Ngb-pt-0576-vol-06-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 11:43, 20 March 2020

Front

Body

དྷ་ཧྭར་ཉྭ། ཧ་མ་ཊ་རྟ། རྒྱ་གར་སྐད་དུ། སརྦ་དྷརྨ་སྙེ། བོད་སྐད་དུ། ཐམས་ཅད་ཀྱི་གནད། རང་ཤར་གྱིས་ལྷ་བཞི་སྣང་བརྡལ་ལ་ཕྱག་འཚལ་ལོ། །སེམས་ཅན་གྱི་ཚེ་ལོ་དཔག་ཏུ་མེད་པའི་དུས་ན།ཡུལ་དགའ་ལྡན་བརྩེགས་པར། སྟོན་པ་རྡོ་རྗེ་སེམས་དཔར་ཤར། རྫུས་ཏེ་སྐྱེས་པ་རྣམས་འདུལ་བའི་ཕྱིར། །འཁོར་སངས་རྒྱས་སྟོང་རྩ་གཉིས་ལ། །ལྕོག་ག་དགུ་འགྱུར་གྱི་སྐད་ཀྱིས་རྩ་བའི་རྒྱུད་འདི་གསུངས། ཀ་དག་སྤྲོས་མེད་སྤྲོས་པ་བྲལ། །གཞི་སྣང་ཆེན་པོར་ཐག་ཆོད་ཅིག །རང་གསལ་མ་འདྲེས་མ་འགགས་སྣང་། །ལམ་སྣང་ཆེན་པོར་ཐག་ཆོད་ཅིག །རང་གྲོལ་ལྷུན་གྲུབ་སྙམ་བརྡལ་ངང་། །འབྲས་བུ་གདེངས་ཆེན་ལ་ཟློས་ཅིག །གནས་ས་རྩི་ཏ་དུང་ཁང་རྩ། །ལམ་ནི་ཤེལ་སྦུགས་དངས་པ་སྟེ། །སྒོ་ནི་རྒྱང་ཞགས་ཆུ་སྒྲོན་ལ། །ཡུལ་ནི་རྐྱེན་བྲལ་དང་མཐོའི་དབྱིངས། །ངོ་བོ་འཕྲ་སྙན་སྟོང་གསལ་འཁྱུགས། ཁ་དོག་མ་ངེས་སྣ་ཚོགས་རིས། །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཡོད་ནི་སེམས་ཅན་ཀུན་ལ་ཡོད། །མངོན་སུམ་སྣང་བས་བར་དོར་གྲོལ། །གོང་འཕེལ་སྣང་བས་འཆི་ཁར་གྲོལ། །ཚད་ཕེབས་སྣང་བས་འོད་ལུས་ཐོབ། །ཟད་པས་སྐད་ཅིག་རྫོགས་སངས་རྒྱས། །ལུས་ནི་རྡོ་རྗེ་ལྷ་བུར་དྲིལ། །ངག་ནི་ཧུ༷་གིས་སྒྲ་གསུམ་འབྱིན། །སེམས་ནི་རང་རང་ངོ་ལ་སྟོང་། །མ་ཡེངས་གསུམ་གྱིས་གོས་གསུམ་ཆོད། །བཀའ་གཏད་རབ་འབྱམས་དབང་རྫོགས་སོ། །འདི་ཤེས་སེམས་དཔའ་རྡོ་རྗེ་དང་། །གཉིས་མེད་ལྷུན་སྙམ་ཆེན་པོའོ། །བསྟན་པ་ཀུན་གྱི་སྲས་ཚིག་དམ་པ། རིན་པོ་ཆེའི་ཁུ་བས་བྲིས་ཏེ་མགུལ་དུ་བཅང་ངོ་། །ཐུགས་རྗེ་མཐོང་གྲོལ་ཅེས་བྱ་བའི། །སྔགས་ཀྱི་སྲུངས་མས་སྲུངས་ཅིག །ས་མ་ཡ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ།། །། ཏྲ༷། ཎ་ཀྟ། རྒྱ་གར་སྐད་དུ། རྦ་དུ་ས་ཉིར་ཀ༷ བོད་སྐད་དུ། ཡང་ཏི་སྲོག་གཟེར། བཅོམ་ལྡན་འདས་