Ngb-pt-0259-vol-03-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
m (Move page script moved page Ngb-pt-0259-vol2-text to Ngb-pt-0259-vol-03-text)
 
(One intermediate revision by the same user not shown)
(No difference)

Latest revision as of 08:13, 20 March 2020

Front

Body

རྒྱ་གར་སྐད་དུ། ཡ་མ་ཀྲིཛི་གུ་རྒྱ་ཏ་ཏྭ་ཁ་ཐུན་ཏན་ཏྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཁ་ཐུན་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤེད་པོ་ཡབ་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇམ་དཔལ་ཡ་མུརྙ་ཀ་ཉིད་ཆོས་སྐུའི་ངང་ལས་གཟུགས་སྐུ་ཞལ་གསུམ་ཕྱག་དྲུག་པར་བཞེངས་ཏེ། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་ཡོངས་རྫོགས་གསལ་བའི་ཕོ་བྲང་ཡེ་ཤེས་ལས་གྲུབ་པའི་འོག་མིན་གྱི་གནས་ན། ཡུམ་བེ་ཏྭ་ལི་དང་གཉིས་སུ་མེད་པར་བཞུགས་སོ། །དེའི་དུས་དེའི་ཚེ་ན་འདུས་པའི་འཁོར་ཡང་ཡེ་ཤེས་དང་ལས་ལས་གྲུབ་པ་དང་ཐབས་ཅིག་པ་ལས། དྲེགས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ངང་ལས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལས་རྡོ་རྗེའི་ཚིག་འདི་གསུངས་སོ། །ཀྱེ་མ་ཧོ། །འཁོར་འདས་ཐམས་ཅད་འཁོར་ལོའི་ངང་། །འཁོར་ལོ་ཐམས་ཅད་འཇམ་དཔལ་དོན། །དེ་ཉིད་རིག་པ་བྱང་ཆུབ་སེམས། །བདེ་བ་ཆེན་པོར་སངས་རྒྱས་སོ། །ཨོ་ཨ་ཧོ། ཞེས་བཀའ་སྩལ་ཏོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་འཇམ་དཔལ་ཆེན་པོ་དེས། སྲིད་པའི་གདུག་པ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་དུས་དེའི་ཚེ་ན་གསོད་བྱེད་ཡ་མ་རྭ་ཛ་ཞེས་བྱ་བ། རི་རབ་ཀྱི་འོག་ཆུའི་དཀྱིལ་འཁོར་གྱི་སྟེང་ན་གནས་པ་ལ་སོགས་པའི་བདུད་དང་། གཤིན་རྗེ་དང་། སྲིན་པོ་དང་། མ་མོ་ཁྲག་འཐུང་དང་། ལྷ་མ་སྲིན་རྣམས་ཤིན་ཏུ་གདུག་པ་ཆེ་བར་གྱུར་ཏོ། །དེ་རྣམས་ཀྱིས་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཟ་ཞིང་གསོད་པ་དང་རྔམ་པར་གྱུར་པ་ལས། བཅོམ་ལྡན་འདས་ཡ་བཱརྙ་ཀས། ཡུམ་བེ་ཏྭ་ལི་དང་གཉིས་སུ་མེད་པར་སྩོར་བ་མཛད་དེ། སྲས་ཡ་མ་རྭ་ཛ་སྤྲུལ་ནས་གསོད་བྱེད་ཡ་མ་རྭ་ཇོའི་ལྕགས་མཁར་བཅུ་བདུན་གཟེར་བ་ལས། དེ་རྣམས་ཤིན་ཏུ་དངངས་ཏེ་སྲོག་དང་བྲལ་བ་སྙམ་དུ་གྱུར་ནས། འཇིགས་པའི་སེམས་ཀྱིས་བསྟོད་པ་ནི། གཏུམ་ཆེན་དྲེགས་པ་ཆེན་པོ་ཐམས་ཅད་འཇོམས་པའི་ལྷ། །དབང་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཁྲོ་རྔམ་གདུག་པས་སྲིད་གསུམ་ཐལ་བར་རློག །སྒྲོལ་བྱེད་སྐུ་མཆོག་མ་མོ་འབངས་སུ་འཁོར། །ག་་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །འཇིགས་བྱེད་ཡ་མ་རྭ་ཛའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་སྨྲས་ཏེ། སྔགསརྣམསསོརབ་ཡ་མ་རྭ་ཛ་དུ་མན་ཏ་ཀ་ར་ན་པྲེ་ཏ་ཛ་ཡ་ཨ་མུ་ཀ༷་སྙིང་ལ་གུམ་རྦད་ཛ། ནི་ཛ་ཤག་པ་བམ་རིལ་སྙིང་གོང་མ་ར་ན་ནག་པོ་ཡ་མ་སྲོག་ལ་ཕྲ་སུ་ག་བམ་རིལ་རྦད། མ་ར་ནི་རྦད་རྦད། བདག་གི་སྨོད་པ་རིག་པར་བཅས། །དཔའ་བོས་བཞེས་སུ་འབངས་སུ་མཆི། །ཞེས་དབུས་ཀྱི་གསོད་བྱེད་ཆེན་པོས་སྨྲས་སོ། །དེ་ནས་སྲས་མཆོག་ཡ་མ་རྭ་ཛས་བཀའ་སྩལ་པ། །ང་ལ་བསྟོད་པ་ཕུལ་བ་ཡིས། །ཕན་པར་འགྱུར་བ་མ་ཡིན་གྱིས། །ང་ཡི་ལྷ་ལ་བསྟོད་པ་དང་། །འཁོར་བཅས་ཁྱེད་ཀྱིས་སྲོག་སྙིང་ཕུལ། །ཞེས་གསུངས་སོ། །དེའི་དུས་སུ་ལྷ་གང་ཡིན་སྙམ་སྟེ། ནམ་མཁའི་དབུས་ན་ཡར་བལྟས་པ་ལས། སྲིད་པ་གསུམ་གྱི་རྩེ་མོ་ན་གཟི་མདངས་དང་ལྡན་པའི་ལྷ་ཡ་མྱརྙ་ཀ་མཐོང་སྟེ། ཤིན་ཏུ་བྲེད་པའི་དབང་གིས་བསྟོད་པ་ནི། ཉི་མ་འབུམ་པས་ལྷག་པའི་འོད་སྟོང་ཕྱོགས་བཅུར་འགྱུ། །གདུག་བྱེད་མཚོན་ཆ་མང་པོས་བསྐལ་པའི་མེ་ལྟར་འབར། །རབ་བརྗིད་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ཏེ། དབུས་ཀྱི་ཡི་དྭགས་དང་གཤིན་རྗེ་རྣམས་ཀྱིས་རང་གི་སྙིང་པོ་ཕུལ་བ་ནི། ཡ་མ་རྭ་ཛ་ས་དོ་མེ་ཡ། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་སྟེ་ཡ། ཡལྟོ་ཡསྣྲོ་ནི་རྭ་མ་ཡ་ཧུ༷་ཕཊ། ཅེས་ཕུལ་ལོ། །དེ་ནས་ཤ་ཟན་དམར་པོ་ཡབ་ཡུམ་གྱིས་སྨྲས་པ། ཨོ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་གཤོས་ལ་མེར་སྲིས་ལ་ཆུམ་ཐུམ་བིས་ཐུམ། ལྕགས་ཀྱི་སྐྲ་གཅིག་མས་དགྲ་བོའི་སྙིང་ཕྱུང་ཞིག །དེའི་ཚེ་མ་མོ་དང་ཁྲག་འཐུང་རྣམས་ཀྱིས་རང་གི་དམོད་པ་ཕུལ་ཏེ་སྨྲས་པ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། སྒག་རག་ཤ་མུ་ཏ་སྙིང་ལ་མ་སྨྱོ་སྨྱོ། ཨེ་ཀ་ཛ་ཏི་མི་ཙ་རོ་ལ་བ༷་རིལ་རྦད་ཏྲག་རག་ཤ་ཐུ༷་རིལ་རྦད། རཀློ་ཏེ་ཀུམ་ཛ་ཛ་ཁ་ལ་མ་ལི་སྨྱོ་སྨྱོ། རེ་མ་ཏི་སྙིང་ལ་བ༷་རིལ་རྦད། ཐུན་མུགས་སྙིང་ལ་རྔུབས་རྦད།ཡ་ཡ་མོན་ཙིན་དྷ་ན་མ་ལ་སྨྱོ་ཛ་ཛ། སྙིང་ཁ་རག་སྲོག་ལ་སྨྱོ་སྨྱོ་མ་མ་ཙིསྟ་རྦད་ཐུ༷། སྙིང་ལ་ཚལ་བ་མེད་བ༷་རིལ་རྦད། ཅེས་སྨྲས་སོ། །དེའི་དུས་སུ་གཟའ་རྭ་ཧུ་ལས་སྨྲས་པ། རྭ་ཧུ་ཚལ་པ་མུ་་མེ་པ་ཤ་མི་ཀི་ཁ་ཏ་ཧུ༷་ནན་ལམ་སྟ༷ བྷ་ཡ་ནན། ཞེས་སྨྲས་སོ། །དེ་ནས་ཡང་ཁྲམ་བདག་བཅུ་གཉིས་དང་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་སྨྲས་པ། ཨོ་ཡ་མ་རྭ་ཛ་ས་དོ་མེ་ཡ་སྨྱོ། རུ་ལུ་རུ་ལུ་བ༷་རིལ་རྦད་ནན། ཨོ་དུག་ནུར་དུག་ནུར་ཆེ་གེ་མོ་ཚལ་པ་ནན་ཚལ་པ་ནན། ཨོ་སྙིང་གཤོགས་མེ་ཁ་ལོ་མུ་ལོ་ཙ་ཐུན་ནན། ཨོ་ས་ཏི་རུ་རུ་གྲང་ཀྲ་ར་ཙ་ནན། ཨ་མུ་ཀ༷་མུ་ར་ཡ་ནན། ཨོ་ཨཀྲོ་དྷིཀ་མསྣྲུ་ཤི་ཡ་མྱརྙ་ཀ་ཀྭ་ལ་རྭ་པ་ཀྟ་ཡ་ནན་ས་དུ་བ༷་རྦད་རུ་ལུ་ཧུ༷་ཛ། རུ་ལ་ཙ་པ་ཡ་ནི་ཏི་ཤ་རུ་ནི་ནན། ཨ་མུ་ཀ༷་མུ་ར་ཡ་ནན། ནི་མུ་ར་ཡ། ནི་མ་ར་དུ། ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བ༷་རིལ། །ད༷་དུ༷་ནུ་ཧྭ༷་ཕཊ། བཛྲ་ཙི་དུ༷་ལིང་རྦད། མུ་ཡ་མ་མུ་ཡ་མ་སྙིང་ཁྲག་ཚིལ་རྦད། ཡ་མ་རྭ་ཛ་ཤ་ཧྲུ༷་མུ་ཚིལ་ཧི་གུག །ལིང་དུ་ལ་ལིང་རྦད་ལིང་། ཨ་མུ་ཀ༷་ཆོམ་ལིང་གྲྭ་ཧྭ། བདག་ཅག་བསྟན་པབསྲུང་བར་བགྱི། །ཞེས་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དམ་ཚིག་སྙིང་པོ་བསྒྲག་པ་ནི། ཨོ་ཧི༷༷སྐྱི༷༷བི་ཀྲི་ཏ་ན་ན་ས་མ་ཡ་ཧུ༷་ཧུ༷་ཕཊ་གྲྭ་ཧྭ། ཞེས་བཀའ་སྩལ་ཏོ། །དམ་ཆུབླུད་ནས་མནའ་བསྒགས་ཏེ། བསྟན་པ་བསྲུང་བར་དམ་བཅས་ཏེ་ཟས་སྐལ་དུ་བསྟན་པ་བཤིག་པའི་དགྲ་བོའི་སྲོག་དབུགས་བྱིན་ཏེ། གཏོར་མ་དང་དམ་རྫས་ཕོག་ནས་བཀའ་ལས་མི་འདའ་བར་བཀའ་བསྒོས་པ་ནི། ཨོ་ཡ་ནཱན་ཏ་ག་ཧི༷༷སྐྱི༷༷མསྣྲུ་ཤི་ས་མ་ཡ་ཨུ་ནེ་ཨུ་ཡེ་ཛ། ཞེས་་བཀའ་སྩལ་ཏོ། །མ་མོ་ཁྲག་འཐུང་ཐམས་ཅད་ཀྱི་སྙིང་པོའི་མགོ་ཡོན་ཏན་གྱི་སྔགས་ཀྱིས་གནན་པ་དང་གཤིན་རྗེའི་མགོ་གནན་པ་འབྲུ་བཞི་པ་བཀའ་སྩལ་པ། ཨོ་ས་མ་ཡ་མཉུ་ཤི་ཡ་མུརྙ་ཀ་ཡ་མ་རྭ་ཛ། ཞེས་བཀའ་སྩལ་ཏོ། །ཡ་བཱརྙ་ཀ་ཞེས་པ་ནི། གཤིན་རྗེའི་མགོ་གནན་པར་བཀའ་སྩལ་ཏོ། །དེ་ལྟར་ཐམས་ཅད་བཏུལ་ཏེ་བསྟན་པ་བསྲུང་བར་དམ་བཅས་ནས་འཇིག་རྟེན་པ་བདེ་བ་ལ་བཀོད་ནས་སངས་རྒྱས་ཀྱི་ཞིང་དུ་གྱུར་ཏོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། དྲེགས་པ་བ་་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དགྱེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཐུགས་ལས་སྤྲུལ་པའི་སྲས་ཡ་མ་རྭ་ཛས་གསོལ་པ། །ཨེ་མ་ཧོ། །སེམས་ཅན་ཀུན་ལ་གནོད་བྱེད་པ། །བཏུལ་ནས་དམ་ཚིག་བཀོད་པ་ནི། །ཀྱེ་མ་ཤིན་ཏུ་ངོ་མཚར་ཏོ། །དེ་ལས་རྗེས་སུ་བསྒྲུབ་པ་ནི། །གསང་སྔགས་ཇི་ལྟའི་རིམ་པ་དང་། །དེ་དག་བ་་བའི་རིམ་པ་རྣམས། །ལས་ལ་བཀོལ་ན་ཇི་ལྟར་བཀོལ། །ལས་ཀྱི་ཁ་ཚར་ཇི་ལྟར་གདགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་འདུས་པའི་འཁོར། །བཅོམ་ལྡན་འཇམ་དཔལ་བསྒྲུབ་འདོད་པའི། །རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དབེན་པ་ཆེན་པོའི་གནས་ཉིད་དུ། །ཕྲིན་ལས་བཞི་ཡི་དཀྱིལ་འཁོར་ལ། །ལྷ་ཡི་ཕྱག་མཚན་བེ་ཅོན་དགོད། །བུ་དོན་དོན་དུ་གཉེར་ནས་གྲུབ། །དང་པོ་བླ་མ་མཉེས་པར་བྱ། །དེ་ནས་ཕྱི་ནང་གསང་བའི་དབང་ཐོབ་ནས། །དམ་ཚིག་དག་དང་ཡང་དག་ལྡན། །བདག་ཉིད་ཡབ་ཡུམ་བསྐྱེད་བྱས་ལ། །སྤྱན་དྲང་མཆོད་ནས་དངོས་གྲུབ་བླང་། །ཡིད་བཞིན་ལྟ་བུའི་བསྙེན་པ་གྲངས། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མུརྙ་ཀ་ཧ་ན་མ་ཐ་བྷརྫི་ཧུ༷་ཕཊ། འབུམ་ཕྲག་