Ngb-pt-0651-vol-07-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:45, 20 March 2020

Front

Body

སོ།། །། རྒྱ་གར་སྐད་དུ། ཤི་ཡ་མརྙ་ཀ་ཨེ་མརྙ་ཙཀྲ་གུ་རྒྱ་ཀྲ་ཏྲ༷་ཏན་ཏྲ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་དྲག་སྔགས་འཁོར་ལོ་གསང་བ་སྡེབས་ཀྱི་རྒྱུད་ཅེས་བྱ་བ། དཔལ་ཁྲོ་བོའི་རྒྱལ་པོ་ཡ་མརྙ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས། །འོག་མིན་གྱི་གནས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་ན། འཁོར་གྱི་གཙོ་བོར་ཐར་བྱེད་ཆེན་པོ་བརྒྱད། ཉིད་ཀྱི་ཡུམ་ཆེན་མོ་ཨེ་ཀ་ཛ་ཏི་དང་། ཀར་མོ་དང་། རྐུན་མོ་དང་། རྨོངས་མོ་དང་། ཐལ་བྱེད་མོ་དང་། སྦོ་མོ་དང་། ག་་མོ་དང་། སྨེ་ཤ་ཅན་དང་། མ་ཚོགས་མ་དང་། ཐུགས་ཀྱི་སྤྲུལ་པ་ཡ་མ་རྭ་ཛ་དང་། སྐུའི་སྤྲུལ་པ་མྱོས་བྱེད་འབར་བ་དང་། གསུང་གི་སྤྲུལ་པ་ཨརུ་དམར་པོ་དང་། འཕྲིན་ལས་ཀྱི་སྤྲུལ་པ་རལ་པ་ཚར་དགུ་ལ་སོགས་པ་ཡུམ་དང་བཅས་པ་དང་། གཞན་ཡང་སྤྲུལ་པའི་ཕོ་ཉ་དང་། ཡང་སྤྲུལ་དང་བཅས་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་འཛིན་རྟོགས་པས་མངོན་པར་ཞེན། །ཡང་དག་ངེས་པའི་ལམ་ལས་གོལ། །གསང་བའི་དོན་ཉིད་མ་རྟོགས་པར། །སྦས་པའི་གསང་བ་མངོན་དུ་སྤྱད། །རྣམ་སྨིན་དྲག་པོའི་ས་བོན་གྱིས། །འཇིག་རྟེན་དྲེགས་པའི་ལུས་བླངས་པ། །སྡེ་བརྒྱད་གདོན་ཆེན་བཅོ་བརྒྱད་སོགས། །སེམས་ཅན་ཡོངས་ལ་གནོད་ཅིང་འཚེ། །འདི་དག་ཐུགས་རྗེས་བསྒྲལ་བ་དང་། །སངས་རྒྱས་བསྟན་པ་དར་བྱའི་ཕྱིར། །དབང་བསྡུ་དམ་ལ་གདགས་པ་དང་། །ཕན་གནོད་ལས་ཀྱི་འཁྲུལ་འཁོར་རྣམས། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང་། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་དེ་ཅང་མི་གསུང་བར་སྣང་ནས། དྲེགས་པ་ཅན་དེ་དག་གདུལ་བའི་ཕྱིར་སྐུ་དང་། གསུང་དང་། ཐུགས་ལས་གསང་སྔགས་ཀྱི་གཞི་མ་ཡི་གེ་འཕྲེང་བའི་ཞབྲུལ་འཁོར་འདི་དག་ཕྱུང་ངོ་། །ཨ། ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྟ །ཨ་ཨུ།ཨི་ལྐི། ཨུ་སྐྲུ། ཨེ་ཨེ། ཨོ་ཨོ། ཨ༷་ཨ། རེ་༢། ལི་རྣ། འདི་དག་ཕྱུང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ལོ། །འུར་འུར། རབ་ཏུ་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ མཐའ་མཐོ་ན་དབུས་དམའ་བ་ལ་སོགས་པར་འཀྱུར་རོ། །འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་སྐྲག་ཅིང་སྡངས་ལ་ངོ་མཚར་སྐྱེས་ནས། བཅོམ་ལྡན་འདས་ལ་གསོལ་པ། ཨེ་མ་ཧོ་དཔའ་བོ་གཤིན་རྗེ་གཤེད། །ཐུགས་རྗེའི་བདག་པོ་ཆེན་པོ་ལགས་བདག་ཅག་འཁོར་དང་བཅས་པ་རྣམས། །མ་གསད་དཔའ་བོའི་བཀའ་ཉན་ཏོ། །ཞེས་ཕུལ་ནས་རང་རང་གི་སྲོག་གི་སྙིང་པོ་ཕུལ་བ། དེ་བ་ཨ། རག་ཤ་རག་མོ་ར། ཡག་ཤ་ཡག་མོ་ཡ། ས་ནཱ་ག་ཕུ། ཨ་སུ་ར་ཨེ། ཡ་མ་ཡ། རུ་་་སྲ དུན་ཏིང་དུ། ཏིར་ཏི་ཀ་ཏ། རྭ་ཙ་ར། རྭ་ཙ་ཙ། མུན་མུན་པ།བཛྲ་སྭ་རྙུ་ཙ། ཧ༷་ཤ༷་ཏྲི། རུ་ཏྲི་ཤི། ག་དུ་མ་ག །མ་མ་རུ་ལུ་མ། རུ་ཏྲི་ནི། ཏྲི་ནན། ཧུར་ཐུམས་ཛ། མུ་ར་ཡ་རྦད། ཅེས་ཕུལ་ནས། དེ་དག་གིས་བསྟན་པ་སྲུང་བར་དམ་བཅས་ཏེ་དཀྱིལ་འཁོར་གྱི་ཕྱི་རིམ་ན་འཁོད་དོ། །དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་བའི་སྡེབས་རྒྱུད་ལས། གླེང་གཞི་གླེང་བསླངས་ཏེ་སྡེ་བརྒྱད་ཀྱིས་སྲོག་སྙིང་ཕུལ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་དཔལ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ལས་བྱུང་བ། གསང་སྔགས་ཀྱི་གཞི་མ་ཡི་གེ་འཕྲེང་བའི་དོན་འདི་གསུངས་སོ། །ཨ་ནི་ཀུན་ཏུ་བཟང་མོ་ཉིད་ཀྱི་མཁའ། ཁོང་ནས་འབྱུང་བ་སྐྱེ་བ་མེད་པའི་གཞི། །དེ་ཉིད་རྒྱལ་མཚན་བརྒྱན་པས་དྲག་མོ་སྟེ། །ཀ་ཙ་ཏི་ཞེས་བྱ་བ་དྲག་པོའི་འཕྲིན་ལས་མཛད། །ས་ཡི་ཡི་གེ་འབྱུང་ལྔའི་བདག་ཉིད་ཅན། །རྟ་གླང་ཤིང་རྟ་དམག་མི་གོ་རིམ་བཞིན། །ཏ་ནི་སང་ཏྲི་ཏ་སྟེ་ལྷ་ཡི་སྐད། །མཐུན་པར་སྡེབས་པས་དམ་ཅན་གྲོགས་སུ་འགྱུར། །མི་མཐུན་སྡེབས་ན་དམ་ཅན་གཤེད་དུ་འབེབས། །གཟས་པ་སྒྲོལ་ན་གླང་གི་ཡི་གེ་ཅན། །ས་ཡིས་འཇོམས་པས་འདི་དག་སྡེབ་པར་བྱ། །ཀ་ཁ་ག་ཀྟ་ང་།ཆུ་ཡི་ཡི་གེ་འབྱུང་ལྔའི་བདག་ཉིད་ཅན། །རྟ་གླང་ཤིང་རྟ་དམག་མི་གོ་རིམ་བཞིན། །གླང་པོའི་ཡི་གེ་རཀ་ཤ་སྲིན་པོའི་སྐད། །མཐུན་སྡེབས་གྲོགས་དང་མི་མཐུན་གཤེད་དུ་འབེབས། །གཟས་པ་སྒྲོལ་ན་མེ་ཡི་ཡི་གེ་ཅན། །ཆུ་ཡིས་འཇོམས་པས་འདི་དག་སྡེབ་པར་བྱ། །ཙ་ཚ་ཛ་རྙོ་ན། མེ་ཡི་ཡི་གེ་འབྱུང་ལྔའི་བདག་ཉིད་ཅན། །རྟ་གླང་ཤིང་རྟ་དམག་མི་གོ་རིམས་བཞིན། ཁེང་རྟའི་ཡི་གེ་ཡཀ་ཤ་གནོན་སྦྱིན་སྐད། །མཐུན་སྡེབས་གྲོགས་འགྱུར་མི་མཐུན་གཤེད་དུ་འབེབས། །གཟས་པ་སྒྲོལ་ནས་ཡི་གེ་ཅན། །མེས་འཇོམས་པས་ན་འདི་དག་སྡེབ་པར་བྱ། །ཊ་ཋ་ཌ་རྟེ་ཎ། རླུད་གི་ཡི་གེ་འབྱུང་ལྔའི་བདག་ཉིད་ཅན། །རྟ་གླང་ཤིང་རྟ་དམག་མི་གོ་རིམསབཞིན། །དམགགི་ཡི་གེ་ནཱ་ག་ཀླུ་ཡི་སྐད། །མཐུན་སྡེབས་གྲོགས་དང་མི་མཐུན་གཤེད་དུ་འབེབས། །གཟས་པ་སྒྲོལ་ན་ཆུ་ཡི་ཡི་གེ་ཅན། །རླུད་གི་འཇོམས་པས་འདི་དག་སྡེབ་པར་བྱ། །ཏ་ཐ་ད་དྷ་ན། ནམ་མཁའི་ཡི་གེ་འབྱུང་ལྔའི་བདག་ཉིད་ཅན། །རྟ་གླང་ཤིང་རྟ་དམག་མི་གོ་རིམས་བཞིན། །མི་ཡི་ཡི་གེ་ཨ་སུ་ལྷ་མིན་སྐད། །ནམ་མཁའི་ཡི་གེ་ཀུན་གྱི་གྲོགས་སུ་འགྱུར། །ཀུན་ཀྱང་འདི་ཡི་གྲོགས་སུ་འགྱུར་བ་ཡིན། །འོན་ཀྱང་ནམ་མཁའ་འབྱུང་བ་རྣམ་བཞི་པོ། །མཐུན་དང་མི་མཐུན་སྡེབས་པས་ལས་རྣམས་འགྲུབ། །པ་ཕ་བ་བྷ་མ། དེ་ལྟར་དམག་གི་ཡི་གེ་ཉི་ཤུ་རྩ་ལྔ་པོ། །ཀ་ཙ་ཊ་ཏ་པ་ཞེས་པ་ལྔ་པོ་འདི། །སྙ་རྙོ་རྟེ་བྷ་ལྔ་ཡི་དགྲ་ཞེས་བྱ། ཁ་ཚ་ཋ་ཐ་ཕ་ཞེས་པ་ལྔ་པོ་འདི། །ག་ཛ་ཌ་ད་བ་ཞེས་པ་འདི་རྣམས་འཇོམས། །ག་ཛ་ཌ་ད་བ་ཞེས་པ་ལྔ་པོ་འདིས། །ཀ་ཙ་ཊ་ཏ་པ་འདི་རྣམས་འཇོམས་པར་བྱེད། །བྷ་རྙོ་རྟེ་བྷ་ཞེས་པ་ལྔ་པོ་འདིས།ཁ་ཚ་ཋ་ཐ་ཕ་རྣམས་འཇོམས་པར་བྱེད། །ང་ཉ་ཎ་ན་མ་ཞེས་པ་ལྔ་པོ་འདིས། །ཀུན་གྱི་གྲོགས་སུ་འགྱུར་བ་མཐུན་སྡེབས་ཡིན། །དེ་རྣམས་དམག་གི་ཡི་གེ་འཁྲུལ་འཁོར་ཡིན་པའི་ཡི་གེ་འཁྲུལ་འཁོར་བསྟན་པ་ནི། མེ་དང་ཆུ་དང་རླུད་དང་གཏིང་བརླག་བཞིན། །མཐའ་གནས་ཡ་མ་གཤིན་རྗེའི་སྐད། །དེ་དག་མཐུན་དང་མི་མཐུན་སྡེབས་ནས་ཀྱང་། །སྟེང་འགྲོ་གཉིས་དང་ཁ་སྐོང་གཅིག་ལ་ནི། །དམག་ཚོགས་ལག་ཏུ་མཚོན་ཆ་བསྐུར་ནས་ནི། །གཟས་པ་པོ་རྣམས་བསྒྲལ་བར་བྱའོ། །ཡ་ཝ་ར་ལ། ཆུ་དང་མེ་དང་ས་ཡི་ཡི་གེ་གསུམ། །མཐའ་གནས་དུ་ཧུ་ན་སྟེ་བདུད་ཀྱི་སྐད། །དེ་དག་མཐུན་དང་མི་མཐུན་སྡེབས་ནས་ཀྱང་། །སྟེང་འགྲོ་གཅིག་དང་ཞབས་ཏོག་བྱེད་པ་གཉིས། །དམག་ཚོགས་མཚོན་བསྐུར་གཟས་པ་བསྒྲལ་བར་བྱའོ། །ཤ་ཥ་ས་ཀུན་ཁྱབ་ནམ་མཁའི་ཡི་གེ་གཉིས་པ་འདི། །མཐའ་ཟད་ཀྟ་ར་ན་སྟེ་མུ་སྟེགས་སྐད། །དེ་དག་མཐུན་དང་མི་མཐུན་སྡེབས་ནས་ཀྱང་། །ཞབས་ཏོག་བྱེད་དང་ཀུན་ཁྱབ་ཐབས་ཀྱི་སྒྲ། །དམག་ཚོགས་མཚོན་བསྐུར་བསྒྲུབ་བྱ་ཆན་ལ་དབབ། །ཧ་ཀྟ་ཨི་སྙི་འཁོར་ལོ་དང་བཅས་པ་ནི། །ཏའི་སྡེ་ཚན་དམག་གི་མཚོན་ཆ་ཡིན། །ཨུ་སྤུ་རལ་གྲི་ངར་དང་བཅས་པ་འདི། །གླང་པོའི་སྡེ་ཚན་དམག་གི་མཚོན་ཆ་ཡིན། །ཨེ་ཡི་མདུང་ཐུང་དཔལ་དང་ལྡན་པ་འདི། ཤེང་རྟའི་སྡེ་ཚན་དམག་གི་མཚོན་ཆ་ཡིན། །ཨོ་ཨོ་དགྲ་ངར་དང་བཅས་པ་འདི། །དམག་གི་སྡེ་ཚན་དམག་གི་མཚོན་ཆ་ཡིན། །ཨ༷་ཨ་མདའ་ཡི་མཚོན་ཆ་ངར་དང་བཅས་པ་འདི། །མི་ཡི་སྡེ་ཚན་དམག་གི་མཚོན་ཆ་ཡིན། །ཨ༷་ཨ། རེ་༢། ལི་ལྟོ། དེ་དག་མཚོན་ཆ་འཆོལ་བ་རྣམས། །མི་རྣམས་དངོས་ལ་མཚོན་བྱ་འདི་དག་བསྐུར། །གཞན་ཡང་དྲག་སྔགས་མཚོན་ཆ་མཐུན་པར་སྡེབས། །ཨ་ཉིད་སྐྱེ་བ་མེད་པ་དོན་དང་རྟགས། །སྒྲ་ཡིས་བསྐྱེད་པས་ཀ་ལི་གསལ་བ་སྣང་། །ཨུ་ལི་ཀྭ་ལིའི་སྒྲ་ཡི་འཁྲུལ་འཁོར་ལས། །འཁོར་འདས་ཆོས་རྣམས་འབྱུང་བའི་གཞི་མ་ཡིན། །དམག་གི་ཡི་གེ་ཉི་ཤུ་རྩ་ལྔ་ལ། །རྟ་གླང་ཤིང་རྟ་དམག་མི་ནང་ཚན་ལྔ། །འབྱུང་བའི་བདག་ཉིད་ལས་རྣམས་འགྲུབ་པ་ཡིན། །དེ་ལྟར་འཇིག་རྟེན་བྱ་ཡི་ལས་རྣམས་ལ། །ལྔ་ལ་ལྔ་ལྔར་དབྱེ་བ་ཤེས་པར་བྱ། །མི་ཡི་ཡི་གེ་བརྒྱད་པོ་འདི་རྣམས་ལ། །སྟེང་འགྲོ་གསུམ་པོ་སྔགས་ཀྱི་མགོ་འདྲེན་ཡིན། །མཚོན་ཆ་གཅིག་དང་ཞབས་ཐོག་བྱེད་པ་གསུམ། །དམག་ལ་ཤིང་རྟའི་ཡི་གེ་རྣམ་གསུམ་དང་། །མི་ཡི་མིང་དང་བཞི་པོ་འདི་དག་ནི། །རྟིང་གནོན་ཡིན་པར་ཡང་དག་བཤད་པའོ། །དེ་དག་སྒྲ་ཡི་འཁྲུལ་འཁོར་སྡེབས་པ་ཡང་། །བསྒྲུབ་བྱའི་མིང་གི་དང་པོ་གང་ཡིན་པ། །བདག་གི་དགྲར་འགྱུར་སྒྲུབ་པ་པོ་ཉིད་འཆི། །བཏང་སྙོམས་གྱུར་ན་མི་འགྲུབ་ཉོན་མོངས་ལ། ཁྲེས་སུ་གྱུར་ན་ལྷ་དེ་འགྲུབ་པར་འགྱུར། །དབྱངས་ཡིག་དགྲར་གྱུར་བདག་ཉིད་འཆི་བར་འགྱུར། །གསལ་བྱེད་དགྲར་གྱུར་ནད་ཀྱིས་ཐེབས་པ་ཡིན། །ནམ་མཁའི་ཡི་གེ་ཀུན་གྱི་གྲོགས་ཡིན་ཡང་། །རང་རང་གྲོགས་ཀྱང་འདི་ལྟར་ཤེས་པར་བྱ། །ས་ཡི་གྲོགས་སུ་ཆུ་ཡི་ཡི་གེ་བཏང་། །མེ་ཡི་གྲོགས་སུ་རླུད་སྟེ་དེ་གྲོགས་མེ། །ཆུ་ཡི་གྲོགས་སུ་ས་ཡང་དེ་བཞིན་ནོ། །རླུད་གི་གཉིས་ཀ་མ་ཡིན་ཆུ་ཡིན་ལ། །མེ་ཡི་ས་ཡིན་ཆུ་ཡི་མ་ཡིན་ནོ། །ས་ཡི་གཉིས་ཀ་མ་ཡིན་རླུད་ཞེས་བྱ། །དེ་ལྟར་སྒྲ་ཡི་འཁྲུལ་འཁོར་སྡེབས་འདི་ནི། །མཚོན་ཆའི་འཁོར་ལོ་བསྐོར་བའི་དཔའ་བོ་བཞིན། །ཉེས་ལེགས་སྟོབས་ཆེན་བྱེད་པས་འདི་ལ་ནན་ཏན་བྱའོ། །དཔལགཤིནརྗེགཤེད་དྲག་སྔགས་འཁོར་ལོའི་སྡེབས་རྒྱུད་ལས། ཨུ་ལི་ཀྭ་ལི་འཕྲེང་བའི་སྒྲའི་འཁྲུལ་འཁོར་སྡེབས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དཔལ་རྡོ་རྗེ་འཆང་ཆེན་པོ་དེས་སྲོག་གི་གནས་ལུགས་གཏན་ལ་ཕབ་པ་འདི་གསུངས་པ། ཡེ་ནས་མ་བཅོས་སྒྲོ་སྐུར་ཞི་བའི་དོན། །འཁོར་འདས་ཀུན་ལ་གནས་པའི་སྲོག་ཡིན་ལ། །མ་རིག་སྒོ་ངའི་སྦུབས་འབྱེད་འདས་པའི་སྲོག །བསྟན་པའི་སྙིང་པོ་ཞེས་སུ་གྲགས་པ་ཡིན། །དེ་ཉིད་མ་རྟོགས་ཁམས་གསུམ་དྲེགས་པ་རྣམས། ཁུར་གནས་སྲོག་གི་སྙིང་པོ་མ་རིག་པ། །འབྲས་བུར་གནས་པ་དྲེགས་པའི་ལུས་སེམས་སྣང་། །དེ་ཕྱིར་སྲོག་དང་རྒྱན་གྱི་ཡི་གེ་འདི། །ཀུན་གྱི་ཐུན་མོང་མ་ཡིན་གསང་བའི་སྲོག །ཡིད་ཀྱི་གཟུགས་ཅན་དྲེགས་པའི་ལུས་ལ་ཡང་། །བག་ལ་ཉལ་ལམ་ཡང་ན་དངོས། །དྭངས་མ་ལྔ་འདུས་རྩ་བའི་འཁོར་ལོ་ནི། །སྙིང་ལ་གནས་ཏེ་དྭངས་མ་འདུས་པའི་སྲོག །གཞན་ཡང་སྲོག་གི་སྙིང་པོ་འདི་དག་གོ །རང་རང་བསྙེན་སྔགས་དྲང་ཞིང་དམ་རྫས་བརྟེན། །བོད་པ་སྲོག་གི་སྙིང་པོ་ཞེས་སུ་བཤད། །དེ་ལ་དམག་བསྡུས་མཚོན་བསྐུར་ལས་ལ་དགྱེ། །རྦད་པ་སྲོག་གི་སྙིང་པོ་ཞེས་སུ་བཤད། །དམག་གི་བསྒྲུབ་བྱ་དབང་དུ་འདུས་པ་ན། །སྲོག་དང་རྒྱན་གྱི་ཡི་གེ་མཚོན་ཆ་སྡེག །གསང་བ་སྲོག་གི་སྙིང་པོ་ཞེས་བྱ་འོ། །དེ་དག་རང་གི་དམ་ཅན་འཁོལ་ན་གཅེས། །གཞན་གྱི་རྦོད་གཏོང་དྲེགས་པ་བསྒྲལ་འདོད་ན། །གཟིར་བྱེད་རང་གཤེད་སྲོག་གི་སྙིངཔོནི། །ཏྲིགནནཙིསྟརྦད་ནན་ཞེས་པ་ཡིན། །དབྲོག་བྱ་རྣམ་ཤེས་སྲོག་གི་སྙིང་པོ་དང་། །དྲེགས་པ་ཙིསྟ་དྭངས་མའི་འཁོར་ལོ་ནི། །རང་རང་འབྲུ་རེ་རྣམ་ཤེས་ཚུལ་དུ་གནས། །འཕྲོག་བྱེད་སྦྱོར་བ་སྲོག་གི་སྙིང་པོ་ནི། །ནུར་ཐུམས་ཛ་ཞེས་ལྕགས་ཀྱུ་ལྟ་བུར་གནས། །གཅོད་བྱེད་མཚོན་ཆ་སྲོག་གི་སྙིང་པོ་ནི། །བཱ་ར་ཡ་རྦད་ཅེས་སྤུ་གྲིའི་ཚུལ་དུ་གནས། །དམ་ཚིག་རྗེས་དྲན་སྲོག་གི་སྙིང་པོ་ནི། །གཤིན་རྗེ་མ་མོ་ལ་སོགས་གདོན་ཆེན་རྣམས། །རང་རང་ཕུལ་བའི་སྲོག་སྙིང་དེ་དག་ཡིན། །བཏགས་པ་མིང་གི་སྲོག་གི་སྙིང་པོ་ནི། །རང་རང་ཐ་