Ngb-pt-0230-vol-03-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 

Revision as of 08:08, 20 March 2020

Front

Body

རྒྱ་གར་སྐད་དུ་སརྦ་ཏ་ཐུ་ག་ཏ་ཤཱརྙ་ས་ཤཱ་ཛ་མྱུ་ལ་མ་ཧྭ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཞི་བ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡེ་ཤེས་རང་བྱུང་གི་རྒྱལ་པོ་དེ་ཉིད། གསང་བ་མ་བཅོས་པའི་ཐིག་ལེ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ངང་ལ་མནལ་ཏེ་བཞུགས་སོ། །དེ་ནས་དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོ་དེ་ཉིད། རྩ་བ་བྱང་ཆུབ་སེམས་ཀྱི་འགྲོ་བ་ཐམས་ཅད་ཐུགས་རྗེའི་ཆུས་བརླན་པར་མཛད་དེ། དཔལ་ཀུན་ཏུ་བཟང་པོ་ལ་ཐུགས་རྗེའི་རོལ་པ་ཚད་མེད་པ་ཞེས་བྱ་བའི་གླུས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆོས་ཉིད་མཉམ་པ་ཉིད་ཀྱིས་ངང་ལ་མནལ་བ་ལ། །བྱམས་པ་ཆེན་པོའི་ཐུགས་རྗེས་སད་པར་མཛད་དེ། ཡུལ་སེམས་ཅན་ལ་རབ་ཏུ་དམིགས་པ་དང་ལམ་ལ་དམིགས་པ་དང་། ཀུན་ཏུ་དམིགས་པ་མེད་པ་དང་། སྟོང་པ་ཆེན་པོ་ལས་རབ་ཏུ་སྐྱེས་པའི་རྩལ་མ་འགག་པ་ལས། བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ། བརྗོད་པ་ཐམས་ཅད་ལས་འདས་པ་ཆོས་ཀྱི་འབྱུང་གནས་སུ་གྱུར་པའི་ཡི་གེ་ཨ་ཞེས་བྱ་བའི་རང་བཞིན་དུ་གྱུར་ནས། །སྐྱེ་བ་མེད་པ་ལས་སྒྲ་འདི་བྱུང་ངོ་། །ཨེ་མ་ཧོ། ཆོས་ཉིད་གདལ་བའི་ཀློང་། །ཨེ་མ་ཧོ་སྙིང་རྗེ་རྒྱུན་ཆད་མེད། །ཨེ་མ་ཧོ་གསལ་བའི་ཡིག་འབྲུར་ཤར། །ཨེ་མ་ཧོ་ཡོན་ཏན་དཔག་ཏུ་མེད། །ཨེ་ཡ༷་བ༷་ལ༷་ར༷་རྒྱུ༷། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཡེ་ནས་མ་བཅོས་རྫོགས་སངས་རྒྱས། །སྣོད་བཅུད་རྣམ་རྟོག་གིས་བརྟག་པ། །རྒྱལ་བའི་དཀྱིལ་འཁོར་ཕྱག་རྒྱ་ཆེ། །ནམ་མཁའ་རླུད་ཆུ་ས་དང་མེ། །གདོད་ནས་རྣམ་དག༄་ཡུམ་ལྔའི་མཁའ། །ངོ་མཚར་གཞལ་མེད་སྣ་ཚོགས་དང་། །དག་པའི་ཡེ་ཤེས་གཞལ་མེད་ཁང་། །གདན་ཁྲི་འོད་ཀྱི་སྣང་བ་རྣམས། །ཞི་བ་རོལ་པའི་གདན་མཆོག་སྟེ། །དག་པ་ཆེན་པོའི་འཇིག་རྟེན་ལས། །མ་དག་པ་ནི་ཡོད་མ་ཡིན། །མ་རིག་འཁྲུལ་པའི་བག་ཆགས་ལས། །མ་དག་པ་ཡི་ཁམས་སུ་སྣང་། །ཡུམ་ལྔའི་མཁའ་ཀློང་དག་པ་ལས། །ཡེ་ཤེས་འབྱུང་ཆེན་རྣམ་ལྔ་སྟེ། །ཡེ་ཤེས་ལྔ་ལས་གཞལ་ཡས་འོད། རྟོག་པ་ཅན་གྱིས་ཤེས་པར་བྱ། །ཞེས་བྱ་བའི་སྒྲ་ཕྱུང་བ་དང་། །སྣང་གྲགས་ཀྱི་དངོས་པོ་ཐམས་ཅད་དེ་བཞིན་གཤེགས་པའི་སྐུར་མ་བཅོས་པར་ལྷུན་གྱིས་གྲུབ་པར་བསྟན་པའི་ཕྱིར། །འདི་ལྟར་སྣོད་དུ་སྣང་བ་ཐམས་ཅད་དེ་བཞིན་གཤེགས་པའི་ཞིང་ཁམས་སུ་བྱིན་གྱིས་བརླབས་སོ། །དེ་ཡང་འབྱུང་བ་རྣམ་པར་དག་པ་ནམ་མཁའ་ཡོངས་སུ་དངས་པ་ནིཆོས་ཀྱི་དབྱིངས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་མཁའ་ཀློང་། ཡེ་ཤེས་ཆེན་པོའི་ནམ་མཁར་ལྷུན་གྱིས་གྲུབ་པར་བསྟན་ཏོ། །དེ་བཞིན་དུ་རླུ་་གི་དཀྱིལ་འཁོར་ནི་སྒྲོལ་མའི་མཁའ་ཀློང་རྣམ་པར་དག་པར་བསྟན་ཏོ། །ཆུའི་དཀྱིལ་འཁོར་ནི་ནཱ་མ་ཀིའི་མཁའ་ཀློང་རྣམ་པར་དག་པའོ། །སའི་དཀྱིལ་འཁོར་ནི་སྤྱན་མའི་མཁའ་ཀློང་རྣམ་པར་དག་པའོ། །མེའི་དཀྱིལ་འཁོར་ནི་གོས་དཀར་མོའི་མཁའ་ཀློང་རྣམ་པར་དག་པའོ། །འདི་ལྟར་ནང་གི་གཞལ་མེད་ཁང་རྣམ་པར་དག་པ་གདན་དང་བཅས་པ་ནི། །ཡུམ་ཐམས་ཅད་ཀྱི་མཁའ་ཀློང་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་བཞིན་འདུས་པ་ནི། ལྷའི་གཞལ་ཡས་འཇིག་རྟེན་པའི་ཡོན་ཏན་ལས་འདས་པ་སྟེ། ཤར་ཕྱོགས་ནི་ཤེལ་གྱི་རང་བཞིན་ལས་གྲུབ་པ། ལྷོ་ཕྱོགས་ནི་གསེར་གྱི་རང་བཞིན་ལས་གྲུབ་པ། ནུབ་ཕྱོགས་ནི་པདྨ་རྭ་གའི་རང་བཞིན་ལས་གྲུབ་པ། བྱང་ཕྱོགས་ནི་ཨིནྟྲ་ནི་ལའི་རང་བཞིན་ལས་གྲུབ་པ། དབུས་ཀྱི་ཆ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལས་གྲུབ་པའི་ཡེ་ཤེས་ཀྱི་ས་གཞི་ཡོངས་སུ་དག་པའོ། །དེའི་བརྩིགས་པར་སྣང་བ་ཡང་ཡེ་ཤེས་ལྔའི་རང་བཞིན། །ཐམས་ཅད་ཀྱི་རང་བཞིན་མུ་ཏིག་དང་། ཤེལ་དང་། གསེར་དང་། པདྨ་རྭ་ག་དང་། །ཨིནྟྲ་ནི་ལའི་འོད་དུ་འཕྲོས། །འོད་ཟེར་གྱི་སྣང་བས་རབ་ཏུ་བརྩིགས་པའི་གཞལ་ཡས་ཁང་། རྡོ་རྗེའི་འཁོར་ལོས་སྤྲས་པ། གྲུ་ཆད་གློ་འབུར་དུ་བཅས་པ། ཁྱམས་དང་སྒོའི་གཡས་གཡོན་རྡོ་རྗེའི་ཀ་བས་བརྒྱན་པ། རིན་པོ་ཆེ་སྣཚོགས་ཀྱིས་རྒྱན་གྱིས་སྤྲས་པ། དྲིལ་བུ་དང་ཟར་ཚགས་དང་། རིན་པོ་ཆེ་ཕ་གུའི་བརྩིགས་པ། དར་གྱི་ལྡ་ལྡིས་བརྒྱན་པ།ཡིད་ལས་བྱུང་བའི་མཆོད་པ་ཆེན་པོ་དང་རིག་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་ཏེ། རྟ་བབས་ཀྱི་རྒྱན་ཆེན་པོ་བཞི་དང་བཅས་པ། ཡེ་ཤེས་ཀྱི་རང་བཞིན་ལས་གྲུབ་པ། རྡོ་རྗེའི་ཐོག་ཕུབ་པ། ཟག་པ་མེད་པའི་ཕིབ་ཆེན་པོས་བཏིབས་ཤིང་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་ཏོག་འབར་བ་དང་བཅས་པར་བྱིན་གྱིས་རླབས་སོ། །དེ་ནས་འཇིག་རྟེན་པའི་གདན་ཁྲིའི་རྟོག་པ་དང་བྲལ་བའི་ཕྱིར་ཕོ་བྲང་གི་དབུས་སུ་ས༷་ལས་སེང་གེའི་གདན་དང་། ཤར་དུ་ཧ༷་ལས་གླང་པོ་ཆེའི་གདན་དང་། ལྷོར་བྷ༷་ལས་རྟའི་གདན་དང་། ནུབ་ཏུ་མ༷་ལས་རྨ་བྱའི་གདན་དང་། བྱང་དུ་ཁ༷་ལས་ཤང་ཤང་གི་གདན་དང་། དེ་དག་གི་སྟེང་རྣམས་དང་། ཕྱོགས་དང་མཚམས་ཀྱི་དཀྱིལ་འཁོར་གྱི་སྣམ་བུ་དང་གྲྭ་རྣམས་སུ། སྐྱོན་རྣམ་པར་དག་པའི་རྟགས་སུ་པ༷་ལས་པདྨའི་གདན་དང་། ཉོན་མོངས་པའི་མུན་པ་སེལ་བའི་རྟགས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་དང་། ཐུགས་རྗེ་ཆེན་པོས་རྗེས་སུ་བསིལ་བར་མཛད་པའི་རྟགས་སུ་ཟླ་བའི་གདན་རྣམས་བཀོད་ཅིང་སྤྲུལ་ཏེ་བྱིན་གྱིས་རླབས་སོ། །དེ་ནས་དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོས་འདི་སྐད་ཅེས་གསུངས་སོ། །ཆོས་དབྱིངས་རྣམ་དག་ཡེ་ནས་རྫོགས་པ་ལས། །འགྲོ་བའི་དོན་ཕྱིར་ཆོ་འཕྲུལ་སྐུར་བསྟན་པ། འཇིག་རྟེན་སྣོད་ཀྱི་རྣམ་པར་རྟོག་པ་ཀུན། །ཡེ་ནས་དག་པའི་གཞལ་མེད་ཁང་ཆེན་ཏེ། །མ་བཅོས་ལྷུན་རྫོགས་ལྷ་རྣམས་བཞུགས་པའི་གནས། །རྣམ་དག་གདན་དང་བཅས་པ་ངང་གིས་གསལ། །ཆེ་བའི་ཆེ་མཆོག་དཔལ་ཆེན་ཀུན་ཏུ་བཟང་། །གཉིས་མེད་རོལ་པ་ལྷ་ཡི་ཆོ་འཕྲུལ་སྟོན། །སྣང་སྲིད་ཆོས་ལ་སྐྱོན་མེད་གཞལ་ཡས་ཉིད། །རང་བྱུང་ཆེན་པོའི་ཞིང་ཁམས་དག་པ་འདིར། །བཅུད་ཀྱི་སེམས་ཅན་མཉམ་ཉིད་རྫོགས་པའི་སྐུ། །གཟུགས་སྐུ་ཞི་བའི་རོལ་པས་གང་བར་མཛད། ཅེས་གསུངས་སོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་གཞལ་ཡས་ཁང་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་གཟུགས་བརྙན་གྱི་རོལ་པ་རྣམ་པར་དག་པ་མ་འགག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་དེ་མ་ཐག་ཏུ་སྙིང་རྗེ་ཆེན་པོ་སྐྱེ་བ་མེད་པ་ལས་བྱུང་བའི་ཡི་གེ་ཨ་དེ་ཉིད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སེང་གེའི་ཁྲི་གདན་དང་བཅས་པའི་སྟེང་དུ་བབས་པར་གྱུར་ཏོ། །དེའི་འོད་ཟེར་གྱི་རྣམ་པ་ལས་གཟུགས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོས་ཏེ། འཇིག་རྟེན་གྱི་ཁམས་གྲངས་མེད་པར་སོང་ནས། འགྲོ་བ་ཐམས་ཅད་དག་པའི་ས་ལ་བཀོད་སྟེ། དེ་ཡང་ཁ་ཅིག་ཏུ་ནི་ཆོས་ཀྱི་སྐུས་འགྲོ་བའི་དོན་མཛད་དོ། ཁ་ཅིག་ཏུ་ནི་ལོངས་སྤྱོད་རྫོགས་པའི་སྐུས་འགྲོ་བའི་དོན་མཛད་དོ། ཁ་ཅིག་ཏུ་ནི་སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་དོ། །ལ་ལ་ནི་བྱང་ཆུབ་སེམས་དཔའི་སྐུས་འགྲོ་བའི་དོན་མཛད་དོ། །དེ་བཞིན་དུ་ཁ་ཅིག་ཏུ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། ཁ་ཅིག་ཏུ་ནི་བྲམ་ཟེ་དང་། ཁ་ཅིག་ཏུ་ནི་ཁྱིམ་བདག་དང་། ཁ་ཅིག་ཏུ་ནི་ཚོང་དཔོན་དང་། ཁ་གཅིག་ཏུ་ནི་དམག་དཔོན་དང་། ཁ་ཅིག་ཏུ་ནི་སྐྱེས་པ་དང་། །བུད་མེད་དང་སྡིག་ཏོ་ཅན་དང་། བྱོལ་སོང་ལ་སོགས་པའི་གཟུགསཀྱིགཤེགསནས། སེམས་ཅན་ཀྱི་ཁམས་མ་ལུས་པར་ཟད་པར་མཛད་ནས། དེབཞིནགཤེགསཔརྣམས་ལ་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་འཕུལ་ཏེ་སླར་རང་གི་ས་བོན་ཨ་ལ་འདུས་པས། རྡོ་རྗེ་ཆེན་པོ་རྩེ་ལྔ་པའི་བདག་ཉིད་དུ་གྱུར་ཏེ། སླར་ཡང་རྡོ་རྗེ་དེ་ཉིད་ལས་གཟུགས་ཀྱི་སྐུའི་འོད་ཟེར་གྱི་རང་བཞིན་ཅན་སྔ་མ་བཞིན་དུ་སྤྲོས་ཞིང་འདུས་པ་ལས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའི་རང་བཞིན། ཕྱག་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བཟུང་བ། གཡོན་པས་དྲིལ་བུ་དཀུ་ལ་བསྟེན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རབ་ཏུ་བརྒྱན་ཅིང་འོད་འདོམ་གང་བ་དང་བཅས་པ། ཕྱོགས་སྐྱོང་བ་བརྒྱད་ཀྱི་གཞལ་ཡས་ཁང་གི་ཕྱི་རོལ་དུ་དད་ཅིང་ལྷགས་ཏེ་བསྐོར་བས་མདུན་གྱིས་བལྟས་པ། ཏིང་ངེ་འཛིན་ཡེ་ཤེས་ཀྱི་བདེ་བ་དེའི་བདག་ཉིད་ལ་དམིགས་པ་དང་མ་བྲལ་བ། ཐུགས་རྗེ་བྱམས་པའི་སྟོབས་མཉེན་ཞིང་ལྕུགས་པ། གཞན་ཡང་སྐུའི་ཆ་ལུགས་ཚུལ་མཛེས་པ་དགུ་དང་བཅས་པར་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་རིགས་ཀྱི་ཕུང་པོ་ལྔ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། །ཉིད་ཀྱི་ཐུགས་ཀའི་དབུས་ཀྱི་མདུན་ལས་ཧུ༷་མཐིང་ག་འོད་ཟེར་ཁ་དོག་སྣ་ཚོགས་པ་དང་བཅས་པ་ཕྱུང་སྟེ། ཧུ༷་མཐིང་ག་དེ་ལས་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་ཀ་ནས་ཧུ༷་ཨོ་གྲྭ་རྙི་ཧྭ་གེ་་འོད་ཟེར་ཁ་་དག་སྣ་ཚོགས་དང་བཅས་པ་བྱུང་སྟེ། །ཧུ༷་མཐིང་ནག་ལས་བཅོམ་ལྡན་འདས། སོགས་ཀྱང་བྱུང་།རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་ནས་མཛད་པའི་ཕྲིན་ལས། སེམས་ཅན་གྱི་རྣམ་པར་ཤེས་པའི་ཕུང་པོ་དག་པར་མཛད་ནས་སླར་འདུས་ནས། དཔལ་ཀུན་ཏུབཟང་པོའི་མདུན་དུ་རང་ཉིད་ཇི་ལྟ་བའི་ཡུམ་དང་ལྷན་ཅིག་ཏུ་སེང་གེའི་ཁྲི་ལ་འཁོད་དོ། །དེ་ནས་དཔལ་ཀུན་ཏུ་བཟང་པོའི་དབུས་གཙུག་ཏོར་ནས། ཨོ་དཀར་པོ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ཕྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་ནས། སེམས་ཅན་གྱི་གཟུགས་ཀྱི་ཕུང་པོའི་རང་བཞིན་དག་པར་བྱས་ནས་ཚུར་བྱོན་ཏེ། ཤར་གྱི་འཁོར་ལོའི་རྩིབས་ལ་གླང་པོ་ཆེའི་ཁྲི་ལ་རང་ཉིད་ཇི་ལྟ་བའི་ལྷ་མོ་དང་ལྷན་ཅིག་ཏུ་འཁོད་དོ། །དེ་བཞིན་དུ་དབུའི་གཡས་ཕྱོགས་ནས་གྲྭལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་ཕྱུང་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་ནས་སེམས་ཅན་གྱི་ཚོར་བའི་ཕུང་པོ་སྦྱངས་ནས། ལྷོའི་འཁོར་ལོའི་རྩིབས་ལ་རྟའི་ཁྲི་སྟེངདུ་རང་གིས་ལྷ་མོ་དང་འཁོད་པར་གྱུར་ཏོ། །ལྟག་པའི་ཕྱོགས་ནས་དྷི༷༷དམར་པོ་ལས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་བསྣམས་པ་འཇིག་རྟེན་གྱི་ཁམས་སུ་སོང་ནས། སེམས་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་དག་པར་མཛད་དེ། ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་དུ་རྨ་བྱའི་ཁྲི་ལ་རང་གིས་ལྷ་མོ་དངའཁོད་པར་གྱུར་ཏོ། །གཡོན་གྱི་ཕྱོགས་ནས་ཧྭ་ལྗང་གུ་ལས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ་འཇིག་རྟེན་གྱི་ཁམས་སུ་སོང་ནས། སེམས་ཅན་གྱི་འདུ་བྱེད་ཀྱི་ཕུང་པོ་དག་པར་མཛད་དེ་ཚུར་བྱོན་ནས། བྱང་དུ་འཁོར་ལོའི་རྩིབས་ལ་མཁའ་ལྡིང་གི་ཁྲི་སྟེང་དུ་རང་ཉིད་ལྟ་བུའི་ལྷ་མོ་དང་ལྟན་ཅིག་ཏུ་འཁོད་པར་གྱུར་ཏོ། །དེ་ནས་དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོས་འདི་སྐད་ཅེས་གསུངས་སོ། །ཀུན་བཟང་ཡངས་པ་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་རོལ་པ་སྒྱུ་མའི་སྐུར་བསྟན་པ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་མ་སྤངས་རྒྱལ་བའི་སྐུར་སྣང་བ། །གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས། །རང་དག་རང་གཞི་མཉམ་པ་ཆེན་པོ་ལས། །ཐབས་དང་ཤེས་རབ་དབྱེར་མེད་ལྷུན་གྱིས་རྫོགས། །རྒྱལ་བ་རིགས་ལྔ་ཡབ་ཡུམ་གཉིས་སུ་མེད། །ཅེས་གསུངས་སོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས་རིགས་ལྔ་རྩ་བའི་དཀྱིལ་འཁོར་བཀོད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཐུགས་རྗེ་ཡེ་ཤེས་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ཡུལ་དང་ཡུལ་དེའི་བདག་པོ་ཡངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་མ་ཐག་ཏུ། སྤྱན་དང་། ལྗགས་དང་། སྙན་དང་། ཤངས་དང་། སྐུ་དང་། ཐུགས་ཀྱི་འོད་ཀྱི་དཀྱིལ་འཁོར་ལས། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་མདོག་དཀར་པོ་རིན་པོ་ཆེའི་མྱུ་གུ་འཛིན་པ་ཕྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་སྟེ། མིག་གི་རྣམ་པར་ཤེས་པ་དག་པར་སྦྱངས་ཏེ། ཚུར་བྱོན་ནས་སྟེང་གི་ཕྱོགས་སུ་འཁོད་དོ། །དེ་བཞིན་དུ་ནམ་མཁའི་སྙིང་པོ་མདོག་སེར་པོ་རལ་གྲི་བསྣམས་པ། བྱམས་པ་དམར་སེར་ཀླུ་ཤིང་གུན་དྷི་བསྣམས་པ། སྤྱན་རས་གཟིགས་དབང་དམ།ར་པོ་པདྨ་འཛིན་པ། ཕྱག་ན་རྡོ་རྗེ་ལྗང་གུ་དྲིལ་བུ་བསྣམས་པ། །ཀུན་བཟང་དཀར་པོ་རིན་པོ་ཆེའི་སྙེ་མ་འཛིན་པ། སྒྲིབ་པ་རྣམ་སེལ་སེར་པོ་པོ་ཏི་བསྣམས་པ། འཇམ་དཔལ་གཞོན་ནུ་དམར་གསེར་པོ་ཏི་ཨུཏུལ་འཛིན་པ་རྣམས་ཕྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་ནས། སེམས་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དག་པར་སྦྱངས་ཏེ། ཚུར་འདུས་ནས་ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་གྱི་ཕྱོགས་མཚམས་དག་ཏུ་ཟླ་བ་དང་པདྨའི་སྟེང་དུ་རང་རང་གི་ཡུམ། ལྷ་མོ་ལ་ཕྱེ་དཀར་མོ་རྒྱ་གྲམ་འཛིན་པ་དང་། མུ་ལེ་སྔོན་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ་དང་། གིར་ཏི་དམར་མོ་པི་ཝང་གི་རྒྱུད་འདྲེན་པར་བྱེད་མ་དང་། ནིར་ཏི་ལྗང་གུ་གར་བསྒྱུར་མ་དང་། བདུག་པ་མ་དཀར་མོ་སྤོས་སྤྱིན་འཕྲོ་བ་དང་། མཛེས་མ་སེར་མོ་མེ་ཏོག་འཐོར་བ་དང་། གསལ་ཞབས་ཀྱིས་མཐིལ་དག་ནས། སྤྲུལ་པའི་དགེ་སྦྱོང་ཆེན་པོ་དྲུག་བྱུང་ནས་སྤྲོ་བར་མཛད་པ་ནི། དཀར་པོ་པི་ཝང་འཛིན་པ་དང་། སྔོན་པོ་གོ་ཆ་འཛིན་པ་དང་། །སེར་པོ་གསིལ་བྱེད་འཛིན་པ་དང་།མཐིང་ག་པོ་ཏི་འཛིན་པ་དང་། དམར་པོ་རིན་པོ་ཆེའི་སྒྲོམ་འཛིན་པ་དང་། ནག་པོ་མེ་དང་ཆུའི་རྣམ་པ་འཛིན་པ་དག །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་ནས། རིགས་དྲུག་ཏུ་སྣང་བའི་འགྲོ་བ་རྣམས་རང་རང་གི་སྡུག་བསྔལ་གྱི་དངོས་པོ་ཐམས་ཅད་སྦྱངས་ནས། སླར་རང་གི་གནས་སུ་ཕྱོགས་དྲུག་གི་གདན་ལ་འཁོད་པར་གྱུར་ཏོ། །དེ་ནས་ཡུམ་ཀུན་ཏུ་བཟང་མོས་འདི་སྐད་ཅེས་གསུངས་སོ། །མཉམ་ཉིད་མི་གཡོ་མཁའ་ལྟར་དག་པའི་ཐུགས། །བསམ་འདས་གཉིས་མེད་ཐིག་ལེ་ཆེན་པོ་ལས། །རོལ་པའི་ཆོ་འཕྲུལ་འགྲོ་ལ་རབ་བསྟན་པ། །སྒྱུ་མའི་ཕྱག་རྒྱ་ཅི་ཡང་ས་ལེར་སྟོན། །མིག་དང་རྣ་བ་སྣ་དང་དེ་བཞིན་ལྕེ། །ཡིད་ཆོས་གཟུགས་སྒྲ་དྲི་རོ་རེག་དང་ཆོས། །དབང་པོ་ཚོགས་བརྒྱད་དངོས་ཡུལ་མ་ལུས་པ། །མ་སྤངས་རང་དག་ཡེ་ནས་ལྷུན་རྫོགས་པ། །རྒྱལ་ཚབ་སྲས་པོ་བྱང་ཆུབ་སེམས་དཔའི་སྐུ། །བདེ་གཤེགས་གཉེས་མཛད་མཆོད་སྤྱིན་ལྷ་མོར་བཅས། །ཡབ་ཡུམ་ཐབས་དང་ཤེས་རབ་སྙོམས་འཇུག་པས། །དགྱེས་མཛད་ཆགས་པས་ཡེ་ཤེས་གཉིསསུམེད། །གཤིན རྗེབགེགས་དང་དག་པའི་པདྨ་དང་། ཁྲེས་རབ་ཆེན་པོས་མཐར་ཐུག་སར་ཕྱིན་པ། ཁྲོ་ཆེན་རྒྱལ་པོ་ཡེ་ཤེས་སྒོ་བཞིར་གསལ། །འགུགས་འདྲེན་འཆིང་བསྡོམས་རབ་ཏུ་འགྱེས་པར་མཛད། །ལྷ་དང་ལྷ་མིན་མི་དང་དུད་འགྲོ་དང་། །ཡི་དྭགས་དམྱལ་ཚོགས་འཇིག་རྟེན་མ་ལུས་པ། །ངེས་དོན་དབྱིངས་སུ་ཡེ་ནས་སངས་རྒྱས་ཀྱང་། །ཐུབ་མཆོག་སྤྲུལ་སྐུ་དགེ་སྦྱོང་བླ་ན་མེད། །ཅེས་གསུངས་སོ། །དེ་ལྟར་དཔལ་ཀུན་ཏུ་བཟང་པོས། ཞི་བ་ཆེན་པོའི་རོལ་པས་གཟུགས་དང་སྒྲའི་ཆོས་ཐམས་ཅད་སྣོད་དང་བཅུད་ཡེ་ནས་རྣམ་པར་དག་པ། ཕྱོགས་བཅུ་ཀུན་ཏུ་རྒྱ་ཡོངས་སུ་མ་ཆད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ། དག་པའི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཐམས་ཅད་རྩོལ་མེད་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་སངས་རྒྱས་སོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་བཀོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པ་རྡུལ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། སྙོམས་པར་བཞུགས་མ་ཐག་ཏུ། ཡུམ་ཀུན་ཏུ་བཟང་མོས་གླུའི་དབྱངས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡནདེབཞིན གཤེགསཀུན