Ngb-pt-0822-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
(No difference)

Revision as of 08:13, 20 March 2020

Front

Body

རྒྱ་གར་སྐད་དུ། ཡཀྟ་ཨ་པ་ར་གུ་ཏུ་ན་ར་ཏི་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་པ་ར་ཙིསྟ་གསང་བ་ཕྱི་མའི་རྒྱུད་ཅེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་གསང་བའི་བདག་པོ་ཡིས། །འཁོར་རྣམས་ཀུན་ལ་བཀའ་སྩལ་པ། །ཉོན་ཅིག་བྱང་ཆུབ་སེམས་དཔའི་ཚོགས། །ཐམས་ཅད་འདུན་བྱེད་ཨ་པ་ར། །རྟོགས་ཤིང་འགྲུབ་པར་འདོད་ན་ཕྱག་རྡོར་བསྒོམ། །དེ་ལ་ཕྱི་བསྒྲུབ་ནང་བསྒྲུབ་གསང་བསྒྲུབ་གསུམ། །ཡང་གསང་བསྒྲུབ་དང་རྣམ་པ་བཞི། །ཕྱི་ལྟར་མུ་ཁྱུད་ཟླུམ་པོས་བསྐོར། །མདུན་དུ་ཧྲི་དང་ལྡན་པར་བྱ། །དེ་ཡི་མཐའ་མར་སྔགས་དགོད་ལ། །ཕྱི་རོལ་མི་སེམས་འདུ་བའི་སྔགས། །བཀོད་ལ་བུམ་པའི་ནང་དུ་གཞུག །རྣལ་འབྱོར་ལུས་ལ་གདགས་པའམ། །གཅེས་པའི་མཛོད་དུ་གཞུག་པར་བྱ། །དེ་ལ་དངོས་གྲུབ་ཐེ་ཚོམ་མེད། །ཅེས་གསུངས་སོ། །སྐབས་བཞི་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །གནོད་སྤྱིན་བསྒྲུབ་པའི་དམ་ཚིག་ཏུ། །བླ་མ་དང་ནི་ཡི་དམ་ལ། །ཕྱག་ན་རྡོ་རྗེ་བསྒོམ་པར་བྱ། །སྤྱོ་བོར་རབ་ཏུ་བསམ་པར་བྱ། །མདུན་དུ་གནོད་སྤྱིན་བསམ་པར་བྱ། །འགྲོ་ལ་སྙིང་རྗེ་བསྐྱེད་པར་བྱ། །ཐམས་ཅད་དྲན་པར་སེམས་བསྐྱེད་ལ། །གནོད་སྦྱིན་བསྒྲུབས་པས་དངོས་གྲུབ་ཐོབ། །ཚེ་ཉིད་རིང་བར་འདོད་པས་ན། །ལྷ་འདྲེ་ཐམས་ཅད་ཟིལ་གནོན་དུ། །ཨ་པ་ར་ལ་དབང་སྐུར་བྱ། །སྙིང་པོ་བཟླས་ལ་ལས་གཉེར་གཏོད། །ཅེས་གསུངས་སོ། །སྐབས་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་འདི་ཉམས་སུ་ལེན་པ་ནི། དད་དང་དམ་ཚིག་ཤེས་རབ་ལྡན། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །འགྲོ་དོན་ནུས་པའི་དོན་དུ་གསང་ལ་བཟུང་། །ཞེས་རྡོ་རྗེ་འཆང་གིས་བཀའ་སྩལ་པ་དང་། །ནོར་བདག་བྱང་ཆུབ་སེམས་དཔའ་ཡི་རང་བར་གྱུར་ཏོ། །རྒྱུད་ཕྱི་མ་རིན་པོ་ཆེ་ལས། སྐབས་དྲུག་པ་རྫོགས་སོ།། །།གུ་རུ་པདྨ་འབྱུང་གནས་ནས་བརྒྱུད་པའོ། །ཨོ་རྒྱན་པདྨ་འབྱུང་གནས་ངས། །ཚངས་པ་ཀླུ་གནོན་གཙུག་ལག་ཏུ། །གནོད་སྤྱིན་ལག་ན་རྡོ་རྗེ་སྒྲུབས། །འདོད་པ་གྲུབ་ནས་གཏེར་དུ་སྦས། །ལན་ཅིག་འདི་ལྟ་བུ་ཅིག་དང་གཏེར་སྲུང་སྤྲོད། །ཁ་ཞེན་གྲངས་ཉུང་བྱང་སེམས་ཆེ། །དད་པ་དམ་ལ་གནས་པའི་མི། །ཡིད་ཆེས་དྲག་ལ་བརྩོན་པའི་མི། །མིག་ཐག་རིང་ལ་གཡོ་སྒྱུ་ཆུང་། །ཅི་བྱེད་ཆོས་དང་བསྟུན་པའི་མི། །དྲང་ཞིང་མཉེན་ལ་རིང་ལ་གཏུམ། །ཟོལ་མེད་བཀའ་དྲང་རིག་པ་ཅན། །སྣོད་མེད་པ་ལ་སྡོམ་པའི་མི། །སྐལ་བ་ལྡན་པ་སྤེལ་བར་རིགས། །སྤེལ་དང་མི་སྤེལ་ན་འཚམས་ཤེས། །སེམས་ཅན་ཀུན་ལ་ཞི་བའི་མདངས། །ཅི་བྱུང་བླ་མའི་ཕྱོགས་སུ་གཏོང་། །དེ་ལྟ་བུ་དང་ཕྲདཔར་།ག །ཕྲདནས་སྤེལ་ན་རང་གི་དངོས་གྲུབ་ཡལ། །འཛམ་གླིང་ནོར་གྱིས་བཀང་ཀྱང་ཞབས་ཏོག་ཆུང་། །ཁེ་གྲགས་ཅན་ལ་བྱིན་ན་རང་གི་སྲོག་ལ་རྒོལ། །ཟོལ་ཟོག་ཅན་ལ་བྱིན་ན་གནོད་སྤྱིན་ཆད་པ་འོང་། །དེ་བས་མ་སྤེལ་རིགས་ཀྱི་བུ། །རང་ལ་ཅི་ཟི་འདི་ལ་ཟི། །འདི་བསྒྲུབ་པ་ཡི་མན་ངག་ཡིན། །ཁུང་མར་ཆུག་ལ་སྐྱེ་རུ་ཆོངས། ཁྲི༑། ས་མ་ཡ། ཨུ་པ་དེ་ཤ་རྒྱ་རྒྱ་རྒྱ།། །།རྒྱ་གར་སྐད་དུ། གུ་རྒྱ་ཨ་པ་ར་ཙིསྟ་རཏྣ་སིདྷི་ནཱ་མ་ཏན་ཏྲ། བོད་སྐད་དུ། ཨཔར་ཙིལྟིའི་རྒྱུད་གསང་བ་ཕྱི་མ་རིན་པོ་ཆེ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་