Ngb-pt-0596-vol-06-text: Difference between revisions
No edit summary |
(No difference)
|
Revision as of 07:09, 20 March 2020
Front
Body
རྩཅ་ཐཀབྷ་ཅྭབྷཧྲ། དགོངས་པ་རང་གྲོལ་གྱི་སྐད་དུ། ཨོཧུ་ལྷུ་སྙི། བོད་སྐད་དུ། ཐིག་ལེ་ཡང་ཟབ་འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད། བླ་མ་རང་རིག་དོན་གྱི་ལྷ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཀ་དག་དོན་རིག་ཅིང་། །ལོངས་སྐུ་ལྷུན་གྲུབ་ངང་དུ་ཤར། །སྤྲུལ་སྐུ་ཐོས་པའི་དུས་གཅིག་ན། །ཆོས་སྐུའི་གནས་སུ་ལོངས་སྐུའི་གཙོ། །སྒྲུལ་པའི་འཁོར་ལ་ངོ་བོ་བསྟན། །འདི་དང་ཕྲད་ཚད་འཁོར་བ་སྒྲོལ། །འདི་ཡི་རྒྱུད་འཛིན་སངས་རྒྱས་སྲས། །འགྲོ་བ་འདྲེན་པའི་བླ་མ་ཡིན། རྒདྷགབྲ་ཐུར། འདི་ནི་རང་འབྱུང་ཐིག་ལེའི་མདངས། །གཉོ་འཁོར་གཉིས་སུ་མེད་པའི་ཕྱིར། །མ་བརྗོད་འདྲའི་ཚུལ་དུ་ཤར། །དགོངས་པ་གཉིས་མེད་ངང་དུ་གྲོལ། །ཨོ། སྣང་བ་ཐམས་ཅད་སེམས་ཀྱི་རྩལ། ཨ། སེམས་ཉིད་གཞི་མེད་ཐིག་ལེ་སྟོང་། ཧུ༷། སྟོང་པ་ཟག་མེད་བདེ་བ་ཆེ། ཨོ་ཧུ༔ བདེ་ཆེན་བློ་འདས་ཀུན་ཏུ་བཟང་། །རྟགས་དང་ཚིག་དང་དྷ་པ་ཡི། །དབང་དོན་གོ་ན་ཐོབ་པ་ཡིན། །མ་མ་ཀུ་ལིང་ས་མན་ཏ། །རྟ། ཐུཀ །བླ་མ་སྐུ་གསུམ་རིག་པའི་སྐུ། །རྡོ་རྗེ་སེམས་དཔའ་བདག་གི་སྐུ། །ཙིསྟ་དུང་ཁང་ཞི་ཁྲོའི་ཚོགས། །ཡེ་ཡིན་གསལ་གདབ་དོན་ལ་བལྟ། །རྩ་གནས་རྒྱལ་བའི་ལྷ་ཚོགས་རྣམས། །ཐིགལེ་འོད་ཀྱི་སྐུ་རུ་བཞུགས། །རླུད་གི་ཞགས་པས་གཟུགས་བྱས་ནས། ཁྲེས་རབ་ལྡན་པའི་བདེ་བ་བསྐྱེད། །ཨོཧུ། རྒྱ་ཏུ། ལྟ་བ་མཐའ་བྲལ་ཡངས་པའི་ཀློང་། །སྒོམ་པ་འཛིན་བྲལ་ཐིག་ལེའི་དབྱིངས། །སྤྱོད་པ་ཆགས་བྲལ་ཆོས་ཉིད་གྲོལ། །འབྲས་བུ་བློ་བྲལ་སྐུ་གསུམ་རྫོགས། །གཞི་ལ་བྱུང་གནས་འགྲོ་གསུམ་བྲལ། །མ་བཅོས་སེམས་ཉིད་ཆོས་ཀྱི་སྐུ། །ལམ་ནི་རྟོག་ཚོགས་ཤར་གྲོལ་ཏེ། །མཐའབྲལ་ཐིག་ལེ་ལོངས་སྦྱོད་རྫོགས། །འབྲས་བུ་བར་དོ་སངས་རྒྱས་ཏེ། །སངས་རྒྱས་སྤྲུལ་པ་དཔག་མེད་འགྱེད། །དབྱིངས་སྒྲོན་མ་དང་ཡེ་ཤེས་མུན་པ་རིག་པ་ལུ་གུ་རྒྱུད་གསུམ། །གཉིས་མེད་ངང་དུ་ལྷུན་རྫོགས་འགྱུར། །རང་བྱུང་ཉག་གཅིག་ཡེ་ཤེས་དོན། །རང་ཤར་ལྷུག་པ་གཟའ་གཏད་བྲལ། །དེ་ཡི་མཐའ་འཛིན་གྲོལ་གྱུར་ན། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱང་། རང་འབྱུང་རིག་པའི་རྩལ་དུ་ཤར། །རྟ་ཏུ།རྒྱུད་འདི་བཅངས་ནས་བདུད་བཞི་ཐུལ། །སངས་རྒྱས་ཀུན་གྱི་སྲས་གཅིག་ཡིན། །ཏིལ་ལ་སྟོང་གསལ་ལས་ཀུན་བྱེད། །ཀུན་ཏུ་བཟང་པོའི་ས་བོན། །ཐམས་ཅད་འདི་ལས་འབྱུང་ཞིང་གྲོལ། །རྒྱུད་འདི་རིན་ཆེན་ལྔ་ཡིས་བྲིས། །མཐོང་ཐོས་བཅངས་པས་སངས་རྒྱས་ཏེ། །སྐུ་གསུམ་རྟགས་ཀྱི་འགྲོ་བ་འདུལ། །རྒྱུད་འདི་མཁའ་འགྲོ་རྣམས་ལ་གཏད། །དམ་ཚིག་བྱ་ར་རྒྱུན་དུ་གྱིས། ས་མ་ཡུ། འབྲས་བུ་ཡེ་གྲོལ་གྱི་རྒྱུད་རྫོགས་སོ