གྱི། །ཡེ་ཤེས་གསལ་བ་དྲི་མེད་པ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། བླ་ན་མེད་པ་བཤད་དུ་གསོལ། །ཞེས་གསོལ་པ་དང་།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཆོས་ཐམས་ཅད་གཉིས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་སེམས་ནི་ལུས་ཀྱི་རྩ་བ་སྟེ། །ལུས་ཀྱང་སེམས་ཀྱི་སྣང་བའོ། །སེམས་ཀྱང་ཚིག་ཏུ་མཚོན་པ་སྟེ། །ཚིག་ནི་སེམས་ཀྱི་ངོ་བོ་ཉིད། །ཨེ་མ་ཀུན་ཏུ་བཟང་པོ་ཉིད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་དངོས་པོ་འདི་དག་མ་སྐྱེས་ཏེ། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །ནམ་མཁའ་བཞིན་དུ་དམིགས་མེད་པའི། །བྱང་ཆུབ་སེམས་འདི་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཆོས་རྣམས་སྐྱེ་བ་མེད་པ་སྟེ། །ཡི་གེ་མེད་ཅིང་གནས་མེད་ལ། །རྟོགས་པའི་དྲུ་བ་རབ་སྤངས་པ། །བསྐྱེད་པར་བྱ་བའི་དོན་མཆོག་ཡིན། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་དངོས་པོ་དེ་དག་དངོས་མེད་དེ། །ཆོས་ཀྱི་མཚན་ཉིད་སྤང་བ་ཡིན། །བདག་མེད་ཆོས་ལས་ལེགས་བྱུང་བའི། །བྱང་ཆུབ་སེམས་ནི་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱིས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་དངོས་པོ་སྐྱེ་བ་མེད་པ་ལས། །དངོས་པོ་མེད་ཅིང་བསྒོམ་དུ་མེད། །ནམ་མཁའ་གོ་འཕང་ཐོབ་ནས་སུ། །དེ་ལྷར་དངོས་རྣམས་རབ་ཏུ་བརྗོད། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་པ་མེད། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །སངས་རྒྱས་མེད་ཅིང་བྱང་ཆུབ་མེད། །ཅེས་གསུངས་སོ། །དེ་ནས་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཁམས་དང་རིགས་དང་རྣམ་པར་ཤེས། །དབང་པོ་ཡུལ་གྱི་སྣང་བ་ཀུན། །མ་བསྒྲིབས་སྣང་བ་མེད་པས་ན། །མྱ་ངན་འདས་པའི་ས་ལ་ཕྱིན། །ཞེས་གསུངས་སོ། །དེ་ནས་རིགས་དྲུག་འདུལ་བའི་སྤྲུལ་པ་དྲུག་གི་བྱང་ཆུབ་སེམས་འདི་གསུངས་སོ། །ཨེ་མ་གཡོ་ཞིང་རྩོད་དང་འགྱུར་བ་དང་། །འདོད་དང་རྨོངས་པ་སྡུག་བསྔལ་སྤྱོད། །འདི་དག་རང་གིས་ངོ་བོས་སྟོང་། །བརྟག་ན་མྱོང་བ་ཅི་ཡང་མེད། །ཅེས་གསུངས་སོ། །དེ་ནས་ཁྲོ་བོ་ཆེན་པོ་བཞིས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་འཇིག་ཚོགས་མཐར་འཛིན་བལྟ། །ལོག་འདྲེན་བདུད་ཀྱི་མིང་བཏགས་ཀྱང་། །ཡུལ་གསུམ་མཚན་མ་མ་དམིགས་པས། །གཅད་བྱ་གཅོད་བྱེད་ཡོངས་མ་གྲུབ། །ཅེས་གསུངས་སོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། བྱང་ཆུབ་སེམས་མཉམ་པ་ཉིད་དུ་རྡུལ་དང་བྲལ་བ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་ཀུན་ཏུ་བཟང་པོས་ཉིད་ཀྱི་རྣམ་པར་འཕྲུལ་པ་རྒྱ་ཆེན་པོ་རབ་ཏུ་བསྟན་པས། ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་རབ་ཏུ་གཡོ་བར་འགྱུར་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་གང་ན་བ་དེར་གཤེགས་ནས། དཀྱིལ་འཁོར་ཆེན་པོ་མཐར་བཞུགས་པས་ནམ་མཁའི་ཁམས་ཏིལ་གྱི་གང་བུ་ས་བོན་གྱིས་གང་བ་བཞིན་དུ་གནས་པར་གྱུར་ཏོ། །དེ་ལྷར་གྱུར་མ་ཐག་ཏུ་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས། སྤོབས་པ་དང་འཛིན་པའི་བདག་ཉིད་ཅན་གྱི་ལག་ན་རྡོ་རྗེ་ཅན་ཞིག་ཕྱུང་ཞིང་མདུན་དུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འཁོར་གྱི་དཀྱིལ་འཁོར་གྱི་ལག་ན་རྡོ་རྗེལ་གཟིགས་ཏེ་ཞལ་འཛུམ་པར་མཛད་དོ། །འཛུམ་པ་དེ་མཛད་མ་ཐག་ཏུ་ལག་ན་རྡོ་རྗེས་དེ་ཉིད་སྟན་ལས་ལངས་ཏེ། རྡོ་རྗེ་གསོར་ཞིང་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་མཛད་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་རྒྱུ་མ་འཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་ཀྱི་དགོངས་པ་གང་གི་སླད་དུ་གཟིགས་པ་དང་འཛུམ་པར་མཛད། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཐུགས་རྗེ་ཆེན་པོས་རྗེས་སུ་གཟིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སྟེ། །འཁོར་རྣམས་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན། །རྡོ་རྗེ་སྙིང་པོ་ལ་སོགས་པའི། །ཐེ་ཚོམ་ཀུན་ནས་བསལ་བའི་ཕྱིར། །དེ་ནི་ངེས་པར་རབས་བཤད་བྱ། །ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་པ་པོའང་ང་ཉིད་ཡིན། །ཆོས་དང་སྲིད་དང་ཞི་བ་ཀུན། །ཐམས་ཅད་ང་ཡི་རང་བཞིན་ཡིན། །དེ་བཞིན་བཅིངས་དང་གྲོལ་བ་དང་། །དོན་དམ་ཀུན་རྫོབ་སྣང་དང་མཉམ། །གཟུགས་དང་སྒྲ་དང་མཐོང་དང་ཐོས། །མཐའ་དང་མཐའ་མིན་དབུས་ཀྱང་ང་། །ཡེ་ཤེས་ཐིག་ལེ་ང་ཡིན་ཏེ། །དཀྱིལ་འཁོར་འཁོར་ལོའང་ང་ཉིད་དོ། །ཇི་ལྟར་ང་ཡི་དཀྱིལ་འཁོར་ནི། །སྤྲུལ་དང་བསྒོམ་དང་བྲི་བ་དང་། །རིན་ཆེན་རྣམས་ཀྱི་བརྩིག་ལ་སོགས། །དེ་ཉིད་དུ་ནི་འཇུག་པ་དང་། །དམ་ཚིག་ཚུལ་བཞིན་ནོད་པ་དང་། །ཏིང་འཛིན་བསྒྲུབས་ལ་བརྩོན་པ་དང་། །བསྐྱོད་པའི་བརྟུལ་ཞུགས་བླ་མེད་པས། །མཆོག་དང་ཐུན་མོང་ཕུན་ཚོགས་ཀྱི། །དངོས་གྲུབ་ཆེན་པོ་སྒྲུབ་པ་དག །ཚེ་འདི་ཉིད་ལ་རྙེད་པ་ཡི། །སྐྱེ་བོ་སྣོད་དང་ལྡན་པའི་རིགས། །ཕྱི་མའི་དུས་ན་འབྱུང་འགྱུར་བ། །དེ་དག་མཐོང་ནས་རབ་དགའ་སྟེ། །རྒོད་དང་བལྟ་དང་འཛུམ་པས་བཟུང་། །ང་ནི་སྙིང་རྗེའི་རང་བཞིན་པས། །སྐལ་བར་ལྡན་ལ་དངོས་གྲུབ་སྟེར། །དད་མོས་ལྡན་ལ་༄༅ འབེབས་པར་བྱེད། །བརྩོན་པར་སྤྱོད་དང་ལྷན་ཅིག་གནས། །འདུས་པའི་ཚོགས་རྣམས་མ་ལུས་པ། །བློ་ཡི་ཐེ་ཚོམ་བསལ་གྱིས་ཉོན། །ཞེས་བཀའ་སྩལ་ཏོ། དེ་ནས་དེ་བཞིན་གཤེགས་པ་དེ་དག་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དང་། གཞན་ཡང་འཁོར་འདུས་པ་དེ་དག་ཐམས་ཅད་ཆོས་ཀྱི་གསུང་བདུད་བརྩི་ལྟ་བུ་ཉན་པར་འདོད་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དཔལ་ཆེན་ཀུན་བཟང་རྡོ་རྗེ་འཆང་། །རིགས་ཀུན་བདག་པོ་རིགས་ཀྱི་གཙོ། །ཉིད་ཀྱི་དཀྱིལ་འཁོར་ཆེ་བའི་མཆོག །རྒྱུ་འབྲས་དབྱེར་མེད་ལྷུན་རྫོགས་པ། །སྤྲུལ་དང་བསམ་དང་བྲི་བ་དང་། །རིན་ཆེན་རྣམས་ལས་བརྩིགས་པ་སྲ །གནསད་ཀྱི་ཁྱད་པར་གང་དག་ཏུ། །འཇུག་པའི་གང་ཟག་འདི་ལྟ་བུས། །ཅི་འདྲ་བ་ཡི་ཚུལ་གྱིས་འཇུག །རྟེན་པ་བཞེངས་པ་ཇི་ལྟར་མཛད། །དེར་ནི་ཏིང་འཛིན་ཅི་ཞིག་གིས། །འཇུག་པའི་རིམ་པར་ཇི་ལྟར་འཚལ། །དམ་ཚིག་སྡོམ་པ་ཅི་ཞིག་སྦྱིན། །ནུས་པར་ལྡན་ཅིང་ཕན་པ་གང་། །དེ་ཡི་བསྙེན་བསྒྲུབ་ཅི་ལྟར་བགྱི། །དམིགས་ཤིང་བསྐྱེད་པ་གང་ཞིག་ལགས། །གསང་སྔགས་དེ་ཡི་བཟླ་ཐབས་གང་། །རྫོགས་དང་རབ་རྫོགས་ཇི་ལྟ་བུ། །དེ་དང་མཐུན་པའི་སྤྱོད་པ་གང་། །དེ་དག་འབྲས་བུ་ཇི་ཙམ་ཞིག །མ་འོངས་སྐྱེས་བུ་འདུལ་དོན་དུ། །ཀུན་ཏུ་བཟང་པོས་བཀའ་སྩོལ་ཅིག །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་སེམས་དཔའ་རྡོ་རྗེ་འཛིན། །སྒྲུབ་པ་པོ་ཕན་བྱ་བའི་ཕྱིར། །ཇི་ལྟར་ཁྱེད་ཀྱིས་སྤོབས་པ་བཞིན། །རིམ་པའི་ཚུལ་གྱིས་བཤད་པར་བྱ། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བར་དགོངས་དང་གསང་བ་དང་། །རང་བཞིན་གསང་བའི་དོན་ཉིད་ནི། །སྒྲས་བཏགས་ཡིན་ནོ་མིང་ཚོགས་ལ།།བརྟེན་པའི་ཚིག་གིས་རབ་མཚོན་ཏེ།ཁོང་ནས་གབ་སྦས་དོན་འབྱིན་ཐབས། །ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟེན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། ཞེས་བཀའ་སྩལ་ཏོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས།དོན་རྗེས་སུ་བཟུང་བ་རབ་ཏུ་སྦྱོར་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཡེ་ཤེས་སྣང་བ་རྒྱན་གྱི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས།འཁོར་འདུས་པ་རྣམས་ལ་འདི་སྐད་བཀའ་སྩལ་ཏོ། །ཨེ་མ་ཆོས་ཀྱི་དོན་བྱུང་བ། །མ་འོངས་སྐྱེ་བོ་ཉོན་མོངས་ཅན། །ཟག་པའི་མདུད་པས་དཀྲིས་པ་ཡིས། །སེམས་ཅན་སྡུག་བསྔལ་བཟོད་དཀའ་བས། །གདུངས་པའི་འགྲོ་བ་ཀུན་འདུལ་ཕྱིར། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་མཆོག །མ་བཅོས་དབྱིངས་སུ་རྫོགས་པས་ན། །རྡོ་རྗེ་དབྱིངས་སུ་རབ་ཏུ་བརྗོད། །འདི་དོན་བྱེ་བྲག་བསམ་ཡས་པས། །རངབཞིནསྣངདངབྱིན་གྱིས་བརླབས། །ཡིད་ལས་བྱུང་དང་འདུ་བྱེད་དང་། །མྱུར་བའི་འདུ་བྱེད་ལས་རྣམས་ཏེ། །གསང་མཆོག་ལྷུན་གྲུབ་འོག་མིན་དུ། །རང་བཞིན་དཀྱིལ་འཁོར་ངང་གིས་གསལ། །ནམ་མཁའི་དབྱིངས་ཀྱིས་དཀྱིལ་འཁོར་དུ། །བྱིན་གྱིས་བརླབས་ཏེ་སྤྲུལ་པར་བྱ། །དུར་ཁྲོད་ཆེན་པོ་རབ་འཇིགས་ཤིང་། །མ་མོ་མཁའ་འགྲོའི་ཚོགས་གནས་ཤིང་། །རི་དྭགས་གཅན་གཟན་རྒྱུ་བ་དང་། །མི་རོ་གསར་རྙིང་ཡོད་པའི་སར། །རྣལ འབྱོར་བརྟུལ་ཞུགས་འཛིན་པའི་གནས། །ཀང་ཀ་དུར་བྱ་འདབ་ཆགས་ལྡིང་། །རིག་འཛིན་མཁའ་འགྲོ་འདུ་བའི་གནས། །དེ་ནི་ཏིང་འཛིན་དཀྱིལ་འཁོར་བསྒོམ། །གཙུག་ལག་ཁང་དང་མཆོད་རྟེན་ནམ། །དབེན་ཁང་གསར་རྙིང་གང་ཡང་རུང་། །ཡིད་དུ་འོང་བའི་ས་ཕྱོགས་དེར། །བྲིས་པའི་དཀྱིལ་འཁོར་བསྟན་པར་བྱ། །ནགས་ཚལ་ཆེན་པོའི་ཕྱོགས་དག་གམ། །རི་ཕུག་ཆུ་འགྲམ་གླིང་སོགས་གསར། །མེ་ཏོག་སྣམ་བུ་རབ་རྒྱས་ཤིང་། །བྱ་སྐད་སྣ་ཚོགས་སྒྲ་སྒྲོག་དེ། །ཡིད་འོང་དགའ་བའི་གནས་ཡིན་པས། །རྡུལ་ཚོན་ལྔ་ཡིས་དཀྱིལ་འཁོར་བརྩེགས། །དེར་ནི་སློབ་མ་བཟང་དགེ་བར། །དད་ལྡན་ཤེས་རབ་གསལ་བ་དང་། །གཡོ་སྒྱུ་སྤངས་ཤིང་གཏོང་དང་ལྡན། །རང་བཞིན་ངང་བཟང་བརྟུལ་ཕོད་ལ། །བརྩོན་འགྲུས་ལྡན་ཞིང་བརྟུལ་ཕོད་པ། །རྒྱལ་སྲས་ཚུལ་དུ་བཞུགས་པར་བྱ། །རང་བཞིན་སྤྲུལ་པ་ཏིང་འཛིན་དང་། །རས་བྲིས་རྡུལ་ཚོན་དེ་བཞིན་དུ། །ལྷུན་གྲུབ་རིག་འཛིན་ས་ལ་གནས། །རྟོག་པའི་གདེང་ཅན་དད་སེམས་ལྡན། །རིམ་པ་བཞིན་དུ་བཞུག་བྱ་སྟེ། །དེ་ལས་གཞན་དུ་དོན་མི་འགྱུར། །འདྲེན་བྱེད་བླ་མའི་མཚན་ཉིད་ནི། །ཡེ་ཤེསལྷ་ཡི་རྗེས་བཟུང་དང་། །བསྐྱེད་རིམ་ཏིང་འཛིན་དམིགས་པ་གསལ། །ལས་ཀྱི་ཆོ་ག་རྣམས་ལ་མཁས། །བསམ་པ་ཆེ་དང་ལྡན་པ་ཡིས། །དཀྱིལ་འཁོར་ཆེན་པོར་སློབ་མ་རྣམས། །རིམ་པ་ཇི་བཞིན་གཞུག་པར་བྱ། །ཡིད་འོང་གནས་སུ་ཕྱིན་ནས་ནི། །རྡུལ་ཚོན་དཀྱིལ་འཁོར་བཞེངས་པ་ལ། །ཐོག་མར་ས་ཕྱོགས་བརྟག་པར་བྱ། །སྣང་དང་སྣང་བར་མ་གྱུར་པའི། །མི་དང་མི་མིན་འབྱུང་པོའི་ཚོགས། །ཡུལ་དང་ས་ཡི་བདག་རྣམས་ལ། །ས་རིན་གཞལ་ཞིང་བསླང་བར་བྱ། །ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏེ་སྨྱོ་བི་ཤྭ་མུ་ཁེ་བྷ༷༷སརྦ་ཏད་ཁ༷་ཨུཏྣ་ཏེ་སྤ་ར་ཎ་ཨི་མ༷་ག་ག་ན་ཁ༷་གྲྭ་ཧྭ། །ཨོ་ཨུ༷༷ཧུ༷་སརྦ་ནི་རི་ཏི་གྲྭ་ཧྭ། །མ་ཧྭ་བ་ལི་ཏ་ཁུ་ཧི་ཁུ་ཧི། །ཨོ་ཨུ༷༷ཧུ༷་སརྦ་བྷ་ཏ་བུ་ག་བིསྣྲུ༷་མ་ཧྭ་བ་ལི༷་ཏ་ཁ་ཁ་ཁུ་ཧི་ཁུ་ཧི། མེ་ཏོག་ལ་སོགས་ཀྱིས་མཆོད་ཅིང་། །གཏོར་མ་རྒྱ་ཆེན་བྱིན་བརླབས་ནས། །བརྟན་མ་འབྱུང་པོ་བགེགས་ཀྱི་ཚོགས། །མ་ལུས་པ་ནི་མཉེས་པར་བྱ། བདེན་པས་བྱིན་རླེབས་བཀྲ་ཤིས་བརྗོད། །དེ་རྗེས་ས་རྣམས་དག་བྱས་ཏེ། །ཤིང་སོགས་རྡོ་སོགས་བསལ་བྱ་སྟེ། །ཚད་ལྡན་སྟེགས་བུ་རབ་ཏུ་བསྟར། །སྙིང་ཉིད་སྙིང་པོས་བྱིན་གྱིས་བརླབས། །བ་ཡི་ལྔ་དང་བདུད་རྩི་ལྔ། །རབ་ཏུ་སྦྱར་བས་ཆག་ཆག་གདབ། །རྡོ་རྗེའི་སྲད་བུའི་ཐིག་གདབ་སྟེ། །དང་པོ་ནམ་མཁར་དགོངས་ཐིག་གདབ། །དེ་ནས་ས་ཐིག་རིམ་པ་བཞིན། །དགུ་དགུའི་བདག་ཉིད་བཅོ་བརྒྱད་དུ། །ཆ་ཡི་རྣམ་པ་ལེགས་པར་བགོ །ཁྱད་པར་དཀྱིལ་འཁོར་ཐིག་གདབ་པ། །ཕྱི་དང་ནང་དུ་དབྱེ་བར་བྱ། །རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །རང་གི་རིགས་ཀྱི་ཐིག་གདབ་བོ། །དེ་ནས་རིན་ཆེན་སྣ་ཚོགས་ལྔ། །བསྲེག་སྦྱངས་བཀྲུས་པའི་སྙིང་པོ་ཡིས། །དག་པར་བྱས་ཏེ་སོ་སོར་ཡང་། །རིག་གི་ས་བོན་བཀོད་པ་ལས། །སོ་སོའི་རིགས་སུ་བསྐྱེད་པར་བྱ། །ཡེ་ཤེས་བཀུག་སྟེ་གཉིས་མེད་མཆོག །བསྟོད་ནས་རབ་ཏུ་དགྱེས་པར་བྱ། །སྔོན་པོ་སེར་དམར་ལྗང་གུ་ཉིད། །ཤར་ལྷོ་ནུབ་བྱང་རིགས་ཡིན་ཏེ། །དབུས་ནི་ཤེལ་གྱི་སྙིང་པོའོ། །དཀར་སྔོ་སེར་དམར་ལྗང་གུ་ཉིད། །བརྩིགས་པ་ལྔ་ལ་གོ་རིམ་བཞིན། །ཀུན་གྱི་ཕྱིར་ནི་མཐིང་གའོ། །དྲ་བ་ཕྱེད་དང་ཕ་གུ་དང་། །དར་བུ་ཁད་དང་བར་འཁྱམས་རྣམས། །ལེགས་པ་ཉིད་དུ་བསྐོར་བར་བྱ། །ཀ་བ་བརྒྱད་དང་འཁོར་ལོ་བཅས། །ཕོ་བྲང་འཁོར་ལོ་དེ་བཞིན་ཏེ། །རྟ་བབས་དང་ནི་ཏྭ་ར་ན། །ཆོས་ཀྱི་འཁོར་ལོ་གདུགས་དང་བཅས། །ཕྱི་རོལ་རྡོ་རྗེ་མེ་འོད་འབར། །འཇིག་རྟེན་པ་ཡི་འཁོར་ཡུག་ནི། །ཀུན་ནས་རབ་ཏུ་བསྐོར་བ་བྲི། །སྐུ་གསུང་ཐུགས་ཀྱི་མཚན་མ་དགོད། །ལྡ་ལྡི་ཟ་ར་ཚགས་ཀྱིས་བརྒྱན། །མཚོན་ཆ་ཕུར་པ་རྣམས་ཀྱང་དགོད། །ཕྱོགས་མཚམས་ཀུན་ཏུ་ངས་བཤད་པའི། །རྒྱན་མཛེས་རིག་པ་རྣམས་ཀྱིས་བརྒྱན། །བླ་མའི་མན་ངག་ཐོབ་པ་ཡིས། །བློ་དང་ལྡན་པར་ཉེ་བར་བསྟན། །ཞེས་བཀའ་སྩལ་ཏོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་རབ་ཏུ་བཤད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཐུགས་རྗེའི་འོད་ཟེར་གྱིས་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རྣམ་པར་དག་པའི་རིམ་པ་ཡིས། །སློབ་མ་བཞག་པའི་ཆོ་ག་བཤད། །འཇུག་པ་ཡི་ནི་སྔོན་རོལ་དུ། །རྫས་དང་བདག་པོ་སློབ་མ་རྣམས། །ཚུལ་བཞིན་དུ་ནི་སྟ་གོན་བྱ། །མཎྜལ་བྱི་དོར་བྱས་པ་ལ། །དྲིས་བྱུག་མཛེས་པའི་མཚན་མ་དགོད། །སྟོང་དང་སྙིང་རྗེ་རྒྱུ་སྨོས་ནས། །ཕྱི་ཡི་འབྱུང་བ་རིམ་བཞིན་བསྐྱེད། །གཞལ་ཡས་ཁང་པ་རྫོགས་པར་བསྒོམ། །གདན་སྟེང་དཀྱིལ་འཁོར་བདག་པོ་བསྐྱེད། །དབྱིངས་ནས་སྤྱན་དྲངས་དབྱེར་མེད་བསྟིམ། །མཆོད་པའི་ཚོགས་ཀྱིས་མཉེས་པར་བྱ། །བསྙེན་ཅིང་བསྟོད་དང་གསོལ་བ་གདབ། །དཀྱིལ་འཁོར་བ་དང་དཀྱིལ་འཁོར་བདག །གཞན་ཡང་ཕྱོགས་བཅུར་བཞུགས་པ་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །ཁྱེད་རྣམས་ལ་ནི་མཆོད་པ་དང་། །སློབ་མ་ཀུན་ལས་ཕན་གདགས་ཕྱིར། །བདག་མིང་འདི་ཞེས་བྱ་བ་ཡིས། །སང་ནི་དཀྱིལ་འཁོར་བྲི་ལགས་ཀྱིས། །གནས་འདིར་སངས་རྒྱས་ཀུན་བཤེགས་ཏེ། །བྱིན་གྱིས་རློབ་ཅིང་དབང་བསྐུར་མཛོད། །དེ་ནས་རིན་ཆེན་ལས་བྱུང་བའི། །བུམ་པ་མཛེས་པ་དག་བྱས་ནས། །རིན་ཆེན་སྨན་འབྲུ་སྙིང་པོ་དྲི། །ཤིས་པའི་རྫས་བྲིས་ཆུ་ཡིས་དགང་། །ལྷ་ཡི་གྲངས་དང་མཉམ་པར་དགོད། །སོ་སོའི་ཡུམ་དང་ལྷ་བསྐྱེད་དེ། །གཉིས་མེད་སྤྱན་དྲངས་འཛབ་བསྙེན་འབུལ། །དེ་དག་འོད་ཞུ་བདུད་བརྩིར་བསྒྱུར། །རྒྱ་ཆེན་བུམ་པ་དགང་བར་བྱ། །དཀྱིལ་འཁོར་ཆེན་པོར་འཇུག་འདོད་པའི། །སློབ་མའི་ཚོགས་རྣམས་མདུན་དུ་བཞུགས། །པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །བླ་མ་ཆེ་ལ་གསོལ་བ་གདབ། །དཔའ་བོ་ཐུགས་རྗེ་ཆེས་གཟིགས་ནས། །དང་པོ་སྐྱབས་མགོན་སྒྱིན་བྱ་ཞིང་། །དེ་ནས་སེམས་སྐྱེད་སྡོམ་པ་དཔོག །དེ་ནས་ཐེག་མཆོག་གསང་སྔགས་སུ། །གཞུག་ཕྱིར་སེམས་རྒྱུད་སྦྱང་བར་བྱ། །དང་པོར་ཕྱག་བྱ་མཆོད་པ་དབུལ། །བཤགས་ཤིང་རྗེས་སུ་ཡི་རང་ཞིང་། །འབྲས་བུའི་ཐེག་པའི་སྐྱབས་གསུམ་བླང་། །དེ་ཉིད་ལས་ནི་སེམས་བསྐྱེད་བྱ། །དགེ་བ་འབྲས་བུའི་ཐེག་པར་བསྔོ། །རྡོ་རྗེ་ཡོལ་བའི་ནང་དུ་དྲང་། །དག་བྱེད་ཤིང་ལ་འབྲུ་གསུམ་གྱིས། །བྱིན་གྱིས་བརླབས་ཏེ་དོར་བྱས་ནས། །མཐོང་ལྟས་ཕྱོགས་ཀྱི་ཕྲིན་ལས་བརྟག །ཉེས་པར་གྱུར་ན་ཆོ་ག་བསྐྱར། །དེ་ནས་སྲུང་སྐུད་རང་གི་ཚད། །ལྷ་མོས་སྔགས་ཀྱིས་བྱིན་རླབས་ཏེ། །ཕོ་མོ་གཡས་གཡོན་དཔུང་པར་བཅིང་། །དེ་ཡིས་བར་ཆད་བགེགས་རྣམས་འཇོམས། །དག་བྱེད་ཙྭ་ཡི་ཆུན་པོ་ནི། །བདུད་རྩི་དྲི་ཡི་སྔགས་བཟླས་པ། །མཐོང་ཕྱིར་སྔས་དང་གདན་དུ་སྤྱིན། །གནོད་པ་ཟློག་ཕྱིར་སྐྱོར་ཆུ་བླུད། །སྒྲ་བསྒྲག་རྒྱལ་མཚན་བ་དན་འཕྱར། །གངས་རི་ལ་སོགས་བསྟོད་ནས་ཕྱིན། །རྟེན་བཟང་མཐོང་ཞིང་སེམས་མ་ཞུམ། །སྤྲོ་དགའ་དང་བཅས་བཟང་ཞིང་དགེ །གཞན་ཡང་ལུས་བཀྲུས་རྒྱུན་དབབ་དང་། །གྲུ་གཟིངས་ལ་སོགས་ལམ་བཟང་འགྲོ། །བཞོན་པ་བཟང་དང་བར་སྣང་འགྲོ། །འོད་ཆེན་མཐོང་དང་རིན་ཆེན་རྙེད། །ལུང་སྟོན་ཆེ་བ་བརྗོད་པ་ནི། །དགེ་བའི་རྟགས་སུ་ངས་ལུང་བསྟན། །དེ་ལས་བཟློག་པའི་རྟགས་རྣམས་ཀུན། །ངན་པར་བཤད་དེ་གང་མཐོང་ཡང་། །ཚོགས་བསགས་དག་པའི་དོན་ལའང་། །བསྐྱར་ཞིང་ལྟ་བའི་ཆོ་ག་བྱ། །དེ་ལྟར་རབ་ཏུ་བརྟགས་ནས་ནི། །བླ་མ་དཔལ་ཆེན་ཉིད་ལ་བཤད། །དེ་སྟེང་དགེའོ་ཞེས་སྨྲ་ན། །རྨི་ལམ་ལ་བརྟེན་དངོས་གྲུབ་བླང་། །མི་དགེའི་སྨྲ་ལ་སྤྱིན་བསྲེག་བྱ། །གསང་སྔགས་ཆོ་ག་རྣམས་ཀྱིས་བཟློག །འདི་ནི་སྟ་གོན་ཆོ་ག་སྟེ། །ཀུན་ཏུ་བཟང་པོ་ང་ཡིས་བཤད། །དེ་ལྟར་སློབ་མ་རྒྱུད་སྦྱངས་ནས། །དཀྱིལ་འཁོར་ཆེན་པོར་གཞུགས་པའི་ཕྱིར། །བསོད་ནམས་ཚོགས་ནི་སྔོན་འགྲོ་བས། །ཏིང་འཛིན་རིམ་པ་རྫོགས་བྱས་ལ། །རྡུལ་མཚོན་དཀྱིལ་འཁོར་དམིགས་པས་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་། །གཉིས་མེད་བསྟིམ་ཞིང་མཆོད་པས་མཆོད། །བསྟོད་དེ་སོ་སོའི་སྔགས་བཟླས་ནས། །སློབ་མའི་མིག་ལ་བརྡ་བྱས་ཏེ། །མཆོད་བསྟོད་གསོལ་བས་རྒྱུད་སྦྱངས་ནས། །སེམས་བསྐྱེད་རིགས་ཀྱི་སྡོམ་པ་བཟུང་། །དམ་ཚིག་བསྒྲགས་ཤིང་བྲོ་བོར་ལ། །ཡེ་ཤེས་སེམས་དཔའ་སྙིང་ལ་དབབ། །ཨོ་ཨུ༷༷ཧུ༷་ཨ་ཝེ་ཤ་ཡ་ཨ་ཨ། དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས། །ཕྱག་རྒྱ་དང་ནི་མཆོད་བསྟོད་བྱ། །དེ་ནས་མེ་ཏོག་ཕྲེང་བ་དག །དཀྱིལ་འཁོར་གྱིས་ནི་དབུས་དག་ཏུ། །གཙོ་བོའི་སྤྱི་བོར་རབ་ཏུ་གཏོར། །དེ་ཉིད་བླངས་ཏེ་མགོ་ལ་བཅིངས། །གདོང་གཡོག་བརྡ་ཕྱེད་དཀྱིལ་འཁོར་བསྟན། །ཞེས་བཀའ་སྩལ་ཏོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སློབ་མ་འཇུག་པའི་ཆོ་ག་བཤད་པའི་ལེའུ་སྟེ་བདུན་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་ཆེན་པོའི་སྡོམ་པ་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །དཀྱིལ་འཁོར་འདིར་ནི་གང་བཞུགས་པས། །སྲུང་ཞིང་སྡོམ་པར་བྱ་བ་དག །སྤྱི་དང་ཁྱད་པར་ལྷག་པ་ཡི། །རྣམ་པར་དབྱེ་བས་བཟུང་བྱ་སྟེ། །སོ་སོར་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོངས་སྤྱི་ཡི་དམ་ཚིག་ཡིན། ཁྱད་པར་བྱེ་བྲག་བསྲུང་བྱ་བ། །རྩ་བར་གྱུར་པ་བཞི་དག་དང་། །ཡན་ལག་ཉི་ཤུ་རྩ་ལྔ་སྟེ། །ཇི་ལྟར་སྨོན་དང་འཇུག་པ་ཡི། །བྱང་ཆུབ་སེམས་གསུམ་བསྒོམ་པ་ཡིས། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །རང་ཉིད་ཡི་དམ་ལྷ་ཚོགས་ཀྱི། །སྔགས་དང་ཕྱག་རྒྱ་རབ་འཛིན་པ། །དུས་ཀུན་ཏུ་ནི་རྒྱུན་མི་གཅོད། །རྡོ་རྗེ་གསུང་གི་དམ་ཚིག་ཡིན། །རྒྱུད་བཀྲོལ་དབང་བསྐུར་དེ་ཉིད་བསྟན། །བླ་མ་ཉིད་དང་ལྷན་ཅིག་འགྲོགས། །ལུས་ངག་ཡིད་ཀྱི་བསྐུར་བ་ནི། །རྡོ་རྗེ་སྐུ་ཡི་དམ་ཚིག་གོ། །གཞན་ཡང་སྐུ་གསུང་ཐུགས་རྣམས་ཀྱི། །བྱེ་བྲག་ཕྱེ་བ་གསང་བའི་སྣོད། །བལྟ་ཟབ་སྤྱོད་པ་བསླབ་པ་དང་། །མིང་གཟུངས་རྟོགས་པ་གྲུབ་པའི་རྟགས། །དུས་རྣམས་ཀུན་ཏུ་གསང་བར་བྱ། །བསྒྲུབ་གནས་རྫས་དུས་གྲོགས་རྣམས་ནི། ཁྱད་པར་དེ་ཉིད་དུས་སུ་གསང་། །གཞན་ཡང་སློབ་དཔོན་མཆེད་དང་ལྕམ། །གསང་བ་སྒྲགས་དང་གནས་སྐབས་དང་། །དེ་ལྟར་འོས་པ་ཤིན་ཏུ་གསང་། །གསང་བར་བྱ་བ་འདི་རྣམས་ཀྱང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ །སྦྱོར་སྒྲོལ་མ་བྱིན་ལེན་པ་དང་། །རྫུན་དང་ངག་བརླང་བརྗོད་པ་རྣམས། །ཐབས་མཆོག་ངེས་པས་ཟིན་པ་ཡིས། །གནས་སྐབས་གསལ་བར་ཤེས་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ། །རང་བཞིན་༄༅། ཁྲེས་པས་མི་སྤངས་ཏེ། །རང་རིག་ཡེ་ཤེས་ཉིད་ཡིན་ནོ། །དྲི་ཆེན་དྲི་ཆུ་ཤ་ཆེན་པོ། །པདྨ་བྱང་ཆུབ་སེམས་ཀྱི་ཆུ། །བདུད་བརྩི་དམ་ཚིག་རྫས་ཆེན་ལྔ། །རྡོ་རྗེ་འཛིན་པས་དག་པར་བླངས། །སངས་རྒྱསརྡོ་རྗེ་སེམས་དཔའ་དང་། །རིན་ཆེན་འབྱུང་ལྡན་འོད་དཔག་མེད། །དོན་ཡོད་པ་དང་རྣམ་སྣང་རྫས། །ཡེ་ཤེས་ལྷ་ཡི་རང་བཞིན་ཏེ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་རུ་རབ་ཏུ་བསྒྲུབ། །ས་དང་ཆུ་དང་མེ་དང་རླུད་། །ནམ་མཁའི་ཁམས་གཟུགས་ཚོར་བ་དང་། །འདུ་ཤེས་འདུ་བྱེད་ཚོར་བ་དང་། །མིག་སོགས་འཛིན་དང་དེ་ཡུལ་ལྔ། །རྒྱལ་བ་ཡབ་ཡུམ་བྱང་ཆུབ་སེམས། །མཆོད་པའི་ལྷ་ཡི་ཚོགས་སུ་བསྒྲུབ། །གཞུང་དོན་ལྷག་པའི་དམ་ཚིག་ནི། །རབ་ཏུ་ལྷག་པར་བསྲུང་བར་བྱ། །གཅན་གཟན་རྒྱལ་པོའི་ཁྲི་མི་བཤིག །ཟ་མ་ཏོག་ཏུ་དུག་མི་བླུག །རིན་ཆེན་ལྕུགས་ཕྲན་མི་བསྲེག་ཅིང་། །ཞུན་ཁོལ་ལྟ་བུ་མི་བ་་སྟེ། །པདྨའི་ཟེའུ་འབྲུ་ཁ་མི་གསེད། །བུག་རྡོལ་སྣོད་དུ་བཅུད་མི་བླུག །དོན་དང་མི་ལྡན་རྫས་མི་སྟེར། ཁྲེལ་སྒོངའདམ་དུ་བསྣུར་མི་བྱ། །མ་དག་སྣོད་དུ་དག་པ་མིན། །ཡིད་བཞིན་ནོར་བུ་མི་བསྲེག་སྟེ། །ཁྱུང་ཆེན་གཤོག་པའི་ཡ་མི་དབྲལ། །གནམ་ལྕགསཨུར་མོའི་མཚོན་མི་གདབ། །གཅན་གཟན་དགོད་པའི་ལྷག་མི་སྤྱད། །རྡོ་རྗེའི་བྲག་ཆེན་མི་ཞིག་ཅིང་། །ར་བ་དྲ་བའི་མཚམས་མི་དྲལ། །སྒྲོན་མ་རླུད་གིས་བསད་པ་མིན། །ཡེ་ཤེས་ཆུ་རྒྱུན་གཅད་པ་སྤངས། །བཀའ་རྟགས་ཕྱག་རྒྱ་མི་འཕྱི་ཞིང་། །རྡོ་རྗེ་ཕ་ལམ་མཁར་མི་བཟློག །གཙུག་གི་ནོར་བུ་སྨ་མི་དབབ། །འདི་དག་བསྲུང་བར་བྱ་བ་སྟེ། །ལྷག་པར་གཅེས་པའི་ཚིག་ཡིན་ནོ། །འདི་དག་ལེགས་པར་བསྡམ་འགྱུར་ན། །སྐྱེ་བ་འདིར་ཡང་ནད་མེད་ཅིང་། །ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །གསང་སྔགས་ནུས་པ་མྱུར་འགྲུབ་ཅིང་། །དགོངས་པ་ཟབ་མོ་རྟོགས་པ་དང་། །གསང་བ་ཆེན་པོའི་སྣོད་དུ་འགྱུར། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་མ་ལུས་འགྲུབ་པ་སྟེ། །བདུད་ལས་རྒྱལ་ཞིང་མངོན་འཚང་རྒྱ། །དེ་བས་རབ་ཏུ་འབད་པས་བསྲུང་། །འདི་ནི་གཅེས་པར་གཟུང་བར་བྱ། །གལ་ཏེ་དམ་ཚིག་ལས་འདས་ན། །འཇིག་རྟེན་འདིར་ཡང་ཚེ་ཐུང་ཞིང་། །ནད་དང་སྡུག་བསྔལ་མང་བ་དང་། །འཁོར་དང་ལོངས་སྤྱོད་དང་འབྲལ་ཞིང་། ཡིད་ལ་འདོད་པ་མི་འགྲུབ་སྟེ། །བརྩམ་པ་ཕྱིན་ཅི་ལོག་ཏུ་འགྱུར། །གལ་ཏེ་ཚེ་ཡི་དུས་བྱས་ནས། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བཤད་པར་དེ་འགྱུར་ཞིང་། །བསྐལ་པ་བསམ་ཡས་སྡུག་བསྔལ་མྱོང་། །དེ་བས་རྣལ་འབྱོར་ཆེན་པོ་རྣམས། །འདི་ལ་མི་མྱོང་མི་བསམ་སྟེ། །ཉམས་པར་ངེས་པའི་རྟགས་མེད་ན། །རྡོ་རྗེ་དམྱལ་བ་ཞེས་བྱ་བ། །ངན་འགྲོ་མ་ལུས་ཆེས་ལྷག་པའི། །སྡུག་བསྔལ་ཚད་བཤད་མི་ལང་ཞིང་། །ཐར་ཞེས་བྱ་བ་སྲིད་མ་ཡིན། །དེ་ཕྱིར་དད་བརྩོན་སྐྱེས་བུ་ཡིས། །བཟློག་པའི་གཉེན་པོ་མྱུར་དུ་བསྟེན། །དེ་ཡིས་ཡོན་ཏན་ཀུན་ལྡན་ནས། །རྡོ་རྗེ་འཆང་བ་ཉིད་དུ་འགྱུར། །ཞེས་བཀའ་སྩལ་ཏོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། དམ་ཚིག་དང་སྡོམ་པ་རབ་ཏུ་འབྱུང་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཐམས་ཅད་རྣམ་པར་རྒྱལ་བ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་གཞན་ཡང་རབ་བཤད་པ། །ཕྱག་རྒྱ་ཆེ་ལྡན་རྣལ་འབྱོར་པས། །བསྐྱེད་དང་རྫོགས་དང་ཆེན་པོ་ཡི། །ལམ་ལ་འཇུག་པར་འདོད་པ་ལ། །རིམ་པ་དབང་བསྐུར་སྦྱིན་པར་གསུངས། །རང་གི་དེ་ཉིད་དབབ་བྱས་ཤིང་། །བསྲུང་བྱ་ཁས་ལེན་ནུས་པ་ལ། །ཕྱི་ནང་གསང་བ་རྒྱལ་ཐབས་ཀྱི། །དབང་བསྐུར་དམ་པ་བསྩལ་བྱ་བ། །ཕྲིན་ལས་འདོད་པའི་ཕྱོགས་དེ་མྲ ཁྲི་སྟན་བཟང་པོ་བཤམས་པ་ལ། །རྡོ་རྗེ་སློབ་དཔོན་དེ་བཞུགས་ཏེ། །དབང་སྟེགས་བཟང་ལ་སློབ་མའོ། །དང་པོ་ཕྱི་ཡི་བུམ་པ་ཡི། །རྫས་ཀྱི་དབང་བསྐུར་བྱ་བ་ནི། །ཁ་རྒྱན་མགུལ་མཆིང་བཟུང་ཐག་དང་། །སྤོས་སྨན་འབྲུ་དང་རིན་པོ་ཆེ། །སྙིང་པོ་རྣམས་ཀྱི་རྫས་ཀྱི་དབང་། །བཀྲ་ཤིས་རྫས་དང་ཡོ་བྱད་བདུན། །དབུ་རྒྱན་སྙིང་པོ་ཕྱག་རྒྱ་དང་། །སྐུ་གསུང་ཐུགས་ནི་རྒྱན་གྱི་དབང་། །རྡོ་རྗེ་དྲིལབུམེཏོགདང། །ཕྲེངབ་གོ་ཆ་ཡོ་བྱད་དོ། །གདན་ཁྲི་གདུགས་དང་རྒྱལ་མཚན་དང་། །ཉན་ཅིང་འབྲི་དང་བཤད་པ་དང་། །སྒྲུབ་པ་བདག་པོའི་དབང་ཡིན་ཏེ། །བསྒྲུབ་བྱ་ཆུ་ཡི་རྣམ་པ་གཉིས། །ངོ་བོ་ལྷར་བསྒོམ་གསལ་བ་སྟེ། །གཙོ་ཆེན་རིགས་ལྔ་ཡུམ་དང་བཅས། །སེམས་པ་བརྒྱད་དང་སེམས་མ་བརྒྱད། །སྤྲུལ་པ་དྲུག་དང་ཁྲོ་བོ་རྣམས། །ནང་དུ་དག་པའི་གནས་སྦྱར་ནས། །ཕུང་པོའི་དཀྱིལ་འཁོར་རྫོགས་པའི་དབང་། །ལྷ་རྒྱུད་བརྡ་ཐབས་བྱིན་རླབས་ཀྱིས། །འདི་ལས་མི་འདའ་ངོ་སྤྲོད་པ། །ལམ་དང་ཆོ་གའི་ཁྱད་པར་རོ། །འདོད་པའི་ཡོན་ཏན་ལོངས་སྤྱོད་དང་། །མཐོང་ཐོས་ཚོར་མྱོང་རེག་པ་དག །དེ་ཡི་རང་བཞིན་ལོངས་སྤྱོད་ཤེས། །རང་གི་གནས་སུ་གྲོལ་བ་དང་། །རིགས་ཀྱི་ངོ་བོ་དམ་ཚིག་རྫས། ཁྲ་ལྔ་དྲི་གསུམ་ཁུ་བ་གཉིས། །རང་གྲོལ་སྤང་བླང་མེད་པ་དང་། །བྱང་ཆུབ་སེམས་དཔའི་སྡོམ་པ་ཆེ། །སྤྱོད་པ་ནུས་པ་དབང་ཡིན་ནོ། །དབང་པོ་ལྔ་ཡི་མངོན་ཤེས་དང་། །མཚན་རྟགས་ཡེ་ཤེས་ལྔ་ཡི་དངོས། །དངོས་སུ་གྲུབ་པ་ནང་གི་དབང་། །འདི་དག་དབང་པོ་ཡུལ་དང་བཅས། །དམིགས་པ་རྫས་ཀྱི་གཟུགས་བརྙན་བསྟན། །ཆེ་བའི་ཡོན་ཏན་བསྟོད་ཚིག་སྒྲ། །རྣ་བར་བརྗོད་པ་ཐོས་པའོ མིང་ཚིག་རྟོག་པ་སྣ་དང་ལྕེ། །ཡིད་ཀྱིས་སྨོན་ཅིང་བསམ་པ་ལ། །གནང་ཞིང་ངེས་པ་ཐོབ་པ་ཡིས། །དངོས་པོར་འཛིན་པའི་དྲི་མ་གསལ། །ཕན་ནུས་བྱེད་པ་དབང་ཞེས་བྱ། །ནང་དུ་བསྟན་པ་ཉིད་ཡིན་ནོ། །ཐབས་དང་ཤེས་རབ་དབང་གི་དངོས། །དོན་དམ་ཀུན་རྫོབ་འཁོར་བ་དང་། །མྱ་ངན་འདས་སོགས་ལྷོས་པའི་ཆོས