བཅུ་རུ་བཟླས་བྱས་ན། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དུར་ཁྲོད་དག་གིས་གནས་འདུག་ལ། །བདག་ཉིད་ཡབ་ཡུམ་འཕྲོ་འདུ་ལས། །མདུན་དུ་སྲས་མཆོག་བསྐྱེད་པར་བྱ། །ཁ་ནི་ལྷོར་བལྷས་འབྲུབ་ཁུང་དུ། །ལིདྷ་བཅུག་ལ་ཐུན་གྱིས་བྲབ། །རྒྱུན་དུ་ཡོན་ཏན་སྙིང་པོ་གྲངས། །ཨོ་སམཡ་མསྣྲུ་ཤི་མུ་ཏྲ་ཡ་མུན་ཏ་ཀ་པ྅་དྷི་རོ་ནི་ཧུ༷་ཕཊ། དེ་ནས་སྔར་གྱི་ཡོན་ཏན་ལ། །མ་མོ་ཁྲག་ཐུན་འབོད་རྦད་གསད། །དྲིལ་བའི་སྔགས་ཀྱིས་བསྒྲུབ་པར་བྱ། །གསོད་བྱེད་གཏོར་མ་རྒྱུན་དུ་གཏང་། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ལས་ལ་སྦྱར་བར་འདོད་པ་ན། །ཐུན་དང་འཁོར་ལོ་གང་རུང་བྱ། །གཟའ་སྐར་ངན་པ་དག་ལ་གཏད། །ཟླ་བ་མར་ངོ་དག་ལ་བྱ། །རོ་ཚས་རས་ལ་མི་ཁྲག་དང་། །སྦྱར་རྩི་ལྡུམ་བུས་སྣག་ཚ་བྱ། །སྐད་སྣ་བཞི་ཡིས་གསོད་བྱེད་བསྟིམ། །བྱ་རོག་འུག་པའི་སྒྲོ་རྩ་ཡིས། །བཅུ་གཉིས་རྩིབས་ཆེན་བྲི་བར་བྱ། །འཁོར་ལོའི་ལས་སྔགས་འདི་བཏགས་བསྐོར། །ཨ་མུ་ཀ༷་པྲ་མ་ཡ་ཧུ༷་ཕཊ། ཨ་མུ་ཀ༷་རཀྟ་ཙ་ར་ཡ་ཧུ༷་ཕཊ། ཨ་མུ་ཀ༷་མུ་ར་ཙ་ཡ་ཧུ༷་ཕཊ། ཨ་མུ་ཀ༷་མྱ་ར་ཡ་ཧུ༷་ཕཊ། ཕྱི་ནང་གསང་བའི་རིམ་པས་བཟླས། །དམར་ཐག་ཆད་ནས་རྒྱུན་གཏོར་གཏང་། །ཁྲི་ལས་མི་མང་མི་ཉུང་བྱའོ། །ཡང་ན་དེ་བས་ཐུན་ལ་བྱའོ། །ཐོད་པ་ནག་པོ་ཡིན་ངེས་ལ། །འགྲམ་པ་གཡས་གཡོན་ལྟག་པ་དང་། །མཚོག་མ་བཞི་རུ་སྔགས་བྲིས་ལ། །དམར་ཐག་དྲིལ་བའི་ཐུན་གྱིས་བྲབ། །མཚན་མོ་གསོད་བྱེད་དྲག་སྔགས་བསྣུན། །བདག་ཉིད་སྐུ་ནི་རྒྱན་གཅིག་བསྐྱེད། །ཡ་མ་རྭ་ཛ་བརྒྱ་རྩ་གདོན། །ཁྲམ་བདག་བསྐུལ་ཞིང་གཤེད་བདུན་རྦད། །ཡ་མུ་ར་ཛ་བསྐུལ་བྱས་ལ། །སེང་ལྡེང་ཕུར་པ་སྙིང་ལ་གདབ། །ཨོ་ཡ་མྱརྙ་ཀ་ཀྟ༷་ཨུརུ་ཨ་ཙ་ལ་ཀྟ༷། ཨོ་མ་དུག་ཙ་ཙ་ཚལ་པ་ཚལ་པ་རྦད་རྦད། མ་དུག་ཀ་ཡ་མ་ཀྟ༷། ཨ་མུ་ཀ་སྲོག་རྩ་ལ་མུགས་ཏིག་རྦད། རྩ་རྩ་ར་ཙ་རྦད། མ་མོ་ཁྲག་ལ་དོན་ཏིང་མུགས། །སྲིན་པོའི་རུས་ལ་ཆོམཆོམཚལ། གཤིནརྗེའིཁྲམ་ལ་ལྷན་ལྷན་ཐོབ། །དགྲ་བོ་ཁྲམ་ལ་ཁྲམ་རི་ལི་ལི་ནི་ཛ་རྦད། རྙེ་ཀྲེ་དྷ་དེ་ན་བླ་ངེ་བྷ་བ་ཏ་ཆེ་གེ་མོ་མུ་ར་ཡ་རྦད། ཅེས་པས་ཕུར་པ་གདབ་པར་བྱ། །དེ་ནས་དེ་ཉིད་ཡུམ་བསྐུལ་ལ། །མ་མོ་ཁྲག་འཐུང་སྙིང་པོ་དང་། །ཁྲག་ཐུན་འདི་ཡིས་དབབ་པར་བྱ། །མགོ་འཕྱང་མ་ཛ་ཛ། དུན་མུག་བླ་རྩལ་ཛ་ཛ། རྩ་བོ་ཆེ་ལ་དུན་དུན་མུགས། ནང་ཁྲོལ་སྨད་ལྔ་ལ་རྩལ་བ༷། དུན་བ༷་དུན་རི་ལི་ལི་རྦད། ཁྲག་དང་དུག་གཉིས་བསྲེས་ལ་བརྡེག །དེ་ནས་གསོད་བྱེད་བསྐུལ་བྱས་ལ། །དྲག་སྔགས་བདག་གིས་སྔར་ལྟར་བརྡེག །དེ་ཡི་ཡུམ་དང་མ་ཚོགས་བསྐུལ། །ཁྲག་ཐུན་དག་ནི་བརྡེག་པར་བྱ། །དགྲ་བོ་ཁྲག་ཐུན་མུགས། ཨོ་མུ་ཡ་མུག་ཏི་རྔུབས་ཆེ་གེ་མོ་ལ་ཆོ་ཆོ། བལ་ཧུ་བལ་ཧུ་སྤུ་སྙིང་གོང་རྩ་ཐུན་ནན། བལ་ཐུན་ནན། ཆེ་གེ་མོ་ནན། ཁྲག་ཐུན་ལོང་ཁྲག །ཨ་མུ་ཀ༷་ཁོང་ཁྲག་ལ་ཡ། ནད་རྣམས་སོ་སོར་བཏང་བ་དང་། །བསྡེ་ལ་སོགས་གསད་པ་ནི། །མན་ངག་དམ་པས་བྱ་བ་ཡིན། །ཐུན་དྲུག་དྲིལ་བའི་མན་ངག་ལ། །མདའ་ཡིས་གཟིར་བར་བྱ་བ་སྟེ། །འུག་པ་མ་ཡི་མདའ་ཟོར་ནི། །ཟླ་བ་ཟད་ཁར་འཕང་ཞིང་བསྐུལ། །དུག་གིས་མྱོས་བྱེད་རཀྟས་འཇིག །ཉུང་དཀར་མཚོན་ལ་ཁྲམ་ཤིང་བྲབ། །དང་ལ་ཕུར་པ་གདབ་པར་བྱ། །སྔགས་པ་ནང་འགྲས་རྟག་འགྲོགས་ན། །རོ་ལངས་རསྒ་ནག་པོ་བྱ། །ཡང་ན་ཐུགས་ཀྱི་གྲུང་བཟློག་བྱ། །ལས་རྣམས་གྲུབ་ནས་དུར་ཁྲོད་དུ། །དྲང་སྲོང་སྔགས་དང་དམོད་པས་གནན། །གཏོར་མ་གཏང་ལ་ཕྲིན་ལས་གཞོལ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། །བྱད་པར་ལས་ལ་བཀོལ་དེ་གསད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་ཀྱི་ཁ་ཚར་རིམ་པ་ནི། །རྣལ་འབྱོར་བཀྲ་ཤིས་འདོ༷ད་པ་ནི། །ཚེ་ཡི་མནྟྲ་འདི་ལྷར་བྱ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མུརྙ་ཀ་ཀྭ་ལ་རྭ་པ་ཨུ་ཡུ༷༷ཕ་ལ་སིརྙི་སྡུ༷་ཛ། །ཞེས་པས་ཚེ་ཡི་བསྒྲུབ་པ་བྱ། །ཚེ་ཡི་དངོས་གྲུབ་ཆེན་པོ་ཐོབ། །གཞན་ཡང་སེར་བ་དབབ་འདོད་ན། །དུང་དཀར་ཕྲོ་སྣུ་ཏི་ཕྲོ། ཡུག་ཏི་སྨིན་ཏྲག་དུ་ཙར་ཤར་ཤ་ལྟ་ཧྲིལ་ཕོབ། ཉུང་དཀར་དག་ལ་སྔགས་ཏེ་འཕ་ང་། །གཞན་ཡང་སེར་བ་བཅད་པ་ནི། །ཨོ་ཀྭ་ལ་དུ་པ་ཙ་ཡ་བི་དོང་ས་ཤོ་ཤ་ཡ་མོ་ཧ་ཡ་སྟུ༷་བྷ་ཡ་ཧུ༷་ཕཊ། ཏི་ཤུ༷་ཤུ་མ་ལི་ཏི་དི་བི་རི་ཧི་ཧ་ཡ་རུ་རུ་ཏི་སྲུ་ཧྭ།ཕེ་སྐ་ན་ཡ་ཕཊ། སྐྱེ་འགྲམ་ཉུང་དཀར་དག་ལ་བསྔགས། །གང་འོང་ཕྱོགས་སུ་གཏང་བྱས་ན། །འཆད་པར་འགྱུར་ཏེ་ཐེ་ཚོམ་མེད། །སྙིང་དང་འདྲ་ཏེ་ཤིན་ཏུ་ཟབ། །གཞན་ཡང་ལྟས་ངན་འབེབས་འདོད་ན། །ཡ་མ་ནི་ར་ཀྱ་ཀྱེད་ཏྲབ་འུར་ཕོབ། །ཅེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། ལས་ཁ་ཚར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འཁོར་གྱིས་བསྟོད་པ་ནི། ཨེ་མ་ཧོ། །ཡབ་གཅིག་འཇམ་དཔལ་གཤེན་རྗེ་གཤེད། །དབུ་དྲུག་ཕྱག་ཀྱང་བཅུ་གཉིས་ཏེ། །ཞབས་ཀྱང་རྣམ་པ་དྲུག་དུ་བགྲད། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །དུར་ཁྲོད་འབར་བའི་རྒྱན་དངལྡན། །མམོགཤིནརྗེཀུནགྱི་བདག །ལྷ་མཆོག་ཉིད་ལ་དད་པས་བསྟོད། །ཅེས་བསྟོད་པར་གྱུར་ཏོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས་འཁོར་གྱིས་བསྟོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ་ང་ཡི་རྒྱུད་འདི་ནི། ་།ད་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། རྒྱུད་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་ཡིན་པས། ཤིན་ཏུ་གསང་ཞིང་སྦ་བ་ལས། །ཀུན་ལ་བསྟན་ན་འཇིག་འགྱུར་ལ། །ཞིག་ནས་སེམས་ཅན་དམྱལ་བར་སྐྱེ། འོན་ཏང་ན་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་དར་བའི་དུས་སུ། སངས་རྒྱས་ཆེ་བའི་ཡོན་ཏན་དུ་བསྟན་པ་ཡིན་པས་ཤིན་ཏུ་བརྣག་ཅིང་གཟུང་བར་བྱའོ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། །།གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱུད་འདི་འཇམ་དཔལ་གྱིས་འོག་མིན་དུ་གསུངས་ནས། རྒྱལ་པོ་ཛ་ཞེས་བྱ་བ་བསོད་ནམས་བསགས་པ་དེ་ལ་བབས། དེས་བཀྲ་ཤིས་བདེ་ལྡན་གྱི་དགའ་རབ་རྡོ་རྗེ་ལ། དེས་འཇམ་དཔལ་བཤེས་གཉེན་ལ། དེས་གཙུག་ལག་དཔལ་དགེ་ལ། དེས་བ་སུ་དྷ་ར་ལ། དེས་ཡང་དབང་གཏེར་ལ། བཀའ་རེ་རེ་ལས་སྤེལ་དུ་མི་རུང་ངོ་། །རྒྱ་རྒྱ་རྒྱ།། །།