Ngb-pt-0581-vol-06-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:43, 20 March 2020

Front

Body

ཀྱ་རྙ་ཡུ་ཐུ། བ་རྒྱ། དང་ཏ་གྭ་ གྭ་ ཏུ། ན་ན། བསྦྱརཐའ། རྒྱ་གར་སྐད་དུ། བུད་དྷ་ཀ་ར་ཡ་ཧུ་ནཱ་མ། བོད་སྐད་དུ། །སངས་རྒྱས་ཀྱི་འདས་རྗེས་གཉིས་པ། ཡང་དག་པར་རྫོགས་པའི་སངས་རྒྱས། དཔའ་བོ་སྟོབས་ཀྱི་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ། །ཡང་གཅིག་རྡོ་རྗེ་འཆང་ཆེན་ང་། །སེམས་ཅན་ཀུན་ལ་ཐུགས་བརྩེ་བས། །ཏིང་ངེ་འཛིན་ངདེ་་་འཆེན་ང་ང་ངསེགེངང་ལས་གཉད་སད་ ། །ཉན་མངས་གདུག་རྩུབ་མཁའ་འགྲའ་གནས། །གསང་ ་རལ་པའ་དུར་ཁྲད་དུ། །ཡབ་ན་གནད་སྦྱན་ཡག་ཤ་ ང་ འ་གདུང་། །མ་ན་འདད་དབང་ལྷུམས་སུ་སྐྱེང་ངང་་་་རྗེངངང་ང་སེས། །ཡད་ཁྲས་འཇགས་པའ་གཟུགས་སུ་བྱས། །གཞན་ནུ་དཔའ་བ་སྟབས་དང་ལྡན། །ཕྱག་ན་རྡ་ ་བྱ་བ་ན། སྤྲན་གྱ་ནང་ནས་ཐན་ནས་ན། །འཁར་ཡང་བྱང་ཆུབ་ མས་དཔའ་བདུན། །མཁའ་འགྲོ་པུར་ན་ཉེར་བཞི་དང་། །ཚངས་པ་དུང་མགྲིན་སེང་གེས་གདུང་། །དྲང་སྲོང་ཟླ་འོད་གཤོན་ནུ་དང་། །དེ་དག་འདུལ་བའི་ཡུལ་དུ་བྱས། །ཕུ་སྡུད་བྱེ་བཞི་ཕྲག་དགུ་དང་། །འདུལ་བྱེད་བྱེ་བ་བྲག་གཉིས་དང་། །བསྡུས་པ་ཨ་ཏི་ཡོ་གའི་བཅུད། །འབུམ་ཕྲག་གཅིག་ལ་སོགས་གསང་ཆེན་རོལ་བའི་དུར་ཁྲོད་དུ་གནས། །ཚེ་ལོ་དྲུག་ཁྲི་བ་ང་མེངང་་་དེ་གཤེ་་རྗེངཆེན་ང་ཡ་དུས། །ཕུང་པ་ལྷག་མ་ ད་པ་མྲ །རམ་པ་གཉས་ལྡན་གསང་མཆག་ཏུ། །ཡ་ཤས་ལུས་ཅན་ ་བཞན་ གས། །ད་ནས་དགའ་རབ་རྡ་ ་ཉད། །གསང་ ་རལ་པའ་དུར་ཁྲད་མེངང་ངསྨྲེངཀྱེ་་་་་ང་ངགིསེདེགནས། ། ་ར་འབར་བའ་ཤར་ཕྱགས་སུ། །བརྒྱལ་ཅང་ ་སྔགས་མཆ་མ་ཕྱུང་། ། ་མ་ཀྱ་ཧུད་ཀྱ་མ་ཀླང་། །སྟན་པ་སྒྲན་མའ་འད་ནུབ་ནས། །མ་རག་མུན་པ་གང་ ས་ ལ། ། ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས། །ནམ་མཁའི་དབྱིངས་སུ་ཡར་བལྟས་པས། །འོད་ལྔ་འཇའ་ཚོན་འཁྲུག་པའི་ནང་། །སྟོན་པ་དཔའ་བོ་སྟོབས་ལྡན་ནི། །ཕྱག་གཡས་གྲུབ་མོ་ཡར་ཕྱུངས་ནས། །རིན་ཆེན་ཤེལ་གྱི་ཟ་མ་ཏོག །སེན་གང་བ་གཅིག་མར་ལ་བོར། །དགའ་རབ་ལག་པ་ཡར་བཟེད་ནས། །གླེགས་བམ་ལག་པའི་མཐིལ་དུ་བབས། །དེ་ཉིད་ཞལ་ཕྱེས་བལྟས་པ་ཡི། །བི་ཌར་མཐིང་་།ག་ཞུན་མ་ལ། །རིན་ཆེན་སྣ་ལྔས་བྲིས་པ་སྣང་། །བལྟས་པས་དགའ་རབ་རང་རྒྱུད་གྲོལ། །དེ་ཡི་ཞལ་ཆེམས་འདི་སྐད་དོ། །ངེས་པར་སངས་རྒྱས་ཐོབ་འདོད་ན། །སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱངས། །ལུས་དང་ངག་དང་ཡིད་གསུམ་མོ། །རུ་ཤན་ལེགས་པར་མ་ཕྱེས་ན། ཁམས་གསུམ་ཉིད་ལས་མི་གྲོལ་བ། །སྔོན་འགྲོའི་གནད་ལ་མཁས་པར་བྱ། །མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་། །ཐོག་མར་དབེན་པའི་གནས་ཉིད་དུ། །ཐེག་པ་བཅུ་གཅིག་དབང་མཆོག་བསྐུར། །དེ་ནས་ཐེག་པ་རིམ་གྱིས་ཁྲིད། །དང་པོ་འཇིག་རྟེན་ལྷ་མོའི་ཁྲིད། །ལུས་ཀྱིས་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །སྐྱིལ་ཀྲུང་མཐིལ་པར་དྲང་པོར་སྲང་། །སྤྱི་བྲོ་ཐལ་སྒ་ཡུན་དུ་གནས། །དེ་ལྷར་ལུས་ཀྱི་དུབ་བྱས་པས། །ལུས་བདེ་མི་རྟོག་བར་གཅོད་ཞི། །ཞེན་པ་བཟློག་ཅིང་སྡིག་པ་འདག །ལུས་ཉིད་སྤྲུལ་པའི་སྐུར་གྲོལ་ནས། །སངས་རྒྱས་སྐུ་དང་གཉིས་སུ་མེད། །ལྷག་མེད་ཉིརྡོ་དུ་གྲོལ་བར་འགྱུར། །ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ཉིད་དུ་བྱ། །ངག་ནི་ཧུ༷་དུ་གནས་པ་ལ། །རྒྱས་གདབ་པ་དང་རྩལ་ཉིད་འབྱོངས། །གཉེན་བཙལ་ལམ་དུ་ཞུགས་པ་དང་། །དེ་དག་རྣམས་ལ་ངག་འབྱོངས་པས། །ཞེན་པ་ལོག་ནས་ངག་སྒྲིབ་དག །མི་རྟོག་གཉིས་མེད་ལོངས་སྐུར་གྲོལ། །དེ་རྣམས་འཇིག་རྟེན་ལྷ་མིའི་ཁྲིད། །ལེགས་པར་ཡང་དག་ཉིད་དུ་སྦྱངས། །དེ་ནས་ལྟ་ལོག་མུ་སྟེགས་ཁྲིད། །རྟག་ཆད་གཉིས་ལ་སྦྱང་བར་བྱ། །གཅིག་པ་ཉན་ཐོས་ལམ་ཁྲིད་སྦྱང་། །གཉིས་པ་རང་རྒྱལ་ལམ་ཁྲིད་ཀྱང་། །གསུམ་པ་བྱང་སེམས་ལམ་ཁྲིད་ཀྱང་། །བཞི་པ་ཀྲི་ཡའི་ལམ་ཁྲིད་ཀྱང་། །ལྔ་པ་ཨུ་པའི་ལམ་ཁྲིད་ཀྱང་། །དྲུག་པ་ཡོ་གའི་ལམ་ཁྲིད་ཀྱང་། །བདུན་པ་མ་ཧྭའི་ལམ་ཁྲིད་ཀྱང་། །བརྒྱད་པ་ཨ་ནུའི་ལམ་ཁྲིད་ཀྱང་། །དགུ་པ་རྫོགས་ཆེན་ཨ་ཏི་ཁྲིད། །སེམས་ཀྱིས་རྩད་ཁུངས་བཅད་པའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླངས། །འདུས་བྱས་ཐམས་ཅད་མི་རྟག་པ། །ཀུན་ཀྱང་འཇིག་པའི་ཆོ་འཕྲུལ་སྒོམ། །དེ་རྣམས་སྒོམ་པའི་མཁན་པོ་ནི། །སེམས་ལ་ཐུག་གམ་མ་ཐུག་བརྟག །སེམས་སུ་ཐུག་ན་དགེ་སྡིག་གང་ཆེ་བརྟག །དེ་ནས་སེམས་འདི་གང་འདིང་འདྲ། །འདྲ་དཔེ་མང་དུ་བསྡུར་བར་བྱ། །དེ་ནས་ལུས་ངག་ཡིད་གསུམ་པོ།།གཙོ་བོ་གང་ཡིན་ཐག་ཀྱང་བཅད། །སེམས་སུ་ཐག་ཆོད་མནའ་ཡང་བསྐྱལ། །དེ་ནས་སེམས་ཀྱི་བྱུང་ས་བཙལ། །མ་རྙེད་ཆོས་ཀྱི་སྐུ་དང་སྤྲོད། །དེ་ནས་སེམས་ཀྱི་གནས་ས་བཙལ། །མ་རྙེད་འོ་ངས་སྤྱོད་སྐུ་དང་སྤྲད། །དེ་ནས་སེམས་ཀྱི་འགྲོ་ས་བཙལ། །མ་རྙེད་སྤྲུལ་པའི་སྐུ་དང་སྤྲད། །དེ་ལྟར་སེམས་ཀྱིས་སུས་བྱས་པ། །ཞེན་འོ་ག་བར་གཅོད་ཞི་བ་དང་། །སྒྲིབ་པས་ཁམས་གསུམ་གོས་པ་མེད། །ཆོས་སྐུ་རང་གྲོལ་གཉིས་མེད་འདའ། །དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་འབེབ་པ་མཁས་པར་བྱ། །ལུས་ངག་ཡིད་གསུམ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས། །དེ་དག་བློ་ཡིས་བོར་བྱས་ཏེ། །མངོན་སུམ་གནད་ལ་ཕབ་པའི་ཕྱིར། །ལུས་ངག་ཡིད་གསུམ་བྱ་བ་སྤངས། །ཅེས་པའི་ཞལ་ཆེམས་གཉིས་པ་འདི། །བྱིན་རླབས་ཆེན་པོ་རང་བབས་ཀྱི། །ཡི་གེ་རིས་སུ་རང་བྱུང་ངོ་། །མྱ་ངན་འདས་པའི་སྣ་ཁྲིད་ཡིན། །བསྟན་པ་ཀུན་གྱི་བུ་གཅིག་པོ། །འབྲས་བུ་ཀུན་གྱི་མཆོག་དམ་པ། །ཞལ་ཆེམས་གཉིས་པ་བྱ་བ་རྫོགས་སོ། །སྐལ་ལྡན་ལས་ཅན་སྙིང་གི་བུ་དང་སྤྲོད། །ཁྲོས་མ་ནག་མོས་རྒྱལ་བའི་བཀའ་འདི་སྲུངས་ཤིག།ཌམུཉ།།།།