སོ་སོར་འཛིན་པ་དེ་བསལ་ལ། །གཉིས་མེད་ཡེ་ཤེས་རྟོགས་བྱའི་ཕྱིར། །རྡོ་རྗེ་ལུས་ཀྱི་ནུས་པའི་ཆོས། །ཚེ་གཅིག་སྦྱོར་བ་སྟོན་པ་དེ། །བློ་ཆུང་ཤེས་རབ་དམན་པ་དང་། །སྐལ་མེད་དོན་ལ་གསང་བས་ན། །ཕྱིར་བརྗོད་བུད་མེད་སྒྱུ་མའི་ལུས། །སུམ་ཅུ་རྩ་གཉིས་ཡོན་ཏན་ལྡན། །ཁྱད་པར་རླུད་གིས་བསྐྱོད་པའི་གནས། །གསུམ་དང་གསུམ་ཉིད་སྟེང་དང་འོག །རྩ་བར་གྱུར་པ་ཡན་ལག་རྣམས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱང་། །ལྷ་དང་བྱེད་པ་པོར་གནས་པའི། །བསྐྱེད་དང་རྫོགས་པ་རབ་སྦྱོར་བ། །རིམ་གྱིས་འཛིན་པའི་སྔོན་འགྲོ་དང་། །དངོས་སུ་གྲུབ་དང་སྙོམས་འཇུག་གིས། །བདེ་ཞིང་གསལ་བས་མི་རྟོག་པ། །རྣམ་པར་ཤེས་ཚོགས་རང་བཞིན་གྱིས། །འོད་གསལ་ངང་དུ་གནས་པ་དེ། །མཐོང་ཞེས་བརྗོད་མེད་ཡུལ་དང་བྲལ། །རང་ལས་གཞན་དུ་མ་ཡིན་པ། །ལྟོས་འགྲོའི་གཙུག་ནས་ནོར་བུ་དེ། །བླངས་ཏེ་མཆོད་ཅིང་ལོངས་སྤྱོད་ན། །ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར། །དེ་ལྟར་བསྟན་པས་བྱང་ཆུབ་ཆེ། །བླ་ན་མེད་པ་རྫོགས་པའི་དབང་། །རང་རིག་ཐབས་ཀྱི་རྒྱལ་པོ་ཡིན། ཁེས་རབ་སྐད་ཅིག་སྦྱོར་བ་ཡིས། །ཀུན་ལ་ཁྱད་པར་བཀུར་བྱ་སྟེ། །ཨེ་མ་རང་བྱུང་བཅོམ་ལྡན་འདས། །ཀུན་ཏུ་བཟང་པོ་ཆོས་ཀྱི་དབྱིངས། །མ་སྐྱེས་རྒྱུ་ལས་མ་འགགས་རྐྱེན། །བྱང་ཆུབ་སྙིང་པོ་བདེ་བ་ཆེ། །རང་གིས་རིག་ཅིང་རང་གིས་མཐོང་། །རྟོགས་ཤིང་ཐོབ་པ་འདི་ཁོ་ན། །གཞན་ན་ཡོད་ཅིང་ཚོལ་བ་མེད། །མ་བསྒྲུབས་དེ་ཉིད་སར་རྫོགས་པའོ། །དེ་ནི་འབྲས་བུ་རྫོགས་པའི་དབང་། །འདི་རུ་མ་རྫོགས་གང་ཡང་མེད། །ཐེ་ཚོམ་སོམ་ཉིས་འགྲུབ་པ་མིན། །སྐད་ཅིག་མ་ཡི་ཡུལ་ཡིན་ནོ། །མ་འོངས་དུས་ཀྱི་སྐྱེས་བུ་དག །མ་ཞབྲུལ་མྱུར་དུ་རྫོགས་པའི་ལམ། །འདི་ལ་སྦྱོར་བ་གང་ཡིན་པ། །ཚེ་འདིར་བཟང་པོ་མཆོག་འགྲུབ་བྱེད། །ཅེས་གསུངས་སོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། ལམ་ཡོངས་སུ་ཉེ་བར་སྨིན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་ཕྱག་རྒྱ་ཆེན་པོ་མངོན་པར་རོལ་པ་ཡིད་ཀྱི་འཛིན་ཕུར་དབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་འདུས་པའི་ཚོགས་རྣམས་ཀུན། །འཇིག་རྟེན་རྟོག་བློས་བསྐྱིལ་བ་ཡི། །མ་རིག་མུན་པ་བསལ་བ་ཡིས། །ཐ་མལ་ལུས་ངག་ཡིད་གསུམ་པོ། །རྒྱལ་བའི་སྐུ་གསུང་ཐུགས་ཉིད་དུ། །རབ་ཏུ་མངོན་པར་རྟོགས་བྱའི་ཕྱིར། །གྲོལ་བྱེད་རིམ་པ་རབ་ཏུ་བཤད། །ང་ཡིས་སྔོན་བྱུང་སྤྲུལ་པ་ཡི། །རིམ་པ་ཆེན་པོ་དེ་བཟུང་ནས། །དབེན་པའི་གནས་སུ་མཁས་པ་ཡིས། །ཕྱག་རྒྱ་ཡོ་བྱད་བསམ་སྦྱོར་བས། །དུལ་བར་སྤྱོད་པའི་ཞི་གནས་དང་། །རང་རིག་རྣལ་འབྱོར་རབ་སྤངས་ཏེ། །བྱེད་པའི་རྒྱུ་ནི་མཐིང་ནག་ཧུ༷། །འཕྲོ་འདུ་རྟེན་གཞི་དག་པ་ཡིས། །མཆོད་བཤགས་ཡི་རང་གསོལ་བཏབ་པས། །དག་པའི་སྣོད་དུ་བྱ་བ་དགྲོལ། །བསྲུང་བྱ་སྟོང་ཉིད་སྙིང་པོ་ལས། །འབར་བའི་ས་གཞི་རབ་ཏུ་དབྱུང་། །ང་རྒྱལ་ཆེན་པོ་རབ་བསྐྱེད་དེ། །བར་དུ་གཅོད་པ་ངང་གིས་གདུལ། །ཨེ་མ་སངས་རྒྱས་ཆོས་ཀུན་གསང་། །མ་བྱུང་མ་སྐྱེས་རྣམ་དག་དབྱིངས། །ཆོས་བདག་མེད་པའི་སྟོང་པ་ལས། །མ་འགགས་པ་ཡི་ཐུགས་རྗེ་ཆེ། །དམིགས་པ་གཉིས་མེད་གཉིས་ཀྱི་བསྒོམ། །དེ་ཡི་བརྡལ་བ་བྱུང་བ་ནི། །སྐྱེ་མེད་ས་བོན་སྤྱི་གཙུག་ཏུ། །གསལ་འཚེར་ལྡན་པའི་འོད་ཟེར་གྱིས། །གནས་གསུམ་ངེས་པར་སྦྱངས་བྱས་ནས། །ཕུང་པོ་གསལ་བ་ཉིད་དུ་གྱུར། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ཡིས། །ལས་ཀུན་མཛད་པའི་ཆོ་འཕྲུལ་གྱིས། །རྟོག་པའི་རླུད་དང་ཆུ་རྣམས་ཀུན། །མི་ཤིགས་པ་དང་བདུད་རྩིའི་རྒྱ། །བརྟན་བྱེད་ཡིད་བཞིན་འབྱུང་བ་ནི། །སྒྲོལ་མ་བཱ་མ་ཀི་དང་སྤྱན། །རང་གི་མཁའ་དབྱིངས་རྣམ་པར་དག །དེ་བཞིན་དྲོད་དང་གོས་དཀར་མོ། །ཀུན་བཟང་དབྱིངས་སུ་ཁྱབ་བྱེད་བསྒོམ། །ཨེ་ཀྲོ་དྷི་ཤྭ་རི་མ་དྷ་ལ་ཧུ༷། ཨེ་ཡ༷་ཀརྨ་ཨེ་དྷ་ཏྣ་རྭ་ཡ༷། བ༷་མ་མ་ཀི་བ༷། ལ༷་བུརྙ་ཙཀྱུ་མ༷། ར༷་ས་ན་ཛ་ན་སི་ཏ་ཏ་ར༷། རིན་ཆེན་ལྔ་ཡི་རི་རབ་ནི། །༷་གྱི་སྤྲོ་བསྡུ་ལས་བྱུང་བའོ། །༷་སྟི་ཤ་སྟི་ཤུསྟེ་ཧུ༷། གཞལ་ཡས་ཁང་པ་གྲུ་བཞི་པ། །དབུས་ནས་འཁོར་ལོ་རྩིབས་བཞི་ལ། །མུ་ཁྱུད་གྲུ་ཆད་ཁྱམས་དང་བཅས། །སྒོ་བཞི་རྟ་བབས་རྒྱན་གྱིས་མཛེས། །ཨོ་སརྦ་ཙཀྲ་བཛྲ་ཧུ༷། དེ་དག་ཚིག་འདིས་བསྐུལ་བར་བྱ། །ཧུ༷་མཁའ་མཉམ་ཀློང་ཆེན་ཐིག་ལེའི་ངང་། །བྱར་མེད་ལྷུན་རྫོགས་ཉིད་ཀྱི་དབྱིངས། །བརྗོད་མེད་སྤྲོས་བྲལ་ཡུམ་གྱི་མཁའ། །སྨྲ་བསམ་ཡུལ་ལས་འདས་པའོ། །ཨོ༷་མ་ཧྭ་སུ་ཁ་ཧུ༷་ཧུ༷། མུ་མེད་བརྡལ་བའི་དབྱིངས་ཉིད་ལས། །སྣང་མེད་རིག་པའི་ངང་གིས་གསལ། །ཚོན་གང་འོད་ལས་ཐིག་ལེར་བསྐྱིལ། །ནམ་མཁའ་ལས་ནི་ནམ་མཁའ་བསྒོམ། །ཙིཉི་སྤ་ར་ཎ་ཕཊ། ས༷་ཧ་ར་ཎ་ཧུ༷། སྐྱེ་ཤི་མེད་པའི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ལ། །ཡི་གེ་མཆོག་ཏུ་བསྒོམ་པར་བྱ། །ཨ་ཀྟ་ར་ཙིཉི་སྤ་ར་ཎ་ཕཊ། ས༷་ཧ་ར་ཎ་ཧྭ༷། ཧྭ༷་རྒྱུ་ཡི་ཏིང་འཛིན་ཤེས་རབ་ལས། །ཧུ༷་དེ་ཉིད་བྱང་ཆུབ་སེམས་སུ་གྱུར། །འབྱུང་བ་ཡུམ་ལྔའི་དཀྱིལ་འཁོར་དག །བྱང་ཆུབ་སེམས་ལས་རིམ་བཞིན་བྱུང་། །ཨེ་ལས་ནམ་མཁའ་མཐའ་དབུས་མེད། །ཡ༷་ལས་རླུད་གི་དཀྱིལ་འཁོར་ཏེ། །བ༷་ལས་ཆུ་ཡི་རྦ་ཀློང་དཀྱིལ། །སུ༷་ལས་གསེར་གྱི་ས་གཞིར་ཆགས། །ལ༷་ལས་རིན་ཆེན་རི་རབ་སྟེ། །ར༷་ལས་མེ་འོད་རབ་ཏུ་འབར། །ཨེ་ཨ་སྒྱུ༷། །སྒྱུ༷་ལས་རིན་ཆེན་གཞལ་ཡས་ཁང་། །ནམ་མཁའི་དབྱིངས་དང་རབ་མཉམ་པ། །ཚུལབཞིནབྱིནགྱིསརླབས་པ་ཡིས། །གཞལ་ཡས་གསལ་བར་གྱུར་པར་བསྒོམ། །ས༷་སི་ཧ། ཧ་ཧ་སྟི་ཀ ཨ༷་ཨ་ར་ག །མ༷་མ་ར་་ད་ཉི་། །བྷ༷་བྷ་རུ་ཙ། ཡེ་ཤེས་༄༅ འབར་བའི་གཞལ་ཡས་སུ། །སེང་གེ་གླང་ཆེན་རྟ་བྱ་ཁྱུང་། །མ་མ་སྒུབྱ། ཨ་ཨ་ཙནྟྲ། པ༷་པདྨ། ར༷་རཏྣ། ཉི་ཟླ་པདྨ་རིན་པོ་ཆེ། གཙོ་དང་འཁོར་ལ་རིམ་བཞིན་གསལ། །བཛྲ་ཙིསྟ་མོ་ཧ་ར་ཏེ་ཛ། རྙི༷༷སྤ་ར་ཎ་ཕཊ། ས༷་ཧ་ར་ཎ་ཧུ༷། ཁམས་གསུམ་ཡེ་ཤེས་སྒྲོན་མ་ལས། །རིན་ཆེན་མཛོད་ནི་ཐིག་ལེས་བརྒྱན། །རྒྱལ་བའི་སྐུ་མཆོག་དོན་དམ་བདེ། །སྙིང་པོ་ཉི་མ་ཡིད་བཞིན་སྐུ། །ཨ་ཝེ་ཤ་ཡ་ཨ་ཨ། པྲ་བེ་ཤ་ཡ་ཧོ་ཧོ། རྡོ་རྗེ་པདྨ་གདན་བྱས་ནས། །མཁའ་དབྱིངས་ཉི་མའི་འོད་ལྟར་ཤར། །བྱང་ཆུབ་སེམས་མཆོག་མཛེས་པར་གསལ། །ཡིག་འབྲུ་མཚན་མ་རིམ་པར་བསྒོམ། །ཧུ༷་བཛྲ་དྷིཀ་མྱུ༷་དྷ་ཏི་ཤྭ་རི། ྅༷་སྟི་ཤ་སྟི་ཤུརྙི། ཧུ༷་ཏིཛི་བཛྲ། པདྨ་མ་དྷ་ལ་ཨུ༷། སྐྲུརུ་མ་དྷ་ལ་ཨོ། ས་མ་ཡ་ཧོ༷༷། ས་མ་ཡ་སྟུ༷། ར་ཧོ་ཧ༷་རྭ་ག་ཡུ་མི། ཛ༷༷ཧུ༷་བ༷་ཧོ༷༷། ཧི༷༷ཕཊ། ཨོ་ལྭ༷། སྲུ་མྱ༷། ཨུ༷་བཱ༷། ཧྭ་ཏྭ༷། ཁྲི་ཧུ༷། ཧྭ༷་ཉྭ༷། ཧྲི༷་ཧྲི། ཛི་ཨ༷༷༷། མི་ཛ༷༷། སྙི༷་ཧུ༷། ཧཱུཾ་བ༷། མྱུ༷་ཧོ༷༷། ཀྲི་ཏྲུ༷་སྲུ༷་པྲ༷་ཀྟ༷་ཡེ། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཛ༷༷ཧུ༷་བ༷་ཧོ༷་། ཨོ༷་ཛི་ན་ཇིཀ ལྭ༷་དྷི་ཥ་ར་ཏི། གྲྭ་རཏྣ་དྷིཀ །བཱ༷༷ཚེ༑་ཧ་རི་ཏི། ཨ༷་ཨུ་རོ་ལིཀ །བཱ༷་རྭ་ག་ར་ཏི། ཧྭ་པྲཙྭ་དྷིཀ །ཏྭ༷་བཛྲ་ར་ཏི། སྟི་ཧི་རྭ་ཛ་ཡ། ཧུ༷་ལྭ་པྱེ། ཏྲ༷་ཨ་གསྟེ་ཡ། ཏྲ༷་མུ་ལེ། སྙི༷༷པདྨ་བཱ་ད་མ།ཧེ༷༷གིརྟི། རྙི་ཀུ་རུ་བཱ་ཎ། ཨ༷་ནིརྟི་རྭ་ག་ཡུ་མི། མི་ཏྲི་དྷ་ར་ཁི། ཛ་ ་པེ། སྙི་ནིསྤ་ར༷་བྷ་ཡ། ཧུ༷་པྲརྫེ། ཧུ༷་སྭ་རྭ་ཛུ་ཡ། བ༷་དི་པ། མྱུ༷་ཤི་ཨུ༷་རྭ་ག་ཡ། ཧོ་གརྙེ། མུ་ནེ་ཀྲེ། མུ་ནེ་ཧུ༷་དྲུ༷། མུ་ནེ་སྲུ༷། མུ་ནེ་པྲ༷། མུ་ནེ་ཀྟ༷། མུ་ནེ་ཡེ། ཨོ་ཡ་མྱརྙ་ཀྲིཏ། པྲ་རྙོརྙ་ཀྲིཏ། པདྷརྙ་ཀྲིཏ། བིསྒྱུརྙ་ཀྲིཏ་ཧྲུ༷་ཕཊ། བཛྲ་ཨ༷་ཀུ་ཤ་ཛ༷༷། བཱ་ཤ་ཧུ༷། སྤྲོ་ཊ་བ༷། ཀྟཎྜ་ཧོ༷༷། ཧི་སྤ་ར་ན་ཕཊ། ས༷་ཧ་ར་ན་ཧུ༷། ཕྱག་རྒྱའི་དཀྱིལ་འཁོར་རྫོགས་པ་དང་། །དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །ཡེ་ནས་རྒྱལ་བའི་དཀྱིལ་འཁོར་སྣང་། །བཛྲ་ས་མ་ཡ་ཛ༷༷ཧུ༷། དམིགས་མེད་མཁའ་ལྟར་དག་པའི་སྐུ། །ཡེ་ཤེས་དབྱིངས་ནས་གཤེགས་སུ་གསོལ། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལྷ། །བདག་ལ་དགྱེས་ནས་ཐིམ་པར་བཞུགས། །དབྱིངས་ཀུན་རྣམ་པར་དག་པ་ལས། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་རྒྱལ་བའི་ཚུལ་བཞུགས་ཏེ། །མཉམ་པའི་ངང་དུ་རྟོགས་གྱུར་ན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཕྱག་རྒྱའི་སྐུ་ལས་འདའ་བ་མེད། །ཕྱོགས་བཅུའི་རྒྱལ་བ་མ་ལུས་ལ། །གར་དབྱངས་མཆོག་དང་དམ་ཚིག་རྫས། །ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན། །རྫས་མཆོག་མི་ལས་འདས་པའི་ལྷ། །རྒྱལ་པོ་ཆེན་པོ་ལོངས་སྤྱོད་མཆོག །ཕྱག་རྒྱ་བཞི་དང་ཉོན་མོངས་ལྔ། །གཉིས་སུ་མེད་དང་འཆི་བ་མེད། །འདོད་པའི་ཡོན་ཏན་བདག་གིས་མེད། །བསམ་སྦྱོར་དམིགས་པ་ལས་བྱུང་བའི། །ལོངས་སྤྱོད་འབྱོར་ཚོགས་ཇི་སྙེད་ཀུན། །མ་ལུས་མཉེས་པར་བྱ་ཕྱིར་དབུལ། །སྙན་པའི་ཚིག་དང་མཐུན་པའི་དོན། །ཆེ་བའི་ཡོན ཏན མཚོན པའིརྟགས། །སྙན་པའི་སྒྲ་དབྱངས་རྣམས་ཀྱིས་བསྟོད། །ངེས་པར་གསལ་བར་གྱུར་པ་དང་། །གསུངས་དབྱངས་ངག་གི་འཕྲོ་འདུ་བྱ། །དེ་ལས་གཞན་པ་བྱ་འདོད་ན། །གཟུགས་བརྙན་དང་ནི་དབྱིངས་ཀྱི་བདག །གཙང་མའི་གཟུགས་བརྙན་གཉིས་པ་ལྟར། །གནས་སུ་གཤེགས་སམ་རིམ་གྱིས་བསྡུ། །གལ་ཏེ་བཅུ་དང་གཉིས་དང་གཅིག །བསྡུས་དང་ཤིན་ཏུ་བསྡུས་པ་ལས། །བསྐྱེད་པའི་རིམ་པ་དེ་བཞིན་བྱ། །ཞེས་གསུངས་སོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས།བསྐྱེད་པའི་རིམ་པ་རབ་ཏུ་བསྡུས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་གསུང་གི་འཁོར་ལོ་མ་འགགས་པ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས།འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་དོན་ཀུན་སྒྲུབ་བྱེད་པ། །སྔགས་ཀྱི་རྒྱལ་པོ་གསང་བ་ཆེ། །རང་བཞིན་གདོད་ནས་ལྷུན་གྲུབ་པས། །དག་པའི་གསང་སྔགས་རབ་ཏུ་བཤད། །ཧུ༷་བཛྲ་ཙིལྟི་ཧུ༷་ཧུ༷། ཨ་བཛྲ་ས་མརྙ་བྷ་དྭ་ཨ་ཨ། །ཨོ་བཛྲ་བི་རོ་ཙ་ན་ཛི་ན་ཇིཀ །ཨོ༷་བཛྲ་དྷིཀ་བཛྲ་ས་ཏྭ་ཏཱ༷། ཨོ༷་རཏྣ་དྷིཀ་རཏྣ་སསྟ་བ་ཧྭ༷། ཨོ༷་ཨུ་རོ་ལིཀ་ཨ་མི་ཏ་བྷ་སྙི༷༷། ཨོ་པྲཙྭཙྭཀ་ཨ་མོ་བྷ་སིརྙི་ཨ། ཨོ༷་མྱུ༷་དྷ་ཏི་ཤྭ་རི་ཧྭ༷། ཨོ༷་ལྭ༷་དེ་ཥ་ར་ཏི་ཧུ༷། ཨོ༷་མྱ༷་མོ་ཧ་ར་ཏི་ཧུ༷། ཨོ༷་བཱ༷་རྭ་ག་ར་ཏི་ཧུ༷། ཨོ་ཏྭ༷་བཛྲ་ར་ཏི་ཧུ༷། རྩ་བའི་རིགས་ཀྱི་སྙིང་པོའོ། །ཨོ༷་ཁྲི༷་ཧི་རྭ་ཛཧྲི་ད་ཡ་སྭ་ཧྭ། ཨོ༷་ཏྣ༷་ཨ་གརྟ་ཡ་གྲྭ་ཧྭ། ཨོ༷་སྙི༷༷ཙཀྱུ་པདྨ་བཱ་ད་མ་སྣ་ཧྭ། ཨོ༷་ཛི་ཀུ་རུ་བཱ་ཎ་ཧི༷༷སྭ་ཧྭ། ཨོ་མི་ཏྲི་དྷ་ར་ཁི་གྲྭ་ཧྭ། ཨོ་སྙི་ནིསྤ་ར༷་བྷ་ཡ་སྲུ་ཧྭ། ཨོ་བྷ་དྲ་བྷ་དྲ་ས་མརྙ་གྲྭ་ཧྭ། ཨོ་མསྣྲུ་ཤི་ཨེ་རྭ་གྭ་ཡ་སྭ་ཧྭ། ཉུ༷་ལྭ་ཕྱེ་ས་མ་ཡ་སྟུ༷། ཏྲུ༷་མྱ་ལེ་ས་མ་ཡ་ཧོ༷༷། ཧི༷༷གི་ཏི་རྭ་གོ྅ཧ༷། ཨ་ནིརྟི་རྭ་ག་ཡུ་མི། ཛ༷༷རྙུ་པེ་པྲ་བེ་ཤ་ཕཊ། ཧྭ༷་པྲསྤྲོ་ཨུ་བེ་ཤ་ཡ་ཨ་ཨ། བ༷་དི་སུགངངརྭཡངཔ་ཨ་ལོ་ཀེ་བ་སུ་ཀི་ནི་སྭ་ཧྭ། ཧོ་གརྙེ་ཙིསྟ་ཧོ༷༷། ཨོ༷་མུ་ནེ་ཀྲི༷་གྲྭ་ཧྭ། ཨོ་མུ་ནེ་ཏྭ༷་གྲྭ་ཧྭ། ཨོ་མུ་ནེ་སྲུ༷་གྲྭ་ཧྭ། ཨོ༷་མུ་ནེ་པྲེ་གྲྭ་ཧྭ། ཨོ་མུ་ནེ་ཀྟ༷་གྲྭ་ཧྭ། ཨོ༷་མུ་ནེ་ཡེ་གྲྭ་ཧྭ། ཨོ་བི་ཛ་ཡ་ཧུ༷་ཕཊ། ཨོ་ཡ་མྱརྙ་ཀྲིཏ་ཧུ༷་ཕཊ། ཨོ་པསྙིརྙ་ཀྲིཏ་ཧུ༷་ཕཊ། ཨོ༷་བིསྣ༷་ཏ་ཀྲིཏ་ཧུ༷་ཕཊ། ཨོ་བཛྲ་མ་ཧྭ་ཀྲོ་དྷི་ཤྭ་རི་ཛ༷༷། ཨོ༷་རཏྣ་ཀྲོ་དྷི་ཤྭ་རྡི་ཧུ༷། ཨོ་པདྨ་ཀྲོ་དྷི་ཤྭ་རྡི་བ༷། ཨོ༷་ཀརྨ་ཀྲོ་དྷི་ཤྭ་རྡི་ཧོ༷༷། ཨེ་རྒྱེ་ཧི་བྷ་ག་ཝན་མ་ཧྭ་ཀྭ་རུ་ཁི་ཀ་མ་ཧྭ་བུརྙ་པ྅་བོ་དྷི་ས་ཏྭ་མ་ཧྭ་ཀྲོ་དྷ་མུ་ནེ་ས་མ་ཡ་སྟུ༷། ཨུ་གསྣྲོ་ཡ་ཛ༷༷ཧུ༷་བ༷་ཧོ༷། པདྨ་མཎྜ་ལ་ཧུ༷། ཨ་ཏི་པུ་ཧོ༷༷། པྲ་ཏིསྣྲོ་ཧོ༷༷། ཨོ༷་ཨུ༷༷ཧུ༷་སུ་ར་ཏ་པི་པ་ཀ་མ་ལ་ཧ་ར་ཎ་པྲ་ཏིསྣྲོ་བ་ལི༷་ཏ་པྱུ་ཛ་ཧུ༷་ཁ་ཁ་ཧུ༷། ས་མ་ཡ་ཤུདྷ༷༷སིརྙི་སིརྙི་ཧུ༷། རྡོ་རྗེ་དམ་ཚིག་ཆེན་པོ་ཡི། །གསང་སྔགས་ལས་ཀྱི་དེ་བཞིན་ཉིད། །མ་ལུས་ལས་ཀྱི་དངོས་གྲུབ་སྟེ། །ཡང་དག་རྫོགས་པའི་གསང་ཚིག་གོ །བདག་ཉིད་དམ་ཚིག་རབ་གསལ་བའི། །སྙིང་པོ་ཚོན་གང་དེ་ཡི་དབུས། །གསལ་བའི་དཀྱིལ་འཁོར་ཕྲ་མོའི་འོད། །རྡོ་རྗེའི་ཡི་གེ་ཤིན་ཏུ་འཕྲ། །ཨོ༷་སྟོ་དྷི་ཙིལྟི་མ་ཧྭ་སུ་ཁ་ཙྭ་ན་དྷ་ཏུ་ཨ༷༷། ཞེས་པས་བསྐོར་བར་བསམ་ལ་བཟླས། །དེ་ཉིད་ཡེ་ཤེས་འོད་ཟེར་ནི། །ཉི་མའི་དཀྱིལ་འཁོར་གསལ་བ་བཞིན། །ཕྱོགས་བཅུ་ནམ་མཁའི་མཐའ་ཁྱབ་སྤྲོས། །ཡུལ་གསུམ་སྒྲིབ་པ་མ་ལུས་བྱང་། །ཐམས་ཅད་ཡེ་ཤེས་སྤྱོད་ཡུལ་ཏེ། །རིག་པ་འཛིན་པ་རྣམས་ཀྱི་དོན། །ཉན་ཐོས་ཞི་འགོག་ས་ལས་བགྲོལ། །མྱུར་འགྲོ་ཐབས་ཀྱི་དོན་ལ་བཙུད། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། ཁྲེས་བྱ་བག་ལ་ཉལ་བ་ཡི། །སྒྲིབ་པ་མ་ལུས་རྡོ་རྗེ་ཡི། །ས་བཅུ་ཏིང་ངེ་འཛིན་གྱིས་སྦྱངས། །འཕགས་པའི་ཐུགས་དམ་དབྱིངས་ནས་བསྐུལ། །བདེ་གཤེགས་མཁའ་འགྲོ་ཚོགས་བཅས་ཀྱིས། །རིགས་ཀྱི་གཙོ་བདག་ཉིད་དུ་དགོངས། །འོད་ཟེར་བཅས་པ་སླར་འདུས་པས། །གནས་དབུས་ས་བོན་མཆོག་ལ་ཐིམ། །བརྟེན་པ་དེ་ཉིད་ལ་ཁྱབ་པས། །གནས་གསུམ་དེ་ཉིད་དག་པར་བསྒོམ། །ཕྱི་རོལ་བཟླས་པའི་སྦྱོར་བའོ། །ཡབ་ཡུམ་གསལ་བའི་སྐུར་བསྒོམས་ཏེ། །མཁའ་གསང་བྱིན་རླབས་སྦྱོར་བའི་ཚུལ། །བཟླས་པས་ཤེས་རབ་སེམས་དབུས་ནས། །དེ་ཉིད་ཐབས་ཀྱི་གནས་དེ་མྲ །མཐིང་ནག་ཡི་གེ་འབྲུ་ཚད་སྤྲོས། །དངོས་པོ་སྦྱངས་ཏེ་བཛྲའི་གཟུགས། །རྩེ་ལྔའི་དབུས་སུ་གསལ་བའི་དཀྱིལ། །ཨོ༷་ཞེས་བྱ་བ་དཀར་པོ་བསྒོམ། །ཐབས་ཀྱི་དབུས་ནས་ཤེས་རབ་གསང། །མཁའ་ལ་ཏིལ་འབྲུ་ཙམ་དུ་སྤྲོས། །སྔར་བཞིན་མཛད་པའི་འོད་གསལ་ལས། །ཆུ་སྐྱེས་ངོས་བཞིའི་དབུས་དག་ཏུ། །སྐྱེ་མེད་བྱི་རུའི་མདོག་འདྲ་བསྒོམ། །དགུག་བཞུག་བཅིང་དང་དགྱེས་པས་བསྐོར། །རྡོ་རྗེ་ཅན་གྱི་ཕོ་བྲང་ནས། །དེ་ཡི་ལམ་ནས་ཤུ་ཀྲ་བྱུང་། །ཤེས་རབ་ཀློང་དུ་རབ་འཕྲོས་པས། །སེམས་མའི་སྦུབས་ནས་ཐབས་དཀྱིལ་ཐིམ། །འོད་ཞུ་ངག་གི་ལམ་དུ་བཞུགས། །རྩ་ཆེན་གཉིས་ནས་དེ་ལ་ཐིམ། །དགྱེས་པའི་དུས་གཅིག་བརྟེན་པར་བསྒོམ། །པདྨའི་ཁུ་བ་དམར་ལ་དངས། །རྒྱུ་བ་སྟོབས་བཅས་བསྒྲུབ་གནས་ཞུགས། །ཉི་ཤུ་བརྒྱད་ཀྱི་ལམ་ལ་བརྒྱུད། །སྐུ་ཡི་གསང་བའི་ལུང་ནས་ཕྱུང་། །མཁའ་ནས་འོད་དམར་འབབ་པ་ལས། །རྡོ་རྗེའི་སྦུབས་ནས་རླུད་དང་བཅས། །སྟེང་དུ་དྲངས་པས་བདག་པོ་གྱུར། །ནཱ་སྭ་གཡས་ནས་གཡོན་ཏུ་ཐིམ། །ཤེས་རབ་དབྱིངས་མ་རབ་ཏུ་གྱུར། །སྒྲ་དང་བཅས་པའི་ཧུ༷་གིས་དྲངས། །ཆོས་མ་བྱང་ཆུབ་སེམས་ལྡན་པས། །རླུད་ནས་རྒྱུད་པ་དེ་ལ་གསལ། །དཀར་དམར་འོད་འདྲེས་བདེ་བ་ཆེ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །འདི་ནི་ནང་ལ་དམིགས་པའོ། སྐད་ཅིག་ཏིང་འཛིན་གསལ་བསྒོམ་པའི། །ལུས་ངག་ཡིད་ཀྱི་འཇུག་པ་དང་། །སྐུ་གསུང་ཐུགས་སུ་ཤེས་པ་ཡི། །གཉིས་མེད་གསང་བ་ཤེས་པར་སྤྱོད། །རང་གི་ངང་གིས་གྲུབ་པ་ནི། །གསང་བ་རབ་ཏུ་སྦྱོར་བའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་སྒྲ་དབྱངས་རྫོགས་པ་སྟེ། །གསང་སྔགས་དགོངས་པའི་གཏིང་ཕྱུང་ནས། །རྣལ་འབྱོར་ངག་གི་ཆེ་བའོ། །ཞེས་བཀའ་སྩལ་ཏོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རབ་ཏུ་སྦྱོར་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སེམས་རྣམ་པར་དག་པའི་རང་བཞིན་གྱི་འོད་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགངས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་ཚོགས་རྣམས་ཀུན། །གསང་སྔགས་རོལ་པའི་དཀྱིལ་འཁོར་འདིར། །ཕྲིན་ལས་མཛད་པ་སྣ་ཚོགས་པའི། །ལས་ཀྱི་བྱེ་བྲག་གསུངས་པ་ཡང་། །འཇིག་རྟེན་འདས་པའི་དངོས་གྲུབ་སྟེ། །མྱ་ངན་འདས་པ་རྟོགས་མི་འགྱུར། །དེ་བས་དེ་ཉིད་རྟོགས་བྱའི་ཕྱིར། །སངས་རྒྱས་ཀུན་གྱི་གསང་ཆེན་ལམ། །རྫོགས་དང་རྫོགས་པ་ཆེན་པོར་བཤད། །འཁོར་འདས་དུས་གསུམ་ཕྱོགས་བཅུ་ཡི། །རྫས་དང་དངོས་པོ་རྣམ་པ་དག །རྣམ་ཤེས་འབྱུང་བ་ཕུང་པོ་དང་། །ཡུལ་དང་སྐྱེ་མཆེད་བསམ་པ་སྟེ། །འདི་དག་རྫོགས་པའི་རང་བཞིན་པས། །ཕུང་པོ་ལྔ་ནི་ཡབ་ལྔར་རྫོགས། །འབྱུང་བ་ལྔ་ཉིད་ཡུམ་ལྔར་རྫོགས། །རྣམ་ཤེས་ཚོགས་བརྒྱད་སེམས་དཔའ་བརྒྱད། །ཡུལ་བརྒྱད་སེམས་མ་བརྒྱད་དུ་རྫོགས། །མུ་བཞིའི་སྒོ་བཞིར་གནས་པ་སྟེ། །རྩ་བའི་ཉོན་མོངས་ཐུབ་པ་དྲུག །ཡིད་ཀྱི་བྱེད་པ་ཀུན་ཏུ་བཟང་། །ཆོས་སུ་བྱ་བ་ཀུན་བཟང་མོ། །ཡེ་ནས་མཉམ་དུ་གནས་པ་ལ། །ཕྱི་ནས་བརྩལ་ཞིང་བསྒྲུབ་ཏུ་མེད། །སྔརབཞིནདབྱིངསསུགཤེགསཔསན། །དེབཞིནགཤེགསཔཞེས་བྱ་བ། །ངོ་བོ་ཉིད་ཀྱི་བདེ་བས་ན། །བདེ་བར་གཤེགས་ཏེ་རྫོགས་སངས་རྒྱས། །མ་སྤངས་པ་ཉིད་སྤངས་པ་སྟེ། །མ་ཐོབ་པས་ན་ཐོབ་པའི་མཆོག །གཏོང་བ་དང་ནི་མཐུ་དང་བློས། །ཐེག་པ་གཅིག་གི་མཐར་ཐུག་པར། །གོ་ཆ་སྦྱོར་བ་མཆོག་ལྡན་པས། །སེམས་དཔའ་ཆེན་པོའི་རང་བཞིན་ནོ། །དེ་ཡང་སྣང་བ་ངེས་མེད་པས། །སྒྱུ་མ་ལྟ་བུའི་ལུས་ཞེས་བྱ། །རང་བཞིན་ལམ་དང་འབྲས་བུ་དང་། །སེམས་ཉིད་ཆོས་ཉིད་དེ་ཉིད་ཀྱི། །ངོ་བོ་རྟོགས་པའི་དྲི་མ་དང་། །ལས་ཀྱི་རྙོག་མ་བྲལ་བ་དག །འོད་གསལ་སྣང་བར་གྱུར་པའོ། །དབྱིངས་དང་ཡེ་ཤེས་ཐབས་ཤེས་རབ། །སྣང་སྟོང་སྲིད་དང་ཞི་བ་དང་། །དེ་ལ་གནས་དང་ལྷག་པར་མཐོང་། །མཉམ་པར་བཞག་ཅིང་རྗེས་ཀྱི་ཐོབ། །རྟོག་པ་དང་ནི་སྣོལ་བའི་ཆོས། །མ་ལུས་གཉིས་མེད་སྦྱོར་བ་ཡི། །མཉམ་ཉིད་ཟུང་དུ་འཇུག་པར་འགྱུར། །དབྱེར་མེད་དེ་ལ་གནས་པས་ན། །རྫོགས་པའི་རྣལ་འབྱོར་ཞེས་སུ་བརྗོད། རྟེན་པའི་གཞི་ནི་གཞལ་ཡས་ཁང་། །ལོངས་སྤྱོད་མཆོད་པའི་ཚོགས་ཆེན་པོ། །ཕ་མ་བུ་དང་བུ་མོ་ནི། །ཡབ་ཡུམ་སྲས་དང་སྲས་མོ་སྟེ། །ཕྱི་ནང་འཁོར་ནི་ཉེ་དུ་དང་། །བྲན་འབངས་མངག་གཞུག་ལ་སོགས་ཡིན། །དང་པོ་ཉིད་ནས་རྫོགས་པས་ན། །ཆེན་པོའི་རྫོགས་པ་ཞེས་བྱ་སྟེ། །སྣང་བ་སྣ་ཚོགས་སྤྲུལ་པའི་སྐུ། །རྟོག་པ་ལོངས་སྤྱོད་རབ་རྫོགས་ཏེ། །མི་རྟོག་ཡེ་ཤེས་ཆོས་སྐུར་རྫོགས། །འདི་ལ་མ་རྫོགས་ཞེས་བརྗོད་པའི། །སྐལ་མེད་དེ་དག་འཁོར་བར་ལྟུང་། །དེ་བས་རྫོགས་པའི་ཚུལ་ཤེས་པས། །རྣལ་འབྱོར་སེམས་དཔའ་ཆེན་པོ་ནི། །གནས་གསུམ་སྦྱོར་བ་ཅི་འདྲ་ཡང་། །ངོ་བོ་ཉིད་ཀྱིས་སྐུ་གསུམ་རྫོགས། །ཏིང་འཛིན་དམིགས་པའི་གདེང་ཐོབ་པས། །དེ་དག་མྱུར་དུ་མངོན་དབྱུང་ཕྱིར། །རིག་པའི་སྤྱོད་པ་མངོན་དབྱུང་བྱ། །སྔོན་བཞིན་སྤྱད་པར་བྱ་བ་སྟེ། །དང་པོར་སྤྱོད་པའི་རྣལ་འབྱོར་གྱིས། །ཕལ་པའི་འཇིག་རྟེན་མི་མཐུན་ཕྱོགས། །རང་ལ་གནོད་པ་གཞན་ལ་སྤང་། །ཕན་པའང་དེ་བཞིན་བསྒྲུབ་པར་བྱ། །སངས་རྒྱས་རྣམས་ནི་ཕན་གནོད་བྲལ། །མ་རུང་བཀྲེན་དང་འཁྲུག་པ་དང་། །དབང་དང་བག་མེད་ལོག་ལྟ་ཅན། །ཆགས་དང་ཞེན་པ་ཡོངས་མི་འདོར། །དེ་ཉིད་མཆོག་ཏུ་གྱུར་ལ་སྤང་། །འཕགས་པ་སྙིང་རྗེའི་གནས་མིན་ཏེ། །ལམ་གྱི་གྲོགས་སུ་ག་ལ་འགྱུར། །རློམ་སེམས་ཁེ་གྲགས་ཕན་ཡོན་དང་། །ཕྲག་དོག་ཅན་དང་དབང་མེད་འགྱོད། །བསམ་པའི་དྲི་མས་འབགས་པ་མིན། །གནས་དང་སྣང་བ་གནོད་པའི་ཡུལ། །རང་བཞིན་བསྒྲུབ་པ་མྱོང་བའི་རྒྱན། །བཟོད་ཅིང་མ་ཆགས་གདོན་དང་བཅས། །དཀའ་བ་སྤྱོད་ནུས་སྤྱོད་པའི་གྲོགས། །དུས་འདིར་མ་རུང་མ་ཕན་ཅིང་། །འཁྲུལ་པའི་གནས་ངན་ཡུལ་ཡིན་ནོ། །ཐབས་དང་རྣམ་འཕྲུལ་མ་དག་བལྟ། སྟོང་པ་སྙིང་རྗེ་ཅན་སྦྱོར་ཞིང་། །རླབས་ཆེན་འཇུག་པ་ཕ་རོལ་འདས། །ཀུན་རྫོབ་བདེན་པའི་དག་པའོ། །དུས་གསུམ་དོན་ཡོད་བཅས་པ་དང་། །ཕྲ་མོའི་རྣལ་འབྱོར་ཡོངས་སུ་རྫོགས། །འཚོ་བ་བདུད་རྩི་བཞིན་དུ་སྤྱད། །དྲན་དང་ཤེས་པ་བག་ཡོད་བསྟེན། །དགེ་དང་སྡིག་པའི་བྱེད་པ་བགྲང་། །བསྔོ་བྱ་གཅིག་ལས་གཞན་དུ་མིན། །སྒྱུ་མ་སྒྲ་བརྙན་རྨི་ལམ་བཞིན། །བདག་དང་དངོས་པོ་སེམས་ཅན་དག །དབྱེ་བ་མེད་ཅིང་ཡོངས་མ་གྲུབ། །གུས་ཤིང་མ་འདྲེས་ལྟོས་པ་མེད། །ཉོན་མོངས་མེད་པར་སྦྱད་པ་ནི། །ཐུན་མོང་ཆོས་སུ་སྤྱོད་པའོ། །དམན་པའི་བདེན་འབྲས་མི་སྨོན་ཅིང་། །གཅིག་པུར་གཞི་ལ་མི་གནས་པ། །ཡུལ་གསུམ་དག་པར་སྦྱོར་བ་སྟེ། །མ་ལུས་དབྱེ་བ་མེད་པའོ། ཁྱད་པར་འདི་ཡི་སྤྱོད་པ་ནི། །དཀྱིལ་འཁོར་གསུམ་དང་མཆོད་པ་ལྔ། །འདོད་པའི་ཡོན་ཏན་མ་ལུས་པ། །རྩ་བ་ཡན་ལག་བཅས་པ་དག །རང་གི་དེ་ཉིད་ཡོངས་ཤེས་པས། །རྫོགས་པར་ལོངས་སྤྱོད་དེ་ཉིད་དོ། །བརྟུལ་བཞུགས་སྣ་ཚོགས་གང་འཛིན་པའི། །སྐྱེས་བུ་དམ་པའི་རྗེས་སུ་ཞུགས། །ཕྱི་དང་ནང་གི་གསང་གྱུར་དང་། །རབ་ཏུ་གསང་བའི་དུས་དག་ཏུ། །རང་གི་སྤྱོད་པ་ཡོངས་མི་འདོར། །མཁན་པོ་སློབ་དཔོན་ལྷ་རྣམས་དང་། །ཉན་ཐོས་རང་རྒྱལ་སེམས་དཔའ་དང་། །འཇིག་རྟེན་ཕལ་པར་བཅས་པ་དག །རང་དང་ལྷན་ཅིག་ཐ་དད་མིན། །གང་དང་གང་གིས་དམིགས་པ་དེ། །མཆོག་གྱུར་སྔགས་ཀྱི་སྤྱོད་པའོ། །དེ་ལས་རྫོགས་པའི་འབྲས་བུ་ནི། །གདོད་ནས་དག་པའི་ཞིང་ཁམས་ལ། །དག་དང་མ་དག་གཉིས་མེད་ཕྱིར། །བྲལ་དང་ཐོབ་པ་མི་དམིགས་ཀྱང་། །མིང་ཚིག་ཙམ་གྱི་འབྲས་བུ་ནི། །མ་འོངས་སྐྱེས་བུ་དྲང་བ་དང་། །ལམ་དོན་བསྒྲུབ་ཕྱིར་རབ་ཏུ་གནང་། །རང་བཞིན་ཏིང་ངེ་འཛིན་དང་ནི། །ངོ་བོ་ཉིད་དང་སྤྱོད་པའི་ཚོགས། །ཡེ་ནས་རྣམ་པར་དག་པ་ལ། །འབྲས་བུ་ཞེས་སུ་བཤད་པ་སྟེ། །བསྒྲུབ་ཅིང་རྩོལ་བ་ག་ལ་ཡོད། །མཚན་ཉིད་མཚན་གཞི་སྤྲོས་དང་བྲལ། །མཚན་དང་དཔེ་བྱད་གཟུགས་སྣ་ཚོགས། །ཐ་དད་མཐོང་བ་འབྲས་བུ་སྟེ། །གྲུབ་པའི་དངོས་པོ་ཡོད་མ་མྱོང་། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུ། །འོག་མིན་གསང་བའི་ཕོ་བྲང་སྣང་། །ཞིང་གི་བཀོད་པ་སྣ་ཚོགས་དག །མེད་པ་ཉིད་ཀྱིས་ཕྱོགས་བཅུར་ཁྱབ། །ལྔ་དང་བརྒྱད་དང་དྲུག་སོགས་ཀྱི། །རྣམ་པར་ཕྱེ་དང་མྱོང་བ་དང་། །སྣ་ཚོགས་རིགས་ཀྱི་འཁོར་ལོའི་ཚོགས། །རྟོགས་པ་རང་བྱུང་ངོ་བོའི་ལུས། །སྐྱེ་འགག་རྟག་ཆད་འགྲོ་དང་འོང་། །ཡོད་མེད་མཐའ་ལས་རབ་འདས་ཤིང་། །གདོད་ནས་གནས་དང་སྒོམ་པ་ཡིས། །ཞིང་དང་ཚོམ་བུ་འཁོར་ལོ་དང་། །ཐབས་དང་ཤེས་རབ་གཅིག་ཉིད་ཀྱིས། །བརྟགས་ཤིང་སྣང་བ་ཙམ་དུ་འགྱུར། །མཆོག་གྱུར་དམན་དང་བར་མའི་སྐུ། །སྣ་ཚོགས་ལས་ཀྱང་སྣ་ཚོགས་ཏེ། །རིགས་དང་མཐུན་པའི་བདག་ཞེན་པས། །ཆེས་ལྷག་ཡུལ་དུ་གྱུར་པ་ཡིན། གནས་སྐབས་མཐར་ཐུག་དུས་དང་ཐབས། །ཐུན་མོང་ཁྱད་པར་ཡོངས་སུ་འབྱུང་། །མ་ལུས་པ་དང་མ་ནོར་བའི། །རང་དང་གཞན་གྱི་སྣང་བ་ཡི། །ཡོད་དང་མེད་པའི་མཐའ་འཛིན་པ། ཁོ།ས་དང་མི་ཤེས་རྟོག་པ་སངས། །དེ་ལ་སྒྲིབ་བྱེད་ཁོ་ནའི་དངོས། །སྡིག་ཏོ་ལས་ཀྱི་དྲི་མ་དག །རྩ་བ་ཡན་ལག་བཅས་པ་ཡི ལས་ཀྱི་མཐའ་ཡིས་དེ་མི་མཐོང་། །བསླབ་ཅིང་བསྡོམ་པ་བསྲུང་ལས་རྣམས། །དམན་པའི་ལས་ལ་ཆེར་ལྷག་པ། །ཉོན་མོངས་པ་ལས་རང་དགའ་བ། །ཐར་མེད་གནས་ཀྱི་སྒྲིབ་པའོ། །ཏིང་ངེ་འཛིན་དང་སྤྲུལ་པ་དང་། །སྡུག་བསྔལ་བྱེད་པ་ཐ་དད་དང་། ཁོརྐོས་བྱ་ཡུལ་དང་ཡུལ་ཅན་དང་། །མཐོང་དང་བསྒོམ་དང་རྟོག་པ་ཡིས། །གཉེན་པོ་རིམ་གྱིས་སྟོབས་གྱུར་པ། །དེ་ཉིད་ཀྱིས་ཀྱང་མཐོང་མི་ནུས། །ཀུན་རྫོ་བ་དོན་དམ་རང་བཞིན་ཤེས། །བདེ་བ་དང་ནི་སྡུག་བསྔལ་གྱི། །ངོ་བོ་མངོན་དུ་རྒྱུ་ལས་མིན། །བག་ལ་ཉལ་གྱི་རྣམ་པ་ཡང་། །བལྟ་བའི་ཆོས་ཀྱི་དེ་མི་མཐོང་། །གཟུགས་བརྙན་མཐོང་དང་མ་བསམ་དང་། །མཉམ་ཉིད་རབ་ཏུ་རྟོགས་པ་དག །བྱ་བ་རྗེས་བསྒྲུབ་སྐུ་གསུང་ཐུགས། །ཕྲིན་ལས་སྔོན་འགྲོ་རྗེས་སུ་བྱེད། །དུས་གསུམ་ཀུན་ཏུ་མ་ཆགས་ཤིང་། །ཐེག་པ་མེད་ལ་བསྟན་དུ་མེད། །མ་བསྒྲུབས་པ་ཡིས་ལྷུན་གྱིས་བསྒྲུབས། །མ་བལྟས་པ་ཡིས་མཐོང་བ་སྟེ། །མ་ལུས་མཁས་པས་ཐོབ་པའོ། །ཤེས་དང་ཤེས་བྱ་སྐད་ཅིག་མ། །གཡོ་ས་པ་མེད་པར་ངང་གིས་གནས། །མ་བསགས་མ་ཐོབ་དམན་པ་སྤངས། །མ་བརྟགས་མ་ཤེས་མཐར་ཐུག་སྟེ། །འདུ་བྲལ་མེད་པ་༄༅ འབྲས་བུ་མིན། །ཞེས་བཀའ་སྩལ་ཏོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ལས། སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་བྱ་བ་འབྲས་བུ་མཐར་ཕྱིན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ནས། ཉིད་ཀྱི་སྐུ་གསུང་ཐུགས་ཡུམ་དང་བཅས་པའི་བྱིན་གྱིས་རླབས་ཀྱིས་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡོངས་སུ་རྫོགས་པ་དེ་དག་དང་། དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ལག་ན་རྡོ་རྗེ་འཆང་བ་སྲས་ཀྱི་ཐུ་བོ་ཆེན་པོ་དང་བཅས་པ་རྣམས་རབ་ཏུ་དགྱེས་ཤིང་ཡིད་རང་བས་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པར་གྱུར་ནས། ཡང་ཁམས་གསུམ་པའི་དངོས་པོ་མ་ལུས་པར་སྦྱངས་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་ཐིམ་པར་གྱུར་ཏོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ནི་ཡུམ་དང་གཉིས་སུ་མེད་པར་སླར་ཡང་ཆོས་ཉིད་ཞི་བའི་ཀློང་རྣམ་པར་དག་པའི་དབྱིངས་དེ་ཉིད་དུ་མནལ་ཏེ་བཞུགས་ནས། ཕྱི་མའི་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་དག་ལ་རང་བཞིན་གྱིས་དགོངས་ནས་མི་འདའ་བ་ཉིད་དུ་མཛད་དོ། །ཞི་བ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དགོངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་སྣྲོ་བ་བི་རོ་ཙ་ན་བདག་གིས་བསྒྱུར་ཞིང་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། རྒྱ་རྒྱ་རྒྱ། དགེའོ། ། རྒྱ་གར་སྐད་དུ། ཐྲི་བྷ་ག་ལྷུན་མ་ཧྭ་ཧེ་རུ་ཀ་སྟི་རུ་མྱུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་