Ngb-pt-0968-vol-10-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 

Revision as of 07:55, 20 March 2020

Front

Body

བཤོག་ཕྱག་རྒྱ་སྙིང་ཁར་བསྟན། །སྨན་སྣ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་མེ་ཏོག་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་རླབས་ལ། །ཨོ་ཨ་ཧུ༷། ན་ག་ཡུ་ཡུ། ན་ག་རུ་ཚུ་ལ་ནི། ན་ག་ས་མ་ཡ་མ་གྲྭ་ཧྭ། །ཞེས་དམིགས་པ་ཡི་ཡན་ལག་གསུམ་པའི་རྒྱུ། །ཡི་གེ་རྩ་གཉིས་སྒྲུལ་པར་བཤད། །ཧུ༷་སྐྱེས་བདག་པོ་གཉིས་ནས་སྒྲུལ། །ཡན་ལག་ཡི་གེ་རྩ་གཉིས་ནས། །འོད་ཟེར་སྣ་ཚོགས་བདུད་རྩིར་གསལ། །ཡེ་གེ་དམིགས་པའི་གནས་ལ་བསྡུ། །བདུད་རྩིའི་བུམ་པ་བརྟན་པར་བྱ། །མཁའ་ལྡིང་རྒྱལ་པོར་དེ་ཉིད་བསམ། །དེ་ཉིད་མི་ཡི་རས་ཀྱིས་དཀྲི། །གུ་གུལ་སྨན་ནམ་ཆུ་མིག་འདི། །བདུན་བརྒྱུད་རྩད་ནས་གཅོད་ཅེས་བསྒོ། །འདི་སྐད་ཅེས་ནི་གནད་ལ་བོར། །གདུག་པ་ཀླུ་འདིས་མི་མ་སོད་ན། །ཕྱག་ན་རྡོ་རྗེ་འགོ་བོ་འགྱེས། ཁོང་ནས་སྙིང་ཁྲག་འཇིབས་པར་བྱེད། །དེ་སྐད་ཅེས་ནི་གནས་ལ་བོར་བའི་ལེའུ་སྟེ་དོན་ལྔ་པའོ།། །།དེ་ནས་མནན་པའི་ལས་འདི་གསུངས། །མཛེ་ཐོད་དམར་པོ་ཕ་མེས་ས་སྲ །མིང་དང་རུས་བཅུག་སྐུད་པ་སྔོན་དམར་དཀྲི། །བུད་མེད་ཞབས་མས་བཏུམས་ལ་ཁྱིམ་གྱི་གཏིང་དུ་སྦ། །ནུབ་སྒོར་ཁ་ལྷས་ཁྱིམ་གྱི་བདག་པོ་ལ། །བ་མར་གླང་མར་འབྲི་ཡི་ཙིསྟ་དང་། །མིང་རུས་ཆ་རྐྱེན་དང་དད་པས་བྲི། །ལྷོ་འཕྱེ་ལྕགས་སྔོན་ལྟོར་བཅུག་དང་། །ཧུ༷་གྱི་མཐར་བསྐོར་ཞིག་དང་བྱ། །ལུས་གང་འདོད་པ་འཆི་དགྱེན་བྲིས་ཏེ་སྭ། །ཨོ་ལ༷་ཧུ༷་ལ༷་བྱ༷་པ་ནན། ཏི་བྱ་ཏིསྟ། ཆེ་གེ་མོ་ལ༷་ནན། མ་ར་ནན་ཨོ་ནམ་ནམ་ཏོ་ཁམས། བེ་དུ་ཆར་ཀ་སྲ་ན་སྲ་ཁས། ན་ག་པུ་ག་ནན་ག་པུ་ན་ག་ལེན་ག་གྲྭ་ཧྭ། བདག་ལ་མི་ཚུགས་པར་བྱ་བའི་ཕྱིར། །གནོད་པས་རྡོ་རྗེ་རྒྱ་གྲམ་བསམ། །ས་སྒོ་རང་གི་དྲི་མས་རབ་ཏུ་སྦས། །མ་ཉེས་དཔང་གཟུགས་ཀླུ་སྲིན་དབང་དུ་བསྡུས། །དེ་ལྟར་བྱས་ན་ངེས་པར་རབ༷ ་གྲུབ་༼འགྱུར༽། །དེ་ནས་ཀླུའི་དྲག་སྔགས་དགོད་པའི་སྔགས་འདི་གསུངས། །ན༷ ་ག་ར་ཙ་བ་སུ་ཀི་ནི་བེ་ད།ན་ག་ར་ཙ་བ་སུ་ཀི་ནི་ཛ་ཛ། ན་ག་ནི་ན་ག་ནི་ཛ་ཛ། ཡུ་ཡུ་ཡུ་ད་མ་ནི། དམ་པ་དུ་ནི་ན་ག་ར་ཙ་བ་སུ་ཀི་ཨོ་པྲི་ཏ་སརྦ་ས་མ་ཡ། ན་ག་བི་ཙ་ག་ལོ། ན་ག་ར་ཙ་ན་ག་སུ་ན་ག །ཛ་ཧུ༷་ཛ་ཧུ༷། ཨཱོཾ་ཆེ་གེ་མོ་ས་མ་ཡ་ཛ། ཧུ༷་ན་ག་ཧུ༷་ན་ག །ཨོ་ན་ག་ར་ཙ་བ་སུ་ཀི་ཛ་ཛ། ཨ་ཨ་ད་ད་ན་ན་ཨོ་ན་ག་ར་ཙ་ཛ༷༷ཧུ༷་བ༷་ཧོ། ཆེ་གེ་མོ་ཨ་ཀརྙ་ཡ། ཨ་ཀརྙ་ཡ། ཚིན་ཡང་ཚིན་ཡང་ལེན་ཡང་ལེན་ཡང་། པྲ་ལེན་ཡང་། ན་ག་ཙི་ས་ན་ག་ཙི་ས་སྡོམ། ན་ག་པུ་ག་ལ་ན་ག་བུ་ག །ཧུ༷་ཛ་ཧུ༷་ཛ། ཆེ་གེ་མོ་མ་ར་ཡ་ཛ་ཛ། ཨ་ཧྲུ༷་ཕཊ། ན་ག་ར་ཙ་བ་སུ་ཀི་ཛ་ཛ། མ་ཛ་ཡ་ཧུ༷་ཕཊ། ཨོ༷་ལ༷་ཧྭ༷་ལ༷་བྲི་ཏི་ཤང་ནན། ཏི་ཤ་ཛ་ཏི་ཤང་ནན། ཆེ་གེ་མོ་ལ༷་ནན། ཤ༷་པ་ནན། མ་ར་ཡ་ནན། ཨོ༷་ནན་ན༷་ཏོ་ཁས། གཡེ་ཆད་ཁས། ནན་ཏི་ཁས་ས་ར་ནན། སྲ་ཁས་ན་ག་པུ་ག་ལྔ། ན་ག་ལེ་ན་ག་ལེ་སྣཧྭ། ན་ག་གྲུ་ལ་ར་སྨྱོ། དི་བཞིན་སྔགས་རྣམས་རྫོགས་པར་འགྱུར་ནས། མ་ཆེ་ན་མཛོ་ལ་མ་ར་ཡའོ། །མཛེ་ནན་གདུག་པ་ཟླ་གསང་གི་སྐབས་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་འདི། །ཟས་ངན་གོས་ངན་གནས་དུས་ངན། །གསུམ་གྱིས་དུས་སུ་ངེས་འབྱུང་གིས། །འཁོར་ཏུ་གཏོགས་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །རང་རང་དམ་ཚིག་གནས་ཤིང་ཞལ་འཆེས་པ། །ང་ཡི་དམ་ཚིག་རྗེས་སུ་བསྲུང་བར་གྱིས། །ཀུན་ཀྱང་འདའ་དང་དམ་ལས་འདའ་མི་བྱེད། །ངས་བསྟན་པ་ཡི་རྒྱ་མཚོ་འདི། །ཀུན་ཀྱང་ངའོ་དད་པས་ཞན་པ་མེད། །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་གཤིནརྗེ་གཤེད་དང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་།རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་དང་བཅས་པ། བསྟན་པ་ཐམས་ཅད་བསྲུང་བའི་མེ་ལོང་དུ་རིགས་ནས། ཕྱོགསསྐྱོངགཤིནརྗེཡབ་ཡུམ་ལ་སོགས་པ་སྡེ་བརྒྱད་ཀུན་གྱིས། འདི་སྐད་ཅེས་གསོལ་ཏོ། །ཀུན་གྱི་ཐུན་མོང་མ་ཡིན་པའི། །དཔའ་བོ་ཆེན་པོས་བཀའ་བསྩལ་པས། །མཚོན་ཆེན་འཁོར་ལོ་འབར་བ་འདི། །བསྟན་པ་ཡུན་གནས་རིན་ཆེན་མཆོག །རྣལ་འབྱོར་སྐལ་ལྡན་གཏེར་གྱི་མཆོག །གང་ཞིག་ལྡན་དང་མི་ལྡན་པའི། །ཡིད་བཞིན་མཛོད་དང་བསྲེགས་དང་བསྲེགས། །མཉེས་ལེགས་སོ། །མཚམས་མཁར་བཞིན་ནོ། །བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས། །སྤྱི་བོས་ལན་ཅིག་སྙིང་ལ་དགོད། །ཞེས་གླེངས་ཏེ་དམ་བཅས་སོ ་གླེང་བསླང་དམ་བཅས་པའི་ལེའུ་སྟེ་དོན་བདུན་པའོ།། །།དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད་རྫོགས་སོ། །བཀྲ་ཤིས།། །།དཔལ་ཧེ་རུ་ཀའི་གལ་པོ་དུར་ཁྲོད་མངོན་པར་ཕྱུང་བ་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བདེ་བ་ཆེན་པོ་དེ་ཉིད་ལ། རྒྱུད་ཀྱི་དོན་བསྡུས་པ་འདི་གསོལ་བ་བཏབ་བོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས། །ཡེ་ཤེས་དྲི་མེད་ཧེ་རུ་ཀ །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཐམས་ཅད་འདུས་པའི་ངོ་བོ་ཉིད། །གསང་བ་གསང་ཆེན་ཐུགས་ལས་བྱུང་། །མ་ལུས་གཉིས་མེད་མཉམ་སྦྱོར་བ། །དཔལ་ལྡན་རང་བཞིན་སྐྱོབ་བདག་ཉིད། །ཐུགས་རྗེས་འཁོར་བ་བདེ་སྐྱོབ་པ། །བདག་ཉིད་རྒྱུད་ཆེན་ལས་བྱུང་བའི། །དྲི་བའི་ཐེ་ཚོམ་ཞུ་བར་འདོད། །རྒྱུད་ཀྱི་དོན་ནི་ཇི་ལྟ་བུ། །གསང་བ་གསང་ཆེན་དོན་ནི་གང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གང་། །སྐུ་གསུང་ཐུགས་ཀྱི་དོན་བསྡུས་ཅི། །གཉིས་མེད་ཅེས་པ་ཇི་ལྟ་བུ། །ཡེ་ཤེས་དྲི་མེད་གང་ལ་བགྱི། །རྗེས་ཆགས་བདེ་བའི་དོན་ཅི་ཞིག །འཁོར་བ་ཐུཊ་རྗེས་ཇི་ལྟར་བསྒྲལ། །སྲོག་གཅོད་མ་བྱིན་ལེན་པ་དང་། །རྫུན་དང་འདོད་སྤྱོད་རིམ་པ་ཡིས། །རིག་པའཛིན་པ་ཇི་ལྟར་གྲོལ། །ཀུན་གྱིས་སྤངས་པའི་སྨྲས་པ་དག །སྤྱོད་པ་དངོས་གྲུབ་ཇི་ལྟར་འགྱུར། །ཆགས་པ་ཞེན་པས་འཆིང་བ་ཡི། །འདོད་ཡོན་ལྔ་ཡིས་ཇི་ལྷར་གྲོལ། །དངོས་གྲུབ་དཀྱིལ་འཁོར་ཇི་ལྟ་བུ། །བསྡུས་པའི་ལས་ནི་དུ་ཞིག་བཤད། །ཕྱི་ནང་ལས་ཀྱི་ཁྱད་པར་གང་། །སྙིང་པོ་དཀྱིལ་འཁོར་ཅི་ཞིག་ལགས། །བསྒྲུབ་པ་གསོ་བའི་ཆོ་ག་གང་། །རྫས་ཀྱི་ཁྱད་པར་ཇི་ལྟ་བུ། །ཐུབ་པའི་རྟགས་ནི་ཇི་ལྟ་བུ། །དབང་དང་དངོས་གྲུབ་ཆོ་ག་དང་། །བརྡ་ཡི་ཁྱད་པར་གང་གིས་མཚོན། །དངོས་གྲུབ་བླང་བའི་རིམ་པ་ཅི། །ལེགས་པར་བདག་ལ་བཤད་དུ་གསོལ། །ཅེས་གསོལ་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡེ་ཤེས་ཧེ་རུ་ཀ་ཆེན་པོས། སྙིང་པོ་རོལ་པ་ཞེས་བྱ་བའི་རྒྱུད་ཕྱི་མ་འདི་བཤད་དོ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །མ་ལུས་སྐུ་གསུང་ཐུགས་ཀྱི་མཆོག །དབེན་མེད་བདེ་ཆེན་རོལ་པའི་མཆོག །སྲིད་དང་མྱ་ངན་འདས་རང་བཞིན། །དཔལ་ལྡན་སངས་རྒྱས་ཀུན་འདུས་པའི།།དམ་ ཚིག་སྡོམ་པ་ངོ་མཚར་ཆེ། །རྒྱུད་ཀུན་གྱི་ཞེ་༽སྙིང་པོ་མཆོག །ཉོན་ཅིག་ལེགས་པར་བཤད་པར་བྱ། །དངོས་དང་དངོས་མེད་རྣམ་སྤངས་པའི། །རང་བྱུང་བདེ་བ་ཆེན་པོ་ཉིད། །སྐུ་དང་གསུང་ཐུགས་རྡོ་རྗེ་ཉིད། །འདུས་པས་གསང་བའི་རང་བཞིན་ནི། །རྒྱུན་དང་རྒྱུན་མིན་མཐའ་ལས་འདས། །ཐམས་ཅད་རང་བཞིན་མཁའ་ལྷར་དག །ཐོག་མ་ཐ་མ་དབུས་བྲལ་བའི། །མ་བཅོས་རང་བཞིན་སྙིང་པོ་ཉིད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འདུས་པའི་ངོ་བོ་རྒྱུད་ཉིད་ནི། །འབྲེལ་དང་མ་ཚང་མེད་པ་དང་། །རྒྱུད་ནི་ཕུན་སུམ་ཚོགས་པས་རྒྱུད། །རྒྱུད་ནི་རྒྱུན་ཆགས་དོན་ཉིད་དེ། །སྔ་ཕྱི་འཁོར་བ་མྱ་ངན་འདས། །གྲོལ་དང་ཐར་པའི་བདག་ཉིད་དང་། །རྟོག་པ་ཉིད་དང་དོན་འཆང་བས། །སྔ་ཕྱི་རྗེས་སུ་འབྲེལ་བའི་རྒྱུད། །དོན་རྫོགས་པ་ཡི་བདག་ཉིད་ནི། །འཇིག་རྟེན་འཇིག་རྟེན་འདས་པ་ཡིས། །དངོས་གྲུབ་ཀུན་གྱི་སྙིང་པོམཆོག །གསང་བ་ལས་ནི་གསང་འགྱུར་ཅིང་། །སྙིང་པོ་ལས་ནི་སྙིང་པོ་མཆོག །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །གསང་བ་ཀུན་གྱི་རྒྱུད་མཆོག་གོ །གསང་བ་གསང་ཆེན་དོན་ཉིད་དེ། །སངས་རྒྱས་ཀུན་གྱིས་སྐུ་གསུང་ཐུགས། །རྡོ་རྗེ་འདུས་པའི་ངོ་བོ་ནི། །རྟོག་དཔྱོད་བསམ་པའི་ཡུལ་མིན་ཏེ། །སྒྲུབ་དང་དཀའ་ཐུབ་ཡུལ་ལས་འདས། །གཉིས་མེད་གཉིས་སུ་མེད་མིན་ཞིང་། །རིག་དང་མ་རིག་བསམ་ཤཱསྤྱོད་ད་པྱདཀེམེད། །མ་ལུསའདུས་པའི་སྙིང་པོ་ཉིད། །བྱིས་པ་དམན་པས་མི་རྟོགས་ཏེ། །རྣམ་པར་དབྱེ་དང་རྒྱུ་འབྲས་དང་། །ཞེན་འཛིན་བདག་ལ་མངོན་རྟོགས་ཅིང་། །བདག་གཞན་ལོག་པས་མངོན་སྒྲིབ་སྟེ། །མ་རྟོགས་དོན་ཕྱིར་གསང་བ་ཉིད། །སྐུ་གསུང་ཐུགས་ནི་རོ་ཅིག་པའི། །མ་ལུས་བདེ་ཆེན་རྡོ་རྗེའཆང་། །གཅིག་ཏུ་ཆ་ཤས་ཡུལ་མེད་ཅིང་། །འདུས་བྱས་མེད་ཅིང་རྦ་རླབས་མེད། །བར་ཆད་ས་བོན་ཟག་པ་མེད། །མཆོག་ཏུ་རྨད་བྱུང་བསམ་མི་ཁྱབ། །བདེ་ཆེན་ནམ་མཁའི་ངོ་བོ་ལྟར། ཁྱབ་ཅིང་ཞི་བ་རྡུལ་དང་བྲལ། །འདོད་ཆགས་ཆགས་བྲལ་སྙིང་པོ་མཁྱེན། །དཔག་མེད་ཕྱོགས་བཅུའི་རྒྱལ་བས་ཀྱང་། །བདེ་ཆེན་སྙིང་པོ་དོན་བྲལ་ཞིང་། །བདག་གཞན་ཞི་བའི་དོན་བལྟས་པས། །གསང་ལས་གོན་ཏུ་གསང་གྱུར་པ། །རང་སེམས་སྙིང་པོ་བདེ་ཆེན་པོ། །ཆ་ཤས་ཙམ་ཡང་རྟོག་པ་མེད། །ཨེ་མ་བདེ་ཆེན་གསང་བ་ཡིས། །མ་ལུས་མཉམ་ཞིང་སྙིང་པོ་ལ། །གསང་བ་འཇམ་ཞིང་དལ་བར་གཟིགས། །མ་ལུས་བདེ་ཆེན་སྣང་བ་ཉིད། །ཀུན་གྱི་ཡུལ་དུ་མ་གྱུར་པ། །སྨན་དང་སྦྱོར་བ་མ་ཤེས་ཞིང་། །རིགས་མན་ཡུལ་མིན་ཕྲ་བ་ཉིད། །གསང་ཆེན་རྨད་དུ་བྱུང་བའོ། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །སངས་རྒྱས་དཀྱིལ་འཁོར་མ་ལུས་པ། །འདུལ་བའི་དོན་ཕྱིར་སྣང་བ་ནི། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །ཟག་མེད་འཁོར་བའི་བདག་ཉིད་ནི། །རང་བཞིན་རྟོགས་པས་མཉམ་རྩོར་ནས། །རོ་ཅིག་པར་ནི་བསྡུས་པར་བརྗོད། །རང་སེམས་རྡོ་རྗེའི་སྙིང་པོ་ཉིད། །སྟོང་པ་སྟོང་མིན་བདེ་བ་མིན། །ཆགས་དང་མ་ཆང་ཡུལ་ལས་འདས། །རྟག་མིན་ཆད་མིན་དབུ་མ་ཡི། །ཡིད་༼སྤྱོད་དཔྱོད༽ཆོ་གའི་རྟོག་པ་མིན། །མཚོན་དང་མཚན་མ་ལས་གྲོལ་བས། །དཔལ་ལྡན་སྙིང་པོ་བརྟན་པ་ཆེ། །རང་སེམས་བདེ་ཆེན་འདུས་མ་བྱས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །མཆོག་ཏུ་རྨད་དུ་གྱུར་པའི་གནས། །སྙིང་པོ་དོན་དུ་བསྡུས་པའོ། །མ་ལུས་བདག་ཏུ་མཉམ་སྦྱོར་བ། །བདག་ཉིད་ཆེན་པོར་རོ་ཅིག་པ། །མ་ལུས་འདིར་ནི་གཉིས་སུ་མེད། །མེད་པའི་དོན་དུ་འདིར་གཅིག་པའོ། །མ་ལུས་སྐུ་གསུང་ཐུགས་སྦྱོར་བ། །གཞན་མེད་བདེ་ཆེན་རྟག་ཏུ་མཛེས། །ཐོག་མ་མེད་པའི་རྡོ་རྗེ་སེམས། །གཉིས་མེད་ས་ལ་རྟག་པར་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མ་ལུས་འདིར་འདུས་རྣམ་པར་དག །མ་ལུས་བདེ་ཆེན་ཐིག་ལེ་ཉིད། །གསང་བའི་དོན་དུ་དབྱེར་མེད་པས། །གཉིས་དང་གཉིས་མེད་ཡུལ་ལས་འདས། །གང་དུ་ཡོད་དང་མེད་པ་ཡིས། །མཐའ་དབུས་རྒྱུ་འབྲས་ལས་འདས་པ། །གཉིས་མེད་ཐབས་ལས་གང་བྱུང་བ། །འདི་ནི་གསང་བའི་དྲི་མེད་དེ། །གང་གི་མཆོག་ཏུ་གྱུར་པ་ཉིད། །མ་ལུས་གཉིས་སུ་མེད་པར་གནས། །གནས་པས་རྟོག་ས་གོམས་ལས་བྱུང་། །དམ་པའི་རང་བཞིན་གཉིས་མེད་པས། །ནམ་མཁའི་མཐའ་ལྟར་མཐའ་དབུས་མེད། །མཆོག་ཏུ་ཕྲ་བའི་བདག་ཉིད་དེ། །དང་པོ་སྤྱོད་ཡུལ་ལས་འདས་ཤིང་། །མ་དམིགས་སྒོམ་དང་སྤྱོད་ལས་འདས། །ཡུལ་མིན་ཤེས་མིན་མཚན་མ་མིན། །བདག་མེད་ཡེ་ཤེས་ལས་བྱུང་བ། །གཟུགས་མེད་སྟོང་མེད་གཉིས་ཀ་མིན། །བདེ་བ་ཆེན་པོའི་ངོ་བོ་ནི། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །གཅིག་པུ་ཐིག་ལེའི་བདག་ཉིད་དེ། །མཐའ་དབུས་ཀུན་ལ་མི་གནས་པའི། །གཉིས་སུ་མེད་པའི་ངོ་བོར་བརྟག །སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །དབྱེར་མེད་ཡེ་ཤེས་བདག་ཉིད་དེ། །གང་དུ་རྟོག་དང་མི་རྟོག་པའོ། །ཞེན་པའི་འདུ་ཤེས་མ་ལུས་པ། །རང་བཞིན་ཐབས་ཀྱི་རྣམ་པར་དག །གཉིས་མེད་ཡེ་ཤེས་བདེ་ཆེན་ནོ། །གཉིས་མེད་ཆ་ཤས་ཆགས་པ་མེད། །མཁའ་ལྟར་ཁྱབ་ཅིང་རྒྱ་ཆེ་བ། །བསམ་དང་སྤྱོ།ད་པ་ཡུལ་མེད་པ། །སངས་རྒྱས་ཡེ་ཤེས་གྲངས་མེད་པའ། །དམ་པའི་རང་བཞིན་ཀུན་ཁྱབ་ཀྱང་། །དམན་པ་རྣམས་ཀྱིས་མི་ཤེས་སོ། །སངས་རྒྱས་ཀུན་དང་དབྱེར་མེད་པའི། །བདེ་བ་ཆེན་པོའི་གསང་བ་ནི། །མཁའ་ལྟར་ཁྱབ་པའི་བདག་ཉིད་དེ། །ཡེ་ཤེས་ཡིན་པས་དྲི་མེད་དེ། །ལས་དང་ཉོན་རྨ།ངས་ལ་སེ།གས་པ། །མ་ཆགས་པདྨའི་རང་བཞིན་ལྟར། །མ་སྤངས་རང་བཞིན་དག་པ་ནི། །བདེ་ཆེན་ལྷུན་གྲུབ་ཡེ་ཤེས་ཉིད། །འདི་ནི་རྨད་བྱུང་གསང་བ་སྟེ། །སྤྱོད་དང་འདུ་ཤེས་བྲལ་བའི་ཕྱིར། །དབང་དང་མན་ངག་བྲལ་བ་ཡིས། །བསྐལ་པ་བྱེ་༼བས་བར་༽ མི་ཤེས་སོ། །ལས་དང་ཉོན་མོངས་བྱ་བ་དང་། །ལྟ་བས་ཀུན་ཏུ་ཁེབས་པ་ཡིས། །བདག་ལ་གནས་པ་གཞན་ལ་རྟོག །གཉིས་འཛིན་ཞེན་མཐའ་རྟག་པ་ཡིན། །མཐའ་དབུས་བྲལ་བ་རྟོག་པ་མིན། །རང་བྱུང་ཡེ་ཤེས་དྲི་མ་མེད། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཐོག་མ་ཐ་མ་མཐའ་དབུས་བྲལ། །ཤེས་དང་མི་ཤེས་ལས་འདས་ཤིང་། །བྱིན་རླབས་བསྒོ།མ་མན་སྟོབས་ལས་བྱུང་། །མ་ལུས་མཐའ་ཉིད་མཉམ་སྦྱོ།ར་བས། །གཉིས་མེད་ཕྱོགས་ཆ་འདས། །མཁྱེན་དང་མི་མཁྱེན་རྣམ་པར་སྤངས། །བསམ་སྤྱོད་ཕྱོགས་འཛིན་ཡུལ་ལས་འདས། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བ་གསང་ཆེན་ལས་བྱུང་བ། །ཀུན་ཀྱང་གཉིས་མེད་ཐིག་ལེར་བརྟག །མ་བཅོས་རང་བཞིན་ངང་དག་པའི། །ཕྱོགས་མིན་ནམ་མཁའི་རང་བཞིན་ལྟར། །མ་བརྟགས་དག་པས་ཐམས་ཅད་མཐོང་། །ཆོས་དབྱིངས་སྙིང་རྗེས་ཆགས་ཞེས་བྱའོ། །མཉམ་ཉིད་གསང་བ་རྟོགས་དཀའ་བས། ཁམས་གསུམ་སྡུག་བསྔལ་ཉམ་ཐག་ལ། །ཐབས་དང་ཐུགས་རྗེས་ཁྱབ་པ་ཡི། །སྙིང་པོ་ཁྱབ་པར་གནས་པ་ཡིན། །གང་དག་ཐབས་ཆེན་ལྡན་པ་ཡིས། །དཀའ་ཐུབ་གདུལ་བ་ལ་སོགས་པའི། །བྱིས་པའི་སྤྱོད་པ་ཡོ་ངས་སུ་སྤངས། །ཐབས་མཁས་ལྷ་དང་མཉམ་སྦྱོ་ར་བའི། །དེ་ཉིད་སྒྱུ་མར་གསལ་བ་ཡིས། །མ་ལུས་གསང་བར་བརྟགས་པ་ཡིས ཐབས་མཁས་འདོད་པ་ཐམས་ཅད་པ། །ཇི་ལྟར་འདོད་པས་སྤྱད་པར་བྱ། །དཀའ་ཐུབ་གདུང་བ་ལས་འདས་ཤིང་། །ཤེས་རབ་བདེ་བ་ལས་བྱུང་བའི། །འདོད་པ་ལྔ་ནི་ཤིན་ཏུ་བདེ། །བདེ་བ་ཆེན་པོ་རྣམ་པར་དག།ཉོན་མོངས་བག་ཆགས་དྲི་མ་མེད། །ནམ་མཁའ་དྭངས་པ་བཞིན་དུ་གནས། །ཇི་ལྟར་མེ་དང་དུག་དག་གིས། །གདུང་བ་དེ་ཡིས་སེལ་བ་ལྟར། །ཐབས་དང་ལྡན་པའི་ཆོ་ག་ཡིས། །མུན་པ་སྣང་བ་བཞིན་དུ་སེལ། །འདི་ནི་རྗེས་ཆགས་བདེ་བ་མཆོག །དབང་པོ་ཆེ་འབྲིང་ཆ་ལས་འདས། །དཔལ་ལྡན་ཧེ་རུ་ཀ་ཡི་ཐབས། །ནམ་མཁའི་ཁམས་ལྟར་བསམ་ཡས་པ། །སློབ་དཔོན་ཡོན་ཏན་ཀུན་ལྡན་པས། །དབང་དང་མན་ངག་ལས་བྱུང་བའི། །ཐབས་དང་མི་ལྡན་ཆགས་སྦྱར་བས། །སྦྱོར་བ་འོ་ག་པའི་ཆོ་ག་བཞིན། །དུས་མིན་འཆི་བའི་དུས་བྱས་ནས། །དམྱལ་བ་ཆེན་པོར་ཐེ་ཚོམ་མེད། །རང་བཞིན་ངན་དང་ལས་ཀྱིས་བཀོལ། །དཀོན་མཆོག་སློབ་དཔོན་མཆིད་རྣམས་དང་། །དམ་ཚིག་འཇིག་ཅིང་ཀུན་ལ་འཚེ། །ཕ་དང་མ་ལ་སྙིང་རིང་ཅིང་། །གདུག་པ་ཆེ་དང་སྙིང་རྗེ་མེད། །འོ་ག་ལྷ་དམ་ཉམས་འོ་ག་ལྟ་འཁུས། །ཐར་པའི་ཐག་པ་ཆད་པ་དང་། །སྔགས་ཀྱི་ཐེག་པ་ལ་སྨོད་ཅིང་། །ཐབས་འོ་ག་གནོད་པ་སྣ་ཚོགས་ཀྱིས། །ཀུན་ལ་གནོད་པའི་ལས་བྱེད་པ། །འདི་དག་བསྒྲལ་བའི་ཞིང་ཡིན་ཏེ། །དངོས་སུ་གསད་ན་མཆོག་ཡིན་ན། །ཐབས་དང་སྔགས་ཀྱི་རིམ་པ་ཡིས། །མྱུར་དུ་བསྒྲལ་བ་སྨོས་ཅི་དགོས། །དཔལ་ལྡན་ཧེ་རུ་ཀ་ཡི་དངོས། །ཐབས་དང་ཤེས་རབ་གདེང་ལྡན་ཞིང་། །ཐུགས་རྗེས་ཁྱབ་ཅིང་ཆགས་སོགས་མིན། །བྱིན་རླབས་ཉམས་དྲོད་མཆོག་དང་ལྡན། །རེ་དོགས་མེད་པའི་བརྟུལ་ཞུགས་ལྡན། །གདུག་སོགས་ཐུགས་རྗེས་ཡལ་བར་མིན། །སྦྱོར་དང་ཐབས་མཁས་ཏིང་ངེ་འཛིན། །གོམས་པའི་་བས་དང་ལྡན་པ་ཡིས། །བར་ཆོད་རེ་དོགས་ཞི་བྱས་ཏེ། །ཕྱོགས་བཅུ་གདུག་པ་མ་ལུས་པ། །དགུག་ཅིང་བངམ་པའི་ལས་བྱས་ནས། །ཨ་ལ་སོགས་པ་དག་བྱས་ལ། །དག་པའི་ཞིང་དུ་ནན་ཏན་བྱ། །གསང་བ་དབང་བསྐུར་བྱིན་བརླབས་ནས། །བདག་གཞན་དོན་ཀུན་རྫོགས་པར་གནས། །ལྷག་མའི་ཕུང་པོ་བསྒྲུབ་རྫས་དང་། །མཆོད་རྫས་སིརྙི་དག་དང་སྦྱར། །བཀྲ་ཤིས་གདུལ་བྱའི་ཐུགས་རྗེ་ཡི། །དག་པའི་ཞིང་དང་མཆོད་པ་ཡིས། །བྱིན་གྱིས་བརླབས་པ་གསུམ་བྱས་ནས། །རྫས་དང་འཕྲུལ་ཞལ་ཀ་བཱ་ལ། །བརྟག་པའི་བྱེ་བྲག་ཀུན་ཤེས་ནས། །དངོས་གྲུབ་མྱུར་དུ་ཐོབ་བྱའི་ཕྱིར། །གསང་བའི་དཀྱིལ་འཁོར་ཀུན་ཏུ་བཀྲམ། །དུར་ཁྲོད་རྫས་དང་མར་མེ་དང་། །མཆོད་པའི་བྱེ་བྲག་ལ་སོགས་པ། །རྟོག་པ་གཞན་དུ་མ་གསུངས་པའི། །ཆོ་གའི་བྱེ་བྲག་འདི་ཤེས་བྱ། །དཔལ་ལྡན་གསང་རྟོགས་རྣལ་འབྱོར་པ།ཁམས་གསུམ་ཞིང་ཁམས་རྡུལ་སྙེད་པ། །རང་གི་དམ་ཚིག་བཞིན་དུ་བསྒྲལ། །དམ་པ་ཤེས་ན་མཆོག་ཏུ་འགྱུར། །གཞན་དུ་འཇིཊ་སྐྲག་རྨོངས་པ་དང་། །དམྱལ་བ་ཉིད་དུ་སྐྱེ་བར་འགྱུར། །རང་བཞིན་རྟོགས་དང་ཐབས་ལྡན་པས། །འཇིགས་སྐྲག་རེ་དོགས་མེད་པ་ཡིས། །གསང་བའི་ཐབས་ལ་གང་སྤྱོད་པ། །དུག་གིས་དུག་ནད་ཞི་བ་བཞིན། །ལྷ་ཡི་བུ་མོ་ཡིད་འོང་དང་། །བསྒྲུབ་རྟགས་ཁྱད་པར་བཤད་པ་ཀུན། །ཐབས་དང་མཐུ་དང་ཏིང་འཛིན་གྱིས། །བདག་ཉིད་ཆེན་པོར་གསལ་བྱས་ཏེ། །མ་ལུས་དག་པའི་ཏིང་འཛིན་གྱིས། །བླང་བའི་ཐབས་ལ་བརྩོན་པ་ཡིས། །ཐབས་དང་མཐུན་པའི་ཆོ་ག་ཡི། །གང་ལ་མཆ་ད་དང་བསྒྲུབ་པར་བྱ། །ཕྱིན་ཅི་ལོག་དང་མ་རབས་དང་། །ཉམས་དམ་དམ་མེད་ལོག་པ་དང་། །མ་འདྲེས་གསང་བའི་དགྲ་གྱུར་པ། །གསང་བའི་རྟོགས་པ་རྫུན་གྱི་ཚིག །གང་དུ་དགོངས་དང་དགོངས་ལྡན་པ། །ཐབས་ལ་མཁས་པའི་སྐྱེས་བུ་ཡིས། །མི་སྒྲིབ་དངོས་གྲུབ་འཕེལ་བྱའི་ཕྱིར། །འདུལ་བའི་ཆོ་ག་བཞིན་དུ་སྨྲ། །ཐབས་མཁས་ངེས་པའི་མཐུར་ལྡན་ཞིང་། །བྱང་ཆུབ་སེམས་ལ་རབ་བརྩོན་པས། །དཀའ་ཐུབ་གདུང་བ་ཀུན་སྤངས་ལ། །གང་ལ་ཞེན་པ་མེད་པ་ཡིས། །ཕྱི་ནང་འདོད་པའི་ཡོན་ཏན་ལྔ། །ཐབས་ཆེན་གསང་བའི་ཆོ་ག་ཡིས། །བདག་དང་གཞན་ལ་ཕན་ཕྱིར་བཤད། །ཇི་ལྟར་པདྨའི་ཁ་དོག་ལྟར། །སྐྱོན་བྲལ་ཡོན་ཏན་མཆོག་ཏུ་མཛེས། །ཀྱེ་ཧོ་སྐལ་ལྡན་རང་བཞིན་སྦྱངས་པའི་མཚན་ཉིད་ཐབས། །བྱིན་རླབས་ལྡན་པས་རིམ་པར་མངོན་རྟོགས་ཤིང་། །ལུས་དམ་པ་ཡི་ཐབས་སུ་ཤེས་པས་ཕྱི་ནང་ཆོས་ཀུན་ལ། །བྱ་དང་མི་བྱ་གྲོལ་འཆིང་མེད་དེ་མྱ་ངན་འདས་པ་མཆོག་ཏུ་ཞི། །དམན་དང་དམ་པ་གསང་བ་གཅིག་པ་སོ་སོར་ཕྱེ་བས་བདུད་ཀྱི་ལས། །བྱིན་བརླབས་ཀྱིས་སྤྱོད་པས་རིག་པ་འཛིན་པས་གྲོལ་འགྱུར་ཞིང་། །མྱུར་དུ་འཁོར་བ་སྤོང་ཞིང་བདེ་ཆེན་རང་ལས་གསལ་བར་འཆར་འགྱུར་བ། །རྟོག་གེ་དམན་པ་ལོག་པར་བསྒྲིབས་ཤིང་བཅིངས་པས་མི་ཤེས་པས། །སངས་རྒྱས་ཀུན་གྱི་དམ་ཚིག་ལྔ། །གྲུབ་པ་བཞི་དང་ལྡན་པ་ཡིས། །ཡིན་པའི་ངོ་བོ་སྡོམ་པ་ཅན། །དམ་ཚིག་བདུད་རྩི་ཡིན་པར་གྲགས། །མི་ཤ་ཁྱི་ཤ་མཆོག་ཡིན་ཏེ། །གླང་ཆེན་རྟ་ཤ་དེ་བས་མཆོག །བྱ་ཤ་དེ་དག་བྱིན་བརླབས་ལ། །ཆོ་ག་བཞིན་དུ་བཟའ་བར་བྱ། །དྲི་ཆེན་བྱང་ཆུབ་སེམས་དང་ཤ །དྲི་ཆུ་ཁྲག་དང་མཉམ་སྦྱར་བ། །ཡི་གེ་གསུམ་དང་ལྔ་ཡིས་སྦྱང་། །རྒྱལ་བ་ལྔ་ཡི་ངོ་བོར་གསལ། །ཐབས་ལ་མཁས་པའི་ཆོ་ག་ཡིས། །རིག་པ་འཛིན་པའི་བྱིན་བརླབས་སྟེ། །སྲིན་ལག་མཐེ་བོང་མཉམ་སྦྱར་བས། །མཆོད་དམ་ཟོས་ཏེ་འཐུངས་ན་ནི། །ཡེ་ཤེས་ལྔ་ཡི་དངོས་གྲུབ་ཐོབ། །ལྷ་དང་མི་དང་རིག་འཛིན་དང་། །རྒྱལ་བ་སྲས་བཅས་མཁའ་འགྲོ་ལ། །མཆོད་པའི་སེམས་ཀྱིས་གཏོར་ན་ནི། །དགྱེས་ཏེ་ཅི་འདོད་དངོས་གྲུབ་སྩོལ། །རིགས་ངན་གདོན་དང་འབྱུང་པོ་དང་། །མ་རུང་ཚོགས་ལ་གཏོར་བྱས་ན། །བྱིན་རླབས་གཟི་བརྗིད་ནུས་མཐུ་ཡིས། །དེ་མ་ཐག་ཏུ་བརླག་པར་འགྱུར། །རྒྱལ་བ་ཀུན་གྱི་རང་བཞིན་འདི། །རྣལ་འབྱོར་ཀུན་གྱི་སྒྲུབ་པའི་རྫས། །མཁའ་འགྲོ་རྣམས་ཀྱི་དམ་ཚིག་སྟེ། །སྐལ་མེད་དམ་སྲིའི་དུག་ཏུ་འཀྱུར། །རྨད་བྱུང་གསང་བའི་དམ་ཚིག་ལྔ། །སོ་སོའམ་ཡང་ན་གཅིག་ཏུ་ནི། །བཅུད་ལེན་ཡང་ན་རང་ཇི་བཞིན། །ཐབས་དང་ཆོ་གས་བྱིན་རླབས་དང་། །ལོ་དང་ཟླ་བ་དུས་གསུམ་དུ། །མ་ཉམས་རྣལ་འབྱོར་ལོངས་སྤྱོད་ན། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ། །སངས་རྒྱས་ཀུན་གྱི་༼མངག་བསྔགས༽པ་ཡིས། །དམ་པ་ལས་ནི་གང་འདས་པ། །རིགས་ཆད་ཡང་ན་བརླག་པ་དང་། །བདེ་ཆེན་ཟབ་མོ་འདི་ལས་རིང་དུ་གྱུར། །དེ་ཕྱིར་དེ་ལས་རིང་དུ་མི་འདའ་བའི། །སྔགས་པས་རྟག་ཏུ་སྤྱད་པར་བྱ། །ཆགས་པས་བདེ་བའི་དམ་ཚིག་གསུམ། །རྒྱལ་བ་ཀུན་གྱི་ལོངས་སྣྲོད་སྟེ། །རྣལ་འབྱོར་ཐབས་དང་ལྡན་པ་ལ། །རྒྱལ་བ་ཀུན་གྱིས་གནང་སྦྱིན་ལ། །འདོད་པ་ཀུན་གྱི་རྗེས་ཆགས་པ། །ཆགས་པ་ཆེན་པོ་བདེ་བ་ཆེ། །ཆོས་ཉིད་བདེ་བའི་ལོངས་སྤྱོད་དེ། །དམན་པ་རྣམས་ཀྱི་སྤྱོད་ཡུལ་མིན། །གང་ལ་ཐབས་ཆེན་ལྡན་པའི་སྐྱེས་བུ་ཡིས། །རབ་འབྲིང་ཐ་མ་ཁྱད་པར་གཞན། །ལྟ་དང་ཐོས་དང་ཚིམ་པ་དང་། །མྱོང་དང་རེག་དང་དྲན་པ་ཡི། །མ་ལུས་བདེ་ཆེན་གསལ་བ་ཡིས། །ཚེ་འདི་ཉིད་ཀྱིས་འགྲུབ་པར་འགྱུར། །ཇི་ལྟར་ཐབས་ཆེན་པོ་ཡིས་ནི། །དུག་གི་དུག་ནད་སེལ་བ་ལྟར། །ཐབས་ཆེན་ལྡན་པའི་སྐྱེས་བུ་ཡིས། །གཞན་གྱི་དུག་ཀྱང་བདུད་རྩིར་འགྱུར། །མ་ལུས་གསང་བའི་ཐབས་༼དངཀེ་སྦྱོར། །གཟུཊ་རྣམས་ཀུན་ལ་ལྟ་བ་དང་། །སྒྲ་རྣམས་རྟག་ཏུ་ཉན་པ་དང་། །དྲི་ལ་རྟག་ཏུ་ལོངས་སྤྱོད་ཅིང་། །རོ་ལ་ཆགས་པར་སྤྱོད་པ་དང་། །སྣ་ཚོགས་རེག་པ་ལ་བརྩོན་པ། །རང་གི་ལོངས་སྤྱོད་བདེ་བའི་མཆོག །བདག་དང་གཞན་དང་ཕུན་སུམ་ཚོགས། །བཟའ་དང་བཅའ་དང་བཏུང་བ་དང་། །རྒོད་དང་རེག་དང་འཇིབས་པ་དང་། །ཐབས་དང་ཆགས་པ་སྣ་ཚོགས་པའི། །འདོད་པའི་ལོངས་སྤྱོད་སྣ་ཚོགས་ལ། །ཅི་འདོད་པར་ནི་བརྩོན་བཞིན་ཏུ། །དཀའ་ཐུབ་གདུང་བ་ཀུན་འདུས་ཤིང་། །༄༅། ཁྲུས་དང་སྡོམ་པ་གཙང་སྦྲ་བྱེད། །དགའ་ཞིང་ངོ་མཚར་རྨད་ལྡན་པས། །རང་གི་དམ་ཚིག་སྐྱོང་བར་བྱེད། །འཇིགས་དང་རེ་དོགས་མེད་པ་ཡིས། །ཐེག་པ་མཆོག་ལ་ཐབས་ཀྱིས་འཇུག །ཐབས་དང་ཤེས་རབ་གཉིས་མེད་པའི། །བདེ་བ་ཆེནཔོའི་གཟིགས་མོ་འདི། །བྱང་ཆུབ་རྡོ་རྗེ་བཅས་པའི་ཡུལ། །གཞན་དང་ཀུན་གྱི་སྤྱོད་ཡུལ་མིན། །དཔལ་ལྡན་ཧེ་རུ་ཀ་ལྡན་ཧེ་རུ་ཀ་ཡི་དངོས། །ཡང་དག་སྒྲུབ་པ་ཐབས་ཀྱི་མཆོག །འདོད་པ་ལྔ་ལ་ལོངས་སྤྱོད་པས། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་བརྟུལ་ཞུགས་མཆོག །བདེ་བ་ཆེན་པོའི་ངོ་བོ་ཉིད། །གསང་ཆེན་གསང་བ་རྨད་བྱུང་བ། །ཐིག་ལེ་ཐོག་མ་མེད་པ་ཡི། །ཞེན་པ་ཀུན་དང་བྲལ་བའི་དོན། །དངོས་པོ་ཀུན་དང་བྲལ་བའི་དོན། །དངོས་པོ་ཀུན་ལ་སྤྱོད་པ་ཡིས། །བསྐལ་པར་སྦྱངས་པས་མི་རྙེད་པའི། །འབྲས་བུ་ཡིད་བཞིན་ལྷུན་གྲུབ་ལྟར། །རྒྱ་མཚོའི་རླབས་ལྟར་རང་སྣང་གསང་།།འབྲས་བུ་ཕུན་སུམ་ཚོཊ་པ་འགྲུབ། །རི་བོ་ནགས་ཚལ་དབེན་པའི་སར། །དཔལ་ལྡན་ཁྲག་འཐུང་སྦྱོར་བ་ཡིས། །ཚེ་འདིར་འདོད་པ་འཐོབ་བྱའི་ཕྱིར། །ཆོ་ག་རིམ་པས་བཤད་པར་བྱ། །དད་དང་རང་བཞིན་སྐལ་ལྡན་ལ། །རྟོག་དང་དམ་ཚིག་ལྡན་པ་ཡིས། །དབང་རྫོགས་འབྱོར་བ་ཀུན་ལྔ་པ། །སྙིང་རྗེ་ཐབས་མཁས་རྣལ་འབྱོར་པས། །བཀྲ་ཤིས་བྱིན་ལྡན་ཉམས་དགའ་ཞིང་། །བར་ཆད་མེད་པའི་ས་བརྟགས་ལ། །ཆོ་གའི་རིམ་པ་ཇི་བཞིན་དུ། །རྩོད་དང་མི་ཤེས་སྐྱོན་སྤངས་ཕྱིར། །བསླང་ཞིང་གཏོར་མ་བྱིན་པར་བྱ། །འབྱོར་དང་དུས་ཚིགས་བཟང་པོ་ལ། །བཀྲ་ཤིས་འཕེལ་འདོད་ཡར་ངོ་ལ། །རང་བཞིན་བྱིན་བརླབས་ལྡན་པའི་ཕྱིར། །འདོད་པ་བསྒྲུབ་པའི་ཆོ་ག་བྱ། །དུར་ཁྲོད་ཆེན་པོ་དང་འཕེལ་བའི། །དབང་དང་སྒྲུབ་པའི་མཆོད་པ་དང་། །དངོས་གྲུབ་ལ་སོགས་མཆོད་པའི་རྫས། །རྨད་བྱུང་ངོ་མཚར་བཅས་པ་བཞག །དཔལ་ཆེན་ཧེ་རུ་ཀ་འདོད་པས། །བཀྲ་ཤིས་འབྱོར་པའི་ས་ཕྱོགས་ནས། །བྱིན་རླབས་བཀྲ་ཤིས་དག་པའི་རྫས། །དེ་ནས་བར་ཆད་བསྐྲད་པར་བྱ། །བརྟུལ་ཞུགས་རོལ་བས་དེ་བསླངས་ལ། །དག་པའི་དངོས་གྲུབ་རྫས་སུ་བརླབ། །མ་དག་ཐུགས་རྗེའི་རྫས་དག་ནི། །ཆོ་ག་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་སྔགས་ཀྱིས་དེ་སྦྱངས་ལ། །ཇི་ལྟར་རིགས་པས་བྱིན་གྱིས་བརླབས། །རྡོ་རྗེ་མཚོན་གྱིས་བྱིན་བྱིན་པས། །ཆོ་ག་བཞིན་དུ་སྤྲོས་པ་ཡིས། །སྣོད་དང་རྫས་དང་མར་མེ་དང་། །ཤ་དང་ནང་གྲོལ་གཡང་གཞི་དང་། །བམ་རིལ་ཁོག་པ་སྟོད་སྨད་དང་། །དབང་པོ་ཡན་ལག་རིང་ཐུང་ཕྲེང་། །རྩ་རྒྱུད་ཐིག་དང་ལྡན་པས་ཏེ། །བདུད་རྩི་དམར་གྱི་དཀྱིལ་འཁོར་ལ། །དམར་ཆེན་ཟླ་གམ་ལྡན་པ་ཡིས། །རེ་ག་ཐལ་བ་ཆེན་པོས་བྲིས། །འཇིགས་དང་མཛེས་པ་མེད་པའི་ས། །དུར་ཁྲོད་རྫས་ལ་ལོངས་སྤྱོད་ན། །རང་དགའི་ལོངས་སྤྱོད་ལ་བརྟེན་ན། །རྫུ་འཕྲུལ་ལུས་ཀྱི་ཆོ་ག་བཞིན། །མྱུར་དུ་འགྲུབ་༄༅ པར་ཐེ་ཚོམ་མེད། །དུར་ཁྲོད་དཀྱིལ་འཁོར་ཆེན་པོ་ལ། །གསང་བའི་ཕྲེང་བ་རྟེན་བཅས་ཤིང་། །ཟླ་གམ་རྫས་ལ་གྲུབ་པ་ཡིས། །དགའ་དང་མོས་པས་འཇུག་པ་དང་། །དབང་དང་སྒྲུབ་པ་གང་རྩོམ་པས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས། །ཚེ་འདིས་ཐོབ་པར་ཐེ་ཚོམ་མེད། ཁམས་གསུམ་རང་བྱུང་དུར་ཁྲོད་དུ། །བདེ་ཆེན་རྫས་ལ་བརྟེན་བཅས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཉིད། །མྱུར་དུ་དཀའ་བ་མེད་པས་འགྲུབ། །རང་བཞིན་ངན་དང་སྐལ་མེད་དང་། །གཙང་རྨེ་ཅན་དང་ལེ་ལོ་ཅན། །དམ་ཚིག་ཉམས་དང་མེད་པ་ཡིས། །བསྐལ་པ་བྱེ་བར་མི་འགྲུབ་བོ།ཁྲག་འཐུང་འབར་བའི་དཀྱིལ་འཁོར་འདིར། །རྒྱལ་བ་ཀུན་གྱི་སྙིང་པོ་མཆོག །བྱིན་རླབས་ཡིད་བཞིན་ནོར་བུ་བཞིན། །ཞལ་མཐོང་༼ལྔ་ལྷ༽དང་གཉིས་མེད་ཅིང་། །འབུམ་ཕྲག་ས་ཡ་བྱེ་བ་སོཊ། །བསྒྲུབ་པས་མངོན་དུ་གྱུར་པ་ན། །བདག་ཉིད་མྱུར་དུ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །ཐུན་མོང་ཐུན་མོང་མ་ཡིན་པའི། །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །རང་ལས་བྱུང་ཞིང་ཐབས་ཀྱིས་རྙེད། །རྣམ་ཤེས་བརྒྱད་པོ་དགུར་གསལ་ཞིང་། །རང་བྱུང་སྣང་བ་གཅིག་གི་ངང་། །ཡེ་ཤེས་དགུ་ལ་སྣང་བ་ཉིད། །དུར་ཁྲོད་རྫས་ལས་གྲུབ་པ་ཡིས། །ཕོ་བྲང་རྨད་བྱུང་གསང་བའི་གནས། །རང་བྱུང་གསང་བའི་དུར་ཁྲོད་ན། །ཡེ་ཤེས་དགུ་ཡི་སྣང་བ་བལྟམས། །དགུ་བཀག་གཅིག་ཕྱི་བྷ་གར་འདུས། །བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ། །འཁོར་བའི་མཎྜལ་ཡོངས་བཀྲམ་པས། །བདག་ཉིད་ཆེན་པོའི་ལོངས་སྤྱོད་འདི། །སྐལ་ལྡན་རྨད་བྱུང་ལོངས་སྤྱོད་གཏེར། །འདོད་འབྱུང་རིན་ཆེན་གཏེར་གྱི་མཆོག །མན་ངག་མཐའ་ལ་གདེང་ལྡན་ཞིང་། །གྲུབ་པ་ཉམས་ཀྱི་དྲོད་ལྡན་ན། །གསང་བའི་རྫས་ལ་བརྟེན་ནས་ནི། །དངོས་གྲུབ་སྐུ་གསུང་ཐུགས་༼སུ༽་ བླང་། །ཤིན་ཏུ་གསང་བ་མཐར་ཕྱིན་ནས། །སྤྱོད་ལམ་ཟབ་ཅིང་སྟོབས་ལྡན་པས།།བདག་ཉིད་སྟོབས་དང་ལྡན་པ་དང་། །གསང་ཆེན་ཐབས་ཀྱི་སྤྱོད་པ་སྟེ། །གྲུབ་པ་ཐབས་ཀྱི་རིམ་པ་ནི། །སྐལ་ལྡན་འགའ་ལས་མ་གཏོགས་པ། །དམན་དང་རང་བཞིན་༼སྐལ་ངན༽པ་ལ། །འཕྲིག་པས་གཉིས་སུ་ལྟུང་བར་འགྱུར། །མཚན་མའི་རྫས་ལ་བརྟེན་ནས་ནི། །དམན་པས་སྐལ་བར་མི་རྙེད་པའི། །ཆོས་སྐུ་ལྷུན་གྲུབ་ཐོབ་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །བླ་མེད་གསང་བ་ཐབས་ཀྱི་མཆོག །དམན་དང་དཀའ་ཐུབ་གདུངས་པ་ཡི། །གང་ཟག་དག་ནི་རྣམ་པར་སྤངས། །སྐལ་ལྡན་ཅན་གྱིས་བསྒྲུབ་པར་བྱའོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས། །གདུལ་བྱའི་བསམ་པ་རྫོགས་མཛད་ནས། །འབར་བའི་ཚོགས་སུ་སྣང་ནས་ནི། །དུར་ཁྲོད་ཚོགས་ལ་རོལ་པར་མཛད། །རང་བཞིན་མཛད་པ་ཐབས་དག་དང་། །མོས་དང་ཐབས་ཀྱི་སྐུ་གསུང་ཐུགས། །རྫས་དང་ཆོ་ག་ཀུན་འདུས་པ། །འདིར་ནི་རྣམ་པར་སྣང་མཛད་པར། །བྱིན་རླབས་མཚམས་པའི་ས་ཕྱོགས་སུ། །བར་ཆད་ཞི་ཕྱིར་ཆོ་ག་བྱ། །བཀྲ་ཤིས་སྒྲུབ་པའི་ཆོ་ག་དུས། །མཚན་མ་འབྱུང་བའི་རྟེན་མཆོག་དང་། །བཀྲ་ཤིས་དག་པའི་རྫས་བླངས་ཏེ། །སྦྱངས་ཤིང་བྱིན་གྱིས་བརླབ་པར་བྱའཁོར་བ་ཆགས་པའི་མཎྜལ་ལ། །བདུདརྩི་ལྔ་ཡང་ལྡན་པར་བྱ། །དུར་ཁྲོད་སྲད་བུ་བྱིན་བརླབས་ནས། །གསལ་ལ་མཁའ་གསང་ཐིག་བཏབ་ནས། །ཕོ་བྲང་རྨད་བྱུང་བྲི་བར་བྱ། །དམར་ནག་ཟླ་གམ་མེ་རི་འབརདུར་ཁྲོད་འཇིགས་པའི་མཚོན་གྱིས་བྲི། །ཐལ་ཆེན་རེ་གས་བཅད་པ་ཡིས། །རྨད་བྱུང་དུར་ཁྲོད་རྒྱན་དང་ལྡན། །བཀྲ་ཤིས་རྫས་དང་མཚན་མ་དང་། །དུར་ཁྲོད་རྒྱན་ཆ་བཀྲམ་པ་དང་། །ཕྱི་ནང་དག་པའི་མཚམས་བཅད་དེ། །ཕོ་བྲང་ལྷན་ཅིག་རྟེན་ཅིག་དང་། །གཟི་ཆེན་འབར་བ་ཅིག་བལྟམས་པ། །དངོས་གྲུབ་མཚན་མ་གཅིག་བསྡུས་པའི། །ཆོ་ག་ཡིན་ནི་ནན་ཏན་བྱ། །ལས་དང་བྱ་བ་མ་ཚོགས་བྱ། །རྣམ་གཡེངས་འགྲུབ་པར་དཀའ་བ་ཡིས། །དད་པ་དམ་ཚིག་ཀུན་ལྡན་པའི། །ཐབས་དང་ཤེས་རབ་འབྲེལ་བ་ཡིས། །ཐིག་ལེ་གཅིག་པའི་ཆོ་ག་བསྒྲུབ། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །སྔོན་དུ་བྱ་བ་ཀུན་བྱས་ནས། །སྟོང་ཉིད་མ་བཅོས་ཆོས་དབྱིངས་ལས། །སྙིང་རྗེ་ནམ་མཁའི་ཀློང་བརྡལ་བས། །ཆོ་འཕྲུལ་རིག་པའི་ཡི་གེར་ཤར། །གང་ནས་དུར་ཁྲོད་གཞལ་ཡས་ཁང་། །འབར་བའིརྒྱན་དང་བཅས་པ་མྲ །རིག་པའི་རྒྱལ་པོ་ཧེ་རུ་ཀ །ཡབ་ཡུམ་རྟེན་དང་བཅས་པར་བསྐྱེད། །བྱིན་བརླབས་དབང་བསྐུར་གསལ་ལྡན་ནས། ཁྲག་འཐུངའབར་བའི་སྤྲིན་༩ལྟོབས་གངཏབས༽པས། །རིག་པའི་རྒྱལ་པོར་གང་གྱུར་པ། །ཕྱི་ནང་འབྱོར་པའི་ཡོ་བྱད་དག །རང་གིས་རང་ལ་ཐིམ་མཆོད་ཏེ། །གྲུབ་མཆོག་བརྟན་པར་མ་གྱུར་པར། །བསྟིམ་བརྟེན་གཤེགས་པར་བྱ་བ་མིན། །བར་ཆད་བསྐྲད་པར་མཆོད་བསྐུལ་ནས། །གསོ་བའི་ཆོ་ག་ནན་ཏན་བྱ། །བདག་ཉིད་གྲུབ་གནང་མ་ཐོབ་པར། །བསྒྲུབ་ཅིང་དམ་བཅའ་བརྟན་པར་བྱ། །སངས་རྒྱས་ཀུན་གྱིས་སྐུ་གསུང་ཐུགས། །བྱིན་བརླབས་ཐབས་ཆེན་ཀུན་འདུས་པས། །སྲོག་དང་བཅས་པའི་གདུང་དབྱངས་ཀྱིས། །འཕྲོ་འདུས་དབྱིངས་ནས་ཐུགས་དམ་བསྐུལ། །དུར་ཁྲོད་འབར་བའི་དཀྱིལ་འཁོར་ནས། །མི་གནས་དཔལ་ཆེན་ཧེ་རུ་ཀ །ཡབ་ཡུམ་གནས་ཀྱི་ལྷ་དང་བཅས། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །དུར་ཁྲོད་འབར་བའི་དཀྱིལ་འཁོར་ནས། །མི་གནས་དཔལ་ཆེན་ཧེ་རུ་ཀ །ཡབ་ཡུམ་གནས་ཀྱི་ལྷ་དང་བཅས། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་སྩོལ། །ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ༷༷ཧུ༷། །དུས་དྲུག་མཆོད་དང་སྟོང་ཚིག་དང་། །བར་ཆད་མེད་པར་བརྩམ་པར་བྱ། །བསྙེན་པས་སྒོ་གསུམ་བག་ཆགས་སྦྱང་། །ཉེ་བསྙེན་ལྷར་གསལ་སྣོད་དུ་རུང་། །བསྒྲུབ་པས་དངོས་གྲུབ་དམིཊ་ལ་དབབ། །བསྒྲུབ་ཆེན་ཉིད་དུ་བསྟིམ་པར་བྱ། །བསྙེན་བསྒྲུབ་བྱེ་བྲག་བཞི་ཉིད་ནི། །ལམ་དང་སྒྲུབ་དང་གསང་བ་དག །ལྷ་ཡི་ཕྱག་རྒྱ་ཤེས་པར་བྱ། །དབང་ཐོབ་ཡོན་ཏན་རྫོགས་པ་དང་། །རྡོ་རྗེ་གསུམ་དང་དབྱེར་མེད་པས། །བདག་མེད་ཡེ་ཤེས་མཁའ་ལྟར་དག །མཐོང་བའི་དོན་ལ་བརྟེན་དགོས་པས། །ལྷུན་གྲུབ་ཡེ་ཤེས་ཐོགས་མེད་པ། །ལམ་གྱི་ཁྱད་པར་ཉིད་དུ་འདོད། །དངོས་གྲུབ་དུར་ཁྲོད་ལ་སོགས་པ། །མཚན་མ་བརྟན་པ་ཕྱི་རོལ་ཏེ། །རང་ཉམས་གོམས་བརྟན་རིག་པ་འབྱུང་། །ཐིག་ལེ་འབར་ཞིང་བདེ་བ་དག །སྙིགས་མ་དང་བྲལ་བདེ་ཆེན་པོ། །གསང་བ་ཆེན་པོ་མཁའ་ལྟར་དག །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །རྫས་གསུམ་རྟེན་ལ་དམིགས་བཅས་ཤིང་། །སྔགས་དང་ཕྱག་རྒྱས་དབང་བསྒྱུར་ནས། །རེ་དོགས་མེད་པར་དངོས་གྲུབ་འབྱུང་། །དབང་པོ་ཁྱད་པར་ཅི་མཚམས་པར། །དངོས་གྲུབ་བྱེབྲག་ཐམས་ཅད་ཀྱང་། །བསྡུས་རྒྱས་གསུམ་གྱི་ཐབས་ཀྱིས་ནི། །དུར་ཁྲོད་མཆོག་གི་ཕུན་སུམ་ཚོགས། །བདེ་བ་ཆེན་པོའི་རོལ་པ་ནི། །མ་ལུས་འདུས་པའི་ཐིག་ལེ་ལས། །ཐུགས་རྗེ་འདུལ་པའི་གར་སྟབས་ཀྱིས། །སྣ་ཚོགས་སྒྱུ་མར་བསྟན་པ་མཚར། །ཡོད་མེད་དབུས་སུ་མི་དམིགས་ཤིང་། །བདག་མེད་ཡེ་ཤེས་ལས་བྱུང་བ། །ཐབས་ཆེན་མ་ལུས་གོམས་པ་ཡིན། །རང་བྱུང་སྨྱུ་མའི་ཕྱག་རྒྱ་ཉིད། །དཔལ་ལྡན་དངོས་གྲུབ་ཀུན་བསྡུས་པ། །རྟོགས་པའི་ཆོ་ག་བཤད་པ་འདི། །འགྲོ་བ་སྐལ་ལྡན་དོན་དུ་ནི། །འདས་པའི་རྒྱལ་བ་ཀུན་གྱིས་བཤད། །གསང་བ་ལས་ཀྱི་ཁྱད་པར་འདི། །གནས་དང་དཀྱིལ་འཁོར་རྫས་སོགས་དང་། །སྔགས་དང་ཕྱག་རྒྱ་རིམ་པ་ཡིས། །ཞི་རྒྱས་དབང་དྲག་རིམ་པ་ཡིས། །ལས་ནི་རིམ་པ་ཀུན་ཀྱང་འགྲུབ། །བྱ་བའི་རིམ་པ་མཐའ་དག་ལ། །ཕྲིན་ལས་བཞི་རུ་འདུས་པ་ཉིད། །དུར་ཁྲོད་རྫས་ལ་རྟེན་བཅས་ནས། །རྣལ་འབྱོར་པ་ཡིས་བརྩམས་པར་བྱ། །སྡུག་བསྔལ་དོན་དུ་ཞི་བར་བྱ། །ཚེ་ཐུང་ཕོངས་པ་རྒྱས་པ་སྟེ། །དྲེགས་དང་ང་རྒྱལ་དབང་དུ་གསུངས། །མ་རུང་གདུལ་ལ་དྲག་པོ་སྟེ། །སྔགས་གསུམ་རིམ་པ་ལ་སྦྱར་ནས། །ལས་བཞི་བྱེ་བྲག་བརྩམ་པར་བྱ། །བདག་ཉིད་རྣལ་འབྱོར་ལྡན་པ་ཡིས། །ཆོ་གའི་སྦྱོར་བ་ཐམས་ཅད་ལ། །རྟེན་འབྲེལ་སྔགས་ཀྱིས་ཕྱག་རྒྱ་ཡིས། །མ་ནོར སྦྱོར་བར་ལས་བརྩམས་པ། །ཇི་ལྟར་བསྒྲུབས་ཀྱང་འགྲུབ་པ་སྟེ། །རང་བཞིན་ཐབས་ཀྱི་བྱིན་བརླབས་ཉིད། །གང་ལྷར་བསམ་པ་བཞིན་དུ་འགྲུབ། །བདག་ཉིད་ཆེན་པོ་ལ་གནས་པས། །གཞན་ནས་སྤྱོད་༼པ་༽མ་གྲུབ་པ། །ཏིང་འཛིན་བདེ་བ་མ་ཡིན་པས། །དངོས་སོགས་མཚན་མ་སྤོང་བ་ཡིན། །ཐམས་ཅད་བདག་ཉིད་ཆེན་པོ་སྟེ། །བྱིན་བརླབས་ནུས་མཐུ་རང་སྣང་བ། །རང་གི་རྣལ་འབྱོར་གོམས་པའི་སྟོབས། །ཐུན་མོང་ཐུན་མོང་མ་ཡིན་པའི། །བདག་དང་གཞན་དོན་ལྷུན་གྱིས་གྲུབ། །ཐ་མལ་རྟོག་པ་ཞི་བ་དང་། །ཉམས་དང་བདེ་བ་རྒྱས་པ་དང་། །དྲན་རྟོག་སྣང་བ་ཐིམ་པ་དང་། །ཞེ་སྡང་བག་ཆགས་མི་སྣང་བ། །རྟོག་དང་གོམས་པས་སྟོབས་ལྡན་དང་། །བདག་ལ་སྣང་བའི་སྦྱོར་བ་ཡི། །བདག་ཉིད་རྣལ་འབྱོར་སྦྱོར་བ་ཡིས། །དཀྱིལ་འཁོར་རྫས་དང་ཐབ་ཁུང་མེད། །ཆོ་ག་སྔགས་དང་ཕྱག་རྒྱ་མེད། །མ་ལུས་རང་བཞིན་མཉམ་སྦྱོར་བས། །གདུལ་བྱ་མོས་པ་ཇི་བཞིན་དུ། །འཕྲིན་ལས་མ་བྱས་རང་བཞིན་རྫོགས། །སྤྱིན་སྲེག་མེད་ཅིང་བྱ་བ་མེད། །བདག་མེད་གཞན་མེད་མཉམ་པ་ཉིད། །རང་བཞིན་རྟོགས་གོམས་སྩོར་ལྡན་པས། །འབད་རྩོལ་མེད་པར་འགྲུབ་པར་འགྱུར། །དཀྱིལ་འཁོར་སངས་རྒྱས་རང་བཞིན་ཏེ། །སྙིང་པོ་སྐུ་གསུང་ཐུགས་སུ་བཤད། །རང་བཞིན་མཛད་པ་ངོ་བོ་དང་། །དགོངས་པ་བདེ་བ་སྐུ་གསུང་ཐུགས། །སྙིང་པོ་རོ་ཅིག་ཀུན་འདུས་པས། །བདེ་བ་ཆེན་པོའི་ངོ་བོ་ཉིད། །ཐམས་ཅད་འདིར་འདུས་གཉིས་སུ་མེད། །དཀྱིལ་འཁོར་དཀྱིལ་འཁོར་ཐམས་ཅད་ཀྱི། །སྐུ་ནི་བདེ་ཆེན་སྒ་མ་སྟེ། །གསུང་ནི་བྲག་ཆ་ལྟ་བུ་སྟེ། །ཐུགས་ནི་རང་བྱུང་གཉིས་སུ་མེད། །སྙིང་པོ་དབྱེར་མེད་དོན་རྫོགས་ལ། །སྐུ་དང་ཕྱག་རྒྱ་བཟླས་པ་དང་། །དཀྱིལ་འཁོར་འཕྲོ་འདུ་མཆོད་པ་དང་། །སྤྱིན་བསྲེག་ལ་སོགས་མཛི་བཤད་པ། །དང་པོ་ལས་ཅན་སྦྱང་བ་དང་། །མཚོན་པས་ནོད་ལ་གཞུག་ཕྱིར་བསྟན། །མ་བཅོས་དོན་ལ་དབྱེར་མེད་པས། །ཡན་ལག་མེད་ཅིང་ཆ་ཤས་མེད། །འཕེལ་འགྲིབ་མེད་ཅིང་སྦྱང་དུ་མེད། །གནས་དམིགས་འགྲོ་འོང་བསམ་སྤྱོད་འདས། །ནམ་མཁའ་ལ་ནི་འཇའ་ཚོན་དང་། །ཆུ་ཡི་རླབས་དང་བྲག་ཆ་ལྟར། །རྣལ་འབྱོར་རྒྱུན་དུ་ནན་ཏན་བྱ། །མཚན་མ་ཡལ་ག་འབྲས་བུ་མིན། །སྙིང་པོའི་དོན་ཉིད་འབྲས་བུ་སྟེ། །གདོད་ནས་མ་བཙལ་རྫོགས་པ་ལ། །རྟོགས་ནས་ཐམས་ཅད་འབྱུང་རྫོགས་ཕྱིར། །རྒྱུ་རྐྱེན་བྱ་བྱེད་ཀུན་ལས་འདས། །ལྷ་རྣམས་གཅིག་ཕྱིར་ཕྱག་རྒྱ་གཅིག །སྙིང་པོ་གཅིག་ཕྱིར་བཟླས་བརྗོད་གཅིག །དཀྱིལ་འཁོར་གཅིག་ཕྱིར་རྫས་ཀྱང་གཅིག །རྣམ་ཤེས་རང་བཞིན་གཅིག་ཏུ་སྟེ། །སྣང་བ་གཅིག་ཏུ་འདིར་བསྡུས་བྱ། །དེ་བས་སོ་སོའི་བྱ་བ་དག །མོས་སོགས་དམན་པའི་དོན་དུ་སྟེ། །དམ་པའི་དོན་དུ་ཀུན་གཅིག་པའོ། །གདུལ་བྱའི་བསམ་པ་དང་སྦྱར་ནས། །རབ་འབྲིང་ཐ་མའི་བློ་བཞིན་དུ།།སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དག །བསྡུས་རྒྱས་རིམ་པར་ཕྱེ་བ་ཡིས། །ཆོ་ག་དགོངས་པ་ལ་སོགས་པ། །ལམ་སོགས་གསོ་བའི་རིམ་པ་ནི། །གང་ཕྱིར་ནུས་པ་མེད་པས་ན། །དེ་ཡི་ལས་ལ་ནུས་མེད་དེ། །གོམས་ཤིང་ནུས་པས་གཏན་འཕེལ་བ། །དེ་བས་གསོ་བ་མཆོག་ཏུ་བཤད། །དཀྱིལ་འཁོར་རྫས་དང་ཏིང་འཛིན་དང་། །གཏོར་མ་འབྲུ་དང་བཅུད་ཉིད་དང་། །དངོས་གྲུབ་རྫས་དང་ཆོ་ག་དང་། །ཉིན་མཚན་འཇུག་པའི་སྐབས་དག་ཏུ། །གསོ་བའི་ཆོ་ག་བརྩམ་པར་བྱ། །ལས་ཀྱི་ཆོ་ག་ཐམས་ཅད་ལ། །མཆོག་ཏུ་དགོངས་པར་བཤད་པ་སྟེ། །གཞན་དུ་རྫས་སོགས་སྣ་ཚོགས་ལ། །བྱིན་བརླབས་ཡ་མཚན་འབྱུང་མི་འགྱུར། །གསང་ཆེན་ཐབས་ཀྱི་ཆོ་ག་འདི། །རང་ལ་གནས་ཤིང་འགྲུབ་པ་ཡི། །དུར་ཁྲོད་ཆེན་པོ་ལ་བརྟེན་པའི། །བསྒྲུབ་པའི་ཆོ་ག་ཐམས་ཅད་ཡིན། །ཇི་སྙེད་ཐབས་དང་ཐེག་པ་དང་། །འདུལ་བའི་ཕྱག་རྒྱ་ཅིར་སྣང་ཡང་། །ཐབས་ཀྱི་འདུལ་བའི་དོན་དུ་ཟད། །ཕྱི་ནང་སྣོད་བཅུད་སྦྱོད་ཡུལ་འདི། །རྣལ་འབྱོར་ཐབས་ལྡན་སྐྱེས་བུ་ཡིས། །མེ་ལོང་དྭངས་པའི་གཟུགས་བརྙན་ལྟར། །གཞན་མེད་རིག་པ་རང་སྣང་བའོ། །སྒོ་གསུམ་སྤྱོད་ཡུལ་མཐའ་ཡས་པ། །བདག་ཉིད་ཆེན་པོར་གསལ་བ་ཡིས། །ཞེན་ཆགས་གདུང་བ་ཀུན་སྤངས་ལ། །མཆོག་གི་སྦྱོར་བ་སྦྱང་བྱ་ཞིང་། །ཡ་ང་འཇིགས་པ་མེད་པར་བྱ། །མཆོད་པ་དུས་དྲུག་ཇི་ལྟ་བཞིན། །དཀྱིལ་འཁོར་ཉིན་མཚན་དུས་མཚམས་སུ། །དུར་ཁྲོད་ཐལ་བ་ཚོན་གྱིས་ཏེ། །དངོས་གྲུབ་རྫས་ཀྱང་དེ་བཞིན་ནོ། །ཏིང་འཛིན་འཇུག་པའི་ཐུན་མཚམས་སུ། །གཏོར་མ་བཟའ་བཏུང་བྱིན་བརླབས་དག །ནང་ནུབ་དུས་སུ་དེ་བཞིན་ཏེ། །ཉི་ཟླ་རྡོ་རྗེ་བླ་འོག་གུར། །ཇི་ལྟ་བཞིན་དུ་རྟག་ཏུ་བསྲུང་། །ཟས་དང་གོས་དང་བཅུད་ལྡན་པས། །སྐྱོ་མེད་འཇུག་པའི་ཡིད་ལྡན་པས། །སྒོ་གསུམ་སྐྱེ་མཆེད་བྱིན་བརླབས་པས། །རྣལ་འབྱོར་ཐབས་དང་ཤེས་རབ་བོ།དབང་དང་དུར་ཁྲོད་རྫས་དག་ལ། །ལྷའམ་བྱིན་རླབས་ཐབས་ཀྱིས་བྱ། །གཤེགས་དང་བསྐུལ་དང་བར་ཆད་འདུལ། །༼མཚོན་མགོ༽བསྟོད་གསོལ་བ་གདབ་པ་ནི། །མཆོག་གི་བསྒྲུབ་པའི་དུས་སུ་སྟེ། །དུས་དྲུག་དག་ཏུ་ཤེས་པར་བྱ། །གང་དུ་ཐབས་དང་མི་ལྡན་པས། །ཇི་ལྟར་བསྒྲུབ་ཀྱང་མི་འགྲུབ་ཅིང་། །བྱིན་བརླབས་མེད་ཅིང་གཡེལ་བ་དང་། །བར་ཆད་ཉམས་ལེན་འརྒྱུང་བར་འགྱུར། །འཁོར་བ་དག་པར་བྱ་བ་དང་། །མཆོག་གསུམ་བདག་ཉིད་ལས་བྱུང་ཞིང་། །རྡོ་རྗེ་གསུམ་ཚེ་འདིས་འགྲུབ་༼གྱུར་༽ཅིང་། །རྡོ་རྗེ་དབང་གི་ཆོ་ག་བྱ། །དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། །མཚན་མའི་རྫས་ལ་བརྟེན་བཅས་ཤིང་། །གསལ་བའི་མར་མེ་དགུ་བལྟམས་པས། །བར་ཆད་གདུག་པ་ཀུན་བཏུལ་ནས། །ལྷ་དང་སློབ་དཔོན་མ་ལུས་དང་། །དད་དང་གདུང་བས་གསོལ་བཏབ་སྟེ། །དུར་ཁྲོད་གསང་བའི་མེ་ཏོག་དོར། །ཐུན་མོང་གསང་བའི་མིག་ཕྱེ་ནས། །ཕྱི་ནང་གསང་བའི་དཀྱིལ་འཁོར་བསྟན། །རང་དང་མཐུན་པའི་དམ་ཚིག་ཕོག །དབང་ཆོག་ཐོབ་ཕྱིར་རྒྱུད་དག་ཕྱིར། །ཆགས་པ་མེད་པས་མཆོག་རྣམས་དབུལ། །ས་བོན་རང་ལ་གནས་པ་ལ། །བྱིན་བརླབས་ལྡན་པའི་རྫས་གསུམ་གྱིས། །སྣོད་ལྡན་བུ་ལ་དབང་བསྐུར་ན། །ཚེ་འདིས་རྡོ་རྗེ་གསུམ་ཐོབ་འགྱུར། །དག་པ་ཆུ་དང་ཁམས་གསུམ་གྱི། །བདག་པོ་རིན་ཆེན་དབུ་རྒྱན་དང་། །ཐབས་དང་ཤེས་རབ་ལོངས་སྤྱོད་ཅིང་། །མི་འགྱུར་ཤེས་རབ་ཕ་རོལ་ཕྱིན། །སློབ་མ་འགྲུབ་པ་ཉིད་ཡིན་ཏེ། །ཕྱིས་ནི་བརྟུལ་ཞུགས་བདག་པོའི་མིང་། །ལུང་བསྟན་གཟེངས་བསྟོད་དེ་བཞིན་ཕྱིར། །རང་ལ་རྫོགས་པའི་དབང་ཉིད་ལ། །བསྒོམ་དང་ལྷ་དང་བྱིན་བརླབས་ཏེ། །སྔགས་དང་ཕྱག་རྒྱ་སྟོབས་ལྡན་པས། །ཆོ་ག་བཞིན་དུ་དབང་བསྐུར་བྱ། །རང་གི་དཀྱིལ་འཁོར་ལེགས་བསྟན་ལ། །ལྷ་ཡི་མཚན་མ་ཐོད་ཕྲེང་དང་། །ཅོད་པན་ཀོ་རློན་གཡང་གཞི་དང་། །སྟག་ལྤགས་སྦྲུལ་གྱིས་བརྒྱན་པ་རྣམས། ཁྲག་ཞག་ཐལ་བའི་མཚན་མ་དག །རྔ་དང་ཐོད་པ་ཕུར་བུ་དང་། ་་ས་དཀར་གུ་གུལ་བདུད་རྩི་ལྔ། །ཤ་ལྔ་བམ་རིམ་སྟོད་སྨད་དང་། །དབང་པོ་ཡན་ལག་རིང་ཐུང་ཕྲེང་། །ཐོང་གཤོལ་སྟ་རེ་དརྒྱུག་པ་དང་། །རྡོ་རྗེ་གཤོག་པ་མེ་རི་ཕྲེང་། །རང་བཞིན་གནས་ལ་དེ་བཞིན་ཐིམ། །དེ་ཡི་དངོས་པོ་གསལ་བསྟན་ནས། །བསྟན་པའི་ཆོ་ག་ཇི་བཞིན་དུ། །རང་ལུས་ཕྱག་རྒྱར་གསལ་གྱུར་ཅིང་། །དུར་ཁྲོད་བརྡལ་བའི་དབང་ཐོབ་ནས། །རྡོ་རྗེ་འཆང་ཆེན་བདག་འགྱུར་ཕྱིར། །བདེ་ཆེན་ཆོ་ག་གསུམ་དུ་བསྟན། །ཉི་ཟླ་བདུད་རྩིར་སྦྱིན་བྱ་ཞིང་། །དུར་ཁྲོད་བདེ་བར་གསལ་གྱུར་ནས། །ལྷ་དང་ལྷ་མོར་བྱིན་བརླབས་ཤིང་། །བུད་མེད་གསུམ་ལ་བདག་སྦྱོར་བས། །རྡོ་རྗེ་ཉི་ཟླ་སྦྱོར་བ་ཡིས། །འཁོར་བ་བདེ་བ་ཆེན་པོར་འབར། །རྡོ་རྗེ་ཐིག་ལེ་འདུ་འབྲལ་མེད། །བདེ་ཆེན་ཐིག་ལེ་རྒྱུན་ཆད་མེད། །ཐབས་དང་ཤེས་རབ་ལྡན་པ་ཡིས། །ཡེ་ཤེས་རྒྱུན་ནས་མཚན་མའི་རྟེན། །དབང་པོའི་ཁྱད་པར་ཇི་བཞིན་དུ། །ཐབས་ཀྱི་ཆོ་ག་ལ་བརྟེན་ནས། །བག་ཆགས་བསྒྲིབ་པ་ཀུན་གསལ་ཞིང་། །ནམ་མཁའ་ལྟ་བུར་ཉེ་བར་གནས། །ཐོབ་དང་རྣལ་འབྱོར་བརྟན་གོམས་པས། །ཐབས་ཀྱི་རིམ་པས་ལེགས་མཐར་ཕྱིན། །ལོ་ཟླ་བསྐལ་པ་དཔག་མེད་པར། །བདག་གཞན་འདོད་པའི་དོན་འགྲུབ་འཀྱུར། །གང་དུ་བརྟག་ཅིང་མཐར་ཕྱིན་ནས། །དུར་ཁྲོད་ཞལ་བུ་མཚན་ལྡན་པར། །དངོས་གྲུབ་བཀྲ་ཤིས་རྫས་གྱུར་པ། །ཚེ་དང་ཟླ་རྒྱས་ཟླ་ཕྲོམ་དང་། །དཔའ་བོ་བདུད་རྩི་ལྔ་ལྡན་ཞིང་། །གསང་བ་མིང་དང་གསོལ་བྱང་བཅས། །རྒྱས་བཏབ་བྱིན་བརླབས་རྟག་པར་བྱ། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བ་དོན་གྱི་ལྟས་འཁྲུག་པ། །དངོས་གྲུབ་བར་དུ་གཅོད་པའི་བགེགས། །ཐབས་ཀྱིས་གསལ་བའི་ཆོ་ག་བྱ། །གང་དུ་གསལ་གོམས་བརྟན་པ་ཡིས། །ཇི་ལྟར་བསྒྲུབ་པས་དེར་འགྱུར་ཏེ། །སངས་རྒྱས་ཀུན་གྱི་དངོས་གྲུབ་སྟེར། །བདག་ལ་འཆར་བར་ཐེ་ཚོམ་མེད། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །དངོས་གྲུབ་བྱེ་བྲག་མཐའ་ཡས་པར། །རྟེན་འབྲེལ་ཐབས་ཀྱི་ཆོ་ག་ཡིས། །དེ་ལྟར་མྱུར་དུ་འཐོབ་པར་འགྱུར། །དུར་ཁྲོད་ལ་བརྟེན་བསྒྲུབ་པ་ཡང་། །བསྒྲུབ་ཆེན་བྱེ་བྲག་གཉིས་འདུས་ཏེ། །དབང་དང་དངོས་གྲུབ་གསང་བ་སྟེ། །གཞན་དག་ཕྲ་མོའི་ལས་སུ་བཤད། །དམ་ཚིག་དབང་དང་ལྡན་པར་བཅས། །རྫས་དང་ཆོ་ག་ཚང་བ་ཡིན། །བག་ཆགས་དག་ཅིང་སྣོད་རུང་བ། །འདི་ནི་བསྙེན་པའི་ཆོ་གར་བཤད། །མཆོད་དང་བཤགས་དང་བཟླས་བསྐུལ་བས། །རྩེ་གཅིག་དགོངས་དང་ལྷ་ཉེ་བ། །འདི་ནི་ཉེ་བའི་བསྙེན་པ་སྟེ། །བར་ཆད་མེད་པར་རབ་དང་བས། །ཉིན་མཚན་མེད་པར་རབ་བསྒྲུབ་པར། །བྱིན་བརླབས་རྟགས་དང་ཆོ་འཕྲུལ་འབྱུང་། །འདི་ནི་བསྒྲུབ་པ་ཞེས་བཤད་དོ། །ཆུ་དང་མེ་ལོང་༼དང་ས་དྭངསཔཀེལ། །གཟུགས་བརྙན་སྣ་ཚོགས་སྣང་བ་ལྟར། །རྣལ་འབྱོར་རང་རྒྱུད་དག་པ་ལ། །དངོས་གྲུབ་སྣ་ཚོགས་རང་ལ་འཆར། །རྟགས་དང་མཚན་མ་གང་བྱུང་བ། །བར་ཆད་ཐབས་ཀྱིས་བསལ་བྱས་ཏེ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །དངོས་གྲུབ་ཡུམ་གྱི་མཁའ་ལ་བླངས། །འདི་ནི་བསྒྲུབ་པ་ཆེན་པོར་བཤད། །ལྷ་དང་རྫས་དང་ཏིང་འཛིན་གྱིས། །ཆ་ཡིས་རྣམ་པར་བགོས་ནས་ཀྱང་། །རྡོ་རྗེ་སློབ་དཔོན་ལ་ནོད་ཅིང་། །རྣལ་འབྱོར་གྲལ་གྱི་རིམ་པས་སྤྱད། །གསང་བའི་ཐབས་དང་ལྡན་པ་ཡིས། །བྱིན་བརླབས་ཐབས་དང་ལྡན་པས་བླངས། །དྲོད་ཚད་ཡལ་ཞིང་མ་བླངས་ན། །བར་ཆད་འབྲས་བུ་ཡལ་བར་འགྱུར། །བཀྲ་ཤིས་བྱིན་བརླབས་འབྱུང་བ་ཡིས། །སྐྱེ་བ་བདུན་ནམ་ལྔ་གསུམ་གྱིས། །རྟགས་ལྡན་ན་སོ་དར་ལ་བབ། །རྨ་མེད་གཙང་མ་བརྟགས་ནས་ནི། །བར་ཆད་བསལ་ཞིང་བསྲུང་བ་དང་། །སྦྱང་དང་བྱིན་བརླབས་བཀྲུས་པ་དང་། །ཆོ་ག་བཞིན་དུ་བསྐོས་བཏབ་ལ། །དབང་དང་དངོས་གྲུབ་ལྷ་ཡི་རྫས། །མཆོད་པ་ལ་སོགས་པ་ཡི་དོན། །མཐའ་ཡས་འདི་ལས་འབྱུང་བ་སྟེ། །དཔེར་ན་ཡིད་བཞིན་ནོར་བུ་དེ། །ཚེ་དང་པྲ་དང་ཡོ་བྱད་དང་། །རྐང་མགྱོགས་གྲུབ་པའི་རྫས་ལ་སོགས། །དུར་ཁྲོད་རྫས་ལ་བརྟེན་པས་འགྲུབ། །སྙིང་དང་མཚན་མ་ནང་གྲོལ་དང་། །ཡན་ལག་ལྔ་ནི་དུར་ཁྲོད་སྟེ། །མ་མོ་བརྒྱད་ཀྱི་རྫས་སུ་དགོད། །ཕྲ་མེན་གསང་བའི་གནས་ཡིན་ཏེ། །ནེའུ་སོགས་སྒོ་མོའི་དོན་དུ་བཤད། །སྒལ་ཚིགས་དབང་ཕྱུག་རྣམས་ཀྱིས་རྫས། །བརྙ་དབང་པོ་ལྔ་ལྡན་པ། །ཡབ་ཡུམ་དག་གི་མཚན་མར་བཤད། །དུར་ཁྲོད་རྫས་ལ་བརྟེན་བཅས་ཤིང་། །གསང་བའི་རྫས་ལ་མདངས་ལྡན་པར། །གསང་བའི་དམ་ཚིག་མཆོག་གི་བསྒྲུབས། །རིག་འཛིན་མཁའ་འགྲོའི་བྱིན་བརླབས་སོ། །རྫས་རྣམས་ཀུན་གྱི་རྩ་བ་ནི། །དུར་ཁྲོད་མཆོག་ལས་བྱུང་བ་སྟེ། །རྨད་བྱུང་གསང་བའི་རྫས་མཆོག་ནི། །དངོས་གྲུབ་ཀུན་གྱི་མཆོག་ཏུ་བཤད། །ཡོན་ཏན་ཀུན་ལྡན་རྣལ་འབྱོར་པས། །གསང་བའི་དུར་ཁྲོད་རྫས་ལ་བརྟེན། །སྔགས་དང་ཕྱག་རྒྱ་བྱིན་བརླབས་པས། །དངོས་གྲུབ་ཡ་མཚན་བསམ་མི་ཁྱབ། །དང་པོ་བག་ཆགས་དག་པའི་རྟགས། །དེ་ནས་ལྷ་དང་ཉེ་བའི་རྟགས། །དེ་ནས་དངོས་གྲུབ་འབྱུང་བའི་རྟགས། །ཐ་མ་གྲུབ་པ་བསྟན་པའི་རྟགས། །སྦྱང་དང་བསྟན་པ་བསྒྲུབ་པ་དང་། །བླང་བའི་ཐབས་ལ་མཁས་པར་བྱ། །རྫས་དང་མེ་ལོང་རྣལ་འབྱོར་པ། །མིག་རྣོན་ལ་སོགས་བརྟགས་པ་སྟེ། །ལྷ་དང་ལྷ་མོར་སྣང་བ་དང་། །འོད་དང་དུ་བ་སྒྲ་དང་དྲི། །ལྷག་མའི་རོ་དང་ཉམས་དང་ནི། །འཕེལ་དང་ཉམས་ཀྱི་བྱེ་བྲག་རྣམས། །ཐིག་ལེ་འབྱུང་ཞིང་བདེ་བ་རྒྱས། །གསང་བའི་ཐབས་ལ་བརྩོན་བྱས་ཏེ། །ཉམས་ལེན་འབྱུང་པོ་བསལ་ནས་ནི། །དངོས་གྲུབ་བླངས་ལ་བསྟན་པར་བྱ། །བསྒྲུབ་པས་འགྲུབ་པའི་བྱེ་བྲག་ནི། །རྣལ་འབྱོར་ཤེས་པའི་བྱེ་བྲག་དྲུག །མེ་ལོང་གསལ་བའི་གཟུགས་བརྙན་ལྟར། །དངོས་གྲུབ་འབྱུང་བའི་མཚན་མ་འཆར། །དངོས་གྲུབ་བྱེ་བྲག་ཇི་སྙེད་པ། །ལྷ་དང་རྫས་དང་གསང་བ་དང་། །མཁའ་ལས་འབྱུང་བ་འདི་དག་ནི། །ཐབས་ལ་མཁས་པ་གསུམ་གྱིས་བླངས། །ལེགས་པར་དངོས་གྲུབ་ཐོབ་ནས་ཀྱང་། །བསྟན་པའི་ཆོ་ག་གསུམ་ལྡན་བྱ། །རྣལ་འབྱོར་སྐལ་ལྡན་སུ་ཡང་རུང་། །དུར་ཁྲོད་རྫས་ལ་བརྟེན་བཅས་ཤིང་། །བརྟུལ་ཞུགས་རྫས་ལ་ལོངས་སྤྱོད་པས། །ཐབས་མཁས་སྔགས་དང་ཕྱག་རྒྱ་ཡིས། །བར་ཆད་མེད་པར་གང་བསྒྲུབས་པ། །ཇི་ལྟར་བསྒྲུབས་པས་མྱུར་དུ་འགྲུབ། །གསང་དུ་རྣལ་འབྱོར་བསྒྲུབ་པའི་ཚེ། །རྣལ་འབྱོར་མཁའ་འགྲོ་རིག་འཛིན་དང་། །སྒྲུབ་པ་ཕོ་མོ་ལ་སོགས་པ། །སུས་མི་རིག་པ་ཡི་བརྡའ་ཡིས། །ལུས་ངག་བརྡའ་ཡིས་མཚན་བྱས་ཏེ། །འཇིག་རྟེན་མིང་བརྡའ་ལས་འདས་པ། །སྦྱི་བོར་བྱུག་པ་ཕྱག་གི་བརྡའ། །དཔྲལ་བ་ལན་དུ་ཤེས་པར་བྱ། །མིག་བསྒྲིམས་ཏིང་འཛིན་སྒྲིམ་པའི་བརྡའ། །གཡས་པ་ལག་པ་ཟན་གྱི་སྟེ། །གཡོན་པ་ཤ་ཡི་བརྡའ་རུ་བཤད། །གཡོན་པས་གཡས་ཀྱི་སྲིན་ལག་འཐོར། །ཆང་གི་བརྡའ་རུ་ཤེས་པར་བྱ། །ཉུག་མའི་དྲི་སྟེ་ཕྱག་བཞག་པའི། །ཕྱག་རྒྱ་ཏིང་འཛིན་གྱིས་ཤིག་པའོ། །གཡས་སུ་འདུད་ཅིང་བལྟ་བ་ནི། ཁམས་བདེ་འམ་ཞེས་དྲི་བ་སྟེ། །གཡོན་པ་ལན་དུ་ཤེས་པར་བྱ། །གར་ལ་བསྙེན་པ་གྱེན་དུ་དཀྲོལ། །མཆོད་པ་འབུལ་བའི་བརྡའ་རུ་བཤད། །ལྕེ་ལ་རེག་པའི་ལན་ཚའི་བརྡའི། །པདྨ་རྡོ་རྗེ་ལ་རེག་པ། །