། ཡེ་ཤེས་ལྔར་སངས་རྒྱས་སོ། །སངས་རྒྱས་པར་མཛད་དོ། །སངས་རྒྱས་པར་འགྱུར་རོ། །དེའི་ཚེ་སྟོན་པ་ཆེན་པོ་དབང་སྒྱུར་ཐབས་ཀྱི་བདག་ཉིད་ཀྱི་དོན་ལ་ཉིད་ངམ་པ་སྐྱེས་ནས་འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ་རང་བྱུང་རྣམ་དག་བདེ་ཆེན་རྒྱལ་པོ་དུག །འཇོམས་སྨན་ཆེན་པོ། ཁམས་གསུམ་སེམས་ཅན་ཐར་མེད་གཅོང་ཉིད་དམ་པར་བྱིན་བརླབས་ལྷུན་གྲུབ་པས། བདེ་བ་ཆེན་པོ་མི་ཟད་ངང་ཉིད་དེ་ལྟར་ཉིད་ཀྱིས་ཉིད་ལ་དོན་དབང་སྒྱུར་ནས་བདེ་ཆེན་འགྲུབ། །རྨོངས་འཁྲུལ་ལྟ་བ་ངན་པས་དོན་ཉིད་མ་ཆུབ་དོན་ལས་འདའ་མེད་ངོ་མཚར་ཧོ། ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་མི་བསྐྱོད་པས་རྡོ་རྗེ་རིགས་ཀྱི་བདུད་རྩི་ངོ་ཤེས་པར་བྱ་བའི་ཐབས་དམ་པ་འདི་གསུངས་སོ། །ཧུ༷། དབུས་ཀྱི་བྷན་དྷའི་གཞལ་ཡས་སུ། །བྱང་ཆུབ་སེམས་ཀྱི་སྨན་སྦྱར་ཞིང་། །ཧུ༷་གི་འཕྲོག་འདུ་སྦྱོར་བ་ལས། །ལྷག་མཐོང་ཆེན་པོ་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ཞེ་སྡང་ཆེན་པོའི་བདུད་བཅོམ་ནས། །སྟོངས་ཤིང་ཟད་པར་རབ་བསྒྲལ་ཏེ། །སླར་འདུས་བྷན་དྷའི་གཞལ་ཡས་སུ། །མི་བསྐྱོད་རྡོ་རྗེ་ཡབ་་ཡུམ་བསྒོམ། །བདུད་རྩི་བྱང་ཆུབ་སེམས་ཆེན་པོ། །ཧུ༷་རྙོ་ན་བཛྲ་སྤ་ར་ན་ཛ། ཞེས་གསུངས་པ་ལ་ཞེ་སྡང་ཐམས་ཅད་དཔྱིས་ཕྱུང་། རྣམ་པར་ཤེས་པ་བཀའ་བགོ་བསྒྱུར་ནས། ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་སུ་གྱུར་ཏེ། རྡོ་༄༅། ༷ །རྗེ་རིགས་སུ་སངས་རྒྱས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་༷སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པའི་རིགས་ཀྱི་བདུད་རྩི་དམ་པ་ངོ་ཤེས་ཤིང་འདྲིས་པར་བྱ་བའི་ཕྱིར་འདི་སྐད་ཅེས་གསུངས་སོ། །ཨཱོཾ། ཤར་ཕྱོགས་བན་དྷའི་གཞལ་ཡས་སུ། །དྲི་ཆེན་བདུད་རྩི་སྨན་སྦྱར་ཏེ། །ཨཱོཾ་གྱི་འཕྲོ་འདུ་གསལ་བ་ལས། །ཆོས་ཉིད་དག་པའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ལོག་པའི་གཏི་མུག་ལམ་གནས་པ། །སྟོངས་ཤིང་ཟད་པར་བར་བསྒྲལ་ཏེ། །སླར་འདུས་བན་དྷའི་གཞལ་ཡས་སུ། །རྣམ་པར་སྣང་མཛད་ཡབ་ཡུམ་བསྒོམ། །བདུད་རྩི་དམ་པ་དྲི་ཆེན་པོ། །ཨཱོཾ་རྙོ་ན་བཛྲ་སྤར་ན་ཛ། ཞེས་གསུངས་པས།རྨོངས་ཤིང་གཏི་མུག་པ་ཐམས་ཅད། ཤེས་རབ་ཀྱི་སྣང་བ་བསྐྱེད་ནས་དཔྱིས་ཕྱུང་། གཟུགས་ཐབས་ཀྱི་དབང་ཕྱུག་ཏུ་རོལ་པ་མཛད། ཐམས་ཅད་བདུད་རྩི་དྲི་ཆེན་པོར་དབང་བསྒྱུར་ནས། དེ་བཞིན་གཤེགས་པའི་རིགས་སུ་སངས་རྒྱས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་རིན་པོ་ཆེ་དཔལ་ཆེན་པོས་རིན་པོ་ཆེའི་རིགས་ཀྱི་བདུད་རྩི་ངོ་ཤེས་པར་བྱ་བའི་ཐབས་ཀྱི་མཆོག་འདི་གསུངས་སོ། །སུ། ལྷོ་ཕྱོགས་བན་དྷའི་གཞལ་ཡས་སུ། ཁྲ་ཆེན་བདུད་རྩི་སྨན་སྦྱར་ནས། །སྭ་ཡི་འཕྲོ་འདུ་སྦྱོར་བ་ལས། །མཉམ་ཉིད་ཆེན་པོ་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ང་རྒྱལ་ག་་པོའི་ལམ་གནས་ཀུན། །སྟོངས་ཤིང་ཟད་པར་རབ་བསྒྲལ་ནས། །སླར་འདུས་བན་དྷའི་གཞལ་ཡས་སུ། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྒོམ། །རྨད་བྱུང་བདུད་རྩི་ཤ་ཆེན་པོ། །སྭ་རྙོ་ན་བཛྲ་སྤ་ར་ན་ཛ། ཞེས་གསུངས་པས། ང་རྒྱལ་ཞི་བདག་ཏུ་འཛིན་པ་ཐམས་ཅད་ཆེ་བ་དང་ངར་འཛིན་པའི་རི་བོ་བཅོམ། མཉམ་པ་དོན་གྱི་བདེ་བ་བསྐྱེད། །ཚོར་བ་བདེ་བའི་བྱུངས་ཆེན་པོར་བྱུངས་བཏོན་ནས། མཁའ་མཉམས་གྱི་ཐིག་ལེར་བདེ་ཡང་དུ་བཀྱེ། ཐམས་ཅད་བདུད་རྩི་ཤ་ཆེན་པོར་ཀ་ནས་དག་པར་མཛད་དེ། རིན་པོ་ཆེའི་རིགས་སུ་སངས་རྒྱས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་འོད་དཔག་མེད་པས་པདྨ་རིགས་ཀྱི་བདུད་རྩི་བཀའ་ནས་ཡིན་པར་ཁོང་དུ་ཆུད་པར་བྱ་བའི་ཐབས་ཀྱི་རྒྱལ་པོ་འདི་གསུངས་སོ། །ཨ༷་ནུབ་ཕྱོགས་བན་དྷའི་གཞལ་ཡས་སུ། །རཀྟའི་བདུད་རྩིའི་སྨན་སྦྱར་ཏེ། །ཨ༷་གི་འཕྲོ་འདུ་སྦྱོར་བ་ལས། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོག༷ ས་བཅུ་ནས། །འདོད་ཆགས་ཞེན་པའི་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲོལ་ནས། །སླར་འདུས་བན་དྷའི་གཞལ་ཡས་སུ། །སྣང་བ་མཐའ་ཡས་ཡབ་ཡུམ་བསྒོམ། །ཆགས་པ་རབ་འཇལ་རཀྟ་སྨན། །ཨཱོཾ་ཙྭ་ན་བཛྲ་སྤ་ར་ན་ཛ། ཞེས་གསུངས་པས། ལོག་པའི་འདོད་ཆགས་ཐམས་ཅད་བདེ་བ་རྒྱན་གྱི་འཁོར་ལོར་གཏིང་ཕོལ། འདུ་ཤེས་དབང་ཕྱུག་ཆེན་པོར་ངམ་ཞིང་ངོ་མཚར་བར་རོལ་པ་མཛད། སྐྱེ་འགྲོ་ཐམས་ཅད་བདུད་རྩི་རཀྟ་པདྨའི་དབྱིངས་སུ་རྒྱས་བཏབ་ནས་བྷ་གའི་དབྱིངས་ཟད་འཕེལ་མེད་པའི་ཐིག་ལེ་འདུ་འཕྲོ་རྒྱལ་བའི་ཞིང་ཁམས་སུ་ངང་ཉིད་ཀྱིས་བཀོད་ནས། པདྨའི་རིགས་སུ་སངས་རྒྱས་པར་གྱུར་ཏོ། །དེ་ནས་ཡང་དེ་བཞིན་གཤེགས་པ་དོན་ཐམས་ཅད་རབ་ཏུ་གྲུབ་པས་ལས་ཀྱི་རིགས་རྒྱ་མཚོའི་བདུད་རྩི་ངང་ཉིད་དུ་དབྱེ་བསྲིང་མེད་པར་དབང་བསྒྱུར་བའི་རོལ་པར་བྱ་བའི་ཕྱིར་འདི་སྐད་ཅེས་བརྗོད་པ་མཛད་དོ། །ཧ།བྱང་ཕྱོགས་བན་དྷའི་གཞལ་ཡས་སུ། །དྲི་ཆུ་བདུད་རྩི་སྨན་སྦྱར་ཏེ། །ཧ་ཡི་འཕྲོ་འདུ་སྦྱོར་བ་ལས། །ནན་ཏན་ཆེན་པོའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ལོག་པའི་ཕྲག་དོག་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ཏེ། །སླར་འདུས་བན་དྷའི་གཞལ་ཡས་སུ། །དོན་ཡོད་གྲུབ་པ་ཡབ་ཡུམ་བསྒོམ། །ལས་རྣམས་རབ་གྲུབ་དྲི་ཆུའི་སྨན། །ཧ་ཙྭ་ན་བཛྲ་སྤ་ར་ན་ཛ། ཞེས་གསུངས་པས། ཕྲག་དོག་ཏུ་སྲིད་པ་ཐམས་ཅད། ལས་རབ་གསང་བའི་དབྱིངས་སུ་རྒྱས་བཏབ། འདུ་བྱེད་རྒྱ་མཚོ་གསང་བ་མཆོག་ཏུ་གནས་བསྒྱུར་ཏེ། བདུད་རྩི་དྲི་ཆུར་རང་བཞིན་གྱིས་མཛད་ནས། །ཐམས་ཅད་ལས་ཀྱི་རིགས་སུ་སངས་རྒྱས་པར་གྱུར་ཏོ། །དེ་ནས་གསང་བའི་རིགས་ཀྱི་བཙུན་མོ། རྡོ་རྗེ་ཀུན་ཏུ་བཟང་མོ་ལ་སོགས་པ་ལྔས་དགོངས་པ་མཐུན་པས། དབྱངས་མཐུན་པའི་ཚིག་མཐུན་པར་འདི་སྐད་ཅེས་བརྗོད་དོ། །ཧུ༷་གསང་བའི་ཆོས་ཉིད་བྱང་ཆུབ་སེམས། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །འདུ་འཕྲོད་ཁུ་ཁྲག་ལས་བྱུང་བའི། ཁྲ་ལྔ་བདུད་རྩིའི་མཆོག་ཡིན་ཏེ། །ནད་སེལ་སྨན་མཆོག་རིགས་ཀྱི་ཡུམ། །མུ༷་ལ༷་མ༷་པྱ༷་ཏ༷་ལྔ་ཡི། འཕྲོ་འདུས་དབྱིངས་ཀྱི་བདུད་རྩི་བཅུད། །ཐིག་ལེ་བྱ་བརྩལ་བྲལ་བའི་ཀློང་། །ལྕགས་ཀྱུ་ལྔ་ནི་རྟོག་བྲལ་བབ། །མུ༷་ལ༷་མ༷་པྱ༷་ཏ༷་ཙྭ་ན་བཛྲ་སྤ་ར་ན་དུ་ཛ། ཞེས་གསུངས་པས། གཙང་སྨེར་འབྱེད་པའི་ནད་སེལ་ཅིང་། །དགེ་དང་སྡིག་པའི་ལས་རྣམས་སྤོང་། །འགྲུབ་དང་མི་འགྲུབ་ཞེན་པ་སྟེ། །རྟོག་སེལ་བཅུད་ཀྱི་དམ་པའོ། །དེ་ནས་ཡང་འཁོར་རྒྱལ་བའི་ཚོགས་འབུམ་ཕྲག་བགྲང་བ་ལས་འདས་པས་ཐལ་མོ་སྦྱར་ཏེ་ཚིག་མཐུན་པར་འདི་སྐད་ཅེས་སྨྲས་པ། ཨེ་མ་བགྲང་བ་ལས་འདས་པ། ར་ས་ཡ་ན་ཡན་ལག་སྨན། །འཕྲོ་འདུ་བདུད་རྩི་དམ་པ་བཅུད། །ཆོས༷་ཉིད་བླ་ན་མེད་པའི་དངོས། །སྤྲོ་དང་བསྡུ་བས་རྣམས་སྦྱངས་ཏེ། །ལྷན་ནེ་བས་ན་བདུད་རྩི་བབ། ཁུ་བ་དམ་པ་འགྲོ་བའི་གསོས། །རྫས་ཀྱི་དམ་པ་བྱིན་བརླབས་ཏེ། །བབ་ཀྱིས་སྐྱེ་མེད་ཆོས་དབྱིངས་འགྱུར། །ཨཱོཾ་ར་སྭ་ཡ་ན་གྭ་ན་སྟ་ན་ཨ་ཕྲི་ཏ་གུ་ན་སིདྷི་གསྟོ་ཀྭ་ཡ་བཱ་ཀ་ཙསྟི་ཧུ༷་གྲྭ་ཧྭ། ཞེས་གསུངས་པས། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཆོས་ཉིད་དུ་ལ་བཟླས་ཏེ། བདུད་རྩི་དམ་པའི་བཅུད་དུ་གྱུར་ནས། རིགས་བརྒྱར་སངས་རྒྱས་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་རིགས་བརྒྱར་ཤེས་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་ཤེས་རབ་ཀྱིས་གཅོད་པར་བྱེད་པ་ཞེས་བྱ་བ་དེས། རང་གི་སྟན་ལས་ལངས་ཏེ། ལན་བརྒྱ་སྟོང་དུ་མར་ཕྱག་འཚལ་ནས་གསོལ་བ། བཅོམ་ལྡན་འདས་གསང་བ་བདུད་རྩིའི་བདག་ཉིད། བདག་ཅག་དང་མ་འོངས་པ་རྣམས་ལ་ཕན་གདགས་པའི་སླད་དུ་ཡན་ལག་ཐ་དད་པའི་དགོས་པ་དང་ཏིང་ངེ་འཛིན་གྱི་བྱེ་བྲ་་་མས་བཤད་དུ་གསོལ། བརྩེ་བས་བཤད་དུ་གསོལ། །གསོས་པའི་བདུད་རྩིས་བཀའ་སྩལ་པ། །བླ་ན་མེད་པར་རབ་བསྒྲུབ་ཅིང་། །སེམས་ཉིད་གཏིང་ནས་ཚར་གཅད་ཕྱིར། །བསྒྲུབ་པ་མཆོག་གི་ཏིང་འཛིན་རྣམས། །ཡང་དག་ཉིད་དུ་བཤད་ཀྱིས་ཉོན། །མི་ཕྱེད་དད་པ་བསྟན་བྱས་ཏེ། །བྱང་ཆུབ་སེམས་ནི་གཉིས་མེད་བསྐྱེད། །སྙིང་ཁར་ཉི་སྟེང་ཧུ༷་གི་འོད། །རབ་འབར་བསྲེགས་ནས་བསྐྱོན་མེད་བྱ། །སྒ་ལས་སྡིག་པ་སྲིན་པོའི་གཟུགས། །མགོ་ལག་རྐང་གསུམ་གསུས་འཕང་སྐེམ། །གཏུམ་པོ་རིམ་པར་དེད་ནས་བཟའ། །ཀུན་ཏུ་བཟང་པོས་བསྲུང་བར་བྱ། །བར་ཆད་བསྲུང་ཕྱིར་རབ་ཏུ་གསང་། །མི་རྟོག་དོན་ལ་འབྲེལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །འཁོར་དང་མྱ་ངན་འདས་པའི་ཆོས། །བདུང་རྩིའི་ཀློང་དུ་ཐག་གཅད་དེ། །གཞན་གྱི་རྩོལ་བས་མི་བསྐྱོད་པར། །དམ་པའི་དོན་ལ་ཡིད་ཆེས་བྱ། །དཔེར་ན་སྟོབས་མཆོག་གླང་པོ་ཆེ། །གཏིང་མཐའ་མེད་པའི་རྒྱ་མཚོ་སྲ །རྩལ་གྱི་སྟོབས་ཀྱིས་ཐོགས་མེད་འཇུག །དེ་ཚེ་རྩམ་རྩོམ་སྒྱུ་སྙོམ་མེད། །བདེ་བ་ཕ་རོལ་ཕྱིན་ལྟར་བྱ། །རྐང་མཐིལ་ཡ༷་ལས་རླུད་དཀྱིལ་འཁོར། །ཐོགས་མེད་ཤུགས་ཀྱིས་འགྲོ་བར་བྱ། །ལག་མཐིལ་བ༷་ལས་ཆུས་མྱུར་བྱའོ། །སྤྱི་བོར་ར༷་ལས་ལེ་ལོ་བསྲེག །སྙིང་ཀར་ལ༷་ལས་སས་བརྟེན་ཏེ། །དེ་ལྟར་བར་ཆད་བསངས་ནས་བསྒྲུབ། །གཉིས་མེད་སྣང་བ་རྒྱན་གྱི་ཏིང་ངེ་འཛིན་ནོ། །རྩ་བ་དང་བཅས་ཡན་ལག་རྫས། །དུས་བཞིར་བཏོག་བརྐོ་བཅད་ག་་སྟེ། །བདག་ཉིད་ལྷ་ཡི་སྦྱོར་བ་འམ། །བདུད་རྩི༷་འཁྱིལ་པའི་སྦྱོར་བ་ཡིས། །ཧ༷་ལས་རྡོ་རྗེ་རྩེ་གཅིག་པར། །འཇོར་ཉིད་བྱས་ཏེ་བརྐོ་བ་ནི། །བཟླས་པ་བོ་་་།་གསུངས་པའི་སྔགས། །ཡང་ན་བརྩོན་འགྲུས་ལྷུར་བསྐྱེད་དེ། །གསང་སྔགས་འདི་ཡང་བཟླས་པར་བྱ། །ཨཱོཾ་ར་ས་ཡ་ན་ཤུ་པ་ཊ་ཁྲི་ན་ཧ་ན་འབྲི་ཏ་ཀུ་ས་ར་ཧུ༷་ཕཊ། བརྒྱ་རྩ་བརྒྱད་ཐོན་དྲུངས་ཕྱུངས་ཏེ། །བར་བུར་ཉིལ་མ་སླར་སས་དགག །ཐལ་མོས་བཅགས་ཏེ་བདེན་པ་བརྗོད། །རྩོམ་པ་དོན་ལྡན་རྒྱུ་སྦྱོར་བའི་ཏིང་ངེ་འཛིན་ནོ། །རླན་མེད་སེར་བུའི་ངད་ལྡང་ཞིང་། །ཚ་གྲངས་སྙོམས་པར་བསྐམས་པར་བྱ། །ཚས་ཀྱང་རུལ་སུམས་བམ་འགྱུར་བས། །བསིལ་བར་གྱུར་ལ་ཉེས་པ་ཆུང་། །འདི་དག་བདེ་བར་བཙོས་བསྐམས་ཏེ། །སེམས་ཅན་ཀུན་ལ་ཕན་པར་བྱ། །རླུད་མཁྲིས་ནད་ལ་ཕན་པ་བཞིན། །དུག་ལྔའི་གསོས་སུ་བྱ་ཞེས་པས། །སྙིང་རྗེ་བསྐྱེད་དེ་གོ་ཆ་བགོ །ལྷ་མོ་བཙུན་དྷི་པདྨའི་མདོག །གཡས་པ་མཆོག་སྤྱིན་གཡོན་ཤིང་ལོ། །རིན་ཆེན་ལྡིང་བུ་ལ་སོགས་བརྒྱན། །སྙིང་ཀར་ཟླ་སྟེངས་ཙུམ་བཀོད་དེ། །འོད་འཕྲོས་བཅུད་བསྡུས་ཐིམ་ནས་སྐམ། །རྐྱེན་ཚོལ་དགའ་བ་ནད་སེལ་གྱི་ཏིང་ངེ་འཛིན་ཏོ། །བསྐལ་པར་བསགས་པའི་ལས་ཉོན་མོངས། །མ་ལུས་སོ་སོར་བཤགས་པར་བྱ། །རབ་དང་འབྲིང་མཐའི་གསུམ་གསུམ་དགུས། །འབུམ་ལྔ་འབུམ་གསུམ་འབུམ་གཅིག་བཟླས། །རྒྱལ་བ་མཆོད་བསྐུལ་དེ་འདྲའོ། །ཁྲི་ལྔ་ཁྲི་གསུམ་ཁྲི་གཅིག་གདབ། །མགོན་པོ་རྣམས་ལ་རྒྱ་སྡེ་དྲང་། །སྟོང་ལྔ་སྟོང་གསུམ་སྟོང་གཅིག་གདོན། །རིས་དྲུག་ལ་བརྩེ་གཏོར་མ་སྤྱིན། །གལ་ཏེ་སྐལ་ངན་བདེ་ཆུང་ཡང་། །བརྒྱ་ལྔ་བརྒྱ་གསུམ་བརྒྱ་གཅིག་གཏང་། །ལན་ཆགས་བླ་ཕྱིར་བསྟོན་པར་བྱ། །རང་སྙིང་ཉི་སྟེང་ཧུ༷་འོད་ཀྱིས། །རྒྱལ་བ་འཁོར་བཅས་མདུན་བཀོད་དེ། །ཕྱག་འཚལ་བསྐོར་ཞིང་རྣམ་གསུམ་མཆོད། །སྡིག་བཤགས་བསོད་ནམས་རྗེས་ཡི་རང་། །དམ་བཅའ་སྐྱབས་གསོལ་སེམས་བསྐྱེད་ཅིང་། །བདག་དབུལ་བ་དང་འཁོར་ལོ་བསྐུལ། །མྱ་ངན་མི་འདའ་གསོལ་འཚལ་བསྔོ། །དེ་ལྟར་ལམ་བསྟན་དགེ་བའི་ཆོས། །ཅི་ནུས་རྒྱ་ཆེར་འབད་དེ་བསྒྲུབ། །འདུ་སྦྱོར་མཁས་ལྡན་ངེས་པ་གཞི་འཛིན་གྱི་ཏིང་ངེ་འཛིན་ནོ། །རྫས་ཀྱི་དངོས་པོ་མ་ལུས་པ། ཁུན་པ་རས་སམ་ཤིང་ལོ་སྲ །སྤུངས་ཏེ་ནན་ཏན་བསྐྱེད་པ་ནི། །དངཔོའི་དུས་སུ་བསྒྲིམས་ཏེ་བྱ། །ཨ་ལས་ཟླས་སྟེང་ཡང་བཞག་ཅིང་། །ཉི་སྟེང་ར༷་གྱིས་བསྲེགས་པར་བྱ། །བ༷་ནི་པདྨའི་སྟེང་བཞག་བཀྲུ། །གཏོར་ལ་སོགས་པའི་གསང་སྔགས་ནི། །ར༷་ཨག་ནེ་ཡེ་ཛ་ལ་ར༷་ས་མཡ་མསབི་ཀལཔ་རེ། བ༷་ཨ་བཙྭ་ན་བི་ན་ཀལ་པ་སརྦ་ཀ་ཙ་ལ་བ༷། ཡ༷་ཏྲ་ས་ནི་དྷ་བ་བྷ་ཤང་ཀ་མ་ཙིན་དྷ་ཡ༷། བརྒྱ་སྟོང་བཟླས་པསདངོས་པོ་སྦྱང་། །སྔ་མའི་ཉེསཔ་བསལ་ནས་ཀྱང་། །བསམ་པ་སྐྱོན་མེད་བསྔོ་བར་བྱ། །བསྲེགསྦྱར་འཐོར་བྱེད་འབྱུང་བ་རྣམ་གསུམ་གྱི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་བདེ་གཤེགས་རིན་པོ་ཆེ། །པདྨ་ལས་ཀྱི་གཙོར་གྱུར་པས། །དེའི་ཐམས་ཅད་པ་རྣམས་ལ། །ཉི་ཟླའི་ག་འུར་བསིལ་ཞིང་གཏད། །འོད་ཟེར་འབར་འཕྲོས་སྦྱངས་ནས་དབྱེ། །སྣོད་ཀྱི་རིམ་པ་འང་དེ་བཞིན་ཏེ། །བཀའ་སྩལ་ཞུ་བ་རིམ་བཞིན་སྦྱར། །ཡང་དག་ལས་ལ་ནན་ཏན་བྱའོ། །སེམསདཔའ་འཕྲོ་འདུ་ཉེས་པ་སེལ་བྱེད་ཀྱི་ཏིངངེའཛིན་ཏོ། །དཔལ་བདུདརྩིབདེ་བ་ཆེནཔོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཡན་ལག་གི་ཏིང་ངེ་འཛིན་བདུན་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུགཅིག་པའོ།། །།དེ་ནས་ཡུམ་ཀུན་ཏུ་བཟང་མོས། འཁོར་བ་དང་མྱ་ངན་འདས་པའི་ཆོས་ཐམས་ཅད་ཐིགལེའི་དབྱིངས་སུ་བསྡུས་ཏེ། སྣང་བ་དང་མི་སྣང་བ་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་དབྱིངས་སུ་རྒྱས་གདབ་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཀུན་ཏུ་བཟང་མོ་ཡུམ་གྱི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ལྡན་པའི་བྱིན་བརླབས་ལས། །སྣོད་བཅུད་ཐམས་ཅད་བདུད་རྩིའི་རང་བཞིན་ཏེ། །ཡེ་ཤེས་ཆེན་པོའི་ངང་དུ་རྣམ་དག་ནས། །ཐམས་ཅད་བདུད་རྩི་ལྔ་རུ་བྱིན་གྱིས་བརླབས། །འབྲས་བུ་སྐུ་གསུང་ཐུགས་སུ་རབ་བསྒྲུབས་ཏེ། །སྐྱེ་ཤི་མེད་པའི་བདུད་རྩི་ཆེན་པོར་བྱ། །ཞེས་གསུངས་པས་བདུད་རྩི་ཐམས་ཅད་བྷ་གའི་རླན་དུ་ཐིམ་པར་གྱུར་ཏོ། །དེ་ནས་སྟོན་པ་གསང་བ་རྨད་དུ་བྱུང་བས་རྡོ་རྗེའི་ཐོ་བ་ཆེན་པོས་དངོས་པོ་ཐམས་ཅད་རླག་པར་མཛད་དེ། འདི་སྐད་གསུངས་སོ། ཁེས་རབ་དབྱིངས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོག་བཀོད་དེ། །ཐབས་དང་ཤེས་རབ་ལྡན་པའི་སྦྱོར་མཆོད་དང་། །སྲིད་པ་མི་སྲིད་སྐུ་གསུང་གསང་བའོ། །མཆོད་སྤྲིན་བླ་མེད་ནམ་མཁའི་མཐས་ཀླས་པ། །འཇིག་བྲལ་རེ་བ་མེད་པས་འབུལ་ལགས་ན། །གྲུབ་པ་རྣམས་ཀྱི་དམ་ཚིག་རྗེས་སུ་དགོངས། །ཐུགས་རྗེ་ངང་ཅན་རྣམས་ཀྱིས་བཞེས་སུ་བསོལ། ཞེས་གསུངས་པས། དངོས་པོ་ཇི་སྙེད་པ་ཐམས་ཅད་དབྱིངས་བདེ་བའི་རྒྱན་དུ་བཀོད་དེ། ལྷུན་སྟུག་པོ་ལ་བཞུགས་སོ། །དེ་ནས་སྟོན་པ་བདུད་རྩི་མཆོག་གི་རྒྱལ་པོ་གསང་བའི་ཡུམ་དང་ལྷན་ཅིག་ཏུ་འཁོར་བའི་འགྲམ་བཏིང་བའི་དཀྱིལ་འཁོར་ལ་ཐབས་དང་ཤེས་རབ་ཀྱི་རྒྱན་གྱིས་ཀླུབས་ཏེ་བཞུགས་ནས། འཁོར་བའི་བཙོན་ར་ན་གནས་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཕོ་བྲང་དུ་རྒྱས་གདབ་པའི་ཆེད་དུ། ཀློང་ཡངས་པའི་དཀྱིལ་འཁོར་དུ་ཡི་གེ་ལྔའི་རྒྱན་བཀོད། བྷ་ག་རྒྱ་མཚོའི་དབྱིངས་སུ་གསང་བ་དོན་གྱི་བཙུན་མོའི་འབྲུ་བཀོད་དེ། གསང་བའི་འོད་ཆེན་པོའི་འཕྲོ་འདུས་འཁོར་བའི་རྫབ་བསྐམས་ཏེ། རྡུལ་ཕྲག་རབ་ཏུ་བརླགས་ཏེ། རིགས་ལྔའི་ཐིག་ལེར་མཛད་ནས་ཆེད་དུ་བརྗོད་པ་འདི་སྐད་ཅེས་བརྗོད་པ་མཛད་དོ། །ཆོས་ཉིད་དབྱིངས་ཀྱི་གཏུན་ཁུང་ཆེན་པོ་སྲ །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐོ་བས་བརྡུང་། །སྣོད་བཅུད་བདུད་རྩིའི་བྱེ་བྲག་ཐམས་ཅད་ཀུན། །འབྲས་བུ་བྱང་ཆུབ་སེམས་སུ་རབ་ཏུ་སྦྱར། །ཅེས་གསུང་གཅིག་ཏུ་གསུངས་པ་དང་། ཡང་སྟོན་པ་ཉིད་ཀྱིས་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་རྡུལ་ཕྲ་རབ་ཏུ་མཛད་པའི་གསང་སྔགས་འདི་གསུངས་སོ། །ཨོ་ཨ་མྲི་ཏ་མུས་ས་ལ་གྲ་ཧེ་ཧ་ན་ཧ་ན་ཧུ༷་ཕཊ།ཅེས་པས་རབ་ཏུ་དགའ་བའི་ཆ་ལ་རེག་པར་གྱུར་ཏོ། །དེ་ནས་ཡུམ་དབྱིངས་ཕྱུག་གི་རྒྱལ་མོས་རབ་ཏུ་གསང་བའི་གསུང་འཚེར་བག་དང་བཅས་པས། ཆགས་པའི་གསུང་གླུ་དྲུག་སྟེ། ཤ་དྷ་བ་དང་། གར་དྷ་བ་དང་། །པང་ཀ་དེའུ་དང་། ཙང་ཀ་དྷིའུ་དང་། ཙེ་ཙོ་བ་དང་། བྲུང་བྲུང་པོའི་དབྱངས་རང་རང་གི་སྐད་ཀྱིས་ཇི་ལྟར་འདུལ་བཞིན། །བྲེང་ངེ་བ་དང་། དུང་ངེ་བར་ལེན་ངེ་བར་ལེན་ཅིང་གདུང་བའི་ངག་གིས་སྨྲས་པ། ཧོ།བདག་ཅག་རྣལ་འབྱོར་མ་ཡི་ཚོགས་མཆོག་རབ་དགའ་མ། །འདོད་པའི་དབང་ཕྱུག་བྷ་གའི་ཀློང་ནས་རྒྱལ་སྲས་བསྐྱེད། །ང་དང་བདག་མེད་ཡེ་ཤེས་སྒྲོན་མས་མུན་སེལ་མཛད། །ཏེ་ཤང་གར་བ་སྙིང་པོ་ཟེའུ་འབྲུ་འོད་རབ་ལྡན། །བདེ་བ་མཆོག་ནི་གནས་རབ་རིན་ཆེན་དཀྱིལ་ན་བརྟན། །རོ་མཆོག་ལྡན་པའི་བྱང་ཆུབ་སེམས་ཀྱིས་བདུད་རྩི་བསྐྱེད་པར་མཛོད་ཧོ། །ཞེས་ལེན་ཅིང་བསྒུལ་བསྐྱོད་ཀྱི་རང་རང་བདེ་བའི་བཅུད་དང་རབ་ཏུ་ལྡན་པར་གྱུར་ཏོ། །ཡང་འདི་སྐད་ཅེས་ཀྱང་བརྗོད་པ་མཛད་དོ། །སྐལ་ལྡན་བདག་ཅག་དབང་ཕྱུག་ཆེ། །རྣམ་པར་མི་རྟོག་དོན་ལས་སྣང་། །གར་གྱི་དབང་ཕྱུག་ཚོགས་ཀྱི་རྒྱལ། །གསང་བའི་སྙིང་པོ་དོན་གྱི་བཅུད། །སྐུ་གསུང་ཐུགས་ནི་འཁོར་ལོ་ཆེ། །ཡོན་ཏན་འཕྲིན་ལས་རྨད་བྱུང་བས། །འགྲོ་ཀུན་བདེ་བའི་བདུད་རྩི་མཆོག་ཧོ། །ཞེས་པས་ཐ་སྙད་ཙམ་ཡང་འཆི་བ་མེད་པའི་བདུད་རྩི་ཆེན་པོར་ཁོ་ཐག་བཅད་ནས། །རྒྱལ་བ་རྒྱ་མཚོ་མཆོད་པ་དང་། མཁའ་འགྲོ་བསྐང་བའི་མཆོག་དང་། །རྣལ་འབྱོར་པའི་ལམ་དམ་པར་གྱུར་ཏོ། །དེའི་ཚེ་རྣལ་འབྱོར་མ་ཆེན་མོ་ལྷ་དང་ཀླུའི་རིགས་སུ་སྐྱེས་པ་མང་པོས་ཀྱང་། སིལ་ཁྲོག་གི་སྒྲ་དང་ཅ་ཅོ་འདོན་ཅིང་། བདུད་རྩི་དོན་ལ་རབ་ཏུ་ངམ་ནས། ཡོན་ཏན་མང་པོ་གླུར་ལེན་ཅིང་ག་ཞ་དང་བཅས་པར་འཁོད་དོ། །སྐྱེས་བུ་དཔའ་བོས་ཐབས་དང་ལྡན་པ་མང་པོ་ནི་ཁྲོས་པའི་ཆ་ལུགས་སུ་བྱས་ཏེ། གོ་ཆ་བསྟར་ནས། །མཚོན་ཆ་སྣ་ཚོགས་ཕྱར་ཏེ། བ་དན་དཔག་ཚད་ཙམ་པ་བསྒྲེང་སྟེ། མཆོག་གི་བདུད་རྩི་ལ་བར་དུ་གཅོད་ཅིང་བཅུད་ལ་རློམ་པ་རྣམ་རིག་དྲི་ངན་ཅེས་བྱ་བ་ལ་སོགས་པ་རྣམས་ཚརབཅད་དེ། །ཧ་ཧ་ཞེས་པས་རྣམ་པར་རྒྱལ་པའི་རྒྱལ་མཚན་ཕྱར་ཏེ་གནས་སོ། །དེའི་ཚེ་སྟོན་པས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བདུད་རྩི་འཁྱིལ་བའི་གཙོ་བོ་ལ། །མི་ཕམ་ཁྲོ་གཉེར་རོ་ལ་ལངས་དང་། །རལ་གཅིག་གསང་བའི་ཁོར་བཅས་ཏེ། །བྷ་ག་ལིང་གའི་འདུ་འཕྲོ་སྲ །བྱང་ཆུབ་སེམས་སོགས་རིགས་སུ་དབྱེ། །གསང་བ་དམ་པའི་ཐབས་ཀྱིས་སུ། །མ་ནོར་ལམ་གྱི་མཆོག་ཡིན་པས། །རྡུལ་ཕྲན་ཙམ་ཡང་མི་གནས་པར། །བྱང་ཆུབ་སེམས་ཀྱི་ཀློང་དུ་བརྟག །དེ་སྐད་སྟོན་པ་དཔའ་བོ་ཡིས མ་འོངས་པ་ལ་ཕན་ཕྱིར་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་ཐིག་ལེར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོས་གསོལ་བ། བསྟན་པའི་སྙིང་པོ་མཆོག་འདི་སྲ །གནང་དང་མི་གནང་དབྱེར་མེད་ཀྱང་། །ལོག་པར་ལྟ་བའི་ལྟ་ངན་རྣམས། །གནང་ངམ་དགག་པར་བྱ་བ་ལགས། །དེཡིསམཚོནཔའིསྤྱོདཔགང་། །བསྒྲུབ་པའི་ལམ་ལ་དགོད་མི་དགོས། །བརྩེ་བ་བདག་ཅག་རྣམས་ལ་ཤོད། །དེ་སྐད་གསོལ་བ་ཐུགས་ཆུད་ནས། །ཡང་དག་དཔའ་བོས་བཀའ་སྩལ་པ། །འདི་ལ་གཟུང་འཛིན་མེད་པས་མཆོག །སྤང་དང་བླང་བར་བྱ་བ་མེད། །འདི་ལ་གཙང་སྨེ་མེད་པས་མཆོག །དག་དང་མ་དག་མཚན་མའི་མཐའ། །འདི་ལ་ལྟ་བ་མཐོ་དམན་མེད། །ཐམས་ཅད་ཐིག་ལེ་དབྱིངས་ཀྱི་རྒྱ། །འདི་ལ་གཙང་དང་སྨེ་བ་མེད། །ཀུན་ཀྱང་བདུད་རྩི་དག་པའི་ཀློང་། །གདོད་ནས་དེ་ལྟར་ཐག་ཆོད་ན། །ཡང་དག་བདུད་རྩི་བླ་ན་མེད། །དེ་ལྟར་རྟོགས་པའི་རྣལ་འབྱོར་མཆོག །སྐལ་བཟངས་ཡང་དག་རྣལ་འབྱོར་ཏོ། །དེ་ནས་མཆོག་ཏུ་འགྱུར་མོད་ཀྱང་། །ཡང་ང་་ངོར་ལ་མ་ཕྱོགས་པའི། །རྟག་དང་ཆད་པའི་མཐའ་གནས་པ། །མུར་འཛིན་ལོག་པའི་ང་རྒྱལ་ཅན། །འདིར་མི་སྣང་བས་བསྙིག་པར་བྱ། །འདུས་དང་སིལ་བུའི་རྣམ་པ་ཡིས། །ཕྲ་རབ་རྡུལ་ལས་གྲུབ་པ་སྟེ། །བཞི་ལས་བཅུ་དྲུག་རྣམ་ཕྱེ་བས། །དགྲ་བཅོམ་བཞི་བརྒྱད་ལྟ་སྙིགས་ཏེ། །སྐབས་འདིར་དོར་བླང་མེད་ཀྱང་བསྙིག །རྟེན་འབྲེལ་དོན་ལ་རབ་གནས་ཤིང་། །ཕྱོགས་གཅིག་ཆ་ལས་བདག་མེད་འདོད། །གཅིག་ལ་གཉིས་སུ་ཕྱེ་བ་བསྙིག །གཉིས་པའི་ཆ་ལས་རབ་འདས་ཏེ། །བརྗོད་པ་ཅི་ཡང་མ་ཡིན་པས། །ཅིར་ཡང་མི་སྣང་ཅིར་མ་གྲུབ། །བཅུ་དང་གཅིག་གིས་མཐར་གྲུབ་པའི། །མཆོག་འདོད་དེ་ཡང་རྣམ་གྲོལ་ཏེ། །དེ་ཡང་ཡོ་བྱད་མཆོད་མིན་ནོ། །རྣམ་དག་སྐྱེ་དང་འགག་པ་སྤངས། །སྙིང་རྗེ་ཆེན་པོ་ལས་བྱུང་བའི། །ཨཡིསམཚོན་ཏེ་ལྷར་སྣང་སྟེ། །འགྲོ་དོན་རྫོགས་པའི་ཆར་སྣང་བས། །བསྐུལ་མཆོད་བཟླས་པས་རྫོགས་བྱེད་འབྲིང་། །བདག་ཉིད་ཕྱག་རྒྱར་གསལ་བ་ནི། །དཔྲལ་དུ་བསྐྱེད་བསྐུལ་ཐ་སྙད་རྣམས། །བདེ་བའི་ལོངས་སྤྱོད་རྒྱན་གྱི་མཆོག །ཐབས་དང་ཤེས་རབ་ཆས་རྫོགས་པ། །ཐ་སྙད་དབྱིངས་དང་ཡེ་ཤེས་ནི། །གདོད་ནས་གཉིས་མེད་ཀློང་མཆོག་སྟེ། །རྒྱལ་བ་མཉེས་པའི་བདུད་རྩིའོ། །རང་སྣང་ཐབས་ཀྱི་ཀློང་དབྱིངས་ནི། །དུས་གསུམ་འདུ་འབྲལ་མེད་པས་ན། །སྤང་ཞིང་བླང་བའི་དངོས་གཞི་རྣམས། །བདུད་རྩི་ཀློང་དུ་ཐག་གཅོད་དེ། །ཆོས་ཀྱི་དབྱིངས་སུ་རྒྱས་ཐེབས་པས། །དངོས་པོ་ཐམས་ཅད་རང་འབྱུང་དབང་། །འགྱུར་མེད་ཐིག་ལེ་དབྱིངས་སུ་རྫོགས། །དོན་གྱིས་དེ་ལྟར་ཐག་ཆོད་ཀྱང་། །རྨོངས་ལ་ཕན་ཕྱིན་ཐབས་བཤད་དེ། །སྔོན་བརྟན་ར་་མཛེས་ལྔ་པོ་ལ། །ཉི་ཟླ་པདྨའི་ཐིག་ལེ་ལྔ། །ཡི་གེ་ལྔ་ཡི་ཕྲ་བཀོད་དེ། །གཙོ་བོ་ལྔ་ནི་དབུས་སུ་བསྔགས། །ལྷུ་རྭ་ཇོ་སིའི་གོས་ལྔ་ལ། ཁ་དོག་ཚོན་གྱིས་རབ་ཏུ་དབྱེ། །ཐིག་ལེ་གསང་སྔགས་རིགས་ཀྱི་ཡབ། །གཙོ་བོ་ལྔ་ནི་དབུས་ཀྱི་ཆ། །ཡན་ལག་གཡས་གཡོན་དེ་བཞིན་ཏེ། །ཐབས་ལས་བྱུང་བའི་བདུད་རྩི་བབ། །རིམ་པར་རྒྱུད་དེ་ཀློང་དུ་དབབ། །སུ༷མ་མདོ་རིན་ཆེན་ག་འུར་བསྐྱིལ། །ཡང་ནས་ཡང་དུ་ནན་ཏན་བྱ། །རང་རང་འོད་ཀྱིས་ཀུན་བཀུག་སྟེ། །ཆོས་དབྱིངས་འགྱུར་བ་མེད་པར་བསྟིམ། །དེ་ཚེ་ངག་གི་དབང་ཕྱུག་གིས། །བརྗོད་པའི་བྱ་བ་འདི་ཡིན་ནོ། །ཨཱོཾ་ཨ་མྲི་ཏ་བི་༄༅། ་།ད་དྷི་ཀོ་པ་ཡ་བི་ཤུད་དྷི་ཧུ༷། དེ་སྐད་ཀུན་རིག་ཐམས་ཅད་མཁྱེན། །བདུད་རྩི་རྨད་བྱུང་སེམས་དཔའ་ཡིས། །རྣལ་འབྱོར་ཡོངས་ལ་བརྩེ་མཛད་དེ། །དྲི་མེད་གསུང་གིས་བཀའ་སྩལ་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩིའི་དབྱིངས་སུ་ལྷ་བ་ངན་པ་ཚར་གཅད་པ་དང་། དེ་དག་མཚོན་པ་ཞེས་བྱ་བའི་ལིའུ་སྟེ་ལྔ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་གསང་བའི་དབང་ཕྱུག་དག་པས། །ཆོས་ཐམས་ཅད་ཚད་ལ་དབབ་པའི་དོན་འདི་སྐད་ཅེས་གསུངས་སོ། །ནམ་མཁའི་དབང་ཕྱུག་གར་ཁྱབ་པའི། །རྫས་ཀྱི་བྱ་བ་ཇི་སྙེད་པ། །ནན་ཏན་དག་གིས་དབང་སྒྱུར་ནས། །འཁྲུལ་བས་ནན་གྱིས་བཏགས་པ་སྟེ། །དེ་དག་ཚད་མར་བྱ་བ་མེན། །བརྟགས་པའི་དངོས་པོ་རྣམ་གྲངས་ཀྱང་། །དེ་ལ་དེ་ཡི་དངོས་པོ་མེད། །གང་དང་གང་ལ་གང་གིས་སུ། །ཀུན་བརྟགས་དངོས་པོ་དངོས་ལ་མེད། །དེ་དང་དེ་ཀུན་གཞན་དབང་བས། །གང་ཡང་ཡོངས་སུ་གྲུབ་པ་ཡིན། །དཔེར་ན་མ་ག་དྷ་ཡི་འབྲས། །བྲེ་ཡིས་གཅལ་ཏེ་ཚད་ཕབ་ཀྱང་། །གཅིག་ནས་བསམ་ཡས་བར་གྱི་གྲངས། །གང་ཡང་ངེས་པར་གྱུར་མ་ཡིན། །གྲུ་བཞི་ཟླ་གམ་ལ་སོགས་དབྱིབས། །གཅིག་ཏུ་ངེས་པ་མ་ཡིན་ཏེ། །ཐ་སྙད་བྱ་བའི་བརྩལ་སེམས་བྲལ། །ང་དང་ང་ཡི་བར་སེམས་པ། །དེ་དག་གང་ཡང་ངེས་མེན་ཏེ།གང་དང་གང་དུ་བཏགས་པ་མེན། །གཅིག་དང་དུ་མ་ལ་སོགས་པའི། །བསམ་པའི་ཁྱད་པར་གཅིག་མ་ངེས། །མངོན་སུམ་མངོན་པར་རེག་མ་ཡིན། །རང་གི་བསམ་པས་ལས་ག་ལ་རེག །མི་སྣང་རྗེས་སུ་དཔོག་པ་ཡང་། །རིགས་པར་གྱུར་པ་ག་ལ་ཡིན། །བསམ་འཕེལ་ཐབས་དང་གང་བྲལ་བ། །དེ་དག་གཅིག་ཏུ་ག་ལ་ངེས། །བརྒྱ་བྱིན་མང་བཞིན་མ་ངེས་པས། །གང་ཡང་བསམ་པའི་ཁྱད་དུ་བས། །དཔེར་ན་དྲང་སྲོང་ཤི་ལ་ཧས། །ཀ་སྟ༷་བ་ཀའི་མེ་བཏང་བས། །རང་ཉིད་བསྲེགས་པས་ང་རོ་ཡིས ཐམས་ཅད་འདར་བའི་ནད་ཀྱིས་འདེབས། །ཀྱི་ཀྲ་ཤ་ཡི་སྦྱོར་བ་ཡིས། །ཞི་ནས་སླར་ཡང་འཚོ་བར་འགྱུར། །དེ་ལྟར་རབ་ཏུ་བཤད་འགྱུར་བས། །ཚད་མའང་ངེས་པར་ག་ལ་འགྱུར། །ཚད་མ་ཚད་མར་ག་ལ་རུང་། །དེ་ཡིས་གཏན་ལ་མི་ཕེབས་ཏེ། །རལ་གྲི་སོ་དང་གྱད་དང་ཁྲག །རང་གིས་རང་ལ་ནུས་མ་ཡིན། །རང་རིག་ཡེ་ཤེས་གཅལ་བ་སྟེ། །ཆོས་ཉིད་རིག་པས་ཕབ་པའོ། །དེ་ལྟར་ཡང་དག་གཅལ་བྱས་ནས། །ལམ་མཆོག་གནས་འདོད་ཐབས་ལྡན་པས། །བཀྲ་ཤིས་མཚན་ལྡན་ཀ་བཱ་ལ་འམ། །པ་ཧུ་པ་ལའི་ཐོད་པ་ལ། ཁུ་བབ་ལྡན་པའི་བདུད་རྩི་ལྔས། །ཕྱི་ནང་བྱུགས་ཏེ་བདུག་པ་ནི། །ཚིལ་ཆེན་མེ་མར་དག་ལ་བྱ། །རྫས་ཀྱི་དམ་པ་ཆོས་ཉིད་ཀློང་། །ནམ་མཁས་ཁྱབ་པའི་དབྱིངས་ཉིད་དུ། །འཁོར་དང་འདས་པའི་རྫས་རྣམས་ཀུན། །ལྔའི་མཚན་མའང་རབ་སྤངས་ཏེ། །བདུད་རྩིའི་ཞེན་པའང་མི་གནས་པས། །ངོ་བོ་ཉིད་ཀྱིས་དབྱིངས་སུ་གཞལ། །རང་བཞིན་མཐུར་ལྡན་སྔགས་གསུངས་པ། །ཨཱོཾ༷་བྷ་བ་ཏྲ་ཊ་ཏ་ཨ་མྲི་ཏ་སིདྷི་ཀྭ་ཡ་བཱ་ཀ་ཙི་སྟ་བྷ་རྫི་ན་ཧུ༷། ཞེས་པ་གསུངས་པས། བདུད་རྩི་ཆོས་ཀྱི་ཚད་མས་གཅལ་ཏེ་ངེས་པར་གཏན་ལ་ཕབ་པར་གྱུར་ཏོ། །ཡང་དེའི་ཚེ་ན་ཡེ་ཤེས་ལྔའི་སྣང་བ་ཤར་ཏེ་རིགས་ལྔའི་གཟུགས་དང་། གསང་བའི་ཡུམ་དང་། སྲས་ལྕམ་དྲལ་དང་།བྲན་ཕོ་དང་། བྲན་མོར་མཛད་དེ། དེ་དག་རེ་རེ་ལས་ཀྱང་བསྐལ་པའི་མེ་ལྟ་བུའི་འོད་ཟེར་སྣ་ཚོགས་པས་བདུད་རྩིའི་མཚན་མ་ཙམ་ཡང་མི་གནས་པར་བསྲགས་སོ། །སྦྱངས་སོ། །ཞེན་པ་བསལ་ཏེ་རིགས་ཀྱི་མཐའ་ལས་འདས་པའི་རིགས་ལྔའི་ཕུང་པོར་མཛད་དེ། འོད་ཟེར་གྱི་དྲ་བ་ཁ་དོག་ཉི་ཤུ་རྩ་ལྔ་འམ་ལྔའི་སྤྲིན་དཔུང་དང་ལྡན་པར་གྱུར་ཏོ། །དེའི་ཚེ་ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མས། རང་གི་བྷ་གའི་ཀློང་ནས་བྱང་ཆུབ་ཀྱི་སེམས་བླངས་ཏེ། ཐུགས་ཀར་བཟུང་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཧུ༷། རྣམས་དག་བྱང་ཆུབ་སེམས་ཆེན་པོ། །དཀར་ལ་འཚེར་བས་སྐྱོན་བྲལ། །མུ་ཏིག་དྲི་མེད་རྒྱལ་བའི་ཐུགས། །བྱ་བརྩལ་བྲལ་བས་ཆོས་དབྱིངས་གནས། །ཧུ༷་དྷརྨ་དྷ་དུ་བོ་དྷི་ཙིསྟ་ས་མ་ཡ་སྟུ༷་ཧུ༷། ཞེས་གསུངས་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ཆེན་པོས། མི་དམིགས་པའི་རྒྱན་སྣང་བ་དབྱིངས་སུ་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ༷ར་ཞུགས་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཧུ༷། དུས་གསུམ་རྒྱལ་བའི་ཐུགས་ཀྱི་གཏེར། །རང་བྱུང་བདེ་ཆེན་ལྷུན་གྲུབ་ཆེ། །དག་དང་མ་དག་མཐའ་ལས་འདས། །བདག་དང་བདག་གི་དབྱིངས་སུ་བསྡུ། །ཨཱོཾ་ཤཱ་རྒྱ་ཏ་ཙྭ་ཏ་སང་ཧ་ར་ན་ཧུ༷། ཞེས་གསུངས་སོ། །བྱང་ཆུབ་སེམས་ཐམས་ཅད་བརྟགས་པ་བྲང་ཏེ་དབྱིངས་སུ་ཐིམ་པར་གྱུར་ཏོ། །དེ་ནས་ཡང་ཡུམ་ཆེན་མོ་བརྟན་པའི་དབྱིངས་ཕྱུག་མས། རང་གི་དགའ་བའི་ཚལ་ནས་དྲི་ཆེན་བླངས་ཏེ། །དཔྲལ་བར་བཟུང་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཨོ། སེམས་ལས་བྱུང་བའི་དྲི་ཆེན་པོ། །གསེར་ལྟར་འཚེར་བས་གདོད་ནས་དག །དུས་གསུམ་བདེ་བར་གཤེགས་པའི་སྐུ། །སྐྱེ་མེད་བྱང་ཆུབ་སེམས་སུ་བསྡུ། །ཨོ་ཨ་ཏ་རི་ཤ་བ་སུ་ཏ་ས་མ་ཡ་སྟུ༷་ཧུ༷། ཞེས་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དབྱིངས་དབང་སྒྱུར་བའི་སྣང་བ་དོན་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་དོ། །ཨོ་སྲིད་པའི་དབྱིངས་སུ་རྣམ་དག་དཔལ། །ཐུགས་རྗི་ཉིད་འོད་ཀུན་ལ་སྙོམས། །གཉིས་མེད་མཐའ་དང་རབ་བྲལ་བའི། །བདག་སྟེ་མེ་ལོང་ལྟ་བུའང་བསྡུ། །ཨོ་ཨ་དར་ཤ་སང་ཧ་ར་ན་ཨོ། ཞེས་གསུངས་པས། །དྲི་ཆེན་པོར་འཛིན་པའི་ཆ་ལས་རབ་ཏུ་གྲོལ་ཏེ་ཀློང་ཆེན་པོར་དབྱེར་མེད་པར་གྱུར་ཏོ། །དེ་ནས་ཡང་ཡུམ་ཆེན་མོ་མཉེན་པའི་དབང་ཕྱུག་མས། རང་གི་གསང་བའི་དབྱིངས་ནས་བདུད་རྩི་ཤ་ཆེན་པོ་བླངས་ཏེ། །ལྟེ་བ་ཁུང་དུ་བཟུང་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །སྭ། བྱང་ཆུབ་སེམས་ལས་བྱུང་བས་ན། ཁྲ་ཆེན་པོ་ནི་དྲི་མ་བྲལ། །བི་ཌརུ་འདྲ་རྒྱལ་བའི་ཐུགས། །གཉིས་མེད་བྱང་ཆུབ་སེམས་སུ་བསྡུ། །ས་མན་ཏ་མ༷་ས་མ་ཡ་སྟུ༷་ཧུ༷། ཞེས་གསུངས་པ་དང་། །དེ་བཞིན་གཤེགས་པ་རིན་པོ་ཆེ་འབྱུང་བས་སྣང་བ་དོན་ཐམས་ཅད་གསང་བའི་སྙིང་པོ་རབ་ཏུ་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །སྭ། སྣ་ཚོགས་གསང་བའི་དཀྱིལ་འཁོར་དུ། །ཟླ་གསལ་རྟོག་མེད་ཉིད་འོད་འབར། །མཉམ་པའི་དབྱིངས་སུ་རོ་གཅིག་པས། །བདག་སྟེ་མཉམ་པའི་དབྱིངས་སུ་བསྡུ། །ཨོ་ས་མན་ཏ་ས་ཧ་ར་ན་སྭ། ཞེས་པས། ཤ་ཆེན་པོ་ངར་འཛིན་པའི་དབྱིངས་ཕྱུང་ནས། །རྣམ་དག་སྐྱེ་འགག་མེད་པར་སོན་པར་གྱུར་ཏོ། །དེ་ནས་ཡང་ཡུམ་ཆེན་མོ་དྲོ་བའི་དབང་ཕྱུག་མས། རང་གི་འབྱུང་གནས་ཀྱི་སྙིང་པོ་ནས་བདུད་རྩི་རཀྟ་བླངས༷ ་ཏེ། མགྲིན་པར་བཟུང་ནས་ཆེད་དུ་བརྗོད་པ་འདི་གླེངས་སོ། །ཨོ། སེམས་ཉིད་པདྨ་རཀྟ་སྟེ། །ཆགས་པ་དམར་སྒྲིག་རྒྱུན་མི་འཆད། །སྐྱེ་འགག་མེད་པ་རྒྱལ་བའི་སྲས། །རང་བྱུང་སེམས་ཉིད་ཀློང་དུ་བསྡུ། །ཨཱོཾ་པྲ་ཏ་བེ་ཤ་རཀྟ་ས་མ་ཡ་སྟུ༷། ཞེས་གསུངས་པ་དང། དེབཞིནགཤེགསཔའོད་དཔག་ཏུ་མེད་པ་དོན་གྱི་སྙིང་པོ་རྣམ་པར་བཀོད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ༷ས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཨོ། པདྨ་འཁྱིལ་བའི་གེ་སར་ནས། །གསང་བའི་འོད་ཟེར་འབར་བས་ཚིམ། །སོ་སོར་རྟོག་པས་ཉི་མའི་ཟེར། །བདག་སྟེ་རྟོག་མེད་དབྱིངས་སུ་བསྡུ། །ཨཱོཾ་པྲ་ཏ་བེ་ཤ་སང་ཧ་ར་ན་ཧ༷་ཨ༷། ཞེས་གསུངས་པས། རཀྟའི་ཆགས་པ་དང་ཞེན་པ་ཐམས་ཅད་བླ་མེད་ཐབས་མཆོག་གསང་བར་དབང་བསྒྱུར་ནས། གཉིས་མེད་རྟོག་བྲལ་ཆོས་ཉིད་དབྱིངས་སུ་འཁྱིལ་བར་གྱུར་ཏོ། །དེ་ནས་ཡང་ཡུམ་ཆེན་མོ་གཡོ་བའི་དབང་ཕྱུག་མས། རང་གི་ག་བུའི་ཏོག་བརྩེགས་པའི་གནས་ནས་བདུད་རྩི་དྲི་ཆུ་བླངས་ཏེ། གསང་བའི་དབང་ཕྱུག་ཉིད་དུ་གཟུང་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཧ། དྲི་ཆུ་སེམས་ལས་བྱུང་བས་ན། །ཨིན་དྲ་ནི་ལ་དག་པ་བཞིན། །རྒྱལ་བ་རྒྱ་མཚོའི་འཕྲིན་ལས་ཉིད། །ཐོག་མའི་སེམས་ཉིད་དབྱིངས་སུ་བསྡུ། །ཧ་བེ་ཤ་ཙེ་མ་ཧྭ་ཀུ་ཀུ་མ་ས་མ་ཡ་སྟུ༷་ཧུ༷། ཞེས་གསུངས་པ་དང་། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པས་སྣང་བའི་དབྱིངས་དེ་ཁོ་ན་ཉིད་ཡོངས་སུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཧ། རང་རིག་སྣང་བའི་དབྱིངས་ཀློང་ནས་དོན་དུ་སྣང་བའི་ཆོ་འཕྲུལ་ཉིད། །བྱ་བ་ནན་ཏན་འགྲོ་ཀུན་སྒྲོལ། །བདག་ཉིད་ཆེ་བས་དབྱིངས་སུ་བསྡུ། །ཨོ་བེ་སྒ་ན་སང་ཧ་ར་ན་ཧ། ཞེས་པས་དངོས་པོར་འཛིན་པའི་དྲི་ཆུའི་བདུད་ཕུར་ཐམས་ཅད་དཔྱིས་ཕྱུང་ནས། གསང་བ་རྒྱ་མཚོའི་ངང་དུ་དབྱེར་མེད་པར་གྱུར་ཏོ། །དེའི་ཚེ་འཁོར་བའི་བདུད་ཕྱིན་ཅི་ལོག་གི་འཛིན་པ་ངའོ་བ་དང་བཅས་ཏེ། ཆོས་ཀྱི་དབྱིངས་བདེ་བ་མཆོག་གི་རྩི་ཆེན་པོར་ལྷུན་གྱིས་གྲུབ་སྟེ། ཐིག་ལེའི་དྲ་བ་ཉི་ཤུ་ལྔ་དང་ལྡན་པའི་དཀྱིལ་འཁོར་དུ་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཚད་ལས་བཅལ་ཏེ་གཏན་ལ་དབབ་པར་བསྟན་པ་དང་བསྡུ་བ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་བཞི་པའོ།། །།དེའི་ཚེ་འཁོར་འདུས་པ་ཕལ་མོ་ཆེ་ཐམས་ཅད་ཀྱིས། སྟོན་པ་ཆེན་པོ་དོན་གྱི་མངའ་བདག་སེང་གེ་རྣམ་པར་འགྱིངས་པ་ལྟ་བུ་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་ངོ་མཚར་བའི་ཚེག་མགྲིན་གཅིག་ཏུ་བསྟོད་པ། ཨེ་མ་ཧོ་ངོ་མཚར་རབ་ཏུ་ཆེ་བས་རྨད་བྱུང་སྐུ། །སྐྱེ་མེད་བརྩལ་བྲལ་བཀའ་གསང་རབ་ཏུ་ཆེ། །མ་གོས་འདོད་པ་དཔག་མེད་དབྱེ་བསྲིང་བྲལ། །ཀུན་ཁྱབ་ཡོངས་ལ་ཁྱབ་ལ་ཕྱག་འཚལ་བསྟོད། །མཚན་མའི་སྤྲོས་བྲལ་མཐའ་ཡས་འབྱུང་བའི་གཞི། །བརྗོད་པའི་མཐའ་བྲལ་ཀུན་ཏུ་གསལ་བར་སྟོན། །སྣ་ཚོགས་སྣང་ཞིང་ཅིར་ཡང་ཟད་པ་མེད། །ཚངས་པའི་སྒྲ་དབྱངས་གསུང་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་དབྱིངས་ལས་སྣ་ཚོགས་ཅིར་སྣང་ཡང་། །འཁོར་དང་འདས་ཉིད་ཡང་དག་གླིང་། །སོ་སོར་མ་འདྲེས་ཐབས་ཀྱི་དགོས་འདོད་ཀུན་ནས་སྐོང་། །ནན་ཏན་འགྲོ་ཀུན་སྦྱོང་ལ་ཕྱག་འཚལ་བསྟོད། །སོ་སོར་མ་འདྲེས་ཁྱབ་པའི་ཁ་དོག་གསལ། །རབ་བསྟན་གདན་ལ་ཅིས་འདུལ་མཚན་མ་འཛིན། །བྱང་ཆུབ་སེམས་ལས་ལྷུན་གྲུབ་རབ་ཏུ་ཡངས། ཁྱབ་པའི་ཡོན་ཏན་མཆོག་ལ་ཕྱག་འཚལ་བསྟོད། །དངོས་པོ་ཐབས་ཀྱི་ཞི་ཞིང་བསོད་ནམས་རྒྱས། །འཁོར་བ་དབང་སྡུད་ནན་ཏན་ཐབས་ཀྱིས་སྒྲོལ། །མཛད་པ་མི་མངའ་འཁོར་བ་སྟོངས་པར་མཛད། །འཕྲིན་ལས་ཐབས་ཀྱིས་སྦྱོང་ལ་ཕྱག་འཚལ་ལོ། །འཁོར་དང་མྱ་ངན་འདས་པའི་བདུད་རྩི་དབྱིངས། །དུག་སེལ་སྨན་པ་ཆེ་མཆོག་རྫོགས་སངས་རྒྱས། །འཁོར་བའི་གཅོང་འབྱིན་ཡེ་ཤེས་གསལ་བའི་འོད། །རང་སྣང་བདུད་རྩི་མཆོག་ལ་ཕྱག་འཚལ་བདུད། །ཅེས་ཐབས་ཆེན་པོ་དང་ལྡན་པའི་དབང་་་ག་ལ་སྟོད་དོ། །རབ་ཏུ་བསྟོད་དོ། །མངོན་པར་བསྟོད་དོ། །ལེགས་པར་བསྟོད་དོ། །དགྱེས་པར་བསྟོད་དོ། །ངམ་ཞིང་ངོ་མཚར་བའི་དབང་ཕྱུག་ལ་བསྟོད་པས་རབ་ཏུ་དགེས་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ངོ་མཚར་རྨད་མཆོག་ཏུ་བསྟོད་པའི་ལེའུ་སྟེ་ལྔ་བཅུ་ལྔ་པའོ།། །།དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་བསྟན་པ་ལ་བར་དུ་གཅོད་ཅིང་ནུབ་པར་བྱེད་པའི་བདུད་རུ་ཏྲ་ནག་པོ་ཞེས་བྱ་བ། སངས་རྒྱས་ཀྱི་བསྟན་པ་གང་དང་གང་ན་གནས་པ་དེར་རབ་ཏུ་བར་དུ་གཅོད་ཅིང་གནོད་པར་བྱེད་པ་མི་བཟད་པ་ཆེན་པོ་ཞིག་བྱུང་སྟེ། དེ་ཡང་རང་ཉིད་ཀྱི་རང་ལ་ང་དང་བདག་ཏུ་བརྟགས་ཏེ། གཟུང་འཛིན་གྱི་རྟོག་པ་བརྟགས་པ་ལས་བྱུང་བའི་གནོད་སྤྱིན་ཆེན་པོ་ཤ་ཏྲེང་ཀ་ཤརི་ཀ་ཞེས་བྱ་བ། མིའི་ལུས་ལ་སེང་གེའི་མགོ་བོ་ཅན་ཅིག་བྱུང་སྟེ། དེ་ཡང་ལྷན་ཅིག་སྐྱེས་དང་བྲལ་བ་ཡིས། །མ་རིགས་མུན་པའི་རུམ་འ་ས་ཏེ། །ལོག་པར་བརྟགས་པའི་འཁྲུལ་བ་ཡིས། །སྲིད་པའི་ཁ་ལོ་ལོག་པར་འཁོར། །དེ་ཚེ་ལོག་པའི་མཁན་པོ་ཡིས། ཁྲེས་པ་སྐྱོན་གྱི་རྒྱ་མོར་བཅུག །ཡང་ནས་ཡང་དུ་ཞེན་པ་ཡིས། །ས་བོན་སྲིད་པའི་གནས་ན་འ་ས། །དེ་ནས་ལས་ཀྱི་འཕེན་ཀ་ཡིས། །གྲངས་མེད་རྩུབ་མོར་ཡང་དང་ཡང་། །སྲིད་པའི་བདུད་དུ་གྱུར་ནས་སུ། །ལྷ་དང་མི་ཡི་སྲིད་བརླག་སྟེ། །ཐམས་ཅད་ལོག་པའི་ལམ་བཙུད་ནས། །སངས་རྒྱས་རྒྱལ་སྲིད་རླག་པར་བྱེད། །དེ་ཡང་དང་པོར་མུན་པའི་འཁྲིགས་ཆེན་པོ་ལས་གསལ་བའི་ཤེས་རབ་བསྒྲིགས་ཏེ། དོན་གྱི་རྒྱལ་སྲིད་ཆེན་པོ་བརླགས་ཅིང་། བདུད་རྩིའི་ཆུ་བ་རྐ་བགོ་ལོག་ནས། ཤིན་ཏུ་སྐྱི་གཡའ་བའི་གནས་སུ། བརྡེགས་གཙོག་པ་དང་། གཤག་གཏུབ་པ་དང་། གསད་གཅད་པ་དང་། བཙོ་བསྲེག་པ་དང་། འབུབ་གན་པ་དང་།གྲང་འ་ས་པ་དང་། །གས་སྐྲངས་པ་དང་། རུལ་མྱགས་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པར། བསྐལ་པ་བགྲང་བ་ལས་འདས་པར་ཉམ་ཐག་པར་གྱུར་ཏེ། རང་གི་ཉེས་བྱས་རྣམས་རང་ལ་བགྲང་ཞིང་ཀྱི་ཧུད་ཅེས་འགྱོད་པར་བྱེད་དོ། ཁམས་དེ་ན་སྡེ་དཔོན་ཆེན་པོ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། དེས་དེ་དག་ལ་བསྒོ་བ། རྟོག་པ་མེད་ལས་རྣམ་བརྟགས་ཏེ། །སྲོག་གཅོད་ལ་སོགས་ལས་ངན་པས། །བཅོ་བརྒྱད་ཁམས་ན་ཉེན་པ་དག །ལས་དེ་འཁྲུལ་བ་ལྟས་པས་ཉེས། །རྒྱུད་དང་རྐྱེན་བྲལ་སེམས་ཉིད་ནི། །བདེ་དང་སྡུག་བསྔལ་ཐ་སྙད་བྲལ། །ལེགས་དང་ཉེས་པ་ལས་གྲོལ་བ། །སེམས་ལས་མཉམ་པར་གཞག་ན་གྲོལ། །ཅེས་པས། དེ་དག་གིས་བརྟགས་པས། སྡུག་བསྔལ་དེ་དག་ལས་ཐང་ཅིག་གིས་གྲོལ་ཏེ།།ཡི་དྭགས་ཆེན་པོ་ལུས་གཅིག་ལ་མགོ་བརྒྱ་པ་དང་། །མགོ་དང་ཡན་ལག་མང་པོ་ཅན་དང་། མགོ་གཅིག་ལག་པ་གཅིག་པ་དང་། ལུས་དང་མགོ་རི་རབ་ཙམ་ལ། ཡན་ལག་རྣམས་ཤིན་ཏུ་ཕྲ་བ་དང་། ལྟེ་བ་དང་ཁོག་ཁྱིམ་ཡུལ་ལྗོངས་ཙམ་ལ། དབང་པོ་རྣམས་ཡུངས་ཀར་ཙམ་ལ བཟའ་བ་བ་་བ་ལ་ཡང་དབང་མེད་ཅིང་བསྲུངས་པ་དང་། དུག་དང་། མེ་དཔུང་དང་། མཚོན་ཆར་མཐོང་བའི་གནས་སུ་ཡང་བསྐལ་པ་ཙམ་དུ་རང་ལ་རང་སྡུག་བསྔལ་ཞིང་རང་ལ་རང་འོ་དོད་འབོད་ཅིང་འགྱོད་པར་བྱེད་དོ། །དེའི་གནས་དེ་ན་བཟའ་བཏུང་ལ་རང་དགར་དབང་བྱེད་པའི་སྡེ་དཔོན་ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བ་ཞེས་བྱ་བ་གནས་ཏེ། དེ་ཉམ་ཐག་པ་དེ་དག་ལ། དེ་དག་རང་གི་སྐད་ཀྱིས་གདམས་པ། སེར་སྣ་ཕྲག་དོག་གིས་བཅིངས་ཏེ། །ལྟ་བ་རྨོངས་པས་རང་མ་ཤེས། ཁམས་གསུམ་འབྱུང་ལས་མ་གྲོ་བས། །ཤིན་ཏུ་ཉམ་ཐག་ཡི་དྭགས་རྣམས། །རང་སེམས་དག་པའི་ངང་ཉིད་ལས། །འཇུངས་པའི་དངོས་པོ་ག་ལ་སྲིད། །དེ་ཉིད་འདོད་པའི་གཞིར་གྱུར་པས། །རང་གི་རང་རིག་རྣམས་གྲོལ་བའོ། །ཞེས་གདམས་པས་འཇུངས་པ་དེ་དག་གིས་རང་གིས་རང་ཉིད་ལ་བརྟགས་པས་རྣམ་པར་གྲོལ་ཏེ། དེ་བས་བགས་ཀྱིས་བདེ་བའི་བྱོལ་སོང་བླུན་ལྐུགས་ཅན་དུ་འཕོས་ཏེ། རེས་ཀྱི་ཕག་པ་དང་། ལུ་འདེ་དང་། ཁྱི་དང་། ཕར་བ་དང་། སྲེ་མོང་དང་། བྱི་ལ་དང་། ཝ་དང་། སྤྱང་ཀི་དང་། བྱ་རོག་དང་། འུག་པ་དང་། ཁྲ་དང་། ཁྲ་སེམས་ཤེས་དང་། སྐྱེ་ག་དང་། བྱན་ལག་དང་།དོམ་དང་། དྲེད་དང་། སྟག་ལ་སོགས་པའི་སེམས་པའི་སེམས་ཅན་ཤ་ཁྲག་ལ་དད་ཅིང་སྲོག་གཅོད་པར་བྱེད་པ། ཁྲོ་ཞིང་ག་་པར་སྐྱེས་ཏེ། སྐྱེ་བ་རེ་རེ་ཞིང་ཡང་ལོ་དུ་མ་ལོན་པས་ཉམ་ཐག་པའི་སྡུག་བསྔལ་མྱོང་སྟེ། གཅིག་ལ་གཅིག་གསོད་ཅིང་ཟ་བར་བྱེད་དོ། །མཐའ་མར་ཕག་མོ་ལྷོས་འགྲོ་ཞེས་བྱ་བ་ལུས་བོང་རབ་ཏུ་ཆེ་བ། རྐང་ལག་ལུས་ཁྱབ་བར་སྐྱེས་ཀྱང་ལུས་འདེགས་པར་མི་ནུས་པས། འགྲོ་བར་མི་ནུས་པ། ལྟོ་རབ་ཏུ་ཆེ་ཞིང་སྡུག་བསྔལ་རབ་ཏུ་ཆེ་ཡང་ཟས་བཙལ་དཀའ་བས་ཚེར་ལྷང་ཞེས་སྒྲ་སྐྱི་གཡའ་བ་འདོན་པ། མཆེ་བས་སྐྲུ་ཟད་དེ་གཅིར་བུར་གནས་པའི་སྐྲུའི་བུ་ག་རེ་རེར་ཡང་སེམས་ཅན་ཕྲ་མོ་གཞན་མང་པོའི་མཆུ་བཙུགས་ཏེ། ཁྲག་དང་། ཆུ་སེར་དང་། རྐང་ཡན་ཆད་འཇིབ་པར་བྱེད་པས་ན་ཚའི་སྡུག་བསྔལ་བཟོད་པར་དཀའ་བས་གདུངས་ཏེ། སྐྱི་གཡའ་བ་དང་། ལུས་ལ་དྲི་ང་བྱུང་བས་དཔག་ཚད་དུ་ཡང་སེམས་ཅན་གཞན་གནས་པར་མི་ནུས་ཏེ་འབྲོས་པར་བྱེད་པ་ཞིག་ཏུ་སྐྱེས་ཏེ། ལུས་དེ་ལྟ་བུ་ཞིག་པར་མི་ཕོད་ཅིང་ཡུན་རིང་བར་གནས་པར་འདོད་བས་གཞན་བས་དེ་ཟ་བར་འདོད་དེ་ཉོན་མོངས་པ་ལྔ་ཆར་སོང་བར་བྱེད་དོ། །དེའི་ཚེ་གནས་དེ་ན་སེམས་ཅན་ཆེན་པོ་སེང་གེ་ཞིག་བདེ་བར་གནས་ཏེ། བྱམས་པའི་ལྟ་བས་ཕག་དེ་ལ་མི་འགྱུར་བར་བལྟས་ནས། རང་གི་སྐད་ཀྱིས་སྨྲས་པ། བདེ་བའི་རྒྱུན་དང་བྲལ་བ་ཡིས། །སེམས་ཅན་རྨོངས་ཤིང་ཉམ་ཐག་པ། །རང་གི་ཉེས་པ་བསགས་པ་ཡིས རང་ལ་རང་ཉིད་གནོད་བྱས་པའོ། །རང་སེམས་ནམ་མཁའི་སྙིང་པོ་ལ། །གློ་བུར་སྤྲིན་གྱིས་རབ་གཡོགས་ཏེ། ཁྲོ་མོན་ནང་འ་ས་སྙིང་རྗེའི་ཡུལ། །རང་སྣང་བློ་ལ་གསལ་ན་གྲོལ། །ཕག་དེས་སྨྲས་པ། བདག་ནི་ལུས་དང་སེམས་གདུངས་ཏེ། ཉམ་ཐག་འཕོངས་པར་གྱུར་པ་ལ། ཁྲ་ཁྲག་ཟས་སྐོམ་གཏམ་མེད་པར། །དགོས་མེད་སེམས་གཏམ་ཅི་ཞིག་བྱ། །ཞེས་གླེངས་ནས། །རྣ་བ་བཀབ་སྟེ་གནས་པ་ལས་འཆི་འཕོ་བར་གྱུར་ཏོ། །དེ་ནས་ལས་དྲག་པོ་དེ་དག་གིས་འཚམས་ནས། སྐྱེ་བ་བླངས་པ་ནི། དེ་བཞིན་གཤེགས་པ་སེང་གེ་རྣམ་པར་རོལ་པའི་སྒྲ་དབྱངས་ཞེས་བྱ་བའི་ཞིང་ཁམས་སུ།འབྱུང་པོ་གཉའ་དྲེག་ཅན་ཞེས་བྱ་བའི་བུར་སྐྱེས་ཏེ། དཔའ་རྩ་དང་ལྡན་པའི་སྐྱེས་པའི་ཆ་བྱད་ཅན། སེམས་ཅན་ཆེ་ཕྲ་ཐམས་ཅད་ཀྱི་སྲོག་འཕྲོག་པ། གཞན་ཡང་ཀུན་ལ་གནོད་པ་སྣ་ཆོགས་པས་གནོད་པར་བྱེད་པ་ཅིག་ཏུ་སྐྱེས་ནས། དེའི་དྲུང་དུ་དེ་བཞིན་གཤེགས་པ་སེང་གེ་རྣམ་པར་རོལ་པ་དེ་གཤེགས་ནས་གསིལ་བྱེད་སྒྲོགས་ཏེ་བཀའ་སྩལ་པ། བདག་མེད་པ་ལ་བདག་བཟུང་སྟེ། །རྩ་བཞི་ཡན་ལག་བཅས་སྤྱད་པས། །མནར་མེད་སྐྱི་གཡའ་བར་སྐྱེ་བའང་། །རྟོག་ན་ནམ་མཁའི་རྡུལ་བཞིན་དུ། །གོས་མེད་རྣམ་པ་དག་པར་འགྱུར། །ལས་ཀྱི་རྣམ་སྨིན་མི་བཟད་དེ། །ཐབས་མཁས་ཐུགས་རྗེ་དབང་བསྒྱུར་ན། །རྣམ་གྲོལ་བདེ་བའི་འབྲས་བུ་ནི། །རིམ་ནས་རིམ་གྱིས་གྲོལ་བར་འགྱུར། །ཞེས་གསུངས་པས། སྐྱེས་པ་དེས་སླར་ལ་སྨྲས་པ། རིགས་བཙུན་གཟུགས་བཟང་རྩལ་ལྡན་པའི། །བདག་ནི་ཐོག་མ་མེད་ནས་གནས། །ནམ་དུའང་འཕོ་བར་མི་འགྱུར་ཏེ། །བདག་འདྲ་གཞན་ན་ཡོད་མ་ཡིན། །ལས་ཀྱི་རྣམ་པ་ཅི་སྤྱད་ཀྱང་། །ནམ་མཁའི་རྡུལ་བཞིན་ཉེས་མེད་པས། །ཐམས་ཅད་སྦྱད་པས་རང་ཉིད་གྲོལ། །ཅེས་སྨྲས་ནས། སེམས་ཅན་སྲོག་དང་ལྡན་པ་ཐམས་ཅད་ནི་བསད། མོའི་དབང་པོ་དང་ལྡན་པ་མ་ལུས་པ་ལ་སྤྱད། ཕ་རོལ་གྱི་ལོངས་སྤྱོད་ཐམས་ཅད་ནི་ཕྲོགས། བརྫུན་ཚིག་ཐམས་ཅད་ནི་ཇི་སྐད་ཀྱང་སྨྲས་པས་བསླུས་ཏེ་བརླག་པར་བྱས་པ་ལ་སོགས་པ་མི་དགེ་བ་སྣ་ཚོགས་པ་སྤྱོད་ཅིང་གནས་པ་ལས་འཆི་བའི་དུས་བྱའོ། །དེ་བཞིན་དུ་ལས་སྣ་ཚོགས་འཚམས་སྦྱར་ཞིང་། སེམས་ཅན་ཉོན་མོངས་པ་ཅན་དཔག་ཏུ་མེད་པར་སྐྱེ་བ་བསྒྱུད་དེ། ཐ་མར་ནི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་སྐྱེས་པ་འདི་ལྟ་སྟེ། སྲིན་པོའི་ཡུལ་ལང་ཀ་པུ་རང་ཞེས་བྱ་བ། ཕ་སྲིན་པོ་འབུ་ཏེ་ཀ་ཤ་རི་ཝང་ཞེས་བྱ་བ་དང་། སྲིན་མོ་ཟ་འགྲམ་རབ་ཏུ་མྱོས་མ་ཞེས་བྱ་བ་གཉིས་ཆགས་སྡང་གིས་རབ་ཏུ་འཁྲིགས་པ་ལས་བྱུང་བའི་བུ། རབ་ཏུ་ང་རྒྱལ་ཆེ་བ་ཞིག་ཏུ་སྐྱེས་ཏེ། གཟིར་རབ་ཏུ་འབར་བ། ཡན་ལག་དང་ལྡན་པ། ཁ་མཆེ་བས་གཏམས་པ། ཡན་ལག་གི་སེན་མོ་བྱ་ཀང་ཀའི་མ་མཆུ་ལྟ་བུར་སྐྱེས་པ། བ་སྐྲུ་ཐམས་ཅད་ཕག་པའི་སྐྲུ་ལྟ་བུར་སྐྱེས་པ། མིག་མེ་ཏོག་ཀ་ཤི་ཀ་ལྟར་ཟླུམ་ཞིང་འབུར་བ་ལ་མདོག་ཁྲག་ཏུ་འདུག་པ། པགས་པ་འཐུག་ལ་གཉེས་མས་འཁྲིགས་པ། དྲི་རབ་ཏུ་མི་ཞིམ་པ་ཞིག་སྐྱེས་ཏེ། ཡུན་རིང་པོ་མ་ལོན་པར་ཕ་འཆི་བའི་དུས་བྱས་ཏེ། མིང་དོ་བུ་ཤར་ཤ་ཀ་དེ་བ་ཞེས་བཏགས་སོ། །དེ་ནས་ཡུན་མི་རིང་བ་ཞིག་ན། མ་ཁྲག་ཏུ་བུ་ག་དགུ་ནས་འཁྲུ་སྒྱུག་ཅིང་འཆི་བའི་ནད་དྲག་པོས་བཏབ་སྟེ། འོ་དོད་འབོད་ཅིང་སྨྲས་པ། བུ་འདི་དང་པོར་རུམ་རུ་འཇུག་པའི་དུས་ན་ཡང་སྙིང་ཕྱུང་བ་འམ་ཡན་ལག་གཏུབས་པ་སྙམ་བྱེད། །མངལ་ན་གནས་པའི་དུས་ན་ཡང་ལུས་འགས་པ་སྙམ་བྱེད་ཅིང་ན་བར་གྱུར། ཡུན་ཡང་བདུན་ཕྲག་བཞི་བཅུ་ལྔ་ལོན་ཏེ་རིང་དུ་གནས། སྐྱེས་པའི་དུས་སུ་ཡང་མུན་པར་འཁྲིགས་ཏེ། ཐོག་དང་། སེར་བ་དང་རླུད་དམར་དང་། བུ་ཡུག་མང་དུ་བྱུང་སྟེ་སྐར་མདའ་ཡང་ས་ལ་ལྷུང་། ཡུལ་ཁམས་སུ་ཡང་རིམས་ནད་དྲག་པོ་དང་། སད་དང་། མུ་གེ་བྱུང་། འཁྲུལ་པ་ཡང་ལངས རིང་པོ་མ་ལོན་པར་ཕ་ཡང་ཤི །ང་ཡང་ཁྲག་འཛག་ཅིང་ན་བར་འཆི་བར་ངེས་ཏེ།ལྟས་འདི་དག་སྦྱར་ན། འདིས་འཇིག་རྟེན་གྱི་ཁམས་ཕུང་བར་ངེས་པས་ངའི་རོ་དང་མཉམ་དུ་དུར་ཁྲོད་དུ་སྐྱོལ་ཅིག་ཅེས་བསྒྲགས་སོ། །དེ་ནས་ཟ་འ་་།་རབ་ཏུ་མྱོས་མ་དེ་ཤི་བར་གྱུར་ཏོ། །ཡུལ་དེ་ན་གནས་པའི་མི་རྣམས་ཀྱིས་མ་དེའི་རོ་ཤིང་ཁྱོགས་ལ་བླངས་ཏེ་དུར་ཁྲོད་དུ་རོ་ཟས་དང་བཅས་ནས་བསྐྱལ་ལོ། །སྲིན་བུ་འབུ་རང་ཀ་ཞེས་བྱ་བས། སྲིན་བུ་ཕྲུ་གུ་དེ་ལག་ནས་བཟུང་སྟེ་སྨྲས་པ། ཡུལ་ཁམས་འདི་རབ་ཏུ་རུང་བ་ཞིག་ལས་ད་མི་བདེ་བར་གྱུར་ལ། ཕ་དང་མ་ཡང་ཤི་སྟེ་དྭ་བུར་གྱུར་ནས་གསོ་བ་ཡང་མེད་པས་མཉམ་དུ་ཤི་བར་རུང་ངོ་། ཞེས་ཟེར་ནས་ཁྲིད་དེ་མའི་རོ་དྲུང་དུ་བཞག་གོ །དེ་ནས་ཞག་གསུམ་ལོན་ནས་བལྟས་ན། སྲིན་བུ་དེ་མའི་རོ་དེའི་ནུ་མ་ནས་བཟུང་སྟེ་འཇིབ་ཅིང་གནས་ཏེ། ཤེས་པ་སྔ་མ་བས་རགས་པར་མཐོང་ངོ་། །དེ་ནས་ཡང་ཞག་དུ་མ་ལོན་ནས་བལྷས་ན། རོ་དེའི་ཁྲག་དང་ཆུ་སེར་ཐམས་ཅད་འཇིབས་ནས་འཚོ་བ་བྱས་ཏེ་ཤེས་པ་ཡང་གསལ་རབ་ཏུ་གྱུརཏོ། །དེབཞིནདེནསནུམགཉིས་ཟོས་སོ། ཁོ༑ས་པ་ཡང་དེ་བཞིན་ནོ། །དེ་ནས་ནང་ཁྲོལ་དང་ཤ་བྱིན་ཟོས་ཏེ། རུས་པ་ཙམ་དུ་ལུས་པའི་བྱང་ཁོག་ཏུ་གནས་བཅས་ཏེ། ཁྲེད་རྫོགས་ནས་དུག་ལྔའི་མཐའ་ལ་གནས་ཏེ་ཁམས་གསུམ་ལ་གནོད་པ་བྱ་བར་སེམས་སོ ཡང་དུར་ཁྲོད་ཀྱི་རོ་ཐམས་ཅད་ཟོས་ཏེ་ཤ་དང་། རུས་པ་དང་། ཁྲག་དང་། ཆུ་སེར་དང་། རྐང་དང་། ཀླད་པ་དང་། ཀླད་རྒྱས་དང་། རྒྱུ་མ་དང་། མཆིན་པ་དང་། གློ་བ་དང་། སྙིང་ལ་སོགས་པའི་ནང་ཆ་ཐམས་ཅད་ལ་ཅི་དགའ་བར་ལོངས་སྤྱད་དེ། པགས་པ་ཐམས་ཅད་ཀྱང་བཤུས་ཏེ། གཡང་གཞིར་བྱས་ཏེ་གྱོན། དུར་ཁྲོད་དེ་ན་གནས་པའི་གླང་པོ་ཆེ་སྨྱོན་པ་དང་། སྟག་ཤ་ཟན་དང་། སྐྲུལ་གདུག་པ་ཅན་རྣམས་ཐོགས་པ་མེད་པར་གསོན་པོར་བཤུས་ནས་སྟོད་གཡོགས་དང་། ལྡི་བུ་དང་། སྨང།་གཡོགས་དང་། སོར་གདུབ་དང་མི་མང་པོའི་མགོ་བོ་དང་སེམས་ཅན་དེ་དག་གི་མགོ་བྲེགས་པ་ཕྲེང་བར་བྱས་དེ་ཐོད་ད་སེ་རལ་ཁར་ཐོགས་ཏེ་རྒྱན་དུ་བྱས། དཔུང་པ་གཉིས་ལས་གཤོག་པ་སྐྱེས་པས་ནམ་མཁའ་ལ་ཡང་ཐོགས་པ་མེད་པར་ཕུར་བར་བྱེད་པ། རུས་པ་ཁྲེགས་པ་དང་ཁྲག་དང་ཞག་གིས་ལུས་མགོ་ཞབས་ཁྱབ་པར་བྱུགས་ནས། ཏྲི་ཤུ་ལ་དང་ཐོད་སྐྱོགས་ཐོགས་ཏེ་གནས་སོ། །དུར་ཁྲོད་དེ་ན་རྟག་ཏུ་གནས་ཤིང་ཆགས་པ་ལ་རབ་ཏུ་མོས་པའི་སྲི་མོ་འབུ་ཏི་ཀ་ཤྭ་རི་ཞེས་བྱ་བ་དང་ལྷན་ཅིག་ཏུ། རོ་གསར་རྙིང་གི་ཁྲི་ལ་འགྱིང་ཚུལ་དུ་གནས་ཏེ། སྤྱོད་པ་ངན་པ་འབའ་ཞིག་བྱེད་དོ། །གཞན་ཡང་དུར་ཁྲོད་དེ་ན་གནས་པའི་སྲིན་པོ་ཕོ་མོ་དང་། གནོད་སྦྱིན་དང་། ཤ་ཟ་དང་། འཕྲ་མེན་མ་དང་། མ་མོ་ལ་སོགས་པ་མང་པོར་གནས་པ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་རྣམས་དབང་དུ་བསྡུས་ཏེ། བྲན་དང་། བྲན་མོ་དང་། ཕོ་ཉ་དང་། གཡོག་དང་། ཡང་གཡོག་ཏུ་བྱས་ཏེ། དེ་དག་ཀྱང་གདུག་པའི་སེམས་དང་བཅས་པ་འབའ་ཞིག་གོ །གཞན་ཡང་དུར་ཁྲོད་དེ་ན་གནས་པའི་ཁྱི་དང་། སྤྱང་ཀི་དང་། ལྕེ་སྤྱང་དང་། །ཕར་བ་ལ་སོགས་པའི་གཅན་གཟན་སྣ་ཚོགས་དང་། ཀང་ཀ་དང་། །འུག་པ་དང་། ཁྲ་ལ་སོགས་པའི་འདབ་ཆགས་སྣ་ཚོགས་དང་། མ་ཧེ་དང་། གླང་དང་། གླང་པོ་ཆེ་སྨྱོན་པ་དང་། རྔ་མོ་ལ་སོགས་པ་ཡང་། གཅོང་རོའི་སྒྲ་འདོན་པར་བྱེད་པ་རྣམས་ཀྱང་དེའི་ལོངས་སྤྱོད་དུ་བྱས་ཏེ་གནས་སོ། །ཡུལ་ཁམས་དེའི་ནམ་མཁའ་ལས་ཀྱང་སྤྲིན་དམར་ནག་འཐུག་པོ་འཁྲུག་ཅིང་། སེར་བ་དང་བུ་ཡུག་འཅོ་ཅིང་འབྲུག་སྒྲ་དྲག་པོ་གྲགས་པ་དང་། །གློག་ཀྱང་ཆེར་འཁྱུགས་ཅིང་། ས་གཞི་ཡང་གཡོ་བར་བྱེད་དོ། །དུག་ཤིང་གདུག་པ་ཅན། ཚེར་མའི་དབལ་རྣོན་པོ་ཅན་སྣ་ཚོགས་པའི་ནགས་དང་། ཁྲག་དང་།རྣག་དང་། ཞག་གི་རྫིང་ཆེ་གྲྭ་ནས། ཆུ་སྲིན་དང་། རུས་སྦལ་སོགས་པ་འཕྱོ་བས་ཀྱང་བསྐོར་ཏེ་གནས་སོ། །དྲག་པོ་དེའི་མིག་གཡས་པ་ནས་ཟླ་བ་ལྟ་བུའི་ཟེར་འཕྲོ་བ་ལས་གྲང་བའི་ནད་སྣ་ཚོགས་གཏོང་བ། གཡོན་པ་ལས་ཉི་མ་ལྟ་བུའི་ཟེར་ལས་ཚ་བའི་ནད་ཀྱི་རིམས་སྣ་ཚོགས་གཏོང་བ། སྣ་བུག་ལས་རླུ་་ནག་གི་དཀྱིལ་འཁོར་འཕྲོ་བས་ཐམས་ཅད་ཀྱི་སྲོག་འཕྲོག་པར་བྱེད་པ། བ་སྣུའི་སྒོ་རེ་རེ་ནས་ཀྱང་སྲིན་བུ་མ་དུ་པེ་ར་དང་། ཏྲི་ཤ་ཀ་དང་། རུ་ཙེ་རྐང་འཇིབ་དང་། ན་ཀུ་རེ་ན་པ་དང་། འབེའ་ལུ་ཤ་ཟན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་བས། སེམས་ཅན་གྱི་བསམ་པ་ལ་བར་དུ་གཅོད་ཅིང་། སྐྲངས་པ་དང་། ཤུ་བ་དང་། ལྷོག་པ་དང་། འབྲས་དང་། ཕོལ་མིག་ལ་སོགས་པ་གཏོང་བས་རླག་པར་བྱེད་པ་འགྱེད་ཅིང་གནས་ཏེ། དེའི་ཚེ་སྲིན་བུ་དེའི་མིང་ཡང་བདུད་རུ་དྲ་ནག་པོ་ཞེས་བྱ་བར་བཏགས། འབུ་ཏི་ཤྭ་རི་ནི་སྲིན་མོ་ཀྲོ་དྷི་ཤྭ་རི་ཞེས་བཏགས་ཏེ་རང་བཞིན་ཉིད་ཁྲོས་བཞིན་དུ་གནས་སོ། །དེའི་ཚེ་སྲིན་པོ་དེས་ཁྲོས་བཞིན་དུ་ཚིགས་སུ་བཅད་དེ་སྨྲས་པ། ཁམས་གསུམ་སྣོད་བབ་ང་ཡི་ཞིང་། །འདོད་པའི་དབང་ཕྱུག་བདག་ཉིད་ལས། །འཇིག་རྟེན་གཞན་ནའང་ཡོད་མ་ཡིན། །དེ་བས་དབང་ཕྱུག་བདག་ཉིད་མཆོག །འདོད་པའི་དངོས་པོ་འདི་འདྲ་བ། །དགེ་སྦྱོང་གིས་ཀྱང་ཐོབ་དཀར་ན། །ལྷ་མི་ཕལ་པས་སྨོས་ཅི་དགོས། །དེས་ན་ང་ཡི་ཐབས་མཆོག་འདི། །འགྲོ་ཀུན་ཡིས་སྒོ་བ་ཉོན། །ཅེས་སྨྲ་ཞིང་འགྲོ་བ་ཐམས་ཅད་ལོག་པའི་ལམ་དུ་བཙུག་དེ་ཕུང་ཞིང་སྲིད་རླག་པར་བྱེད་དོ། ཞེས་ཞིང་ཁམས་ཐམས་ཅད་དུ་ཡང་གྲགས་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རུ་དྲའི་སྐྱེ་རྒྱུད་དང་སྙིང་རྗེའི་ཡུལ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།དེ་ནས་འཁོར་འདུས་པ་དེའི་ནང་ནས་ཚངས་པ་ཆེན་པོ་གཙུག་ཕུད་འཛིན་ཅེས་བྱ་བ་ལངས་ཏེ། སྟོན་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ཐམས་ཅད་ལ་གདལ་ཁྱབ་ཆེན་པོར་བཞུགས་པའི་རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་ནས། ལུས་ཀྱི་བག་བཞི་ས་ལ་བརྡབས་ཏེ། ཚིགས་སུ་བཅད་དེ་གསོལ་བ། གདལ་ཁྱབ་ཆེན་པོའི་ཞིང་ཁམས་ན། །བགྲང་དུ་མེད་པའི་བདེ་གཤེགས་རྣམས། །དབྱེར་མེད་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེ་ལྷུན་གྲུབ་དགོངས་སུ་གསོལ། །དབྱེར་མེད་ངང་དུ་སངས་རྒྱས་ཀྱང་། །རྐྱེན་དང་མ་ལྡན་བདག་རྨོངས་ཤིང་། །དུག་ལྔས་གཟིར་བའི་དབང་གིས་འཁོར། །ཆགས་སྡང་དབང་གིས་བསྒྱངས་པའི་བདུད། །རུ་དྲ་ནག་པོ་ཞེས་བྱ་འདིས། །སངས་རྒྱས་བསྟན་པ་ནུབ་བྱེད་ཅིང་། །འགྲོ་ཀུན་ལོག་པར་ཁ་བསྒྱུར་བའི། །ངན་པར་འཐོམས་པའི་དེད་དཔོན་འདི། །དུས་འདིར་ཁ་ལོ་མ་འགྱུར་ན། །འཁོར་བ་རྒྱ་མཚོ་གཏིང་རིངས་ནས། །བྱང་ཆུབ་མྱུ་གུ་རྩ་བསྐམས་ཏེ། །ཐུགས་རྗེ་སྟེ་ཆད་ཀྱི་ཧུད་ཀྱེ། །མི་རྟོགས་བཞེངས་བཞུགས་མི་མངའ་ཡང་། །འགྲོ་བ་ཡོངས་ལ་བརྩེ་སླད་དུ། །གཟུགས་ཀྱི་ཅི་དགར་ད་ན་མཛད་གསོལ། །དེ་སྐད་ཅེས་གསོལ་བ་བཏབ་པས། ནམ་མཁའི་མཐའ་ཀླས་པའི་ཞིང་ཁམས་ན་སངས་རྒྱས་དང་། སེམས་ཅན་གྱི་རིས་བསམ་གྱིས་མི་ཁྱབ་པར་ཁྱབ་གདལ་ཆེན་པོར་བཞུགས་ཏེ། མཉམ་པ་ཆེན་པོའི་དབྱིངས་ཀྱི་ངང་ལས་མ་གཡོས་པ་རྣམས། གསོལ་བཏབ་པ་དེ་ཐ་མི་དད་པར་ཐུགས་སུ་ཆུད་ནས།དེའི་དབྱིངས་ལས་མ་གཡོས་བཞིན་བརྩེ་བ་མེད་པའི་སྙིང་རྗེ་ཆེར་སྐྱེས་ཏེ། སྙིང་རྗེ་སྔོན་དུ་སོང་བས་རྗེ་བ་མེད་པའི་མཐར་ཕྱིན་ཏོ། །དེས་བསྐྱོད་དེ་ཡི་གེའི་ཆོ་འཕྲུལ་དུ་མཛད་པ་ནི་དང་པོའི་ཡི་གེ་སྟེ་ཨའོ། །དེ་ལས་འདུལ་བའི་དབང་གིས་སྣང་བ་ནི་ནམ་མཁའ་རྡོ་རྗེ་དང་། རླུང་རྡོ་རྗེ་དང་། ཆུ་རྡོ་རྗེ་དང་། ས་རྡོ་རྗེ་དང་། མེ་རྡོ་རྗེ་དང་། བརྟན་པའི་རྡོ་རྗེ་དང་། གཟུངས་རྡོ་རྗེ་དང་། འཇམ་པའི་རྡོ་རྗེར་གྱུར་ཏེ། སྤྲུལ་པའི་དབང་པོ་བརྗོད་ཀྱིས་མི་ལང་བའི་སྣང་བ་ཤར་ཏེ་བཞུགས་སོ། །དེ་དག་ཀྱང་ཆོས་མཉམ་པ་ཉིད་ཀྱི་དགོངས་པ་ལས་མ་གཡོས་བཞིན་དུ་ཐུགས་རྗེ་ཆེན་པོས་གཡོས་ནས་གཅིག་ལ་གཅིག་འདི་སྐད་ཅེས་གླེང་ངོ་། །དུས་འདིར་བྱུང་བའི་འབྱུང་པོ་འདིས། །འགྲོ་ཀུན་ལོག་པའི་ལམ་དུ་ཁྲིད། །ངན་སོང་གསུམ་གྱི་དཔུང་བསྐྱེད་ནས། །དཀར་པོའི་རྒྱལ་སྲིད་རབ་ཏུ་ཉམས། །ཆོས་ཀྱི་ཆབ་སྲིད་གདོན་པའི་ཕྱིར། །ཕོ་བྲང་གནས་ནས་ཀུན་བསྐྱོད་དེ། །གདན་ཚོམས་ནན་ཏན་བསྐྱེད་པར་མཛོད། །ཅིས་འདུལ་ཐབས་ཀྱིས་འགྲོ་འདི་སྦྱོང་། །ཞེས་གསུངས་བསྒྲགས་ནས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །ཐམས་ཅད་ཚོགས་ནས་བཀའ་བསྒྲོས་པས། ངན་པའི་ངན་ཚུལ་ཅན་གདུལ་བར་བཅད་དེ། དོན་མཉམ་པ་ཉིད་ཀྱི་དབྱིངས་ལས་དེ་བཞིན་གཤེགས་པས་འཇམ་དཔལ་ལ་བསྒོ་བ། ཁྱོད་ནི་ཤེས་རབ་སྟོབས་ལྡན་པས། །ཐམས་ཅད་མཁྱེན་པའི་རྩལ་དང་ལྡན། །འདི་ལ་ཅི་འདུལ་དགོངས་མཛད་དེ། གང་གིས་འདུལ་བའང་བཤད་དུ་གསོལ། །འཇམ་དཔལ་གྱིས་གསུངས་པ། འདི་ནི་དུས་འདིར་གཤེགས་པ་ཡིས། །འགྲོ་བའི་ཁ་ལོ་སྒྱུར་བའི་བདག ཁྲཀྱའི་དབང་པོ་ཐུབ་པའི་གཙོས། །བདེན་པའི་ལུང་གིས་རྒྱུད་བཀྲོལ་ཏེ། །ཡང་དག་བདེན་པའི་ལམ་དུ་ཆུག །དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། སེང་གེའི་བརྗིད་བག་གིས་ཞིང་ཁམས་ཐམས་ཅད་དུ་བལྟས་ཏེ་གསུངས་པ། སྙིགས་མ་དང་བཅས་འཇིག་རྟེན་འདིར། །ང་བྱུང་ང་ཡི་བསྟན་པ་ལ། །དྲག་པོ་ལས་ངན་འདི་ལྟ་བུ། །ལོག་སྲེང་ཅན་གྱི་སེམས་ཅན་འདི། །ཐུགས་རྗེ་ཐབས་ཀྱི་བདག་ཉིད་ངས། །བདེན་པས་ཡང་དག་ལམ་དུ་གཟུད། །ཅེས་གསུངས་ནས་ཆོས་གོས་ཕྲག་པ་ལ་གཟེད་དེ། གསིལ་བྱེད་དང་པར་པུ་བསྣམས་ཏེ། ངང་པའི་འགྲོས་ཀྱིས་མ་ལ་ཡའི་དུར་ཁྲོད་དུ་གཤེགས་ནས། གསིལ་བྱེད་གསིལ་ཏེ་སེ་གོས་གཏོགས་ནས་གསུངས་པ། ཆོས་རྣམས་རྒྱུ་ལས་མ་བྱུང་མེད། །རྒྱུདེདེབཞིནགཤེགསཔས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སློང་དམ་པས་ངེས་པར་གསུངས་། །སྡིག་པ་ཀུན་ཏུ་མི་བྱ་ཞིང་། །དགེ་བའི་ལོངས་སྤྱོད་རྒྱ་ཆེར་བྱ། །རང་སེམས་བཏུལ་ན་ཤིན་ཏུ་དགེ །འདི་ལྟར་བདེ་གཤེགས་རྣམས་ཀྱིས་གསུངས། །ཅེས་གཉིས་དང་གསུམ་དུ་དགོངས་ཏེ་བཀའ་སྩལ་པ་ལས། ལོག་པའི་སེམས་ཅན་དེས་རྣ་བ་གཉིས་ལག་པས་བཀབ་སྟེ།སླར་ལ་སྨྲས་པ། དེ་ཀུན་བདག་གིས་ཆོས་མིན་ཏེ། །ང་ནི་སྲིད་པའི་དབང་ཕྱུག་ཆེ། །ང་ཡི་བླ་ན་གཞན་མེད་པས། ཁྱོད་ཀྱིས་ང་ནི་ག་ལ་འདུལ། །ང་ཡི་འདོད་པའི་ལོངས་སྤྱོད་ལ། །ཅི་དགར་སྤྱོད་ལ་དྲུང་འདིར་གནོས། ཡུན་རིངས་འདུག་པར་མི་སྤྲོ་ནའང་། ཁྲ་ཚིལ་རྐང་སོགས་ཟོ་ལ་སོང་། །བཀའ་སྩལ་པ། མ་ཁེངས་གུས་པའི་ཚུལ་གྱིས་ཉོན། །སྲོག་བཅད་ཚེ་ཡི་བར་ཆད་འགྱུར། །ལོངས་སྤྱོད་ཆེན་པོ་ཕྲོགས་པས་བརླག །དེ་སོགས་རྣམ་སྨིན་བསམ་མི་ཁྱབ། །དེ་དག་སྤངས་ན་བདེ་འགྱུར་ཏེ། །དལ་འབྱོར་ཅི་དགར་རྙེད་པར་འགྱུར། །སླར་གསོལ་བ། འདོད་པའི་བདེ་བ་ཐོབ་དཀའ་སྟེ། །ང་ལ་མ་གཏོགས་གཞན་ན་མེད། །འདི་འདྲ་ཐོབ་པར་མི་འདོད་ན། །རང་གནང་སོང་ལ་དཀར་ཐུབ་སྲུབས། །དེ་ཡིས་བདེ་བར་མི་ནུས་ཀྱང་། ཁྱོད་ཉིད་མོས་པ་ཅི་དགར་གྱིས། །ཅེས་སྨྲས་སོ། །དེ་ནས་ཡང་བཀའ་སྩལ་པ། ཡང་དག་བདེན་པའི་ཆོས་བཤད་དེ། །མ་ནོར་ལམ་དུ་བཙུད་པ་ལས། །ཕན་པའི་ཚིག་ལ་མི་ཉན་པ། །དཔའ་བོ་རྡོ་རྗེ་འཛིན་པ་ཡིས། །དབང་མེད་ནན་ཏུར་དྲག་པོས་སུ། སྐད་གཅིག་ཉིད་ལ་ཁྱོད་བརླག་འགྱུར། ཡང་དྲག་པོ་དེས། རྡོ་རྗེ་འཛིན་པ་ཞེས་པའི་གསུང་ཐོས་མ་ཐག་ཏུ་སྐྱི་བུང་ཞེས་བྱེད་ནས་སྨྲས་པ། དེ་སུ་ཞིག །བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ཀྱི་མེས་ཆེན་པོ། །རྒྱལ་བ་ཡོངས་ཀྱི་མངའ་བདག །དྲེགས་པ་ཅན་མ་ལུས་པའི་གཉེན་པོའོ། །དེའི་རིགས་ཅི་ཞིག །དེ་ནི་རིགས་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་ས་ཕྱོགས་གང་ན་གནས། །དེ་ནི་ནམ་མཁའི་དཀྱིལ་འཁོར་ན། སངས་རྒྱས་བཀོད་པ་དང་། སེམས་ཅན་གྱི་རིས་ཐམས་ཅད་དུ་ཁྱབ་པར་བཞུགས་ཏེ། །དེ་ལྟར་ཀྱང་ཁྱོད་ཉིད་ཀྱི་དྲུང་ཁོ་བོའོ། །་་ལས་ཅི་ཞིག་བྱེད། །དེ་ནི་སེམས་ཅན་ཐམས་ཅད་འཁོར་བའི་རོ་གླིང་ནས་ཉོན་མོངས་པའི་རྦས་གཡེངས་ཏེ་ཆུ་བོ་ཆེན་པོ་བཞི་ལས་ཐར་པའི་དུས་མེད་པ་ལས་བསྒྲལ་ཏེ། བྱང་ཆུབ་ཀྱི་སྐམས་སར་འདོན་པར་བྱེད་དོ། །དེ་ཡུན་ཇི་སྲིད་ཅིག་ག་ནས་གནས། །དེ་ནི་ལོག་པའི་སྲིད་པ་འདི་མ་བྱུང་བའི་སྔོན་ནས་འབྱུང་ངོ་། །དེ་ཡུན་ཇི་སྲིད་ཅིག་ཏུ་གནས། འཁོར་བ་འདི་མ་སྟོངས་ཀྱི་བར་དུ་གནས་སོ། །དེ་ནས་དོགས་པ་དང་བཅས་པས་ཡ་ལད་སྣ་ཚོགས་གྱོན་ཏེ་གནས་སོ། །བཅོམ་ལྡན་འདས་ཀྱང་གཟུགས་ཀྱི་སྐུ་མི་སྣང་བར་མཛད་དོ། །དེ་ནས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས་བཀའ་བགྲོས་པ་གསུང་གི་དབང་ཕྱུག་སྤྱན་རས་གཟིགས་ཞེས་པ་དེ་ལ་བསྒོ་བ། ཐུགས་རྗེ་མཆོག་དང་ལྡན་པས་ན། །འགྲོ་བ་ཀུན་ལ་རབ་ཏུ་བརྩེ། །སྤྱོད་པ་མཆོག་གིས་འདི་གཟུང་སྟེ། །ལམ་མཆོག་དཔལ་དང་ལྡན་པར་ཁོད། །ཅེས་བསྐུལ་བ་དང་། ཐུགས་རྗེའི་བདག་པོ་དེས་སྙིང་རྗེ་ཆེན་པོ་བསྐྱེད་དེ། །མཚན་དང་དཔེ་བྱད་དུ་ལྡན་པའི་སྐུ་མངོན་དུ་བསྟན་ནས་ཕྱག་ལས་བདུད་རྩིའི་ཆར་ཕབ་སྟེ། བདུད་རུ་དྲ་འཁོར་དང་བཅས་པའི་ཟས་ཐམས་ཅད་ཀྱི་རོ་བསྒྱུར་ནས་ཟར་བཅུག་པ་ལས། བདག་ཅག་གི་ཟས་རོ་མཆོག་དང་ལྡན་པ་ནད་ཐམས་ཅད་སེལ་བ་ལས། འདི་འདྲ་བའི་ཟས་རོ་དམན་པ་འདི་བདག་ཅག་རྣམས་ཀྱི་སྐལ་བ་མ་ཡིན་ནོ་ཞེས་བསྒྲགས་སོ། །ཡང་ཉིད་ཀྱི་སིང་ངའི་གོས་རེག་ན་བདེ་ཞིང་ཡང་བ་ཕུད་ནས། རུ་དྲའི་གོས་ཚ་ཞིང་མཁྲང་བ་དེ་ཉིད་ན་བཟར་བྱིན་གྱིས་བརླབས་ཀྱང་། དེ་དག་རངས་པར་མ་གྱུར་ཏེ། ངེད་ཀྱི་གོས་དྲོ་ཞིང་ལྕི་བ་ལས།འདི་འདྲ་བ་གྲང་བ་སེང་བ་ཡང་འདི་འདོད་པ་མ་ཡིན་ནོ་འེང།་ཟེར་ཏོ། །དེ་བཞིན་དུ་རྒྱན་དང་། སྤྱོད་པ་དང་། ཁྲི་སྟན་ལ་སོགས་པ་བསྒྱུར་ཡང་མ་མོས་ཏེ། སླར་ལ་སྨྲས་པ། སྒྱུ་མ་ལྕམ་བུ་ཐབས་ལ་རེ ངག་འཇམ་ཐམས་ཅད་སླུ་བ་ཁྱོད། །སྨྲ་བྱེད་ངག་ལ་ང་མི་ཉན། །ང་ཡས་གནོད་པ་མ་བྱས་པར། །སྒྱུ་ཟས་ལ་བརྟེན་བདེ་བར་གནོས། ཅེས་སྨྲས་པ་དང་། འཕགས་པ་སྦྱན་རས་གཟིགས་ཀྱིས་གར་མཁན་བཞིན་ཐབས་ཀྱིས་སྤྲུལ་ཏེ། དཔལ་པདྨ་གར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱ་བ། རྡོ་རྗེ་རྟའི་མགྲིན་པ་ཅན་དུ་མཛད། ཐམས་ཅད་དབང་དུ་སྡུད་པའི་བྱིན་རླབས་མངའ་བས། ཧྲི་ཞེས་རྟའི་གད་མོ་ཆེན་པོས་སྲིད་པ་ཐམས་ཅད་གཡོ་བར་མཛད་དེ། སྟབས་ཆེན་པོ་དྲག་ཏུ་བསྐྱོད་པས་དཀྲུགས། རབ་ཏུ་དཀྲུགས། ཤིན་ཏུ་དཀྲུགས་ཏེ། བ་སྐྲུའི་བུ་ག་ཐམས་ཅད་ནས་རྡོ་རྗེའི་ཚ་ཚ་རྣོ་ལ་མྱུར་བ་འཐུག་ཅིང་འཁྲུག་པའི་འོད་ཀྱིས་བདུད་ས་གཞི་དང་བཅས་པ་བསྲེགས་ཤི་ལ་ཐུག་པ་ཙམ་དུ་བྱས་ཀྱང། འདི་སྙམ་དུའདི་བས་བདག་གྲང་བར་གྱུར་ན་བདེ་ཞེས་སེམསཔ་དང་། ཁྲོ་བོ་དེའི་བུ་ག་ནམ་མཁའ་ཙམ་རེརེ་ནས། ཆུའི་རྦ་རླབས་རབ་ཏུ་གཡོས་པ།འུར་འུར་ཞེས་དྲག་པོའི་སྒྲ་གྲགས་ཅིང་བབཔས། བདུད་ས་གཞི་དང་བཅས་པརབ་ཏུ་གཡེངས་ཏེ། སོ་ཐམ་ཐམ་ཞེས་བྱེད་ཅིང་། འདར་ཡེདཡེད་གནས་པ་ལས། བདག་ཚ་བ་དང་གྲང་བ་འདི་དག་པས་ནི། བདག་གསིལ་འཇམ་དུ་གནས་པའི་ཕྱིར་རི་མ་ལ་ཡའིརྩེ་ལ་འགྲོ་སྟེ། དུར་ཁྲོད་ཀྱིགནས་དགོན་པར་གནས་ལཆ་མཉམ་པརབྱའོ། །ཞེས་བསམ་པ་དང་། རྡོ་རྗེ་ཁྲོ་བོ་ཆེན་པོ་དེའི་སྣ་བུག་ནས། རླུ་་གི་དཀྱིལ་འཁོར་བུ་ཡུག་ཆེན་པོ་གཡོ་བར་བྱེད་པས་དེ་གཡེངས་ཤིངབརྡབས་ཏེ། ཁས་བུབ་དང་གན་རྐྱལ་དུ་འགྱེལ་ཞིང་བུ་ག་ཐམས་ཅད་ནས་ཁྲག་ཏུ་སྒྱུགས་པས་བརྒྱལ་བར་གྱུར་པས་ཤི་བ་ཙམ་ལ་ཐུག་ཀྱང་ལོག་པར་ལྟ་བས་དགེ་བའི་ངང་ཚུལ་མེད་དེ་ཁེངས་ཤིང་དྲེགས་པས་འདི་སྐད་ཅེས་སྨྲའོ། །དབང་ཕྱུག་ང་ཡི་ཉེའཁོར་ན། །བདེ་བ་རོ་ཡིས་གང་འགྱུར་ཏེ། །གཅམ་བུ་སྒྱུ་ཡི་འཁོར་ལོ་ཅན། །ག་་ཚུལ་སྟོན་བྱེད་ཁྱོད་འདྲ་བས། །བདག་ནི་ཉེན་པར་འགྱུར་མ་ཡིན། །ཁྱོད་རང་གནས་སུ་སོང་གྱིས་ལ། །འདོད་པའི་ཡོན་ཏན་རྣམས་ལ་སྤྱོད། །ང་ནི་ཁྱོད་ཀྱི་དབང་མི་འགྲོ། །བདག་གི་སྲོག་ནི་ཆད་འགྱུར་ཡང་། །ལྟ་ངན་ཁྱོད་ལ་མི་དད་པས། །འོན་ཏེ་རང་གནས་མི་དེང་ན། །འདིར་འདུག་ང་ཡི་སྤྱོད་པ་སྤྱོད། །བུ་ཡི་ཚུལ་དུ་དྲུང་པོར་བྱ། །ཞེས་སྨྲ་ཞིང་འདུལ་བར་མ་གྱུར་ཏོ། །དེའི་ཚེ་སྤྲུལ་པའི་དབང་ཕྱུག་ཆེན་པོ་དེས་ཞིང་ཁམས་ཡོངས་སུ་བཀོད་པར་གཤེགས་ཏེ་ཉིད་ཀྱི་སྐུ་མི་སྣང་བར་མཛད་དོ། །དེའི་ཚེ་ནམ་མཁའ་ལྟ་བུའི་དབྱིངས་རྣམ་པར་དག་པའི་ཀློང་ནས། མ་གཡོས་བཞིན་དུ་སེམས་སྣང་བའི་རྒྱལ་པོའི་ཐུགས་རྗེས་དམར་ཐག་མ་བཅད་པས་བསྐྱོད་དེ། ཐབས་ཐམས་ཅད་ཀྱི་རྩ་བ་ཧུ༷་དམར་གནག་དུས་མཐའི་མེ་ལྟ་བུ་རབ་ཏུ་ཚ་བའི་འོད་ཟེར་དང་བཅས་པ་ལས། རབ་ཏུ་རྣོ་བའི་འོད་ཀྱིས་ཐམས་ཅད་དུ་སྣང་ཞིང་ཁྱབ་པར་མཛད་དེ། བདུད་ཆེན་པོ་དེའི་འཁོར་བྲེད་པར་བྱས་ནས་རང་དབང་མེད་པར་དེའི་འཁོར་ནས་ཕྲོགས་ཏེ། ཐོ་བས་བཅོམ་ནས་ཕྱོགས་བཅུར་གདན་དུ་གཏིང་སྟེ། གན་རྐྱལ་དང་ཁ་བུབ་ཏུ་བཏིང་ངོ་། །དེ་ཉིད་ཀྱང་འདི་སྙམ་དུ་བདག་གི་འཁོར་འདི་དག་ང་བོར་ནས་རང་རང་གི་བདེ་བ་ལ་ཆགས་པ་ནི་ཅང་མ་ཡིན་ནའང་། འདི་དག་འདི་བོར་ནས་ནམ་མཁས་ཁྱབ་པར་ཁས་བུབ་དང་གན་རྐྱལ་དུ་འདུག་པ་འདི་ཅི་མ་རུང་ཞེས་སེམས་པར་གྱུར་ཏོ། །དེ་ནས་རབ་ཏུ་ཚ་བའི་འོད་དེ་ལས་དེ་དག་གི་སྟེང་དུ་སྣང་བ་ནི་རྣམ་པར་རྒྱལ་བ་དང་། གཤིན་རྗེ་གཤེད་པོ་དང་། རྟ་མགྲིན་དང་། །བདུད་རྩི་འཁྱིལ་པ་དང་། དབྱུག་པ་སྔོན་པོ་དང་། མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། ཁམས་གསུམ་རྣམ་པར་རྒྱལ་བ་དང་། སྟོབས་པོ་ཆེ་དང་། ཧུ༷་མཛད་ལ་སོགས་པས། རབ་ཏུ་ཁྲོས་པའི་ཆ་ལུགས་ཅན། མཚོན་དབལ་རབ་ཏུ་རྣོ་བ་དུ་མ་ཐོགས་ཏེ། སོ་སོར་བསྣོལ་ཏེ་སྔ་མ་བཞི་མནན་ནས་འགྱེལ་བ་ལྟར་གནས་པར་མཐོང་ངོ་། །དེའི་ཚེ་རུ་དྲ་དེ་འདི་སྙམ་ལྟར་སེམས་ཏེ། འཇིག་རྟེན་འདི་ན་ང་ལས་དབང་ཆེ་བ་གང་ཡང་མེད་པ་ལས། ངའི་འཁོར་ཕྲོགས་ཏེ་གནོན་པ་འདི་ངའི་ཚུལ་མ་ཡིན་པས། འདི་དག་ངའི་འཁོར་རྣམས་ཀྱི་གཙོ་བོ་ཤེ་ཤང་ཀ་དྲག་པོ་དང་། ཀེ་སྣ་ཀ་རུ་ཏྲ་དང་། བུ་རུ་བག་ཤ་དང་། ཡ་མ་སིན་དུ་དང་། ལོ་ཧ་རུ་ཤ་ལ་སོགས་པ་ཆུང་མ་དང་བཅས། སླས་དང་བཅས། བྱི་མོ་དང་བཅས། བྲན་མོ་དང་བཅས། ཡང་བྲན་དང་བཅས་པ་རྣམས་དྲེགས་པའི་དབང་གིས་ཐམས་ཅད་གདུལ་བར་བྱའོ་ཞེས་བསྒོ་བ་དང་། དེ་དག་གིས་ཀྱང་རང་རང་གི་ཁྲོ་གཉེར་དང་། མཚོན་ཆ་དང་། རྔམ་སྟབས་ཀྱིས་གདུལ་བར་བསམས་པ་ལས། ཡེ་ཤེས་ཀྱི་འོད་འབར་བ་ལས་བྱུང་བའི། །བཛྲ་ཧེ་རུ་ཀ་དང་། བུད་དྷ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཧེ་རུ་ཀ་དང་། ཀརྨ་ཧེ་རུ་ཀ་དང་། དེ་དག་གི་ཡུམ་དང་། ཀེའུ་རི་མ་བརྒྱད་དང་། སིང་ང་མ་བརྒྱད་དང་། གདོང་མོ་བཞི་དང་།རྔམ་ཚུལ་ལ་སོགས་པ་རེ་རེ་ལ་ཡང་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པས། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་ཅིང་། ཡེ་ཤེས་ཀྱི་མཚོན་ཆ་དུ་མ་ཐོགས་ཏེ། འཕེན་པས་བཏུལ་ཏེ། ང་རྒྱལ་དང་བྲལ་བར་བྱས་ཏེ། ཁྲོ་བོ་རྣམས་ཀྱི་གདན་ལ་བཞུགས་སོ། །དེ་ནས་ཡང་བདུད་ཆེན་པོ་དེ་འཁྲུགས་ཏེ། རབ་ཏུ་ཡང་ཞེ་སྡང་སྐྱེས་ནས། འདི་འདྲ་བའི་སྒྱུ་མ་མཁན་ཞིག་བདག་གི་ཡུལ་ཁམས་འདིར་བྱུང་བས། བདག་གི་དམངས་མང་པོ་དང་།བློན་པོ་དང་། སྡེ་དང་བཅས་པ་དབང་དུ་བྱས་ཏེ། ལོག་པའི་ལམ་དུ་ཁྲིད་ནས་བདག་གི་སྟོངས་སུ་མ་གྱུར་པས། ད་ནི་བདག་གི་ཆ་ལུགས་ལྟར་ལ་འདི་ཕུང་བར་མ་བྱས་ན་ཁམས་འདི་རླག་པར་འགྱུར་རོ་བསམས་པས། ཆུང་མ་འབུ་ཏི་ཀ་ཤྭ་ར་འདི་ཡང་རབ་ཏུ་ཆགས་ཤིང་འཁྲིག་པ་ལ་མོས་པས་འདི་བསྟེན་པར་བྱས་ལ་ངན་པ་ལ་གཏུག་པར་བྱའོ་བསམས་པ་ནས། ཆུང་མ་གཟི་མདངས་རབ་ཏུ་འབར་བ་ལ་མིག་ཁྲག་ཏུ་འདུག་པས། ཆགས་པས་བསྡུ་བར་བསམ་ནས། ཧ་ཧ་ཞེས་བརྒད་ནས། ཡེ་ཤེས་ཆེན་པོའི་སྣང་བ་ཉིད། ཡུམ་ས་ནུ་ཀྲོ་དྷི་ཤྭ་རི་ཀ་ཞེས་བྱ་བའི་ཆ་ལུགས་སུ་སྣང་བས་རབ་ཏུ་ཆགས་པའི་མདངས་ཕྱུང་ནས། ཁམས་གསུམ་དུ་ཟུར་གྱིས་བལྟས་པས་ཐམས་ཅད་ཡིད་གདུངས་ཏེ་དབང་དུ་བསྡུས་པ་ལས། སྣུད་དྷི་ཤྭ་རི་ཀ་ཞེ་སྡང་པར་གྱུར་ནས། ཁྲོས་པའི་ཆ་ལུགས་སུ་རབ་ཏུ་རྔམ་པས་བལྟས་ནས་མི་སྡུག་པའི་སྤྱོད་པས་བོས་པ། ཆགས་པའི་དབངཕྱུག་རྒྱལ་བའི་གཟུགས། །ང་ནི་ཁམས་གསུམ་རྒྱལ་མོ་སྟེ། ཁྲོས་པའི་བཞིན་གྱིས་ཀུན་དབང་སྡུད། །འགྲན་སེམས་ཅན་ཁྱོད་བརླག་པར་བྱ། །ཞེས་སྨྲས་ཏེ། རང་གི་རྒྱན་སྣ་ཚོགས་པས་བརྒྱན་ཏེ་ལུས་ཐལ་ཆེནདང་སྲོ་ཏ་ཨ་ཛ་ནས་བྱུགས་ཏེ་བསྡིགས་པས། ཡུམ་ཀྲོ་དྷི་ཤྭ་རི་སྣང་བ་མི་སྣང་བ་ཐམས་ཅད་དུ་སྐུ་ཁྱབ་པར་མཛད་དེ། དབུ་དགུ་པ་སྤྱན་ཉི་ཤུ་རྩ་བདུན་བགྲད་ནས་གཟིགས་པས་སྲིད་པ་གསུམ་ས་ལེར་གཟིགསཔ། རྡོ་རྗེ་ཁ་ཊ༷་ཁ་དང། ཏྲི་ཤུལ་དང་། དགྲ་སྟ་དང་། ཐོད་དབྱུག་དང་། མདུང་ཤིང་དང་། ཞགས་པ་དང་། ཏོག་ཙེ་དང་། གཤོལ་མདའ་དང་། ཐག་མདུང་རྡོ་རྗེས་མཚན་པ་གཡས་པས་བཟུང་ནས་འཕེན་པ། དུང་ཆེནཔོ་ཁྲག་གིས་གཏམས་པ་དང། ལྕགས་ཀྱུ་དང་། རྔ་རྐེད་ཉེག་དང། འཁོར་ལོ་རྣོན་པོ་དང་། རྒྱུ་ཞགས་དང་། སྡིགས་མཛུབ་དང་། སྟི་རའི་དབྱུག་པ་དང་། ཐོད་པ་སྐྲ་དང་བཅསཔ་དང་། དྲིལ་བུ་རྣམས་འགྱིངས་པས་འཛིནཔ། ཞབས་ཀྱི་རིགས་བཞི་ཡབ་ཡུམ་གྱིདབུ་བརྒྱན་པ། གསད་བའི་པདྨ་སྟོང་དུ་གྱེས་པའི་སྦུབས་སུ་རྡོ་རྗེ་ཧེ་རུ་ཀའི་སྨིན་མཚམས་ཡན་བསྣུབ་ཏེ་རཀྟའི་ཟར་བུ་འཛག་པས། ཞེ་སྡང་ཅན་ཐབས་ཀྱིསབཏུལ་ནས་ཞིང་དག་པར་སྦྱོང་བར་མཛད་པས་སྲིན་མོ་དེ་བྲེད་པར་བྱས་ཏེ་འདར་ཡེད་ཡེད་ལས། གངས་རི་ཆེན་པོ་རུདབཅད་པ་བཞིན་དབང་དུ་བསྡུས་ཏེ་དབྱིངས་དག་པ་ལ་བཀོད་དོ། དེ་ནས་བདུད་ཆེན་པོ་དེ་རབ་ཏུ་མྱོས་ནས་བསམས་པ། བདག་ནི་དར་བ་ཆེན་པོ་ལས། ཁམས་གསུམ་པའི་དུར་ཁྲོད་ཉམས་དགའ་གནས་འདི་ཐོབ་སྟེ། དུར་ཁྲོད་ཀྱི་མ་མོ་མང་པོ་ཡང་དབང་དུ་བསྡུས་ནས་ཟད་པ་མེད་པའི་ལོངས་སྤྱོད་ལ་དབང་སྒྱུར་བ་ཞིག་ལས། ལོག་པའི་སྐྱེས་པ་འདི་བྱུང་སྟེ། བདག་གི་རིགས་ཐམས་ཅད་དབང་དུ་བྱེད་འདོད་པས། རེས་འགའ་ནི་སྐྱེས་པ། རེས་འགའ་ནི་བུད་མེད། རེས་འགའ་ནི་མཚན་གཉིས་པ། རེས་འགའ་ནི་ཞི་བ། རེས་འགའ་ནི་ཁྲོས་པའི་བཞིན་ཅན། དེ་ལ་སོགས་པ་ཅིར་ཡང་སྣང་བས་ཀུན་སླུ་བས་འདི་ད་བདག་གིས་དབང་དུ་བསྡུས་ལ། བཀའ་ཉན་དུ་གཞུག །སྔར་ཁོའི་དབང་དུ་སོང་བ་རྣམས་ཀྱང་སླར་ལ་བདག་ཉིད་ལ་འདུད་པས་རབ་ཏུ་ཡང་སྙིང་ཉེ་བར་བྱ་བའི་ཆེད་དུ་བདག་གིས་རྫུ་འཕྲུལ་བསྟན་པར་བྱའོ་སེམས་ཏེ་ལུས་གཅིག་ལ་ལག་པ་གཉིས་པ་བོར་ནས། མགོ་གསུམ་པ་ལག་པ་དྲུག་པའི་སྲིན་པོར་སྤྲུལ་ཏེ་གཤོག་པ་བརྐྱང་ནས། ནམ་མཁའ་ལ་འཕགས་པ་དང་། སྲིན་པོའི་གདངས་སྒྲ་བཏོན་ཏེ་དབང་དུ་བྱ་བར་འདོད་པ་ལས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་ཐུགས། གསང་བ་ལས་སྤྲུལ་རབ་ཏུ་སྤྲུལ་པའི་སྲས་དམ་པ། ས་ནུ་ཤི་ཧེ་རུ་ཀ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་ཞིག་རང་བྱུང་བར་གྱུར་ཏེ། མགོ་བཞི་ལ་ལག་པ་བརྒྱད་པར་གྱུར་ནས་སྲིན་པོའི་དྲུང་དུ་བསྙེན་ཏེ། ཧུ༷་ཞེས་དབུགས་རྔུབས་པས། སྲིན་པོ་དེ་རབ་ཏུ་ཡང་འདར་བཞིན་དུ་མགོ་བདུན་པ་ལ་ལག་པ་བཅུ་བཞི་པར་བྱས་ཏེ། རྫུ་འཕྲུལ་ཆེན་པོ་བསྟན་ཏོ། །དེ་ནས་རྡོ་རྗེ་སྲིན་པོ་དེས་དབུ་དགུ་ལ་ཕྱག་བཅོ་བརྒྱད་པར་མཛད་དེ་སྔ་མ་བཞིན་ནོ། །དེ་ནས་བདུད་ཆེན་པོ་དེས་མཚོན་ཆ་སྣ་ཚོགས་པ་ཐོགས་ཏེ་འཕང་བར་གཟས་པ་ལས། མེ་ཏོག་སྣ་ཚོགས་པའི་ཆར་པར་གྱུར་ཏེ་གདུགས་སུ་གྱུར། དབང་པོའི་སྒོ་ཀུན་ནས་དྲི་ང་བ་དང་། མི་ཞིམ་པ་དང་། རུལ་པ་དང་། དཀུ་བ་སྣ་ཚོགས་བཏང་སྟེ་ནད་ཚ་གྲང་གི་རིམས་གཏོང་བར་འདོད་པ་ལས། ཙན་དན་གྱི་ཇི་བསུང་ཆེན་པོར་གྱུར་ཏེ། ཐམས་ཅད་དུ་ཁྱབ་སྟེ་ཚིམ་པར་གྱུར། རྡོའི་ཆར་པ་ཆེན་པོ་ཕབ་པས། རིན་པོ་ཆེ་སིལ་མའི་ཆར་པར་གྱུར། སྲིན་པོའི་སྒྲ་ཆེན་པོ་དང་། སོད་རྒྱོབ་ལ་སོགས་པའི་ཚེར་ལྷང་གི་སྒྲ་བསྒྲགས་པས་རོལ་མོའི་སྒྲ་སྣ་ཚོགས་ཀྱི་ཆར་པར་གྱུར། བདུད་ཀྱི་ལྔའི་ལོངས་སྤྱོད་ཟད་པ་མེད་པར་གྱུར། གཤོག་པ་བརྐྱང་སྟེ་ནམ་མཁའ་ལ་འགྲོ་བར་གཟས་པ་ལསརང་བཞིན་གྱིས་འཁུམ་ནས་བསྐྱོད་མ་ནུས་ཏེ་ཞན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྔམ་པ་ཆེན་པོ་དེས། ཧུ༷་ཧུ༷་ཧུ༷་སརྦ་ཏ་ཐུ་ག་ཏ་མཧྭ་ཀྲོ་དྷ་ན་ལི་ཀ་དང་སྟུ༷་རུ་ཏྲ་ཁ་ཁུ་ཧ་ན་ད་ཧ་པ་ཙ་ཧུ་ལུ་ཕོ་ཊ་ཡ་ཁ་ཁ་ཁུ་ཧི་ཁུ་ཧི་ཧ་ཧ་ཧེ་ཧེ་ཧུ༷་ཧུ༷། ཞེས་གསུངས་པས། ཡེ་ཤེས་རབ་ཏུ་འབར་བའི་འོད་འཁྲུགས་ཏེ། དབུ་དགུ་པ་ཁྲོས་ཤིང་བཞད་པ་དང་ཟ་བར་བྱེད་པ། བགྲད་ཅིང་རྨོངས་པ་དང་རྣམ་པར་འགྱུར་བྱེད་པ། ཆགས་པ་དང་སྙེག་ཅིང་གཙིགས་ཏེ། སྣ་ཚོགས་པ། ཡེ་ཤེས་འབར་བའི་རྡོ་རྗེ་དང་། དབྱིང་གསལ་བའི་དྲིལ་བུས་བརྒྱན་ཅིང་འགྱིང་བག་དང་ལྡན་པས་བརྗིད་པ། དུར་ཁྲོད་ན་གནས་པའི་རུ་ཏྲའི་ནང་འཁོར་ཀེའུ་རི་དང་། སིང་ང་ལ་སོགས་པ་གཡས་གཡོན་གྱི་ཕྱག་ན་བཟུང་སྟེ་བཙིར་བས་སྐད་ངན་སྒྲོགས་པ། ཞབས་བརྒྱད་ཀྱི་འདོད་པའི་དབང་མོའི་དབུ་བརྒྱན་ཏེ་གནོན་པ། དུར་ཁྲོད་ཀྱི་གོས་སྣ་ཚོགས་པས་སྟོད་སྨད་དཀྲིས་པས་ན་བཟར་མཛད་པ། སངས་རྒྱས་ཐམས་ཅད་ཀྱིས་དབུ་བརྒྱན་ཏེ་རྒྱལ་ཐབས་བརྙེས་པ། ཆོས་ཀྱི་སྲོག་ཤིང་ལ་།་བྱང་ཆུབ་ཀྱི་སེམས་ཀྱི་ཆར་ཕབ་སྟེ་དགེ་བའི་ལོ་ཏོག་བསྐྱེད་པས་འགྲོ་བའི་གསོས་བྱེད་པ། རྡོ་རྗེ་་ང་གི་གཤོག་པ་བརྐྱང་བས་ཐམས་ཅད་ཟིལ་གྱིས་གནོན་པ། རིན་པོ་ཆེ་རབ་ཏུ་འབར་བའི་གཤོག་པ་ཐུར་དུ་བརྐྱང་བས། ཀླུའི་རྒྱལ་པོ་མང་ག་ལ་དང་། སྲིང་ག་ལ་དང་། བིང་ཀ་ར་ཤ་དང་། ཧུ་ལུ་ཀ་ལ་སོགས་པ་ཟིལ་གྱིས་གནོན་པའི་ཐབས་དང་ལྡན་པ། ལྷུ་གཟུགས་དང་ཡན་ལག་སྦྲུལ་གྱིས་དཀྲིས་པ། ས་བདག་ཕག་ཆེན་པོ་ལ་སོགས་ཆམ་ལ་འབེབས་པར་མཛད་པ་ཆེན་པོ་དེས་ཧཱུཾ་ཞེས་རྔུབས་པས། ས་ཆེར་གཡོས་ཏེ་རབ་ཏུ་བྲེད་པར་བྱས་སོ། །ཧཱུཾ༷་གཉིས་པས་ཞལ་དུ་བསྟབས་སོ། །གསུམ་པས་ཁྱུར་མིད་མཛད་དོ། །བཞི་པས་སྣམ་ནས་བཏོན་ཏེ་འདམ་གྱི་ཁུང་ཆེན་པོ་ན་གནས་པ་ལས། །དཔའ་བོ་དེས་ལྗགས་ཀྱི་རྩེ་མོ་ནས་ཁྲོ་བོ་པདྨ་འཁྱིལ་བ་བརྟན་ཏེ་བདུད་རྩིར་མཛད་ནས་བསྣབས་སོ། །དེ་ནས་གསང་བ་ཆེན་པོ་དེས་ཐུགས་ཀ་ནས་ཨ་ལས་བདུད་རྩིའི་ཆར་པ་ཕབ་སྟེ་གསོས་ནས་དྲན་པ་རྙེད་པ་དང་ཐལ་མོ་སྦྱར་ཏེ་གསོལ་བ། ཨེ་མའོ་བདག་འདྲ་བདེ་བའི་གནས་འདི་ནས། །དར་ཅིག་ཙམ་གྱི་ཡུན་ལ་ཕུང་། །སྲིན་པོ་དང་འདྲ་བའི་གདུགས་པ་འདིས། །བདག་གི་བདེ་བ་ཡུན་དུ་ཕྲལ། ཁྱོད་ནི་སྙིང་རྗེ་གཏན་ནས་བརླག །ཅེས་ཟེར་ཞིང་སྡུག་བསྔལ་གྱིས་རབ་ཏུ་གཟིར་ཞིང་གནས་སོ། །དེ་ནས་དཔའ་བོ་ཆེན་པོ་དེས་བྱང་ཆུབ་སེམས་བདེ་བའི་སྒྲོན་མ་ཞེས་བྱ་བའི་འོད་ཟེར་བཏོན་ཏེ། ལོག་པ་ཅན་དེའི་རྒྱུད་ཚིམ་པར་མཛད་ནས་སྙིང་ཁར་བཅུག་པས། དེ་ཉིད་ཀྱིས་སྔོན་གྱི་ལས་དྲག་པོས་ངན་སོང་གི་གནས་བརྒྱུད་དེ། སྐྱེ་བ་ངན་པ་བླངས་ཏེ་དཀོན་མཆོག་གི་གདུང་བཅད་པར་རང་ཉིད་ཀྱིས་ཤེས་ནས་འགྱོད་དེ་གསོལ་བ། ཐོག་མ་མེད་པའི་རང་སེམས་རང་གིས་བསླད། །བག་ཆགས་འཐུག་པོའི་མུན་པས་བསྲིབས་པ་ཡིས། །སྲིད་པའི་སྡུག་བསྔལ་ཁ་བརྒྱད་འཁོར་བར་འཁྱབས། །ས་བོན་རྩུབ་མོས་རུ་དྲ་བདུད་དུ་སྐྱེས། །རང་གིས་རང་མནར་ཁྱེད་ལ་བཟོད་པར་གསོལ། །ཐུགས་རྗེའི་ལྕགས་ཀྱུས་བྱང་ཆུབ་ས་ལ་དྲོངས། །ཅེས་གསོལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀྱང་རིམ་ནས་བྱིན་གྱིས་བརླབས་ཏེ་ས་ལ་བཀོད་ནས་ཚིམ་པར་མཛད་དོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།ལོག་པའི་སྐྱེས་བུ་བཏུལ་ཏེ་བདུད་རྩིའི་དཀྱིལ་འཁོར་དུ་མཛད་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་སྟན་བདེ་བ་ལས་ལངས་ཏེ། དཔལ་བདེ་བ་ཆེན་པོ་ལ་གསོལ་པ། ཀྱེ་མ་དྲེགས་པ་ཀུན་འདུལ་བའི། །དབང་ཕྱུག་ཆེན་པོ་བདག་ལ་གསོལ། །ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །བ་་རྣམས་པར་ཆད་མེད་ཕྱིར་དང་། ཀླུ་ཡི་དབང་བྱས་ལ་ཕན་ཕྱིར། །དབང་གི་དཀྱིལ་འཁོར་བཤད་དུ་གསོལ། །དེ་སྐད་ཞུས་པ་ཐུགས་ཆུད་ནས། །དབང་ཆེན་བདུད་རྩིས་བཀའ་སྩལ་པ། །བདེ་བ་ལྷུན་གྲུབ་བདུད་རྩི་ལ། །བར་ཆད་ཅེས་བཏགས་ལོག་པའི་བདུད། །འཛིན་རྟོག་བྲལ་བའི་ཡེ་ཤེསཀློང་། །མ་འདུས་མེད་པ་དབང་དཀྱིལ་འཁོར། །འཛིན་བཅས་རྣམས་ལ་སྣང་བ་ནི། །བདག་ཉིད་ཕྱག་རྒྱའི་དཀྱིལ་འཁོར་ཉིད། །སྦོམ་པོ་དག་དང་དབང་པོ་ལ། །ཉི་མ་དག་དང་ཟླ་བ་ཡིས། །ག་བུ་ཨ་དང་ཧུ༷་ལས་བསམ། །ལག་པ་གཡས་པའི་དཔུང་པ་བརྐྱང་། །ཡེ་ཤེས་ལྔ་བསྡུས་ཐིག་ལེ་བཟུང་། རྡོ་རྗེར་མཚོན་གང་བཅང་བར་བྱ། །པདྨའི་འདབ་མ་མཐིལ་དུ་དགུག །ཧྲི་ལས་པདྨའི་སྡོང་བུ་དབུས། །རྟ་མགྲིན་རྒྱལ་པོ་ཡང་དག་སྒོམ། །ཕྱོགས་ཀྱི་འདབ་མ་བཞི་པོ་ལ། །མི་ཕམ་ཁྲོ་གཉེར་མ་དང་ནི། །རོ་ལངས་མ་དང་རལ་གཅིག་མ། །ཉེ་བའི་འཁོར་གྱིས་རབ་ཏུ་མཛེས། །གསང་བའི་གནས་ཀྱིས་རབ་ཏུ་བརྒྱན། །ཆགས་པས་རབ་ཏུ་དགའ་བར་བྱེད། །བདེ་བའི་རྒྱུན་དང་བཅས་པས་རོལ། །རང་སྔགས་འོད་ཀྱི་འཕྲེང་བས་བསྐོར། །ཀ་ཀ་ལིང་གི་གླུ་བླངས་ཏེ། །འདས་པའི་འཕྲེང་བ་སྤྲོ་ཞིང་བསྡུ། ཀླུ་ཡི་གདུག་པ་རབ་གསལ་ཏེ། །བདུད་རྩི་དམ་པ་བཅུ་ཀུན་སྦྱར། །རབ་ཏུ་སྦྱངས་ཏེ་མཛེས་པར་བླུགས། །དགའ་བའི་གར་དུ་སྦྱངས་པར་བྱ། །དབང་གི་དཀྱིལ་འཁོར་རབ་བཤད་དེ། །འཁོར་གྱི་དཀྱིལ་འཁོར་རབ་མཉེན་པས། །བདེ་བའི་རོལ་པས་ཚིམ་པར་གྱུར། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དབང་གི་དཀྱིལ་འཁོར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།དེ་ནས་ཡང་གསོལ་བ། བཅོམ་ལྡན་བདེ་བ་རྒྱན་གྱི་དབྱིངས། །དཀྱིལ་འཁོར་མངའ་བདག་གཙོ་ཆེན་པོ། །ཐབས་ཆེན་བདེ་བ་རྒྱན་གྱི་མཆོག ཁྲེས་རབ་སྒྲོན་མ་གསལ་བའི་འོད། །འཁོར་བའི་གཏོས་འཇོམས་བདེ་བའི་གློག །ཐམས་ཅད་ཀུན་སྒྲོལ་སྤྲོས་བྲལ་བདག །གོང་བུ་གཅིག་པར་ཀུན་བསྡུས་པའི། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སྟོན་པས་ཞུས་པའི་ཚིག་གསན་ནས། །མཚན་མ་ལ་དགའི་འགྲོ་བ་རྣམས། །མོས་པ་བསྐྱེད་ཅིང་གཞུག་པའི་ཕྱིར། །དཀྱིལ་འཁོར་ཡང་དག་བཤད་པར་བྱ། །བདེ་གཤེགས་རྒྱལ་བའི་ཐུགས་ཀྱི་ཐུགས། །མ་བཅོས་དོན་གྱི་དེ་ཁོ་ན། །ཡང་དག་བྱང་ཆུབ་སྙིང་པོ་ཉིད། །གསང་བ་དོན་གྱི་དཀྱིལ་འཁོར་མཆོག །སྟོང་གསུམ་ཡངས་པའི་མཁའ་ཀློང་ནི། །བྷ་ག་གསུམ་བརྩེགས་ཡང་ཐོག་བརྩེགས། ཁྲེས་རབ་ཕ་རོལ་ཕྱིན་པའི་གནས། །སྐུ་གསུང་ཐུགས་ཀྱི་འབྱུང་གནས་ཏེ། །གསང་བའི་དཀྱིལ་འཁོར་ལོག་རྟོག་འཇོམས། །སྙིང་ཁའི་དབུས་སུ་གནས་པ་ནི། །བརྒྱད་པ་འཁོར་དང་འདས་པའི་གནས། །དངས་མའི་དངས་མ་བཅུད་ཀྱི་མཆོག །རིག་པའི་འབྱུང་གནས་ཡེ་ཤེས་ཏེ། །དེ་ནི་སྙིང་གི་དཀྱིལ་འཁོར་རོ། །ཡང་དག་དོན་ལ་མ་འབྱོར་ཅིང་། །མཚན་མས་རྒྱུད་ནས་ཐོབ་བྱེད་ཕྱིར། བརྙན་པའི་དཀྱིལ་འཁོར་རབ་བཤད་བྱ། །ལུས་ཚད་གྲུ་བཞི་ལྷམ་པ་ལ། ཁྲུ་གང་ཕྱེད་མའི་ཆ་ཡིས་སྨད། །གས་གྲུམ་མཐོ་དང་དམའ་བ་དང་། །ཡོན་པོ་སྤངས་པ་སུམ་བརྩེག་ནི། །མེ་ལོང་ངོས་ལྟར་དགག་པར་བྱ། །མཁས་པས་དཀྱིལ་འཁོར་རབ་བརྟན་ཕྱིར། །རྡོ་རྗེ་ཧུ༷་ཞེས་མཚམས་བཅད་དེ། །ལྔ་འམ་གསུམ་གྱིས་ཆག་ཆག་གདབ། །ཡང་ན་བཅུད་ཀྱི་དམ་པས་བྱ། །རྒྱུ་མ་ལས་བྱུང་སྲད་བུ་ནི། །གསུམ་བསྒྲིལ་ཡང་ན་ལྔ་བར་བྱ། །བདུད་རྩི་ལྔ་ཡི་ཆུར་སྦངས་ཏེ། །བྱིན་བརླབས་དབང་བསྐུར་བྱ་བར་བཤད། །དེ་ནས་ཤར་ནས་ནུབ་ཏུ་བྲེ། །མཁའ་དབྱིངས་བསྣོལ་བའི་ག་བུ་ནས། །དཀར་དམར་འོད་ཀྱི་ལུ་གུ་བརྒྱུད། །བདེ་གཤེགས་ཕོ་བྲང་གཞལ་ཡས་ཁང་། །ལྷུན་གྱིས་གྲུབ་པར་ཐིག་གདབ་བོ། །རས་བལ་ལས་བྱས་འཇུར་མདུད་མེད། །གྲིམས་དང་ལྷོད་པ་རབ་སྤངས་ཏེ། །ཉིས་འགྱུར་ཆད་དང་ལྷག་པ་སྤངས། །བདུད་རྩི་རླན་བཅས་ཁུ་བཅུད་ཀྱིས། །མཉམ་པའི་ས་ལ་ཐིག་གདབ་སྟེ། །ཆད་ལྷག་ཡོ་འབྲུས་མེད་པར་བྱ། ཁྲར་ནས་ནུབ་ཏུ་ལྷོ་ནས་བྱང་། །འཚམས་ཀྱི་བྲེ་བའང་དེ་བཞིན་ཏེ། ཁྲར་སོགས་མཐའ་མའི་ཕྱོགས་རིམ་བཞིན། །མཁས་པས་བསྒྲིམས་ཏེ་གདབ་པར་བྱ། །ཉིས་འགྱུར་གསུམ་པའི་ཆ་དག་ལ། །སྙིང་པོའི་དཀྱིལ་འཁོར་བཞི་པ་སྟེ། །གཅིག་པོར་རྡོ་རྗེ་འབྲེང་བར་བྱ། །ཀ་བ་བརྒྱད་ཀྱིས་བརྒྱན་པ་ཡི། །ཆ་དགུ་གཅིག་ནི་མུ་ཁྱུད་འདྲ། ཁ་ཁྱེར་ར་བའང་དེ་བཞིན་ཏེ། །དེ་བཞིན་རྡོ་རྗེ་འཕྲེང་བའོ། །དབུས་ཀྱི་ཆ་ནི་ཀ་བ་བརྒྱད། །ཀུན་ནས་འཁོར་བར་རྡོ་རྗེ་འཕྲེང་། །ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་པ། །པདྨའི་འདབ་མ་དེ་བཞིན་ཏེ། །ཐོག་ནི་རིན་ཆེན་ཟུར་བརྒྱད་འབར། །སྒོ་དང་བཅས་པར་ཐིག་གདབ་སྟེ། །སྙིང་པོའི་དཀྱིལ་འཁོར་རབ་ཏུ་བསྟན། །ཕྱི་ཡི་དཀྱིལ་འཁོར་སྒོ་དང་བཅས། །བར་ཆད་མེད་པ་རབ་ཏུ་མཛེས། །ལོངས་སྤྱོད་རྒྱན་གྱིས་རབ་མཛེས་པ། །དུར་ཁྲོད་རབ་ཏུ་འཇིགས་པས་བརྒྱན། །བསྐལ་པའི་མེད་དཔུང་འབར་བའི་འོད། །རབ་ཏུ་དཀྲིགས་པར་བྲི་བར་བྱ། །དེ་ནས་ལྷ་ཡི་མཚན་མ་ནི། །རབ་ཏུ་གྱུར་པའི་ཀ་བཱ་ལ། །ཡིད་འོང་རབ་ཏུ་མཚན་ལྡན་ལ། །རིགས་ཀྱི་བདག་ཉིད་ཡབ་ཡུམ་དང་། །རྡོ་རྗེ་ཆེ་མཆོག་ཐབས་ཤེས་རབ། །སྐུ་འམ་ཡང་ན་མཚན་ཀྱང་རུང་། །བྲིས་ཏེ་བརྟན་པར་བཞུགས་སུ་གསོལ། །ཕོ་བྲང་སྙིང་པོ་ཉིད་ལའོ། །དེ་ཡི་ཕྱེད་ཚལ་དག་ལ་ནི། །རིགས་བཞི་ཁྲག་འཐུང་ཡབ་ཡུམ་བརྒྱད། །གོང་ལྟར་བྱས་ཏེ་རེའུ་ཆ་བཞི། །མ་ནོར་ཡང་དག་ལེགས་པར་བཞུགས། །ཚལ་པ་ཕྲ་མོ་བཅུ་དྲུག་ལ། །མ་མོ་བརྒྱད་དང་འཔྲ་མེན་བརྒྱད། །ལེགས་པར་བྲིས་ཏེ་འཁོར་ལོ་དང་། །པདྨ་ལ་ནི་གྲལ་བཞིན་དུ། །སྒོ་བཞིར་སྒོ་བ་ཆེན་མོ་བཞི། །ཚལ་བུ་ལ་ནི་རིམ་བཞིན་དགོད། །རབ་ཏུ་བྲིས་པ་ལས་བཞེངས་ཏེ། །ཕྱི་རོལ་དག་གི་ཁྱམས་དང་སྒོར། །བྲན་མོ་ཉི་ཤུ་བརྒྱད་བྲི་སྟེ། །སྒལ་རྩིབ་མཁར་བུ་རེ་རེ་བཞག །རྩ་བའི་དཀྱིལ་འཁོར་བྲིས་ཟིན་ནས། །ཕྱི་རོལ་རྒྱན་སོགས་རྫོགས་པ་དང་། །ཕྱི་རོལ་འབར་བའི་ཀློང་དཀྱིལ་དུ། །མཚམས་ཀྱི་དཀྱིལ་འཁོར་དགོད་པ་ནི། །ཕུར་པ་རབ་མཛེས་བཅུ་དག་ལ། །འཇིགས་བྱེད་བཅུ་བྲིས་ཕྱོགས་བཅུར་དགོད། །ཡང་ན་ཡན་ལག་ཕྲ་མོ་དགོད། །དེ་ལྟར་རྫོགས་པར་བྱ་བ་ནི། །བརྙན་མའི་དཀྱིལ་འཁོར་དམ་པའོ། །དེ་སྐད་གསང་བའི་སྟོན་པས་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོས་འཁོར་གྱི་དཀྱིལ་འཁོར་དག་བཅས་ཏེ་གཞས་བཏབ་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་འཁོར་དང་འདས་པ་གཉིས། །མི་གཉིས་གཅིག་སྟེ་ཐ་མི་དད། །རང་སྣང་སེམས་ཀྱི་ཀློང་ཉིད་དུ། །བདལ་ཁྱབ་གཅིག་པར་གྱུར་པ་སྟེ། །མི་གནས་མི་དམིགས་ཅིར་མི་དམིགས། །མི་གནས་ཙམ་གྱིས་ཐ་སྙད་སྤངས། །དེ་ལྟར་ངེས་བར་སྟོན་པར་གསུང་། །ཡིན་པ་བདག་གིས་ངེས་པར་རྙེད། །ངེས་པར་གཞན་ལ་བསྟན་པ་ལས། །ལས་དང་བྱ་བ་བྱེད་པ་དང་། །བསྒྲུབ་པ་དབང་བསྐུར་དཀྱིལ་འཁོར་དང་། །བཟླས་དང་མཆོད་བསྟོད་ལ་སོགས་གསུངས། །མི་དམིགས་པ་ལས་དམིགས་བཅས་བྱུང་། །དེ་ལྟར་བསྟན་པ་ངོ་མཚར་གྱུར། །དེ་ལ་དཔའ་བོས་བཀའ་སྩལ་པ། །སྟོང་པ་ལྷུན་གྲུབ་བདེན་དབྱེར་མེད། །ཀུན་ཁྱབ་ཡོངས་ལ་གསལ་མོད་ཀྱང་། །རྐྱེན་བྲལ་ངོ་མ་ཤེས་པ་དག །དེ་དག་ཀུན་ལ་བརྟེན་པས་འགྲུབ། །དཔེར་ན་གླིང་རབ་དམ་པ་ནས། །བི་ཌབྱ་སོགས་རིན་ཆེན་སྐྲུངས། །དབུལ་སེལ་དགོས་བསྒྲུབ་ལེན་འདོད་པས། །རྒྱ་མཚོ་རབ་མེད་བསྐོར་ནས་ཀྱང་། །ཆུ་སྲིན་ཉ་མིད་ལ་སོགས་པའི། །གདུག་པས་གང་སྟེ་རབ་དཀའ་ལས། །དེད་དཔོན་སྟོབས་ལྡན་ཐབས་མཁས་པས། །གྲུ་གཟིངས་སྨན་དང་སྔགས་དག་དང་། །འདུས་པའི་ཐབས་ལ་བརྟེན་བྱས་ཏེ། །མཐུན་པའི་མཚོ་བ་མང་བསྲེལ་ན། །ལ་ལས་ཐང་ཅིག་ཡུད་ལ་ལོན། །ལ་ལས་ཟླ་བ་ལོ་ཕྱེད་རངས། །གཉིས་དང་གསུམ་གྱིས་གདོན་མིཟ། །དེབཞིནའདིརཡངཤེས་པར་བྱ། །དེ་བས་ནན་ཏན་བརྩོན་བསྐྱེད་དེ། །ཐབས་ལ་མཁས་པའི་སྐྱེས་བུ་ཡིས། །བྱ་བ་ཀུན་ལ་ངེས་པར་བྱ། །དེ་ཕྱིར་ཡང་དག་པར་མཆོད་ཅིང་། །ལྷ་ཡི་དཀྱིལ་འཁོར་བསྙེན་བྱའི་ཕྱིར། །མཆོད་པ་བླ་མེད་མཉེས་པར་དབུལ། །དུ་གུ་ལ་ཡི་རས་མཆོག་ནི། ཁ་དོག་རྣམ་ལྔའི་གདུགས་ཀྱིས་ནི། །སྟེང་ནས་དེ་ལ་དགབ་པར་བྱ། ཡང་ན་ཞིང་གི་རྒྱ་གྲམ་བསྣོལ། །ཕྱོགས་མཚམས་ཀུན་ཏུ་སྣ་ཚོགས་པའི། །འཕན་དང་ཕྱང་ཕྲུལ་གདུགས་ལ་སོགས། །གདགས་ཤིང་བསྐྱབས་ལ་ཅི་མཛེས་བྱ། །ཡང་ན་གཡབ་མོ་ཞིང་ཆུང་དཔྱང་། ཁྲར་དུ་གླང་པོ་ལྷོ་རུ་སྟག །གཟིག་དང་དོམ་ནི་ནུབ་དང་བྱང་། །རྨ་བྱ་བྱ་རྒོད་དྲེད་ཆུ་སྲིན། །མཚམས་བཞིར་རྒྱལམཚན་ཕྱར་ལ་གཟུགས། །ཡང་ན་བརྒྱད་ཀ་ཞིང་གི་གཟུག །མེ་ཏོག་འཕྲེང་དང་དར་བུ་ཀ །མེ་ལོང་རྔ་མ་ཆུན་འཕྱང་བྲེ། །ཡང་ན་ཅད་པོར་ལྷུ་གཟུགས་གདུམ། །ལང་ལིང་ད་།་་ནམ་རས་རོས་དགྲམ། ཁྲར་དུ་དར་དཀར་གུར་དབུབ་སྟེ། །ཡང་ན་ཚིལ་ཆེན་གུར་དབུབ་བོ། །རྩིབ་མ་དག་ལས་གུར་ཤིང་བྱ། །ནུབ་ཏུ་རིན་ཆེན་ཟ་མ་ཏོག །ཡང་ན་ཙིསྟའི་ཏོག་གཟུགས་ཏེ། །རྐང་དང་ཞག་གི་མེ་མར་དང་། །ཏིལ་མར་མར་མེ་ལྔ་བརྒྱ་འམ། །ཡང་ན་ལྷ་ཡི་གྲངས་དང་མཉམ། །དགུ་འམ་ཐ་མའང་ཡབ་ཡུམ་གྱི། །སྣང་བ་གཉིས་ནི་རྒྱུན་མི་གཅད། །མཆོད་པ་ལྔ་དང་འདོད་ཡོན་ལྔ། །ཐ་མ་འཁོར་བར་བྱ་བ་སྟེ། །འདི་དག་བདུད་རྩིར་ལྡན་པར་བྱ། ཁྲ་ཉ་ལ་ཕུག་ཟན་དན་ཁྲག །འཁུར་བ་ཤིང་ཐོག་སྣ་ཚོགས་ཆང་། །བདུད་རྩིར་བཅས་པ་མང་པོ་ཡིས། །དུས་དྲུག་ཚོགས་ཀྱི་མཆོད་པ་དབུལ། །བརྒྱ་དང་སྟོང་སོགས་པར་དག་ཏུ། །མེ་ཏོག་དོར་དེ་གསོལ་བ་གདབ། །སྨན་གྱི་ལྷ་དང་རིགས་འཛིན་ལ། །དགེ་བའི་གྲོགས་སུ་སྨོས་གནས་བྱ། །དེ་ལྟར་ནན་ཏན་བཅས་གསོལ་ཏེ། །དྲི་མེད་བསམ་པས་བསྒྲུབས་ན་འགྲུབ། །བླ་མེད་བྱང་ཆུབ་གདོན་མི་ཟ། །ཐུན་མོང་བསྒྲུབ་པ་སྨོས་ཅི་དགོས། །དེ་སྐད་སྟོན་པས་བཤད་པའི་ཚེ། །འཁོར་རྣམས་མཆོད་ལ་འགྲུས་གྱུར་པས ཡང་ཡང་སྟོན་པ་ལ་མཆོད་དེ། །དགའ་དང་གུས་པས་གནས་ནས་འཁོད། །དྲི་མེད་མཆོད་པས་ཚིམ་པར་འགྱུར། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དྲི་མ་མེད་པ་ལས་སྤྱོད་པ་རྒྱ་མཚོར་ཤར་ཏེ་མཆོད་པའི་རྫས་བསྟན་པའི་ལེའུ་དྲུག་ཅུ་པའོ།། །།ཡང་དེའི་ཚེ་ཡུམ་ཆེན་མོ་བདུད་རྩི་གསང་བའི་དབྱིངས་ཕྱུག་མ་ཆེན་པོ་དེས། བདུད་རྩི་དམ་པའི་བུམ་པ་ཉི་ཟླའི་ག་འུར་སྦས་དེ།ཡེ་ཤེས་ཀྱི་བདག་གཟིངས་པས་བསྡམས་ཤིང་། །གསང་བ་སྐུའི་ཕྲ་བཀོད་པ་དེ་ཉིད་ཐུགས་ཀར་བསྡུས་ནས་ཐབས་དང་ཤེས་རབ་ཀྱི་ཕྱག་རྡོ་རྗེ་ཐལ་མོ་སྦྱར་ནས་གསང་བ་རྨད་དུ་བྱུང་བའི་གསུང་གིས་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཧོ། ངོ་མཚར་རྨད་དུ་བྱུང་བའི་ཆོས། ནམ་མཁའ་དང་ནི་མཉམ་པའི་གནས། །རྣམ་པར་མི་རྟོག་སྣང་བ་ལས། །ཀུན་རྫོབ་ཙམ་དུ་བསྟན་པ་མཚར། །ནམ་མཁའ་ལ་ནི་རྟོགས་མེད་ཀྱང་། །ཆར་གྱི་རྒྱུན་གྱིསཀུན་བསྐྱེད་བཞིན། །མིཏོག་ངང་ལས་བདུད་རྩིར་སྣང་། །བླ་མེད་མྱུ་གུ་སྐྱེད་པ་མཚར། །ཅེས་གསུངས་ཏེ་འཁོར་བའི་འགྲམ་འདི་ཉིད་ངང་གིས་ལྷུན་གྱིས་གྲུབ་པའི་བདུད་རྩིའི་དཀྱིལ་འཁོར་དེ་ལ་ལན་བརྒྱསྟོང་དུ་སྐོར་ཞིང་གཞིའིསྒྲ་དང་བཅས་སིལཁྲོག་གི་སྒྲ་འདོན་པར་བྱས་ཏེ་མཆོད་པ་དུ་མས་ཡང་ནས་ཡང་དུ་མཆོད་དེ། སྟོན་པ་བདུད་རྩི་བདེ་བ་ཆེན་པོ་ཉིད་ལ་བསྟབས་སོ། །དེ་ནས་སྟོན་པ་བདུད་རྩི་བདེ་བ་ཆེན་པོ་ཉིད་ཀྱིས། བདུད་རྩི་འབེབས་པས་རྒྱུད་ཀུན་ཏུ་རྒྱས་པའི་འོད་དྲི་མ་སེལབ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀ་ནས་འོད་དཔག་ཏུ་མེད་པའི་ལྕགས་ཀྱུས་རྒྱལ་བའི་དཀྱིལ་འཁོར་ཆ་ལུགས་ཐ་དད་པ་བཀུག་སྟེ་བུམ་པ་དེ་ལ་བསྟིམ་མོ། །ཡང་ཁམས་གསུམ་གྱི་བདུད་རྩིའི་རྣམ་པ་ཅི་ཡོད་ཡང་བཀུགས་ཏེ། ཕྱག་གཉིས་ཀྱིས་ཕྱོགས་ཀུན་ནས་རབ་ཏུ་འབེབས་པ་ཞེས་བྱ་བའི་ཕྱག་རྒྱ་བཅས་ཏེ། ཡང་ནས་ཡང་དུ་སེ་གོལ་གྱི་སྒྲས་ཐམས་ཅད་བསྐུལ་ཞིང་ལས་ལ་ཉེ་བར་སྦྱོར་བར་མཛད་དོ། །དེའི་ཚེ་དབྱིངས་འགྱུར་པ་དང་བྲལ་ཞིང་ཐམས་ཅད་ཐ་མི་དད་པར་འབེབས་པ་ཞེས་བྱ་བའི་སྙིང་པོ་འདི་ཡང་ཉིད་ཀྱིས་གསུངས་སོ། །ཨོ༷་སརྦ་པརྩི་ཨ་མྲི་ཏ་མ་ཧྭ་སུ་ཁ་ཧྲི་འབེབས་ཌ། ཞེས་གསུངས་པས་འཁོར་ཐམས་ཅད་ཀྱིས་ཀྱང་བསྒྲགས་སོ། །དེའི་ཚེ་འཁོར་དེར་འདུས་པ་ཁ་ཅིག་རྟོག་པའི་རྒྱ་མོ་མ་བཅད་དེ་གཙང་སྨེར་རྟོག་པར་ཐུགས་སུ་ཆུད་ནས་འདི་སྐད་ཅེས་ཀྱང་གསུངས་སོ། །ནམ་མཁའི་རྡུལ་དང་གྲངས་མཉམ་པའི། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །འཆི་མེད་བདུད་རྩི་མཆོག་འདི་ལ། །ཀུན་གྱི་རྩེ་གཅིག་བཏུད་ནས་སུ། །འཆི་མེད་བདུད་རྩི་དམ་པ་བསྒྲུབས་པའི་ཚེ། །སྐལ་བ་མེད་པར་གནང་སྒོ་ཆེས་པ་དང་། །གསང་འཚམས་ལྷོད་ནས་ལྷུག་པར་གྱུར་བ་དང་། །འཛབ་ལ་གྲངས་ཉུངས་སྙིང་པོ་ཟུར་ཆག་དང་། །བསྒོམ་ལ་མི་འགྲུབ་ཏིང་འཛིན་མི་གསལ་ཞིང་། །འཕྲོག་འདུ་ཆུང་བས་བྱིན་གྱིས་མ་རློབས་ཏེ། །གཞུང་དང་འགལ་བའི་ནོངས་པ་མཆིས་སོ་འཚལ། །རབ་གནོངས་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །ཐུགས་རྗེ་ཆེན་པོས་ཚངས་པ་སྩལ་ནས་ནི། །བདུད་རྩི་མཆོག་འདི་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསུངས་པས་འཁོར་ཐམས་ཅད་སྐྱི་བུང་བར་གྱུར་ནས་འདི་སྙམ་དུ་བསམ་པར་སེམས་སོ། །ཅི་བདག་ཅག་གི་སྟོན་པ་ནི་བདུད་རྩིའི་སྡོང་པོ་བས་ན། གཞན་ལ་བཤགས་ཤིང་གསོལ་བ་གདབ་མི་དགོས་ན་ཅི། བདག་ཅག་འཁོར་འདུས་པ་འདི་རྣམས་བདུད་རྩིའི་སྣོད་དུ་མ་གྱུར་ཅིང་། གདུང་འཚོབ་པར་རྗོ་མི་ཐོགས་པ་ལགས་སམ། འོན་ཏེ་མ་འོངས་པའི་འགྲོ་བ་རིགས་འཚོབ་པར་འདོད་པ་ལས། རིགས་སུ་མི་ཆུད་པ་རྣམས་བཅུད་པ་དེས་གེགས་སུ་གྱུར་པ་སྦྱང་བ་ལ་དགོངས་ནས་གསུངས་ཅེས་རྟོག་པ་ལས། དེ་དག་གི་བསམ་པ་ཉིད་ཀྱི་ཐུགས་སུ་སྩལ་ནས་བཀའ་སྩལ་བ། གཟུང་འཛིན་མདུད་ཕུར་མ་ཕྱིན་ཅིང་། །མཐའ་ལ་མངོན་པར་ཞེན་པ་ཡི། ཁྱེད་དང་མ་འོངས་ཀུན་དོན་དུ། །ང་ཡིས་དགོངས་ནས་གསུངས་པ་ཡིན། །ད་དུང་ཁྱེད་དང་མ་འོངས་ལ ངར་འཛིན་བདག་དང་མ་བྲལ་ཞིང་། །དོན་ལ་ཁོང་ཤེད་མ་བྱེ་བས། །རྟོག་པའི་རྒྱ་མདུད་དགྲོལ་བའི་ཕྱིར། །འཀྱོད་སེམས་གནོང་བ་བཀུར་བར་གྱིས། །དེ་སྐད་གསུངས་པས་འདུས་པའི་འཁོར། །རང་གི་སེམས་ཀྱིས་མཐའ་བརྟགས་པས། །ངེས་མེད་ལོགས་ནས་འདོད་སེམས་ཀྱིས། །ལུས་བཏུད་སེམས་ནི་གདུངས་ནས་ནི། །དམན་པའི་ངག་གིས་གསོལ་བ་བཏབ། །ཡེ་ནས་རྣམ་དག་བདེ་ཆེན་སྤྲོས་བྲལ་བའི། །རང་བྱུང་རང་སྣང་ཐབས་ཀྱི་རྩ་བ་མཆོག །སྙིང་པོ་བླ་མེད་བྱང་ཆུབ་སེམས་ཀྱི་ངང་། །བཞེངས་བཞུགས་མི་མངའ་བདག་ཅག་རྣམས་ལ་དགོངས། །ཇི་བཞིན་ངང་ལས་བསྐྱོད་པ་མི་མངའ་ཡང་། །ཐབས་ཀྱི་རོལ་པ་མཐའ་ལ་སྤྲིན་ཕུང་བཞིན། །འགྲོ་བ་དྲང་ཕྱིར་རྒྱལ་བའི་སྐུར་བསྟན་པའི། །གཙོ་གཟུངས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །ཡིད་ལས་བྱུང་བའི་ལྷ་ཚོགས་གསང་བའི་སྐུ། །དབྱེར་མེད་ངང་དུ་གཅིག་པས་ཐ་དད་མིན། །བག་ལྡན་དགའ་བས་གུས་དང་དང་བར་བྱས། །འགྲོ་བའི་ཚུལ་དུ་དགའ་དང་གུས་ཕྱག་འཚལ། །དངོས་བཤམས་ཡིད་ལས་བྱུང་དང་བྱིན་བརླབས་པའི། །ཀུན་བཟང་མཆོད་སྤྲིན་ནམ་མཁའི་མཐས་ཀླས་པ། །དྲི་མེད་རབ་མཛེས་བཀོད་པ་མཆོག་ཉིད་ཀྱིས། །རབ་ཏུ་མཉེས་ཕྱིར་དད་པས་མཆོད་པར་བྱ། །ཐོག་མ་མེད་ནས་མུན་པའི་ཀློང་དུ་འ་ས། །ང་དང་བདག་འཛིན་འཁོར་བའི་མཐའ་ལ་ཞེན། །ལྷག་པའི་ང་རྒྱལ་རི་བོ་བརྩེགས་པས་མནན། །ཞེན་ཅིང་ཆགས་པ་འཁོར་བའི་འགྲམ་བཏིངས་ཤིང་། །མི་དགེ་ལས་རྣམས་བག་མེད་རང་ཉམས་སྤྱད། །གསང་བའི་དམ་བྲལ་སློབ་དཔོན་བཀའ་བསླུས་དང་། །རྩ་བ་ཉམས་ཤིང་ཡན་ལག་ཆག་པ་དང་། །བསྲུང་བྱ་གཉེར་གཏད་དང་ཁས་བླངས་ཡལ། །ཉེས་བྱས་བསམ་འདས་བདུད་རྩི་སྤང་དང་བླང་། །ཏིང་འཛིན་དྲོད་མེད་དངོས་གྲུབ་ཡལ་གྱུར་རྣམས། །དབྱེར་མེད་དོན་གྱིས་བཤགས་སོ་བཟོད་བཞེས་ཤིག །བཅུད་ཀྱི་དམ་པ་རྣམ་དག་བྱང་ཆུབ་སེམས། ཁྲ་དང་དྲི་ཆེན་པདྨ་རཀྟ་ཆུ། །གདོད་ནས་དག་པའི་དམ་ཚིག་ཡེ་ཤེས་ལྔ། །རིགས་ལྔར་ལྷུན་གྲུབ་གཅོང་ལྔ་སྦྱོང་བའི་མཆོག །འདུ་འབྲལ་མེད་པར་ལུས་ཀྱི་གཟུངས་ཡིན་ཏེ། །ནང་ལ་གཙང་དང་ཕྱི་རོལ་སྨེ་བར་རྟོག །བླང་དང་དོར་བར་འཛིན་པ་རྟོག་པའི་བདུད། ཁྲ་ལྔ་འབྲས་བུ་ར་ས་ཡ་ནའི་ཚོགས། །བླང་དོར་མེད་ལས་བརྟགས་པའི་འཚོ་བར་སྤྱད། །དེ་འབྲས་འཁོར་བའི་འགྲམ་བཏིངས་གཅོང་རོང་འ་ས། །ཆུ་བོ་རབ་མེད་རྦ་ཀློང་ཐར་དཀའ་བས། །ཡེ་ཤེས་རྒྱལ་པོས་ཐུགས་རྗེས་གཟིངས་བཅས་ཏེ། །བདུད་རྩི་མཆོག་གི་སྐམ་སར་ཀུན་བཀོད་ནས། །གཉིས་མེད་འོད་ཀྱི་ཆར་གྱིས་རྒོན་གདུང་སྤོངས། །བླ་མེད་ལྗོན་ཤིང་མེ་ཏོག་རྒྱས་མཛད་དེ། །བདེ་ཆེན་རང་བྱུང་འབྲས་བུ་སྨིན་ནས་ཀྱང་། །འགྲོ་དྲུག་རྨོངས་པ་རྣམས་ཀྱི་གསོས་མཛད་ནས། །བདུད་རྩི་བདེ་ཆེན་དབྱིངས་སུ་གནས་གྱུར་ཅིག །ཅེས་པ་གསུངས་པས། དེར་འདུས་པའི་འཁོར་ཐམས་ཅད་བག་ཆགས་ཀྱི་དྲི་མ་ཐམས་ཅད་མ་བཀྲུས་པར་རང་དག་ནས། བདུད་རྩིའི་དབྱིངས་སུ་ངེས་པར་གནས་པར་གྱུར་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གདུང་བ་བསལ་ཏེ་བདུད་རྩི་ངེས་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།དེ་ནས་ཡང་སེམས་དཔའ་རྨད་དུ་བྱུང་བ་དེས། ནམ་མཁའི་མཐའ་ལ་བལྟས་ནས་མཐའ་རྙེད་པར་མ་གྱུར་ཏེ། །གང་ན་ཁྱབ་པ་དེ་བདུད་རྩིའི་དབྱིངས་སུ་ངེས་པར་ཁྱབ་ལ། དེ་ལ་ཡང་ནམ་མཁའ་བཞིན་དུ་ཐུག་པ་མེད་པར་གནས་ཏེ། ཡེ་ཤེས་ལྔའི་གཟུངས་ཀྱི་ཐུགས་པ་མེད་པའི་སེམས་ཅན་དུག་ལྔས་ལོག་པར་འ་ས་པ་ལ་བརྟག་ཏེ། འབྲེལ་པར་མཐོང་ནས། བཅོམ་ལྡན་འདས་སྟོན་པ་བདུད་རྩི་བདེ་བ་ཆེན་པོ་ལ་ཕྱག་འཚལ་ཏེ་གུས་པས་གསོལ་བ། བཅོམ་ལྡན་ཀུན་མཁྱེན་སེང་གེ་ཆེ། །བདུད་འདུལ་གར་གྱི་དབང་ཕྱུག་གཙོ། །མུན་སེལ་སྒྲོན་མ་རིན་པོ་ཆེ། ཁྱོད་ལ་བདག་འདུད་གསོལ་བ་མཆོས། །ལས་གཏོས་ཐུགས་རྗེས་ནམ་མཁའི་དབྱིངས། །ཐ་དད་མིན་ནམ་གལ་ཏེ་ཡིན། །འབྲེལ་བ་གང་ལགས་ཐབས་ཇི་ལྟར། །བྱེ་བྲག་དག་ཏུ་བདག་ལ་གསུངས། །དེ་ལ་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་སེམས་ཆེན་པོ། །ལས་དང་ཐུགས་རྗེར་བཏགས་པ་ཡང་། །རང་བྱུང་ཉིད་ལས་གཞན་མ་ཡིན། །རྣམ་སྨིན་མི་ཟད་མཛོད་ཉིད་དེ། །མིང་དུ་བརྟགས་པ་འཁྲུལ་བ་ཉིད། །འབྲེལ་བ་ཞེས་པའང་བཏགས་པ་སྟེ། །གང་དང་གང་འབྲེལ་གང་ལྟར་འབྲེལ། །དེ་ཉིད་ཡེ་ཤེས་རོལ་པ་སྟེ། །བཀག་པ་མེད་པར་རང་ཤར་བའོ། །ངོ་དགའ་ཙམ་དུ་བཤད་པ་ན། །ཡེ་ཤེས་དང་ནི་རང་སེམས་འབྲེལ། །དུག་ལྔ་ཉིད་ནི་རིགས་ལྔའོ། །སྨད་པའི་རྫས་དང་བདུད་རྩི་ལྔ། །ཡབ་ལྔ་ཡུམ་ལྔ་ཁ་དོག་ལྔ། །མཚན་མ་ལྔ་དང་ཡིག་འབྲུ་ལྔ། །དཀྱིལ་འཁོར་ལྔ་ནི་དེ་བཞིན་དུ། །རིགས་ལྔ་ཉིད་དུ་ངེས་པའོ། །གནས་ལྔ་དག་ཏུ་རབ་ཏུ་བཤད། །དེ་བས་འཁོར་བ་འདས་ཀྱི་མཐའ། །མྱ་ངན་འདས་པའི་ཐུགས་རྗེའོ། །དེ་བས་ཡང་དག་དོན་ཉིད་ལ། །ངེ་པར་གནས་པས་འཁོར་བ་བསྟེན། །འདས་པ་དོན་དུ་མི་གཉེར་ན། །ཡང་དག་བླ་མེད་གཟུངས་ཐག་གོ །དེ་ནས་འཇུག་པའི་རྣལ་འབྱོར་པས། །ཐབས་མཆོག་མ་ནོར་བརྟེན་པ་དང་། །ཡང་དག་མཚོན་པར་བྱ་བའི་ཕྱིར། ཁ་དོག་ལྔ་ཡི་གཟུངས་ཐག་དྲང་། །ཨོ་གྱིས་ཡན་ལག་ལྔ་ལ་གདགས། །བུམ་པ་བཅུད་གཏམས་ཡེ་ཤེས་ལྔས། །བྱིན་གྱིས་བརླབ་ཕྱིར་མནན་པར་བྱ། །དེ་ནས་སྟོན་པ་ཀུན་མཁྱེན་པས། །བརྩེ་བར་དགོངས་ནས་འདི་སྐད་དུ། །ཐབས་ལྡན་གསུང་གིས་བཀའ་སྩལ་ཏོ། །སྲིད་པའི་འཛམ་གླིང་དཀྱིལ་འཁོར་གྲུ་བཞི་པ། །འབྱུང་ལྔ་ཡུམ་གྱིས་བརྩེགས་པའི་གཞལ་ཡས་ཁང་། །མཁས་པས་རྡོ་རྗེ་ཐིག་ཕྲན་དགུ་བཀྱེ་སྟེ། །སྙིང་པོ་གསང་བའི་གེ་སར་ཉི་ཟླའི་དབུས། །མཚན་དང་ལྡན་པའི་བན་དྷ་སྲུབས་མེད་དུ། །རྩ་བ་བདུད་རྩི་ལྔ་ཡི་ངོ་བོ་ལས། །འབྲུ་ལྔ་ཡེ་ཤེས་ལྔ་ཡི་འཕྲོ་འདུ་འགྱེད། ཁུ་ལྔ་འབྲས་བུར་ལྡན་པའི་དགོངས་པ་ཡིས། །དུས་གསུམ་རྒྱས་པ་རྣམས་ཀྱི་ཐུགས་དམ་བསྐུལ། ཁམས་གསུམ་འགྲོ་བ་རྣམས་ཀྱི་དོན་ཡང་བྱས། །སྣོད་བཅུད་འཇིག་རྟེན་ཀུན་གྱི་རྩི་བཅུད་བསྡུས། བསྒྲུབ་པ་རིགས་འཛིན་རྣམས་ཀྱི་རྒྱུད་ཀྱང་སྦྱར། །ཡིག་འབྲུ་ཕྱག་མཚན་སྐུ་ཡི་སྤྲོ་བསྡུ་ཡིས། །དཔའ་བོ་འབྲུ་ལྔའི་རང་བཞིན་ཆོ་།་དུ་ཞུ། །ཕྱག་རྒྱའི་དཀྱིལ་འཁོར་རྒྱལ་བ་ཡབ་ཡུམ་བསྐྱེད། །གཉིས་མེད་སྦྱོར་བའི་རོལ་པའི་ཁྱད་པར་ལས། །ཐུགས་རྗེས་མི་གཏོང་འགྲོ་བ་དྲང་བའི་ཕྱིར། །ཡེ་ཤེས་ལྔ་ཡི་གཟུངས་ཐག་ལྔ་རུ་འཕྲོས། །གཅིག་ནི་ཐབས་མཆོག་ཡབ་ཀྱི་མཁའ་ནས་དྲང་། །གསང་བའི་ཟླ་བའི་དཀྱིལ་འཁོར་ནས། །ཆོས་དབྱིངས་རྣམ་དག་ཡེ་ཤེས་ཀློང་། །མི་རྟོག་ཐུགས་ཀྱི་ས་བོན་ཧུ༷། །ཞེ་སྡང་མི་དོར་ཐུགས་རྗེའི་གཟུངས། །དཀར་འཚེར་དུང་དང་མ་མོའི་འོད། །རྡོ་རྗེ་ཚ་ཚ་ལུ་གུ་རྒྱུད། །བྱང་ཆུབ་སེམས་མཆོག་རྒྱལ་བའི་ཐུགས། །བཅུད་ཀྱི་དམ་པ་ལུས་ཀྱི་གཟུངས། །དོར་བ་མེད་པས་བདུད་རྩི་མཆོག །འཁྱོལ་ལ་འཁྱུག་པས་རང་བྱུང་ཐུགས། །རྒྱུད་བསྐུལ་འགྲོ་བ་དབྱིངས་སུ་བསྡུས། །བཅུད་ཀྱི་དམ་པ་གོང་བུར་བསྐྱིལ། །ཐབས་ཀྱི་བྱེ་བྲག་ཡབ་ཀྱི་མཁའ། །དེ་ཕྱིར་ཡབ་ཀྱི་མཁའ་ནས་དྲངས། །རྡོ་རྗེ་ཆེན་པོའི་རིགས་ཆེན་འགྲུབ། །གཅིག་ནི་གསང་མཆོག་དབྱིངས་ནས་དྲང་། བྷ་ག་དགུར་གྱི་པད་སྟེངས་ན། །ཀུན་རྟོག་ཡེ་ཤེས་གསལ་འཚེར་དབྱིངས་། །ཁྱབ་བདལ་ཆགས་པ་གསུང་གི་ཨུ། །འདོད་ཆགས་མ་སྤངས་དབང་གི་གཟུངས། །མཚལ་དང་བྱུ་རུ་གདང་བའི་མི་མདོག །པདྨའི་སྐུ་པ་བ་དག་འཁྲིལ། །ཆགས་པའི་དམ་པ་གསུང་གི་དངོས། །རླན་འབར་བབ་ནི་གསང་བའི་ཐིགས། །བདུད་རྩི་ནད་སེལ་ཞེན་པ་སྦྱོང་། །འབར་འཕྲོ་དངོས་པོའི་སྐྱོན་ཀུན་བསྲེག །བསྡུས་ཤིང་བསྟིམ་པས་ག་འུར་འཁྱིལ། །མཆོད་ཅིང་ངན་སོང་སྟོངས་པར་བསྒྲལ། ཁྲེས་རབ་ཡང་དོག་འགྱུར་མེད་བསྟིམ། །དེ་ཕྱིར༷་ཡུམ་གྱི་དབྱིངས་ནས་དྲང་། །པདྨའི་རིགས་ཆེན་ཡང་དག་འགྲུབ། །གཅིག་ནི་རྒྱལ་འཐེབ་ཐུགས་ཀར་དྲང་། །ཐུགས་ཀར་ཉི་འབར་གདན་སྟེང་ན། །མེ་ལོང་ལྟ་བུའི་ཡེ་ཤེས་ཉིད། །ཀུན་ཁྱབ་གོ་འབྱེད་རྨོངས་པའི་ཨཱོཾ། །གཏི་མུག་ལམ་ཉིད་རྨོགས་འཇོམས་གཟུངས། །ཨསྨ་གར་བྷ་བཙོ་མ་གསེར། །ཙོང་ཙོང་འཁྲིལ་བ་ཟུར་བརྒྱད་འབར། །སྐུ་མཆོག་མཚན་ལྡན་མཆོག་གི་གཟུགས། །གཉེན་འཁྲིལ་འཁྱུག་ལ་དྲི་མ་མེད། །གཤང་བའི་འཛིན་དུག་ཐབས་ཀྱི་དབྱིག །འཕྲོ་འདུ་འོད་འཕྲེང་ཞེན་པ་སྲེག །ཕར་འཕྲོ་ཚུར་བསྡུ་གསང་བའི་གཏེར། །སྤྲིན་གྱིས་མཉེས་ཤིང་བསྡུ་བའི་དབང་། །དཔལ་བེའུ་དབུས་སུ་རབ་ཏུ་འབར། །དེ་ཕྱིར་དཔལ་བེའུ་ཐུགས་ལས་དྲང་། །བདེ་གཤེགས་རིགས་ཆེན་ཡང་དག་ངེས། །གཅིག་ནི་ལས་མཁན་ཁ་ནས་དྲང་། །ལྕེ་དབུས་པདྨ་དམར་པོའི་དབུས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད། །རྣམ་བཞིས་དོན་རྫོགས་གསལ་བའི་ཧ། །ཕྲག་དོག་དཔྱིས་ཕྱུང་ངེས་པའི་བཅུད། །ཨིན་དྲུ་ནི་ལ་སྤངས་མའི་མདོག །འཇའ་ཚོན་དབྱེ་སྲིད་དང་བྲལ་འཁྱུག །ཞི་རྒྱས་དབང་དྲག་འཕྲིན་ལས་སྒྲོལ། །བསོལ་འཇམ་མཉེན་ལྕུག་མུ་ཏིག་འཕྲེང་། །དྲི་ཆུགས་ལ་དག་ཐིག་པ་ཤར། །འབྱུང་འཇུགས་དབུགས་ཀྱིས་བཏགས་པ་སྦྱོངས། །ཁྱབ་དང་ཁྱབ་བྱེད་གཟེར་འཕྲེང་འཁྱིལ། །འཁོར་བའི་རྒྱ་མོ་དཔྱིས་འབྱིན་དཔལ། ཁ་ཡི་པདྨ་ངང་དུ་ཐིམ། །དེ་ཕྱིར་ཀརྨའི་ཁ་རུ་དྲང་། །ལས་ཀྱི་རིགས་ཀྱི་གཙོ་མཆོག་འགྲུབ། །ཐུགས་རྗེ་གཟུངས་ཀྱི་ཐག་པ་ཅིག །རྣལ་འབྱོར་ཕོ་མོ་ལྟེ་བར་དྲང་། གཞི་མའི་དབུས་སུ་ཟུར་བརྒྱད་སྟེང་། །བྱ་བ་ནན་ཏན་ཡེ་ཤེས་ཉིད། །བརྗོད་བྲལ་དབྱིངས་ཕྱུག་གསང་བའི་དངོས། །ཡོན་ཏན་དཔག་མེད་རིན་ཆེན་སྦ། །ང་རྒྱལ་བདེ་ཆེན་ངང་གིས་གཟུངས། །བི་ཌརུ་དང་སྤུག་གི་མདངས། །ཐིག་ལེ་གསལ་བའི་ཟིགས་པ་འབར། །འབུམ་ཕྲག་ཡོན་ཏན་ལྷུན་གྲུབ་སྟེར། །གསལ་ཁྱབ་འོད་ཀྱི་དྲ་བ་འབྲེལ། །སྨེ་ཤའི་བལྟ་སྡུག་དངོས་འཛིན་བྲལ། །ཕར་གསལ་ཚུར་གསལ་བདེ་བའི་ཀློང་། །བདེ་ཁྱབ་དངོས་མེད་དངོས་ཀུན་གྲུབ། །མཉེས་ཤིང་ཚིམ་པས་བདེ་ལ་གནས། །ལྟེ་བའི་རྩ་མདོར་ཐིམ་པས་འབར། །དེ་བས་ལྟེ་བའི་རྩ་མདོར་དྲང་། །རིན་ཆེན་རིགས་ཀྱི་གཏེར་ཆེན་ཉིད། །བདུད་རྩི་རང་བྱུང་བུམ་པ་སྲ །དུག་ལྔ་བདུད་རྩིར་སྦྱར་བ་ལས། །སྒྲོལ་མ་འཕྲོ་འདུས་ཀུན་ལ་ཁྱབ། །སྣང་སྲིད་ཐམས་ཅད་བདུད་རྩིར་བཞུ། །གསེར་དངུལ་ལྟ་བུར་གྱུར་པ་ལས། །ཡང་དག་བསྟན་པར་ངེས་བྱས་ཏེ། །བྱང་ཆུབ་ཐིག་ལེར་ཀུན་སངས་རྒྱས། །མ་བསགས་དངོས་གྲུབ་བླ་ན་མེད། །སྒྲུབ་པ་པོ་ཡི་དངོས་གྲུབ་ཡིན། །གྲུབ་ན་རྒྱལ་བའི་སྐུ་ཡང་ཡིན། །རྟོགས་ན་བྱང་ཆུབ་སེམས་ཀྱང་ཡིན། །རྒྱལ་སར་བགྲོད་པའི་ལམ་ཡང་ཡིན། །རྣལ་འབྱོར་པ་ཡི་སྲོག་ཀྱང་ཡིན། །དེ་ལྟར་ཤེས་ནས་སྒྲུབ་བྱེད་པ། །བླ་མེད་སྙིང་པོའི་གཟུགས་ཐག་གོ །དེ་སྐད་ཐུགས་རྗེའི་གཟུངས་ཐག་བདག །རང་བྱུང་དཔའ་བོས་བཀའ་སྩལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་བདུད་རྩི་བདེ་བ་ཆེན་པོ་རྒྱན་གྱི་འཁོར་ལོ་དམ་པ་དེས། ཐམས་ཅད་བདུད་རྩིར་གནས་པ་ངེས་པ་མི་འགྱུར་བ་ཞེས་དེ་ཁོ་ན་ཉིད་ཀྱི་དབྱིངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཟི་བརྗིད་བཀོད་པ་ཟད་མི་ཤེས་པའི་འོད་ཐམས་ཅད་དུ་ཁྱབ་པའི་གསང་སྔགས་འདི་སྐུ་དང་། །གསུང་དང་། ཐུགས་དང་། ཡོན་ཏན་འཕྲིན་ལས་རྡོ་རྗེ་དང་། །འཁོར་ལོ་དང་།པདྨ་དང་། རིན་པོ་ཆེ་དང་རྒྱ་གྲམ་ལས་ཕྱུང་ངོ་། །ཨོ་ཨུ༷༷ཧུ༷་སརྦ་པ྅་ཨ་མྲི་ཏ་ཧུ༷་ཧྲི་ཐ། དུས་གསུམ་རྒྱལ་བས་རབ་བསྔགས་པའི། །བདུད་རྩི་འོད་ཀྱི་གསང་སྔགས་འདི། །བཟླས་པ་ཙམ་གྱིས་ཀུན་འགྲུབ་སྟེ། །དུག་ཉིད་བདུད་རྩིར་གྲུབ་པར་བྱེད། །གཞན་ཡང་མི་བཟད་ལྟ་བ་དྲུག །ནམ་མཁའ་རྡོ་རྗེ་འཁོར་ལོ་དང་། །རིན་ཆེན་པདྨ་རྒྱ་གྲམ་སྔགས། །ཡངས་དོག་མེད་པའི་གཞལ་ཡས་སུ། །གཏོར་ཁྱབ་སྦྱང་ན་ཐམས་ཅད་འགྲུབ། །ཡེ་ཤེས་ལྷ་ལ་ཕོག་པས་ཐུགས་དམ་བསྐུལ། །བར་ཆད་བགེགས་ལ་ཕོག་ན་རྡུལ་ཕྲན་རློག །གྲུབ་པ་པོ་ལ་ཕོག་ན་དམ་ཚིག་གསོ། །འགྲོ་བ་བྱིན་ལ་ཕོག་ན་སྒྲིབ་པ་སྦྱོང་། །དེ་བས་གསང་སྔགས་རྒྱལ་བ་ཡིས། །བརྣགས་ནས་འགྲོ་ལ་ཕན་ཕྱིར་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཐུགས་རྗེ་མི་གཏོང་བར་འཛིན་པའི་གསང་སྔགས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །།དེ་ནས་སེམས་དཔའ་ཆེན་པོས་ཡང་གསོལ་བ། བཅོམ་ལྡན་འདས་འཆི་བ་མེད་པའི་བདུད་རྩིའི་རྒྱལ་པོ་ཆེན་པོ་ཐབས་མཆོག་གི་སྙིང་པོ་མངའ་ཐང་ཡོངས་སུ་རྫོགས་པ་ཉིད་ཀྱིས། མཆོག་ཏུ་གྱུར་པའི་གསང་སྔགས་ཐམས་ཅད་བདུད་རྩིར་དབང་བསྒྱུར་བ་ནི་གསུངས་ན། འདི་ལ་ཡོན་ཏན་དུ་གྱུར་པ་གཞན་དག་མཆིས་སྲིད་ན་ཡང་བཤད་དུ་གསོལ། །བསྟན་དུ་གསོལ།ལེགས་པར་དགོངས་ཏེ་གཏན་ལ་དབབ་ཏུ་གསོལ་བཀའ་སྩལ་པ། ང་ནི་ཐབས་ཆེན་པོ་ཡངས་པ། མང་བ། རྒྱ་ཆེ་བ། ཟབ་པ། དཔག་པར་དཀར་བ་སྟེ། ཅི་ནས་ཀྱང་འགྲོ་བ་འདྲེན་པའི་དཔལ་ཡིན་པས་བསྟན་གྱིས་ཉོན་ཅིག །དེ་ལ་འདིའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ཏིལ་གྱིས་བྱུར་བུར་བཀང་སྟེ་གཅིག་ནས་བགྲང་བ་ལས་འདས་ཀྱི་བར་དུ་བགྲང་བར་ནུས་ཀྱི།འདིའི་ཡོན་ཏན་ནི་བརྗོད་ཅིང་བགྲང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འཁོར་བའི་དུག་ལྔའི་བདུད་ཆེན་པོ་ཉིད། སྤང་དུ་མེད་པར་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་ལྔར་སྣང་སྟེ། དེ་ལས་མ་བྱུང་བ་འམམ་ཁྱབ་པའམ། དེ་ལས་མ་གྱུར་པ་མེད་དེ། །ཐམས་ཅད་དུ་རྒྱས་འདེབས་པར་བྱེད་པའི་སྔགས་བརྗོད་པ་ཙམ་གྱིས་གྲུབ་པར་བྱེད་པ། རང་བཞིན་གྱི་མཐུ་ཆེན་པོ་དང་ལྡན་པའི་རྩི་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱང་ཕྱོགས་འགའ་ཙམ་བཤད་ཀྱིས་ཉོན་ཅིག །བདེ་གཤེགས་རྣམས་ཀྱིས་རབ་བསྔགས་པའི། །གསང་བ་འདི་ནི་བླ་ན་མེད། །རྨ་བྱ་ཡི་ནི་སྒྲོ་དག་གམ། ས་ར་ས་སའམ་གྱི་མེན་གྱི། །སྒྲོལ་ལས་བྱས་པའི་ཆུན་པོ་ལ། །ཁབ་ལེན་ལྕགས་ཀྱི་ཡུ་བ་ཅན། །འབུམ་ཕྲག་བདུན་དུ་བཟླས་པ་ཡི། །ཏིལ་ནག་དག་གིས་བྲབ་བྱས་ཏེ། །མེ་འདྲའི་འོད་ནི་བྱུང་བ་དང་། །ས་ལ་བརྡབས་ན་ཆེར་གཡོ་ཞིང་། །བྲག་ལ་བརྡབས་ན་འགགས་པར་འགྱུར། །རྒྱ་མཚོ་ལ་ནི་བརྡབས་ལ་ལུད། །ཆུ་རྒྱུན་ཆེན་པོའང་སྐམ་པར་བྱེད། །ནགས་ཚལ་ཆེན་པོ་འཚིག་པ་དང་། །གྲོང་ཁྱེར་དག་ལ་བརྡབས་ན་ཡང་། །རིམས་ནད་ཚ་བ་འོང་བར་ངེས། །རྒྱ་མཚོ་ལྦུ་བ་དི་ལས་དང་། ཁུ་དག་རྣམ་སེ་དྲང་སྲོང་ཁྲག །སྒྲོན་ཤིང་དྷ་དུ་ར་དང་ནི། །སེ་ར་བས་དང་དུང་གི་རུས། །ལི་ཀྲི་མ་དུ་ལུང་ག་དང་། །བ་ཧུ་དང་ནི་རུ་ཏ་ལས། །སྲང་རེ་བསྙམས་ཏེ་བཏགས་བྱས་ནས། །ལྕགས་ཕྱེ་དེ་དང་མཉམ་པར་བྱ། །ཧ་སེའི་མར་ཁུས་སྦྲུས་ནས་ནི། །རྒྱ་སྲན་ཙམ་གྱི་རི་ལུ་བྱ། །ལྕགས་གསུམ་བསྐྱིས་ལ་གོང་བཞིན་བཟླས། །དྲོ་དང་དུ་བ་འབར་འཕྲོ་བྱུང་། གུང་མོ་ཟླ་སྟེང་བཞག་བྱས་ནས། །བཟླས་ཏེ་བལྟས་ན་མཐོང་བ་ནི། །སྟོང་གསུམ་སྒྱུ་རུ་ར་འབྲས་བཞིན། །མི་མཐོང་མི་གསལ་གཅིག་ཀྱང་མེད། །མཛུབ་མོ་ལ་ཡང་དེ་བཞིན་ནོ། །ལྷ་དང་ལྷ་མིན་ཀླུ་ཡི་སྒྲ། །བྱོལ་སོང་ལ་སོགས་ཐམས་ཅད་དང་། རླུད་དང་ཆུ་དང་བྲལ་སོགས་པ། །རོལ་མོའི་སྒྲ་སོགས་དེ་བཞིན་ཏེ། །ངན་སོང་གསུམ་གྱི་སྒྲ་ཡང་ཐོས། །མཐེ་བོང་ལ་བཞག་བཟླས་གྱུར་ན། །སྟོང་གསུམ་དྲི་རྣམས་གྱུར་བ་མེད། །ཞིམ་དང་མི་ཞིམ་ཚོར་བར་ནི། །འགྱུར་བར་ལྷ་དང་རོ་ཉགས་དྲི། །ཉམས་སུ་བདེ་བར་ལོན་པར་རོ། ཁ་མངར་སྒྱུར་དང་ལན་ཚྭ་བསྔལ། །འཕྲིག་དང་གཞན་ཡང་རོ་རྣམས་ནི། །སྟོང་གསུམ་ལྷ་མིའི་བཟའ་བའི་རྗེས། །སྐད་ཅིག་གིས་ནི་ཉམས་ལོན་པ། །སྲིན་ལག་རྩེ་ལ་བཞག་པས་སོ། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །མི་མོ་ལ་སོགས་མ་ལུས་དང་། །གྲང་དྲོ་འཇམ་རྩུབ་བདེ་སྡུག་དང་། །གོས་རྣམས་ལྕི་ཡང་མ་ལུས་ཀུན། །མཐེའུ་ཆུང་རྩེ་བཞག་བཟླས་པས་འགྲུབ། །ལག་མཐིལ་བཞག་ནས་བཟླས་གྱུར་ན། །རིགས་དྲུག་འགྲོ་བ་བསམ་ཡས་སེམས། །བརྒྱ་ཕྲག་གཅིག་དང་བཅུ་ཕྲག་བརྒྱད། །གཉིས་དང་བཞི་ཡང་དར་ཅིག་ལ། ཁོང་དུ་ཆུད་ནས་མ་འདྲེས་ཤེས། །གཙུག་བཞག་བཟླས་པས་ལྷ་ཡི་གནས། །འགྲོ་བར་འདོད་པའི་རྡོ་རྗེའི་སྐྲས། ཁ་དོག་ལྔ་ཡིང།་ཐག་པ་ནི། །བསྒོམས་ཏེ་རྟས་པར་གྱུར་པ་དང་། །རྒ་ལག་མ་ནོར་བཞག་འཇུས་ན། །སྐད་ཅིག་ཙམ་ལ་ཕྱིན་པར་འགྱུར། །དམྱལ་ཁམས་ལྷ་འམ་དོན་བྱེད་ན། །རྐང་མཐིལ་གཡས་གཡོན་མེ་དང་ཆུའི། །སྟེང་བཞག་གོང་བཞིན་བཟླས་ནས་ཀྱང་། །གཡས་དང་གཡོན་པ་རྡོ་རྗེ་ཡི། །འགྲོས་ཀྱིས་མྱུར་བ་མྱུར་བ་མྲ །སོང་ནས་ཆུ་ལ་མེ་ཡིས་སྦྱར། །མེ་ལ་ཡང་ནི་ཆུས་སྦྱར་ཏེ། །གཤག་དང་གཏུབ་དང་འབྲལ་བ་ལས། །སྟོང་པའི་གོ་ཆ་བླ་མེད་པ། །སྐོན་པར་ནུས་པ་གདོན་མི་ཟ། །སྐད་ཅིག་གིས་ནི་བྱེད་པར་ནུས། ཁུ།་མོ་གཡས་དང་གཡོན་པ་ཡིས། །གླིང་ཁམས་གཞན་དང་ལྷ་མེན་འགྲོ། །པུས་མོ་གཡས་དང་གཡོན་པས་ཀྱང་། །བྱོལ་སོང་འཇིག་དོན་མེད་བྱེད་ཅིང་། །ཡི་དྭགས་རྣམས་ལ་ཟས་སྐོམ་ཆར། །བྱམས་པའི་སེམས་ཀྱིས་འབེབས་པར་ནུས། །རླུ་་གི་བུ་ག་ཡས་བཞག་བཟླས། །མེ་ཡི་བསྐལ་བ་འཇིག་ནུས་ཏེ། །ཕྱི་བཤོལ་ཇི་སྲིད་འདོད་ཀྱི་བར། །གཡོས་པས་ཆུ་ཡི་རྒྱུད་གཅོད་ནུས། །རྩེར་བཞག་བཟླས་པས་རླུད་རྒྱུན་གཅོད། །ལྟ་བའི་དབུས་སུ་བཞག་བཞག་སྟེ་བཟླས། །རྩ་ཡི་འཁོར་ལོ་བཀག་བྱས་ན། །མངལ་རྒྱས་རྒྱུན་ནི་འཕེལ་བར་ངེས། །མ་ཤའི་འབྲུ་ཙམ་གསུམ་བྱས་ཏེ། །གཉིས་ནི་ཁར་བཅུག་གཉིས་གས་མུར། །གཅིག་ནི་རྩེ་ལ་ཧུ༷་བཀལ་ཏེ། །མི་བརྡིག་དལ་བུ་དལ་བུས་བྲུད། །བྱེའུ་ལྡད་དག་འདྲར་གྱུར་ཙེ། །སོ་འམ་སེན་མོས་གཟུང་བྱས་ཏེ། །བཟླས་པ་ཁྲི་གསུམ་བསྣུང་བས་བཟླས། །བརྗོད་པའི་བར་ཆད་གཞན་མེད་པས། །མངལ་གྱི་བྱ་བ་བྱེད་ནུས་ཏེ། །རིགས་བརྒྱུད་མེད་འདོད་པ་ཡང་འགྱུར། །ཁྱེའུ་དང་བུ་མོ་གང་འདོད་སྐྱེ། །ཐམས་ཅད་ཀུན་ཏུ་རིགས་བརྒྱུད་རྒྱས། བ་དོག་དབྱིབས་དང་ཡང་དག་ལྡན། །འཕོང་རྩལ་ཤེས་བཞིན་ཐམས་ཅད་རྫོགས། །དེ་བཞིན་ཐམས་ཅད་འགྲུབ་འོགྱུར་ཏེ། །འདོད་ན་མ་ནིང་ཞ་གྲུབ་ཡང་། །འབྱུང་འགྱུར་གཞན་ཡང་གདོན་མི་ཟ། །ཡུངས་ཀར་ཐལ་ཆེན་ལྡོང་རོས་དང་། །རྗེའུ་རིགས་བུ་མོའི་མོ་མཚན་ཁྲག །ཙན་དན་དམར་པོའི་འབྲས་བུ་ལ། །བཟླས་ཏེ་བཏགས་ནས་རི་བོང་དོང་། །རུས་སྦལ་ཁྲག་གིས་སྦྲུས་ནས་སུ། །རོ་ཡི་ལྕེ་བཅད་སྟེང་བཞག་ནས། །བཟླས་ཏེ་གང་ལ་བསྐུལ་བ་དེ། །འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡང་། །གདོན་མི་ཟ་བར་དབང་འདུ་ན། །གར་མཁན་རོལ་མོ་མཁན་ལ་སོགས། །དབང་དུ་འདུ་བ་སྨོས་ཅི་དགོས། ཁང་པའམ་མཁར་ལ་བསྐུས་བྱས་ན། །བཅུད་དང་བཅས་པར་དབང་དུ་འདུ། །ཡུལ་ལམ་ལྗོངས་སམ་རྟ་གླང་ཆེན། །མ་ཧེ་འབྲུ་སོགས་གང་རུང་ལ། །བསྐུས་པ་དབང་དུ་འདུ་བར་བཤད། །ལྷག་པར་ལྷ་ལ་སོགས་པ་ཡི། །ལྷ་མེན་རྒྱལ་པོའི་བུ་མོ་སོགས། །ཐམས་ཅད་དབང་དུ་འདུ་བར་ངེས། །ཤ་རི་རམ་དང་འབྲུ་རུས་དང་། །ཐ་སྐར་རྡོ་རྗེ་བསེ་རུ་དང་། །གསེར་སོགས་རིན་ཆེན་ལྔ་ཡི་ཕྱེ། །བ་ཡི་མར་ལ་སྦྱར་བྱས་ཏེ། །བར་ཆད་མེད་པར་བཟླས་ཤིང་བཟའ། །འོ་མའང་བག་ཙམ་བཏུང་བར་བྱ། །རུས་པ་སྲ་མཁྲེགས་རྡོ་རྗེ་འདྲ། །སོ་ཡང་ཚགས་དམ་བྱུང་ཡང་སྐྱེ། །སྐྲ་དཀར་གཉེར་མ་རྣམ་པར་སྤོང་། །སྐད་སྙན་ཁུ་བྱུག་གཞོན་ནུ་འདྲ། ཁྲ་དམ་ཡན་ལག་ཐམས་ཅད་མཉེན། །དབང་པོ་ཀུན་གསལ་ལུས་དབྱིབས་དྲང་། །རྟ་དང་གླང་པོ་ཅང་ཤེས་ལྟར། །རྭ་ཛ་ལུས་ཀྱི་དབང་པོ་མཁྲང་། །དེ་ལས་བཟླས་ཤིང་མང་ཟོས་ན། །ཚེ་ལོ་ཉིས་བརྒྱར་བར་ཆད་མེད། །ནང་མེད་བུས་པ་ལྟ་བུར་འགྱུར། །འདི་ལྟར་འདོད་ན་ཡང་ཡང་བཟའ། །ང་ཡིས་གསུངས་ལ་གདོན་མི་ཟ། །རོ་ལངས་སྒྲུབ་པར་འདོད་པ་ན། །ཨ་ཀ་རུ་དང་དུ་རུ་ཀ །ག་པུར་གླ་རྩི་བཅས་པ་ལས། །རི་ལུར་བྱས་ཏེ་དངུལ་གྱིས་དཀྲི། །ལི་ཀྲི་གུར་ཀུམ་འབྲི་ཏ་དང་། །འཇའ་ར་དོང་ཀའི་མེ་ཏོག་དང་། །ཤན་ཏི་གླང་པོའི་ཁྲག་འབྲུ་བ། །གོང་དང་འདྲ་སྟེ་ཟངས་ཀྱིས་དཀྲི། །ལྷི་ཝང་ཡུང་བ་ཙན་དན་ནི། །སྦྲུལ་གྱི་སྙིང་པོ་བབ་བླ་བ། །འདན་ད་པ་ལ་ཡུངས་ཀར་བཏག །ཨེ་རྒྱ་ཡ་ཡི་ཁྲག་གིས་སྦྲུ། །གོང་འདྲ་རི་ལུ་ག་སེར་གྱིས་དཀྲི། །ཡུངས་ཀར་ནག་དང་ཏིལ་ནག་དང་། །སྐེ་ཚེ་ཐལ་ཆེན་ཟངས་ལྕགས་ཕྱེ། །སྲན་བདུན་ཆ་སྙམས་ཤུན་ཆེན་དྲིལ། །དེ་ལ་བདུན་འབུམ་བསྙེན་པ་བྱ། །དཔའ་བརྟུལ་བརྩོན་འགྲུས་ཆེན་པོ་དང་། །དད་དང་དམ་ཚིག་དབང་ལྡན་པའི། །སྐྱེས་བུ་ལྷ་ཡི་རྣལ་འབྱོར་ཅན། །སྟག་ལྟར་མཆོངས་ཏེ་བཙལ་བྱ་བ། །དུར་ཁྲོད་ཆེན་པོའི་གནས་ནས་སོ། །བདུན་ལྔ་གསུམ་དུ་བར་ཆད་མེད། །གྲིབ་མའང་དེ་དང་འདྲ་བ་ལ། །རིགས་བཙུན་ལང་ཚོ་བཀྲག་དང་ལྡན། །དྲི་ཞིམ་ངག་སྙན་གཤོན་ནུ་ཚོད། །ཡན་ལག་མཉེན་ལྕུག་བཀྲག་དང་ལྡན། །འདུ་བའི་ནད་ཀྱིས་མ་གཙེས་པ། །གསུམ་མམ་ལྔ་འམ་བདུན་ཡང་རུང་། །ཧ་ཧ་ཞེས་སུ་བགད་ནས་ནི། །ཐོགས་པ་མེད་པར་བླང་བའི་ཕྱིར། །མཁའ་འགྲོ་ལྟ་བ་འབྲི་ཚུགས་ཀྱིས། །འགྱུར་བ་མེད་པའི་བརྗིད་ཀྱིས་བལྟ། །འཕྲ་མེན་མ་ཡི་འཇོ་སྟབས་ཀྱིས། །ནེ་བར་དྲུང་དུ་ཕྱིན་ནས་ནི། །དཔའ་བོ་གྱད་ཀྱི་ཤུགས་ཀྱིས་སུ། །ཧ་ཧ་བགད་དེ་བཟུང་ནས་ཀྱང་། །ལྕེ་སྤྱང་ཚུལ་འདྲར་བརྔམ་པར་བྱ། །དུར་ཅན་བགེགས་ཀྱིས་མི་འཇིགས་ཕྱིར། །ས་དེར་རུས་པའི་ཕུར་པ་གདབ། །གླང་པོའི་ཤུགས་ཀྱིས་ཁྱེར་ནས་ནི། །ཧུ༷་སྒྲས་ཕྱོགས་བཞིར་བདུན་བདུན་འགྲོ། །ཐལ་མོའི་སྒྲ་གདོན་རྔམ་ཚུལ་དང་། །བྲོད་པའི་སྟོབས་ཀྱིས་དབེན་པར་འགྲོ། ཁྲར་ལ་སོགས་པར་བྲོས་སྦྱངས་ཏེ། །བྱང་དང་ཤར་གྱི་མཚམས་དག་ཏུ། །རྡོ་ལེབ་སྟེང་དུ་ཙོག་ཙོག་པོར། །བཞག་སྟེ་ཐལ་བས་བྲབ་པ་ནི། །ཧུ༷་བཞི་པས་སུ་ཡང་ཡང་བྱ། །རོ་དེ་འབུལ་ལམ་རྒོད་འདྲ་ངུ་། །འཕར་གཡོ་བྱེད་ན་དངོས་གྲུབ་ཉེ། །དེ་ལ་རེ་དང་དོགས་སྤངས་ཏེ། །བརྟན་པའི་སེམས་ཀྱིས་ཡང་ཡང་བཟླས། །དེ་ལས་དྲི་མཆོག་བྱུང་བ་དང་། །བདག་ཆལ་བཅས་པའི་ཆུས་བཀྲུས་ཏེ། །གཤའ་ཏེ་ཁུ་བ་ཁ་རུ་བླུགས། །རང་གིས་ཟངས་ཀྱི་རི་ལུ་ནི། ཁར་བཅུག་བདུད་རྩི་འཕྲེང་བ་བཟླས། །དེ་ཡི་གྲངས་ནི་གོང་མ་བཞིན། །དངུལ་གྱི་རི་ལུ་ཁར་བཅུག་སྟེ། །རོ་དེའི་སྟན་ལ་འདུག་ནས་ཀྱང་། །ཆེ་མཆོག་ཡབ་ཡུམ་ཕྱག་རྒྱ་བསྒོམ། །དེ་ནས་འདར་འཕྲོག་ཚེར་ལྡང་ན། །གསེར་མུར་མི་རྟོག་ཡུན་རིང་གནས། །ཆེར་གཡོ་དགོད་ཅིང་ལང་འདོད་ན། །ལྕེ་བརྐྱང་སོ་ཡིས་གཟུང་བར་བྱ། །སྤུ་གྲིས་བཅད་དེ་ལག་བཟུང་ན། །ནམ་མཁར་འཕུར་ཏེ་རལ་གྲིར་འགྱུར། །ལྷ་མིན་གཡུལ་ཡང་འཕམ་པར་ནུས། །བཅོམ་ལྡན་གསུང་གི་དངོས་གྲུབ་ཐོབ། །ལག་བཅད་རྡོ་རྗེ་གོ་ཆ་གྱོན། །ཁྲོ་བོས་མཚོན་ཆའི་ཆར་ཕབ་ཀྱང་། །དེ་ལ་མི་ཚུགས་སོད་པར་དཀའ། །རྐང་བཅད་རྐང་མགྱོགས་འགྲུབ་ངེས་ཏེ། །དཔག་ཚད་ལྔ་བཅུར་དར་ཅིག་ཕྱིན། །ས་འོག་དངོས་གྲུབ་འགྲུབ་ངེས་ཏེ། །ཟད་མེད་གཏེར་ལ་སྤྱོད་པར་འགྱུར། །སྐྲ་བཅད་ནོར་བུ་རིན་ཆེན་འགྲུབ། །རིན་ཆེན་སིལ་མ་ཆར་ལྟར་འབབ། །རྒྱལ་བརྒྱ་མཆོད་ཅིང་འགྲོ་བ་སྐོང་། མིག་ཕྱུང་མིག་རྣོན་འགྲུབ་པ་སྟེ། །ཡེ་ཤེས་སྦྱན་སོགས་བཞི་འམ་ལྔས། །ནམ་མཁའི་མཐའ་ཀླས་ས་ལེ་བའོ། །རྣམ་པ་བཅད་པར་གྱུར་པས་ནི། ཁྲེས་པས་ཟིན་དང་མ་ཟིན་པའི། །སྒྲ་ཤེས་སངས་རྒྱས་གསུང་ལྟར་འགྱུར། །གཞན་ཡང་གང་བཅད་དེ་མཐུན་པའི། །དངོས་གྲུབ་རྒྱ་ཆེན་རབ་འཐོབ་སྟེ། །སྙིང་ཕྱུང་ཆོས་ཉིད་མངོན་པར་འགྱུར། །དེ་དང་དེ་ཡིས་གང་རེག་པ། །ཐམས་ཅད་རིན་ཆེན་གསེར་དུ་འགྱུར། །གནས་པར་འདོད་ན་འཆི་བ་མེད། །འཆི་འདོད་གནད་མེད་བདེ་བར་འགྱུར། །ལྷ་ཡི་རྒྱལ་སྲིད་འགྲུབ་པ་དང་། །བསྟན་པ་ལ་གནོད་འཇོམས་པ་དང་། །སྲོལ་བ་ལས་ན་ལྗོན་ཤིང་བསྐྱེད། །ནམ་མཁར་འཕུར་དང་ས་ལ་འཛུལ། །རི་བོ་བྲག་ལ་ཐོགས་མེད་འགྲོ། །ཅི་འདོད་ཐམས་ཅད་འགྲུབ་པ་ནི། །བདུད་རྩི་འཕྲེང་བ་བླ་མེད་པ། །བཟླས་པ་ཙམ་གྱིས་རོས་འགྲུབ་པའོ། །གཞན་ཡང་འདི་ཡིས་འགྲུབ་པ་ནི། །ག་པུར་ཀླུ་ཤིང་ལ་བཟླས་ན། མཛེ་ནད་བཅོ་བརྒྱད་སེལ་བར་བྱེད། །ཨ་འབྲས་ཏིལ་མར་བ་མར་ལ། །བཟླས་འཐུངས་རིམས་ནད་ཐམས་ཅད་སེལ། ཁ་བའི་རྩ་དང་ལི་ག་ཏུར། ཁྲེན་ཏ་པ་ལ་ལ་སོགས་ལ། །བཟླས་བསྐུས་རུས་ཆག་ཐམས་ཅད་འཚོབ། །གསེར་ཤིང་མཁྲིས་པ་གང་ཡང་རུང་། །བ་ཏུ་ལ་ཡི་ཁུ་བ་ལ། །བཟླས་བསྐུས་མིག་གནད་སེལ་བར་བྱེད། །ཀ་ར་སྒྱུར་ཤིང་མུ་འཛའ་ར། །དོང་ཀ་ལ་བཟླས་འཁྲུ་དང་གཅོད། །ཅེ་ཕོག་དུ་བས་ཆར་པ་གཅོད། །འབེབས་ན་མ་དུ་སིང་གའོ། །པུ་ཙེ་ཤེལ་གྱིས་སེར་བ་འབེབས། །གཅོད་ན་རྒྱ་མཚོའི་སྒོ་ངས་སོ། ཁྲ་ཏྲི་པ་ལས་འདོད་ཆགས་འཇིལ། །ཙི་ཏྲ་ཀས་ནི་གཡན་པ་བསྐྱེད། །འདི་དག་ལས་ནི་མདོར་བསྡུས་པའོ། །གཞན་ཡང་འཇིག་རྟེན་འཇིག་རྟེན་འདས། །བྱ་བ་བསམ་གྱིས་མི་ཁྱབ་པ། །བདུད་རྩི་འཕྲེང་བས་འགྲུབ་འགྱུར་ཏེ། །དུག་གཞིལ་གཤོན་ནུ་གསོ་ལ་བསྔགས། །འགྲོ་བའི་དོན་དུ་དགོངས་ནས་ནི། །སྟོན་པ་བདུད་འདུལ་དཔའ་བོ་ཡིས། །ཡང་དག་ངེས་པར་བཀའ་སྩལ་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཡོན་ཏན་མཆོག་ཏུ་བསྒྲུབ་པར་བསྟན་པར་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།། །།དེའི་ཚེ་བདུད་རྩི་གསང་བའི་མཆོག་འདིའི་སྐལ་བ་དང་མི་ལྡན་པའི་བདུད་དང་། གཤིན་རྗེ་དང་། ལྷ་མ་ཡིན་ལ་སོགས་པ། ལྟ་བ་དམན་ཞིང་ལོག་པའི་སྤྱོད་པ་ལ་དགའ་བ་མང་པོ་དག་ཅིག་འདི་སྙམ་དུ་སེམས་ཏེ། བདུད་རྩི་དམ་པ་ཁམ་གཅིག་ནི་བདག་ཅག་གི་ཡང་གསོལ་བ། ཁམས་གཅིག་ནི་མི་གཙང་པ་དང་དུག་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གསུངས་ཏེ། ཁམ་གཅིག་ལ་བདུད་རྩི་དམ་པའོ་ཞེས་གསུངས་པ་འདི། བདག་ཅག་ཡིད་མ་མོས་པས་འདི་བརྟག་ཅིང་དེ་ལྟ་བུ་ཡིན་ན། བདག་ཅག་ལ་མ་གནང་ཡང་ཐབས་ཀྱིས་བདག་གི་དབང་དུ་བྱའོ་བར་སེམས་པ་དང་། །དེ་འདྲ་བའི་ལོག་རྟོག་ངན་པ་དེ་དག་མཚམས་གཅོད་པའི་ཆེད་དུ་གསོལ་བ། བཅོམ་ལྡན་འདས་བདག་གིས་ལོག་པ་ཅན་དག་གི་བསམ་པ་ཁོང་དུ་སྩོལ་ཏེ། བདུད་རྩི་དམ་པ་འདི་ལ་བར་ཆད་དུ་བགྱིད་པར་སེམས་ན། །དེ་དག་མཚམས་གཅོད་པའི་ཐམས་དམ་པ་བཤད་དུ་གསོལ། །བཀའ་སྩལ་པ། གསང་བའི་འཁོར་འདིར་དེ་དག་གིས་གནོད་པར་ལྟར་ག་ལ་ནུས་ཏེ། མ་འོངས་པ་ལ་ཕན་པར་བྱ་བའི་ཐབས་བཤད་དོ་ཞེས་གསུངས་ནས། དེའི་ཚེ་རྡོ་རྗེའི་དྲ་བ་རྣམ་པར་བཀོད་པ་ཆེན་པོ་སྤྲུལ་པ་ཞེས་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། ཐམས་ཅད་དུ་འཇོམས་པའི་གློག་གི་འཕྲེང་བ་ཞེས་བྱ་བའི་སྙིང་པོ་འདི་ཐུགས་ལས་ཕྱུང་ངོ་། །ཧུ༷་ཧུ༷་ཧུ༷་ཨ་སྐྲོ་ཏ་ཛ་ལ་བཛྲ་ཀྲོ་དྷ་ཕཊ་ཕཊ་ཕཊ་ཧ་ལ་ད་ཧ་པ་ཙ་མ་ཐ་བན་ཛ་ཧཱུཾ༷་ཕཊ། ཅེས་ཕྱུང་བས་རྡོ་རྗེ་འབར་བའི་ཚ་ཚ་ལས་སྤྲིན་དཔུང་ཙམ་དུ་འཁྲིགས་པའི་མཚོན་སྣ་ཚོགས་པའི་ཆར་ཆེན་པོ་ཕབ་ནས། ལོག་པ་ཅན་དེ་ལ་རྡུལ་ཙམ་ཡང་མ་ལུས་པར་མྱངས་ནས་མེད་པར་བྱས་ཏེ་ས་སར་འདུ་བ་འདུས་པ་ལས། །དེ་དག་རྡོ་རྗེའི་བྲག་ཆེན་པོས་མནན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧུ༷། གསང་བའི་ཐུགས་ཀྱི་དཀྱིལ་འཁོར་འདིར། །བར་ཆད་བྱེད་དང་ངན་སེམས་ཅན། །འབྱུང་པོ་མ་ལུས་བསྒྲལ་བྱས་ཏེ། མནན་ཏེ་ཚམ་རྔམ་ཤུགས་ཀྱིས་གཟིར། །ཧུ༷་ཧུ༷་བཛྲ་ཀྲོ་དྷ་ཧུ༷་ཀ་ར་ཧུ༷། གརྫ་གརྫ་ཧུ༷་ཕཊ། ཧུ༷་ཧུ༷་བཛྲ་ཀྲོ་དྷ་ནི་ལ་དཎ་ཌ་ཧུ༷་ད་ཧ་ད་ཧ་ཧུ༷་ཕཊ། ཧུ༷་ཧཱུཾ༷་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཧུ༷་པ་ཙ་པ་ཙ་ཧུ༷་ཕཊ། ཧུ༷་ཧུ༷་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ༷་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཧུ༷་ཧུ༷་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུན་ཌ་ལི་ཧུ༷་སྣྲིན་ད་སྣྲིན་ད་ཧུ༷་ཕཊ། ཧུ༷་ཧུ༷་བཛྲ་ཀྲོ་དྷ་ཨུབྱ་ཨ་ཙ་ལ་ཧུ༷་བན་དྷ་བན་དྷ་ཧུ༷་ཕཊ། ཧུ༷་ཧུ༷་བཛྲ་ཀྲོ་དྷ་ཨ་པ་རྭ་ཛ་ཏི། ཧུ༷་ཏིརྫི་ཏིཇི་ཧུ༷་ཕཊ། ཧུ༷་ཧཱུཾ་བཛྲ་ཀྲོ་དྷ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧུ༷་དྷིན་ད་དྷིན་ད་ཧུ༷་ཕཊ། ཧུ༷་ཧྭ༷བཛྲ་ཀྲོདྷ་མ་ཧྭ་བ་ལ་ཧུ༷་སྒྲོ་ཊ་ཡ་སྤྲོ་ཊ་ཡ་ཧུ༷་ཕཊ། རང་རང་ཚམ་རྔམ་སྟབས་བཇིད་པས། །བཅུའི་ཕྱག་རྒྱ་ཆེར་གནས་ཏེ། །མནན་པའི་ལས་ལ་བཙོན་བྱ་བ། །བྱང་ཤར་མཁའ་འདྲར་ཐོང་བས་མནན། །བདག་འཛིན་བར་གཅད་ཚར་གཅད་པའོ། །གསོལ་བ། ཕྱི་ཡི་བར་ཆད་མནན་པའི་ཐབས། །ཐབས་མཁས་དཔའ་བོས་བཤད་ལགས་ན། །ལེ་ལོ་གཡེང་རྨུགས་མི་གསལ་བ། །འབྱུང་སྲིད་ནན་ཏན་ཇི་ལྟར་བགྱི། །བཀའ་སྩལ་པ། རང་གི་ཤེས་རབ་ཉི་ནུབ་པས། །འགལ་བ་གལ་ཏེ་བྱུང་སྲིད་ན། །ཉེས་བྱས་མི་བཅས་བཤགས་བྱས་ཏེ། །ཁྱེད་དག་ཉིད་ཀྱིས་ངག་ཏུ་གླེངས། །དེ་ནས་འཁོར་འདུས་པ་དེ་དག་གིས་རང་རང་གི་རྒྱུད་ལ་བརྟགས་ན། བྱིང་རྨུགས་དང་། འཕྱར་གཡེང་དང་། བླ་བ་སྤྲིད་པ་ལ་སོགས་པའི་ཉེས་བྱས་མང་དུ་ཡོད་པར་ཤེས་ནས་རབ་ཏུ་གནོད་པས་ངག་ཏུ་ཕྱུང་ནས་བཤགས་པ། །ཧུ༷། ཀུན་གཞི་རྣམ་ཤེས་དབྱིངས་ཉིད་དུ། །ཐིག་ལེ་སྟོང་གི་འོད་འབར་བའང་། །མ་རིག་བདག་ཏུ་འཛིན་པས་བསྒྲིབས། །ཡོད་མེད་བག་ཆགས་ངར་འཛིན་པས། །གཡུང་དྲུང་ཡེ་ཤེས་ལྷ་ཁྱེད་ཀྱིས། །སྐུ་གསུང་ཐུགས་ཀྱི་མཛོད་གསུམ་ལ། །སྔོན་ཆད་ནོངས་བགྱིས་གྲངས་མང་བས། །འཁོར་བ་མུ་མཐའ་མེད་པར་འ་ས། །རང་སེམས་དབྱིངས་སུ་མངོན་བྱའི་ཕྱིར། །བཅོམ་ལྡན་བཀའ་གསང་དཀྱིལ་འཁོར་འདིར། །རྣལ་འབྱོར་དབང་ཕྱུག་བདག་ཅག་རྣམས། །ནམ་མཁའི་སྤྲིན་བཞིན་འདུས་ཚོགས་ནས། །བདུད་རྩི་དམ་པའི་ངང་ཉིད་ལ། །བར་ཆད་ལེ་ལོ་མེད་པ་སྲ །བརྩོན་འགྲུས་རླུད་ལྟར་ཐོགས་མེད་པས། །རང་སེམས་མངོན་དུ་བྱ་སླད་དེ། །མུན་པའི་གཡུང་དྲུང་འཁྱིལ་བ་ཡིས སྐུ་གསུང་ཐུགས་ཀྱི་མཛོད་གསུམ་ལ། །སྔོན་ཆད་ནོངས་བགྱི་་་ཀྲངས་མང་བས། །འཕམ་ཞིང་ལྟུང་བར་གྱུར་པ་དག །དེ་དག་མི་འཆད་མཐོལ་ཞིང་བཤགས། །བདུད་རྩི་འཆི་མེད་དངོས་གྲུབ་སྩོལ། །ཅེས་འཁོར་རྣམས་ལུས་ངག་མཐུན་པས་སྨྲེངས་པས། ནང་གི་ཉེས་བྱས་ཐམས་ཅད་སོར་ཆུད་ནས་བདེ་བའི་རྟགས་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་བདུད་རྩི་བདེ་བ་ཆེན་པོ་ཉིད་ཀྱང་དགྱེས་པའི་རོས་ཐམས་ཅད་དུ་ཁྱབ་ནས། མཉམ་པའི་དབྱིངས་ཉིད་ལ་བཞུགས་སོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཕྱི་ནང་གི་བར་ཆད་བསལ་བའི་ཐབས་རྣམ་པ་གཉིས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་བཞི་པའོ།། །།དེ་ནས་ཡང་སེམས་དཔའ་ཆེན་པོ་དེས། འཁོར་གྱི་ནང་ནས་སྟན་ལས་ལངས་ཏེ། ཡང་ནས་ཡང་དུ་བཅོམ་ལྡན་འདས་ལ་རིག་པ་ལས་མངོན་དུ་ཕྱུང་བའི་མེ་ཏོག་གཏོར་ནས་ཕྱག་འཚལ་ཏེ་གསོལ་བ། རང་བྱུང་བདུད་རྩི་སྨན་ཆེན་པོས། །འཁོར་བའི་གཅོང་རྙིང་བསལ་བྱས་ཏེ། །ནད་མེད་བདེ་བར་གྱུར་པའི་མཆོག །ཐབས་མཁས་སྨན་པས་བཤད་དུ་གསོལ། །དེ་སྐད་ཞུས་པས་ཐམས་ཅད་མཁྱེན། །འཚོ་བྱེད་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་ངང་ཚུལ་ཅན། །རང་སེམས་མུན་པས་བསྒྲིབས་པ་ནི། །ཉིད་འོད་སྤྲིན་གྱིས་གཅོད་པ་བཞིན། །སྤྲིན་མེད་མཁའ་ལ་ཉི་ཤར་བའི། །འོད་ཀྱིས་དངོས་ཀུན་རང་གསལ་ལྟར། །རང་སེམས་གསལ་བརྟན་ཡོན་ཏན་འབར། །རྟགས་ཀྱི་དམ་པ་དེར་བཤད་དོ། །དེ་འདྲར་ཁོང་དུ་ཆུད་བྱས་ནས། །རྫས་ལ་བརྟེན་པས་ཤེས་བྱ་བ། །ཐུན་མོང་དག་ཏུ་འདི་ལྟར་རོ། །སྣོད་བཅས་འཕར་ཞིང་འཁོར་བ་དང་། །སྣོད་ཀྱི་ནང་ན་ཁོལ་བའོ། །འཕར་འཁོར་ལ་ཡང་གཉིས་སུ་བཤད། །དགེ་དང་མི་དགེ་ཞེས་པའོ། །མི་དགེ་བྱིང་རྨུགས་དྲི་མི་ཞིམ། །སེམས་ཀྱི་དེ་ཉིད་མི་གསལ་ཞིང་། །དུས་དེར་མུན་པར་འཁྲིགས་པར་འགྱུར། །དེ་ཚེ་རང་སེམས་བརྟན་བྱས་ཏེ། །ངང་ལས་རང་གི་སྐུར་གསལ་བསྒོམ། །ཧུ༷་ལས་མཚོན་ཆའི་ཆར་ཕབ་སྟེ། །རྡོ་རྗེ་ཧུ༷་གིས་རྒྱ་བཅིངས་པ། །བསྟན་བ་ཙམ་གྱིས་གཞན་ཕམ་སྟེ། །རྡོ་རྗེ་ར་བ་དྲ་བ་བཅིང་། །ཧུ༷་བཛྲ་པ་ཏ་ཨ་པ་ལམ་ན། །ཨ་མྲི་ཏ་བཛྲ་པརྩི་ར་ཧུ༷། དགེ་བའི་མཚན་མ་འདི་ལྟ་སྟེ། །རང་སེམས་འོད་གསལ་ཤེས་རྒྱུད་དག །གང་འདོད་དེ་ཉིད་ཙམ་གྱིས་འགྲུབ། །དེ་ཉིད་ཅི་འདྲར་བདག་དབྱེར་མེད། །དཔག་ཚད་ཙམ་མམ་ཆུང་ཡང་རུང་། །གནས་ཁང་ས་བཞིར་བཅས་པའང་འདྲ། །གང་འདོད་གནས་སུ་ཧུ༷་ལ་བསྟིམ། །གཡས་སུ་འཁོར་ན་ཐབས་ལྔ་འགྲུབ། །གང་དུ་བརྟན་པ་དེ་ཡི་རིགས། །མཚམས་ཀྱང་དེ་དང་འདྲ་བའོ། །གཡོན་དུ་འཁོར་ན་ཤེས་རབ་འགྲུབ། །དབྱིངས་ཉིད་རྟོགས་མེད་ཡུན་རིང་གནས། །སྟང་འཕར་མཆོག་གི་དངོས་གྲུབ་འཐོབ། །འབྱིང་ལྟར་བྱེད་ན་ཐུན་མོང་འགྲུབ། །འདི་ལ་ཐེ་ཙོམ་ཟ་བ་མེདཁོལ་བའང་རྣམ་གཉིས་གོང་བཞིན་ཤེས། །མི་དགེ་འབུས་བཤིག་ལྕིག་སྒྲ་དང་། །ཙག་ཟེར་ལ་སོགས་དམན་པའི་སྒྲ། །སིལ་སྒྲ་ཁལ་དང་བསིང་ལ་སོགས། །ཉམས་དགའ་གཟེངས་མཐོ་དགེ་བར་བཤད། །ལྕེ་སྟེང་པདྨ་འདབ་བརྒྱད་པ། །ཉི་ཟླའི་བར་ནས་ཡིག་འབྲུག་ཨ༷། །དམར་སེར་གུར་ཀུམ་བཟང་པོའི་མདོག །པདྨ་མཐའ་ཡས་སྐུ་གསུང་ཐུགས། །རིམ་པར་སྤྲ་བསྡུ་པད་དབུས་བསྟིམ། །ཙྭ་མཆོག་དག་ལ་ཟིམ་ཆགས་བཞིན། །རྩ་ཡི་ལམ་ནས་ལམ་ཞུགས་ཏེ། །ཆུ་བུར་རྡོལ་ཞིང་འབྱུངབབཞིན། །ལུསཀུན་ཁྱབ་པར་དབྱེར་མེད་དེ། །རང་སེམས་དྲི་མ་མེད་པར་བྱ། །དེས་ནི་རྡོ་རྗེ་གསུང་དག་གི །དངོས་གྲུབ་བླ་མེད་མཐའ་ཡས་འགྲུབ། །ཚངས་པའི་གསུང་ལྟར་རབ་སྒྲོགས་ཏེ། །པདྨའི་སྙིང་པོ་དག་པ་བཞིན། །སྣང་ལ་རབ་ཏུ་ཞི་བར་འགྱུར། །དེ་སྐད་བདུད་རྩི་གསང་བའི་དབྱིངས། །སྟོན་པ་རྒྱལ་མཆོག་དཔའ་བོས་བཤད། །འདུས་པའི་འཁོར་ཀུན་རབ་ཚིམ་སྟེ། །བཅོམ་ལྡན་འདས་ལ་རབ་་ཏུ་དགའ། །སྦྱི་བ་་ཐལ་སྦྱར་འཁོད་པར་གྱུར། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཐུན་མོང་གི་རྟགས་གཉིས་བསྟན་པ་དགེ་བ་དང་མི་དགེ་བ་གཏན་ལ་ཕབ་པའི་ལེའུ་དྲུག་ཅུ་ལྔ་པའོ།། །།དེ་ནས་དཔལ་བདེ་བ་ཆེན་པོས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ངས་རྨད་དུ་བྱུང་བའི་བདུད་རྩི་དམ་པ།གྲུབ་པའི་རྟགས་འབྱུང་བའི་གཞི། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཐབས་དམ་པ། ལམ་གྱི་ནང་ན་ཉེ་ལམ་དམ་པ། བབ་ཀྱི་སྙིང་པོ། འབྲས་བུ་དཀའ་བ་མེད་པའི་རྒྱུ། །གསང་བ་བས་ཀྱང་ཆེས་གསང་བ། །ཡང་གསང་རྨད་དུ་བྱུང་བ་ཁྱད་པར་གྱི་སྤྱོད་པ་དམ་པ་འདི་ནི་རྨད་དུ་བྱུང་བའི་བསོད་རྣམས་དང་ཡོན་ཏན་ཡོད་དེ། བགྲང་བ་ལས་འདས་ཀྱང་མདོར་བཤད་ཀྱི་ཉོན་ཅིག །འདི་ནི་ལྟ་བའི་མཆོག་ཡིན་ཏེ། །རང་བྱུང་དབྱིངས་ནི་བརྡལ་ཁྱབ་ཀྱང་། །གསལ་ལ་མ་འདྲེས་ཡེ་ཤེས་མཆོག །དབྱིངས་དང་ཡེ་ཤེས་དབྱེར་མེད་པས། །ཐམས་ཅད་སྣུབ་པས་བདུད་རྩི་མཆོག །འདི་ནི་སྤྱོད་པ་རྨད་བྱུང་སྟེ། །གཙང་དང་སྨེ་དང་དུག་དང་སྨན། །སྤང་བླང་མེད་པས་དབྱིངས་སུ་འདུས། །ཐ་སྙད་འཛིན་པ་རྟོག་པའི་ནད། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། །འདི་དང་མི་འབྲལ་དམ་ཚིག་སྟེ། །དང་དུ་བླངས་ན་དངོས་གྲུབ་ཉེ། །འདས་ན་མཁས་འགྲོའི་ཆད་པས་འཇིགས། །འདི་ནི་དབང་མཆོག་བླ་ན་མེད། །བསྐུར་བའི་རྣམ་པ་ཐ་དད་ཀྱང་། །གཅིག་གཉིས་གསུམ་བཞིའི་དབྱེ་བ་ཡིས། །ཐམ་ཅད་རྫོགས་དབང་ཐིག་ལེའི་དབྱིངས། །འཕྲིན་ལས་རབ་མཆོག་འདི་ཉིད་དེ། །བསྙེན་བསྒྲུབ་འབྲལ་མེད་ལུ་གུ་བརྒྱུད། །དབྱིངས་ལས་གཅིག་ཀྱང་གཡོས་པ་མེད། །རྒྱུན་མ་ཆད་པས་ངང་གིས་འབྲེལ། །མཆོད་པའི་རྣམ་པ་བསམ་ཡས་པས། །སྟོང་གསུམ་བྱུར་བུར་བཀང་མཆོད་པས། །འདི་ཡི་རྡུལ་ཕྲན་གཅིག་མཆོད་འཕགས། །ཐམས་ཅད་བདུད་རྩིར་གྱུར་པར་རབ། །མཁའ་འགྲོ་ཆད་པོ་སོར་བཞུགས་ནའང་། །སྟོང་གསུམ་རྫས་པས་འདི་མཆོག་སྟེ། །འདི་ལས་བྱུང་ཞིང་འདི་བརླབས་པས། །རང་གིས་རང་བསྐང་ཐམས་ཅད་དགྱེས། །རྣལ་འབྱོར་ཆག་པ་འམ་བསྐང་པའང་། །རང་རིག་ཡེ་ཤེས་རྫས་མཆོད་པས། །ཡེ་ཤེས་ཀྱིས་ནི་ཆོས་ཉིད་གསལ། ཁམས་གསུམ་འཁོར་བའི་བཙོན་ར་སྟོངས། །དེ་ལ་སོགས་པ་དཔག་ཏུ་མེད། །གདོན་བགེགས་བཞིལ་དང་དལ་ཡམས་བཟློག །དྲེགས་པ་དབང་བསྡུ་དཀོར་ཁང་དབྲོག །དགྲ་གསད་སྨྱོ་དང་བརླབས་དག་མཛེ། །ཕོལ་འབྲས་ཤུ་བ་འབྲུམ་བུ་དང་། ཁྲག་སྐྱུག་ལ་སོགས་ཐམས་ཅད་དང་། །ཚེ་བསྲིང་ལོངས་སྤྱོད་རྒྱས་བྱ་དང་། །གཞོན་ནུ་གསོ་དང་རིགས་འཕེལ་དང་། །ཅི་དགར་ཐམས་ཅད་འགྲུབ་པ་ནི། །བདུད་རྩི་འདི་ལྡན་བརྟན་པས་འགྲུབ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དོན་ཀུན་ཆུད་མི་ཟ་བ་ཡི། །འདི་ལ་དཔྱས་འདོགས་སྐུར་འདེབས་པ། །རྡོ་རྗེ་དམྱལ་བར་དེ་སྐྱེ་སྟེ། །ལྕེ་ལ་ལྕགས་ཀྱི་གཟེར་ཆེན་འབུམ། །སྐད་ཅིག་ལ་བཏབ་སྤུ་གྲིས་གཅོད། །ཧ་ལ་དུག་གིས་འཕྲོ་བསྐུས་ནས། །མི་བཟོད་ཅེར་ལྡང་ངུ་ཞིང་འབོད། །འཆོར་མེད་ཡང་ཡང་བསྐལ་པ་འབུམ། །གལ་ཏེ་ནའང་འཇིག་རྟེན་གཞན། །རབ་ཏུ་མི་བཟད་སྡུག་བསྔལ་མྱོང་། །ཀྱི་ཧུད་སྐྱབས་མེད་གང་བཞུགས་ཟེར། །དེ་ཚེ་ཕན་བྱེད་མི་འབྱུང་ཞིང་། །དམ་པའང་ཐོས་པར་མི་འགྱུར་རོ། །གལ་ཏེའང་ཡི་དྭགས་བྱོལ་སོང་ཁམས། །གཞན་པས་ལྷག་པའི་སྡུག་བསྔལ་མྱོང་། །མི་ནད་ཚེ་ཐུང་ནད་མང་ཞིང་། །ཕན་པའི་སྨན་དང་ཕྲད་མི་འགྱུར། །དེ་བས་ལེགས་ཉེས་རབ་བསྡམས་ཏེ། །ལས་ཀྱི་ཁྱད་པར་དེ་བས་ཆེ། །དེ་སྐད་ཡོན་ཏན་རྨད་བྱུང་བའི། །གསང་མཆོག་མགོན་པོས་གསུངས་པ་ཡིན། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།ཡོན་ཏན་རྨད་བྱུང་བསྟན་པ་དང་ཉེས་བྱས་བཀོད་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་དྲུག་པའོ།། །།དེ་ནས་ཡང་སེམས་དཔའ་དམ་པ་དེས་གསོལ་བ། བཅོམ་ལྡན་གསང་བདག་དབང་ཕྱུག་ཆེ། །ཀུན་ལ་དབྱེ་བསྲི་མི་མངའ་བ། །བདག་ཅག་འདུས་པའི་འཁོར་རྣམས་ཀྱིས། །ཀུན་ལ་ཁྱབ་པར་བགྱི་ལག་ན། །བགོ་བའི་དགོངས་པ་བཤད་དུ་གསོལ། །བཅོམ་ལྡན་ཀུན་སྙོམས་དཔའ་བོ་ཡིས། །བརྩེ་བས་གསུང་འདི་བཀའ་སྩལ་ཏོ། །མུ་མཐའ་མེད་པའི་བྱང་ཆུབ་སེམས། །རྒྱལ་བ་སེམས་དཔའ་ཐམས་ཅད་ལ། །གདལ་ཁྱབ་ངང་དུ་ལྷུན་གྲུབ་པས། །སྙོམས་པར་གནས་པ་བགོས་པའི་མཆོག །ཐར་པའི་ལམ་མཆོག་སྟེན་འདོད་པས། །བདག་གཞན་བྱ་བ་རྫོགས་བྱེད་ན། །འདི་ལ་འབད་དེ་བརྩོན་འགྲུབ་བསྐྱེད། །བློ་ཞན་རྨོངས་པ་གཙང་ལ་དགའ། །དད་མེད་དམ་མེད་དབང་མེད་ཅིང་། །ང་རྒྱལ་དྲེགས་དང་ཁེངས་སེམས་ཅན། །བཀའ་སླུ་གདེང་མེད་ཆེ་དག་ཅན། །དེ་ལ་གནང་བའི་སྐབས་མི་དབྱེ། །ཆ་ཅིག་རྒྱལ་བ་རྡུལ་ཕྲན་པས། །ལྷག་པའི་ཚོགས་ལ་མཉེས་མཆོད་དབུལ། །དེ་འཁོར་གནས་པའི་རིགས་འཛིན་ཚོགས། །མཁའ་འགྲོ་མར་བཅས་ལ་མཆོད་ཅིང་། །ཡང་ནས་ཡང་དུ་མཉེས་པར་བྱ། །བླ་མ་ཆེན་པོ་རྒྱལ་བའི་སྐུ། །མཉེས་པར་བྱ་བའི་ཕྱིར་དབུལ་ཞིང་། ཁྲེས་རབ་རྒྱལ་འཐེབ་ཀརྨ་གིང་། །གོ་ཕུར་ལ་ཡངས་དབུལ་བྱས་ཏེ། །ཆས་དབྱེ་ཤས་ཙམ་རིགས་པར་བྱ། །འདུས་པའི་འཁོར་ཚོགས་ཐམས་ཅད་ལ། །ཤེས་རྒྱུད་ཚིམ་པར་བྱ་ཕྱིར་སྦྱིན། །ལྷག་མ་མེད་པར་ཁྱབ་བྱ་བ། །བཀྲ་ཤིས་གཙང་མའི་སྣོད་ཀྱིས་བྱ། །གོར་ཤི་ཤ་ཡི་ལོ་མ་འམ། །ཡང་ན་ཤུན་ཆེན་དག་ཏུ་བྱ། །ཀ་ཤི་ཀ་ཡི་རས་ཀྱང་རུང་། །གཙང་མ་རབ་མཛེས་ནན་ཏན་བྱ། །རྒྱུ་མའི་སྲད་བུས་བཅིངས་ནས་ནི། །སྣོད་ངན་གསང་ཕྱིར་རྒྱས་བཏབ་སྟེ། །པདྨའི་ཐལ་མོར་སྦྱིན་པར་བྱ། །མཆོད་པས་ལྷ་ཡི་དཀྱིལ་འཁོར་མཉེས། །གཏོར་ན་བགེགས་ཀྱི་ཚོགས་ལས་རྒྱལ། །བསྒྲུབས་ན་བླ་མེད་བྱང་ཆུབ་ཐོབ། །བསྟེན་ན་འཁོར་གྱི་མཁའ་འགྲོ་དགའ། །ལུས་བཅངས་ལུས་ཀྱིས་བར་ཆད་ཐུབ། །དྲིས་ནི་འདུ་བའི་ནད་སེལ་ཏེ། །ཡུལ་ན་གནས་ན་ཡུལ་ཁམས་བདེ། །དལ་ཡམས་འཁྲུག་པ་མི་འབང་ཞིང་། །འབྲུ་སྨིན་སད་སེར་མི་འབྱུང་ངོ་། །དེ་སྐད་ཁྱབ་བྱེད་སྟོན་པས་བཤད། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཐམས་ཅད་ལ་ཁྱབ་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟི་དྲུག་ཅུ་བདུན་པའོ།། །།དེ་ནས་སེམས་དཔའ་རྡོ་རྗེ་རྣོན་པོས་སྨིན་མ་རབ་ཏུ་གཡོ་བར་བྱས་ཏེ་བགད་ནས། བཅོམ་ལྡན་འདས་སྒྲ་དབྱངས་འབྲུག་གི་རྒྱལ་པོ་དེ་ལ་མཆོད་ཅིང་རབ་ཏུ་བསྟོད་ནས་གསོལ་བ། བཅོམ་ལྡན་འདས་བདུད་རྩི་སྒྲུབ་པའི་ཐབས་གཞན་མངའ་ན་དེ་དག་ཀྱང་བཤད་དུ་གསོལ། བཀའ་སྩལ་བ། སེམས་དཔའ་ཆེན་པོ་ཉོན་ཅིག་དང་། །བདུད་རྩི་དམ་པ་དྲི་མ་མེད། །རབ་དགའ་བསྒྲུབ་པ་དམ་པ་ཡིས། །རིགས་ཀྱི་དབྱེ་བས་བསྒྲུབ་པ་ནི། །ང་ཡིས་ཡང་དག་བཤད་པར་བྱ། །བྲམ་ཟེ་གཙང་མའི་རིགས་དག་གམ། །བདེ་གཤེགས་རིགས་ལ་མོས་པའམ། །ལས་ཀྱི་བསགས་པ་ཡོད་པའམ། །བླ་མས་བྱིན་རྣམས་སྒྲུབ་འདོད་ན། །རི་རབ་རྩེ་འམ་གང་གི་ར་བ་རུང་། །གཅན་གཟན་ལྒབྲས་ས་བཀྲ་ཤིས་པར། །བརྟན་ཞིང་བར་ཆད་མེད་པ་སྲ །ཡིད་འོང་ཕུག་གམ་ཡང་ཐོག་ཏུ། །རང་གི་རྣལ་འབྱོར་མ་ཉམས་བསྒོམས། །རིགས་དང་མཐུན་པའི་མཚན་ལྡན་དུ། །དབུས་སུ་རིན་ཆེན་སྨན་མཆོག་བཞག ཁྲར་དུ་སེམས་དང་ལྷོར་ཤ་ཆེན། །རཀྟ་དྲི་ཆུ་ནུབ་དང་བྱང་། །བདག་ཉིད་རིགས་ཀྱི་མངའ་བདག་པས། །རྣམ་སྣང་འཁོར་བཅས་དབུས་ཉིད་དུ། །མི་བསྐྱོད་ཤར་ལ་འབྱུང་ལྡན་ལྷོ། །མཐའ་ཡས་དོན་གྲུབ་ནུབ་དང་བྱང་། །དབུས་སུ་ཨོ་ཧུ༷་ཤར་དུ་བཞག །སྭ་ལྷོ་ཨ༷་ནུབ་ཧ་བྱང་དུ། ཁ་དོག་རིགས་ཀྱི་དབྱེ་བས་བྱ། །སྤྲོ་བསྡུ་བར་ཆད་མེད་པ་ལས། །དུ་བ་འཐུལ་དང་དགེ་་།ཚན་འབར། །ཡང་དག་ཉིད་དུ་དཔྲལ་བར་བསྡུ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །མཆོག་དང་ཐུན་མོང་བླ་ན་མེད། །འབྲས་བུ་དེ་བཞིན་གཤེགས་རིགས་འགྲུབ། །སྙིང་པོ་བླ་མེད་ངེས་པའོ། །དེ་བཞིན་རིན་ཆེན་རིགས་ཀྱ་ལྷ། ཁྲ་ཆེན་བསྒྲུབ་པར་འདོད་པ་ན། །རྒྱལ་རིགས་བླ་མས་ཡང་དག་འགྲུབ། །དཀྱིལ་འཁོར་བརྒྱད་པའི་དབུས་ཉིད་དུ། །བན་དྷ་མཚན་ལྡན་སུལ་མངས་སུ། །བདུད་རྩི་དམ་པ་ཤ་ཆེན་བཞག །གནས་ནི་ནགས་ཚལ་ཐིབས་པོ་འམ། །སྐྱེད་མོས་ཚལ་དུ་བྱ་བ་སྟེ། །ཁང་བཟངས་སུམ་བརྩེག་ཡང་ཐོག་ཏུ། ཁྲར་དུ་བྱང་ཆུབ་སེམས་ཀྱི་ཆུ། །ལྷོར་ནི་རིན་ཆེན་གཞན་གོང་བཞིན། །རིགས་ཀྱི་བདག་པོ་རིན་ཆེན་འབྱུང་། །སྭ་ལས་བསམ་ཞིང་ཚོམ་བུར་བཅས། ཁྲར་དུ་མི་བསྐྱོད་རྣམ་སྣང་ལྷོ། །མཐའ་ཡས་ནུབ་ལ་གྲུབ་པ་བྱད་། །ཧུ༷་ཨོ་སྭ་ཨ༷་ཧ་ལས་བསྐྱེད། །ཨིན་དྲའི་མདོག་དབུས་རང་རང་ལྟར། །འཕྲོ་དང་འདུ་བཅུད་བཀུག་པས། །དྲི་མཆོག་རྨད་བྱུང་བླ་མེད་དེ། །དགེ་བས་བར་ཆད་མིང་མི་གྲག །རིགས་ཆེན་བླ་མ་རིན་ཆེན་འགྲུབ། །ལྟེ་བར་ཟུར་བརྒྱད་དབུས་ཉིད་དུ། །བསྡུས་བསྟན་བླ་ན་མེད་པའོ། །རྗེའུ་རིགས་བླ་མར་གྱུར་པ་དང་། །འདི་ལ་མོང་ཤིང་ཡིད་བརྟན་པས། །པདྨའི་ཚལ་དང་སྨད་འཚོང་གནས། །ཙན་དན་དམར་པོའི་ཤིང་དྲུང་དུ། །དགའ་བའི་སེམས་ཀྱིས་རཀྟ་བགྲུབ། །རང་གི་རྣལ་འབྱོར་ལ་གནས་པས། །བསྒྲུབ་པ་བླ་མེད་བྱང་ཆུབ་འགྲུབ། །བརྒྱད་པའི་ཕོ་བྲ༷ང་སྙིང་པོ་ལ། །མཚན་དང་ལྡན་པའི་སུལ་མངས་སུ། །ར་ག་རཀྟའི་རིགས་ཆེན་བསྡུ། ཁྲར་དུ་སེམས་དང་དྲི་ཆེན་ལྷོ། ཁྲ་ཆེན་ནུབ་ཏུ་དྲི་ཆུ་བྱང་། །ཨུ་ནི་རྒྱ་སྐྱེགས་མདོག་དང་འདྲ། ཁྲར་དུ་ཧུ༷་དང་ལྷོ་རུ་ཨཱོཾ། །གྲྭ་ཉིད་ནུབ་ཏུ་རྣམ་བསམས་ཏེ། །ཧྭ་ནི་བྱང་གི་ཕྱོགས་སུ་བྱ། །མཚལ་ལྟར་རབ་འབར་ཁ་དོག་གཞན། །རིགས་ཀྱི་དབྱེ་བས་རྣམ་པར་དབྱེ། །མི་བསྐྱོད་ལ་སོགས་ཚོམ་བུ་བཞི། །རང་རང་གི་ནི་གནས་བཞག་སྟེ། །བཟླས་འཕྲོ་འདུ་དང་བྱ་བ་བྱེད། །གསལ་བས་ཡང་ནས་ཡང་བསྐུལ་ཏེ། །རང་གི་རིགས་ལ་གསོལ་བ་གདབ། །སྒྲ་སྙན་ཁྱད་པར་ཅན་དག་གིས། །རིགས་ཀྱི་དབང་གིས་འབྱུང་བ་སྟེ། ཁྲེས་ནས་དགེ་མཚན་བསྡུ་བ་ནི། །མགྲིན་པར་པདྨའི་དབུས་སུ་སྟེ། །ཨ༷་འབར་རབ་མཆོག་འདུ་བས་བསྡུ། །འདི་ནི་པདྨའི་རིགས་དག་གིས། །དངོས་གྲུབ་བརྟན་པར་འགྲུབ་པ་ཡིན། །དམངས་རིགས་རབ་ཏུ་གྱུར་པ་ཡི། །སློབ་དཔོན་དྲི་ཆུ་བསྒྲུབ་མོས་པས། །ཆུ་གླིང་རྒྱ་མཚོའི་འགྲམ་དག་ཏུ། ཁང་བཟངས་མདངས་དགའ་བར་ཆད་མེད། །ཡ་ཁ་མེད་པར་བསྒྲུབ་པར་བྱ། །ལས་ཀྱི་རྣལ་འབྱོར་མཉམ་གཞག་པས། །བཟླས་བརྗོད་བར་ཆད་མེད་པར་བྱ། །ས་གཞི་དགེ་བ་བྱིན་བརླབས་པར། །དཀྱིལ་འ༷ཁོར་བྲི་བྱས་དབུས་ཉིད་དུ། །མཚན་ལྡན་རྒྱ་གྲམ་བཞག་དབུས་ནང་། །དྲི་ཆུ་བཅུད་ཅན་མ་ལུས་བླུགས། ཁྲར་དུ་སྙིང་བཅུད་དྲི་ཆེན་ལྷོ། ཁྲ་ཆེན་ནུབ་ཏུ་རཀྟ་བྱང་། །ཧ་མཛེས་འོད་འབར་ལྗང་ཀུ་དབུས། །ཧུ༷་དག་ཨཱོཾ་གཉིས་ཤར་དང་ལྷོ། །སྭ་ནུབ་ཨུ༷་ནི་བྱང་དུ་སྟེ། ཁ་དོག་རིགས་ཀྱི་དབང་གིས་དབྱེ། །རྒྱ་གྲམ་རྡོ་རྗེ་དེ་བཞིན་ནོ། །འདི་ཀུན་འཁོར་བཅས་དབྱེ་བས་ནི། །དཀྱིལ་འཁོར་ཕྱོགས་བཞི་དབུས་དང་ལྔར། །དབུགས་ཀྱི་རྒྱན་ལས་འཕྲོ་འདུ་བྱ། །རྒྱལ་བ་ཀུན་ལས་བསྐུལ་བྱས་ཏེ། །དེ་ཀུན་འཁོར་ལ་གསོལ་བ་གདབ། །འདི་ལས་ལྷ་མོའི་གཟུགས་བྱུང་སྟེ། །གང་ཡིན་ཤེས་ནས་བླང་བྱ་སྟེ། །གསང་བའི་བརྡ་ཡིས་མཚོནཔརབྱ། །གསང་བར་གྲུ་གསུམ་སྟེང་གནས་པའི། །ཧ་ལ་བརྟན་བསྟིམ་བསྡུས་པས་འགྲུབ། །ལས་ཀྱི་རིགས་མཆོག་ཅི་འདོད་པར། །ཡང་དག་ཉིད་དུ་འགྲུབ་པར་བཤད། །ལྔ་བཞི་ཤ་ཡང་དེ་བཞིན་ཏེ། །མཚམས་བཞི་དག་ལ་འགྱུར་བ་མེད། །མ་ཕྱེད་རིགས་ཀྱི་དབང་གིས་བསྒྱུར། །གཞན་ཡང་ཁྱད་པར་འོད་རིགས་པ། །རང་གིས་ཤེས་རབ་རྣམ་པར་སྤྱད། །འགྲོ་བའི་མོས་པ་ཇི་བཞིན་དུ། །སྟོན་པས་འཁོར་ལ་གསུངས་པ་ཡིན། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་རིགས་ཀྱི་དབང་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་བརྒྱད་པའོ།། །།དེ་ནས་འཁོར་དེ་ནས་མིའི་བྱང་ཆུབ་སེམས་དཔའ་ལི་ཙ་བྱི་གཞོན་ནུ་སྡེ་ཞེས་བྱ་བས། སེམས་དཔའ་དེའི་ཞལ་དུ་ལྟས་ཏེ་སྨྲས་པ། སེམས་དཔའ་བདག་ཅག་གིས་ནི་སྨྲ་བའི་དམ་པ་འདི་ལ་ཞུ་བ་སྤོབས་པ་ཅན་མ་ཡིན་པས། སེམས་དཔའ་ཉིད་ནི་བཅོམ་ལྡན་འདས་ཀྱིས་བཀས་གནང་ལ་སྤོབས་པ་ཡང་ཡོད་པས་ཞུས་ཤིག །རང་བྱུང་གི་བདུད་རྩི་དམ་པ་བཅུད་ཀྱི་སྙིང་པོ་ཇི་བཞིན་པར་མ་རྟོགས་པ། །ཐབས་ལ་བརྟེན་ཏེ་རྟོགས་པར་འདོད་ཀྱང་།ཐབས་མེད་པ། ཆུང་བ། དོག་པ། མི་ལྡན་པ། མི་ཟས་པ། མི་མཁས་པ། ཐབས་མི་འབྱོར་བ་རྣམས་ཐབས་ཀྱི་སྙིང་པོ་འདི་ལ་བརྟེན་ན་ཇི་ལྟར་བྱ་བ་དེ་མི་མངའ་མི་སྲིད་པས། དེ་ཇི་ལྟར་ཐབས་ལ་བརྟེན་པ་ཞུས་ཤིག །སེམས་དཔས་སྨྲས་པ། དེ་ལྟར་བདག་གིས་གསོལ་གྱིས། ཁྱེད་ལ་སོགས་པ་རྣམས་གུས་པས་ཉོན་ཅིག་སྨྲས་ནས། སྟོན་པ་ལ་ཕྱག་བྱས་ཏེ་གསོལ་བ། བཅོམ་ལྡན་བདག་ལ་གསོལ་བ་མཆིས། །ཐབས་མེད་ལ་སོགས་འགྲོ་དོན་དུ། །ཐབས་ཀྱི་ཁྱད་པར་བདག་ལ་ཤོད། །བརྩེ་བས་བདག་ཅག་ཚིམ་པར་མཛོད། །དེ་ལ་སྟོན་པས་བཀའ་སྩལ་པ། །ཐབས་མེད་མུན་པར་རབ་ཏུ་འཁྱམས། །དེ་དག་མོས་པ་ཅི་རིགས་པའོ། །ཐབས་ཆུང་བྱིས་པ་ཤེད་མ་བྱེད། །དོག་པ་བྱིས་པ་གླེན་ལྐུགས་རྨོངས། །མི་ལྡན་རང་དོན་ཕྱོགས་ཙམ་ཤེས། །མི་ཟབ་དཀའ་ཐུབ་བརྟུལ་ཞུགས་སྡོམ། །མི་མཁས་རྣལ་འབྱོར་སྦྱོར་བས་བཅིངས། །དེ་དག་འདི་ཡི་སྣོད་མེད་པས། །ཚིག་གི་མཚོན་ཙམ་ངས་མ་བཤད། །མི་འབྱོར་མོས་པའི་སྐལ་པ་ཅན། །དེ་ལ་ངས་ནི་བཤད་པར་བྱ། །དབང་དང་དམ་ཚིག་ལྡན་པ་ཡིས། །དཔའ་བོ་བརྩོན་འགྲུས་བརྟུལ་ཞུགས་ཅན། །སློབ་དཔོན་ལུང་ལྡན་ལ་གུས་པས། །བསྒྲུབ་པར་བྱ་ཡི་གཞན་གྱིས་མིན། །མདངས་དགའ་ཁ་དོག་དབྱིབས་ལྡན་ཞིང་། །བཀྲ་ཤིས་བར་ཆད་མེད་པར་བྱ། །ལས་གྲུབ་མཐར་མར་རབ་བརྩམ་པ། །ཟླ་བ་རྒྱས་འདྲ་ལྔས་བརྒྱན་པའི། །དཀྱིལ་འཁོར་དབུས་སུ་བཞག་པ་ནི། །གྲེ་ཤིང་ཁྲེའུ་གྱི་རྟེན་སྟེང་དུ། ཁ་སྦལ་ཁ་ཤི་ཀ་བཱ་ལར། །རྩ་བ་ལྔ་ལ་སོགས་པ་ཡི། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྔ། །ལྕགས་ཀྱུ་ལྔ་དང་ལྡན་བྱས་ཏེ། །གཞན་དག་སྤངས་ཏེ་བཏགས་བཙགས་ནས། ཁུ་ཆེན་གྱིས་ནི་རབ་ཏུ་དཔོལ། །དེ་ཡི་ཐོད་པས་བླ་ན་དགབ། །བྱིལ་བའི་འབྲས་བུས་ཁ་བརྒྱན་ཅིང་། །ཀུ་ཤ་ཆུན་པོས་དཀྲིས་ནས་བཞག །དཀྱིལ་འཁོར་ལྔ་ཡི་ཏིང་འཛིན་དུ། །གནས་ནས་མཆོད་ཅིང་བསྟོད་ནས་གསོལ། །བདུད་རྩི་འཕྲེང་བའི་གསང་སྔགས་ནི། །བར་ཆད་མེད་པར་དགུ་འབུམ་བཟླས། །འོད་ཀྱི་འཕྲེང་བ་སྤྲོ་བསྡུ་ནི། །ངས་བཤད་འདི་ལ་ཁྱད་པར་མེད། །བདེ་བའི་མཚན་མ་བརྟན་བྱས་ཏེ། །དངོས་གྲུབ་བདག་ལ་བརྟན་པར་བྱ། །ཉེ་བའི་དབང་ཕྱུག་བརྟན་གྱུར་ན། །བདག་ཉིད་སངས་རྒྱས་ས་ལ་འགྲོ། །དབྱིངས་ཉིད་བདེ་བའི་ངང་དུ་འགྱུར། ཁམས་གསུམ་ཐམས་ཅད་རྒྱ་ལས་གྲོལ། །གཞན་གྱི་བྱ་བ་རྫོགས་བྱེད་ཕྱིར། །མངོན་ཤེས་དྲུག་དང་བཅོ་བརྒྱད་འཐོབ། །ནམ་མཁའ་ལ་ཡང་འཕུར་བར་ནུས། །མཆོད་དང་བསྐང་དང་གསོ་སྐྲད་སྦྱང་། །ཐམས་ཅད་བྱེད་པར་ནུས་པ་ནི། །སྔར་བཤད་དག་དང་ཁྱད་པར་མེད། །ངས་བཤད་འགྲོ་བ་མ་ལུས་ལ། །ཕན་པར་དགོངས་པར་ངེས་པའོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་དམན་པའི་དོན་དུ་བསྒྲུབ་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་དགུ་པའོ།། །།དེ་ནས་སྨྲ་བ་དམ་པའི་མངའ་བདག་ཆེན་པོས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་མདོར་བསྡུས་པའི་བསྒྲུབ་པ་རྣམ་པ་གཉིས་བཤད་ཀྱིས་ཉོན་ཅིག །གསང་བའི་སྣོད་དུ་གྱུར་པ་ཡི། །བཅུད་ཅན་ངེས་པའི་བླ་མ་ཡིས། །དག་པར་གྱུར་པའི་གནས་དག་ཏུ། །བྱ་བ་ཐམས་ཅད་རབ་རྫོགས་ནས། །དམ་པའི་བཀྲ་ཤིས་དཀྱིལ་འཁོར་ནི། །འདབ་མ་བརྒྱད་པའི་དབུས་ཉིད་དུ། །བདེ་བའི་ཁྲི་རྟེན་རབ་མཛེས་གཞག །ཧ་ནུ་མན་ཏའི་ཐོད་པའམ། །དུམ་བུ་གཅིག་པ་བཀྲ་ཤིས་པར། །དམ་པ་ལྔ་དང་ཤ་ལྔ་དག །རབ་དག་སྦྱངས་ཏེ་རྣམ་བཀོད་ནས། །ཐོ་བའི་སྦྱོར་བས་སྦྱང་བར་བྱ། །བཅུད་ཀྱི་དམ་པ་སྦྱང་བྱས་ནས། །དཔའ་བོ་རོ་མཆོག་ལྡན་པས་ཀྱང་། །ཡང་ནས་ཡང་དུ་བསིང་བར་བྱ། །ལྔ་ཡི་རས་ཀྱིས་གྲིལ་བྱས་ནས། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་མནན། །སྲད་བུ་ལྔ་དང་རབ་ལྡན་པས། །འཕྲེང་བ་འབུམ་ཕྲག་བཅུ་གཅིག་ཏུ། །བར་ཆད་མི་མེད་ཚིག་བཟླས་པ། །སྒྲ་ཆེ་བ་དང་ཆུང་བ་དང་། །གླལ་དང་སྤྱིད་པ་གྲྭ་ཆག་དང་། །ཟུར་ཉམས་སྒྲ་ལོག་ཏུ་བགད་དང་། །རབ་རིབ་མ་གསལ་སྒྲ་ཕྱོགས་འཛིན། །འདི་དག་ཉེས་པར་བཅས་པ་སྟེ། །རྣམ་པར་སྤངས་དང་དངོས་གྲུབ་ཉེ། །ལྔ་ཡི་རྣལ་འབྱོར་བདེར་གནས་པས། །མཆོད་བསྟོད་བསྐུལ་བ་ཡང་ནས་ཡང་། །དུས་དྲུག་འདོད་ཡོན་ལྔ་ཡིས་སུ། །དངོས་གྲུབ་འདོད་པས་མཆོད་པར་བྱ། །ཐུན་མོང་གཉིས་དང་ཁྱད་པར་ལྔ། །བརྟགས་ཏེ་སྤང་དང་བླང་བ་ཡི། ཁྱད་པར་དག་ནི་ཤེས་བྱས་ནས། །ནན་ཏན་བདེ་བས་བདག་ལ་བརྟན། །དེ་ནས་ཡང་དག་བསྙེན་པར་བྱ། །དེས་ནི་ཐམས་ཅད་ཡང་དག་འགྲུབ། །མཆོག་དང་ཐུན་མོང་རབ་ངེས་པས། །སངས་རྒྱས་ས་ལ་གདོན་མི་ཟ། །ང་ཡིས་གསུངས་ལ་ཐེ་ཚོམ་མེད། །ཡང་དག་ལ་བརྩོན་དམ་པ་ཡི། །སྐྱེས་བུ་ཏིང་འཛིན་བརྩོན་ལྡན་པས། །ཏིང་འཛིན་བླ་མེད་གཙོར་བྱེད་ཅིང་། སྤྲོས་པ་དག་ནི་རྣམས་སྤངས་པས། །ཕྱི་རོལ་སྤྱོད་པ་རབ་ཏུ་སྤངས། །རབ་ཏུ་དབེན་པའམ་གར་བདེ་བར། །གང་ལྟར་བདེར་གནད་སེམས་ཀྱི་དངོས། །ཐག་གཅད་རང་བཞིན་མཐའ་བལྟ་བྱ། །རང་བཞིན་མཐའ་ཀུན་རྣམ་པར་སྤངས། །ཆ་བྲལ་ཆ་ལས་འདས་པས་ན། །ངང་གིས་དགེ་གསལ་སྤངས་མེད་སྤངས། །དེ་ཕྱིར་ཐ་དད་ཇོག་མེད་བདེ། །སྒོ་དགུ་ཀུན་ལས་བྱུང་བའི་དབུགས། །འབྱུང་འཇུག་དལ་བའི་སྦྱོར་བ་ཡིས། །ཇེ་ཕྲ་ཇེ་རིང་ཉེ་བར་སྲིང་། །ངང་གིས་ཞི་བར་རབ་བརྟན་པས། །རླུད་ནི་བརྟན་པ་རྗོ་རྗེ་ལྟར། །སྙིང་གེ་དབུས་སུ་ཐིམ་འབར་ཞིང་། གཡས་གཡོན་བདེ་བ་རྒྱུན་དུ་འཛག །ལྟེ་བའི་དབུས་སུ་མི་ཤིག་པ། །ཉི་མ་ཟླ་བའི་དབུས་སུ་ཤིས། །སྲོ་མ་འདུས་ལས་བདེ་འབྱུང་བ། །རྔུབ་པའི་རྒྱུན་ལས་མེ་འོད་འབར། །སྒྲོལ་མས་རབ་བསྐྱོད་སྟོང་གསུམ་བརྡལ། ཁྱབ་པའི་ཐུགས་རྗེ་སེར་བུར་གཡེངས། །ཕྱོགས་བཅུར་བདེ་གཤེགས་རྒྱུད་བསྐུལ་ཞིང་། །ས་ནས་སར་འཕར་ཇེ་ཇེ་གསལ། །རིས་དྲུག་རྨོངས་དང་ཆགས་དང་ཁྲོ། །གཏུམ་པོ་རྨེག་མེད་ཁ་རྒྱུད་ནས། །ཡང་ཡང་འཁོར་བའི་ཉེས་པ་རྣམས། །བསིལ་མཉེན་བདེ་བའི་རོས་ཚིམ་བྱ། །ཀུན་ཀྱང་ངེས་པའི་ས་ལ་བཀོད། །དལ་འབྱོར་རྙེད་ནས་མི་ཁོམ་སྤངས། །ལྷ་མི་སེམས་ནི་གཉིས་མེད་བསྐྱེད། །ཡང་དག་ངེས་པའི་ལམ་བཀོད་ནས། ཁམས་གསུམ་རྒྱ་མཚོ་གཏིང་བསྐམས་ཏེ། །ངེས་པར་བྱང་ཆུབ་མྱུ་གུ་བསྐྱེད། །ཐུགས་རྗེ་རྒྱུན་གྱི་ཆར་ཕབ་ནས། །སྔོ་བསྐམས་ལྗོན་ཤིང་ལྕུག་ཕྲན་རྒྱས། །ངེས་པའི་གལ་འགག་དགའ་བས་བཀྲོལ། །དགོངས་པ་མཆོག་གི་རླབས་གཅད་དེ། །བྱ་བ་མེད་པར་འཕྲིན་ལས་རྫོགས། །བསྡམས་མེད་དམ་ཚིག་ནམ་མཁར་བསྡམས། །གཟུང་བའི་མཐའ་བྲལ་ཏིག་ལེ་དབྱིངས། །བྷ་ག་ཡངས་པའི་དཀྱིལ་འཁོར་ནས། །ཕྲ་བའི་སྐུ་མཆོག་འཁྲིལ་འཚེར་འབར །དེ་ཉིད་བརྟན་པས་དེ་ལ་གཟུང་། །གལ་ལྟེ་སྲིད་ནས་་ཕྲོ་ས་གྱུར་ན། །རྟོག་ཚོགས་ལྷ་ཡི་དཀྱིལ་འཁོར་མཆོད། །གཟུང་འཛིན་རྟོག་པའི་རྒྱ་མོ་བསལ། །རང་སྣང་ཐབས་མཆོག་ཉམས་སུ་བླངས། །ངེས་པའི་ཤེས་སྒྲོན་ཁོང་དུ་ཆུད། །བླ་མེད་བདུད་རྩི་དམ་པ་སྟེ། །ངེས་པའི་གདེང་རྙེད་རྟགས་བྱུང་བས། །རྟོག་མེད་བར་ཆད་བགེགས་ཟློག་གོ །རང་སེམས་ངེས་རྙེད་དངོས་གྲུབ་བླངས། །དེ་འདྲ་ཡང་དག་བདུད་རྩི་སྟེ། །བསྒྲུབ་པ་དམ་པ་ཡང་དག་བཤད། །སེམས་དེ་དབྱིངས་ལས་ལྕེས་བླངས་ནས། །གུར་ཀུམ་དག་དང་བསྲེས་ནས་ནི། །དངུལ་ཆུ་དེ་ཡི་ཉིས་འདབ་་་་་་་་་་་་་་དང་། །སྦྱར་ནས་རི་ལུ་ཅི་མཛེས་བྱ། །ཏ་མ་ལོ་ཡི་ལོ་མ་སྲ །གྲིལ་ཏེ་བདག་ཉིད་ཅི་དགར་སྦྱད། །འཕགས་པ་མཆོད་དང་སྒྲིབ་པར་སྦྱང་། །མཁའ་འགྲོ་མགུ་བར་བྱ་བ་དང་། །རྣལ་འབྱོར་ངེས་པ་སོར་གཞུག་ཕྱིར། །ཐབས་མཆོག་བདུད་རྩི་བླ་མེད་དེ། །དཔའ་བོ་གཅིག་པུར་བསྒྲུབ་པའོ། །ཡང་དག་ཐུགས་ཀྱི་བསྒྲུབ་པ་མཆོག །འདི་གང་གནས་དུས་སྐལ་བཟངས་མཆོག །རྣལ་འབྱོར་ལམ་ལ་རབ་གནས་ཞེས། །ང་ཡིས་ངེས་པར་གསུངས་པའོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་ངེས་པར་བསྒྲུབ་པ་དོན་གཅིག་ཏུ་ངེས་པ་ཞེས་བྱ་བ་དང་། དཔའ་བོ་ཐུགས་ཀྱི་བསྒྲུབ་པ་་གཅིག་པ་ཞེས་བྱ་བའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་སེམས་དཔའ་ཉི་མའི་སྙིང་པོ་ཞེས་བྱ་བ་ཞིག་འཁོར་དེར་འདུས་ཏེ་གནས་པ་ལས། དེ་སྟན་ལས་ལངས་ཏེ། སིལ་སྙན་དང་། རྔ་བོ་ཆེ་དང་། སིལ་ཀྲོག་གི་སྒྲ་བརྒྱ་སྟོང་ཕྲག་དུ་མས་སྟོན་པ་མཆོག་དང་། སེམས་དཔའ་དམ་པ་ལ་མཆོད་དེ། སེམས་དཔའ་ལ་སྨྲས་པ། སེམས་དཔའ་ཆེན་པོ་ཉིད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་སྐྱེས་ཤིང་མཛོད་ཆེན་པོ་གྱུར་ལ། ཞུ་བ་ཐམས་ཅད་ལ་མ་རྨོངས་པ་ལགས་ན། ད་དུང་བཅོམ་ལྡན་འདས་ལ་ཞུ་བར་མཛོད་ཅིག །དེ་ཅིའི་ཕྱིར་ཞེ་ན། ལོག་པར་རྟགས་པའི་འཁོར་བ་པའི་ཆོས་མ་ལུས་པ་མང་། བརྟགས་པའི་མིངལ་མངོན་པར་ཞེན་པ་ལས་བྱུང་ལ། མྱ་ངན་ལས་འདས་པ་ཞེས་པ་ཐར་པ་དམ་པ་ཡང་དེ་དང་འདྲ་ལ། དེ་གཉིསཀྱང་བདུད་རྩི་ཆེན་པོའི་དབྱིངས་འགྱུར་བ་མེད་ཅིང་སྐྱེ་ཤི་དག་བྲལ་བའི་ཀློང་དུ་ཐག་བཅད་དེ་གཅིག་ཅེས་བརྗོད་པ་དང་བྲལ་བར་གསུངས། གསུང་། གསུང་བར་འགྱུར་ལ། ཐམས་ཅད་ཀྱང་ཚིག་གིས་བརྗོད་དེ་གཏན་ལ་ཕབ་སྟེ་ཅི་ལགས་པ་དེ། བདག་ཅག་གི་ཚོམ་དུ་གྱུར་པས། དེ་ཞུ་བ་སྤོབས་ཤིག །སེམས་དཔས་གསུངས་པ། བདག་གིས་ནི་སྔར་སྔོན་པ་ལ་མང་དུ་ཞུས་ལ། ཅི་ཞུས་པ་དེ་ཡང་བསམ་པ་མཐར་ཕྱིན་པར་མཛད་ལ། དེས་འགྲོ་བ་གྲོལ་བ་དེ་ཡང་། ཡང་དག་པའི་བདུད་རྩིར་ངེས་པས། འཁོར་བའི་དཔྱིས་ཕྱུང་བརགྱུར་ཏེ་ཡང་དག་པའི་མཐའ་ལ་བཀོད་ཟིན་པས་ད་ཞུ་བར་བྱ་བ་ཅི་ཡང་མེད་ལ། ཅི་ཞུ་ཅི་གསུངས་པ་ཐམས་ཅད་ཀྱང་རུང་། མ་ཞུས་མ་གསུངས་ཀྱང་རུང་བར་དེ་ཁོ་ན་ཉིད་གཡོས་པ་འམ། འགྱུར་པ་འམལྡོག་པ་འམ། གཞན་དུ་འགྱུར་བ་ཅི་ཡང་མེད་པར་ད་ཁོང་དུ་ཆུད་པས་ཞུ་བར་བྱ་བ་མེད་དོ། །ཉི་མའི་སྙིང་པོས་སྨྲས་པ། དེ་ལྟ་ན་ཅི་བྱས་པ་ཐམས་ཅད་སྟོང་པ་སྟེ། ཚིག་ཐམས་ཅད་ཀྱང་སྟོང་ལ་དེས་མཚོན་དུ་མེད་དེ་སྟོང་ན་སྙིང་པོ་མེད་དེ་ཅི་དགོས། སླར་སྨྲས་པ། དེ་ལྟ་མེན་ཏེ་ཅི་བྱ་བ་ཐམས་ཅད་ནི་སྟོང་པ་དེ་ཉིད་ལས་འབྱུང་སྟེ། དཔེར་བྱ་ན། ནམ་མཁའ་ལས་ཆར་པ་འབྱུང་བས་ཐམས་ཅད་ཀྱི་གསོས་སུ་བྱེད་པ་ལྟ་བུའོ། །ཉི་མའི་སྙིང་པོས་སྨྲས་པ། ཅི་མེད་པ་ལ་ཡོད་པར་མཚོན་ཅིང་འབྱུང་བར་འདོད་པ་ནི་ཤེས་རབ་འཆལ་བ་སྟེ་བླུན་པའོ། །སྨྲས་པ། ཅི་གཏན་ནས་མེད་པ་ལས་ཡོད་པར་འདོད་པ་ལྟ་བུ་ནི་མ་ཡིན་ཏེ། མེད་པ་ཉིད་ལས་དེ་ལྟར་བརྟགས་ཀྱང་གཏན་ནས་སོ་སོར་མི་སྣང་སྟེ། ཐ་དད་པ་མ་ཡིན་པས། ཅིར་སྣང་། ཅི་བརྗོད། ཅི་ལྟར་རྟོག་ཀྱང་དེ་ཉིད་དེ་ལྟར་སྣང་བ་སྟེ། དཔེར་ན་སྤྲིན་དང་། ན་བུན་དང་། འཇའ་དང་། ཁུག་རླངས་ཉིད་ནམ་མཁའ་ལས་བྱུང་ཞིང་དེ་ཉིད་དུ་དེངས་པ་ལས་མི་འགྱུར་བ་ཁོ་ན་བཞིན་ནོ། །དེ་མཚོན་དུ་འང་བཏུབ་སྟེ་བཏགས་པའི་མཐའ་ལ་ཞེན་པའི་སྒོ་ནས་བརྗོད་པ་གང་གིས་ཀྱང་མཚོན་པར་ནུས་ཏེ་དཔེར་ན་མེ་ཞེས་པས་འཚིག་མི་ནུས་ཀྱང་། དྲོ་བ་དང་། འབར་བ་དང་། འཚིག་པར་བརྡ་འཇའ་ཏེ་ཐམས་ཅད་དུ་བྱ་བ་བྱེད་པར་ངེས་པ་བཞིན་ཐམས་ཅད་ཀྱང་ངོ་། །དེ་བས་ན་ཆོས་ཐམས་ཅད་ནི་ཚིག་གོ །ཚིག་ཐམས་ཅད་ནི་བརྗོད་པའོ། །བརྗོད་པ་ཐམས་ཅད་ནི་འབྲེལ་པ་སྟེ་ཡི་གེའོ། །ཡི་གེ་ནི་ཐ་དད་པའོ། །ཐ་དད་པ་ཐམས་ཅད་ནི་རང་བཞིན་གྱི་ཡི་གེ་ཨའོ། །ཨ་ནི་ཁོང་ནས་བྱུང་བ་སྟེ། གང་ལ་ཡང་མ་བརྟེན་པས་ཐམས་ཅད་ཀྱི་བྱུང་གནས་ཏེ་གཞིའི་དམ་པའོ། །དེ་ནི་བླ་མེད་སྙིང་པོ་བས། །སྤྲོས་མེད་ཁྱབ་པསདེབཞིནཉིད། །མབཙལ་བྱུང་བས་ཀུན་ཏུ་སྣང་། །དོན་ཀུན་སྒྲུབ་བྱེད་རྒྱུར་གྱུར་པའོ། །བརྗོད་ཙམ་ཉིད་ན་བརྗོད་མེད་པས། །བརྗོད་པ་དོན་གྱི་གསུངམཆོག་གོ །ཉི་མའི་སྙིང་པོས་ཤེས་པར་གྱིས། །ཉི་མའི་སྙིང་པོས་དེ་སྐད་ཀྱི་ཚིག་ཐོས་ནས་རབ་ཏུ་ཡང་དགའ་ཞིང་འདུན་པས། སེམས་དཔའ་དམ་པ་དེ་ལྟ་བས་ན་བརྗོད་པ་དང་བྲལ་བའི་ཨ་ཞེས་བྱ་བ་དེ། །དོན་ནི་ཇི་ལྟ་བུ་ཞིག །དབྱིབས་ནི་ཅི་འདྲ་བ་ཞིག །གནས་གང་འདྲ་བ་ཞིག་ན། ཁ་དོག་ནི་ཇི་ལྟ་བུར་སྣང་། ཁྱབ་པ་ནི་གང་ཚུན་ཆད་ཙམ། ཡུན་ཇི་སྲིད་ཅིག་ན་གནས། དབྱེ་བ་ནི་མཆིས་སམ། དོན་བྱ་བའི་ཐབས་ནི་གང་ལྟར་ལགས་པ་དེ། སྟོན་པ་སྨྲ་བའི་སེང་གེ་ལ་ཞུ་བར་བྱོས་ཤིག །དེ་ནས་སྟོན་པ་དེའི་ཞལ་དུ་མིག་མི་འགྱུར་བར་བལྟས་ནས་གསོལ་བ། ཨེ་མ་ཧོ། དངོས་མེད་བརྗོད་བྲལ་དེ་ཉིད་ལས། །བརྗོད་པ་སྤྲོས་བཅས་ཀྱིས་མཚོན་འཆར། །ཇི་སྙེད་རྗོད་བྱེད་ཡི་གེ་མཐའ། །སྐྱེ་དང་བཅས་པ་ཡི་གེ་ཨ། །དེ་འབྱུང་དངོས་རྣམས་ཐམས་ཅད་ཀུན། །དོན་སོགས་བཤད་པར་མཛད་དུ་གསོལ། །དེ་ཚེ་རང་བྱུང་བདུད་རྩི་བདག །ཡི་གེ་བདག་པོས་བཀའ་སྩལ་པ། །ཨ་ནི་སྐྱེ་བ་མེད་པའི་དབྱིངས། །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་གཞི། །རང་བྱུང་དབྱེར་མེད་དངོས་གྲུབ་རྒྱུ། །ཉེ་བར་བརྟན་པས་ཡི་གེ་མཆོག །ཆོས་རྣམས་བྱ་བཙལ་ཀུན་བྲལ་ཏེ། །སྤྲོས་དང་བྲལ་བས་ཐིག་ལེ་རྒྱ། །ཆོས་དབྱིངས་བརྡལ་བའི་ཡེ་ཤེས་ཉིད། །ནམ་མཁའི་མཐའ་ཡིས་ཁྱབ་པའོ། །ཀུན་ནས་ཟླུམ་པའི་ཡི་གེ་ནི། །གསལ་བྱེད་འབྲས་བུ་ལྟ་བུ་སྟེ། །གླང་པོ་སྣ་དང་ཤད་འདྲ་སྟེ། །པི་ཝང་དབྱིབས་དང་སེང་གེ་བསྤྱིངས། །གཞན་ཡང་ཐ་དད་ངེས་མེད་པར། །བརྟགས་པས་གང་ཡང་ཨ་ཡི་དབྱིབས། །ལྟེ་བ་མགྲིན་སྙིང་སྤྱི་བོར་འབྲེལ། །བ་དག་གསང་བའི་ཕོ་བྲང་སྟེ། །རིན་ཆེན་བསེ་གབ་ཉི་ཟླའི་དབུས། །སྲོ་མ་ཙམ་གྱི་བདེ་བའི་འོད། །འདུས་པ་དེ་ཡི་གནས་ཡིན་ནོ། །མཐིང་ཀ་དམར་བ་ལ་སོགས་སྤངས། །མདོག་མེད་མདོག་རྣམས་ཀུན་གྱི་གཞི། །ཐམས་ཅད་ཁྱབ་བྱེད་གང་ཡང་མདོག །བཏགས་ན་ཟླ་རྒྱས་བ་མོ་འདྲ། །སྣོད་བཅུད་ནམ་མཁའ་སེམས་རྗེས་འབྲང་། །འབྱུང་ད་འབྱུང་བ་ལས་གྱུར་དང་། །ས་དང་རི་བྲག་ཆུ་བོ་ཀླུང་། །གོ་འབྱེད་སྒྲ་ཡིས་ཁྱབ་པ་སྲ །ཐམས་ཅད་བདེ་ཆེན་དབྱིངས་སུ་ཁྱབ། །ཇི་སྲིད་ནམ་མཁའི་ཡོད་ཀྱི་བར། །དེ་སྲིད་རང་སེམས་ངེས་པར་གནས། །ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ཏེ། །ཨ་ཡང་དེ་ལྟར་རབ་ཏུ་གནས། །དེ་ཡང་སོ་སོར་མི་སྲིད་དེ། །དབྱེར་མེད་གཅིག་ཏུ་ལྷུན་གྲུབ་པའོ། །འདི་ལས་གྱུར་པའི་དབྱེར་བ་ནི། །སྒྲ་དག་དབྱངས་དང་སྒྲ་དང་ལས། །སོ་སོར་ངེས་པར་བསྟན་པས་ན། །བརྗོད་པའི་གྲངས་ལས་རབ་ཏུ་འདས། །འདི་ཡིས་དོན་རྣམས་ཇི་སྙེད་པ། །ཐམས་ཅད་མ་ལུས་རབ་ཏུ་་བསྒྲུབ། །བླ་མེད་སྙིང་པོར་མངོན་སངས་རྒྱས། །འདི་ཡི་རིགས་ལྔ་གསུམ་དང་གཅིག །དབྱེ་བའམ་དབྱེ་བ་མེད་པ་འགྲུབ། །རིགས་ལྔ་འདི་ཉིད་དུག་ལྔ་སེལ། ཁྲེས་རབ་རིགས་ཀྱི་དབྱིངས་ཀྱང་དེ། །དུག་ལྔ་བདུད་རྩིལྔར་སྦྱོངསྟེ། །ཞིང་ཁམསལྔ་ཡང་དེབཞིནནོ། །ཞི་རྒྱས་ལ་སོགས་འཕྲིན་ལས་རྣམས། །བརྩམསཔསཐམས་ཅདཐམས་ཅདའགྲུབ། །གཡུལལསརྒྱལ་དང་ལྷ་མེན་འཇོམས། །ཐམསཅད་འགྲུབཔ་ཉིད་དུབཤད། །རྫ་རྔ་དག་ལ་བརྟེན་པས་ནི། འཁོར་ལོ་སྒྱུར་རྒྱལ་བྲལ་བཞིནདུ། །ལྷ་དང་ཀླུ་མོ་ལ་སོགས་ཡང་། །འཁོར་དང་བཅས་ཏེ་དབངདུ་ཡོང་། །བརྒྱ་བྱིནའཁོརབཅས་བསྒོབ་ཉན། །དེནས་ཀུན་འགྲུབ་སོམ་ཉི་མེད། །ཅེས་ངེས་པར་བཀའ་སྩལ་པས། སེམས་དཔའ་རྡོ་རྗེ་རྣོན་པོ་རབ་ཏུ་ཚིམ་པརགྱུར་ཏོ། །དེ་ནས་སེམས་དཔའ་ཉི་མའི་སྙིང་པོས། སེམས་དཔའརྡོ་རྗེ་རྣོན་པོ་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ངེསཔ་ཁོ་ནར་གསུངས་པ་ལས། ཨསམཚོན་ཏེ་རྫ་རྔ་ལ་བརྟེན་ནས་བསྒྲུབ་པ་ཞེས་བགྱི་བ་དེ་ད་དུང་ཁོང་དུ་མ་ཆུད་པས་དེ་ཞུ་བར་མཛད་དུ་གསོལ། སེམས་དཔའ་རྡོ་རྗེ་རྣོན་པོས། བཅོམ་ལྡན་འདསལགསོལ་བ། ཀྱེ་བཅོམ་ལྡན་འཁོར་བའི་གཡུལ་བཟློག་ཅིང་། །རྒྱལ་སྲིད་བླ་མེད་རྒྱས་མཛད་པ། །རྨོངས་པ་རྣམས་ལ་བརྩེར་དགོངས་ཏེ། །བདུད་རྩི་རྫ་རྔའི་བསྒྲུབཔ་དག །བདག་ཅག་རྣམས་ལ་བཤདདུགསོལ། །བཅོམལྡནའདསཀྱིས་བཀའསྩལ་པ། །ཨ་ནིམཚོན པ དགབྲལཏེ། །མཚོནི་མེདམཚོན་པར་བྱ་བའི་ཐབས། །བདུད་རྩི་དྲི་མ་མེད་པསྟེ། །བཤད་ཀྱིས་གུས་པར་མཉན་པར་གྱིས། །རྣལ་འབྱོརཡང་དགརབངེསཔས། །དབེན་ལ་ཉམས་དགའ་བཀྲ་ཤིས་པར། །ལྷག་པའི་རྣལ་འབྱོར་ལ་གནས་པས། ཁྲི་ཕྲག་དགུ་རུ་བཟླས་པར་བྱ། །མན་ཏི་ས་དང་རྫ་ས་ནི། །ཆ་མཉམ་ཕྱེད་ཕྱེད་གཅལ་ནས་ཀྱང་། །རས་ཕྲན་ལས་ནི་དྲང་བར་བྱ། ཁྲུས་རྩི་ཉི་ཤུ་རྩ་ལྔའི་ཆར། །བ་་བའི་མཆོག་གམ་ཚྭ་ཡང་རུང་། །དྲི་ཆུར་བཅས་པས་གོང་བུར་བྱ། །དབང་ཐོབ་དམ་ཚིག་ལྡན་པའི་མིས། །གསང་སྔགས་འདི་བརྗོད་འཐས་པར་བཅག །ཨོ་བཛྲ་པྲི་གི་བ་ཨང་གུ་ལེ་འཛ་མ་ར་སྲུ་ཧྭ། དེ་ནས་ཁུས་བྱས་བརྫིས་བཅག་བྱ། །ཨ་ལྟར་ཟླུམ་པོ་སྤྲོས་མེད་པ། །དཔངས་དང་རྒྱ་རུ་ཁྲུ་གང་བ། །་པདྨའི་འདབ་ལྟར་འཇམ་པར་བྱ། །སྙིང་པོ་ལ་བརྟེན་ཁྲུ་ཕྱེད་མགྲིན། ཁ་ཁྱེར་སོར་བཞི་འཐེབ་སོར་སྦོམས། །སོར་ཕྱེད་ཀུན་ཏུ་སྙོམས་པར་བྱ། །པགས་པ་ཆེན་པོས་རབ་གཡོགས་ཏེ། །འགར་ན་པ་ལའི་ཤིང་གིས་གདབ། །ཕྱི་ནང་བདུད་རྩི་རྣམ་ལྔ་དང་། །ཚིལ་ཆེན་བསྲེས་པས་ཡང་ཡང་བྱུག །སེང་ལྡེང་མེ་ལ་བསྲོས་ནས་ནི། །དེ་ནས་ཉི་གྲིབ༷་མཚམས་སུ་བཞག །བདུད་རྩི་ལྔ་དང་སྦྱར་བ་ཡི། །ཚོན་གྱིས་རྔ་ལ་བྲི་བ་ནི། །གཅིག་ལ་འཁོར་ལོ་བརྒྱད་དབུས་ཅིག །ཕྱི་རོལ་སྒྲས་ཡི་འཕྲེང་བས་བསྐོར། །སྙིང་པོའི་སྙིང་པོར་ཨ་བྲིའོ། །དང་པོའི་ལྔ་ལ་ཨཱོཾ་ཧུ༷་ཨུ༷༷ཧུ༷། །གྲྭ་དང་ཧྭ་སྟེ་ལྔ་བྲི་བ། །དང་འོག་དབུས་ཀྱི་སྙིང་པོ་ལའོ། །བཅུ་གཉིས་པ་ལ་སྭ་དང་རྦ། །པན་དང་ཙ་དང་ཨ་དང་ནི། །མྲི་དང་ཏ་དང་ཧུ༷་དང་ཧྲེ། །ཐུ་དང་གྲྭ་དང་ཧྭ་རྣམས་ནི། ཁྲར་ལ་སོགས་པར་དེ་བཞིན་བྲི། །ཨུ་ལི་གཡས་ལ་ཀྭ་ལི་གཡོན། །ཕྱི་རོལ་རྡོ་རྗེ་འཕྲེང་བ་འབར། །གཅིག་ལ་སྙིང་པོར་ཧུ༷་བྲི་སྟེ། །མཆན་དུ་མུ༷་དང་ལ༷་དང་མ༷། །པྱ༷་ཏ༷་ཤར་སོགས་དེ་བཞིན་བྲི། །འཕྲེང་བའི་སྔགས་ཀྱང་དེ་བཞིན་ཏེ། །རིམ་གཉིས་གོང་ལས་བཟློག་པར་བྱ། །ཕྱི་རོལ་པདྨ་དམར་པོ་འཕྲེང་། །ཟླུམ་པོ་ཉིད་ལ་བྲི་བ་ནི། །འཁོར་ལོ་དབུས་བྲི་གཞན་སྔར་བཤད། །རིན་ཆེན་པདྨ་རྒྱ་གྲམ་ལ། །བསྐོར་བ་རིམ་བཞིན་མ་ནོར་བྱ། །ཕྱི་རོལ་བསྐོར་བ་སྔར་བཤད་བཞིན། །ཡི་གེ་འཕྲེང་བའང་དེ་བཞིན་ནོ། །བྲི་བ་ཟིན་ནས་གཙང་མ་ཡི། །གནས་སུ་ཀུ་ཤའི་སྟན་ལ་གཞག །གཞན་དུ་གྲགས་པ་ཇི་བཞིན་དུ། །མངའ་གསོལ་ཆོ་ག་རྒྱས་བྱ་སྟེ། །བདུད་རྩི་ལྔ་ཟི་་་་ཆུ་ཡིས་སུ། །གསལ་བྱེད་ལ་ནི་བཀྲུ་བར་བྱ། །དག་པའི་རྫ་རྔ་མདུན་གཞག་སྟེ། །ཉི་ཟླ་སྤྱང་ཀིས་གཟུང་དུས་སུ། །བརྩམས་ཏེ་ལྷ་ཡི་རྣལ་འབྱོར་གྱིས། །བདུན་འབུམ་བདུན་ཀྲི་བདུན་སྟོང་དང་། །བརྒྱ་ཕྲག་བདུན་དུ་བདུན་ཅུ་བདུན། །དབུགས་བསྲིས་བར་ཆད་མེད་པར་བཟླས། །རང་སྙིང་ཉི་ཟླའི་བར་གནས་པའི། །ཨ་ལས་སྒྲ་བྱུང་དེ་བསྐུལ་སྤྲོས། །བདུད་རྩི་བསྐུལ་ལ་རྔ་ལ་དབབ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །སྟོང་གསུམ་བཀང་སྟེ་ཚིམ་བྱས་ན། །ཉེ་བའི་བསྙེན་པས་རབ་ཏུ་མཉེས། །གྲུབ་ནས་འོད་ལ་སོགས་པ་སྣང་། །བསྒྲུབ་ཚེ་རང་བྱུང་སྒྲ་གྲགས་ཏེ། །ལུས་བདེ་སེམས་གཡོ་རང་བཞིན་རྒོད། །བསྒྲུབ་པ་ཆེན་པོས་རབ་བརྙེས་ནས། །འཇིག་རྟེན་གཡོ་ཞིང་ལྡེག་པ་དང་། །སྟོང་གསུམ་ཀུན་ཏུ་ཐོས་པའི་སྒྲ། །དགེ་དང་མི་དགེ་རང་འདོད་པའི། །སྒྲ་ཡིས་སེམས་ཅན་དོན་བྱེད་ནུས། །བླ་མ་སྤོང་དང་ཐེག་ཆེན་སྨོད། །གསང་བར་འོས་རྣམས་བཤོད་བྱེད་པ། །སྒྲ་གྲགས་ཙམ་གྱིས་ཐོགས་པ་མེད། །བརྒྱལ་དང་སྙིང་འགས་ཁྲག་སྒྱུག་ཅིང་། །གསོ་བར་འདོད་ནའང་སྒྲ་ཐོས་ཙམ། །བསྐྲད་དང་གཟིར་དང་ཡུལ་དབྱུང་དང་། །མཁར་དབབ་སེར་བ་དབབ་པ་དང་། །ལྕེ་དབབ་པ་ཡང་སྒྲ་ཡིས་འགྲུབ། །ཚེ་སྲིང་གཞོན་ནུ་བདེ་བ་དང་། །ནོར་སྤེལ་བགེགས་རྣམས་ཞི་བ་དང་། །ཡུལ་ཁམས་དབང་བསྡུ་གཏེར་བརྐོ་བའང་། བདུད་རྩི་རྔ་ཡི་སྒྲ་ཡིས་སོ། །གཡུལ་ལས་རྒྱལ་བར་བྱ་བ་དང་། །རྟ་དང་གླང་པོ་དབྲོག་བྱ་དང་། །འཁོར་ལོ་ལྔ་དེ་ཐོགས་ནས་སུ། །ས་རྣམས་རིམ་པར་བགྲོད་བྱས་ནས། །སངས་རྒྱས་ས་ལ་སྦྱོར་བ་ཡང་། །འདི་གྲུབ་ཕན་ཆད་ཐེ་ཚོམ་མེད། །བདུད་རྩི་རྔ་ཡི་སྒྲ་ཡི་རྒྱུན། །གྲག་པས་སྟོང་གསུམ་སེམས་ཅན་རྣམས། །བསྒྲལ་ནས་བླ་མེད་ལམ་ལ་བཀོད། །དེ་སོགས་འཇིག་རྟེན་འཇིག་རྟེན་འདས། །བྱ་བ་ཅི་ཡོད་འགྲུབ་པ་ནི། །འདི་ལ་ཐེ་ཚོམ་ཟ་བ་མེད། །དེ་ཕྱིར་མཚོན་མེད་ཆོས་ཉིད་ཀྱང་། །མཚོན་ཏེ་གཏན་ལ་དབབ་པར་ནུས། །ངས་བཤད་འགྲོ་ལ་ཕན་པའི་ཕྱིར། །ངེས་པར་རྫ་རྔ་བསྒྲུབ་པ་བཤད། །དཔལ་བདུད་རྩི་བདེ་བ་ཆེན་བོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་རྔ་སྒྲ་བསྒྲུབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་ཅུ་གཅིག་པའོ།། །།དེ་ནས་ཡང་སེམས་དཔའ་ཉི་མའི་སྙིང་པོས་ཕྱག་འཚལ་ཏེ། སེམས་དཔའ་ཆེན་པོ་ཞུ་བ་པོ་ལ་སྨྲས་པ། ཀྱེ་སེམས་དཔའ་དབང་ཕྱུག་ཆེན་པོ་ཁྱོད་ཀྱིས་ཅི་དང་ཅི་ཞུས་པ་ཐམས་ཅད་སྟོན་པ་དམ་པས་སེམས་ཅན་གྱི་དོན་གསུངས་པས་ན། ད་དུང་དུའང་བདུད་རྩི་སྒྲུབ་པའི་ཐབས་ཡོད་ན་ཡང་ཞུ་བ་དབུ་བར་རིགས་སོ་ཞེས་སྨྲས་པ་དང་། སེམས་དཔའ་ཐམས་ཅད་ཞུབ་པོ་དེས་གསུང་པའི་བདག་ཉིད་སེང་གེ་བསྒྱིངས་པ་དེ་ལ་ཕྱག་འཚལ་ཏེ་གསོལ་བ། པདྨ་ལྟ་བུར་ཉེས་པ་ཐམས་ཅད་དང་བྲལ་བ་ཆེན་པོ་གསན་དུ་གསོལ། བདག་ཅག་འཁོར་འདུས་པ་རྣམས་ད་དུང་ཚིམ་པ་མ་གྱུར་པས། བདུད་རྩི་སྒྲུབ་པའི་ཐབས་གཞན་དག་བཤད་དུ་གསོལ། བཀའ་སྩལ་པ། སེམས་དཔའ་ཆེན་པོ་ལ་སོགས་པ་ཁྱེད་འཁོར་རྣམསཉོན་ཅིག །འདི་ལྟར་སྟེ། བདུད་རྩི་རྐང་དུ་བསྒྲུབ་པར་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་རྣལ་འབྱོར་པས་བྲག་ཕུག་སྟོང་པ་ཐིབས་པོར་སོང་ལ། བདུད་རྩི་དམ་པ་ལྔ་དང་། །ལྕགས་ཀྱུ་ལྔ་དང་། ག་པུར་དང་། སུ་རུའི་ཙན་དན་དང་། ལི་ག་ཏུར་དང་། ཀ་ཀོ་ལ་དང་། ཛ་ཏི་པ་ལ་སྟེ་དྲི་ལྔ་དང་། ཙན་དན་དང་། །ཨ་ཀ་རུ་དང་། །ལི་ཤི་དང་། འབྲི་ཤི་ཀ་ལི་དང་། དེ་བ་རུ་དང་། སྒྲོན་ཤིང་སྟེ་དྲི་ཕལ་པ་ལྔ་དང་། ཏ་མ་ལ་དང་། དུ་རུ་ཀ་པོག་དང་། སྦྲང་རྩི་དང་། ལྕེ་པོག་དཀར་པོ་དང་ལྔ་སྟེ་སྤོས་ལྔ་དང་། གསེར། དངུལ། མུ་ཏིག །བྱུ་སྲ མུ་མེན་ཏེ་རིན་པོ་ཆེ་ལྔ་དང་། སྟག་ཚེར་བ་དང་། སེང་ཚེར་བ། དབང་པོ་ལག་པ། ཤུ་དག །ཨུད་པ་ལ་སྟེ་སྨན་ལྔ་དང་། འབྲས་དང་། ཏིལ་། གྲོ། ནས། སྲན་མ་ཤ་སྟེ་འབྲུ་ལྔ་དང་། བུ་རམ། སྦྲང་རྒོད། མར་ལན་ཚྭ། འོ་མ་སྟེ་སྙིང་པོ་ལྔ་དང་། ཨ་འབྲས་རྒུན་འབྲུམ་པ་ན་སེ། ན་ལེ་ཀེར་ཡ་པ་རི་བུམ་ཤ་སྟེ་འབྲས་བུ་ལྔ་སྟེ། འདི་རྣམས་ཆ་བསྙམས་ཏེ་ཞིབ་པར་བཏགས་ལ་མིའི་རྐང་གིས་དཔོལ་ནས། མྱོས་བྱེད་ཀྱིས་ཀྱང་དཔོལ་ཏེ། མིའི་རྐང་ངམ། བྱ་རྒོད་ཀྱི་རྐང་ངམ། །གླང་པོ་ཆེའི་རྐང་གང་ཡང་རུང་བའི་ནང་དུ་བླུགས་ཏེ། སིང་གའི་རས་ཀྱིས་གྲིལ་ནས་དཀྱིལ་འཁོར་གྱི་དབུས་སུ་གཞག་སྟེ། ལྷའི་རྣལ་འབྱོར་དང་ལྡན་པས་དུས་དྲུག་ཏུ་ཚོགས་ཀྱི་མཆོད་པས་ཡང་དག་པར་མཆོད་དེ། བདུད་རྩིའི་འཕྲེང་བན་ཕྲོག་འདུ་དང་བཅས་པས་བདུན་འབུམ་དུ་བར་ཆད་མེད་པར་བཟླས་ན། དུ་བ་ལ་སོགས་པ་རིམ་པས་འབྱུང་སྟེ། དགེ་མཚན་རྟགས་སྟེ་རུང་བ་དང་། འཕགས་པ་མཆོད་ཅིང་བདག་ཉིད་ཀྱིས་འོ་མ་འམ། བའི་མར་དང་སྦྱར་ཏེ།བགས་ཀྱིས་བསྐྱེད་ཅིང་ཟོས་ན། སྐྲ་དཀར་མེད། མིག་རྣོ། དབང་པོ་གསལ། སོ་དམ། ལུས་མཉེན་ལ་ཡང་། གཉེར་མ་མེད། གདངས་སྙན་ཞིང་ལུས་སྲ་བརྟན་དུ་གྱུར་ནས། ངལ་དུབ་དང་འདུ་བའི་ནད་ཀྱིས་ཉེན་པ་མི་འགྱུར་ཏེ། ཚེ་རིང་ཞིང་དགེ་བ་ལ་བར་ཆད་མེད་དེ། བདུད་དང་སྲིན་པོས་ཀྱང་བར་བཅད་དུ་མི་ནུས་ཏེ། རྒྱལ་བའི་གྲངས་རིགས་འཛིན་དུ་གྱུར་ནས། ལུས་དེས་སངས་རྒྱས་ཀྱི་ས་ལྷུན་གྱིས་གྲུབ་པར་འགྱུར་ཏེ།འདི་ལ་ཐེ་ཚོམ་ཅུང་ཟད་ཀྱང་མེད་དོ། །ཡང་བདུད་རྩི་རི་ལུ་སྒྲུབ་པར་འདོད་ན། རྣལ་འབྱོར་པ་དབང་ཐོབ་པ། དམ་ཚིག་དང་ལྡན་ཞིང་སྲན་ཚུགས་པ། དད་པ་ཆ་ཞིང་སྒྲུབ་པ་ལ་མོས་པས། གནས་བཀྲ་ཤིས་ཤིང་བར་ཆད་དང་སྲོག་ཆགས་མེད་པར། ཡོ་བྱད་དང་ལྡན་པས་སྒྲུབ་པ་ལ་འཇུག་པར་བྱའོ། །སྔོན་གྱི་བྱ་བ་རྫོགས་ནས་འདུལ་བཅད་དེ། དཀྱིལ་འཁོར་གྱི་ལས་མ་ལུས་པ་བྱས་ནས། ཚོན་སྣ་ལྔས་རིན་པོ་ཆེ་ཟུར་བརྒྱད་པ་སྙིང་པོ་དང་བཅས་པ། ཁྱམས་དང་སྒོ་ཁང་དང་བཅས་པ་རྒྱན་སྣ་ཚོགས་པ་བྲིས་ཏེ། བླ་འོག་གི་རྒྱན་གྱིས་བརྒྱན་ཏེ་བདེ་བར་གནས་པར་བྱའོ། །དེ་ནས་གོང་དུ་གསུངས་པའི་རྫས་སམ། ཡང་ན་ཁུ་ཞོ་མ་ཤ་སྲང་གཅིག་པ་ཞེས་བྱ་བའི་ཤ་མ་རུལ་མ་སུམས་པར་བསྐམས་ཏེ་ཕྱེ་མར་བྱས་པ་སྲང་སུམ་ཅུ་རྩ་གཉིས་དང་། ཧུ་ལུ་ཀ་དང་། ཤིང་ཚ་དང་། པ་ཏྲ་དང་། གན་དྷ་པ་ཊ་དང་། ཕྲ་མ་ན་ཨ་ཀེ་དང་ཁྲན་ཏི་ཀ་པུས་པ་དང་། འགན་ད་དེ་ཤྭ་ར་དང་། ཀ་ཤོ་ཀན་ད་དང་། མ་ཧྭ་པ་ལ་ཞེས་བྱ་བ་དང་།གོ་ཙི་ཧྭ་དང་། ལེ་ན་ལེའི་རྩ་བ་དང་། ནཱ་ག་པུ་པ་དང་། ལ་ཕུག་དང་། སྒོག་སྐྱ་དང་། ཧྭ་དཀར་པོའི་རྩ་བ་འདི་རྣམས་ཆ་བསྙམས་པའི་ཕྱེ་མ་བསྲེས་ཏེ་སྦྱར་བ་དང་། ཉེའུཤིང་སྲང་དྲུག་ཅུ་རྩ་བཞི་བསྡུས་པའི་ཁུ་བསྐན་དེ་མས་སྦྲུསཏེ། རི་ལུཨ་འབྲའི་འབྲས་བུ་ཙམ་སྲང་ལས་མཉམ་པོར་བྱས་ཏེ། ཤིང་སྟག པ་འམ། བེའི་ཤུན་པར་རེ་རེ་ཞིང་གྲིལ་ནས། ཐམས་ཅད་མིའི་པགས་པར་གཅིག་ཏུ་བྱས་ཏེ་ཀུ་ཤའི་ཆུན་འཁོར་ལ་ཁྲིའི་སྟེང་དུ་དབུས་སུ་གཞག་ནས།ལྷའི་སྦྱོར་བ་ཡང་དག་པར་གོམས་པར་བྱས་ནས། བཀུག་པའངབདག་དང་དེ་ལ་ཕབ་སྟེ་མཆོད་ཅིང་།ཕྲུམ་དང་བུ་རམབགཙམ་གྱིས་འཚོ་བར་བྱས་ཏེ། འོད་ཟེར་གྱི་དྲི་བས་བདུད་རྩི་བཀུག་ནས་དེ་ལ་བཅུག་སྟེ། དུར་ཁྲོད་ན་གནས་པ་དང་། སྨན་གྱི་ལྷ་དང་། དེའི་རིགས་འཛིན་པ་རྣམས་ལའང་གསོལ་བ་བཏབ་ནས།བདུད་རྩིའི་འཕྲེངབ་འབུམ་ཕྲག་བདུན་དུ་བཟླས་ཤིང་། བྱ་བ་མང་པོའི་སེམས་མི་བསྐྱེད། མཉམ་པ་ལས་ལུས་ཀྱི་གཡེང་བ་གཞན་བསྒྱུང་། བཟླས་པའི་བར་ཆད་གང་ཡང་མི་བྱ། ལྷའི་ང་རྒྱལ་ལས་མི་བསམ་པར་བསྒྲུབས་ན། དང་པོར་འཇམ་པར་འགྱུར། དྲིའབྱུང་དེ་ནས་དྲོ་བར་འགྱུར། སྒྲ་འབྱུང་། དེ་ནས་དུ་བ་འཐུལ། དེ་ནས་མེ་ལྕེ་ལྟ་བུར་འབར་བར་འགྱུར། དེ་ནས་སྣོད་དང་བཅས་པ་འཕར་ཞིང་ནམ་མཁའ་ལ་ལྡིང་བར་འགྱུར། དེ་ནས་ཤུན་པ་རྣམས་རང་ཚིག་ནས་གསེར་དངུལ་བཞུ་བའི་དངོས་པོ་བཞིན་གནས་པར་འགྱུར་ཏེ། དེས་བདེ་བར་གཤེགས་པ་ཐམས་ཅད་མཆོད་ཅིང་རང་རྣལ་འབྱོར་དང་ལྡན་པས་རེ་རེ་ཞིང་མུར་ཞིང་བཟླས་ན། ཐུན་མོང་གོང་དུ་གསུངས་པ་དང་འདྲ་བ་ལས། ལུས་མདངས་རབ་ཏུ་གསལ་ཞིང་གསེར་གྱི་ཁ་དོག་དང་ལྡན་པར་འགྱུར། མངོན་པར་ཤེས་རྣམས་དུས་གཅིག་འཆར། ནམ་མཁའ་ལ་བྱ་བཞིན་དུ་འགྲོ། ས་དང་བྲག་ལ་ཐོགས་པ་མེད་པར་འགྲོ། རྒྱ་མཚོ་ལ་མི་འབྱིང་སྟེ། འཕགས་པ་འཇམ་དཔལ་ལྟར་གཤོན་ནུའི་ཆ་བྱད་གཟུང་ནས་རྒས་པ་དང་། རྒུད་པའི་ཉེས་པ་ཅུང་ཟད་ཙམ་གྱིས་ཉེན་པར་མི་འགྱུར་ཏེ། བདུད་རྩི་རི་ལུ་བསྒྲུབ་པའི་ཐབས་མཆོག་གོ །གལ་ཏེ་སྐྱོ་མ་འམ། ཁུ་བ་སྒྲུབ་པར་འདོད་པས་གོང་དུ་བརྗོད་ཟིན་ཏེ་སྨྲ་མི་དགོས་ལ། དཀྱིལ་འཁོར་ནི་འཁོར་ལོ་རྩིབས་བརྒྱད་པའོ། །རྫས་གོང་མ་གཉིས་གང་ཡང་རུང་བའི་སྟེང་དུ། གེའུ་ཝང་སྲང་དྲུག །ཨ་རུ་ར་སྲང་ཉིས་བརྒྱ་ཉི་ཤུ་རྩ་ལྔ། གསེར་ཕྱེ་མ་སྲང་བཅུ་དྲུག །དངུལ་དེའི་ཉིས་ལྡབ། ཟངས་དངུལ་གྱི་ཉིས་ལྡབ། ལྕགས་ཟངས་ཀྱི་ཉིས་ལྡབ། དེ་རྣམས་དང་མཉམ་པའི་ལྡོང་རོས་གསེར་གྱི་མདོག་ཏུ་འཚེར་བ། བདུད་རྩིའི་ཆུ་སྲང་སུམ་བརྒྱར་སྦྱངས་ཏེ། ལྷའི་རྣལ་འབྱོར་དང་ལྡན་པས། དེ་བསྐམས་ཀྱི་བར་དུ་བདུད་རྩི་འཕྲེང་བ་བཟླས་པར་བྱའོ། །དེ་དག་རྨེག་མེད་པར་གྱུར་པ་དང་། ཚ་འམ། སྒྱུར་པོ་སྲང་བརྒྱད་ཀྱིས་གཉོར་ཏེ། སོར་བཞི་འམ། དྲུག་གོམ། བཅུ་གཉིས་སམ། ཁྲུ་གང་ངམ། མདའ་གང་ངམ། འདོམ་གང་ངམ། ཉིས་འགྱུར་དུ་ཇེ་རིང་ཇེ་རིང་སྟེ། དཔག་ཚད་ཙམ་དུའང་དྲང་དུ་བ་་པར་བཟླས་པར་བྱའོ། །དེ་ནས་འཕགས་པ་ལ་མཆོད་ཅིང་རྣལ་འབྱོར་དང་ལྡན་པས་བགས་ཀྱིས་བསྐྱེད་ཅིང་ཟོས་ཏེ། ལུས་ཀྱང་བསྐུས་ནས་འབྱུང་བའི་རྐྱེན་མེད་པར་འདུག་ན། དེ་བསམ་པ་ཡིད་བཞིན་དུ་འགྲུབ་སྟེ།སེམསཅནགྱི་དོན་ཅི་བསམ་པདར་གཅིག་ལ་འགྲུབ། ལུས་ལ་ཉི་མ་ལྟ་བུའི་གཟི་བརྗིད་འབྱུང་། སངས་རྒྱས་ཀྱི་ཞིང་ཁམས་མངཔོ་དར་གཅིག་ལ་བགྲོད་ཅིང་། བདེ་བར་གཤེགས་པའིཞལ་མངོན་དུམཐོང་ལ། དེ་དག་གིས་ལུངསྟོན་ཅིང་སངས་རྒྱས་ཀྱིས་མཛད་པ་ཡང་ཅི་བ་བ་འགྲུབ། ཐོགས་པ་མེད་པའི་ཤེས་རབ་ཀྱིས་ཕ་རོལ་གྱི་རྒྱུད་དགྲོལ་བར་ནུས། ལུས་དང་ངག་གི་སྤྲུལ་པ་འབྱིན་ཅིང་བདེནཔ་ཅི་བརྗོདཔ་འགྲུབ། བྱེ་མ་དངགསེགམ་ལས་རིན་པོ་སིལ་མར་བསྒྱུརཞིང་དབུལ་བ་སེལ་ནུས། སྐམས་ལས་ཆུ་འབྱིན་ཞིང་། སོལ་བལས་ལྗོནཤིང་བསྐྱེད་པ་ལ་སོགས་པ་འགྲུབ་སྟེ། འདོད་ན་དར་གཅིགགིས་ཀྱང་སངས་རྒྱསཀྱི་ས་ལ་ལྷུན་གྱིས་གྲུབ་ཅིང་ཆེ་བའིཡོན་ཏན་གྲུབ་པར་བྱེད་དོ། །འདི་ནི་བདུད་རྩི་ལྡེ་གུར་སྦྱར་བའི་ཐབསདམ་པའོ། །ཡང་རྣལ་འབྱོར་པ་མཆོག་ལ་ལ་དག་བདུད་རྩི་ཞུན་ཆེན་སྒྲུབ་པར་འདོདན། བྱ་བ་ཐམས་ཅད་རྫོགས་པར་བྱས་ཏེ། ཞེན་ཆགས་མེད་པར་བྱས་པ་དེས། གནས་གང་ཡང་རུང་བར་སྟན་མེད་ཀྱང་རུང་སྟེ། ལངས་པའམ། ཙོག་པུ་འམ། འཕྲད་དམ། ཁས་བུབ་ཀྱང་རུང་བར་འདུག་ལ། རང་གི་སེམས་ཀྱི་དཀྱིལ་འཁོར་བལྟས་ཏེ། རང་བྱུང་ཇི་བཞིན་མ་བཅོས་རྣམ་མའི་ངང་ལ་མཉམ་སྡོམས་ཙམ་དུ་སྤྱོད་ལམ་ཐམསཅད་དུ་གནས་པར་བྱའོ། །རྫས་ཐམས་ཅད་སྒྱུ་མ་འམ། མིག་རྒྱུ་བ་ལྟར་སྤང་བླང་མེད་པར་ཤེས་པར་བྱའོ། །འོན་ཀྱང་བདུད་རྩི་དམ་པ་ལྔ་ལས། །བྱང་ཆུབ་སེམས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་བཙལ་བའོ། །གཞན་དུ་ནི་ཅུང་ཟད་ཙམ་ཡང་མ་ཡིན་པའོ། །རཀྟ་ནི་དང་པོ་ཁོ་ནར་པདྨ་ལས་འཛག་པའོ། ཁྲ་ནི་ནུ་ཞོ་མ་འམ། སྲང་དྲུག་པ་མན་ཆད་དོ། །དྲི་ཆེན་དང་འདྲི་ཆུ་ནི། ལུས་ཀྱི་བབ་གཞན་དུ་མ་ཤོར་བའི་འོ། །དེ་ལ་བྱང་ཆུབ་སེམས་ནི་ངེས་པ་མེས་དོ། །རཀྟ་ནི་སྲང་བརྒྱད་མན་ཆད་དོ། ཁྲ་ཆེན་ནི་དེའི་བདུན་འགྱུར་རོ། །དྲི་ཆུ་ནི་བསྡུས་པའི་སྙིང་པོའང་གོང་མ་བཞིན་ནོ། །དྲི་ཆེན་ནི་ངེས་པ་མེད་དེ་ཅི་ར།ངོ།། །དེ་དག་ཀྱང་རླུད་དང་འབུ་སྲིན་གྱིས་མ་ཁྱེར་ཞིང་མ་རུལ། མ་རྙིང་། མ་སུམས་པ་བཏགས་ཏེ་ཡང་ནས་ཡང་དུ་བཙགས་པ་དང་། ཨ་རུ་ར་པྱེ་མ་སྲང་དྲུག་བརྒྱ་མན་ཆད་གཅིག་ཏུ་བྱས་ཏེ། ཞུན་ཆེན་བདུད་རྩི་ཆུ་ལས་བཙོས་ཏེ་དུ་བ་སྲང་རེ་རེའི་ནང་དུ། གོང་མ་སྲང་རེ་བླུག་པ་ཞོ་རེ་རེ་ནས་བགས་ཀྱིས་བསྐྱེད་པ་རང་བཞིན་གྱིས་འགྲུབ་པར་བྱིན་གྱིས་བརླབས་ཏེ་དུས་གསུམ་མན་ཆད་དུ་བཟའ་འོ། བདུད་རྩི་ཆུའང་དེ་བཞིན་ཏེ་སྲང་གསུམ་གསུམ་མོ། །བའི་འོ་མའང་ཅི་རན་བཏུང་ཞིང་། རང་་གི་ཤེས་རབ་གསལ་བའི་མེ་ལོང་ལ་བལྟ་སྟེ། མ་ཡེངས་ཙམ་དུ་སྒྲོལ་མ་གོམས་ཙམ་དུ་ནན་ཏན་བྱས་ན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་རྒྱུད་ལ་ཤར་ནས། ལོག་པའི་ལྟ་བ་ངན་པ་རྒྱུད་བཅད་དེ། བླ་ན་མེད་པའི་བྱང་ཆུབ་མངོན་དུ་གྲུབ་པར་འགྱུར་ཏེ། །ངས་གསུངས་པ་འདི་དག་ལ་ཐེ་ཚོམ་ཟ་བར་མ་བྱེད་ཅིག །ཅེས་སྨྲ་བའི་མཆོག་གིས་བཀའ་སྩལ་ཏོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། སྨན་ལས་གྲུབ་པའི་རིགས་འཛིན་མཆོག་བསྒྲུབ་པའི་ལེའུ་སྟེ་བདུན་ཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བའི་སྟོན་པ་ཐམས་ཅད་མཁྱེན་པ་དེས། ཐམས་ཅད་མི་རྟོག་ཅིང་འདུ་འབྲལ་མེད་པའི་དབྱིངས་སུ་སྡུས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། ཧུ༷་ཞེས་བསྡུ་བར་མཛད་དོ། །དེའི་ཚེ་སེམས་དཔའ་རྡོ་རྗེ་རྣོན་པོ་དང་། གཞན་འཁོར་འདུས་པ་ཐམས་ཅད་རྟབ་རྟབ་པོར་གྱུར་ཏེ། བདག་ཅག་གི་སྟོན་པ་བླ་ན་མེད་པ། དམ་པའི་མཛོད་རྣམ་པར་བཀོད་པ། གསང་བའི་ཡང་དག་པའི་གསང་བ་ཆེན་པོ། དོན་རྣམ་པར་བཀོད་པའི་སྙིང་པོའི་ཡང་སྙིང་། སྨྲ་བ་ཐམས་ཅད་ཀྱི་སེང་གེ་ཆེན་པོ་འདི་འདྲ་བ་གཞན་གང་དང་ཡང་མཚུངས་པ་མ་ཡིན་པས་བདག་ཅག་གིས་བཀུར་ཞིང་བསྟོད་པའི་གནས་ཡིན་ནོ། ཞེས་བསམས་ནས་མགྲིན་གཅིག་ཏུ་འདི་སྐད་ཅེས་རོལ་མོ་དང་ཕེག་རྡེབས་ཤིང་བསྟོད་པ། ཨོ། འགྲོ་ཀུན་ཐུགས་རྗེ་བཀོད་པས་རབ་འཛིན་ཁྱབ་པའི་སྐུ། །གང་འདུལ་ཐབས་ཀྱིས་རོལ་བས་མཐུན་པའི་གཟུགས་སྣང་མཛད་ཅིང་། །བདེ་གཤེགས་མཚན་དཔེ་འགྲན་མེད་རབ་འཇིགས་མེ་ལྟར་རབ་འབར་བས། །དྲེགས་སོགས་གཏན་སྲེག་མ་ལུས་བྱང་ཆུབ་ལམ་ལ་འགོད་མཛད་པ། །ཉིད་འདྲ་གཞན་མེད་རྡོ་རྗེ་བདུད་རྩི་སྐུ་ལ་ཕྱག་འཚལ་བསྟོད། །ཨུ༷༷བརྗོད་བྲལ་ཐམས་ཅད་ཀུན་ལ་གོ་བར་ཤུགས་ཀྱིས་སྟོན་མཛད་པ། །རྣམ་དག་གསུང་ནི་ཆེར་སེང་གེ་ང་རོ་སྒྲོགས་ཤིང་བརྗོད། །ལྷ་དང་ཀླུ་སོགས་རང་སྐད་ཇི་བཞིན་འཚམ་པར་སྟོན་ཅིང་འདུལ། །སྙན་ཅིང་ཟབ་ཅེས་ཀ་ལ་བིང་ཀ་ལ་དང་འབྲུག་སྟོང་ལྡིར། །ཅི་གསུངས་ཆོས་སྒྲ་སྣ་ཚོགས་ཆར་ཕབ་ཐམས་ཅད་གསོ་མཛད་འདུད། །ཧུ༷། རབ་ཏུ་ཟབ་ཅིང་བརྟགས་པར་དཀའ་ལ་གསལ་དག་དེ། །ལྷུན་གྲུབ་ངང་ལ་བསྐྱོད་པ་མི་མངའ་རང་འབྱུང་ཡེ་ཤེས་གསལ། །ཀུན་འདུས་ཀུན་གྱི་བདག་ཉིད་མཆོག་ཉིད་རྩེ་མོ་དབྱིངས། །ཀུན་གསལ་ཁྱབ་པའི་དབང་ཕྱུག་ཡོངས་གསལ་དྲི་མ་བྲལ་གྱུར་པ། །ཐུགས་དབྱིངས་གསང་བདག་ཀུན་གྱི་དབྱིག་གིས་བདུད་རྩི་ཉིད་ལའོ། །གྲྭ། ཟད་མེད་ཡོན་ཏན་དཔལ་འབར་མངའ་དབང་མཆོག་གི་གཏེར་མངའ་བས། །མ་རིག་ཕོངས་པ་རྣམས་ཀྱི་དབུལ་བ་སེལ་ཅིང་སངས་རྒྱས་དཀོར་ལྡན་པ། །སྟོབས་ཆེན་མངའ་བའི་ལྷ་སྟེ་ལོག་པའི་སྡེ་འཇོམས་དཔུང་དང་རབ་ཏུ་ལྡན། །ཚད་མེད་དགའ་བའི་བདེ་བས་ཐམས་ཅད་བྱང་ཆུབ་མཆོག་གི་ལམ་འཛུད་པ། །བཤེས་གཉེན་དམ་པ་ཀུན་གྱི་མགོན་དུ་གྱུར་པའི་རེ་གནས་དམ་པ་ལའོ། །ཧྭ། འཕྲིན་ལས་ཟད་མེད་བསྡུ་བས་མ་ལུས་ཀུན་ཏུ་བཏུལ་ཏེ་དཔལ་ལྡན་མཛད། །མི་གཙང་འདམ་ཁུང་ཀུ་མུ་ཏ་སྐྱེས་རབ་མཛེས་བུང་བ་བཅིངས་གྲོལ་ལྟར། །ཉིད་ནི་འཁོར་བའི་ཆོས་ལ་དབང་སྒྱུར་ཉིད་ལས་གཞན་མི་དམིགས། །འདབ་རྫས་སྐྱོན་ཉིད་དོར་མེད་རང་བྱུང་བདུད་རྩི་གཅོང་རྙིང་འཇོམས་མཛད་པ། །ཀུན་སྒྲོལ་བདུད་རྩི་གཅོང་རྙིང་སེལ་བའི་ལས་རབ་མཛད་པ་དཔའ་བོ་ཉིད་ལ་འདུད། །བསྟོད་པ་མཆོག་གྱུར་དམ་པ་འདིས། །རིགས་ཀྱི་བདག་ཉིད་ཆེན་པོ་ལ། །དགྱེས་བསྐྱེད་དུས་གསུམ་བདེ་གཤེགས་དགྱེས། །འདི་ཡི་བསོད་ནམས་བརྗོད་ལས་འདས། །ཨ་ལ་ལ་ཧོ། ཞེས་བསྟོད་པས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་དགྱེས་ཏེ་མཉམ་པ་ཉིད་ལ་ངམ་སྟེ་བཞུགས་སོ། །དེ་ནས་ཡང་སེམས་དཔའ་རྡོ་རྗེ་རྣོན་པོས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ་གསོལ་པ། བཅོམ་ལྡན་རྡོ་རྗེ་བདུད་རྩི་མཆོག །བཅོམ་ལྡན་ནད་སྦྱོང་སྨན་པའི་གཙོ། །བཅོམ་ལྡན་གསང་ཆེན་ཐབས་ཀྱི་རྒྱལ། །བདག་ཅག་འཁོར་ཚོགས་ཚིམ་མཛད་ཀྱང་། །མ་འོངས་གྲོ་ལ་ཕན་མཛད་ཕྱིར། །ནན་ཏན་བསྐྱེད་དེ་གསུང་བར་རིགས། །ཅེས་གསོལ་པ་ལས། བཅོམ་ལྡན་འདས་ནི་ཅིའི་སྣང་བར་ཡང་མི་མཛད། ཅི་ལྟ་བུར་ཡང་མི་རྟོག །ཅིའི་དགོངས་པའང་མི་མཛད་དེ་མཉམ་པ་ཉིད་ལ་ལྷན་ནེ་བར་བཞུགས་སོ། །དེའི་ཚེ་སེམས་དཔའ་ཆེན་པོ་རྡོ་རྗེ་རྣོན་པོ་དང་འཁོར་འདུས་པ་ཐམས་ཅད་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་སོགས་པ་རྣམས་ནི་རྟོག་པའི་རྒྱལ་མོ་ཕྱོགས་གཅིག་བསལ་ནས་ལམ་དམ་པར་བཙུད་དེ་ཚིམ་ཡང་། ད་དུང་རྟོག་པ་མང་པོའི་ཐེ་ཚོམ་ཡོད་ཀྱང་སེལ་བར་མི་མཛད་པ་དེ་བདག་ཅག་སྐལ་བ་ཆུང་བ་འདྲ་གྲང་སྙམ་དུ་སེམས་པ་དང་། རྟོག་པ་དེ་ལྟ་བུ་དག་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་ནས་བཀའ་སྩལ་པ།སེམས་དཔའ་ངས་ནི་ཚིག་གཅིག་ཙམ་ཡང་མ་གསུངས། མི་གསུང་། གསུང་བར་མི་འགྱུར་ཏེ། གསུང་བར་བྱ་བ་ཅིའང་མ་དམིགས་སོ། །གསོལ་བ། ཚིག་གཅིག་ཙམ་ཡང་མ་གསུངས་ན། བདུད་རྩི་དམ་པ་ཇི་ལྟར་གཏན་ལ་ཕབ་སྟེ་ཤེས་པར་གྱུར། བཀའ་སྩལ་པ། ཅི་བདུད་རྩི་ཞེས་བྱ་བ་དེའང་ནན་གྱིས་བཏགས་ཏེ་བློ་བུར་བ་ཡིན་ན། གཏན་ལ་དབབ་པ་ཅི་ཡོད། གསོལ་བ། བདུད་ཅེས་བགྱི་བ་དང་། རྩི་ཞེས་བགྱི་བ་དང་།སྤང་བ་དང་། བླང་བ་དང་། སྒྲུབ་པའི་ཁྱད་པར་དང་། གྲུབ་པའི་འབྲས་བུ་དང་། དེའི་ཡོན་ཏན་དང་། མ་གྲུབ་པའི་སྐྱོན་དག་ངོ་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དེ་གཏན་ལ་ཕེབས་པ་ལགས་སམ། བཀའ་སྩལ་པ།དེ་དག་ཉིད་ཀྱང་བཏགས་པ་ཙམ་སྟེ། དེ་ཁོ་ན་ཉིད་མ་བཅོས་པ། མ་བསླད་པ། མ་བསྒྱུར་པ། ཀུན་ལ་ཁྱབ་པ། སོ་སོར་མ་འདྲེན་པ། ཡོངས་སུ་རྫོགས་པ། རྒྱུ་ཞེས་མ་བཏགས་པ། ལམ་ཞེས་བགྲོད་དུ་མེད་པ།འབྲས་བུར་མ་བསྒྲུབ་པ་སྟེ། །ཡེ་ནས་གཏནལ་ཕབ་ཟིན་པའོ། །གསོལ་པ། ཀྱེ་བཅོམ་ལྡན་འདས་དེ་ལྟ་ན་ཅིའང་བྱ་མི་དགོས་ལ། བཅོམ་ལྡན་འདས་ཀྱིས་གསུངས་པའང་དོན་མ་མཆིས་ལགས་སམ།བཀའ་སྩལ་པ། དེ་དེ་ལྟམ་ཡིན་ཏེ། རྨོངས་པ། མ་རིག་པ། མ་ཤེས་པ། མུན་པར་འ་ས་པ། དྲ་བར་ཆུད་པ། དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་རྣམས་ལ་ཕན་པའི་ཕྱིར་ངས་གསུངས་ཅེས་བྱ་བའང་། དོནགྱི་སྙིང་པོ་ཉིད་ལ་ཉིད་ཀྱིས་སྩལ་བ་ལས་གཞན་དུ་ཅིའང་མ་ཡིན་ནོ། །དེ་ལྟ་ནའང་ངས་བསྟན་པའི་ཐབས་ཁྱད་པར་ཅན་འདིའང་རྨོངས་འཁྲུལ་གྱི་ལྟ་བ་ཅན་དེཉིད་ལ་མི་མོས་པ་རྣམས་ལ་ཚིག་གི་མཚོན་ཙམ་ཡང་བསྒྲགས་པར་མི་བྱའོ། །དེ་བཞིན་དུ་ཐེག་པ་དམན་པ་དང་། དབང་མ་ཐོབ་པ་དང་། དམ་ཚིག་དང་མི་ལྡནཔ་དང་། བླ་མ་ལ་སྨོད་པ་རྣམས་ལའང་ངོ་། །སེམསདཔའ་སེམས་དཔའ་ཆེན་པོ་དཔེར་ན་ཉི་མའི་དཀྱིལ་འཁོར་རི་གཉའ་ཤིང་འཛིན་གྱི་ཐོག་ནས་འཆར་བའི་འོད་དེ་ལ་ནི། དབྱེ་བ་འམ། བསྲི་བའང་མེད། གྲང་བ་དང་དྲོ་བའང་མེད་མོད་ཀྱང་། རི་ནག་པོས་བསྒྲིབས་པ་དང་གླིང་བར་པ་རྣམས་ལ་ནི་ཟེར་ཙམ་ཡང་མི་སྣང་ངོ་། །གཅོང་རོང་དང་ནགས་ཐིབས་པོས་བསྒྲིབས་པ་རྣམས་སུ་ནི་གསལ་བའི་མ་སྣང་ཡང་དྲོ་བ་དང་མཉེན་པ་མི་སྣང་ངོ་། །གཞན་སྒྲིབས་གཡོགས་ཀྱིས་བསྒྲིབས་པ་རྣམས་ལ་ནི་ལྟང་ལྷོང་ཙམ་དུ་གནས་ཀྱང་ས་ལེར་མི་གནས་སོ། ཁ་ཅིག་ཏུ་ནི་སལ་ལེ་སང་ངེ་ལྟེམ་མེ་གནས་ཏེ། གནས་རང་གི་སྒྲིབ་གཡོགས་ཆེ་ཆུང་ལས་ཉི་མ་ནི་རྟོག་འཛིན་དག་བྲལ་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མེ་ཏོག་ཨུ་པ་ལ་དང་། ཐ་ན་མི་གཙང་བའི་འདམ་ཁུང་ལ་དབྱེ་བསྲི་མེད་པར་འཆར་བ་ཇི་བཞིན་ནོ། །དེ་བས་ན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་ངའི་དགོངས་པ་དམ་པ་འདི་སེམས་དཔའ་ཆེན་པོ་ཁྱོད་ལ་གཏད་དོ། །ལེགས་པར་གཏད་དོ། །ངེས་པར་གཏད་ཀྱིས། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཆུད་མི་གཟན་པའི་ཕྱིར་གཟུང་བར་གྱིས་ཤིག །ཁོང་དུ་ཆུད་པར་བྱ་བའི་ཕྱིར་བཅང་བར་གྱིས་ཤིག །བྱ་བ་ཅི་དང་ཅི་ཡོད་པ་འགྲུབ་བྱ་བའི་ཕྱིར་བསྒོམ་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །གསོལ་བ། བཅོམ་ལྡན་འདས་བདག་གིས་ནི་གསུངས་པ་བཞིན་ཡང་རྗོ་མི་ཐོགས་ལ། བཀའ་སྩལ་པའང་སྔས་བས་གློ་བ་མི་སྤྲོ་སྟེ། ད་དུང་གསུང་བར་རིགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྨྲ་བ་ལས་འདས་པ་སྟེ། ད་ཅིའང་སྨྲ་བརྗོད་མེད་པར་བློ་ལ་གཏད་པས་མ་སྨྲ་བར་རང་གི་སེམས་ཉིད་ལ་ལྷོས་ལ་འདུག་སྟེ་ཁ་རོག་ཅིག །གསོལ་བ། དཔའ་བོ་ཆེན་པོས་དིང་སླན་ཅད། སྨྲར་མེད་ཚིག་ལས་འདས་པར་ནི་གསུངས་པས་བདག་ཅག་ཁོ་བཅད་དེ། རང་རིག་སེམས་ལ་བརྟག་པར་བྱ། ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ་ཁ་རོག་སྟེ་མི་སྨྲ་བར་གནས་སོ། །དེའི་ཚེ་འཁོར་འདུས་༄༅ པ་ཐམས་ཅད་ཡིད་གཅིག་ཏུ་འདུས་ཏེ་མདངས་ཕྱུང་བག་བཞི་ས་ལ་བརྡབས་ཏེ་རྣལ་འབྱོར་མཆོག་གི་ཕྱག་ཚུལ་བཞིན་འཚལ་ནས་གསོལ་བ། བཅོམ་ལྡན་ཐམས་ཅད་རྣམ་ཀུན་མཁྱེན། །ཞེ་སྡང་གཟེར་ནག་དྲག་པོ་བཅོམ། །བཅོམ་ལྡན་མཁས་པ་རྩལ་དུ་གྱུར། །འདོད་ཆགས་ཞེན་པའི་བཙོན་ར་བཤིག །བཅོམ་ལྡན་རྒྱལ་བ་ཡོངས་ཀྱི་མེས། །གཏི་མུག་མུན་པར་སྒྲོན་གསལ་བཏེག །བཅོམ་ལྡན་ལྷ་མི་ཡོངས་ཀྱིས་བསྟོད། །ང་རྒྱལ་རི་བོ་དྲེགས་པའི་རི་བོ་བསྙིལ། །བཅོམ་ལར་མོལ་འབྱོར་དབང་ཕྱུག་ཆེ། །ཕྲག་དོག་འཁོར་བའི་རྒྱ་མཚོ་བསྐམས། །བདུད་རྩི་སྨན་མཆོག་ཨ་ལ་ལ། །རང་སྣང་ཡེ་ཤེས་ཨ་ལ་ལ། ཁྱབ་བརྡལ་ནད་སེལ་ཨ་ལ་ལ། །གསལ་བྱེད་སྒྲོལ་མ་ཨ་ལ་ལ། །ཆོས་རྔ་སྒྲ་རྒྱུན་ཨ་ལ་ལ། །བདག་ཅག་རྣམས་ནི་མངོན་པར་བསྟོད། །དགའ་དང་གུས་པས་བཀུར་བར་བགྱི། །ཞེས་མགྲིན་གཅིག་ཏུ་གླིངས་ནས་ཁ་རོག་སྟེ་རང་གི་སེམས་ལ་བལྟས་ནས་འཁོད་དོ། །བཅོམ་ལྡན་འདས་ནི་བདུད་རྩི་དམ་པའི་དབྱིངས་འཕེལ་འགྲིབ་མེད་པ་ལ་རྣལ་ཞིང་བཞུགས་སོ། །དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དགྱེས་པར་བསྟོད་དེ་སྨྲ་བརྗོད་ལས་འདས་པས་ཐམས་ཅད་རྫོགས་པ་ཞེས་བྱ་བའི་ལེའུ་སྟེ་བདུན་ཅུ་གསུམ་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུངས་དང་། ཐུགས་གསང་བའི་ཡེ་ཤེས་ཀྱི་སྙིང་པོ་དཔལ་བདུད་རྩི་བདེ་བ་ཆེན་པོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཇི་སྙེད་པར་བཤད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤི་བཛྲ་ཨ་མྲི་ཏ། མ་ཧྭ་སུ་ཁ། སརྦ་ཏ་ཐུ་ག་ཏ། ཀྭ་ཡ་ལྷུསྐ་ཙིཀྟ་བཛྲ། བཛྲ་མ་ཧྭ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་