Ngb-pt-0917-vol-10-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(One intermediate revision by the same user not shown)
(No difference)

Latest revision as of 08:01, 20 March 2020

Front

Body

རྒྱ་གར་སྐད་དུ། ནཱ་ག་ཀ་ལ་ཏནྟྲ། བོད་སྐད་དུ། ཀླུ་ནག་པོའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡ་མ་ལག་ན་རྡོ་རྗེ་འཆང་། ཀླུའི་བདག་པོ་འཇམ་དཔལ་དཔལ་འབར་ཆེ། གཉེན་པོ་གནད་ལྡན་བས་ནཱ་ག་བཀོལ། རྡོ་རྗེ་དྲག་པོ་འབར་བ་ཆེ། །མི་ཤིགས་པས་ན་རྡོ་རྗེ་དྲག །ཚམ་རྔམ་འབར་བ་ཡང་དག་གོ །སྦྲུལ་ནག་འཁྱིལ་བའི་ར་བ་ཁྱོན། །འཇིག་རྟེན་ཀླུ་རྣམས་སྐུ་ལ་རྫོགས། ཁྱབ་བདག་ཆེ་ལ་ཡང་དག་པར། །འཆི་བདག་ནག་པོ་མགོ་དགུ་པ། །ལས་ཀྱི་གཤིན་རྗེ་རྒྱལ་པོ་དེས། ཉིད་ཀྱི་སྲོག་གི་དེ་ཉིད། སྨྲས་པ། ནཱ་ག་དུ་ན་ཧེ་ལི་ཧེ་ལི། འདུས་འདུས། འཁོར་དབང་དུ་སྡུད་པར་བྱ་བར་རིག་པར་བྱའོ། །ཨ་ཤམ་ནག་པོ་ཏི་པ་ཙ། ནཱ་ག་ཀྲོ་དྷི་ཤྭ་རི་ཏྲི་ཤམ་རྦད། ནུ་གུ་རག་ཤ་རྦད། ཏི་པ་ཙ་པ་ཙ་ཁ་ལ་བ༷་ཤ་ཏྲུ༷་ཤ་མ་ར་ན་ཛུ་ཛུ། སྲོག་གི་སྙིང་པོར་རིག་པར་བྱ། །ནག་པོ་བ༷་ཙི་རྒྱས།སྒག་ཐུལ་སྙིང་འགུལ་མྱགས་མྱགས། རྩ་བཞི་བསྐུམས་ཤན་ཤ་སྲོག་ལ་ཤན་ཐུར་སོད་གྲྭཧྭ། ཀླུ་ཡི་དུག་མདའ་ནག་པོ་སྟེ། །གསད་པའི་མཚོན་ཆར་རིག་པར་བྱ། །དེ་ནས་དེ་ཡི་འཕྲིན་ལས་དེ། །དབེན་ཞིང་ཉམ་ང་གདུག་པའི་གནས། །བྲག་དང་ཆུ་འཐབ་གནས་མཆོག་དང་། །རྩི་ཤིང་སྟུགཔོ་ཀླུ་གནས་པར། །མཎྜལ་མཉམ་པོ་ཡིད་འོང་ལ། །དྲི་སྤོས་སྨན་གྱིས་ཆག་ཆག་གདབ། །ཀླུ་གཏོར་གཏང་ཞིང་ཀླུ་མཆོད་བྱ། །དེ་རྫོགས་ཨ་ཡི་མཎྜལ་བརྩིག །དེ་ཡི་ལས་ཀྱི་འཁོར་ལོ་ཡང་། །སྦལ་ནག་ལས་ཀྱི་འཁོར་ལོ་སྟེ། །ཀ་རི་ཀའམ་རྒྱ་ཤོག་གམ། །ཏ་ལའི་ལོ་མ་གཞན་དག་ལ། །སྦལ་པའི་ལྟོ་བར་འཁོར་ལོ་བྲི། །དཀར་གཏོར་ཀླུ་གནས་རྫས་ཀྱིས་བྱུག །ཀླུ་ཡི་འཁོར་ལོ་ནག་པོ་ལ། །གཅུག་སྔགས་དག་གིས་བརྒྱན་པ་ནི། ཁོ་ར་ཁོར་ཡུམ་རིམ་པས་བརྒྱན། །ལྟེ་བར་ཨ་མུ་ཀ་ཡི་རྫས། །དེ་ལས་རྒྱུ་བྱས་ལིང་ཀ་བྲི། །སྲོག་གཞུག་ཁྲམ་ལ་གདབ་པར་བྱ། །སྦལ་ནག་འཁོར་ལོ་སྦྱར་སྟེ། །ཚོན་སྐུད་བཅིངས་ལ་བསྒྲུབ་པར་བྱ། །དང་པོ་བོད་པ་སྲོག་གི་གནད། །འཁོར་རྣམས་ལས་ལ་མྱུར་ཅིང་བོད། །གསང་སྔགས་ཡིག་དྲུག་གཉིས་ཏེ། །རྟགས་རྣམས་མ་བྱང་བར་དུའོ། །དེ་རྫོགས་སྲོག་གི་སྙིང་པོ་སྟེ། །བཅུ་གསུམ་རྩ་བ་བདུན་པ་དག །དེ་དག་དེ་ལ་གདགས་ཞེས་པ། །བཅུ་བཞི་རྩ་བ་དགུ་པའི་སྔགས། །ལས་ཀྱི་གཅོང་ཞེས་ཡང་དག་བཤད། །དེ་མཐར་བཅུ་གཉིས་བཞི་ལྡན་པ། །གསད་པ་ཞེས་ཀྱི་ཡང་དག་གོ །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ། །ཆོས་ཀྱི་དབྱིངས་དང་རང་རིག་པའི། །ཡེ་ཤེས་གཉིས་སུ་མེད་པ་ལས། །སྤྲུལ་པའི་གཤིན་རྗེ་དབུ་དགུ་པ། །ནཱ་ག་རག་ཤ་འདི་སྒོམས་ཤིག །ཁ་སྦྱར་ཡི་གེ་ཕྱིར་བསྟན་པ། །བདུད་མདའ་ལ་སོགས་རྫས་ཀྱིས་བྲབ། །རྫོགས་དང་གཏད་པའི་ལས་བྱ་བ། །རྒྱལ་པོ་རྗེའུ་དང་བྲམ་ཟེ་དམངས། །ཀུན་ལ་བྱ་བར་བཤད་ཀྱང་ནི། །འདི་ནི་གདོལ་པ་ནག་པོའི་སྔགས། །བྱང་ཕྱོགས་གནས་པ་དམངས་རིགས་ཀྱང་། །ལས་བྱེད་ཀླུ་ཡི་རིགས་སུ་བཟུང་། །གསུམ་གྱི་དབུས་སམ་གཉིས་ཀྱི་གཡས། །གཅིག་པོ་དག་ལ་འགྱུར་བ་མེད། །ཐོལ་ཐོལ་བ་ནི་མིག་ཡིན་པས། །དེ་འོག་འདོམ་གང་བཅལ་བ་ན། །གདུག་པ་ཅན་གྱི་ཁ་ཡིན་གཏད། །ཟས་དང་གྲོགས་དང་དགྲར་གཏད་པ། །དེ་ནི་བསམ་པའི་ངོ་བོར་བཤད། །ཀླུ་ལ་ལྡོག་པའི་དུས་དང་རྐྱེན། །སྔོན་དུ་ལྡོག་དང་སྦྱོར་བ་ལྡོག །ཐུག་ཕྲད་རྗེས་ལ་ལྡོག་པ་དང་། །ཕྱིས་ལྡོག་པས་ནི་ལྡོག་དུས་ཡིན། །རང་ལ་ལྡོག་ན་དགྲ་ལ་ལྡོག །བསྲུང་བ་ཙཀྲའི་དང་ལྡན་ཅེས། །སྔོན་དུ་ལྡོག་པར་བྱེད་པའི་རྐྱེན། །རང་སྔགས་བཟླས་པས་ཀླུ་རྣམས་འདུ། །དུག་ཆེན་ཀླུ་རིགས་འདི་དག་ནི། །དུག་འཇོམས་འཆི་བདག་ཆེན་པོ་བསྒོམ། །སྦྱོར་བ་ལྡོག་པ་འདི་དག་སྟེ། །འཁོར་ལོ་ཡི་གེ་དགྲ་གཟུགས་ལ། ཁ་རླངས་དྲི་དང་དྲི་མ་དག །འདྲེས་ན་རང་ལ་ལྡོག་པས་སྤང་། །ཐུགས་ཕྲད་ལྡོག་པ་གཏད་དུས་ཡིན། །ལྕགས་ཀྱི་ས་ཁ་དབྱེ་བ་ཡིན། །དེ་བཞིན་ཚོན་དང་དུག་ཤིང་དང་། །གདུག་པ་ཚེར་མ་ཅན་གྱི་མེ། །འདིར་ནི་ཤ་རུ་རྩི་སྨན་ལྡན། །དེ་ནི་ངེས་པར་བྱ་བར་བཤད། །དེས་དུག་སྤང་ཞིང་གཟའ་དང་འགྲོགས། །རྗེས་བཟློག་པར་ནི་གཅད་པར་བྱ། །ཕྱི་མིག་མི་ལྟ་ཁྲག་རྗེས་གཅད། །ལམ་ཕྱག་གོས་བྲུན་བསྐོར་བབྱ། །དེབཞིནཀླུཡིགཉེནཔོ་བསྐུལ། །ཕྱིས་ལྡོག་དགྲ་ཟད་རང་ལ་ལྡོག །ལིང་ཀ་རིན་པོ་ཆེ་དང་སྤྲག །ཡང་ན་གསོན་གཤིན་ལག་སྦྲེལ་བྱ། །དེས་ནི་ལྡོག་པ་ལྔ་དག་བསྲུང་། །དེ་ནས་ཀླུ་ཡི་རྒྱལ་པོ་དག །བསྲུང་བའི་རིམ་པ་དེ་དག་གོ །ཀླུ་ཡི་རྒྱུ་དུས་རྣམ་པ་གསུམ། །དངོས་དང་ཡིད་དང་སྤྲུལ་པའོ། །དངོས་ནི་ར་བ་བཞི་ལ་རྒྱུ། །ཡིད་ནི་འབྲིང་པོ་བཞི་ལ་སྟེ། །སྤྲུལ་པ་ཐ་ཆུང་བཞི་ལའོ། །དེ་བཞིན་ཞག་དུས་རེ་རེ་ལ། །དངོས་དང་ཡིད་དང་སྤྲུལ་པ་གསུམ། །ཚེས་གཅིག་ནས་ནི་གསུམ་གྱི་བར། །དེ་བཞིན་ཟླ་བ་རིམ་པས་ནི། །འཁོར་ལོ་ལྟ་བུར་རྒྱུ་བར་བཤད། །དངོས་ལ་གཏད་པའི་ལས་བྱ་ཞིང་། །ཡིད་རྒྱུ་བ་ལ་གཏད་ལམ་བསྟན། །སྤྲུལ་པ་རྒྱུ་དུས་གཏད་དམག་དྲངས། །ཐེབས་དང་ལྡོག་དང་འཇམ་དང་འགོར། །ཐེབས་ན་གཏང་རག་གཏང་བར་བྱ། །འབྱམས་ན་དགུག་པར་བྱ་བ་དང་། །འགོར་ན་དམག་དྲང་ལྡོག་ན་བསྲུང་། །དེ་རྟགས་སྔོན་དུ་བྱུང་བ་ནི། །ཞག་གྲངས་གསུམ་ཅུ་རྩ་བདུན་ན། །ཀླུ་ཡི་རིགས་ཚོགས་འདུ་བས་ནི། །རྟགས་རྣམས་དེ་ལ་འབྱུང་བར་བཤད། །རྣོ་མྱུར་སྲོག་གཤེད་ཡིན་པས་ན། །ར་ཧུ་ལ་དང་ཡམ་ཤུད་བསྐུལ། །དུས་ཚོད་མཚོན་ཆ་འདྲ་བས་ན། །དམངས་དང་གདོལ་པའི་དུས་ཉིད་བཟུང་། །ཞི་དྲག་རྫས་ཀྱིས་དབྱེ་བས་ན། །ཐོད་ཆེན་རྫས་སྦལ་གླང་རུ་ཡིན། །འདིརནི་སྟོབས་ཆེན་ཁྱུ་བ་སྟོ། །དམརཔོམཆོགཏུབཤདབཡིན། །ཡང་ན་ཚེ་དེ་ཁམ་པའི་མགོ །དེ་ཡང་ཤིས་པར་དཔའ་བོས་བཤད། །སྦལ་ནག་འཁོར་ལོ་ལས་བསྐུལ་བ། །ཀ་མར་ཉེ་བར་བཏུས་པ་ནི། །ཀླུ་ཡི་རྒྱལ་པོ་གསང་བ་ཡི། །བསྟོད་པ་འདི་དག་རྨད་བྱུང་ངོ་། །འཆི་བདག་ངེས་པར་གནས་བསྐུལ་བས། །བསྐལ་པ་རླུད་ནག་འཁྱིལ་པའི་དཀྱིལ་འཁོར་ནས། །རིག་པའི་རྒྱལ་པོ་འཆི་བདག་མགོ་དགུ་པ། །བདུད་ཀྱི་བདུད་ཅིག་འཆི་བདག་ཀུན་གྱི་བདུད། །དགྲ་བོའི་བདུད་དུ་འཆི་བདག་ཁྱོད་ལས་ལྷག་པ་མེད། ཁུ་ནི་རྒྱ་མཚོའི་གཏིང་དུ་རྒྱུ། །མགོ་ནི་ཀླུ་སྲིན་ཕོ་ཉར་འགྱེད། །སྐུ་ནི་རི་རབ་ངོས་ལ་བརྟེན། ཁམས་གསུམ་ཀླུ་རྣམས་དབང་དུ་སྔང། །་ལ་ནག་འབར་བའི་རལ་པ་ལ། །མཛེ་དང་ཤུ་བའི་ཚ་ཚ་འཕྲོ། །ཨ་ལི་ཤའི་སྒྲ་བསྒྲགས་པས། ཁམས་གསུམ་མ་ལུས་མཛེ་ཡིས་འགེངས། །མིག་ནས་ཁྲག་གི་བུ་ཡུག་འབེབས། །ཞལ་ནས་མེ་ཡི་ཕུང་པོ་འཐོར། །སྔ་གས་པས་བོས་ཤིང་བཅོལ་བའི་ཚེ། །གཡས་རྒྱ་སྦྲུལ་གྱི་ཞགས་པ་འདེབས། །གཡོན་ན་ནད་ཀྱི་རྐྱལ་པ་འཐོར། །ཀླུ་ཆེན་བརྒྱད་ནི་ཐུགས་ཀྱི་དཀྱིལ་ནས་འཆར། །ཀླུ་བྲན་སྟོང་ནི་ཞབས་ཀྱི་འོག་ནས་རྒྱུ། །ཀླུ་བདུད་སྟོང་ནི་སྐུ་ཡི་གཡས་ནས་རྒྱུ། །ས་བདག་སྟོང་ནི་སྐུ་ཡི་གཡོན་ནས་རྒྱུ། །ས་བདག་ཛ་ལ་སྟོང་ལ་དབང་སྒྱུར་ལ། །སྟོང་གསུམ་དགྲ་བོ་ཀུན་ལ་མཛེ་ཡི་ཁོང་། །དེ་དང་གཉིས་མེད་སྦྱོར་བའི་ཡུམ། །བུད་མེད་ལུས་ལ་སྦྲུལ་གྱི་མཇུག །རྒྱུ་ནི་བར་སྣང་ཁམས་སུ་རྒྱུ། །ཀླུ་བྲན་མང་པོས་སྐུ་ལ་བརྒྱན། །ཀླུ་ཆེན་བརྒྱད་དང་སྦྱོར་བ་མཛད། །ས་བདག་མང་པོ་ཕོ་ཉར་་་ང་ངངབྱེངངང་ངཅི་ང་འི་འགྱད། །ཞགས་པ་སྟང་ན་ཐུགས་ལ་འཆར། །ཀླུ་བྲན་སྟང་ན་གནན་གཟར་ ད། །བདུད་ཀྱ་མ་ལ་བབ་ན་ནད་ཀྱས་ཐབ། །བདུད་ཀྱ་བདུད་ ག་འགྲ་བ་ཀུན་གྱ་བདུད། །དགྲ་བ ་བདུད་དུ་ཁྱད་ལས་ལྷག་པ་མེད། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །ཕོ་ལ་བབ་ན་ཁྲམ་ལ་ཐོབ། །སྐུར་ཅིག་དགྲ་བོ་རླུད་ལ་བསྐུར། །ཡང་ན་མྱོས་ཤིང་ལྐུགས་སུ་ཆུག །ཡང་ན་མྱོས་ཤིང་འབོག་ཏུ་ཆུག །ཡང་ན་མཛེ་དང་ཤུ་པ་ཐོང་། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །གཏད་པའི་ལས་རྣམས་ཤོ་ར་རེ། །དེ་ཡིས་འཆི་བདག་བསྐུལ་བར་བཤད། །སྦལ་ནག་འཁོར་ལོ་ནག་པོའི་རྒྱུད། །་་ས་ཀྱི་ཤན་པ་བཀོལ་བའི་ལུང་། །གཏད་ཁྲམ་ལས་ཀྱི་མཐར་གཏུགས་པ། ཁྱབ་བདག་རྡོ་རྗེ་ཆེན་པོས་བཤད། །དེ་ལས་དེ་ཡི་རིམ་པར་ལྡན། །བསྟན་བསྲུང་བཀའ་ཡི་བྱ་ར་སྟེ། །བསྟན་པ་ཡུན་དུ་གནས་པར་བྱེད། །སྦལ་ནག་འཁོར་ལོ་ཞེས་བྱ་བ་ཀླུ་ནག་པོའི་རྒྱུད་རྫོགས་སོ།། །།