Ngb-pt-0902-vol-10-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
(No difference)

Revision as of 07:55, 20 March 2020

Front

Body

རྒྱ་གར་སྐད་དུ། ཤ་ཅུ༷་ནཱ་ཤ་ཡ། དེ་བ་པ་ཐ་ར་བན་ཛ་ཀ་ལ་ཧུར་ཐུམས་སོ་རི་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་བསྟན་པའི་དགྲ་ལ་གནམ་ལྕགས་དྲག་པོའི་ཐོག་དབབ་པ་ལྷ་མིན་མཚོན་ཆ་ཀ་མ་ལའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་ཁྲོས་པ་ཕྱག་ན་རྡོ་རྗེ་གསང་བ་མཆོག་གི་བདག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་འདི། ལྷ་གནས་རྩུབ་འགྱུར་གྱི་ཚལ་ཆེན་པོ་རྩེ་མོ་ན། གནམ་ལྕགས་ཐོག་སེར་གྱི་ཚ་ཚ་སྐར་ལྟར་འཁྲུག་པ། རབ་ཏུ་ཡང་ཞིང་འཇིགས་པ། སྐྱི་གཡའ་བ། མེ་རླུད་གིས་ཐམས་ཅད་འཇོམས་པ། རཀྟའི་རྦ་རླབས་འཁྲུག་པའི་གནས་དེ་ནི། ལྷ་མ་སྲིན་སྡེབརྒྱད་འདུལ་བའི་དགོངས་པ་ལ་ཞུགས། ལྷ་དང་། ཀླུ་དང་། གཟའ་དང་། རྒྱུ་སྐར་དང་། མ་མོ་དང་། བདུད་དང། གནོད་སྦྱིན་དང་། གཤིན་རྗེ་དང་། བཙན་དང་། རྒྱལ་པོ་ལ་སོགས་པ་ཐམས་ཅད་མ་བཟོད་པས་འདུས་ཤིང་སྤ་འཁོངས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་གནོད་སྤྱིན་ལག་ན་རྡོ་རྗེ་རང་གི་སྟན་ལས་བཞེངས་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་ཕྱག་འཚལ་སྡོང་གསོལ་པ། ཨེ་མ་བཅོམ་ལྡན་རྡོ་རྗེ་འཆང་། །སངས་རྒྱས་བསྟན་པའི་སྙིགས་མ་ལ། །བསྟན་པ་བསྲུང་བའི་དྲག་སྔགས་མཆོག །གང་ལགས་པ་དེ་བཤད་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོ་བཛྲ་ཙལྒོཀརྨ་རག་ཤ་གན་དྷི་ས་མ་ཡ་ཧོ། ཞེས་གསུངས་པ་དང་། ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་བརྒྱལ་བ་དང་། རེངས་པ་དང་། འདར་བཞིན་དུ་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་མགྲིན་གཅིག་ཏུ་སྨྲས་པ། གསང་བའི་བདག་པོ་རྡོ་རྗེ་འཆང་། །བསྟན་པ་འཇིག་པའི་གཤེད་མ་དག །རག་ཤ་གརྙེ་ཐོགས་ལས་པས། །ནམ་དགོས་དུས་སུ་དབབ་པར་བགྱིས། །ཞེས་དམ་བཅས་སོ། གནམ་ལྕགས་དྲག་པོ་ཐོག་དབབ་པ་སྐྲུ་གྲི་ཀ་མ་ལའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གནོད་སྦྱིན་ལགན་རྡོ་རྗེས། བཅོམ་ལྡན་འདས་ལ་གསོལ་བ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུངས་པ་དང་། །བསྲུང་བར་འགྱུར་པའི་དྲག་སྔགས་གང་། །འདི་ཡི་སྒྲུབཐབས་ཇི་ལྟ་བུ། །རྫས་དང་སྒྲུབ་པའི་སྔོན་འགྲོ་གང་། །སྒྲུབ་པ་པོ་ཡི་སྔགས་པ་གང་། །གསང་བའི་བདག་པོས་བཤད་དུ་གསོལ། །རྒྱུད་ལས་ཞུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ལྷ་ཚངས་པ་ལ་བཀའ་སྩལ་པ། ཚངས་པ་ཆེན་པོ་བོས་ནས་ཁྱོད་ཀྱིས་ཐོག་གི་སྔགས། །གནམ་ལྕགས་སྐྲུ་གྲི་ཀ་མ་ལ། །དྲག་སྔགསམཚོན་ཆ་འདིར་སྨྱོས་ཤིག །ཅེས་བཀའ་སྩལ་ཏོ། །ལྷ་ཚངས་པས་གསང་བའིབདག་པོ་ལ་སྤྱི་བོས་ཞབས་ལ་ག་ས་ཏེ་ཕྱག་འཚལ་ཞིང་། སྤུ་གྲི་ཀ་མའི་དྲག་སྔགས་མདོངས་གསོལ་དུ་ཕུལ་བ་འདི་རྣམས་སོ། །གྲི་དྲུང་རྩད་ཆོད། མུ་ཡེར་ཨ་མུ་ཀ་ཀྟ་སྙིང་དུ་ཁྲིབ་དྲི་བསྡུས། བསྙེན་དེ་བསྡུ་བའི་དྲག་སྔགས་ཡིན། །དཀྲ་བ་ཙི་ཕྲི། ཙ་ཀྲ་ཞུ། བཱ་ར་ཡ་ཐིབས་ཐིབས། ཛ་ན་ར་སྨྱུ་ར་ཡ། ཙིཀྟ་ཚལ་པ་ཁ་བསྡུས། བཞུ་སྟེ་དྲིལ་བའི་དྲག་སྔགས་ཡིན། །སྡོར་བ་དུ་ཡ། བྷན་དྷི་ཕོབ། ལྡེམས་ཆུམ་བཱ་ར་ཡ། ཕོབ་ཡ། ཧྲི་དུ་པ་ཡུ་ཙ་ཐུན། ཙིསྟ་ལ་ཕོབ་ཕོབ། དགྲ་ལ་བརྡེག་དེ་དབབ་པའོ། །ཏབྱ་ཐུ་ཨ་ཧོ་འདུས། པ་ར་ཏ།ཧ་ན་ཁྱི། ཁྱུག་ཁྱུག་ཧུ༷་ཕཊ། ཨ་པ་ཡ། ཧ་ཕྱེ་ཧང་། འུར་འུར་ཆེམ་ཆེམ་ཡ༷་ཡ༷་ཧྲིལ་ཤར་སྨྱོ། འདུས་ཧི་ཧྲིལ་སྦྱོ་ཕོབ། དགྲ་བོ་ནི་ཤ་ཀུ་རུ་མྱ་ར་ཡ་ཛ་ཕཊ། རྣོ་བ་ངར་གྱིས་གདགས་པའོ། །བི་ཏ་ཀ་བྷ་ཡུ་ཨ་ཀ་ས་ཙརྙ་ཨ་དོད་ཏ་ཊ་ཀྲ་རུ་པ་ཡུ། ས་བ་སྤྲོ་ཡ། ཐོག་བདུན་དབབ་པ་རབ་ཡིན་ནོ། །ཨུ་པ་ར་ཏི་སྟེ་ཚ་ཏྲ་ཛ་ན་ས་ཛ་བ། བྷ་ར་སྟེ་ར་རྟོ་བུ་སྟ། ས་ན་ར། སད་ཏི་རི། ཨར་ཐ་ར་ཨ། ཐོག་མདའ་ལྔ་དབབ་པ་འབྲིང་པོ་ཡིན་ནོ། །ཨ་ཀི་ཨུ། ཐོག་མདའ་གསུམ་དབབ་པ་ཐ་མ་ཡིན། །སུ་ར་དུ་པ་ཐ༷་པ་ལ། ཏོ་ཏ་པ་ནི། རིན་ཆེན་ཐོག་གི་རྒྱུའི་སྔགས། ཤར་ལ༷་སྨྱོ། ཐུན་འཕང་དུས་ཀྱི་ལམ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོ་ནི་ནཱ་ག་ཛ་མུན་ཏི་ཨ་ཨུ། བདག་ལ་ཐོག་བསྲུང་བ་ཡིན་ནོ། །ན་ག་གུར་ལིང་སྙིང་ཁྲག་བ་མོ་རུ་ལ། ནཱ་ག་པུ་ན་ནཱ་ག་དུ་ན། ས་མ་ཡ་དུ། ནཱ་ག་སྙིང་ལ་ཕོབ་ཡ། ཀླུ་གཟིར་བ་སྟེ་ཐོག་ཁང་རྙིང་པར་བྱེད་པའོ། །ཞེས་གསང་བའི་བདག་པོས་གསུངས་སོ། །རྒྱུད་ལས་དྲག་སྔགས་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དད་བརྩོན་ཤེས་རབ་ལྡན་ པའི་མི། །བླ་མ་སློབ་དཔོན་མཉེས་བྱེད་པས། །དང་པོར་དམ་རྫས་ཅི་དགོས་བསག །ཐོག་གིས་བསད་པའི་ཙིརྟི་དང་། ཁྲ་ཁྲག་རུས་པ་ཐོད་པ་བཙལ། །དེ་མ་རྙེད་ན་སྤེའུ་དང་། །དྲི་རྒོད་རྣམ་པར་ལྐུགས་པས་བྱའོ། །ཐོད་པའི་ནང་དུ་སྙིང་གཞུག་སྟེ། །ལིང་ག་འཁོར་ལོ་སྔགས་བཟླས་པའི། །ཡུངས་ཀར་ཏིལ་དང་ཟ་མ་བཙལ། །ཐོག་ལྕགས་གསེར་དངུལ་འཁར་བ་དང་། །ལྕགས་ཐིག་ཟངས་ཐིག་གཡའ་ཐིག་རྣམས། །ཆ་གཉིས་བགོས་ལ་རྟ་ཐུན་བྱ། །དུར་ཁྲོད་རས་ལ་གསེར་གངུལ་དང་། །མཚལ་དང་སྣག་ཚས་བསྲུང་འཁོར་བྲི། །སྐུ་གདུང་གཟུགས་སྔགས་་་ཆོག་འགྱུར་བཅང་། །རྒྱུད་ལས་སྒྲུབ་པར་བྱ་བའི་སྔགས་གང་ཡིན་པ་དེས་དམ་རྫས་བསག་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །སྒྲུབ་པའི་གནས་ནི་དུར་ཁྲོད་དམ། །ཆུ་གླིང་ཤིང་རྩིག་བྲག་ཆུ་འཐབ། ། ལུང་པ་རི་བྲག་ཟངས་འདྲ་སྟེ། །དམར་པོ་འཇིགས་པ་ཡ་ང་བ། །སྦྲུལ་དང་སྡིག་པ་འཁྱུག་པ་འདྲ། །རྟ་རོ་དམར་པོ་ཁ་ཕྱེ་འདྲ། །བྲག་ཕུག་བཙན་པོ་དེར་ཕྱིན་ལ། །ཕུང་ཤུལ་ས་ལ་སྟེགས་བུ་རྩིག །མི་བསད་རོ་བསྲེགས་རབས་ཆད་ཤུལ། །བྲག་འགྲམ་པ་ཡི་ས་ལ་བྱ། །རྒྱར་ནི་མདའ་གང་གྲུ་བཞི་ལ། །དཔངས་སུ་ཁྲུ་གང་དུག་ཁྲག་དང་། །རོས་སོལ་སྦྱར་བས་ནག་པོར་བྱུག །དེ་ཡི་སྟེང་དུ་འབྲུབ་ཁུང་རྩིག ཁྲུ་གང་རྒྱ་ལ་མཐོ་གང་དཔངས། །དམར་ནག་མེ་ལྕེ་རིས་སུ་བྱ། །རྩང་ཕུར་ཉི་ཤུ་རྩ་གཅིག་གཟུགས། །དེ་ཡི་ནང་རྟ་ཐུན་བཞག །ཐུན་རྫས་མེ་ལོང་སྟེང་དུ་འོ། །དེ་ནས་ཡུལ་བདག་ལྷ་ཀླུ་ལ། །ཕུད་དང་གཏོར་མས་བཀའ་སྒོ་ནས། །ཕྱི་ནང་སྐོངས་དང་བཤགས་པ་བྱའོ། །མཚམས་གཅད་ལྷ་ཡི་རྣལ་འབྱོར་ནི། །རྟ་མགྲིན་དཔལ་ཆེན་རབ་ཏུ་སྔགས། ཁུད་ལས་སྒྲུབ་པའི་གནས་བཙལ་ནས། དེར་སྔོན་འགྲོའི་ཆོ་ག་བྱ་ཞིང་ཤིས་པའི་ལྷ་སྒོམ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྒོམ་པའི་ཏིང་ངེ་འཛིན། །བདག་དང་ལྷ་སྲིན་སྡེ་བརྒྱད་ཀྱི། །དྲག་སྔགས་འབྲུག་ཐོག་ངར་དུ་བཟླས། །ཐོད་པར་དགྲ་འདུག་མེ་རླུདའཅོ། །དེ་ནས་ཐོད་པ་འཁོར་ལོ་བསྐོར། །དེ་ནས་གནག་པའི་དགྲ་ཡུལ་དང་། །ཐོད་པ་གཉིས་སུ་མེད་པ་དེར། ། ནམ་མཁའ་མེ་རླུད་འཁོར་ལོ་བསྐོར། །བཞི་པའི་དུས་སུ་དྲེགས་པ་ཚོགས། །རབ་ཏུ་ཁྲོས་པས་མཚོན་ཆ་ཚོགས། །སྣ་ཚོགས་དགྲ་ལ་གདབ་བྱས་ནས། ཁྲ་ཁྲག་ཟ་འཐུང་ཧབ་བསྟོད་བྱེད། །ལྔ་པ་དྲེགས་པ་དགྲ་བོ་ལ། །ཐོག་གི་མཚོན་ཆ་བ་་མར་འབེབས། །དགྲ་རྣམས་རྡུལ་དུ་རློག་པར་བསྒོམ། །བསྙེན་པ་བྱེ་བ་བདུན་འབུམ་བསྐྱལ། །དེ་རྟགས་མོན་དང་ཨ་ཙ་ར། །ཉན་ཐོས་ཆ་ལུགས་སྒྲ་སྙན་སྒྲོགས། །ཉེ་བསྙེན་དུས་སུ་མེ་དཔུང་འབར། །སྒྲུབ་པའི་དུས་སུ་བྱལ་རྦབ་རྒྱོགས། །སྒྲུབ་ཆེན་དུས་སུ་སྤྲིན་ཚོགས་འདུ། །གློག་འབྲུག་ཙག་སྐད་སྒྲ་ཆེན་འཛིན། །རྒྱུད་ལས་ཏིང་ངེ་འཛིན་དང་མཚན་རྟགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རང་གི་བསྲུང་བ་བསྟན་པ། །ཡི་དམ་ལྷ་དང་ལྟ་བ་ནི། །མ་ཡེངས་གསལ་བ་བསྲུང་བའི་མཆོག །འཁོར་ལོ་སྐུ་གདུངས་སྤྱི་བོར་བཅང་། །ཡུགས་ས་མོ་ཡི་ཞབས་མ་འཚལ། །ན་ག་ཛ་ལའི་ས་བོན་བྲུན། །རྒྱ་ཚིལ་རྟ་བོན་བྲག་རྩེ་ལའོ། ། འདི་ཡིས་དམ་ཚིག་གཞུང་ལ་སྒྲིམ། །དམ་ཉམས་མཛེ་ཡུགས་མི་དོང་པོ། །ཟས་གོས་ཕྲད་པར་མི་བྱའོ། །རྒྱུད་ལས་དམ་ཚིག་བསྟན་པ་དང་། །བདག་དང་བསྲུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལས་ལ་སྦྱར་བར་བྱ། །གཟའ་དང་སྡོངས་ལ་རྟ་བཅུག་ལ། །ཐུན་འཕང་དམོད་མོ་དྲག་སྔགས་བཟླས། །བརྣག་བྱའི་མཁར་ཁང་རྨང་དུ་སྦ། །དེ་ལ་དམིགས་ནས་སྒོང་ཟོར་བརྡེག །བྱ་ནག་སྒོ་ངར་ཐུན་བླུག་པའོ། །སྔོན་དམར་སྒུལ་ཐོག་ཞིང་དཀྱིལ་ཅན། །ཐུན་ལམ་གསལ་ནས་འཕྲོས་པས་འཕང་། །ཉི་ཤུ་དགུ་ཡི་ཕྱི་དྲོ་འབེབས། །གྱད་པ་གྲི་སྐོར་བྱེད་པ་ལྟར། །ཡེངས་སུ་མི་རུང་སྒྲིམ་པ་གཅེས། །དགྲ་ཡི་སྲོག་རྩ་སྐེམས་པའོ། ཁུད་ལས་མས་སྦྱར་པའི་ལེའུ་སྟེ་བརྒྱད་པའོ།། །།བསྙེན་སྒྲུབ་དུས་དང་གཟའ་སྐར་ནི། ། དགུན་སྒྲུབ་འབྲུག་གི་ཟླ་བ་ལ། །གཟའ་སྐར་དྲག་བོ་ལ་འཇུག་གོ །དབྱར་སྒྲུབ་ཁྱི་ཡི་ཟླ་བ་ལ། །ཕུར་པ་མགོ་ལག་རྒྱུག་པ་རྟ། །རྩིས་ནས་འཇུག་དང་དབབ་པར་བྱ། །བྷ་རི་ཤ་དང་སྡེབ་པར་བྱའོ། །ནཱ། ག་ར། ཛ། ཡ། མ། དྲི། ལ། ལོག བ་ཐ་ར། ཀརྨ། ཀུ་སྲ ཨ་སྟེ་ཤ་ཡ་ཨུ། སྡིག་པ་བྱང་བ་སྡུར་པ་དང་། །གུ་གུལ་རྟ་བོན་མུ་ཟི་དང་། །ཡུག་ས་མོ་ཡི་རྐང་མར་སྦྱར། །གཉན་སར་སྔགས་རྒྱས་བསྲེགས་པ་ཡིས། །ཐོག་དང་སེར་བ་སྤྲུག་མར་འབེབས། །རྒྱུད་ལས་དུས་ཚོད་གཟུང་ཞིང་སེར་བ་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །རྒྱུད་ཀྱི་བསྟན་པ་གཏད་པ་ནི། །སངས་རྒྱས་བསྟན་པ་འཇིག་ན་བྱའོ། །ཕྲན་ཚེགས་ཙམ་ལ་བྱས་གྱུར་ན། །ན་རག་དམྱལ་བར་ལྷུང་ངེས་སོ། །དེས་ན་སྣོད་མེད་པ་ལ་གསང་། །སྣོད་ལྡན་དམ་ཚིག་ལྡན་པ་ལ། །དམ་རྒྱ་བྱས་ཏེ་གཏད་པར་བྱ། །ཞེས་གསུངས་སོ། །དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་སོགས་པ་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ནས། ཐམས་ཅད་རང་རང་གི་གནས་སུ་འཁོད་པར་གྱུར་ཏོ། །ཐོག་དབབ་སྐྲུ་གྲི་ཀ་མ་ལའི་རྒྱུད་རྫོགས་སོ།། །།རྒྱ་རྒྱ་རྒྱ། སྭ་སྟི། ཁ་ཐམ། སང་ངོ་། །ལྷ་མ་ཡིན་སྤུ་གྲི་མཚོན་ཆ་སྤུ་གྲི་ཀ་མ་ལའི་རྒྱུད། །མཆོད་རྟེན་བརྒྱ་དང་བཅས་ནས་གཏེར་དུ་སྤས། །ཨོ་རྒྱན་པདྨ་ཐོད་འཕྲེང་ངས། །སངས་རྒྱས་བསྟན་པ་བསྲུང་པའི་ཕྱིར། ། ལྷ་སྲིན་སྡེ་བརྒྱད་ལས་ལ་བཀོལ། ཁྱད་པར་གནམ་ལྕགས་ཐོག་དབབ་པ། །ལྷ་མིན་མཚོན་ཆ་ཀ་མ་ལ། །དགྲ་སྲོག་གཅོད་པའི་སྐྲུ་གྲི་འདི། །བུམ་ཐང་དགེ་གནས་ལྷ་མོ་ཡི། །ཞལ་གྱི་དཔྲལ་པའི་མཛོད་པུར་སྦས་སོ། །བསེ་སྒྲོམ་དང་དུ་རྒྱས་བཏབ་བོ། །ལས་འཕྲོ་ཅན་དང་འཕྲད་པར་ཤོག། །།རྒྱ་གར་སྐད་དུ། ཀྭ་ལ་ཙིཉི་ཏནྟྲ་གུ་རྒྱ། བོད་སྐད་དུ། ནག་པོ་གསང་བའི་རྒྱུད། གནོད་སྤྱིན་གྱི་སྡེ་དཔོན་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་