Ngb-pt-0696-vol-07-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:46, 20 March 2020

Front

Body

ཀྱི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་ལ་སོགས་ཏེ་དཔག་ཏུ་མེད་པ་དང་། རྫོགས་པའི་སངས་རྒྱས་སྟོང་དང་། ཐུབ་པ་དྲུག་དང་། རིགས་ལྔ་དང་། སྟེང་ཕྱོགས་ནས་པདྨ་ཧེ་རུ་ལ་སོགས་པའི་ཁྲོ་བོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། འདུ་བྲལ་མེད་པའི་ངང་དུ་རྟག་པ་རྒྱུན་གྱི་མཐའ་བཞུགས་སོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེང་དང་པོའོ།། །།དེ་ནས་མགོན་པོ་སྤྱན་རས་གཟིགས། །འཁོར་ཚོགས་རྒྱ་མཚོ་དཔག་མེད་ཀྱིས། །ཐུགས་ཀྱིས་བསྐུལ་བར་རབ་མཁྱེན་ནས། །རང་བཞིན་པདྨའི་འདབ་མ་ལས། །གུས་བཏུད་ནས་ནི་འདི་སྐད་གསོལ། །མགོན་པོ་རིགས་བདག་ཆེ་བའི་མཆོག །འདི་ལྟར་འདུས་པའི་འཁོར་རྣམས་ལ་། རྒྱུད་དོན་རྩ་བའི་རྣམ་བཞག་གང་། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཅེས་གསོལ་པ་དང་། །མཐའ་ཡས་དབང་པོས་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །རྒྱུད་དོན་རང་བཞིན་ཉག་གཅིག་སྟེ། །མ་ནོར་མ་བཅོས་ཆོས་ཀྱི་སྐུ། །དག་པ་གཉིས་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེ་མ་འགགས་སྤྲུལ་པའི་སྐུ། །ངོ་བོ་སྐྱེ་འགག་གནས་བྲལ་བ། །འདུས་མ་བྱས་ཞིང་ལེ་ཉིད་ནས། །རང་ལ་རང་ཆས་ཡོད་པའོ། །ཐོག་མཐའ་མེད་པས་འགྲོ་འོང་མེད། །སྐྱེ་བ་མེད་པས་འགག་པ་མེད། །ཡེ་ནས་རང་བྱུང་བཅིང་གྲོལ་མེད། །རྒྱ་ཆད་ཕྱོགས་ལྷུང་མེད་པ་བཅད། །བགེགས་གཏོར་ཆ་གསུམ་སྔོན་འགྲོ་བས། །བཀའ་བསྒོ་ཧུ༷་བཞིའི་སྔགས་ཀྱིས་བསྐྲད། །རབ་འཇིགས་ཁྲོས་པས་མཚམས་ཀྱང་བཅད། །ཨོ་མ་ཁི་པབླེ་ཧུ༷་ཧྲི །བཛྲ་ཀྲོ་དྷ་རྒྱ་གྲི་བ་མ་ཧ་ཀྲོ་དྷ་ད་ཧ་པ་ཙ་བྷན་དྷ་ཧ་ན་ཧུ༷་ཕཊ། །དེ་ནས་བརྡ་ཡི་སྒོ་ཡང་དབྱེ། །བྲུ༷་རྙོ་ན་པྲ་བེ་ཤ་ཡ་ཕཊ། དེ་བཞིན་བརྡ་ཡི་ཕྱག་ཀྱང་བཙལ། །གུ་རུ་ལོ་ཀེ་ཤྭ་ར་ཡ །ཨ་ཏི་པུ་ཧོ། །རྒྱུན་དུ་ལྷ་ཡི་དམ་བཅའ་བཟུང་། །ཙིཀྟ་བཛྲ་ས་མ་ཡ་ཛགསང་བའི་དཀྱིལ་འཁོར་ཐུགས་རྗེ་དབབ། །ཨོ་མ་ནི་པཏྲེ་ཧུ༷་ཧྲི། མ་ཧ་ཀྭ་རུ་ནི་ཀྭ་ཡ་སརྦ་ས་མ་ཡ་ཨུ་བེ་ཤ་ཡ་ཨ། སྒོ་གསུམ་སྡིག་སྒྲིབ་མ་ལུས་བཤགས །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། །སརྦ་ས་མ་ཡ་ཤུདྷི་ཨ། དེ་དག་གྲུབ་པའི་སྔོན་འགྲོ་སྟེ། །གསང་སྔགས་ཀུན་གྱི་ལམ་ཡིན་ནོ། །ཅེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། གྲུབ་པ་སྔོན་འགྲོའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མགོན་པོ་སྤྱན་རས་གཟིགས། འདུས་པའི་འཁོར་གྱིས་ཡང་གསོལ་པ། ཀྱེ་ཧོ་སྟོན་པ་བཅོམ་ལྡན་འདས། །ལམ་མཆོག་སྒྲུབ་པའི་དངོས་གཞི་གང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །རྒྱུད་དོན་བསྒྲུབ་པའི་དངོས་གཞི་ནི། །རྒྱས་པའི་བཤད་ཀྱི་ཡིད་ལ་ཟུང་། །ཆོ་ག་གསུམ་ནི་ཀུན་གྱི་གཞི། །སྤྲོས་མེད་ཆོས་རྣམས་ཡེ་ནས་དག །མཐའ་བཞི་དྲི་མ་རང་སངས་ཉིད། །ཀ་དག་ཟང་ཐལ་ཆོས་ཀྱི་སྐུ། །འཁོར་འདས་མཉམ་པ་ཉིད་དུ་བརྡལ། །ཨོ་མ་ཧྭ་ཤཱ་རྒྱ་ཏྭ་རྙོ་ན་བཛྲ་སྭ་བྷ་ཝ་ཨུད་མ་ཀོ྅་ཧ༷། །གདོད་ནས་བདེ་ཆེན་ཆོས་ཀྱི་སྐུ། །རང་ངོ་མ་ཤེས་འཁྲིལ་བའི་དབང་། །གཟུང་འཛིན་ལས་ལ་རབ་ཏུ་འཐས། །དེ་ཉིད་མ་རྟོགས་ཉིང་རེ་རྗེ། །དྷར་མ་དྷ་ཏུ་སྭ་བྷ་བ་ཤུད་དྷི་ཨ། འཁོར་བ་དང་ནི་མྱ་ངན་འདས། །རྒྱུ་ཡི་ངོ་བོ་ཅིག་ཉིད་དེ། །ཧྲི་ནི་ཡེ་ཤེས་སྙིང་པོའི་སྲོག །རྟེན་འབྲེལ་རྒྱུ་ཡི་ས་བོན་སྒོམ། །ཧྲི་ཙིལྟི་བཛྲ་ས་མ་ཏི་ཧུ༷། ཨེ་ལས་སྟོང་གསལ་ནམ་མཁའི་དབྱིངས། །ཡ༷་ལས་སྟོབས་ཆེན་རྡོ་རྗེ་རླུད་། །ར༷་ལས་རྒྱ་མཚོ་མུ་མཐའ་མེད། །སུ༷་ལས་དབང་ཆེན་གསེར་གྱི་གཞི། །ཀེ་ལས་གྲུ་གསུམ་རི་རབ་བརྗིད། །ར་ལས་མེ་དཔུང་ཕྱོགས་བཅུར་འབར། །དུག་ལྔ་གནས་སུ་དག་པ་ལས། །དབང་ཆེན་ཡུམ་ལྔའི་མཁའ་ཀློང་དབུས། །ཧྲི་ལས་བྲུ༷་འཕྲོས་གཞལ་ཡས་ཁང་། །མ་བཅོས་རང་བྱུང་འོད་ལྔའི་ཀློང་། །རབ་མཛེས་ཕྱི་ནང་ཟང་ཐལ་གསལ། །དལ་དབུས་པདྨའི་སྙིང་པོ་ཟླུམ། །མུ་ཁྱུད་ཕྱི་ནང་པད་འདབ་མཛེས། །གྲུ་ཆད་བར་ཁྱམས་གོ་ཁྱུད་རྫོགས། །རིན་ཆེན་སྣ་ལྔའི་རྩིགས་པ་ལས། །ཡེ་ཤེས་རླུད་གི་འཁོར་ཡུག་ཅན། །ཟླ་ཕྱེད་རྡོ་རྗེའི་སྐར་ཁུང་མཛེས། །འདོད་ཡོན་ལྷ་མོའི་གར་གྱི་དཀྲིས །ཕོ་བྲང་སྙམ་ཡང་འོད་དུ་འཁྱིལ། །མ་བཅོས་ལྷུན་གྱིས་གྲུབ་པར་གསལ། །ངོ་མཚར་རྨད་བྱུང་རྒྱལ་པའི་གནས། །གཞལ་ཡས་ཡོངསརྫོགས་ཆེན་པོར་གསལ། །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། །བྲུ༷་བི་ཤྭ་བི་ཤུད་དྷི་ཨེ་ཙྭ་ན་ཙཀྲ་མཎྜལ་བྲུམ། པདྨ་སྲུརུ་ཙན་དྲ་མཎྜ་ལ་བྲུམ། །གཞལ་ཡས་དེ་ལ་ལྷ་བསྐྱེད་ལ། །ཏིང་འཛིན་གསལ་བ་མཆོག་ཏུ་གཅེས།དལ་དབུས་ཧྲི་ཡི་ཕྲོ་འདུ་ལས། །རང་རིག་པདྨ་ཉི་ཟླའི་སྟེངས། །གསང་འདུས་ཞལ་གཅིག་ཕྱག་གཉིས་པ། །དམར་གསལ་རིན་ཆེན་རྒྱ་མཚོས་སྤྲོས། །ཕྱག་གཡས་པད་ཕྲེང་ཐུགས་ཀར་བསྣམས། །ཕྱག་གཡོན་པད་སྡོང་བདུད་རྩི་བུམ། །གསང་ཡེས་སྐུ་ལ་དབྱེར་མེད་འཁྲིལ། །དམར་གསལ་གཞོན་ཚུལ་རྒྱན་གྱིས་སྤྲུས། །ཕྱག་གཡས་པདྨ་གྲི་ཁུག་འཁྱུད། །ཕྱག་གཡོན་ཚེ་བུམ་སྙན་དུ་འཛིན། །འཛུམ་པའི་མདངས་ལྡན་དབུ་སྐྲ་གྲོལ། །རྒྱན་དྲུག་པད་འཕྲེང་དོ་ཤལ་མཛེས། །ཐབས་ཀྱི་སྐུ་དང་གཉིས་མེད་འཁྲིལ། །གསང་འདུས་སྐུ་ཡི་དབུ་གཙུག་ཏུ། །རིགས་བདག་མཐའ་ཡས་སྐུ་མདོག་དམར། །ཐུགས་ཁར་རྟ་གྲིན་རྔམ་བརྗིད་འཇིགས། །ཉིད་ལས་གཉིས་མེད་སྤྲུལ་པའི་སྲས། །ནོར་འཛིན་གཡས་ལ་གསང་འཛིན་གཡོན། །སྐུ་མདོག་དཀར་དམར་པད་འཕྲེང་འཛིན། །ཀུན་གྱི་སྤྱི་གཙུག་རིགས་བདག་བརྒྱན། །དེ་ཡི་ཕྱི་རིམ་ཕྱོགས་བཞི་དབུས། །འདབ་བཞི་འཇའ་འོད་རིགས་ལྔའི་དཀྱིལ། །ཐུགས་རྗེ་ཆེན་པོ་རྒྱལ་བ་རིགས་མཆོག་ལྔ། ཁྲར་དུ་མི་བསྐྱོད་མ་ཀི་མཐིང་། །རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ། ལྷོ་རུ་རིན་འབྱུང་སྤྱན་མ་སེར། །རིན་ཆེན་དྲེལ་བུ་ཡུམ་དང་འཁྲིལ། །ནུབ་ཏུ་སྣང་མཐའ་གོས་དཀར་དམར། །པདྨ་དྲིལ་འཛིན་ཡུམ་དང་འཁྲིལ། །བྱང་དུ་དོན་གྲུབ་སྒྲོན་མ་ལྗང་། །རྒྱ་གྲམ་དྲིལ་བུ་ཡུམ་དང་འཁྲིལ། །དབུས་མདུན་རྣམ་སྣང་དབྱིངས་ཕྱུག་དཀར། །འཁོར་ལོ་དྲིལ་བུ་ཡུམ་དང་འཁྲིལ། །ཀུན་ཀྱང་དབུ་རྒྱན་ཅོད་པན་དང་། །རིན་ཆེན་རྒྱན་མཛེས་མདངས་དང་ལྡན། །དེ་ཡི་ཕྱི་རིམ་འདབ་བརྒྱད་ལ། །རིགས་འདུས་སེམས་དཔའ་ཡབ་ཡུམ་བརྒྱད། ཁྲར་དུ་ས་སྙིང་ལ་སེ་དཀར། །རིན་ཆེན་མྱུ་གུ་མེ་ལོང་འཛིན། ཁྲར་ལྷོ་བྱམས་པ་པྲཐྲོ་དཀར། །ཀླུ་ཤིང་དྲིལ་བུ་མེ་ཏོག་འཛིན། །ལྷོ་རུ་ནམ་སྙིང་རྙུ་པེ་མཐིང་། །རལ་གྲི་དྲིལ་བུ་སྤོས་ཕོར་འཛིན། །ལྷོ་ནུབ་སྒྲིབ་སེལ་གན་རྙེ་དཀར། །པོ་ཏི་དྲིལ་བུ་དུང་ཕོར་འཛིན། །ནུབ་ཏུ་སྤྱན་རས་གི་ཏི་དམར། །པདྨ་དྲིལ་བུ་པི་ཝང་འཛིན། །ནུབ་བྱང་ཀུན་བཟང་མྱ་ལེ་མཐིང་། །རིན་ཆེནརིལ་བུ་འཕྲེང་བ་འཛིན། །བྱང་དུ་ཕྱག་རྡོར་ནིར་ཏི་ལྗང་། །རྡོ་རྗེ་དྲེལ་བུ་ཞལ་ཟས་འཛིན། །བྱང་ཤར་འཇམ་དཔལ་ཨ་ལོ་སེར། །ཨུཏུལ་དྲིལ་བུ་མར་མེ་འཛིན། །དེ་ལྟར་རིགས་ཀྱི་ཡབ་ཡུམ་རྣམས། །ཕྱེད་སྐྱིལ་སེམས་དཔའི་གན་ནས་ནི། །འཛུམ་པ་འི་མདངས་ལྡན་ཡུམ་རྣམས་འཁྱུད། །དབུ་རྒྱན་ཅོད་པན་དོ་ཤལ་དང་། །ཕྱག་ཞབས་སྙུ་གུ་དར་སྤྱངས་སྤྲས། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །འཛུམ་པའི་མདངས་དང་ལྡན་པར་བསྐྱེད། །དེ་ཡི་ཕྱི་རིམ་པདྨ་དྲུག །རིན་ཆེན་མཛེས་པའི་འཛུམ་བྱས་ལ། །ཡི་གེ་དྲུག་གི་འཕྲོ་འདུ་ལས། །བརྒྱ་བྱིན་ཐག་བཟང་ཤཱཀྱ་ཐུབ། །རབ་བརྟན་ཁ་འབར་ཆོས་ཀྱི་རྒྱལ། །སྐུ་མདོག་དཀར་སྔོ་སེར་གསལ་མཛེས། །སེར་ནག་ལྗང་དང་དེ་བཞིན་ནག བརྒྱ་བྱིན་པི་ཝང་ཐག་བཟང་མཚོན། ཤཱཀ་ཐུབ་སྲེག་གཤང་རབ་བརྟན་ཆོས། ཁ་འབར་རིན་ཆེན་ཆོས་རྒྱལ་ཆུ། །ཀུན་ཀྱང་འགྲོ་འདུལ་འོད་ཟེར་ཅན། །སྤྲུལ་སྐུ་གཞོན་ཚུལ་ལྡན་བར་བསྐྱིད། །དེ་ཡི་ཕྱི་རིམ་མུ་ཁྱུད་བཞི། །པདྨ་སྟོང་ལྡན་གདན་སྟེངས་སུ། །ཐུགས་རྗེ་རང་སྩལ་འགྲོ་བ་འདུལ། །དུས་གསུམ་སངས་རྒྱས་སྟོང་རྩ་གཉིས། །གང་འདུལ་སྐུ་མདོག་སྣ་ཚོགས་མཛེས། །སྤྲུལ་པའི་སྐུ་རུ་ཡོངས་རྫོགས་བསྐྱེད། །སྒོ་བཞིར་བདུད་བཞི་པད་ཉིའི་སྟེང་། ཁྲར་དུ་བཛྲ་ཧེ་རུ་ཀ །ལྕགས་ཀྱུ་གཡས་ལ་སྡིགས་མཛུབ་གཡོན། །ལྷོ་རུ་རད་ན་ཧེ་རུ་སེར། །བེ་ཅོན་གཡས་ལ་ཞགས་པ་གཡོན། །ནུབ་ཏུ་པད་མ་ཧེ་རུ་དམར། །དབྱུག་ཐོག་གཡས་ལ་ལྕགས་སྒྲོག་གཡོན། །བྱང་དུ་ཀརྨ་ཧེ་རུ་ལྗང་། །རྒྱ་གྲམ་གཡས་ལ་དྲིལ་བུ་གཡོན། །ཀུན་ཀྱང་རབ་བརྗིད་འཇིགས་པར་གསལ། །ཕྱི་རོལ་བར་ཕྱམས་འཁོར་ཡུག་ལ། །མཁའ་འགྲོ་ཆོས་སྐྱོང་དམ་ཆེན་རྣམས། །དཔག་མེད་ཆར་སྤྲིན་ལྟར་དུ་གཏིབས། །གང་འདུལ་སྒྱུ་མའི་རོལ་པར་ཤར། །ཀུན་ཀྱང་མ་འདྲེས་འཇའ་ལྟར་སྒོམ། །ཨོ་མ་ཁེ་པབླེ་ཧུ༷་ཧྲི། སརྦ་བྷ་ག་བན་མ་ཁི་བཛྲ་ཨ། བཛྲ་རད་ན་པདྨ། ཀརྨ་བུད་དྷ་ས་མ་ཡ་སྟམ། ས་མ་ཡ་ཛུ། དེ་ལྟར་རྩ་བའི་ལྷ་བསྐྱེད་ནས། །ཡེ་ཤེས་སེམས་དཔའ་སྤྱན་ཡང་དྲངས། །བཞུགས་གསོལ་ཕྱག་བཙལ་གླུ་ཡིས་མཆོད། །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། ས་མ་ཡ་ཛ་ཧུ༷་བ༷་ཧོ། བཛྲ་ས་མ་ཡ་ཏི་སྟ་ལྷན། །ཨ་ཏི་པུ་ཧོ་པྲ་ཏི་ཛ་ཧོ། ཁུ་མ་ཧྭ་ཙྭ་ན་ཏེ་ཏེ་ཧུ༷་ཏེ་ན་ཧུ༷། །སྣང་སྲིད་ཕྱི་ཡི་མཆོད་པ་འབུལ །ཨོ་བཛྲ་པུས་པེ། རང་བྱུང་ནང་གི་མཆོད་པ་འབུལ། །མ་ཧྭ་པརྩི་པུ་ཙ་ཧོ། བདེ་ཆེན་གསང་བའི་མཆོད་པ་འབུལ། །ངོ་མཚར་བདུད་རྩིའི་མཆོད་པ་དང་། །དམ་རྫས་གཏོར་མའི་མཆོད་པ་འབུལ། ཁུད་དྲུག་རཀྟའི་མཆོད་པ་དང་། །ཡོངས་སྒྲོལ་དེ་བཞིན་ཉིད་ཀྱི་མཆོད། །ཨོ་ཨུ་ཧུ༷་སརྦ་པན་ཙ་ཨ་མྲི་ཏ་ཧུ༷་ཧྲི་ཐུ། མ་ཧྭ་བ་ལིང་ཏ་ཨོ་མ་ཧྭ་རག་ཏ། ཛ་ཧུ༷་བ༷་ཧོ། པདྨ་ཡོ་གི་ན་མུ་ཏྲ་པྲ་བེ་ཤ་ཡ་ཕཊ། སརྦ་པྱུ་ཙ་ཧོ། མ་ཏྲ༷་རུ་ཏྲ་པྲ་པན། ཙཀྲ་ཁ་ར༷་ཁའི། །ཨོ་ཤུ་ཙྭ་ཏ་ཙྭ་ན་བཛྲ་སྭ་བྷ་བ་ཨུད་མ་ཀོ྅་པྲུ་ཙ་ཧོ། དངོས་གྲུབ་གནས་ནས་བསྐུལ་བའི་ཕྱིར། །དཀྱིལ་འཁོར་ལྷ་ལ་བསྟོད་པ་བྱ། །ཧྲི་བདེ་ཆེན་ཀུན་འདུས་ཐུགས་རྗེའི་ལྷ། །རང་བྱུང་ཡེ་ཤེས་སྤྱན་རས་གཟིགས། །དམར་གསལ་པད་འཕྲེང་བུམ་པ་འཛིན། །གསང་ཡེས་རང་འདྲའི་ཡུམ་དང་འཁྲིལ། །རབ་མཛེས་རྒྱན་རྫོགས་འོད་ལྔའི་ཀློང་། །ཉི་ཟླ་པད་སྟེང་དགྱེས་པར་བཞུགས། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྫོགས། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །དུས་གསུམ་བདེ་གཤེགས་རིགས་ཀྱི་བདག །ཚེ་ཡི་བདག་པོ་སྐུ་མདོག་དམར། །མཉམ་བཞག་ཚེ་བུམ་རྒྱན་ཚོགས་སྤྲས། །འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཐུགས་སྲོགས་ཡེ་ཤེས་སེམས་དཔའི་སྐུ། །དབང་ཆེན་དམར་པོ་གྲི་ཐོད་འཛིན། །རྟ་སྐད་འཚེར་ཞིང་བདུད་བཞི་འདུལ། དབང་སྡུད་མཛད་ལ་ཕྱག་འཚལ་སྟོད། །སྲས་མཆོག་ནོར་འཛིན་གསང་སྔགས་འཛིན། །དཀར་དམར་རྒྱན་མཛེས་པད་འཕྲེང་འཛིན། །ཐབས་ཀྱིས་འགྲོ་འདུལ་འཇིགས་པ་འཛིན། །བདེ་སྟོང་སྲས་ལ་ཕྱག་འཚལ་བསྟོད། །སྟོང་གསལ་ཐིག་ལེའི་དཀྱིལ་འཁོར་ན། །ལྷུན་གྲུབ་རྒྱལ་བ་རིགས་མཆོག་ལྔ། །དག་པ་ཡེ་ཤེས་འོད་ལྔའི་སྐུ། །མཉེན་ལྕུག་འཁྲིལ་ལྡེམ་སྒེག་བཞད་ལྡན། །གསལ་འཚེར་གཞོན་ཚུལ་མཛེས་པའི་སྐུ། །རིགས་ལྔ་ཡབ་ཡུམ་སྐུ་ལ་བསྟོད། །དུས་གསུམ་བདེ་གཤེགས་རྒྱལ་བའི་སྲས། །རིགས་མཆོག་སེམས་དཔའ་ཡབ་ཡུམ་བཅུ། །རབ་མཛེས་ཞི་བའི་ངང་ཚུལ་ཅན། །ཐུགས་རྗེའི་འཕྲིན་ལས་བསམ་མི་ཁྱབ། །འགྲོ་འདུལ་བྱང་སེམས་དཔའ་མེད་བསྐོར། །ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད། །གང་ལ་གང་འདུལ་འགྲོ་བ་འདྲེན། །རིགས་དྲུག་སྐྱབས་མཆོག་ཐུབ་པ་དྲུག །མ་ངེས་ཅིར་ཡང་སྟོན་མཛད་པ། །སྡུག་བསྔལ་སྐྱོབ་ལ་ཕྱག་འཚལ་བསྟོད། །བསྐལ་བཟང་འདི་ལ་ཐུགས་བསྐྱེད་ནས། །ཞིང་འདིར་མཛད་པ་རྨད་བྱུང་གིས། །གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན། །སངས་རྒྱས་སྟོང་ལ་ཕྱག་འཚལ་བསྟོད། །སྒོ་བཞིར་བདུད་བཞི་བསྣོལ་བའི་སྟེང་། །རང་བྱུང་ཁྲོ་རྒྱལ་ཆེན་པོ་བཞི། །འཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ། །བདུད་དཔུང་འཇོམས་ལ་ཕྱག་འཚལ་བསྟོད། །གཞན་ཡང་བཀའ་འདུས་གསང་བ་ཡི། །དཀྱིལ་འཁོར་ཕྱི་ནང་ལྷ་ཡི་ཚོགས། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལས། །འཕྲིན་ལས་བསྒྲུབ་ཅིང་དངོས་གྲུབ་སྩོལ། །མཁའ་འགྲོ་ཆོས་སྐྱོང་དམ་ཆེན་བྱས། །ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བླང་ཕྱིར་ཐམས་ཅད་བསྐུལ། །བསྙེན་བསྒྲུབ་རྫབ་ལ་ནན་ཏན་བསྐྱེད། །ཕྱི་ལྟར་བཟླས་པ་ཡི་གེ་དྲུག །མཉེན་འཇམ་རྨ་བྱའི་མགྲིན་ལྟར་བཟླས། །ཨོ་མ་ཁེ་པརླེ་ཧུ༷་ཧྲི། མདོ་ཡི་ལུགས་སུ་ཤེས་པར་བྱ། །ནང་ལྟར་ཟབ་མོའི་ཡི་གེ་བཅུ། །འབྲུག་དབྱངས་ལྡིར་བ་ལྟ་བུས་བཟླས། །ཨོ་ཨུ༷༷ཧུ༷་ཧྲི། ཨོ་མ་ཁེ་པཏྲེ་ཧུ༷། གསང་སྔགས་ནང་ལྟར་ཤེས་པར་བྱ། །ཡང་གསང་ཡིག་བདུན་སྙིང་པོའི་སྲོག །ཚངས་པ་ལྷ་ཡི་གསང་ལྟར་བཟླས། །ཨོ་མ་ཁི་པཏྲེ་ཧྭ༷་ཧྲི། ཡང་གསང་སྙིང་པོའི་ལུགས་སུ་ཤེས། ཡིག་བདུན་དྲག་པོའི་ལས་ཀྱི་སྔགས། །དྲག་མྱུར་ཐོག་ལྟར་བཟླས་པར་བྱ། །ཨོ་མ་ཁི་པཏྲེ་ཧུ༷་ཕཊ། ལས་སྦྱོར་དྲག་པོར་ཤེས་པར་བྱ། །ཏིང་འཛིན་དམིགས་པའི་འཛབ་སྐོ་ང་ཞེས། །བདག་དང་མཐའ་ཡས་རྟ་མགྲིན་གསུམ། །ཐུགས་ཁར་ཟླ་སྡེངས་ཧྲི་ཡི་མཐར། །ཡི་གེ་དྲུག་སྐོར་བསམ་བདུད་ཀྱི། སྔགས་ལས་འོད་ཟེར་དཀར་པོ་འཕྲོས། །རྒྱལ་བའི་སྐུ་ལ་མཉེས་མཆོད་འབུལ། དངོས་གྲུབ་མ་ལུས་བདག་ལ་དུས། ཁམས་གསུམ་སེམས་ཅན་ལས་སྒྲིབ་སྦྱངས། །མ་ལུས་དབང་དུ་འདུས་པར་བསམ མཐའ་ཡས་ཐུགས་ཀྱི་སྔགས་འཕྲེང་ལས། །འོད་ཟེར་དམར་པོ་དཔག་མེད་འཕྲོས། །རྒྱལ་བའི་གསུང་ལ་མཉེས་མཆོད་འབུལ། །གསུང་གི་དངོས་གྲུབ་བདག་ལ་འདུས། །སེམས་ཅན་ཀུན་གྱི་ངག་སྒྲིབ་སྦྱངས། །ཀུན་ཀྱང་བདག་གི་དབང་འདུས་བསམ། །རྟ་མགྲིན་ཐུགས་ཀྱི་སྔགས་འཕྲེང་ལས། །འོད་ཟེར་མཐིང་ཀ་རབ་འཕྲོས་ནས། །རྒྱལ་བའི་ཐུགས་ལ་མཉེས་མཆོད་འབུལ། །ཐུགས་ཀྱི་དངོས་གྲུབ་བདག་ལ་ཐིམ། །སེམས་ཅན་ཀུན་གྱི་ཡིད་སྒྲིབ་སྦྱངས། །སྣང་བ་ཐམས་ཅད་དབང་འདུས་བསམ། །དེ་ལྟར་འོད་ཟེར་འཕྲོ་འདུ་རྣམས། །རྒྱལ་བ་མཉེས་མཆོད་རྒྱུན་མི་འཆད། །སེམས་ཅན་སྒྲིབ་སྦྱོང་རྒྱུན་མི་འཆད། །བདག་ལ་དངོས་གྲུབ་རྒྱུན་མི་འཆད། རྒྱུན་ཆད་མེད་པ་གསུམ་ལྡན་གྱི། །ཏིང་འཛིན་འདིས་ཟབ་འཇིག་རྟེན་འདིར། །མ་བྱུང་མི་འབྱུང་འགྱུར་མི་གྱུར། །དྲེགས་པ་ཚར་གཅོད་དྲག་པོ་ནི། །ལྷ་གསུམ་ཐུགས་ཀྱི་སྔགས་འཕྲེང་ལས། །ཁྲོ་ཆུང་མཚོན་ཐོགས་དཔག་མེད་འཁྲུག །ཧུ༷་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་། །དེ་འདྲ་སྟོང་གསུམ་ཡོང་གང་ནས། །བདུད་དང་དམ་སྲི་འབྱུང་པོའི་ཚོགས། །གང་དག་ཞི་བས་མི་ཐུལ་བ། །མ་ལུས་ཚར་བཅད་བྲན་དུ་དད་མ་ཡིན་ཏེ། །སྣང་སྟོང་གཉིས་འཛིན་བློ་ལས་འདས། །གཉིས་མེད་དབྱིངས་སུ་མེད་པར་ཤེས། །སྟོང་གསལ་སྤྲོས་བྲལ་ཆོས་ཀྱི་སྐུ། །བདེ་ཆེན་ཐིག་ལེ་གཅིག་ཏུ་རྫོགས། །མཐུ་དྲུག་སྒྲུབ་པའི་མཐའ་ཉིད་དོ། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། སྒྲུབ་པ་དངོས་གཞིའི་ལེའུ་སྟེ་བཞི་པའོ།། །།འདུས་པའི་འཁོར་གྱི་ཡང་ཞུས་པ། །ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་འདས། །ས་ལམ་རིམ་པ་དབང་གིས་བགྲོད། །སྨིན་པར་བྱེད་པའི་དབང་བསྐུར་གང་། །བདག་ཅག་ཁོར་ལ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །སྐལ་ལྡན་སྨིན་བྱེད་དབང་བསྐུར་ནི། །དབེན་པའི་གནས་སུ་སྒྲུབ་གཞུང་བཞིན། །ས་བརྟག་བླང་སྦྱང་དཀྱིལ་འཁོར་བྱ། །བཞུགས་གསོལ་དགའ་སྟོན་གསོལ་བ་གདབ། །སློབ་མ་དང་ནི་ལྷ་སྟ་གོན། །རིམ་པ་བཞིན་དུ་སྔོན་དུ་བྱ། །མཚན་ལྡན་རིགས་མ་ཆས་སུ་གཞུག །དཀྱིལ་འཁོར་སྐྱང་ནུལ་ཐིག་ཆོག་བྱ། །དལ་དབུས་དམར་དང་འདབ་ལྔ་བྲིས། །འདབ་བརྒྱད་འདབ་དྲུག་རིན་ཆེན་བྲི། །དེ་ཡི་ཕྱི་རིམ་པད་འདབ་སྟོང་། །སྒོ་དྲུང་རྟ་བབས་ཆོས་འཁོར་རྫོགས། །དུར་ཁྲོད་པད་སྡོང་མེ་རི་དང་། རིན་ཆེན་སྟེགས་བུ་ལ་སོགས་བྲི། བུམ་པ་གཏོར་མ་མེ་ལོང་དང་། །བན་དྷ་སྐུ་དང་རྒྱན་ཚོགས་དཀྲམ། །ལྷ་བསྐྱེད་མཆོད་བསྟོད་བསྙེན་འབུམ་འབུལ། །སློབ་བུ་བསྐུར། །བཛྲ་ས་ཏྭ་ཨ་སྟི་ཁི྅་ཨ། རྣམ་སྣང་སྐུ་ཡི་དབང་མཆོག་བསྐུར། །བུརྙ་ཙྭ་ན་ཨ་སྟི་ཁི྅་ཨ། སྣང་མཐའ་གསུང་གི་དབང་ཡང་བསྐུར། །པདྨ་ཙྭ་ན་ཨ་སྟི་ཁི྅་ཨ། རིན་འབྱུང་ཡོན་ཏན་དབང་ཡང་བསྐུར། །རད་ན་རྙོ་ན་ཨ་སྟི་ཁི྅་ཨ། དོན་གྲུབ་འཕྲིན་ལས་དབང་ཡང་བསྐུར། །ཀརྨ་ཙྭ་ན་ཨ་སྟི་ཥརྩི་ཨ། དེ་ནས་སྐུ་ཡི་དབང་ཡང་བསྐུར། །འཇམ་དཔལ་ཐུགས་རྡོ་རྗེ་སེམས། །རྡོ་རྗེ་འཆང་བཞིས་དབང་ཡང་བསྐུར། །བདུད་བཞི་བཅོམ་ནས་སྐུ་བཞི་ཡི། །དབང་མཆོག་དམ་པ་ཐོབ་པར་ཤོག །ཨོ་བཱ་གི་ཤྭ་རི་མུ༷། ཨུརུ་བ་ལོ་ཀི་ཏི་ཤཱ་ར་ཡ། བཛྲ་ས་ཏྭ་ཧུ༷། མ་ཧྭ་བཛྲ་དྷ་ར་ཨ་སྟི་ཁི྅་ཨ། དེ་ནས་སེམས་དཔའ་ཡབ་ཡུམ་བརྒྱད། །ཚོགས་བརྒྱད་དག་པར་དབང་ཡང་བསྐུར། །ཧུ༷། མིག་དང་རྣ་བ་སྣ་དང་ལྕེ། །དབང་པོ་ལྔ་གནས་དག་པ་ཡི། །སེམས་དཔའ་རྣམས་ཀྱི་དབང་ཡང་བསྐུར། །འདས་དང་མ་འོངས་ད་ལྟར་དག །སྐྱེ་མཆེད་འོད་ལྔ་ཚོགས་བྱེད་པའི། །རིགས་ཀྱི་ཡུམ་ལྔའི་དབང་ཡང་བསྐུར། བོ་དྷི་ས་ཏྭ་ཨ་སྟི་ཁི྅་ཨ། ཙྭ་ན་མུ་ཏྲ་ཨ་སྙི་ཁི྅་མ༷། རྒྱུད་དྲུག་གནས་སུ་དག་བྱའི་ཕྱིར། །ཐུབ་པ་དྲུག་གི་དབང་ཡང་བསྐུར། །རིགས་དྲུག་འཁོར་བ་དོང་ནས་སྤྲུགས། །ཨོ་མ་ཁེ་པཏྲེ་ཧུ༷་ཧྲི། སརྦ་ཏ་ཐུ་གཏཨ སྟིཁེ་། གངའདུལ་འགྲོ་བ་འདྲེན་པའི་ཕྱིར། །སངས་རྒྱས་སྟོང་གི་དབང་ཡང་བསྐུར། །མཛད་པའི་འཕྲིན་ལས་མཐར་ཕྱིན་ཤོག །ཨོ་བུརྙ་སརྦ་ཙྭ་ན་ཨ་སྟི་ཁེརྩི་ཧུ༷་ཨ། །དེ་ནས་ནང་གི་དབང་བསྐུར་ཏེ། །བསྐྱེད་རིམ་སྤོག་ཅིང་གྲུབ་ཡིག་བཞིན། །བདུད་རྩི་ངག་བླུད་རྩ་ཁམས་གང་། །ཨོ༷་མ་ཁི་པཏྲེ་ཧྭ༷་ཧྲི། རྙོ་ན་ཨ་སྙི་ཁི྅་ཨ༷། གསང་བའི་ཐུགས་ཀྱི་དབང་ཡང་བསྐུར། །ཤེལདང་མེ་ལོང་སྙིང་ཁར་བཞག །གསལ་ལ་འཛིན་མེད་ངོ་ཡང་སྤྲད། །དྷརྨ་དྷ་དུ་རྙོ་ན་ཨ་སྟི་ཁི྅་ཧཱུཾ། དེ་ནས་རྩལ་དབང་རིག་པར་བསྐུར། །སྙིང་ཁའི་ཧྲི་ ལ་སེམས་བཟུང་ངོ་། །སལ་ལེ་སང་ངེ་འཛིན་མེད་པར། །ཨ་སྟིའི་ཁི྅་ཨ། དེ་ནས་འགྲོ་འདུལ་དབང་ཡང་བསྐུར། །ལྷ་སྒོམ་སྔགས་ཀྱི་བཟླས་ལུང་བཞིན། །ཁྱད་པར་ཡོན་ཏན་ཆེ་བ་བརྗོད། །ལེགས་འོངས་སྐལ་ལྡན་བུ་མཆོག་རྣམས། ཡིད་རྟག་འདྲེན་པ་མཚོན་པ་བསྐྱེད། །དུས་གསུམ་བདེ་གཤེགས་སྐུ་རྟག་ཐུགས། །ཡོན་ཏན་འཕྲིན་ལས་མ་ལུས་པ། །ཡིག་བརྒྱ་དག་ལ་ཡང་དག་རྫོགས། །དབང་ཐོབ་ཡོན་ཏན་མཐའ་ཡས་ཏེ། །རྣམ་ཀུན་མཁྱེན་པའི་སངས་རྒྱས་ཀྱི། །སྟོང་གསུམ་འཇིག་རྟེན་ཁམས་འདི་དག །ཏིལ་འབྲུར་གསིལ་ནས་བགྲངས་ན་འཛད། ཡིག་བརྒྱ་ཡོན་ཏན་འཛད་མི་ཤེས། །འཇིག་རྟེན་སེམས་ཅན་སྲོག་སྟོན་པའི། །བསོད་ནམས་འཕགས་པས་བགྲང་བར་ནུས། ཡིག་བརྒྱ་ལན་ཅིག་བརྗོད་པ་ཡི། །ཡོན་ཏན་བརྗོད་པར་ག་ལ་ནུས། ཁམས་གསུམ་སེམས་ཅན་མ་ལུས་པ། །སངས་རྒྱས་སར་བཀོད་ཡོན་ཏན་ནི། །བགྲང་བར་ནུས་ཀྱིས་ཡི་གེ་བརྒྱ། །གཅིག་བརྗོད་ཡོན་ཏན་བགྲང་མི་ནུས། །རྒྱལ་བ་ནམ་མཁའ་གང་བ་ལ། །མཆོད་པ་ཕུལ་བའི་བསོད་ནམས་ཚོགས། །བགྲང་བར་ནུས་ཀྱི་ཡིག་བརྒྱ་པ། །གཅིག་བརྗོད་ཡོན་ཏན་བགྲང་མི་ནུས། །ཡིག་བརྒྱ་དབང་དང་ལུང་ཐོབ་མིས། །ལས་དང་ལས་ཀྱི་རྣམ་སྨིན་རུང་། །མི་དགེ་བཅུ་དང་མཚམས་མེད་ལྔ། །དུས་འདི་ཉིད་ལ་སྒྲོང་བར་བྱེད། །ཡང་སྙིང་ཡིད་ལ་སུ་བྱེད་ཚད། །ཐུགས་རྗེ་ཆེན་པོ་དེ་ཡིན་ཕྱིར། །བར་ཆད་བགེགས་ཞི་འགྲོ་བ་འདུལ། །ཡང་སྙིང་མཐོང་ཐོས་དྲན་རེག་རུང་། །སྒོམ་བཟླས་འབྲི་ཆད་རྟེན་པ་རྣམས། ཡོན་ཏན་ལྡན་ཞིང་གར་སྐྱེས་ཡང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །དེ་ལྟར་སྤྲོ་བསྐྱེད་གཟེངས་བསྟོད་ཅིང་། །འབྲེལ་ཚད་དོན་ལྡན་དོན་བཤད་དོ། །དེ་ནས་མངའ་གསོལ་དབང་བསྐུར་ཕྱིར། །ལོངས་སྤྱོད་ཞལ་ཟས་དབང་ཡང་བསྐུར། །དཔག་མེད་རིན་ཆེན་མངའ་སྙེམས་ཞིང་། །དུས་རྣམས་ཀུན་ཏུ་ལོངས་སྤྱོད་ཤོག །ཨོ་བཛྲ་ཨུ་ཡུ་ཤེ་ཧུ༷། བྲུ༷་དྲི་ཛ་ཨ་སྟི་ཁེ྅་ཨ། སརྦ་སིརྙི་ཕ་ལ་ཨུ་སྟི་ཤ་ཡ་ཨ་ཨུ། དེ་ནས་བཀྲ་ཤིས་དཔལ་ལྡན་པ། །རྫས་མཆོག་བརྒྱད་ཀྱི་དབང་ཡང་བསྐུར། །ཡུངས་ཀར་དུར་བ་བིལ་བ་དང་། །ལང་དང་རྩེ་དང་ལི་ཁྲི་དང་། །གི་ཧང་ཞོ་དང་མེ་ལོང་དང་། །འབུད་དུང་རྣམས་ནི་རིམ་པར་གཏད། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་ཤོག །སྭ་ཏི་སརྦ་སྭ་ཏི། དྷརྨ་སྭ་ཏི། བྲུ༷་བྲུ༷ ཧུ༷། ཨ སྟིཁི྅ཨ། དེནསཚེཡི་དབང་ཡང་བསྐུར། །ཧུ༷་གསང་འདུས་ལྷ་ཚོགས་ཚེ་དཔག་མེད། །ཅིས་ཀྱང་མི་འགྱུར་མི་ཤིག་པ། །ཚེ་སྲོག་བླ་ཁུག་རྒྱས་ཐོབ་ལ། །འཆི་མེད་ཚེ་དབང་འདིར་སྩོལ་ཅིག །ཨོ་ཨུ་ཧུ༷་སྭ་ཧྭ། ཨ་ཡུ་ཙྭ་ན་ཡུ་ཚེ་བྲུ༷། ཨ་པ་ར་ན་ཨ་ཧུ༷་བྲུ༷་གྲྭ་ཧྭ། །ཨུ་ཡུ་ཨ་སྟི་ཁི྅་ཨོ་ཨུ༷༷ཧུ༷་སིདྷི་པ་ལ་ཧུ༷། དེ་ནས་གསང་བའི་དབང་ཡང་བསྐུར། །བྷན་དྷ་བདུད་རྩི་མེ་ལོང་དང། །མཚན་ལྡན་རིག་མ་ཆས་སུ་བཞུགས། །བསྐྱེད་རིམ་ལྡན་པས་གཉིས་མེད་སྦྱོར། །བྱམས་སེམས་དབབ་ཅིང་དམ་རྫས་སྦྱར། །དམ་ལྡན་བུ་ཡི་ལྕེ་ལ་བཞག ཤུ་མ་ཧྭ་ཙྭ་ན་སྭ་བྷ་བ་ཨ་སྟི་ཁི྅་ཨ། དེ་ནས་ཤེས་རབ་ཡེ་ཤེས་དབང་། །བུ་ལ་བསྐུར་ཕྱིར་དམ་རྫས་བཤམ། །བསྐྱེད་རིམ་ལྡན་པས་ཕྱག་རྒྱ་སྦྱིན། །མཁའ་གསང་བྱིན་བརླབས་མཉམས་པར་སྦྱོར། །དགའ་ཞི་ངོས་བཟུང་དལ་བུས་སྤྲུག །བླ་མས་ངོ་སྤྲད་ཧུ༷་རིངས་བགྲང་། །མི་རྟོག་ཏིང་འཛིན་ངོ་ཡི་གཟུང་། །རྫས་ཤེས་སྒྱུ་མ་ལྟ་བུར་བསྟན། །དེ་ནས་ཞི་བའི་རྩལ་དབང་བསྐུར། །བླ་མ་ཡབ་ཡུམ་རྒྱན་ཆས་གསལ། །སློབ་བུ་གཅེར་བུ་ལངས་ཏེ་བྱ། །ཟླ་སྟེངས་ཧྲི་ལ་སེམས་བཟུང་ཏེ། །མི་སྒོམ་མི་ཡེངས་ཕྱལ་བར་བཞག །དོན་གྱི་སེམས་ལ་ངོ་ཡང་སྤྲད། །དེ་ནས་གཟུགས་སྒྲ་དྲི་ལ་སོགས། །རིམ་པ་བཞིན་དུ་རིག་པར་རྟག །གནས་ལུགས་དབྱེར་མེད་རིག་པའི་རྩལ། །དོན་དབང་སེམས་ལ་རྫོགས་པར་བསྐུར། །དེ་ལྟར་དབང་བཞི་ཡོངས་རྫོགས་ནས། །དང་པོ་ཉིད་ནས་བཅུ་དྲུག་བར། །ས་དང་ལམ་གྱི་རིམ་རྫོགས་སྐུ། །བཞི་ཡི་འབྲས་བུ་སྔོན་གྱུར་ཏེ། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །སྤོང་དག་ལན་གསུམ་རྫོགས་བྱས་ནས། །རྒྱུ་ལུས་བླ་མའི་བྲན་དུ་འབུལ། །དབང་སྲོག་དམ་ཚིག་རྗེས་སུ་བཟུང་། །དབྱེ་ན་ས་མ་འབུམ་སྡེ་ལས། །བསྡུ་ན་ཉི་ཤུ་རྩ་ལྔ་སྟེ། །རྩ་བ་སྐུ་གསུང་ཐུགས་སུ་འདུས། །ཉམས་ན་རྡོ་རྗེ་དམྱལ་བར་སྤྱོད། །དེ་ཕྱིར་མིག་འབྲས་ལྟ་བུར་བསྲུངས། །ཉམས་ན་ལྷར་ལ་བཤགས་པ་བྱ། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། རྒྱུད་དོན་དབང་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱིས་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་འདས། །སྙིང་པོའི་དོན་གྱི་ཐུགས་རྗེ་ཆེན། །ལྷག་པ་ལྟ་ཡི་དོན་རྒྱུད་ནི། །གང་ཟག་དབང་པོའི་གོ་རིམས་བཞིན། །ཉམས་ལེན་རིམ་པ་ཅི་ལྟར་བགྱིས། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །དེ་ཉིད་ཉམས་ལེན་རིམ་པ་ནི། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །སྔོན་འགྲོ་མི་རྟག་བྱམས་སེམས་དང་། །སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ། །སེམས་སྦྱང་བརྒྱ་ནི་སྤྱིར་འགྲོ་བྱ། །སེམས་ཀྱི་གནས་ལུགས་བྱུང་གནས་གསུམ། །གཏན་ལ་དབབ་ཅིང་རང་ངོ་སྤྲད། །རྟེན་ཅན་རྟེན་མེད་རླུད་འཛིན་སོགས། །གནས་ལུགས་དོན་གྱི་རང་ཞལ་ལྷ། །སྒྲིམས་སློད་སོར་བཞག་ཆ་ཡང་སྙམ། །སྤྲོས་བྲལ་སྟོང་པའི་ངང་བསྒོམ་བྱ། །ལྷ་མི་ཀླུ་ཡི་ལྟ་ལྟངས་ཀྱིས། །རང་ངོ་རྗེན་པའི་བོགས་དབྱུང་བྱ། །མཉམ་རྗེས་རྒྱུན་གྱི་ཏིང་འཛིན་དང་། །སྒོམ་ཡོད་སྒོམ་མེད་ཚད་ལ་དབབ། །མི་སྒོམ་པ་ཡི་གནས་ཤེས་བྱ། །བྱར་མེད་བློ་བྲལ་ཆེན་པོར་བསྐྱལ། །བགེགས་སེལ་བོགས་ལ་མཐར་འདོན་བྱ། །དེ་ཡིས་ཚེ་གཅིག་ཐར་པའི་ལམ། །ངེས་པར་འབྱོར་བ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། གསང་དོན་ཁྲིད་ཀྱི་ལེའུ་སྟེ་དྲུག་པའོ།། །།ས་མ་ཡ་ཁ་ཐམ། རྒྱ་རྒྱ་རྒྱ། དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱིས་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་འདས། །གང་ཟག་དབང་པོའི་གོ་རིམས་བཞིན། །ཕྱི་ནང་གསང་བའི་སྒྲུབ་པ་གང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱི་བཀའ་སྩལ་བ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །སྤྱིན་ནི་གོང་དུ་བསྟན་པ་བཞིན། །སྒྲུབ་ཁོག་མ་ཆེན་ལ་རྟེན་ནས། །ཐམས་ཅད་ཡོངས་རྫོགས་ཆེན་པོ་སྒྲུབ། །ནང་ནི་བླ་མ་ལོངས་སྐུར་སྒྲུབ། །ཚད་མེད་བཞི་ནི་སྔོན་སོང་ནས། །མི་དམིགས་སྟོང་པའི་ངང་ཉིད་ལས། །གཞལ་ཡས་ཕོ་བྲང་ཡོངས་རྫོགས་ལ། །དེ་དབུས་ཡི་གེ་འཕྲོ་འདུ་ལས། །རང་བྱུང་ཐུགས་རྗེ་དམར་གསལ་སྐུ། །གསང་ཡེས་ཡུམ་དང་གཉིས་མེད་འཁྲིལ། །ཨོ་ཨུ༷༷ཧུ༷་གི་འཕྲོ་འདུ་ལས། །དེ་ཡི་སྤྱི་མགྲིན་ཐུགས་ཁ་མྲ །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་བསྐྱེད། །འཕྲོ་འདུ་འོད་ཟེར་ཕྱོགས་བཅུར་ཁྱབ། །སྔགས་ལ་སྤྲོ་བསྡུ་འཁྲུལ་ཤེས་བྱ། །རྫོགས་རིམ་དག་གིས་གྲུབ་མཐའ་བཟུང་། །བྱིན་བརླབས་མཆོག་གི་རྩ་བ་དེ། །འདི་ནས་ཡང་དག་གཞན་མེད་དོ། །ཤིན་ཏུ་གསང་བར་བསྒྲུབ་པ་ནི། །དབེན་པའི་གནས་སུ་མཚམས་བཅད་དོ། །དབང་ལྟར་དཀྱིལ་འཁོར་ལེགས་བྲིས་དབུས། །བུམ་པ་རྫས་རྣམས་ཚང་བར་བཤམས། །དེ་འོག་མཚན་ལྡན་ཀ་བཱ་ལར། །ངོ་མཚར་གསང་བའི་དམ་རྫས་སྦྱར། །བཀའ་བསྒོ་ལ་སོགས་ལས་རིམ་བྱ། །ཡི་གེ་ཧྲི་ཡི་འཕྲོ་འདུ་ལས། ཡོངས་གྱུར་རང་རིག་གསང་བ་འདུས། །ཞལ་གཅིག་ཕྱག་གཉིས་རྒྱན་རྫོགས་སྤྲས། །ཕྱག་གཡས་པད་འཕྲེང་གཡོན་བུམ་པ། །གསང་ཡེས་ཡུམ་དང་གཉིས་མེད་འཁྲིལ། །རིགས་ཀྱི་བདག་པོས་དབུ་བརྒྱན་ཅིང་། །ཐུགས་སྲོག་སྔགས་ཀྱི་ཕྲོ་འདུར་གསལ། །མ་ཡེངས་ཡིད་ཀྱི་འཛིན་ཕུར་གདབ། །ལས་སྦྱོར་དམིགས་པས་འཕྲིན་ལས་སྒྲུབ། །ཡང་དག་དོན་གྱི་སྒྲུབ་མཐར་གཟུང་། །དངོས་གྲུབ་མ་ལུས་ཀུན་འབྱུང་ཞིང་། །མྱུར་དུ་འགྲུབ་འགྱུར་ཐེ་ཚོམ་མེད། །སྒྱུབ་ཐབས་གསུམ་པོ་གང་སྒྲུབ་ཀྱང་། །དོན་གཉིས་མཐར་ཕྱིན་སངས་རྒྱའོ། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། ཕྱི་ནང་གསང་གསུམ་དུ་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།ས་མ་ལྭ། དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱིས་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་འདས། །བློ་དང་ལྡན་པའི་རྣལ་འབྱོར་གྱིས། །ལམ་མཆོག་སྒྲུབ་པ་དེ་ལྟར་ན། །མ་བསྒྲུབས་བྱང་ཆུབ་ཐོབ་པའི་ཐབས། །འགྲོ་ཀུན་སྙིང་རྗེས་བཟུང་བའི་ཕྱིར། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིགས་མདངས་སྤྲུལ་པའི་འཁོར། །སྐལ་ལྡན་དམ་ལྡན་ངེས་ཤེས་ཅན། །སྣྲོད་དང་ལྡན་པའི་སྐྱེས་བུ་ལ། །རང་བྱུང་བསྟན་པའི་སྙིང་པོ་འདི། །བཏགས་པས་གྲོལ་གྱུར་ཐེ་ཚོམ་མེད། །བ་ཌར་མདོག་ཅན་ཤུ་གུ་ལ། །བསྟན་པ་གང་བབས་རིན་ཆེན་གྱིས། །ལེགས་བྲིས་མངའ་གསོལ་རབ་ཏུ་རྒེནས། །དབང་བསྐུར་རྒྱུད་བཀླག་བུ་ལ་བཏགས། །འདས་དུས་སྐུ་གདུང་རིང་བསྲེལ་དང་། །སྒྲ་དང་འོད་དང་མེ་ཏོག་ཆར། །འབྱུང་འགྱུར་འདི་ལ་ཐེ་ཚོ༷མ་མེད། །རང་བྱུང་རིག་པའི་ཡི་གེ་འདིའོ།༷ །ཨོ་ཨུ་ཧུ༷།སྲ་ཧ་ཧྲི་པྲི་མ། ཨོ་བཛྲ་ཀྲོ་ཏ། ཀྱེ་མ་ཀྱེ་རི་མས་ཏ་བྷ་ལི་ས་མ་ཏི་ཨི་ཀ་ར་ཡུ་ལི་བྷས་ཏ་ཡེ་ནཱ་མ། ལ་ཀ་ཨ་སྟི་ཁིལྤི ཕུང་པོའི་བདུད་འཇོམས་རང་བྱུང་བའོ། །ཨོ་བཛྲ་ཀྲོ་དྷ་མ་ཧྭ་མུ་ཏྲ་རྙོ་ན་བཛྲ་པ་ར་ན་ཧུ། པ་ར་ཎ་ཕཊ། ཉོན་མོངས་བདུད་འཇོམས་རང་བྱུང་བའོ། །ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜལི་ཧཱུཾ། ཚིན་དྷ་ཚིན་དྷ། དྷིན་དྷ་སྟིན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་ཧུ༷་ཕཊ། དགའ་བྲོད་བདུད་འཇོམས་རང་འབྱུང་༄༅ །བའོ། །ཨོ་བཛྲ་ཀྲོ་དྷ་རྒྱ་གྲི་བ་ཧྲི། སརྦ་ཏ་ཐུ་ག་ཏ་ཧྲི་མ་ཧྭ་པན་ཙ་ཧུ༷་ཨུ་ཡུ་ཙྭ་ན་མ་ཧྭ་སུ་ནི་མ་ཧྭ་པ྅་ཨ་ཏི་ཏིས་ཐ་ཨོ། འཆི་བདག་བདུད་འཇོམས་རང་འབྱུང་བའོ། །འཁོར་བ་དོང་ནས་སྤྲུགས་བྱེད་པར། །རང་འབྱུང་རིག་པ་དེ་ཉིད་དོ། །ཨེ་མ་ཀི་རི་ཀི་རི་མས་ཏ་བ་ལི་བ་ལི། སི་མི་ཏ་སུ་རུ་སུ་མྲ ཀུན་ད་ལི་མ་སུ་མ་སུ་ཨི་ཀ་རི་མི་སུ་བྷས་ཏ་ཡེ། ཙ་ཀི་ར་རུ་མི་ཏ་ལྕེ་ཡེ་ས་མུན་ཏ། ཙརུ་སུ་བྷ་ཡེ། །བི་ཏི་ས་ན་བྱང་སྣུ་ལི། །ཀེ་ར་ཀེ་ར་འདུ་ཀ་ན་མ་ཏ་རི་བ་ཏ་ནེ པ་ར་ལི་ཧི་སི་ནི། ས་མ་བུད་རད་མ། ག་ཙར་ཏ་བྷ། སུརུ་བྷ་ད་ར་ཨེ། བྷ་ཤ་ན་ས་རན་བྷ་ཏི་ས། ལྷུ་ཏི་ཡ་བྷ། སྟུ་ཏི་ཡ་བྷ། ལྷུ་ར་རྒྱུ་ར་པག ཁ་ར་ནས་སང་། ན་ར་ན་ར་ཨི་ཐ་ར། བུ་དྷ་བུད་འཆི། ཤ་བ་གྱེ་ལམ་ས་རི་རྡི་ལ་ཁེ། པ་ཊ་ལ་སིར་སྣ། སྙེ་ས་སྙེ་ས། རས་མ་ལམ་ཨི་སྙི། མ་བཱ། རྭ་རྭ། ཨ་ཨུ་སྲུཧྭ། རེག་པས་སངས་རྒྱས་ཐོབ་བྱེད་པའི། །རང་འབྱུང་རིག་པ་འདི་ཉིད་དོ། །ཨེ་མ་ཀི་རི་ཀི་རི་བྷས་ཏ་བྷ་སི། མ་སི་ཏ་སུ་རུ་སུ་སྲ ཀུན་དྷ་ལི་མ་སུ། ཨི་ཀ་རི་ལི་བྷ་ཡེ། ཙ་ཀ་སྙུ་ལི་ཏ། ལྕེ་ཡེ་ས་མུན་ཏ། ཙརུ་སུ་བྷ་བི་ཏི་ས་ན་འབྱང་ལྷུ་ཡེ། ཀེ་རི་དྷ་ཀ་རི། དྷ་ཀ་མ་ཧྭ་སི་སྟི། ཏ་ན་ས་ར་ལི་ཏི། ས་ནམ་ཁ་ར་ཏ་ཀེ་ལ་ན། སྭ་བུད་ར་ཏ་མེ་ཀ་ཙ་ར་ཏ་མ་དྷ་པ་སྲུབྱ་ཀྟ་ཏར་ཨ་མ་ན་པ་ར་སྟི་ཧི། ཏི་འལྷུ་ར་ལ། མ་སྨིན་ས་ལྷུ་ཏི་ལ། ཏ་ཡ་སྟུ་ར་ལྷུ་སྲ བརླངས་ག་ཁ་ལ་ར་སྣ་ལ༷། ན་དན་ལམ་ཨི་ཐ་ར་བ་ཏ་ལམ་སེར་སྣ་སྙེ་ས་ར་ལམ་པ་གེ་ལམ། ས་སྭ། རི་རྡི། ལི་སྙི། ཨི་སྙི། མ་མྱ། རྭ་རྭ། འ་ཨ་ཤ་ས་མ་ཧ། བུད་དྷ་སི་དྷི་ཧུ༷་ཨ། འདི་ལ་མ་བརྟེན་སངས་རྒྱས་ནི། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །མཐོང་ཐོས་རེག་པས་སངས་རྒྱའོ། །ཐེ་ཚོམ་སངས་རྒྱས་རྒྱབ་ཀྱིས་ཕྱོགས། །འཆང་ངམ་མཆོད་ཅིང་འཁོར་ལོ་བསྐོར། །ཚེ་རིང་ནད་མེད་མཐར་སངས་རྒྱའོ། །མཆོད་རྟེན་ནང་བཞུགས་ཆུ་ལ་སྦ། །ས་གཡོས་ཉི་ཟླ་གཟས་ཟིན་སོགས། །འབྱུང་བའི་རྟགས་ཆེན་བྱུང་ཚེ་བརླག །མཐོང་ཐོས་དྲན་རེག་བུརྙ་འོ། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། རང་བྱུང་རིག་པ་བཏགས་གྲོལ་གྱི་ལེའུ་སྟེ་བརྒྱད་པའོ།། །།ས་མ་ཡ་ཤམ། དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱིས་ཡང་གསོལ་པ། །ཀྱེ་ཀྱེ་མགོན་པོ་འོད་དཔག་མེད། །གང་ལ་གང་འདུལ་ཐབས་མཆོག་གིས། །འགྲོ་ཀུན་དོན་གཉིས་སྤྱོད་པའི་ཕྱིར། །རྒྱུད་དོན་ལ་སོགས་རིམ་པ་གང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་ཅེས་ནི་གསོལ་པ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །ལ་སོགས་རིམ་པར་བསྟན་པ་ནི། །ཐོག་མར་རིགས་འཛིན་ཚེ་ཉིད་བསྒྲུབས། །རང་ཉིད་ཡི་དམ་གསལ་བ་ཡི། །སྤྱི་གཙུག་ཚེ་ཡི་བདག་པོ་ནི། །སྐུ་མདོག་དམར་པོ་ཚེ་བུམ་བསྣམས། །གསང་ཡེས་ཡུམ་དང་གཉིས་མེད་འཁྲིལ། །འོད་ཟེར་སྤྲོ་བསྡུས་ཚེ་བཅུད་བསྡུས། །འཆི་མེད་བདུད་རྩིའི་བྱང་སེམས་བབ། །ཧབ་ཀྱིས་ལྟུང་ཞིང་བདག་ལུས་གང་། །རླུད་བཟུང་རྗེས་ནི་དལ་བུས་བཏང་། །ཐེབས་བརྒྱ་རྗེས་ལ་སྙིང་པོ་འདྲེན། །བཅུད་རྣམས་བསྡུ་བའི་དམིགས་པ་བྱ། །ཨོ་བྲུ༷་བཛྲ་ཨ་ཡུ་ཁེ་དྲི་ཛ་སིདྷི་ཕ་ལ་ཧུ༷་ཨ། འདི་ལྟ་བུ་ཡི་སྦྱོར་བ་ཡིས། །དུས་མིན་ཚེ་ཡི་བར་ཆད་བཟློག །ལུས་སེམས་བདེ་བའི་ཉམས་རྟོག་འཆར། །ཕྱོགས་བཅུ་རྒྱལ་བས་བྱིན་གྱི་བརླབས། །དངོས་གྲུབ་ཚེ་ལ་དབང་བ་དང་། །ཕྱི་མ་བདེ་ཆེན་གནས་སུ་འགྲོ། ས་མ་ཡ། ཁ་ཐམ་རྒྱ་རྒྱ་རྒྱ། བྱང་ཆུབ་སེམས་དང་ལྡན་པ་ཡིས། །ཐབས་ཀྱི་འགྲོ་དོན་བྱ་བ་ནི། །ཟངས་དང་བཤབ་དཀར་བསྲེས་པ་ཡི། །དངུལ་དཀར་གའུ་མཐོ་གང་ལ། །ནང་དུ་བརྟག་གྲོལ་སྙིང་པོ་དང་། །རྩ་བ་གསུམ་གྱི་སྲོག་འཁོར་བཞུགས། །ཕྱི་ལ་མཚལ་གྱིས་ཡིག་རྒྱ་བྲིས། །གཙང་མའི་རག་ཏས་སེར་ཡང་མནན། །དེ་ལ་ཡེ་ཤེས་འགུག་བསྟིམ་བྱ། །ཡིག་བདུན་བཟླས་ཞིང་མགུལ་ཏུ་བཏགས། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །ཐུགས་རྗེ་ཆེན་པོའི་ཞིང་དུ་སྐྱེ། །སྣང་བ་ཐམས་ཅད་དབང་དུ་འདུ། །འདི་ཡི་ཡོན་ཏན་བརྗོད་མི་ལང་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །མི་དེ་རྒྱལ་བའི་སྲས་སུ་གཟིགས། །དེ་ལ་རྡོ་རྗེ་མཚན་པ་ཡིས། །ནང་དུ་ཚེ་ཡི་སྙིང་པོ་བཞུགས། །ཚེ་ལ་དབང་བའི་རིགས་འཛིན་ཐོབ། །ལ་ནི་གསར་བའི་ཚེས་གཅིག་ལ། །ཉི་མའི་དཀྱིལ་འཁོར་དག་ལ་ནི། །ཡིག་བརྒྱ་ཐུགས་རྗེའི་དཀྱིལ་འཁོར་བསྒོམས། །སྙིང་པོ་འདས་ཤིང་སྤྲོ་བསྡུ་བྱ། །ལོ་ཟད་སྟོང་ལ་རྫོགས་རིམ་བསྒོམས། །ཉི་མའི་གར་ཁྱབ་འགྲོ་བ་རྣམས། །ཐུགས་རྗེ་ཞིང་དུ་ངེས་པར་འགྲོ། །འདི་ཡི་ཡོན་ཏན་བརྗོད་མི་ལང་། །ཡང་ན་མེ་ལོང་མཐོ་བསྐོར་གདགས། །ཡང་ན་མེ་ལོང་ཡིག་བརྒྱ་བྱས། །སྒྲུབ་ཁང་རྩེ་ལ་ཤིང་རིངས་གཟུགས། །དེ་ལ་ཕྱར་བས་མཐོང་ཐོས་དང་། །འོད་དང་རླུད་གི་བསིལ་ཕོག་སོགས། །འགྲོ་ཀུན་ཐུགས་རྗེའི་ཞིང་དུ་སྐྱེ། ཡང་ན་རྒྱ་ལམ་བཞི་མདོ་སྲ །མཆོད་རྟེན་ནམ་ནི་ཀ་ནི་ཀི །ཕྱི་ནང་ལོགས་བཞིར་ཞལ་བ་བྱ། །ཡིག་བརྒྱ་གསེར་རམ་མཚལ་གྱིས་བྲིས། །ཡོན་ཏན་འགྲོ་དོན་གོང་དང་མཚུངས། །མཆོད་རྟེན་དེ་ཡི་སྲོག་ཤིང་ལ། །ཡིག་བདུན་གསེར་གྱིས་ལེགས་བྲིས་བཞུགས། །མཐོང་ཐོས་དྲན་རེག་གང་དང་མཚུངས། །ཡང་ནི་གངས་དང་མཚོ་ལ་སོགས། །ཆུ་ཆེན་རྒྱུན་དུ་འབབ་པའི་སར། །རྡོ་འམ་ཤིང་ལ་ཡིག་བརྒྱས་བསྐོར། །གསེར་མཚལ་བྱུགས་ཤིང་རྩི་ཡིས་མནན། །མི་ཕྱུག་མི་འགོང་གནས་སུ་བཞུགས། །ཆུ་མཐོང་བ་དང་ཆུ་སྒྲ་ཐོས། མདོར་ན་རྒྱ་མཚོའི་སྲོག་ཆགས་སོགས། །ཀུན་ཀྱང་ཐུགས་རྗེའི་ཞིང་དུ་སྐྱེ། །ལྷ་ཐིམ་ཡིག་བདུན་མང་དུ་བཟླས། །རབ་གནས་ལེགས་བྱས་གོང་གི་རྣམས། །ལེགས་བསྒྲུབ་ཡོན་ཏན་བསམ་མི་ཁྱབ། །འགྲོ་དོན་མཐོ་དྲུག་འདི་ཉིད་དོ། །ཐབས་ཀྱིས་འགྲོ་དོན་མཆོག་འགྱུར་རོ། །ས་མ་ཡ།རྒྱ་རྒྱ་རྒྱ། དེ་ནས་འགྲོ་བའི་དོན་དུ་ཡང་། །རྟེན་གསུམ་བཞེང་ཐབས་བསྟན་པར་བྱའོ། །ཚོང་དུས་བཞི་་མདོ་དུས་ཆེན་དུ། །རྒྱུ་ནི་འཇམ་རས་རིན་ཆེན་ལ། །འགྲོ་བའི་མགོན་པོ་ཐུགས་རྗེའི་སྐུ། །ཇི་ཙམ་འབྱོར་བའི་སྐུ་གཙོ་འཁོར། །བཞེངས་ནས་གསེར་གྱི་ཡི་གེ་བརྒྱ། །བྲིས་ནས་མང་བཞུགས་རབ་གནས་བྱ། །ཡུལ་ཁམས་ཀུན་གྱི་མངའ་ཕུལ་ཞིང་། །རྟག་ཏུ་མཆོད་སྐོངས་གསོལ་བཏབ་ན། །བཀྲ་ཤིས་ནད་མེད་ལོ་ཆུ་ལེགས། །སུ་ཡིས་མཐོང་ཐོས་དྲན་རེག་རྣམས། །བདེ་ཆེན་ཐུགས་རྗེའི་ཞིང་དུ་སྐྱེ། །འགྲོ་བའི་དོན་ཆེན་ངོ་མཚར་ཆེ། །གསུང་རྟེན་འགྲོ་བའི་དོན་བྱེད་ནི། །གསེར་དངུལ་ཟངས་བྱང་མཐིང་ཤོག་ལ། བིཌར་རྒྱ་ལམ་གསེར་མཚལ་ཀྱི། །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། ཨོ་ཨུ༷༷ཧུ༷། ཨོ་མ་ཁེ་པཏྲེ་ཧུ༷་ཕཊ། ཨོ་མ་ཁི་པཏྲེ་ཧུ༷་ཧྲི། ཕྱི་ལྟར་ཡིག་དྲུག་ནང་ཟབ་ནི། །ཡི་གེ་བཅུ་གཅིག་གསང་བ་ཡི། །ཡི་གེ་བརྒྱ་པ་ལེགས་བྲིས་ཏེ། །བརྒྱ་སྟོང་ཁྲི་འབུམ་འབྱོར་ཚད་བྲི། །གླེགས་བམ་བྱས་ཏེ་འདིར་ཀློག་བྱ། །ཡུལ་ཕྱོགས་བཀྲ་ཤིས་ནད་གདོན་ཞི། །དམག་འཁྲུགས་དལ་ཡམ་ལོ་ཉེས་རྣམས། །ཐམས་ཅད་སེལ་བར་སྨོས་ཅི་དགོས། །ཡང་ན་བཞི་མདོར་ཁང་བུ་བྱ། །ཡིག་བརྒྱ་དཔག་མེད་ཚ་ཚར་བཞུགས། །ཐུགས་རྟེན་འགྲོ་བའི་དོན་སྤྱོད་ནི། །བུམ་པར་བཞུག་ཅིང་སྐུ་རྟེན་དུའང་། །གཟུང་གཞུག་ཁང་བུའི་ཕྱི་ཕྱོགས་བཞིར། །རབ་ཏུ་མེ་ལོང་ཡང་ན་དངུལ། ཐ་མ་དཀར་ཞལ་ཟླ་འདྲི་སྟེང་། ཧྲི་མཐར་ཡིག་དྲུག་ལེགས་བཀོད་དེ། །རབ་གནས་ལེགས་བྱས་དེ་ཉིད་ནི། །མཐོང་ཐོས་དྲན་རེག་འཛུལ་བ་རྣམས། །ངེས་པར་བདེ་ཆེན་ཞིང་དུ་འགྲོ། །ཕྱག་འཚལ་བསྐོར་བ་ལན་ཅིག་གམ། །དུད་འགྲོ་ལ་སོགས་མཐོང་རེག་ཀུན། །ངན་སོང་དོང་སྤྲུགས་བདེ་བ་འཐོབ། །སྐུ་གསུང་ཐུགས་རྟེན་འགྲོ་བའི་དོན། །ཡང་དག་དམ་པ་དེ་ཉིད་དོ། །ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་ཚོགས་ཆེན་བསོགས་པའི་ཕྱིར། །ཚ་ཚའི་རིམ་པ་བཤད་པར་བྱ། །ས་བཟང་རིན་ཆེན་བརྡར་བ་ལ། ཡིག་བརྒྱ་བཟླས་ཤིང་བི་བི་བྱ། རང་ཉིད་གསང་འདུས་ལྷར་གསལ་བས། །སྐུ་པར་སྟོང་པ་ཆོས་སྐུ་ལ། །བི་བི་ལོངས་སྤྱོད་རྫོགས་པའི་སྐུ། །ཚ་ཚ་སྤྲུལ་སྐུ་འགྲོ་བའི་དོན། །ཐུགས་རྗེ་ཆེན་པོར་ལམ་ལམ་བྱོན། །ཨོ་མ་ཁི་པཏྲེ་ཧུ༷་ཧྲི། ཆོས་སྐུ་སྟོང་པའི་ངང་ཉིད་ལས། །རང་འབྱུང་ཐུགས་རྗེ་ཆེན་པོ་ཤར། །འགྲོ་བའི་དོན་ལ་བཞུགས་སུ་གསོལ། །ཅེས་པ་བརྗོད་ཅིང་གདབ་པར་བྱ། །དེ་ནས་ཁ་བསྒྱུར་ཡིག་བདུན་ནི། ཁྲ་བུར་བཏགས་པ་ཤེས་པར་བྱ། །ཞི་རྒྱས་དབང་དྲག་རིམ་པ་མྲ ཤཱན་ཏིང་ཀུ་རུ་སྭ་ཧྭ། བྲེཁོ་ཀུ་རུ་སྭ་ཧྭ། བ་ཤང་ཀུ་རུ་སྭ་ཧྭ མ་ར་ཡ་ཕཊ། སྒྲིབ་པ་སྦྱོང་ན་ཡིག་བརྒྱ་བཟླས། །ཚེ་ལ་ཚེ་དཔག་མེད་པའི་གཟུངས། །བཟླས་ཤིང་ཅོད་པན་ན་བཟའ་གསོལ། རབ་གནས་ལེགས་བྱས་དབྱེན་པར་བཞུགས། །ཡོན་ཏན་མཐའ་ཡས་བསམ་པ་འགྲུབ། །ས་མ་ཡ་ཁ་ཐམ། རྒྱ་རྒྱ་རྒྱ། དེ་ནས་རྟེན་གསུམ་རབ་གནས་ནི། །དཀྱིལ་འཁོར་མཆོད་རྫས་དབང་དང་མཚུངས། །སྐུ་གསུང་ཐུགས་རྟེན་གང་ཡིན་པ། །གདུང་དང་གཟུངས་སོགས་ནང་རྫོང་བཞུགས། །བགེགས་བསྐྲད་དག་བྱེད་ཆུ་ཡིས་བཀྲུ། ཁྲུས་གསོལ་དྲི་ཡིས་ཐིག་ལེ་བྱ། །བདུད་རྩི་ཏིང་འཛིན་ལྡན་པ་ཡིས། །ཡེ་ཤེས་སྤྱན་དྲངས་དགུག་སྟིམ་བྱ། །རང་བཞིན་བསྐྱེད་དང་ཏིང་འཛིན་གསུམ། །དབྱེར་མེད་བསྟིམ་ཞིང་ཚོག་མཆོད་འབུལ། །ཨོ་ཨུ༷༷ཧུ༷་གསུམ་གནས་གསུམ་བསྐྱེད། ཨོ༷་ཨུ༷༷ཧུ༷་ཀྭ་ཡ་བཱ་ཀ་ཙིསྟ་ཨ་སྟི་ཁི྅་ཨོ་ཨུ༷༷ཧུ༷། མཁའ་མཉམ་བདེ་གཤེགས་ཐམས་ཅད་ཀྱི། །བུམ་པ་ཐོགས་ཤིང་དབང་བསྐུར་བསམ། ཨོ་མ་ཁི་པཏྲེ་ཧྭ༷་སྙི། ཨོ་ཨུ༷༷ཧུ༷་གྲྭ་ཧྭ སརྦ་ཏ་ཐུ་ཏ་ཀྭ་ཡ་ཨ་སྟི་ཉི྅་ཨོ། ལྷུསྐ་ཨ་སྟི་ཁིསྩི་ཨ༷༷ ཙིལྟི་ཨ་སྟི་ཉི྅་ཧཱུཾ། སྐུ་རྟེན་རྣམས་ལ་སྤྱན་དབྱེ་བྱ། །གསེར་ཐུར་དྲི་ཡི་བྱུག་པ་ཐོགས། །ཨོ་ཨུ༷༷ཧུ༷། ཙྭ་ན་ཙཀ་ཤུ་པྲ་བེ་ཤ་ཡ་ཕཊ། རྨང་འརྫིར་ཚེམས་ཤིང་ཀྲ་ཤ་དང་། །སྐྲ་བཞར་ཐུར་མ་རྒྱན་ཚོགས་དབུལ །གླེགས་བམ་ལ་ནི་ཞལ་སྤྲོ་བྱ། །ཡིག་འབྲུ་རྣམས་ནི་གསུང་རྟེན་དེའི། །ལྷ་ཚོགས་གསལ་བསྟིམ་འདི་ཉིད་བཟླས། །ཨོ་ཨུ༷༷ཧྲུ༷། ཨོ་མ་ཁི་པརླེ་ཧུ༷་ཧྲི ཨ་ཨུ། ཨི་སྙི། ཨུ་སྐྲུ། རེ་རྡི། ལི་སྙི། ཨེ་ཞི། ཨོ་ཨོ། ཨ༷་ཨ། ཀ་ཁ་ག་ཀྟ་ང། ཙ་ཚ་ཛ་ཙྭ་ཉ། ཊ་ཋ་ཌ་རྟེ་ཎའ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྟ་ཨ། སརྦ་དྷརྨ་པྲ་བེ་ཤ་ཏིཛི་ལྷན། ན་བཟའ་དར་མདུད་རིམ་རྒྱ་གདབ། །མཆོད་རྟེན་ལ་ནི་མངའ་དབུལ་ཏེ། །ཡི་དམ་དཀྱིལ་འཁོར་ལྷ་བསྐྱེད་བསྟིམ། །སྟོང་གསུམ་སྤྲུལ་སྐུས་གང་བར་བསམ། ཨོ་ཨུ༷༷ཧུ༷་སརྦ་བིབྱ་གྲྭ་ཧྭ། བཛྲ་དྷརྨ་དྷ་ཏུ་རད་ན་ཀ་ནི་ས་མ་ཡ་ཏིཁྱི་ལྷན། འབྲས་བུས་ཡང་སྙིང་རྟེན་འབྲེལ་ནི། །བརྒྱ་བཟླས་བཀྲ་ཤིས་རབ་གནས་བྱ། །ཡོན་དབུལ་གཏང་རག་མཆོད་པ་བྱ། །ཁ་སྤྱོད་རྟེན་འབྲེལ་བཟང་པོ་སྒྲིག །འགྲོ་དོན་བཀྲ་ཤིས་བདེ་ལེགས་འབྱུང་། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། འགྲོ་དོན་ལ་སོགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱི་ཡང་ཞུས་པ། །རྩོལ་མེད་ངོ་མཚར་མཆོག་གི་རྫས། །ཟོས་པས་སངས་རྒྱས་ཐོབ་པའི་ཐབས། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱི་བཀའ་སྩལ་བ། ངོ་མཚར་དེ་ཉིད་སྒྲུབ་པ་ལ། །བྱང་ཆུབ་སེམས་ལྡན་རྣལ་འབྱོར་གྱིས། །འགྲོ་དོན་འཁོར་བ་དོང་སྤྲུག་ཐབས། །དལ་འབྱོར་ཆོས་ལྡན་མི་ལུས་ནི། །བདུན་ནི་བརྩེགས་མར་སླངས་པ་ཡི ངེས་པར་ཡིད་ཆེས་བདེན་པ་དེའི། །རོ་སླངས་ཤ་རྣམས་ལེགས་པར་བསྐམས། །གྲུབ་ཐོབ་གནས་ཆེན་དགེ་བའི་སར། ཁང་གསར་དཀར་ཞལ་གྲུ་བཞིའི་ནང་། །དཀྱིལ་འཁོར་བུམ་པ་ཆས་ལྡན་ནང་། །སྐྱེ་བདུན་ཤ་སྐམ་སྲན་ཚད་ལ། །བཟང་དྲུག་གླ་རྩི་ཨ་མྲི་ཏ། །གྲུབ་ཐོབ་ཤ་ཆེན་རྟག་ཏུ་ངུ་། །གྲོ་འམ་འབྲས་ཕྱེ་ཕུལ་གང་སྦྱར། །རྒྱལ་རིགས་བུ་ཆུང་བྱ་རྒོད་ཤ། ཡོད་ན་སྐྱབས་སུ་སྦྱར་བྱས་ཏེ། །དགེ་སློང་དྲི་ཆུ་མཐར་ནུ་སྦྱར། །རིལ་ལུ་སྲན་ཚད་དྲང་མེད་སྦྱར། །མཆོད་བསྟོད་ཚོགས་འཁོར་དཔག་མེད་བྱ། །ཇི་སྲིད་གཟུངས་འཛིན་མང་ན་རབ། །རིལ་བུ་རེ་ལའང་ལྷ་རེ་བསྐྱེད། །འོད་ཟེར་འཕྲོ་འདུའི་ཏིང་ཛིན་གྱིས། །རིག་པའི་རྒྱལ་པོ་འདི་བཟླས་སོ། །ཨོ༷་མ་ཁི་པབླེ་ཧུ༷་ཧྲི། འོད་དང་སྒྲ་དང་དུ་བ་དང་། དྲི་བཟངས་སྨན་རྣམས་བཟང་པོའི་ལྟས །དེ་ལྟར་བྱུང་ན་སྔགས་འདི་སྤྲེལ། །ཨོ་ཨུ༷༷ཧུ༷་གྲྭཧྭ། མུ༷་ལ༷་མ༷་པྱ༷་ཏ༷། སརྦ་ཏ་ཐུ་ག་ཏ་མ་ཧ་པསྨ ཨོ་ཨུ་ཡུ་རྙོ་ན་མ་ཧྭ་པུ་ན་ཏི་ཐ་ཨོ། དེ་ནས་གཞན་དོན་སྤྱོད་པའི་ཕྱིར། །འདུལ་བྱ་སྦྱང་ཕྱིར་ཁྲུས་ཡང་བྱ། ཞག་བརྒྱ་ཁ་གསོ་རྗེས་སྣང་བཞིན། །དེ་ནས་དབང་བསྐུར་རིམ་པ་ནི། ཨོ་མ་ཁི་པརླེ་ཧུ༷་ཧྲི། སརྦ་ཐུ་ག་ཏ་ཨ་སྟི་ཁི྅་ཧྲི་ཨ། དབང་དུས་རིལ་བུ་གསུམ་ཡང་སྦྱིན། །ལྷ་བསྐྱེད་དྲི་ཆུས་ཆུ་སྡེབས་བཏང་། །ལྷ་ལ་ལྷ་ཐིམ་དབྱེར་མེད་བསམ། རིལ་བུ་སུ་ཡི་ལྟོར་སོང་བ། །ཚེ་རབས་གང་དང་གར་སྐྱེས་ཀྱང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །བདག་པས་གཞན་གཅེས་འགྲོ་དོན་སྤྱོད། །ཡིག་བརྒྱ་བཟླས་ཤིང་དམ་ཚིག་བསྲུང་། །ཐམས་ཅད་འཁོར་བ་དོང་ནས་སྤྲུག །ཅེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། སྐྱེ་བདུན་མཆོག་གི་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རིགས་ཀྱི་བདག་པོ་ལ། །འདུས་པའི་འཁོར་གྱིས་ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་ཐུག་རྗེ་ཅན། །འགྲོ་ཀུན་སྙིང་རྗེས་གཟུང་བའི་ཕྱིར། །རོ་སྲེག་རྒྱ་ཚིག་རིམ་པ་གང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །ཞུས་པའི་ལན་དུ་བཀའ་སྩལ་པ། ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །བླ་མ་འམ་ནི་ཕལ་ལ་སོགས། །བག་ཆགས་དངོས་པོ་སྒྲིབ་སྦྱང་ཕྱིར། །སྲེགས་ཀྱི་རིམ་པ་བསྟན་པར་བྱ། །རྣམ་ཤེས་ལྔ་བྲེལ་བེམས་པོའི་ལུས། །བག་ཆགས་སྦྱངས་པས་ཐར་པ་ཐོབ། སྦྱང་གཞི་ཕྱི་དང་ནང་གི་རོ། སྦྱོང་བྱེད་འབྱུང་བ་ཡེ་ཤེས་མེ། །འབྱུང་བའི་མེ་ཡི་བག་ཆགས་སྦྱོང་། །ཡེ་ཤེས་མེ་ཡིས་ཉོན་མོངས་སྲེག །སྔོན་འགྲོ་ས་གཙང་ཀླུ་མེད་སར། །དབང་ལྟར་ས་ཡི་ཆོ་ག་དང་། །དཀྱིལ་འཁོར་བུམ་པ་རྫས་སོགས་བསྒྲུབ། །དཀྱིལ་འཁོར་སྟེང་དུ་སྲེག་ཁང་བྱ། །མདའ་གང་བཞི་སྒོམ་བུམ་པར་བྱ། །ཐབ་ཁུང་ཟླུམ་པོ་དབུས་གྲྭ་གསུམ། །དྲི་བཟངས་ཤིང་ལ་འབྲི་མར་བསྒྲུམ། །སྤོས་སོགས་དྲི་ཆུས་ལེགས་བཀྲུས་ཏེ། །ཨོ་སུ་བྷ་བ་བི་ཤུདྷི་གྲྭ་ཧྭ། གཤེད་སྒྲེལ་སྣུམ་རྗས་དག་གིས་དྲིལ། །བླ་མ་སོགས་ལ་མཆོད་བསྟོད་སྒྲུབ། །ཐ་མལ་རོ་ལ་བདུན་ཚིག་བཞིན། །ཆོག་གི་རོ་ལ་གདུགས་གསུམ་དབུབ། །འཕན་སོགས་རྒྱན་དང་མཆོད་པའི་རྩོགས། །ལེགས་བཤམས་ཕྲིན་གཞུང་བཤགས་སྐོང་བྱ། །ཡན་ལག་བདུན་སོགས་ཚོགས་འཁོར་བྱ། །འཁོར་ལོ་ཁྲུ་གང་འདབ་བཞི་བྱ། ལྷ་བརྒྱ་ཁ་དོག་ལྔ་ཡི་དབུས། །གསང་འདུས་རིགས་ལྔའི་སྙིང་པོ་བྲི། ཨོ་མ་ཁི་པཏྲེ་ཧུ༷་ཧྲི། རྨོ་བཛྲ་སྒྲིག་ཡུམ། འདབ་བརྒྱ་ལ་ནི་ཡི་གེ་བརྒྱ། །ཨོ་བཛྲ་ས་ཏྭ་ས་མ་ཡ། དེ་ཉིད་རོ་ཡི་སྙིང་ཁར་གླན། །གཟུངས་ཐག་བཏགས་ཤིང་སུམ་སྒྲིལ་སྒོམ། །དམིགས་པ་སྤྲོ་བསྡུ་ཡང་སྙིང་བཟླས། །ཡེ་ཤེས་མེ་འབར་ཉོན་མོངས་བསྲེགས། །ཨོ་ཨུ༷༷ཧུ༷་ཨག་ན་ཡེ་ཛ་ལ་ར༷། འབྱུང་བའི་མེ་སྤར་བག་ཆགས་སྦྱང་། །ལྷ་བསྐྱེད་བསྲེག་རྫས་རིམ་པར་འབུལ། །ཨོ་སྭ་བྷ་བ་ཨག་ན་ཡེ། མ་མ་ཤན་ཏིང་ཀུ་རུ་ཡེ་སྭ་ཧྭ། སརྦ་ཀརྨ་ཨ་བ་ར་ན་བི་ཤུ་དྷི་ཤན་ཏིང་ཀུ་རུ་ཡེ་སྭ་ཧྭ། མཆོད་བསྟོད་ཆོ་ག་རྒྱས་པར་བྱ། །ལས་བཞིའི་སྤྱིན་སྲེག་ཤམ་བུར་བཏགས། །རྗེས་བསྡུ་ལྷ་གཤེགས་གདུང་རུས་ལ། །ཚ་ཚ་གདབ་ཅིང་དགེ་བར་བསྔོ། །འབྲས་བུ་ཐར་ལམ་མཆོག་ཐོབ་བོ། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའང་རྒྱུད་ལས། རོ་བསྲེགས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།འགྲོ་ཀུན་ཐུགས་རྗེས་གཟུང་བའི་ཕྱིར། །བདུན་ཚིག་རིམ་པ་བསྟན་པ་ནི། །རྟེན་མེད་བར་དོའི་རྣམ་ཤེས་ཉིད། །བར་དོར་འ་ས་པ་ཞེ་དགུའི་བར། །རྟག་ཚིག་རྟག་ཚིག་རིམ་པར་བྱ། །མཚན་བྱང་རྟེན་ལ་དྲང་དུ་དགུག །བགེགས་སྐྲོད་གཤེད་འབྲེལ་དྲག་ཏུ་བྱ། །དཀྱིལ་འཁོར་བུམ་པ་རྫས་ལྡན་བཤམ། །རིགས་དྲུག་གནས་ནས་རིམ་པར་དྲངས། །ཐུབ་པ་དྲུག་ལ་བླུད་གཏོར་འབུལ། །ངན་སོང་སྒྲིབ་པ་སྦྱོང་བའི་སྔགས། །ཨོ་མ་ཁི་པབླེ་ཧུ༷་ཧྲི། ཨོ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ། ཏིཁྱིདྲི་རྙོ་མེ་བྷ་བ སུ་ཏོ་མྱོ་མེ་བྷ་བ། སུ་པོ་གྱོ་མེ་བྷ་བ། ཨ་ནུ་རག་ཏོ་མེ་བྷ་བ། སརྦ་སིདྷི་མ་མེ་པྲ་ཡསྒོ སརྦ་ཀརྨ་སུ་ཙ་མེ། ཙི་ཏ༷་གྲེ་ཡ༷༷ཀུ་རུ་ཧུ༷། ཧ་ཧ་ཧ་ཧ་ཧོ། བྷ་ག་བན།སརྦ་ཏ་ཐུ་ག་ཏ་ཧཱུཾ་ད་ཡ། མྱ་མེ་མུན་ཙ། བཛྲ་བྷ་བ། མ་ཧྭ་ས་མ་ཡ་བཛྲ་ས་ཏྭ་ཨ། ལས་ངན་ནད་དང་སྒྲིབ་པ་ཐམས་ཅད་ཤུརྙེ་ཤུསྟེ་བི་ཤུདྷི་ཤཱན་ཏིང་ཀུ་རུ་ཡེ་སྭ་ཧྭ། སྔགས་ཀྱི་འོད་དེར་ལས་སྒྲིབ་སྦྱང་། །སངས་རྒྱས་སྟོང་རྩའི་མཚན་འབུམ་ཀླག །མཚན་བྱང་བསྲེག་ལ་ཚ་ཚ་གདབ། །དུར་རྒྱགས་ཚོགས་ཀྱི་འཁོར་ལོ་བྱ། །བདེ་ཆེན་གནས་སུ་ལམ་ཡང་བསྟན། །ཆོས་དབྱིངས་སྐྱེ་མེད་རྒྱ་ཡིས་གདབ། ཚེ་འདས་བླ་མེད་འབྲས་ཐོབ་ངེས། །ཞེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། རོ་བསྲེག་བདུན་ཚིགས་ཀྱི་རིམ་པ་དེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱིས་ཡང་གསོལ་པ། །ཀྱེ་ཀྱེ་མགོན་པོ་འོད་དཔག་མེད། །ནད་གདོན་འབྱིན་པའི་དབྱུག་ཆོས་གང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །བཅོམ་ལྡ་འདས་ཀྱི་བཀའ་སྩལ་པ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར།གེགས་སེལ་དབྱུག་པའི་མན་ངག་ནི། འདི་ལ་བདག་དོན་ཕྲིན་ལས་གསུམ། །རྒྱུ་ནི་སྨྲ་བཤད་སྤ་དཀར་ཏེ། །དྲང་ལ་འདྲིལ་ཞིང་སྣུམ་ལ་མཉེན། མ་བཅོས་ལྷུན་གྱི་གྲུབ་པའི་གདའ། །དོན་ངོ་རང་ལ་སྤྲད་པ་སྟེ། །རང་བྱུང་ཡིན་པས་དྲང་པོ་ལ། །ཐམས་ཅད་རྫོགས་པས་འགྲིལ་བའོ། །འཁོར་འདས་ཀུན་གྱི་གཞིས་ཏེ་སྣང་། །གང་ལྟར་ཀྲིང་པ་དེ་ལྟར་མཉེན། །འཕྲིན་ལས་དབྱུག་པ་ནད་གདོན་འཇོམས། །རླུད་མཁྲིས་བད་ཀན་གཟེར་ལ་སོགས། །བརྡེག་ཏུ་རུང་དང་མི་རུང་དང་། །བརྡེག་པའི་གནས་རྣམས་རིམ་པ་བརྟག །བརྡེག་ཚེ་དབྱུག་པའི་བརྗིད་ཙམ་བྱ། །དབྱུག་པའི་ཚད་ནི་ཁྲུ་གང་ངོ་། །རྩ་དང་རླུད་གི་གསང་ལ་བརྡེག །ནད་རྣམས་མ་ལུས་ཞི་བར་འགྱུར། །ཡིག་བདུན་འབུམ་ཟླས། །རྟེན་འབྲེལ་རབ་གནས་ལེགས་པར་བྱ། །རྟག་ཏུ་མི་འབྲལ་ལུས་ལ་བཅང་། །གདོན་ལ་དབང་ཆེན་ཏ་རུ་བསམ། དབྱུག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱི་ཡང་གསོལ་པ། །ཀྱེ་ཀྱེ་མགོན་པོ་འོད་དཔག་མེད། །བླ་མེད་རྒྱུད་འདི་གང་གིས་འཆང་། །འགྲོ་དོན་ལུང་གི་རིམ་པ་གང་། །ཞུས་པའི་ལན་དུ་བཀའ་སྩལ་བ། །ཉོན་ཅིག་རིགས་འདུས་སྤྲུལ་པའི་འཁོར། །གསང་བ་མཆོག་གི་རྒྱུད་འདི་ནི། །ཨུ་རྒྱན་ཀྟན་རྙོ་ཤར་གྱི་ཕྱོགས། །རི་བོ་གྲུ་འཛིན་ཏ་ལའི་གནས། །རིགས་གསུམ་མགོན་པོའི་ཕོ་བྲང་དེར། །རྡོ་རྗེ་རྣལ་འབྱོར་མ་ཡིས་སྦས། །ངས་སྤྲུལ་ཀོ་ཤའི་མཚོ་གླིང་དུ། །པདྨ་ལས་འཁྲུངས་སྤྲུལ་པའི་སྐུ། །ཚེ་ལ་དབང་བའི་རིགས་འཛིན་ལ། །བཀའ་ཡི་བབས་དང་བཅས་ཏེ་གནང་། །ཨུ་རྒྱན་རྒྱ་གར་ཤར་ནུབ་ཏུ། །དེ་ཡིས་བསྟན་པ་དར་བར་བྱེད། །མ་འོངས་བསྟན་པའི་སྒྲོན་མེ་འདི། ཁྲཀ་ཐུབ་མྱ་ངན་འདས་ནས་ཀྱང་། །ལོ་ནི་སུམ་སྟོང་ཉེ་བ་ན། །རྡོ་རྗེ་གདན་གྱི་བྱང་ཕྱོགས་རོལ། །རི་བོ་ནག་པོ་བཅུ་གསུམ་འདས། ཁ་བ་ཅན་གྱི་རྒྱལ་ཁམས་སུ། །འགྲོ་མགོན་ཐུགས་རྗེའི་འདུལ་ཞིང་དེར། །ཐུགས་རྗེའི་སྤྲུལ་སྲས་རྒྱུད་འཛིན་གྱིས། །ཡིག་བརྒྱ་བསྟན་པ་འཛིན་སྐྱོང་བསྲུང་། །རིམ་པ་བཞིན་དུ་དོན་གཉིས་སྤྱོད། །རྒྱུད་མཆོག་འདི་ཡང་དོན་གནང་འགྱུར། །ཅེས་བཀའ་སྩལ་ཏོ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། འགྲོ་འདུལ་ལུང་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།མ་ཁ་ཌ་ན། བཱ ༔ དེ་ནས་བཅོམ་ལྡན་རིགས་བདག་ལ། །འདུས་པའི་འཁོར་གྱི་ཡང་གསོལ་པ། །ཀྱེ་ཀྱེ་མགོན་པོ་འོད་དཔག་མེད། རྒྱུད་དོན་གཏད་རྒྱའི་རིམ་པ་གང་། །སྟོན་པས་འཁོར་ལ་བཀའ་སྩལ་པ །ཉོན་ཅིག་འདུས་པའི་འཁོར་ཚོགས་ཉོན། ཡང་སྙིང་རྒྱུད་འདིའི་གཏད་རྒྱ་ནི། །ཇི་སྲིད་སེམས་ཅན་མང་པོའི་སར། །སྙིང་རྗེའི་སེམས་ཀྱི་སྤྱིན་པར་བྱ། །རྒྱལ་ཁམས་ཐམས་ཅད་མ་ཁིར་བཀུལ། །དབྱངས་སུ་བླང་ཤིང་བྲོ་རུ་ལུབྲབ། །གནས་ལུགས་དོན་གྱིས་བདག་གྲོལ་བྱ། །གྲོལ་ནས་འགྲོ་བ་གཞན་དོན་དུ། །གང་ལ་གང་འདུལ་ཆོས་འཁོར་བསྐོར། །སྐལ་ལྡན་དམ་ལྡན་ངང་ཚུལ་ཅན། །བྱམས་སེམས་སྙིང་རྗེ་གཏོང་ཕོད་ཅན། །བདག་པས་གཞན་གཅེས་སྐྱེས་བུ་ལ། །ཡང་གསང་སྙིང་གི་རྒྱུད་འདི་གཏད། །རྒྱུད་འདི་རིན་ཆེན་སྣ་ལྔས་བྲིས། །གཙུག་གི་ནོར་བུར་བཅང་བར་བྱ། །གང་ཞིག་བློ་དམན་བློ་ཆུང་དང་། །དད་བརྩོན་སྙིང་རྗེ་བརྟེན་མེད་ཅིང་། །བླ་མ་མི་ལུབུར་ཆོས་བརྒྱད་ཅན། །དམ་མེད་རྣམས་ལ་རྒྱས་གདབ་པའོ། །ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས། །ཐུགས་རྗེ་ཆེན་པོར་མ་གྱུར་མེད། །དེ་ཉིད་སྐུ་གསུང་ཐུགས་བྱས་པ། །གསང་བའི་རྒྱུད་འདིར་མ་འདུས་མེད། །འདི་ནི་རང་བྱུང་གསང་བའི་རྒྱུད། །སྐལ་ལྡན་ཐུགས་སུ་གཏད་རྒྱའོ། །ཞེས་བཀའ་སྩལ་ཏོ། །དེ་ནས་རིགས་འདུས་སྤྲུལ་པའི་འཁོར་རྣམས་རང་རང་ཐུགས་རྗེ་ཆེན་པོར་རིགས་ནས་ཡི་རངས་ཏེ། རང་བྱུང་ཡེ་ཤེས་ངང་དུ་སྤྱོད་པར་གྱུར་ཏོ། །དུས་གསུམ་གྱི་རྒྱལ་བ་མ་ལུས་ལ་གསང་བ་འདུས་པའི་རྒྱུད་ལས། རྒྱུད་དོན་གཏད་རྒྱའི་ལེའུ་སྟེ་བཅོ་ལྔ་པའོ།། །།གསང་བའི་རྒྱུད་མཆོག་བླ་ན་མེད་པ་རྫོགས་སོ།། །།གསང་བའི་རྒྱུད་འདི་ཨུ་རྒྱན་ཆེན་པོས། མཁའ་འགྲོ་དྷ་ཀའི་རྒྱ་དཔེ་ལས་སྒྲ་རང་འགྱུར་དུ་མཛད་དོ།། །། རྒྱ་གར་སྐད་དུ། ཨ་ཏི་དྷ་པེ་མང་རྩ་ན་ནཱ་མ། བོད་སྐད་དུ། བཏགས་པས་གྲོལ་བའི་མན་ངག་ཅེས་བྱ་