སྙད་མིང་རེ་ཀུན་ལ་ཡོད། །དེ་ལྟར་སྲོག་གི་སྙིང་པོ་ཐམ།ས་ཅད་ལ། །སྲོག་དང་རྒྱན་གྱི་ཡི་གེ་སྒྲའི་འཁྲུལ་འཁོར་འདི། །མཐུན་པར་སྡེབས་པས་དམ་ཅན་བྲན་དུ་འཁོར། །མི་མཐུན་སྡེབས་པ་ལས་རྣམས་འགྲུབ་པར་ཡང་། །སྒྲ་ཡི་འཁྲུལ་འཁོར་ཤེས་པས་འབྱུང་བ་ཡིན། །ཅེས་གསུངས་སོ། །དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་བ་སྡེབས་ཀྱི་རྒྱུད་ལས། འཇིག་རྟེན་དང་འདས་པ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་རྡོ་རྗེ་འཆང་ཆེན་པོས།༷ཉིད་ཀྱི་དཀྱིལ་འཁོར་གྱི་གསང་སྔགས་ཀྱི་སྡེབས་གསུངས་པ་ནི། ཨེ་ཨེ་ཨེ། ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ །ཡ་མ་ཡེ། ཀྭ་ལ་དུ་པ། ཀ་པ་ཡེ། ཧྲིསྙི་ཨ་བ་ཡེ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨིཨུ་ཨེ་ཨོ་ཡ༷་མ༷༷ རི་ཙྭ། ལི་སྙི། དུ་རུ་ཡེ། བྱ་ཙ་ཡེ། སིང་ང་ཡེ། ཧྲི་ཏ་ཡེ། བི་ཏ་ཡེ། ཙི་ཏ་ཡེ། ཧ་ལ་ཡེ། མུ་ཀ་ཡེ།ཨུ་ཨུ་ཨུ་། ཨུ་ནེ། བི་ཏྲ་ཏི། ཨ་ཨ་ནན། ཡ་མ་ཏ་ཛ། ཡ་མ་ར་ཀ་ཤ །ཡ་མ་རག་ཨ། ཡ་མ་རཀ་ཀྟ །པེ་ཏ་ལི་ཀྲོ་དྷི་ཤྭ་རི། མ་མ་ཨེ་ཀ་ཛ་ཏི། དྷི་མ་ཁ་ལ་བ༷་རིལ། རུ་ལུ་རུ་ལུ། ཤི་བཛྲ་ཀྲོ་དྷ་ཙཎྜ་རཀ་ཤ་མོན་ཏ། ཨ་མུ་ཀ༷ །མྱགས་ཐུམ་རིལ། ཏྲིག་ནན་སྐྲུར་ནན། ཨེ་ཧུར་ཐུམས་ཛ། ཁམ་ཤག་རོ་མྱགས། །མུགས་ཏི་རྦད་ཡ། སྨོད་པའི་དྲག་སྔགས་འདི་དག་གིས། །གང་ཡང་མངོན་དུ་གཟིར་བས་ན། དྲང་པོ་སྡུད་པའི་ཡི་གེ་གསུམ། །མཚོན་ཆ་བསྐྱོད་པའི་ཨེ་གསུམ་ཡིན། །དམག་གི་སྡེ་ཚན་མཚོན་ཆ་ན། །མེ་ཡིས་ས་ཡི་མིང་ཅན་འཇོམས། །ས་ཡིས་རླུང་ལ་བརྡེག་པས་ན། །མཚོན་ཆ་བསྒྱུར་བས་ཨི་གསུམ་ཡིན། །གཞན་ཡང་དེ་བཞིན་གཤེགས་པར་བྱ། །རང་བཞིན་ཁྲོ་བོ་གཤིན་རྗེ་གཤེད། །སྐུ་གསུང་ཐུགས་དང་སྟོང་ཉིད་ཀྱི། །ཡེ་ཤེས་སྟོབས་དང་འཁུབ་དབང་མེད། །དབང་དུ་བསྡུ་དང་དབྱངས་འཕྲེང་སྟོབས། །མི་གྲུན་དྲེགས་འཇིགས་བྱེད་པ་ཡི། །ཐུགས་རྟག་གསུང་ཉིད་མི་འགྱུར་བ། །སྙིང་པོ་སྟོབས་དང་སྔགས་དུ་གཤོམ། །འཇིགས་པའི་སྟོབས་དང་ལྒབུབ་དབང་མེད། །རྔམ་པའི་སྟོབས་དང་གནན་པའོ། །གཤེད་བཞི་རོ་ལངས་རལ་གཅིག་མ། །གཤེད་མོ་བཞི་དང་མ་མོའི་ཚོགས། །ཕྱོགས་སྐྱོངལས ཀྱིགཤིན རྗེརྣམས། །དེ་རྣམས་སོར་གནས་དེ་ཡང་སྡེབ། །མིང་འདས་སྤུ་གྲི་གནས་གཟིར་རྗེས། །སྙིང་པོ་འབྲུ་གཅིག་ཨེ་དེ་ལས། །སྲོག་དང་རྒྱན་གྱི་ཡི་གེ་སྡེབ། །འཕྲོག་བྱེད་གཅོད་པའི་སྐྲུ་གྲི་ཡང་། །མཐུན་དང་མི་མཐུན་སྡེབས་ནས་ནི། །གཟས་པ་སྒྲལ་ཕྱིར་དྲེགས་པ་སྡེབ། །བདག་ཉིད་སྲུང་ན་དྲེགས་པ་གཟིར། །ཅེས་གསུངས་སོ། །དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་བའི་སྡེབས་ཀྱི་རྒྱུད་ལས། །གསང་སྔགས་སྡེབས་དྲག་སྔགས་དམོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་རྡོ་རྗེ་འཆང་ཆེན་པོ་དེས། འབྱུང་བ་སའི་འཁྲུལ་འཁོར་གྱིས་རླུད་གི་སྟོབས་གཤོམ་པ་འདི་གསུངས་སོ། །དུར་ཁྲོད་རོ་རས་ཁྲུ་གང་ལ། །སྐྱང་ནུལ་ལེགས་པར་བྱས་ནས་ནི། །ས་ཡི་འཁྲུལ་འཁོར་བྲི་བར་བྱ། །སྣག་ཚ་དུག་ལ་སོགས་པ་ཡིས། །གཤིན་རྗེའི་གཟུགས་ཀྱི་སྙིང་ཁ་སྲ །ཐིག་སྐོར་གསུམ་དང་ལྡན་པར་བྱ། །དབུས་སུ་ལེ་ཚེ་དགུ་པ་ལ། །ཐིག་སྐོར་དང་པོ་དག་ལ་ནི། །རེ་མིག་བཅུ་གཉིས་དག་ཏུ་སྒོ། །དེ་ལ་ཡི་གེ་དགོད་པ་ནི། །ལེ་ཚེ་ལྔ་བཅུ་རྩ་གཉིས་ལ། །གསང་སྔགས་འདི་དག་དགོད་པར་བྱ། །ཡ་མ།་མེ་ཏཁྲེ །ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ནི། དེ་དག་འཁྲུལ་འཁོར་རྩ་བ་ཡི། །ཐིག་སྐོར་གཉིས་པ་དག་ལ་ནི། །རང་བཞིན་ཁྲོ་བོ་མན་ཆད་ནས། །ལས་ཀྱི་གཤིན་རྗེ་ཡན་ཆད་ཀྱི། །དམག་ཚོགས་སྔགས་དེ་དགོད་པར་བྱ། །ཐིག་སྐོར་གསུམ་པ་དག་ལ་ནི། །མཚོནི་ཆ་བསྐྱོད་དང་སྔགས་འདི་དགོད། །་་། །ཀ་ཙ་ཊ་ཏ་པ་ས། དེ་དག་སྤེལ་ནས་འཁོར་བར་དགོད་པར་བྱ། དབུས་ཀྱི་ལེ་ཚེ་གྲུ་བཞི་བཙོན་ཁང་བཞི། །མིང་དང་བརྡ་དང་སྙིང་པོ་སྐྲུ་གྲི་དང་། །ས་ཡི་ཡི་གེ་སྡེབས་པ་བྲི་བར་བྱ། །དེ་ལྟར་ཐབས་དང་ཤེས་རབ་ཚུལ་དུ་གཉིས། ཁ་སྦྱར་བརྒྱངས་ལ་མཐིང་ནག་གུར་ཡང་ཕུབ། །རྫས་དང་ཡོ་བྱད་འཚོགས་བྱས་མར་ངོ་ལ། །ཉིན་བཞི་གསང་སྔགས་འདི་དག་དགོད་པར་བྱ། །་་། །ཀ་ཙ་ཊ་ཏ་པ་ས། ཡ་མ་ར་ཛ་ས་ཏོ་མེ་ཡ། རྔ་ཆེ་གེ་མོ། །་་་་། །པྲ་མ་ཡ་ཧཱུཾ༷་ཕཊ། ཉི་མ་དང་པོ་ཁྲི་འཛབ་ཡིན། །གཉིས་པ་ལ་སོགས་དེ་ལྟར་ཤེས་པར་བྱ། །ནང་ནུབ་མཚན་མོ་དམག་ཚོགས་ཐམས་ཅད་དྲིལ། །དེ་བཞིན་མཐུན་དང་མི་མཐུན་འཁྲུལ་འཁོར་སྡེབ། །རླུད་གི་བདག་ཉིད་བསྒྲུབ་བྱ་རྡུལ་དུ་རློག །ཅེས་གསུངས་སོ། །དཔལ་གཤིན་རྗེ་དྲག་སྔགས་འཁོར་ལོ་གསང་བའི་སྡེབས་རྒྱུད་ལས། སའི་འཁྲུལ་འཁོར་གྱི་རླུད་གི་སྟོབས་གཞོམ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། འབྱུང་བ་ཆུའི་འཁྲུལ་འཁོརགྱིས་མའི་སྟོབས་གཞོམ་པ་འདི་གསུངས་སོ། །དུར་ཁྲོད་རོ་རས་ཁྲུ་གང་ལ། །སྐྱང་ནུལ་ལེགས་པར་བྱས་ནས་ནི། །ཆུ་ཡི་འཁྲུལ་འཁོར་བྲི་བར་བྱ། །སྣ་ཚོགས་དུག་ལ་སོགས་པ་ཡིས། །ཡ་མ་གཟུགས་ཀྱི་སྙིང་ཁ་མུ །ཐིག་སྐོར་གསུམ་དང་ལྡན་པར་བྲི། །དབུས་སུ་ལེ་ཚེ་དགུ་པ་ལ། །ཐིག་སྐོར་དང་པོ་དག་ལ་ནི། །རེ་མིག་བཅུ་གཉིས་དག་ཏུ་བགོ །དེ་ལ་ཡི་གེ་དགོད་པ་ནི། །ལེ་ཚེ་དགུ་དང་བཅུ་གཉིས་ལ། །གསང་སྔགས་འདི་དག་དགོད་པར་བྱ། །ཡ་མ་མེ་ཏཁྲེ །ར་ཙ་ས་ཏོ་རུ་ན་ཡོ་ནི། ར་ཡ་ཙ་ནི། དེ་དག་ཞབྲུལ་འཁོར་རྩ་བའོ། །ཐིག་སྐོར་གཉིས་པ་དག་ལ་ནི། །རང་བཞིན་ཁྲོ་བོ་མན་ཆད་ནས། །ལས་ཀྱི་གཤིན་རྗེ་ཡན་ཆད་ཀྱི། །དམག་ཚོགས་སྔགས་ཏེ་དགོད་པར་བྱ། །ཕྱི་རོལ་ཐིག་སྐོར་གསུམ་པ་ལ། །མཚོན་ཆ་བསྐྱོད་དང་སྔགས་འདི་དགོད། །ཨུ་ཨུཨུ། ཁ་ཚ་ཋ་ཐ་པ་ཤ །དེ་དག་སྤེལ་ཞིང་འཁོར་བར་དགོད་པར་བྱ། །དབུས་ཀྱི་གྲུ་གསུམ་ལེ་ཚོ་བཙོན་ཁང་བཞིར། །མིང་དང་བརྡ་དང་སྙིང་པོ་སྤུ་གྲི་དང་། །ཆུ་ཡི་སྙིང་པོ་བརྡེབ་ལྔ་བྲི་བར་བྱ། །དེ་ལྟར་ཐབས་དང་ཤེས་རབ་ཚུལ་དུ་གཉིས། ཁ་སྦྱར་བརྒྱངས་ལ་མཐིང་ན་གུར་ཡང་དབུབ། །རྫས་དང་ཡོ་བྱད་འཚོགས་ལ་མར་ངོ་ལ། །ཉི་མ་བཞི་རུ་གསང་སྔགས་བཟླས་པར་བྱ། །ཨུ་ཨུཨུ། ཁ་ཚ་ཋ་ཐ་ཕ་ཤ །ཡ་མ་ར་ཛ་ས་ཏོ་མེ་ཡ། ཆེ་གེ་མོ་མ་ར་ཨུ་ཨུ་ཨུ། པྲ་མ་ཡ་ཧཱུཾ༷་ཕཊ། ཉི་མ་དང་པོའི་ཁྲི་འཛབ་ཡིན། །གཉིས་པ་ལ་སོགས་དེ་ལྟར་ཤེས་པར་བྱ། །ནང་ནུབ་མཚན་མོ་དམག་ཚོགས་ཐམས་ཅད་དྲིལ། །དེ་བཞིན་མཐུན་དང་མི་མཐུན་ཞབྲུལ་འཁོར་སྡེབ། །མེ་ཡི་རང་བཞིན་བསྒྲུབ་བྱ་རྡུལ་དུ་རློག །ཅེས་གསུངས་སོ། །དཔལ་གཤིན་རྗེས་གཤེད་དྲག་སྔགས་འཁོར་ལོ་གསང་བའི་སྡེ་བརྒྱུད་ལས། ཆུའི་འཁྲུལ་འཁོར་གྱིས་མེའི་སྟོབས་གཞོམ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། མེའི་འཁྲུལ་འཁོར་གྱིས་སའི་སྟོབས་གཞོམ་པ་འདི་གསུངས་སོ། །དུར་ཁྲོད་རོ་རས་ཁྲུ་གང་ལ། །སྐྱང་ནུལ་ལེགས་པར་བྱས་ནས་ནི། །མེ་ཡི་འཁོར་ལོ་བྲི་བར་བྱ། །སྣག་ཚ་དུག་ལ་སོགས་པ་ཡིས། །ཡ་མ་གཟུགས་ཀྱི་སྙིང་ཁ་སྲ །ཐིག་སྐོར་གསུམ་དང་ལྡན་པར་བྲི། །དབུས་ཀྱི་ལེ་ཚེ་དགུ་པ་ལ། །ཐིག་སྐོར་དང་པོ་དག་ལ་ནི། །རེ་མིག་བཅུ་གཉིས་དག་ཏུ་བགོ །དེ་ལ་ཡི་གེ་དགོད་པ་ནི། །ལེ་ཚེ་ལྔ་དང་བཅུ་གཉིས་ལ། །གསང་སྔགས་འདི་དག་དགོད་པར་བྱ། །ཡ་མ་མེ་ཏ་ཁྲེ་ར་ཙ་ས་ཏོ་དུ་ན་ཡོ་ནི་རི་ཡ་ཙ་ནི། དེ་དག་འཁྲུལ་འཁོར་རྩ་བའོ། །ཐིག་སྐོར་གཉིས་པ་དག་ལ་ནི། །དམག་ཚོགས་སྔགས་ཏེ་དགོད་པར་བྱ། །ཕྱི་རོལ་ཐིག་སྐོར་གསུམ་པ་ལ། །མཚོན་ཆ་བསྐྱོད་དང་སྔགས་འདི་དགོད། །ཨེ་ཨེ་ཨེ། ག་ཛ་ཌ་ད་བ་ར། །དེ་དག་སྤེལ་ཞིང་འཁོར་བར་དགོད་པར་བྱ། །དབུས་ཀྱི་ལེ་ཚེ་གྲུ་གསུམ་བཙོན་ཁང་བཞིར། །མིང་དང་བརྡ་དང་སྙིང་པོ་སྤུ་གྲི་དང་། །མེ་ཡི་སྙིང་པོ་སྤེལ་ལ་བྲི་བར་བྱ། །དེ་ལྟར་ཐབས་དང་ཤེས་རབ་ཚུལ་དུ་གཉིས། ཁ་སྦྱར་བརྒྱངས་ལ་མཐིང་ནག་གུར་ཡང་དབུབ། །རྫས་དང་ཡོ་བྱད་འཚོགས་བྱས་མར་ངོ་ལ། །ཉི་མ་བཞི་རུ་གསང་སྔགས་བཟླས་པ་བྱ། །ཨེ་ཨེ་ཨེ་ག་ཛ་ཌ་ད་བ་ར། ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཀ་ཆེ་གེ་མོ། ཨེ་ཨེ་ཨེ། པྲ་མ་ཡ་ཧཱུཾ༷་ཕཊ། དང་པོ་ཁྲི་འཛབ་དེ་ལྟར་ཡིན། །གཉིས་པ་ལ་སོགསདེབཞིནཤེསཔརབྱ། །ནང་དུ་དམག་ཚོགས་ཐམས་ཅད་དྲིལ། །དེབཞིནམཐུནདངམི་མཐུན་འཁྲུལ་འཁོར་སྡེབ། །ས་ཡི་བདག་ཉིད་བསྒྲུབ་བྱ་རྡུལ་དུ་རློག །ཅེས་གསུངས་སོ། །དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་བའི་སྡེབས་རྒྱུད་ལས། མེའི་འཁྲུལ་འཁོར་གྱིས་སའི་སྟོབས་གཤོམ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། རླུད་གི་དཀྱིལ་འཁོར་གྱིས་ཆུའི་སྟོབས་གཞོམ་པ་འདི་གསུངས་སོ། །དུར་ཁྲོད་རོ་རས་ཁྲུ་གང་ལ། །སྐྱང་ནུལ་ལེགས་པར་བྱས་ནས་ནི། །རླུད་གི་ཞབྲུལ་འཁོར་བྲི་བར་བྱ། །སྣག་ཚ་དུག་ལ་སོགས་པ་ཡིས། །ཡ་མ་གཟུགས་ཀྱི་སྙིང་ཁ་སྲ །ཐིག་སྐོར་གསུམ་དང་ལྡན་པར་བྲི། །དབུས་སུ་ལེ་ཚེ་དགུ་པ་ལ། །ཐིག་སྐོར་དང་པོ་དག་ལ་ནི། །རེ་མིག་བཅུ་གཉིས་དག་ཏུ་བགོ །དེ་ལ་ཡི་གེ་དགོད་པ་ནི། །ལེ་ཚེ་ལྔ་དང་བཅུ་གཉིས་ལ། །གསང་སྔགས་འདི་དག་དགོད་པར་བྱ། །ཡ་མ་མེ་ཏ་སྟེ། ར་ཙ་ས་ཏོ། རུ་ན་ཡོ་ནི། ར་ཡ་ཙ་ནི། དེ་དག་ཞབྲུལ་འཁོར་རྩ་བའོ། །ཐིག་སྐོར་གཉིས་པ་དག་ལ་ནི། །དམག་ཚོགས་དེ་དག་དགོད་པར་བྱ། །ཕྱི་རོལ་ཐིག་སྐོར་གསུམ་པ་ལ། །མཆོན་ཆ་བསྐྱོད་དང་སྔགས་འདི་དགོད། །ཨོ་ཨོ་ཨོ། བྷ་རྙོ་རྟེ་དྷ་བྷ་ཡེ། །དེ་དག་སྤེལ་ཞིང་འཁོར་བར་དགོད་པར་བྱ། །དབུས་ཀྱི་གྲུ་གསུམ་ལེ་ཚེ་བཙོན་ཁང་བཞིར། །མིང་དང་བརྡ་དང་སྙིང་པོ་སྐྲུ་གྲི་དང་། །རླུད་གི་སྙིང་པོ་སྤེལ་ལ་བྲི་བར་བྱ། །དེ་ལྟར་ཐབས་དང་ཤེས་རབ་ཚུལ་དུ་གཉིས། ཁ་སྦྱར་བརྒྱངས་ལ་མཐིང་ནག་གུར་ཡང་དབུབ། །རྫས་༷྅བ།་དེ་ལྟར།་དཡིངན་ཡ།་།བྱགདཉི་༷པགསྐྱུ་།།།་།༷སྙིན། ཤེ།ཉསམཔ་བརབྱ་རུ།་ག།ནསངངནུ་སྔབག༷༷་།ཟླཟློ་དཔམརགབྱ་ཚོ།ག།ས་ཐམས།་ཅ།་ ཧཱུཾ།དྷ།།་༷ཞི།ནཡ་མམཐུ།་ད།་ཟློ་མ།ན།།སྐྲུལའ།ར་སྡེབ། །།ཆུ་པྲཡིམ་བ།ག་རྙོ།་།བ།བམ་སྤྱི་།་༷་་དུ་རློག །ཅེས་གསུངས་སོ། །དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་བའི་སྡེབས་རྒྱུད་ལས། རླུ་་གི་འཁྲུལ་འཁོར་གྱིས་ཆུ་ཡི་སྟོབས་གཞོམ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། ནམ་མཁའི་འཁྲུལ་འཁོར་ནམ་མཁའ་ལས་བྱུང་བ་ཉིད་ལ་བསྐོར་བ་འདི་གསུངས་སོ། །དུར་ཁྲོད་རོ་རས་ཁྲུ་གང་ལ། །སྐྱང་ནུལ་ལེགས་པར་བྱས་ནས་ནི། །ནམ་མཁའི་འཁྲུལ་འཁོར་བྲི་བར་བྱ། །སྣག་ཚ་དུག་ལ་སོགས་པ་ཡིས། །ཡ་མ་གཟུགས་ཀྱི་སྙིང་ཁ་སྲ །ཐིག་སྐོར་གསུང་དང་ལྡན་པར་བྱ། །དབུས་སུ་ལེ་ཚེ་དགུ་པ་ལ། །ཐིག་སྐོར་དང་པོ་དག་ལ་ནི། །རེ་མིག་བཅུ་གཉིས་དག་ཏུ་བཀོད། །དེ་ལ་ཡི་གེ་དགོད་པ་ནི། །ལེ་ཚེ་ལྔ་དང་བཅུ་གཉིས་ལ། །གསང་སྔགས་འདི་དག་དགོད་པར་བྱ། །ཡ་མ་མེ་ཏ་སྟེ། ཙ་ར་ས་ཏོ་རུ་ན་ཡོ་ནི། ར་ཡ་ཙ་ནི། །དེ་དག་འཁྲུལ་འཁོར་རྩ་བའོ། །ཐིག་སྐོར་གཉིས་པ་དག་ལ་ནི། །དམག་ཚོགས་སྔགས་དེ་དགོད་པར་བྱ། །ཕྱི་རོལ་ཐིག་སྐོར་གསུམ་པ་ལ། །མཚོན་ཆ་བཀོད་དང་སྔགས་འདི་དགོད། །ཨོ་ཨོ་མྲི་སྟོ། ང་ཉ་ཎ་ན་མ་ཧ། དེ་དག་སྤེལ་ཞིང་འཁོར་བར་བྱ། །དབུས་ཀྱི་ལེ་ཚེ་གྲུ་གསུམ་བཙོན་ཁང་བཞིར། །མིང་དང་བརྡ་དང་སྙིང་པོ་སྤུ་གྲི་དང་། །ནམ་མཁའི་སྙིང་པོ་གང་ཡིན་སྤེལ་ལ་བྲི། །དེས་ལྟར་ཐབས་དང་ཤེས་རབ་ཚུལ་དུ་གཉིས། ཁ་སྦྱར་བརྒྱངས་ལ་མཐིང་ནག་གུར་གྱི་དབུབ། །རྫས་དང་ཡོ་བྱད་འཚོགས་བྱས་མར་ངོ་ལ། །ཉི་མ་དང་པོ་བཞི་རུ་བཟླས་པར་བྱ། །་སྒོརྒྱུ།ང་ཉ་ཎ་ན་མ་ཧ། ཡ་མ་ར་ཙ་ས་ཏོ་མེ་ཡ། ཧ་ཆེ་གེ་མོ། ཨ༷་ཨ༷་ཨེ། པྲ་མ་ཡ་ཧཱུཾ༷་ཕཊ། ཉི་མ་དང་པོ་ཁྲི་འཛབ་དེ་ལྟར་ཡིན། །གཉིས་པ་ལ་སོགས་དེ་བཞིན་ཤེས་པར་བྱ། །ནང་ནུབ་མཚན་མོ་དམག་ཚོགས་ཐམས་ཅད་དྲིལ། །དེ་བཞིན་མཐུན་དང་མི་མཐུན་སྡེབས་ནས་ནི། །ནམ་མཁའི་འབྱུང་བ་བཞི་ལ་སོགས་པ་ལ། །འབྱུང་བ་ལྔ་ཡི་འཁྲུལ་འཁོར་བསྡེབ་པ་དང་། །ནམ་མཁའ་ནམ་མཁའི་འཁྲུལ་འཁོར་ཉིད་ལ་ནི། །གསང་བ་སྲོག་གི་སྙིང་པོ་ངོ་ཤེས་ནས། །རང་གཤེད་རང་ལ་དབབ་པར་བྱའོ། །དེས་ནི་བསྒྲུབ་བྱ་གང་ཡང་རྡུལ་དུ་རློག །ཅེས་གསུངས་སོ། །དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་བ་སྡེབས་རྒྱུད་ལས། །ནམ་མཁའ་འབྱུང་བ་འཁྲུལ་འཁོར་དེ་ཉིད་ལ་བསྐོར་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། གདོན་ཆེན་བཅོ་བརྒྱད་དང་རང་གཤེད་རང་ལ་དབབ་པ་འདི་གསུངས་སོ། །གདོན་ཆེན་བཅོ་བརྒྱད་གང་ཡང་རུང་། །འཁྲུལ་འཁོར་འདི་ལྟར་བྲི་བར་བྱ། །ཐིག་སྐོར་གཉིས་དང་ལྡན་པ་ལ། །དབུས་སུ་གྲུ་གསུམ་ནག་པོ་སྟེ། །ཟླ་ཁམ་གསུམ་དང་ལྡན་པར་བྱ། །ཐིག་སྐོར་དང་པོ་དག་ལ་ནི། །འཁོར་ལོ་རྩིབས་བརྒྱད་ལྡན་པར་བྱ། །གཉིས་པར་རང་སོར་བཞག་ནས་ཀྱང་། །དབུས་སུ་རྣམ་ཤེས་ཡིག་འབྲུ་ལ། །ཟླ་གམ་འཕྲོག་བྱེད་སྙིང་པོ་བྲི། །རྩིབས་བཞི་རྟེན་འབྲེལ་གཟིར་བྱེད་ལ། །བཞི་པ་གཅོད་བྱེད་མཚོན་ཆ་བྲི། །དེ་ཡི་ཕྱི་རོལ་ཐིག་སྐོར་ལ། །རང་བཞིན་ཁྲོ་བོ་ལ་སོགས་པའི། །དམག་ཚོགས་མཚོན་བསྐུར་ལ་བྲི། །དེ་ལྟར་གདོན་ཆེན་བཅོ་བརྒྱད་ལ། །རང་རང་འཁོར་ལོ་བཅོ་བརྒྱད་དོ། །ཕོ་ཡི་གཟུགས་བརྙན་ཐམས་ཅད་ནི། །རལ་པ་སྤྱི་བོར་བཅིངས་ནས་ཀྱང་། །སྤྱན་མིག་གཡས་སུ་བཟློག་པའོ། །མོ་རྣམས་རལ་པ་ལྕང་ལོ་བཅས། །སྤྱན་མིག་གཡོན་དུ་བཟློག་པའོ། །གདུག་པ་རྣམ་གསུམ་གཟུགས་བརྙན་ནི། །སྦྲུལ་དང་སྦལ་པ་ལ་སོགས་ཡིན། །དེ་དག་འཁོར་ལོ་དྲག་སྔགས་ལ། །མཐུན་དང་མི་མཐུན་སྡེབ་པ་ནི། །མགོ་ཅན་མགོ་བོ་བཅད་པ་དང་། །མགོ་མེད་མགོ་བོ་དགགས་པ་དང་། །སྔགས་ཀྱི་དུག་རྣམས་དབྱུང་བ་དང་། །རང་གཤེད་རང་ལ་དབབ་པ་རྣམས། །འབྱུང་བ་སྒྲ་ཡི་འཁྲུལ་འཁོར་ལ། །མཁས་པས་སྡེབས་པས་ལས་འགྲུབ། །ཅེས་གསུངསསོ། །དཔལགཤིནརྗེདྲགསྔགས་འཁོར་ལོ་གསང་བའི་སྡེབས་ལས། །གདོན་ཆེན་བཅོ་བརྒྱད་རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་རྡོ་རྗེ་འཆང་ཆེན་པོ་དེས། དྲེགས་པ་བཅོ་བརྒྱད་ལ་སོགས་པས་གཟས་པ་པོ་བསྒྲལ་བའི་སྡེབས་གསུངས་པ། དྲེགས་པ་བཅོ་བརྒྱད་ཡང་རུང་། །འཁོར་ལོ་སྔ་མ་ཇི་བཞིན་ལ། །བསྒྲུབ་བྱ་གང་དང་འདྲེས་པ་གང་། །སྒྲ་ཡི་༣བྲུལ་འཁོར་སྡེབ་པ་ཡང་། །འཁོར་ལོ་རྩིབས་ལ་ཁྲམ་བཏབ་ལ། །དྲག་སྔགས་བཟླས་ཤིང་འཁོར་ལོ་བསྐོར། །རང་ལ་གནས་པའི་གདོན་དེ་བསྐུལ། །བསྐུལ་བའི་གདོན་དང་རང་བཞིན་གདོན། །སྡེབས་པས་ལས་རྣམས་འགྲུབ་པ་ཡིན། །གཞན་ཡང་དྲག་སྔགས་སྡེབ་པ་ནི། །ཡ་མ་གཤིན་རྗེ་རླུད་གི་གདོན། །ཆུ་ལས་བྱུང་བའི་གཉེན་པོར་སྡེབ། །དེ་དག་གདོན་གྱིས་ངོས་བཟུང་བ། །སྔགས་ཀྱི་སོ་པ་གང་ཡིན། །ཨོ་ཨུ༷༷ཧཱུཾ༷། ཡ་ཨ་ཧྲི། མ་ཨེ་ཏི། ཨོ་ཨོ་ནེ་ཨོ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ། ཨེ་ཨོ་ཨ༷་ཨ༔ ར་རྡི། ལ་སྙི།སོ་སྟང་སྲོག་ཤིང་གཟུགས་པའོ། །ཀླད་གནོན་རྒྱལ་པོ་གང་ཞེ་ན། །ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ །ཡ་མ་ཡེ། ཀྭ་ལ་རྭ་པ་ཀ་པ་ཡེ། ཧྲི་སྟི་ཨ་པ་ཡེ། བློན་པོ་སྐྱེས་བུ་གང་ཞེ་ན། །ཡ་མ་ཡ་ཏ་སྟེ །ར་ཙ་ས་ཏོ། རུ་ན་ཡོ་ནི། ར་ཡ་ཙ་ནི། སྐབས་ཀྱིས་བསྒྱུར་ཞིང་བཟླས་པར་བྱ། །རྒྱབ་རི་དམག་མི་གང་ཞེ་ན། །ཡ་མ་རྭ་ཛ། ཡ་མ་ར་ཀ་ཤ་ཨ། ཡ་རཀྟ། དྷ་བེ་ཏ་ལི་ཀྲོ་དྷི་ཤཱ་རི། མ་མ་ཨེ་ཀ་ཀ་ཛ་ཏི། དེ་མ་ཁ་ལ་བ༷་རིལ། རུ་ལུ་རུ་ལུ། ཤི་བཛྲ་ཀྲོ་དྷ། ཡ་མ་ཀརྨ། རོ་ཤ་ཎ་ཀྲི་ཏ། ཙཎྜརག་ཤ་མོན་ཏ། སྲ་བྱེད་ཆོ་ཆ་གང་ཞེ་ན། །དུ་རུ་ཡེ་བྱ་ཙ་ཡེ། སིང་ང་ཡེ། ཧྲི་ཏ་ཡེ། སྟི་ཏ་ཡེ། ཙི་ཏ་ཡེ། ཧ་ལ་ཧེ། མུ་ཀ་ཡེ། ཨོ་ཨོ་ཨོ་ནེ་ཨོ་ནེ། བི་ཏྲི་ཏ་ཨོ་ནན། བྷ་རྙོ་རྟེ་དྷ་བྷ་ཡ། རྣོ་དབལ་མཚོན་ཆ་གང་ཞེ་ན། ཁ་ཆེ་གེ་མོ། ཨ་ཨོ་ཨོ། ཨ་མུ་ཀ༷་མྱགས་ཐུམ་རིལ་ཏྲིག་ནན། སྐྲུར་ཡ་ནན། ཨེ་ཧུར་ཐུམས་ཛ། ཁམ་ཤག་རོ་མྱགས་མུགས་ཏི་རྦད་ཡ། ངར་བླུད་ཐར་བྱ་གང་ཞེ་ན། མུ་ར་ཡ་རྦད། ཨོ་ཨོ་ཨོ། མྱགས་ཐུམས་རིལ་རྦད། ཨོ་ཨོ་ཨོ། མཐའ་རུ་བཀོས་འདེབས་གང་ཞེ་ན། །བྷ་རྙོ་རྟེ་དྷ་བྷ་ཡ། ཨོ་ཨོ་ཨོ། ཨོ་ཨོ་ཨོ། ཡ་ཡ་ཡ། ཧྲི་ཧྲི་ཧྲི། རྔུབས་རྔུབས་རྔུབས། ཡ༷་ར༷་བ༷་ཡ༷། རྙོ་རྙོ་རྙོ། ཎན་ཎན་ཎན། མྱགས་མུགས་ཐུམས་རྦད་ཡ། དཔའ་བོ་ལོགས་འཐེན་གང་ཞེ་ན། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མ་རྙ་ཀ་ཧ་མ་ཐ་བྷརྫི་ཧཱུཾ༷་ཕཊ། ཆོས་ཉིད་དོན་དང་མཐུན་པར་བཟླས། །རླུད་གི་ཡི་གེ་རྣམ་དྲུག་ཀྱང་། །གྲོགས་སུ་འགྲོ་བ་སྐབས་ཀྱིས་སྡེབ། །དེས་ནི་གཟས་པ་སྒྲོལ་བར་ངེས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་བའི་རྒྱུད་ལས། དྲེགས་པ་དགྲ་ལ་བསྐོར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དཔལ་རྡོ་རྗེ་འཆང་ཆེན་པོ་དེས། གདོན་ཐམས་ཅད་གཟིར་བ་དྲག་པོ་རྫས་དང་ཏིང་ངེ་འཛིན་གསུངས་པ། འཇིག་རྟེན་དུག་རྒོད་སྣ་ཚོགས་དང་། །གུ་གུལ་ནག་པོ་སྦྱར་མ་དང་། །སྦྲུལ་ནག་ཤ་དང་མུ་ཟི་དང་། །བུད་མེད་བསྣོལ་མའི་མངལ་ཁྲག་དང་། །གླང་རུ་ཞོགས་མ་ར་དུག་པ། །རེ་ལྕགས་སྤྱང་དུག་ལ་སོགས་དང་། །མི་རྟ་ཕག་དང་བྱ་ཡི་ཚིལ། །དྲེའུ་སྐྲུ་དང་རྟ་བོན་པོ། །དྲག་པོ་རྫས་རྒོད་བཅོ་ལྔ་བསྲེགས། །དུད་པས་བདུགས་ན་གང་ཡང་འབྲོས། །ཡང་ན་བགེགས་ཀྱི་ལིང་ག་ནི། །ཚད་དང་ལྡན་པར་བྱས་ནས་ཀྱང་། །ཚ་བ་གསུམ་གྱིས་བྱུགས་ནས་ནི། །མིང་དང་བརྡ་དང་སྙིང་པོ་དང་། །དྲག་པོ་རྫས་རྒོད་བདུག་ཅིང་གཟིར། །ཏིང་ངེ་འཛིན་གྱི་རིམ་པ་ནི། །ཡི་དམ་ལྷ་ཚོགས་གསལ་བསྒོམ་ནས། །བསྒྲུབ་བྱའི་ཡུལ་དེ་གསལ་བ་ལ། །དྲག་པོ་ངན་སྔགས་གསལ་བས་བརྡེག །འོད་ཟེར་མཚོན་ཆ་སྣ་ཚོགས་ཀྱིས། །གང་ལ་དམིགས་པ་མྱོས་བརླམས་བྱེད། །སྦྱོར་བ་ངན་པ་སྤྱོད་པར་འགྱུར། །དེ་ནས་རྟགས་རྣམས་བྱུང་བ་དང་། །བྱང་ཆུབ་སེམས་དང་ལྡན་པར་བྱ། །བདག་དང་བགེགས་སོགས་ཐམས་ཅད་ཀུན། །ཡེ་ཤེས་མེ་ཡིས་བསྲེགས་སྦྱངས་ནས། །ཆོས་ཉིད་མཉམ་པའི་ངང་ལ་ཞི། །བགེགས་རྣམས་བསོས་ལ་བཀྲ་ཤིས་འགྱུར། །དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་སྡེབས་རྒྱུད་ལས། རྫས་དང་ཏིང་འཛིན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། རྒྱུད་གཏད་པ་འདི་གསུངས་སོ། །གསང་བ་ལག་ན་རྡོ་རྗེ་འཛིན། །ལྔ་བརྒྱ་ཐ་མ་བྱུང་བའི་ཚེ། །སེམས་ཅན་ཉོན་མོངས་རགས་པར་འགྱུར། །དེ་ཚེ་བསྟན་པའི་སྙིང་པོ་འདི། །ཀུན་གྱི་ཐུན་མོང་མ་ཡིན་པས། །སྐལ་ལྡན་འགའ་ཡི་དོན་ཆེད་དུ། །དར་ཞིང་རྒྱས་པར་བྱ་བའི་ཕྱིར། །ལྔ་བརྒྱ་ཕྲག་ནི་དང་པོ་ལ། །ལྷོ་ནུབ་སྲིན་པོའི་གྱེད་ཡུལ་དུ། །སིང་ག་ལ་ཡི་གནས་སུ་ནི། །གཤིན་རྗེ་གཤེད་ཀྱི་སྤྲུལ་པ་ཞིག །འཇམ་དཔལ་བཤེས་གཉེན་བྱ་བ་འབྱུང་། །གསང་སྔགས་བསྟན་པ་དར་བར་བྱེད། །དེ་ལ་ཁྱོད་ཀྱིས་བསྟན་པར་རིགས། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་གཤེད་དྲག་སྔགས་འཁོར་ལོ་གསང་བ་སྡེབས་ཀྱི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དྲག་སྔགས་འཁོར་ལོ་གསང་བའི་རྒྱས་སྡེབས་འཁྲུལ་འཁོར་གྱི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཨེ་མ་ར་ན་སུ་པ་ནི་ཏནྟྲ་བྲ༷་ཀྲ་ཏ་ན་སི་ར་རྭ་ཛ། བོད་སྐད་དུ། དྲག་པོ་སྔགས་རྒོད་དམོད་པ་དྲག་སྔགས་གསང་བ་མཆོག་གི་སྤྱི་རྒྱུད་ཀྱི་རྒྱལ་