Ngb-pt-0683-vol-07-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:46, 20 March 2020

Front

Body

དགེ །། །། རྒྱ་གར་སྐད་དུ། རཀྟ་ཨསྒ་ནེ་མ་ཧྭ་ཏནྟྲ། བོད་སྐད་དུ། ཀྲོདྷ་ཁྲག་འཐུང་རོལ་པའི་རྒྱུད་ཆེན་པོ། །བཅོམ་ལྡན་འདས་དབང་སྡུད་ཀྱི་རྒྱལ་པོ་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །འོག་མིན་གྱི་གནས་མཆོག་དམ་པ་དེ་ན། །བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེ་དོན་སྐྱེ་བ་མེད་པ་ལས། །རྟགས་འགག་པ་མེད་པའི་ཆོ་འཕྲུལ་གྱི་སྐུ་རུ་བཞུགས་སོ། །དེ་ནས་སངས་རྒྱས་འཇིག་རྟེན་མགོན་གྱིས། །དབང་གི་རྒྱལ་པོ་ལ་གསོལ་བ། །ཀྱེ་མ་སངས་རྒྱས་འདུས་པ་རྣམས་ཀྱི་ཡབ་ཆེན་པོ། །མི་མཐུན་གཉེན་པོས་གཞོམ་པ་དང་། །འགྲོ་བ་གནས་ལ་དགོད་པའི་ཕྱིར། །བཅོམ་ལྡན་དབང་གི་གཙོ་ལ་བདག་ཉན་འཚལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་སངས་རྒྱས་འཇིག་རྟེན་མགོན། །མི་མཐུན་གཉེན་པོར་གྱུར་པ་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དེང་། །ང་རྒྱལ་ཕྲག་དོག་ལ་སོགས་ཏེ། །ས་བོན་རྩུབ་མོས་དེས་འཕངས་ནས། །འབྲས་བུ་མ་དང་རྒྱུར་གྱུར་ཏེ། །བདུད་དང་སྲིན་པོ་གནོད་སྤྱིན་དང་། །ལྷ་ཆེན་དང་ནི་གདུག་པ་ཀླུ། །དེ་ཡིས་འཇིག་རྟེན་ཕུང་བར་བྱེད། །དེ་དག་མ་རུངས་འདུལ་བར་འོས། །ཞེས་གསུངས་སོ། །ཁྲག་འཐུང་རོལ་བའི་རྒྱུད་ཆེན་པོ་ལས། །གླེང་གཞིའི་ལེའུ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་རྒྱས་པོ་དེས། །མ་ལ་ཡ་བྱའི་རི་གནས་དེ་ནས། །ཆོ་འཕྲུལ་གྱིས་སྒྲ་གསུམ་བརྗོད་པས། བདུད་དང་སྲིན་པོ་ལ་སོགས་པའི་རུ་དྲ་སྡེ་འཁོར་དང་བཅས་པ་ཐམས་ཅད་བུབྲ་བུབྲ་འདུས་ནས་སྒྲ་མི་མཐུན་པ་གྲག་གོསྔོན་མ་བྱུང་བའི་སྒྲ་བསྒྲགས་པས། །གདུག་པའི་ཚོ་འཕྲུལ་སྣ་ཚོགས་པ་མཛད་དེ། །འདོད་ཆགས་ཀྱི་རྒྱ་མཚོ་ནི་བསྐྱིལ། །ང་རྒྱལ་གྱི་ལྡེའུ་བཙུགས། གཏི་མུག་གི་མུན་པ་ནི་གཏིབས། ཞེ་སྡང་གི་དབལ་ནི་གདར། ཕྲག་དོག་གི་ཟུང་རྔུ་ནི་ཕྱར། །གདུགཔའི་ལུས་ལ་རྣོ་བའི་མཚོན་ཐོགས་འཁོར་བ་བཞིན་གཏིབས། །ང་རོ་མི་སྙན་པའི་སྒྲོགས་ཆེ་བའི་ང་རྒྱལ་འབྱིན་ཅིང་འདུག་གོ །དེ་ནས་བཅོམ་ལྡན་འདས་རྟའི་རྒྱལ་པོ་དེས། །ལུས་ཁོ་དང་ཚུལ་མཐུན་པ་ལ། །དབུའི་གཙུག་ནས་རྟའི་མགོ་བོ་ཕྱུང་། །དྲེགས་པ་ག་ལ་བ་དེར་བྱོན་པས། །དྲེགས་པ་དེ་དག་སྒྲ་རེ་ལ་དེ་ང་རུ་ལུའི་སྒྲ་སྒྲོགས་ཤིང་། །ཐམས་ཅད་ངའི་གནས་དང་རིགས་ལ། །འདི་ལྷ་བུའི་རྟ་རིགས་ཀྱི་མགོ་ཅན་ང་ལ་འགྲན་པ་ཟེར་ཏོ། །ཁ་ཊ༷་དང་མཚོན་འཁྲོལ་ཞིང་བྱུང་། །འཁོར་ཐམས་ཅད་མདའ་དང་། །དབྱིག་པ་དང་། སྟ་རེ་དང་། གཏུན་ཤིང་དང་། །རྩེ་གསུམ་དང་། མདུང་དང་། །མ་རྟ་དང་། ཐོ་བ་དང་། སོག་ལེ་ཐོགས་ཏེ། །རྟའི་རྒྱལ་པོ་ལ་མཚོན་གྱི་ཆར་ཕབ། །སྒྲའི་ཁུན་བཏབ་སྟེ་བྱུང་བ་ལས། །མཚོན་ཐམས་ཅད་ཁ་སྡུགས། །གང་ཡང་མ་ཕེད་བས། །རྟའི་མགོ་ཅན་མདངས་དང་མ་བྲལ་བས། །དྲེགས་པའི་རྒྱལ་པོ་བདུད་རིགས་འཁོར་དང་བཅས་པ་ན་རེ། །ང་ལས་ཆེ་བ་མེད་པ་ལ། །འདི་ལ་རྒྱབ་པས་མི་ཕེད། །གསད་པས་མི་སོད་པས་འདི་ཅིའི་སྤྲུལ་ཕ་ཡིན་ཟེར། །ཡང་རུ་དྲ་དེ་ལུས་རི་རབ་ཙམ་ལ་ལག་པ་བཅུ་དྲུག །རྐང་པ་བརྒྱད། །མགོ་ལྔར་སྤྲུལ། །མགོ་ལྔ་ལས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཅན་ལྔ་རྔམ་པར་སྤྲུལ། །གཤོག་པ་གཡས་གཡོག་དུ་གདེངས་ཏེ། །གཡས་ཀྱི་སྒྲོ་དེའུ་ལ་བདུད་རིས་ཀྱི་དམག་དཔུང་། །གཡོན་གྱི་གཤོག་པའི་དེའུ་ལ་གནོད་སྦྱིན་གྱི་དམག་དཔུང་། །གཡས་པའི་ལག་པ་བརྒྱད་ན་གདུག་པའི་ཀླུ་བསྣམས་པ། །གཡོན་པ་བརྒྱད་ན་གཏུག་པོ་ཀླུ་བརྒྱད་རྔམ་པ། །དེ་ཀུན་ཁ་ནས་སྤྲུལ་པ་འགྱེད་པ། །རྐང་པ་བརྒྱད་ལས་ཕྱོ་གས་མཚམས་ཀྱི་སྐྱོང་བ་བཅུ་རྔམ་པ། །མ་མོ་དང་། ཤ་ཟ་དང་། འཁོར་མ་རུངས་པའི་དམག་དང་བཅས་ཏེ། །རྟའི་རྒྱལ་པོ་ལ་གསད་དོ། །ར་ལ་རུ་ལུ་གྱོ་བ་གྱོ་བ་ཟེར་ཞིང་རྒལ་ཏེ། །ཞིང་ཁམས་ནི་ངའི། །དམག་ངའི། །རྟེ་རིད་པོ་གསད་དོ་ཟེར་ཏེ་མ་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་རྟའི་རྒྱལ་པོ་དེས། །བཅོམ་ལྡན་འདས་འཁོར་དཔག་ཏུ་མེད་པ། །རིགས་ཀྱི་ཡབ་དང་། །རིགས་ཀྱི་ཡུམ་དང་། །ཁྲོ་བོ་དང་། ཁྲོ་མོ་དང་། སེམས་དཔའ་དང་། སེམས་མ་དང་། །དེ་དག་ཐམས་ཅད་ཀྱིས་ཞི་བའི་ལས་ལ་མ་བབ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་བཀའི་འགྲོ་བ་མཛད་པ་ལས། །འདི་ཞི་བས་འདུས་པ་མ་ལགས་ཏེ། །དྲག་པོའི་དབང་དུ་བསྡུས་ལ་འཁོར་བ་བསྒྲལ་བའི་དུས་ལ་བབ་ཅེས་བགྲོས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་ཅིག་ཏུ་གྱུར་ནས། །དེར་ཞི་བ་ལས་ཁྲོ་བོར་བསྒྱུར། །གདན་ཚོམ་ཆེན་པོར་ནི་བཅས། །བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེ། །དབུ་ལྔ་པ་རིགས་ཀྱི་ཧེ་རུ་ཀ་རེ་རེ་སྤྲུལ། །ཧེ་རུ་ཀའི་གཙུག་ནས་རྟ་མགོ་ལྔ་བྱུང་། །ཕྱག་གཡས་པ་བརྒྱད། །ཀེའུ་རི་ཁྲོ་མོ་བརྒྱད། །གཡོན་པ་སྲིད་ང་འཕྲ་མེན་བརྒྱད། །ཞབས་དམར་པོ་ཟང་མ་བརྒྱད། །རྡོ་རྗེ་གཤོག་པ་གཡས་གཡོན་དུ་གདེངས་པ། །དེ་དང་འདྲ་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་མང་པོ་སྤྲུལ། །ཐུགས་ཁ་ནས་ཡེ་ཤེས་ཀྱི་སེམས་དཔའ་ལས་ཞེ་སྡང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་ཏུ་སྤྲུལ། །མ་དད་པའི་དྲུང་དུ་བྱོན་ཏེ། །དབང་གི་རྟ་སྐད་ལན་གསུམ་དུ་འཚེར་བས། །རི་རབ་ཀྱི་འགྲམ་ཤིང་ཟེར། །རྒྱ་མཚོ་ཆོལ་ཆོལ་བྱུང་། །གདུག་པའི་སྒྲ་མི་མཐུན་པ་བྱུང་བས། །དེར་རུ་དྲའི་འཁོར་ཐས་ཅད་སྐྱེས་བུ་ལྕེ་གཅད་པ་བཞིན་གཞོམ། །བྲེད་ཅིང་བསྐྲད་ལ་ལའི་རྣ་བར་གསོད་ཅིག་པར། །ལ་ལའི་རྣ་བར་རྟོག་ཅིག་བར། །ལ་ལའི་རྣ་བར་མ་གཏང་བར་གོ །མ་དད་པའི་རུ་དྲ་དེ་འདར་ཤིག་ཤིག་ཏུ་འདུག་པས། །དབང་གི་རྒྱལ་པོ་དེས་ངག་དབང་དུ་བསྡུས། །རུ་དྲ་དེ་ཡི་ཡིད་དབང་དུ་བསྡུས། །ལུས་དབང་དུ་བསྡུས། །ད་ནི་འཁོར་བསྒྲལ་ལོ་བྱས་པ་ལས། །དེར་རུ་དྲ་ན་རེ། །དཔལ་དབང་གི་རྒྱལ་པོ་དྲག་པོ་ཆེ། །ང་ཐོད་རབ་ཏུ་ཐོང་། །ཁྱོད་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མཛད་སྤྱོད་དེའམ། །ཞེས་ཟེར་ཏེ་ཁ་ཊ༷འཁྲོལཞིང་བྲོས་སོ། །དེར་དབང་གི་རྒྱལ་པོ་བརྟུལ་ཞུགས་ནི་མཛད། །རྡོ་རྗེའི་དྲི་བར་མ་དད་པ་བཅུག །གདུག་པའི་མཚོན་ཆ་ལྔའི་ཆར་ཕབ། །རྡོ་རྗེ་བྱིན་ཆེན་འབར་བ་གསོར་ཞིང་བརྒྱབ་པས། །ལུས་སླང་ཚོགས་བཞིན་ཐལ་བྱུང་། །ཡེ་ཤེས་ཡག་གི་འཕན་ནི་ཁྲོ་བོ་བཅས། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཞི་བ་ལས་ཁྲོ་བོར་བསྒྱུར་ཏེ་ར་མདའ་བྱས། །རུ་དཔོན་ནི་དབུའི་ཧེ་རུ་ཀ་ལྔས་བྱས། །ཁམས་གསུམ་འཁོར་བ་མ་རུངས་པ་འདིས་ནི་བདུད་རིགས་ཐམས་ཅད་ལ་སྐམས་ལ་བྱས། ཀུན་ཏུ་བཟང་མོའི་མཁའ་དབྱིངས་ནི་ཟླ་གམ་དབང་གི་དཀྱིལ་འཁོར་ལ་ཁྲོ་བོའི་རྡོ་རྗེ་གོ་གོན་པ་ནི། །ལྷ་རྣམས་གསང་བ་ནས་ཁྲོ་བོར་བཀོད་པ་ལ་བྱ། །རྟ་སྐད་རྔམ་པའི་ངང་ལ་རོལ་པ་ན། །དབང་གི་རང་བཞིན་ལ་གནས་པ་དང་། །མ་དད་པ་ཚར་གཅོད་པའོ། །ཕྱོགས་བཞི་ནས་བརྟུལ་ཞུགས་བཞིའི་བྲོས་གདིར། །སྒོ་བཞི་ནས་སྒྲ་སྒྲོགས་ཤིང་མཐོ་བཀོད། །དེ་ལྟར་བསྒྲལ་ཏེ། །སེམས་ཀྱི་བྱ་རྒྱུ་མེད་པར་བསྒྲལ་ལོ། །བསྒྲལ་པའི་སྔགས་འདིས་བསྒྲལ་ལོ། །འབྱུང་པོ་ཁྲ༷་ཛ། མ་ར་ཡ་ཛ། ད༷་སྲི་ག་པ་རི་ཛ། རུ་དྲ་པྲེ་ཛ། །མྱ་ར་ཡ་ཛ། །ལྷུ་གདུམ། །སྨྱོ་གདུམ། །ལྷུ་གདུ༷། སྨྱོ་གདུ༷། ཤིག་ཤིག་ཕུལ་ཤིག །ཨ་ཧཱུཾ༷་ཨ་ཧཱུཾ༷། ཏྲི་ཧུ་ཏྲི་ལུ། ཀྱི་ཧུ་ཀྱི་ཧུ། ཁ༷་རུ་ཁ༷་སྲ བན་བྷ་བན་དྷ།ཛ་ལ་ཛ་ལ། གྲིཏྣ་གྲིཏྣ། ཚིན་དྷ་ཡ་ཚིན་དྷ་ཡ། སྭ་ད་ཡ་སྭ་ད་ཡ། སུ་རུ་ཡ་སུ་རུ་ཡ། ཧ་བྱ་ཐུ་ཏཏུ་ཐུ། སྙིང་ལ་ཕུར་བ་སྨྱོ། །དེས་རུ་དྲ་ལ་བཏབས་པས། དངས་མ་རྩད་བཅོད། །ལུས་ཤིག །ངག་བཅད། །དབང་པོ་ཕྱུང་ངོ་། །དེ་ནས་ཡང་འཁོར་རྣམས་རིམ་པར་བསྒྲལ་ཏེ། །བདུད་དང་གནོད་སྤྱིན་སྲིན་པོ་ཀླུ་རྣམས་བསྒྲལ་ལོ། །རུ་དྲའི་ལག་ཆ་ཐམས་ཅད་དབང་གི་རྒྱལ་པོ་ལ་རྒྱལ་དུ་མ་ཞབས་སོ། །རུ་དྲ་བསྒྲལ་བའི་ཁོག་པ་གཞལ་ཡས་ཁང་དུ་བྱས་སོ། །མགོ་བོ་ལྷོ་ནུབ་ཏུ་པོར་རོ། །རྐང་པ་བྱང་ཤར་དུ་གཏད་དོ། །དེ་ནས་རྒྱལ་བ་རྟགས་ཀྱི་གླུ་བྲོ་འདི་སྐད་བླངས་སོ། །འགྲི་ན་འགྲི་ན་སྔོན་ཙསྟ་དྲངས་པ་ལས་ནི། །དཔལ་རྟ་མགྲིན་གྱི་ཐུགས་རྗེ་ལྕགས་ཀྱུས་སྙིང་དཀར་ནག་ནས་དྲངས་ནས། །རོལ་པའི་དབང་གི་དཀྱིལ་འཁོར་དུ་བཞག་ནས་བྲོ་འདི་སྐད་བརྡུངས་སོ། །འགྲི་ན་འགྲི་ན་སྔོན་ཙསྟ་དྲངས་པ་ལས། །ཐར་པ་ཆེན་པོ་བརྒྱད་ཀྱིས་བྲོ་བརྡུངས་ཏེ། །ཁྲང་འཐུང་འཁྲུགས་པའི་ང་རོ་ལས། །དུག་གསུམ་རྩད་ནས་གཅོད་པའི་འཕྲིན་ལས་མཛད། །པུས་ཏིང་ཀུ་རུ་ཧི། ཧ་ཡ་གྲི་བ་ཧ་ན་པ་ཧའི། །དེ་ནས་ཡང་ལང་ཁར་མགྲིན་སྔོན་གྱི་མགོ་བོ་བཅད་ནས། །དབང་གི་ཞལ་བུར་སྐྲུངས་ནས། །རྒྱན་དང་སྨན་གྱི་སྤྲས་ནས་འདི་སྐད་བརྡུངས་སོ། །།ལང་ཁ་མགྲིན་མགོན་བན་དྷ་སྐྲུངས་་ལ། །ཚོར་བ་ཆེན་པོ་བརྒྱད་ཀྱིས་བྲོ་བརྡུངས་ཏེ། །པདྨ་ཁྲག་འཐུང་འཁྲུགས་པའི་ང་རོ་ཡིས། །གཟུགས་དང་གཟུགས་མེད་ཁམས་གསུམ་དབང་དུ་སྡུད། །ཀླུ་དང་ལང་ཀའི་ཚོགས་རྣམས་ཟིལ་གྱིས་གནོན། །ནིར་སྟི་ཀུ་རུ་དྷི། །ཧ་ཡ་གྲི་ཝ་ཧའི། དེ་ནས་བདུད་རི་བྱེད་དམར་པོ་དབང་གི་རྒྱལ་པོས་བསྒྲལ་ཏེ་ནང་གྲོལ་ཐམས་ཅད་དུར་ཁྲོད་ཀྱི་རྒྱན་དུ་བཀྲམ་ནས་རྒྱུ་མས་སྐྲུངས་པ་ལ་འདི་སྐད་བསྒྲགས་སོ། །རི་བྱིའུ་དམར་པོ་ངན་གྲོལ་སྐྲུངས་པ་ལ། །འདུ་ཤེས་ཆེན་པོ་བརྒྱད་ཀྱི་བྲོ་བརྡུངས་པས། །སྲིད་གསུམ་ཁམས་གསུམ་མ་ལུས་རྡུལ་དུ་བྱེད། །རིན་ཆེན་ཁྲག་འཐུང་འཁྲུགས་པའི་ང་རོ་ཡིས། །རི་བྱེའུ་དམར་པོ་འཁོར་བཅས་སྨོས་ནི་དགོས། །ཧ་ཡ་གྲི་ཧ་བ་སུམ་བྷ་ནི་ཧཱུཾ༷། དེ་ནས་རྟའི་རྒྱལ་པོས་དེས། ལང་ཁ་མགྲིན་སྔོན་གྱི་རྩིབ་མ་གུང་ཤིང་དུ་བསྣོལ། །རྒྱན་འཕྲེང་བཀབ་ན་ས་འདི་སྐད་བརྡུངས་སོ། །ལང་ཁ་མགྲིན་སྔོན་རྩིས་མ་བསྣོལ་བ་ལ། །ཟ་བྱེད་ཆེན་པོ་བརྒྱད་ཀྱི་བྲོ་བརྡུངས་ཏེ། །ཀརྨ་ཁྲག་འཐུང་འཁྲུགས་པའི་ང་རོ་ཡིས། །ན་ར་ཡ་ན་མཐུ་ཆེན་དབང་སྡུད་ན། །ལང་ཁ་མགྲིན་སྔོན་འཁོར་བཅས་སྨོས་ཅི་དགོས། །ཧ་ཧ་རུ་ལུ་ཧཱུཾ༷། དབང་གི་རྒྱལ་པོ་དེས་བདུད་ཤོར་བ་གཞོན་ནུ་བསྒྲལ་ནས་ལྕང་ལོ་གཟིངས་གཏིབས་ནས་འདི་སྐད་བརྡུངས་སོ། ་༑ར་བ་གཞོན་ནུ་ལྕང་ལོ་གཟིངས་པ་ལ། །དུར་ཁྲོད་མ་མོ་བརྒྱད་ཀྱི་དཀྱིལ་འཁོར་བཅས། །ཚངས་པ་ཆེན་པོ་བརྒྱད་ཀྱི་གླུ་བླངས་པས། །སྟེང་གི་གཏུམ་པ་མ་ལུས་དབང་བསྡུས་ནས། ་༑ར་བ་གཞོན་ནུ་འཁོར་བཅས་སྨོས་ཅི་དགོས། །ཞེས་པ་བརྗོད་དོ། །དེ་ནས་རུ་དྲ་ཆེན་པོའི་གཡང་གཞི་གདན་དུ་གཏིང་ལ་འདི་སྐད་སྦྲེང་ངོ་། །མ་ཧྭ་རུ་དྲའི་གཡང་གཞི་བཏིང་བ་ལ། །ཀི་རུའི་ཤ་ལ་དགྱེས་པའི་བྲོ་བརྡུངས་པས། །སྡང་བའི་དགྲ་བགེགས་མ་ལུས་རྡུལ་དུ་ལྷོགས། །དེ་ནས་འགྲིན་འགྲི་ན་སྔོན་གུང་ཤུན་བསྣོལ་བ་ལས། །མུ་ཀ་ཁྲག་འཐུང་བརྒྱད་ཀི་བྲོ་བརྡུངས་པས། །དགོད་དང་གཤེད་པར་འཇིགས་པ་བྱེད་པ་དང་། །ངོ་མཚར་རྨདདུ་གྲགས་པའི་བློ་གྲོས་གདིར། །ཞེས་དབྱངས་སྦྲེང་ངོ། མ་དྲང་གི་ཁོག་པ་གཞལ་ཡས་ཁང་གི་ནང་དུ། །ཞིང་ཕྲན་ཐམས་ཅད་གདན་དུ་གདིང་ནས། །བདུད་རིགས་ཐམས་ཅད་ཚར་བཅད། །མི་མཐུན་རྙེན་པོས་བཅོམ་མོ། །ཁྲག་འཐུག་རོལ་བའི་རྒྱུད་ཆེན་པོ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞི་བ་ལས་ཁྲོ་བོར་བསྒྱུར། །མ་དག་དད་བའི་རུ་དྲའི་སྡེ་འཁོར་བསྒྲལ། །ཚར་བཅད་འདུལ་བའི་བྲོ་བརྡུངས་ཤིང་ཚར་བཅད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དབང་གི་རྒྱལ་པོ་ལ། །དེ་ནས་སངས་རྒྱས་འཇིག་རྟེན་མགོན་གྱིས། །བཅོམ་ལྡན་དབང་མཆོག་བདེ་བའི་མཆོག །འཕྲིན་ལས་དམ་པ་བདག་ཉན་འཚལ། །སྟོན་པ་མཚོག་གི་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་བས་དབང་གི་རྒྱལ་པོས་གསོལ་བའི་དོན་ཐུགས་སུ་ཆུད་ནས། ཏིང་ངེ་འཛིན་ལ་བཞུགས་སོ། །ཆོས་ཐམས་ཅད་སྟོང་པའི་ངང་ལས་སྒྲ་འདི་སྐད་བརྗོད་དོ། །ཨོ་མ་ཧྭ་ཤུ་རྒྱ་ཏ་རྙོན་བཛྲ་སྭ་བྷ་ཝ་ཨཏྣ་ཀོ྅ཧ༷། །དེ་ནམ་ཁྱམ་པའི་སྙིང་རྗེས་བསྒོམས་ནས། །ཨོ་དྷརྨ་དྷ་ཏུ་སྭབྷ་ཝ་ཨཏྣ་ཀོ྅ཧ༷། །དེ་ནས་སྙིང་རྗེའི་ངང་ལས་ཧཱུཾ༷་རྒྱུ་རུ་ཤར། དེ་ལས་འབྱུང་བ་རིམས་སུ་ཆགས་ནས། །དབང་གི་གཞལ་ཡས་ཁང་དུ་ཟླ་གམ་འཁོར་ལོ་སྒོ་དང་བཅས་པའོ། །རུ་དྲ་ཀྲོདྷ་ཏི་ར་བ༷། ཞེས་བརྗོད་པས། །བདུད་རིས་ཐམས་ཅད་གདན་དུ་གདིང་ངོ་། །ཀྲོདྷ་བ༷། །ཁྲོ་བོ་ཡ་གདིང་རིན་པོ་ཆེ་ཁྲི་རྐང་བརྒྱད་ཀྱི་བར་ནི་གསེར་གྱི་སེང་གེ་བརྒྱད་འོད་དུ་འབར་བའོ། །དེའི་སྟེང་དུ་ཧཱུཾ༷་དམར་ལ་བཀྲ་བ་བབ་པ་ལས། །ཧཱུཾ༷་བཛྲ་དྷི་་་ཡ་ད་ཏི་ན་བཛྲ་ཨུ་ཧཱུཾ༷་མཧྭ་ར་ཛ་རཀ་ཤ་ཧཱུཾ༷། །ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞེ་སྡང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་པོར་བསྐྱེད་ནས། །ཞལ་ནས་ཧཱུཾ༷་བཅུ་བརྗོད་ནས། །ཧཱུཾ༷་བཅུ་ལས་ཁྲོ་བོ་བཅུའི་སྐུ་བསྐྱེད་ལ་མཚམས་བཅད། །ཧཱུཾ༷་པདྨ་ད་ར་དྷི་པདྨ་ཕྲི་ཧེ་རུ་ཀ་པདྨ་ཀྲེདྷི་ཀྲེདྷི་པ་མ་ལ་སི་བ་ཧཱུཾ༷། དེ་ནས་དབང་གི་རྒྱལ་པོ་སྐུ་བསྐྱེད་དོ། །ཨོ་ཨེ་པེ་ཀ་ཏེ་པེ་ཀ་ཏེ་ཀ་ཏེ་མ་དང་ཀ་ཏེ་སྣཧྭ། དེ་ནས་ཡུམ་གཟི་ལྡན་མ་བསྐྱེད་དོ། །དེ་ནས་སྦྱོང་བ་ལས་འཁོར་རྣམས་སྔགས་བརྗོད་པའི་སྒོ་ནས་སྐུ་དྲང་དྲང་བསྐྱེད་དོ། །སྐུ་བཞི་གཅིག་ཏུ་འདུས་བས་ཀུན་ཏུ་ཞལ། ། ཕྱོགས་བཞི་རིགས་བཞིར་འབར་བའི་སྐུར་བསྟན་པས། །སྦྱི་མཐུན་སྔར་སྣང་ནམ་མཁའི་རྒྱན་དུ་སྟོན། །རིགས་ཀྱི་དབང་རྣམས་རྫོགས་པས་ཐམས་ཅད་མ་ལུས་སྒྲོལ། །ཧཱུཾ༷་མཛད་ཁྲོ་བོ་ཆེན་པོ་བརྒྱད་ཀྱི་སྙིང་། །བཅད་བར་བཅུག་ནས་རྒྱུ་མ་བསྲེས་ཏེ་གསོལ། །བྱམས་དང་སྙིང་རྗེ་ལྡན་པའི་ཚུལ་མངའ་བས། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་བསྣམས། །བེ་ཅོན་རྡེའུ་ཆུང་ཅན་དང་ཤེལ་གྱི་རྔེའུ་ཆུང་འཛིན། །ཐོད་རློན་ཁྲག་དང་ནང་གི་བསྲེས་ཏེ་གསོལ། །ཕྱོགས་བཅུ་རྒྱན་དུ་ཧཱུཾ༷་གི་སྒྲ་སྒྲགས་པས། །རྡོ་རྗེ་བྱིན་ཆེན་འབར་བ་གསོར་ཅིང་གདེག །གདུབ་བུ་དཔུང་རྒྱན་སྦྲུལ་ནག་མི་བསྲུན་པའི། །ཧཱུཾ༷་གི་སྒྲ་སྒྲོགས་བསྐལ་པའི་མེ་ལྕེ་འབར། །སྡིག་པའི་མཛུབ་མོ་རྩེ་ལ་བསྐལ་བའི་མེ་འབར་བས། །མ་རིག་རྨོངས་པའི་མུན་ནག་ཐིབས་པོ་སེལ། །མི་ལྡོག་ས་ལ་འགྲོ་བ་འདྲེན་པའི་རྟགས། །ཐབས་ཀྱི་ཞགས་པ་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ནི། །ཉི་མ་འབུམ་གྱིས་བརྒྱནཔའིཐེ་གཤོག་ཅན། །ཞི་རྒྱས་དབང་དྲག་མངོན་སྤྱོད་འཕྲིན་ལས་ཀྱིས། །ཐམས་ཅད་བླ་མེད་བྱང་ཆུབ་གནས་སུ་སྒྲོལ། །ཅེས་བསྐྱེད་ཅིང་སྤྱན་དྲངས་སྔགས་ཀྱིས་བསྟིམ། །ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་ནས། །དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ །དབུ་ལྔ་ཕྱག་ཀྱང་བཅུ་དྲུག་ཞགས་བརྒྱད་ལྡན། །པདྨ་གཟི་ལྡན་ཡུམ་དང་བཅས་པ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཆོད་པ་འབུལ། །ཨ་མྲི་ཏ་ཁུ་ཧི། བ་ལིང་ཏ་ཁུ་ཏི། རཀྟ་ཁུ་ཧི། ཕྱི་ནང་གསང་བའི་མཆོད་པ་དག་པར་བཞེས། །སྐུ་གསུང་ཐུགས་འཕྲིན་ལས་ཡོན་ཏན་གྱི་སྒོ་ནས་མཐོལ་ལོ་བཤག །ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་རྩོལ་ཅིག །འཕྲིན་ལས་རྣམ་པ་བཞི་འགྲུབ་པར་མཛོད་ཅིག །དེ་ནས་ཡིག་འབྲུ་ཉི་ཤུ་རྩ་བཞི་པའི་བཟླས་པ་བྱའོ། །དེ་ནས་ཡང་ཡིག་འབྲུ་བཅུ་གསུམ་པ་ཡང་གདོན་ནོ། །དེ་ནས་ལས་ཀྱི་མ་མོའི་བཟླས་པ་བྱའོ། །ཡུམ་གཟི་ལྡན་མ་ཡིག་འབྲུ་བཅུ་གསུམ་བཟླས་སོ། །དེ་ནས་དྲག་པོའི་སྔགས་སྒྲོལ་བས་བསྒྲལ་ལོ། །ཚོགས་ལ་སྤྱན་དྲང་བ་ནི། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །དབང་གི་ཞིང་ཁམས་སྐྱོང་མཛད་པ། །ཁྲོ་ཚོགས་བཅས་པ་ཚོགས་ལ་གཤེགས། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཆོས་ལ་སོགས་པ་ཡི། །འདོད་ཡོན་ལྔ་ཡི་མཆོད་པ་འདི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །བསྟོད་དང་བཤགས་དང་ལིང་ག་བསྒྲལ། །དེ་ནས་ལྷག་མ་མཆོད་པར་བྱ། །བྲུ༷་ལས་གསལ་གདབ་མཆོད་པའོ། །དང་པོ་ཕུད་ཀྱིས་མི་མཆོད་སོགས་རིམ་པ་བཞིན། །ཕྱོགས་དང་མཐུན་པའི་རྩ་དེ་སྲ །ཐབ་ཁུང་ཟླ་གམ་དབྱིབས་སུ་བྱ། །འཁོར་ལོ་རྩིབས་བཞི་བྲི་བའོ། །དེ་རུ་མེ་ཐབ་བརྩིག་པར་བྱ། །མེ་ཐབ་སྒོ་ཡང་ནུབ་ཏུ་བསྟན། །འོག་ནི་ཁྲི་བོ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཡིན། །སྟེང་ན་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཏེ། །འཁོར་ལོ་རྩིབས་བཞི་དབུས་དང་ལྔ། །གྲུ་ཆད་ཁྱམས་དང་སྒོ་རུ་ལྡན། །སྐུའམ་གསུང་དང་ཕྱག་རྒྱ་ཐུགས། །རིམ་པར་དེ་ལ་བཀོད་ནས་ནི། །མེ་ཐབ་སྟེང་ནས་བསྐྱོན་པའོ། །དབུ་རྒྱན་འཕྲེང་བ་དར་དབྱངས་དབང་། །དེལ་རིམ་པར་བསྐུར་བར་བྱ། །ཁྲུས་དང་གསང་བ་དབང་ཡང་བསྐུར། །མེ་ལྷ་བསྐྱེད་དང་སྤྱན་དྲངས་བསྟིམ་མཆོད་བསྟོད། །དེ་ནས་འཕྲིན་ལས་གཞུང་དུ་རྙེག །འཛབ་དབུལ་བ་དང་སྦྱིན་སྲེག་དབུལ། །ཐལ་བ་སྐུ་གཟུགས་མཆོད་རྟེན་ནོ། །དེ་ནས་དབང་ནི་བསྐུར་བར་བྱ། །བུམ་པ་ཟླུམ་པོ་ཆོས་ཀྱི་སྐུ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཐིག་ལེ་ཆེན་པོར་རྒྱས་བཏབ་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །དེ་ཡི་དབང་མཆོག་ཐོབ་པར་ཤོག །རཏྣ་བྲུ༷་ཨ། སངས་རྒྱས་ཀུན་གྱི་རིན་ཆེན་ཆེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པས། །ཁམས་གསུམ་བདག་པོ་དབང་བསྐུར་རོ། །རཏྣ་ཀུནཌཨ སྟིཁི྅ཏྲ༷ ཏྲ༷ ཏྲེཏྲ༷། །བྱང་ཆུབ་ཡན་ལག་མེ་ཏོག་ཐོགས། །རྒྱལ་བ་ཀུན་གྱི་མཆོད་པ་སྟེ། །ཁམས་གསུམ་བཙན་པའི་རྒྱལ་པོ་དང་། །འབྲས་བུ་ཆོས་ལ་དབང་བསྐུར་རོ། །རཏྣ་ཏ་ནི་མ༷། རྒྱལ་བ་ཆེན་པོས་བྱིན་བརླབས་པའི། །ཐུགས་རྗེ་དར་དཔྱངས་ཆེན་པོ་འདིས། ཁྲེས་བྱ་ཐོགས་མེད་གདུག་པ་ཟིལ་གྱིས་གནོན། །དེ་ཡིས་དབང་བསྐུར་ཐོབ་པར་ཤོག །དྷརྨ་ནི་ཧཱུཾ༷། །དེ་ནས་འབྲས་དང་འབྲུ་མར་མར་ཁུ་མར་དཀར་ཆང་། །ཤག་ཐེའུ་ཤུག་ཐེའུ་མ་ལ་སོགས། །དེ་ཡིས་མེ་ལྷ་མཆོད་པའོ། །དང་པོ་ཧཱུཾ༷་ལས་བསྐྱེད་པ་སྟེ། །ཨོ་ཨ་ཀ་ནི་དེ་བ་རི་ཁི་ཀ་ཧཱུཾ༷། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོག་མཆོག །སྲེག་ཁང་འབར་བའི་གནས་སུ་བཞུགས། །ཨ་ཀ་ནི་དེ་བ་རི་ཁི་ཀ་ཛ་ཛ། ཨག་ནི་དེ་བ་ན་མྱ་ཡ། ཧཱུཾ༷་སྔོན་ཆད་དྲང་སྲོང་ཆེན་པོས་མ་གཏང་བའི། །ལྷ་ཡི་ཞལ་ཟས་དཀར་གསུམ་མཆོག །དག་ཅིང་གཙང་མར་སྦྱར་ཏེ་དབུལ་ལགས་ན། །ཡེ་ཤེས་ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོ་ཨ་ཀ་ན་དེ་བ་རི་ཁེ་ཀ་ནི་པུ་ཙ་ཁུ་ཧི། ཨ་ཀ་ནི་ཨ་བྱ་ཏི་བ་བྱ་པུ་ཚ་མ་ཧྭ་ཤན་ཏིང་ཀུ་རུ་ཡེ་གྲྭཧྭ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སངས་རྒྱས་ཀུན་གྱི་ཐུགས་རྗེའི་ལྷ། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཨག་ནི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་བསྐྱབ་བྱའི་ཕྱིར། །དྲང་སྲོང་ཆེན་པོ་འཁོར་ལ་བསྟོད། །དེ་ནས་སྦྱིན་སྲེག་བྱ་བ་སྟེ། །ཧཱུཾ༷་འདོད་ཆགས་རྩ་བ་དག་པར་བྱ། །དབང་གི་དབུ་སྟེངས་ན། །རྡོ་རྗེ་དབྱིངས་ཀྱི་དལ་ལ་སྤྱིན་སྲེག་བྱ། །ཧཱུཾ༷་འདོད་ཆགས་ཚུལ་ནས་འདོད་ཆགས་སྦྱོང་མཛད་པ། །འདོད་ཆགས་དབང་ཆེན་པཟློ་ཧེ་རུ་ཀ །ཡེ་ཤེས་ཀློང་ཡངས་ཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་སྦྱིན་སྲེག་འབར་བའི་མཆོད་པ་འབུལ། །ཨོ་ཧུ་ལུ་ཧུ་ལུ་ཤན་ཏིང་ཀུ་རུ་གྲྭཧྭ། དབུ་སྟེང་གཞལ་ཡས་ལྟེ་བ་ལ། བཅོམ་ལྡན་རྡོ་རྗེ་རིགས་ཀྱི་གཙོ། །སེམས་དཔའ་ཆེ་ལ་སྦྱིན་སྲེག་མཆོད་པ་འབུལ། །དེ་བཞིན་རིགས་དང་རིན་ཆེན་རིགས་མཆོག་དང་། །པདྨའི་རིགས་དང་ལས་ཀྱི་རིགས་མཆོག་དང་། །རིགས་ཀྱི་རྒྱལ་བ་བཞི་རྣམས་ལ། །དམ་རྫས་སྤྱིན་སྲེག་འབར་བའི་མཆོདཔ་འབུལ། །རྒྱལ་བ་ཡབ་ཀྱི་ཐུགས་དམ་མཉེས་མཛད་པ། །བཟང་མོ་སྤྱན་དང་མ་མ་དམ་ཚིག་སྒྲོལ། །རིགས་ཀྱི་ཡུམ་མཆོག་ལྔ་ལ་སྤྱིན་སྲེག་མཆོད་པ་འབུལ། །ཧཱུཾ༷་བཛྲ་དྷིག་མུ༷་དྷ་རི་ཤྭ་རི་ཤན་ཏིང་ཀུ་རུ་ཡེ་གྲྭཧྭ། འགྲོ་བའི་དོན་ལ་རབ་ཏུ་བརྩོན་མཛད་པ། །བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ལ། །སྤྱིན་སྲེག་འབར་བའི་མཆོད་པ་འབུལ། །ཐུགས་རྗེས་བྱམས་པས་ཉོན་མོངས་གནས་ནས་འདྲེན། །རྗེས་བྱམས་པས་ཉོན་མོངས་གནས་ནས་འདྲེན། །འགྲོ་དོན་མཐར་ཕྱིན་སེམས་མ་བརྒྱད་རྣམས་ལ། །དམ་རྫས་སྦྱིན་སྲེག་འབར་བའི་མཆོད་པ་འབུལ། །ཆོས་ཀྱི་དབྱིངས་ནས་རྒྱལ་བའི་སྐུར་བཞེངས་པ། །ཀུན་བཟང་ཡབ་ཡུམ་ཆེ་ལ་སྦྱིན་སྲེག་མཆོད་པ་འབུལ། །ཧཱུཾ༷་ཨ༷༷གྲྭཧྭ། འགྲོ་རྣམས་འཐུན་ཕྱིར་སྐུ་སྤྲུལ་པ། །བཅོམ་ལྡན་ཐུབ་པ་དྲུག་ལ་སྤྱིནསྲེག་མཆོད་པ་འབུལ། །འཕྲིན་ལས་རྣམ་བཞི་ཡེ་ཤེས་མཐར་ཕྱིན་པ། །སྒོ་བ་རྣམས་ལ་སྦྱིན་སྲེག་མཆོད་པ་འབུལ། །རྡོ་རྗེ་རིགས་མཆོག་ལ་སོགས་བདུད་བཞི་།་་འདུལ་བའི་ཚོགས། །རིགས་ཀྱི་ཁྲག་འཐུང་ལྔ་རྣམས་ལ། །དམ་རྫས་སྤྱིན་སྲེག་འབར་བའི་མཆོད་པ་འབུལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་སྤྱིན་སྲེག་འབར་བའི་མཆོད་པ་འབུལ། །དཔལ་ཆེན་ཁྲག་འཐུང་ཡབ་ལྔ་མཉེས་མཛད་པ། །རིགས་ཀྱི་ཁྲོ་མོ་ལྔ་ལ་སྤྱིན་སྲེག་མཆོད་པ་འབུལ། །འགྲོ་བ་མལུས་མཐུན་པར་འདྲེན་མཛད་པ། །ཀེའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ལ། །དམ་རྫས་སྤྱིན་སྲེག་འབར་བའི་མཆོད་པ་འབུལ། །དུར་ཁྲོད་གནས་ལས་གྲུབ་པའི་འཕྲ་མེན་བརྒྱད། །དམ་རྫས་སྤྱིན་སྲེག་འབར་བའི་མཆོད་པ་འབུལ། །ཆོས་ཀྱི་དབྱིངས་ལས་མ་གཡོས་འགྲོ་བའི་དོན་མཛད་པ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །དམ་རྫས་སྤྱིན་སྲེག་འབར་བའི་མཆོད་པ་འབུལ། །ཚད་མེད་མཐའ་ཕྱིན་འགྲོ་བའི་དོན་མཛད་པ། །ཡེ་ཤེས་སྒྲོལ་མ་བཞི་ལ་སྦྱིན་སྲེག་མཆོད་པ་འབུལ། །གདུག་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་པ། །ཁམས་གསུམ་རྒྱལ་པོ་དཀྱིལ་འཁོར་མ་ལུས་པ། །དམ་རྫས་སྦྱིན་སྲེག་འབར་བའི་མཆོད་པ་འབུལ། །ཡེ་ཤེས་དོན་རྟོགས་དུར་ཁྲོད་གནས་མཁྱེན་པ། །ཞབས་ཀྱི་ཁྲོ་ཚོགས་འབར་ལ་སྦྱིན་སྲེག་མཆོད་པ་འབུལ། །རྒྱལ་བའི་དཀྱིལ་འཁོར་ཞིང་དུ་གྲགས་པ་ཡིས། །ཡེ་ཤེས་ལས་ཀྱི་ཕོ་ཉ་ཚོགས་རྣམས་ལ། །དམ་རྫས་སྦྱིན་སྲེག་འབར་བའི་མཆོད་པ་འབུལ། །ཅེས་སྒྱིན་སྲེག །དབུལ་བའོ། །ཁྲག་འཐུང་རོལ་བའི་རྒྱུད་ཆེན་པོ་ལས། །སྤྱིན་པ་རོ་སྲེག་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་སངས་རྒྱས་འཇིག་རྟེན། །མགོན་གྱིས་ཞུས་པ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །འཁོར་བ་གནས་ནས་དྲང་བ་ན། །གནས་ཀྱི་འཕྲིན་ལས་བསམ་ཡས་ཀྱང་། །བྱང་སེམས་དོན་ལ་གཅིག་ལས་མེད། །སྟེན་པའི་སེམས་ཅན་དེ་ལ། །ཚེ་འདས་པར་གསལ་བ་དེ་ལ། །སྤྱི་བོར་ཨ་གནས། །དཔུང་བར་སུ་གནས། །གསང་བར་ཁི། །སྙིང་ཁར་ཏྲི། ལྟེ་བ་ལ་བྲི།རྐང་མཐིལ་དུ་དུ། དེ་བསམས་ལ། དེ་ལྷ་བུའི་སྟེང་དུ་ཡི་གེ་ལྔ་སྒོམ་སྟེ། །ཧཱུཾ༷་སེམས་ཅན་ཁྱོད་ཀྱི་རྐང་མཐིལ་ན། །ཡི་གེ་དུ་གཅིག་ནས་པ་དེ། །དམྱལ་བར་སྐྱེ་བའི་རྒྱུ་ཡིན་ཏེ། །དམྱལ་བའི་གནས་སུ་ཁྱོད་མི་གཏང་། །དུ་ཡི་སྟེང་དུ་ཧ་བསྒོམ་པས། །ཧ་ཡི་འོད་ཀྱིས་དུ་ཡང་བསྲེགས། །དུ་དང་ཧ་གཉིས་གཉིས་སུ་མེད། །དེ་ལས་དོན་ཡོད་གྲུབ་པའོ། །སངས་རྒྱས་ཐུགས་རྗེ་ཆེ་བ་ཡིས། །དམྱལ་བའི་གནས་སུ་ཁྱོད་མི་གཏང་། །སེམས་ཅན་ཁྱོད་ཀྱི་ལྟེ་བ་ལ། །ཡི་གེ་པྲི་གཅིག་གནས་པ་ནི། །ཡི་དྭགས་སྐྱེ་བའི་རྒྱུ་ཡིན་ཏེ། །ཡི་དྭགས་གནས་སུ་ཁྱོད་མི་གཏང་། །པྲི་ཡི་སྟེང་དུ་སྭ་གཅིག་བསམ། །སྭ་ཡི་འོད་ཀྱིས་པྲི་ཡང་བསྲེགས། །དེ་ལས་རིན་ཆེན་འབྱུང་ལྡན་ཏེ། །ཐུགས་རྗེ་དམྱལ་བའི་གནས་སུ་ཁྱོད་མི་གཏང་། །སེམས་ཅན་ཁྱོད་ཀྱི་སྙིང་ཁ་ན། །ཡི་གེ་ཏྲི་གཅིག་གནས་པ་ནི། །བྱོལ་སོང་སྐྱེ་བའི་རྒྱུ་ཡིན་ཏེ། །དེ་ཡི་སྟེང་དུ་ཨོ་བསྒོམ་སྟེ། །ཨོ་གི་འོད་ཀྱིས་ཏི་ཡང་བསྲེགས། །དེ་ལས་སྣང་བ་མཐའ་ཡས་ཏེ། །སངས་རྒྱས་ཐུགས་རྗེ་ཆེ་བ་ཡིས། །བྱོལ་སོང་སྐྱེ་བའི་གནས་སུ་ཁྱོད་མི་གཏང་། །ཞེས་པས་སྦྱང་བའོ། །ཁྲག་འཐུང་རོལ་བའི་རྒྱུད་ལས། །གནས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་བཀའ་སྩལ་པ། །སེམས་ཅན་ཚེའི་དུས་བྱས་ན། །དེ་ལ་བ༷་གྱིས་སྦྱང་བའོ། །དང་པོ་སིང་ང་མས་རོ་བཙལ། །དེ་ནས་ཀེའུ་རིམས་འདུལ་ཐབས་བྱ། །དེ་ནས་བརྟུལ་ཞུགས་བཞིས་བདུད་བཞི་ཚར་བཅད། །དེ་ནས་དབང་གི་ཞིང་དུ་སྦྱངས་པ་དང་། །དང་པོ་དབང་གི་ལྷ་ལ་བསྐོས་སུ་གདབ་དང་བསྐང་བར་བྱ། །དེ་ནས་ཧུ་ལུས་བསྙེན་པས་སྒྲིབ་པ་སྦྱང་། །དེ་ནས་སྤྲོས་ལ་སྙིང་གི་དབུས་གཞག་ལ། །ཐ་མ་ཤ་རྣམས་ཚོམ་བུར་དགྲོད། །སྨོན་ལམ་དང་བསྟོད་ཚིགས་སུ་བཅད་པས་མཆོད་པར་འབུལ་བའོ། །དེ་ཡིས་ཕུང་པོ་བྱང་བ་བསྟན། །ཁྲག་འཐུང་རོལ་བའི་རྒྱུད་ཆེན་པོ་ལས། །བམ་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་བཀའ་སྩལ་པ། །མཆོད་རྟེན་ཟླ་གམ་དམར་པོ་ལའམ། །ཡང་ན་དམར་པོ་བཀྲ་ཤིས་སྒོ་མངས་བྱ། །ཡང་ན་ཚུལ་མཐུན་གང་མོས་ལ་ཚད་མེད་བཞིའི་འགྲམ་དུ་བྱ། །ཡེ་ཤེས་བཞིའི་ཁྲི་འཕང་བྱ། །བུམ་པ་ཟླུམ་པོ་ཆོས་སྐུ་ལ། །དེ་ལ་དབང་གི་ལྷ་ཞུགས་ཏེ་མི་གཤེགས་པར་དུས་རྟགས་ཏུ་མཆོད་པའི་རྟེན་དུ་བཞུགས་སོ། །ཁྲག་འཐུང་རོལ་པའི་རྒྱུད་ལས།མཆོད་པའི་རྟེན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་དབང་གི་རྒྱལ་པོས་ཡང་བཀའ་སྩལ་པ། །དབང་གི་ལྷ་རྣམས་མ་ལུས་ལ། །ཟ་བ་རྒྱུན་གྱི་ཏིང་འཛིན་དུ། །མཛེས་པའི་གཏོར་མ་བཤམས་ནས་སུ། །བདག་ཉིད་དབང་གི་རྒྱལ་པོར་གསལ། །མདུན་དུ་གཏོར་མ་དེ་བཞིན་གཞག །ར༷་ཡ༷་ཁ༷་གིས་བསྲེག །སྦྱངས་བཀྲུས། །དངོས་པོ་འ་བག་ཆགས་ཀུན་སྦྱངས་ནས། །མ་ཧྭ་བ་ལིང་ཏ་ཏེ་ཛོ་བྷ་ལིང་ཏ་བྷ་ལ་ཝ་ཏེ་གུ་གྱེ་ས་མ་ཡེ་གྲྭཧྭ། །ཞེས་ནི་ལན་དྲུག་བརྗོད་པ་ཡིས། །འདོད་ཡོན་དྲུག་གི་ལྷ་མོར་གསལ། །ཨོ་ཧུ་ལུ་ཧུ་ལུ་ཧཱུཾ༷་ཕཊ། །ཨེ་ཨ་ར་ལ་དྷི་ཛ་པ་ལིང་ཏ་ཁ་ཧི། །བརྗོད་པ་ལས། །ལྷ་རྣམས་དགྱེས་ཤིང་ཚིམ་པར་བསམ། །དེ་ནས་འདོད་པའི་སྨོན་ལམ་གདབ། །ཁྲག་འཐུང་རོལ་པའི་རྒྱུད་ཆེན་པོ་ལས། །ཟ་བ་རྒྱུན་གྱི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །དབང་གི་ལྷ་རྣམས་བསྐང་བ་ན། །བྱ་མོ་སྨུག་ནག་དམར་འགྲོ་འམ། །མགོ་སྨུག་མགོ་དམར་ལུག་གིས་བསྐང་། །གསང་ཞིང་དག་པར་བྱ་བ་དང་། །ཉེས་པ་བཤགས་པར་བྱས་ནས་ནི། །བསྐང་གསོ་རྒྱ་ཆེར་བྱ་བའོ། །ཧཱུཾ༷། འདི་ཡི་ཀུན་གཞི་དག་པ་ཡིས། །དབང་ཆེན་ཧེ་རུ་ཐུགས་དམ་བསྐང་། །ཡིད་ནི་གནས་སུ་དག་པ་སྟེ། །གཟི་ལྡན་པདྨ་ཐུགས་དམ་བསྐང་། །འདི་ཡི་ཕུང་པོ་ལྔ་དང་འབྱུང་བ་དང་། །རྣམ་ཤེས་ཡུལ་དང་ཡིད་ཆོས་དང་། །ཉོན་མོངས་དྲུག་དང་རྟག་ཆད་བཞི། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ཐུགས་དམ་བསྐང་། །འདི་ཡི་གཞུངས་པ་སྤྱི་གཙུག་གིས། །རྟ་མགྲིན་དབང་གི་ཐུགས་དམ་བསྐང་། །འདི་ཡི་དབང་པོ་དངས་མ་ཡིས། །ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐང་། །ཉོན་མོངས་གནས་སུ་དག་པ་ཡིས། །འགྲོ་བ་འདུལ་བའི་ཐུགས་དམ་བསྐང་། །འདི་ཡི་དཔུང་མགོ་གཡས་གཡོན་གྱིས། །ཁམས་གསུམ་རྒྱལ་པོའི་ཐུགས་དམ་བསྐང་། །གློ་སྙིང་ཡུལ་དང་དག་པ་ཡིས། །ཧཱུཾ༷་མཛད་ཆེན་པོའི་ཐུགས་དམ་བསྐང་། །འདི་ཡི་ནང་ཁྲོལ་སྨད་ལྔ་ཡིས། །དུར་ཁྲོད་ཆེན་པོའི་ཐུགས་དམ་བསྐང་། །འདི་ཡི་སྲེག་ཐག་གཡས་གཡོན་གྱིས། །ངན་སོང་སྦྱོང་བའི་ཐུགས་དམ་བསྐང་། །འདི་ཡི་ཚིགས་པའི་མཁར་རྣམས་ཀྱིས། །ལྷུན་གྱིས་གྲུབ་པའི་ཐུགས་དམ་བསྐང་། །པགས་དང་ཤ་ཚིལ་སྐྲགས་དངས་ཀྱིས། །མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་། །ཁྲག་འཐུང་རོལ་བའི་རྒྱུད་ལས། །བསྐང་བཤགས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་སངས་རྒྱས་འཇིག་རྟེན་མགོན་གྱིས། །དབང་གི་རྒྱལ་པོ་ལ་ཡི་རངས་ནས་བསྟོད་དོ། །དེ་ནས་དབང་གི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས། །འཇིག་རྟེན་མགོན་པོ་ལ་སོགས་པ་ལ། །ངའི་རྒྱུད་འདི་ཟུང་ཞིག །ཆོངས་ཤིག །ལྷོགས་ཤིག་ཅེས་གཏད་དོ། །དེ་ནས་འཁོར་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ནས་རང་རང་གིས་ལ་འཁོད་དོ། །ཁྲག་འཐུང་རོལ་བའི་རྒྱུད་ལས། །བསྟོད་པ་དང་གཟུང་ཞིང་གཏད་པའི་ལེའུ་བཅུ་པའོ།། །།ཁྲོ་བོ་ཁྲག་འཐུང་རོལ་པའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཧེ་རུ་ཀ་ལ་ལི་ཏ་ཏ་ནྟྲ་ནཱ་མ། བོད་སྐད་