Ngb-pt-0899-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:50, 20 March 2020

Front

Body

རྒྱ་གར་སྐད་དུ། ཏི་ར་ཏི་ཀ་ལ་མན་ཏྲ་མནྟྲ། བོད་སྐད་དུ། མུ་སྟེགས་དྲག་སྔགས་ནག་པོའི་རྒྱུད། དཔལ་དྲག་པོ་འདུས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་ངངངངང་ལིང་ཆེན་་་་ང་མེ་་སྟེ་ངཔའ་དུས་གཅག་ན། ར་རབ་རའ་ཕྱགས་ཀ་ ན་ཏ་ཀའ་དུར་ཁྲད་ ་པ་ན། དྲག་པ་འཁར་ལ་འབར་བའ་གཞལ་ཡས་ཁང་རྒྱ་ཁྱན་དཔག་ཏུ་ ད་པ། འཁར་ལ་ ང་འག་བཅས་པའ་རྩིབས་བརྒྱད་ལ། འཁོར་ལོ་གཅོད་བྱེད་རྩེ་མོ་ཅན། ཁུ་གསུམ་ཨེ་ཡི་ཕོ་བྲང་ལ། །ཟླ་ཁམ་རྣམ་གསུམ་དབང་གི་ཚུལ། །མུ་ཁྱུད་དང་བཅས་རྒྱས་པའི་ཕྱིར། །རྩིབས་བརྒྱད་ལྡན་པའི་་་ཛེངངངཚོངགི་ཚོང་འིཟེཆེནའཁར་ལ་ལ། །རབ་ཏུ་མ ས་ པའ་ཐག་བཏབ་ནས། །རུས་པའ་ གས་ན་བྲག་ཏུ་སྤུངས། །རག་ཏ་ཁྲག་ ་རྦ་ཀླང་མ ་ལྟར་འཁྱལ། །གནམ་ལྕགས་ཨུར་མ ་ག ར་ ་ཏ་ལ་་ཆེ་ངདེཀེརྙིགི་ཁྱེང་ཞིངཆེནངསྲིང་ཆེནངལ། །དུར་ཁྲད་ ན་པ་འབར་བའ་གཞལ་ཡས་ཁང་ ་ན་ ང་རུས་གསར་ ང་ ་གྲང་ ར་གྱས་བསྐར་བ། ་ ་གྱ་ཀ་བ་ཆུ་ ན་གྱ་ཀ་གཞུ་ཅན། མཆག་ ་གྱ་ངམེ་ཤེང་་་་ངབྲིཞིངཆེནང་ཙིདྲལ་ཀྲབ་བཏང་བ། ཉ་མ་ ་ཤལ་དང་ཟླ་བ་ཆུ་ ལ་གྱ་མཐངས་ཡད་པ། གཟའ་སྐར་མང་པས་འཁར་བ། རུ་སྦལ་གྱ་ཕྱམ་ ས་པ། ་ ་ཁག་དངས་པའ་ཡལ་བ་བྱས་པ། སྟ་མང་པོ་སྤྲིན་དུ་གཏིབས་པ། རོ་མང་པོའི་གྲལ་བཀོད་པ། ཁྲག་དང་། ཆུ་སེར་དང་། མི་གཙང་བ་འཛག་པ། རྐང་དང་། རྩིབ་མ་དང་། སྒལ་པའི་རྒམ་བརྩིགས་པ། མཐའ་མ་ལྕགས་རི་ནག་པོས་བསྐོར་བ། དེ་ལྟ་བུའི་འདམ་རྫབ་ཀྱི་ནང་ན། འབུ་དང་། སྲིན་དང་། གྲོག་མོ་དང་། ཁྱི་དང་། སྟག་དང་། སྤྱང་ཁུ་དང་། ལྕེ་སྤྱང་ནག་པོ་དང་། ཀང་ཀ་དང་། གྱི་ལིང་དང་།ལིན་འདུ་དང་། འུག་པ་དང་། དུར་བྱ་དང་། བྱ་རོག་དང་། དོམ་དང་། དྲེད་དང་། གཟིག་དང་། ཁུ་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱིས་ཤ་ཟ་བ་དང་། ཁྲག་འཐུང་བ་དང་། བལྡག་བ་དང་། འཚོད་པ་དང་།བསྐོ་བ་དང་། ལྷ་བ་དང་། རྒོད་པ་དང་། ཆོ་ངེས་འདེབས་པ་དང་། ཀུ་ཅོ་མང་པོ་འདོན་པ་དང་། ཤིན་ཏུ་ཡ་ང་བ་དང་། འཇིགས་ཤིང་སྐྱེ་བུང་བ་དང་། དུར་ཁྲོད་ཀྱི་དྲི་མ་མནམ་པ་དང་། ཤིན་ཏུ་དྲི་ང་བ་དང་། དཔག་ཚད་དུ་ཁྱབ་པའི་དབུས་ན། མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། བསྐལ་པའི་མེ་རི་སེར་ནག་དང་། དམར་ནག་དང་། སྨུག་ནག་དང་། མཐིང་ནག་དང་། ཁམ་ནག་ཏུ་འབར་བ། མེ་ལྕེས་སྲིད་པ་གསུམ་དུ་སླེབ་པ། མེའི་འོད་ཕྱོགས་བཞིར་གསལ་བ། དུ་་་བསྐལ་པའི་མཐའ་ནས་འཐུལ་བ། དུར་ཁྲོད་ཀྱི་མེ་དམར་ལ་གདངས་པའི་གནས་དེ་ན། དྲེགས་པ་ལྷ་ཆེན་བསྒྱེལ་པའི་སྟེང་ན། མ་ཧེ་གླང་རྒོད་བསྣོལ་བའི་གདན་ལ། འཇམ་དཔལ་དམར་པོ་ཡབ་ཡུམ་བཞུགས་ཏེ། །སྐུ་མདོག་དམར་པོ་ལ། དབུ་གསུམ་དཀར་དམར་མཐིང་ཁ་སྟེ། །རལ་པ་ཁམ་ནག་སྲིད་རྩེ་འབར། །རྩེ་ལ་མེ་འབར་སྐྱེད་པ་ཞག་ཀྱང་འཛག །རྩ་བ་ཆུ་སྡེ་སྡང་མིག་ཁྲག་ཏུ་བགྲད། །སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས། །དུང་ཆེན་མདུང་ཐུང་གསལ་ཞིང་གཡོན། །ཞབས་བཞི་བརྐྱང་བསྐུམ་ཚུལ་གྱིས་འགྲོ་བ་དབང་དུ་སྡུད། །གླང་ཆེན་ཀོ་རློན་སྟག་གི་ཤམ་བུ་ཅན། །ཨེ་ཡི་ཕོ་བྲང་དབུས་ལའོ། །ཡུམ་ཡང་ཡབ་དང་སྐུ་མཐུན་ཏེ། །ཞལ་གཅིག་ཕྱག་གཉིས་མཆེ་བ་ཅན། ཁྲམ་བམ་གཡས་ལ་བན་དྷ་གཡོན། །ཡབ་ཡུམ་དེ་ཡི་བཀའ་འཁོར་ན། ། སྲིན་པོ་ཕོ་མོ་དང་། ཤ་ཟ་ཕོ་མོ་དང་། གྲུ་བུམ་ཕོ་མོ་དང་། འབྱུང་པོ་ཕོ་མོ་དང་། དྲི་ཟ་ཕོ་མོ་དང་། ཀླུ་ཕོ་མོ་དང་། གནོད་སྦྱིན་ཕོ་མོ་དང་། བཙན་དང་། བདུད་དང་། མགོན་པོ་དང་། ཡུལ་ལྷ་དང་། ཐེ་བྲང་དང་། གིང་དང་། དགྲ་བླ་དང་། ་མ་མོ་དང་། མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་གནས་སོ། །དྲག་སྔགས་ནག་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇམ་དཔལ་དམར་པོ་ཉིད་ཀྱིས། སྐུ་གསུང་ཐུགས་ཀྱི་སྔགས་འདི་གསུངས་སོ། ། ཨོ༷་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བརྫི་ཧུ༷་ཕཊ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རསྣ་ཁ་མུ་ཏྲ། སྙིང་ཁ་རག་མ་སྨྱོ། དེ་ནས་དམར་པོ་འཇིགས་པ་ཡབ་ཡུམ་གྱི་གསང་སྔགས་གསུངས་པའི་མོད་ལས། རི་འགུལ་རྒྱ་མཚོ་རྙོག་པ་དང་། །ས་གཞི་དྲག་ཏུ་གཡོ་བ་དང་། །དྲག་པོའི་གནམ་ལྕགས་ཆར་དུ་འབབ། །ནད་ཀྱི་འཕྲོ་འདུ་སྐར་ལྟར་འཁྲུག །མཚོན་གྱི་བསྐལ་པ་མེ་ལྟར་འབར། །ཐམས་ཅད་ཕུང་བའི་ཆོ་འཕྲུལ་གྱིས། །རང་གི་འཁོར་རྣམས་བྲེད་ཅིང་དངངས། །དེ་ཚེ་འཇིག་རྟེན་ཐམས་ཅད་ཀུན། །འདར་ཞིང་མིག་རྩ་རིག་རིག་སྟེ། ཁྲ་ཁྲག་སྲོག་དབུགས་དབང་བྱེད་པའི། །ཕོ་བོ་ཞབས་དྲུང་འདུས་ནས་ཀྱང་། ཁྲག་ཏུ་སྐྱུག་ཅིང་བཀའ་ཉན་ཏེ། །དཔལ་ཆེན་ཡབ་ཡུམ་དྲུང་ན་འཁོད། །མུ་སྟེགས་དྲག་སྔགས་ནག་པོའི་རྒྱུད་ལས། ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བདུད་ཡབ་རྗེ་ནག་པོ་ཞེས་བྱ་བས། དྲེགས་པའི་སྲོག་གི་སྙིང་པོ་འདི་ཕུལ་ལོ། །ཙན་ཏི་མ་ཧྭ་ཙན་ཏི། ཏི་རི་པུ་ར་ཀ་ལ་ཏྲི་ལི་མ། ལི་ཏྲི་པུ་ལ། མ་ཧྭ་ཀ་ལི། བྷ་ཀ་བྷ་ཀི མུ་ཡི་ཀ༷་ཀ་ནི། པྱེ་ནི་ཀུ་རུ་སན་དུ་ནི། པ་ཏྲི་ལ་སེན།བྷ་ལི་ཀ་ནི། ཀ་བི་ཀ་པུ་རི། ཛ་ལི་ཛ་ལི་ཧུ༷། ཁོ་ར་ཤི་ཧེ་རུ་ཀ་བྷ་བ། ཧ་རི་བྷ་ལ་ཏི། ཡ་ཚ་བ་ག་ཧ་ལི་ཡ། མི་ལྡི་ཚ་ཁ། ཧ་ར་པ་ཐ་ཐི་བ་ནི། ཧ་ཏི་ཨུ་ཡུ་འདི། ཨ་རི་ཧུ༷་ཧུ༷་ཕཊ་ཕཊ། མུ་སྟེགས་དྲག་སྔགས་ནག་པོའི་རྒྱུད་ལས། ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་གི་སྙིང་པོ་ཕུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བསྒྲུབ་པ་འདི་གསུངས་སོ། །དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལ། །དྲེགས་པ་ཕོ་བདུན་མོ་དང་བརྒྱད། །དབུས་སུ་དམར་པོ་འཇིགས་པ་སྒོམ། །དུག་ཤིང་སོར་བརྒྱད་བརྒྱ་རྩ་བརྒྱད། །མཚན་ངན་ཕོ་མོའི་ས་ཡིས་བྱུག །ཚིལ་བླུགས་རྨེ་གོས་ཁ་གཅད་ལ། །སེང་ལྡེང་ཕུར་བུ་དག་ཀྱང་བཞག །ཟླ་གམ་གསུམ་པོ་དག་ལ་ནི། །རྟེན་རྫས་གཡས་ལ་གསང་རྫས་གཡོན། །ལྕགས་ཀྱི་ག་་བུ་མདུན་དུའོ། །དྲེགས་པ་ཕོ་བདུན་མོ་དང་བརྒྱད། །དཀར་པོ་ཤར་ལ་མགོན་ནག་ལྷོ། །ཡབ་རྗེ་ནུབ་ལ་ཡམ་ཤོད་བྱང་། ་ར་ལྷོ་མཚམས་སུ་ཡུལ་ལྷའོ། །ལྷོ་ནུབ་དགྲ་བླ་ནུབ་བྱང་གནམ་ཐེལྭ །བྱང་ཤར་མཚམས་སུ་ལྷ་མོ་དགོད། །སོ་སོའི་རྟེན་རྫས་རིམ་པས་སོ། །རྨད་བྱུང་བྱུ་ཙ་བྷ་ལིང་གཉིས། །འཇམ་དཔལ་དམར་པོ་ཡབ་ཡུམ་དང་། །ལས་ཀྱི་ལྷ་སྲིན་བརྒྱད་ལ་དྲང་། །ཕྱོགས་བཞིར་གཏོར་མའི་རིམ་པས་སོ། །ཆང་བུ་སྨུག་ནག་དཀར་ནག་བྱ། །བསྐང་དང་རྟེན་དུ་གཟུགས་པར་བྱ། །མུ་སྟེགས་དྲག་སྔགས་ནག་པོའི་རྒྱུད་ལས། དྲེགས་པ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དྲེགས་པའི་དོན་རྣམས་གྲུབ་ནས་ཀྱང་། །ལས་ལ་རྦད་པ་འདི་གསུངས་སོ། །ཀ་རོ་ཧ་ནི་ཀ་མ་ལ་ཀ་ར་ཁ་དང་ཁ། ན་རི་ས་ལ་མ་ལི། ན་མ་ནུ་ཀ་རི། ཏི་ལོ་ན་པ྅་མི་ནུ་ཛ་ལ། ས་ནུ་བྷ་ར་ལི། ཀ་མ་ར་པ་ཀན། ས་ཁི་ཁ་དེ་ཚེ། མ་ར་ན་ཧུ༷། ཆེ་གེ་མོ་ལ་ཕཊ་ཕཊ། དེ་སྐད་ཅེས་པས་དྲེགས་པ་རྦད། །དྲག་སྔགས་ནག་པོའི་རྒྱུད་ལས། གསང་བ་ཡང་གཏེར་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དྲེགས་པ་རྣམས་ཀྱིས་ཁུག་ནས་ཀྱང་། དྲག་པོ་བསྒྲལ་བའི་གསང་སྔགས་འདི་གསུངས་སོ། །བྷ་ཏི་ས་ར། ཀས་མ་ལི། ཁད་ཀ་དེ་མ་ནི། དུ་ས་སྟ་པ་ནི། ཀས་མ་ཏྲང་དུད་ཀ་ར། ཨ་ནི་ཧྲིང་ཧྲིང་ཟེམ་ཟེམ། རྩང་དང་ཕུར་པ་དུག་མོ་ཉུངས། །ལྭ་ར་ཡ་ལ་རིམ་པས་བརྡེག །མུ་སྟེགས་དྲག་སྔགས་ནག་པོའི་རྒྱུད་ལས། ཡང་གསང་དོན་གྱི་ལེའུ་སྟེ་དྲུག་པའོ།། །།དྲེགས་པའི་དོན་རྣམས་གྲུབ་ནས་ཀྱང་། །རྟགས་ལ་རབ་འབྲིང་རྣམ་པ་གསུམ། །རྟ་བོང་བུད་མེད་ཡེ་མི་བགྲུབ། །ཧོར་པས་རི་དྭགས་ཤོར་བ་དང་། །མི་རེང་ལག་རྡུམ་ཞ་གྲུམ་དང་། ། སྤྲིན་པ་སྐྱ་རེངས་ཡེ་མི་འགྲུབ། །རྗོན་པ་དམག་དང་སྐྱེས་པ་མཚོན་ཐོགས་དང་། ཁྲ་ཧོར་རི་དྭགས་བྱིའུ་ལ་འདེབས་དང་། །ར་ཁྲིད་ཤན་མར་་བུར་བ་དང་། །མེ་ཆེན་འབར་ཞིང་གཅན་གཟན་རྒྱུ། །རླུད་ཚུབ་ཁྲ་སེར་འབྲུག་སྒྲ་བཟང་། །རང་བས་ཁུ་ཁ་དྲག་པ་དང་། །གཞན་གྱིས་དགྲ་བོ་སྐྱོབ་པ་དང་། །གཡང་དུ་ཤོར་དང་མར་ལ་འཕུར། །མཆོད་རྟེན་སྐྱེས་དང་ཉི་མ་ཤར། །སྟག་དང་སེང་གེས་གང་བ་དང་། །ཉི་ནུབ་འགྲོ་དང་མཚོན་ཆ་མེད། །མགོན་པོ་སློབ་དཔོན་ཕ་མ་དང་། །མོན་པ་བྱིས་པ་མང་པོ་གྲུབ། །འབྲུག་དང་སྒྲ་དང་རླུད་ཚུབ་ཀྱང་། །ཆེམ་ཆེམ་ཟེར་བ་དང་པོའོ། །སྐད་ངན་ཁྱི་ངུ་སྤྱང་ཁུ་ངུ་། །ཕག་དང་བྲག་སྲིན་ཝ་བརྒྱལ་དང་། །གླ་བ་མི་སྐད་འབྱུང་རྟགས་གཉིས་པའོ། །མིག་མ་མཐོང་དང་དགྲ་ཕྱོགས་དྲག །ལས་བྱེད་འབྱིན་དང་ཚད་ནས་འབྱིན། །གསུམ་པ་མི་ལྡོག་གཞན་དུ་ལྡོག །དངོས་གྲུབ་གཏན་ཞིང་གཏམ་གཏན། །བཙུན་པ་སྐུ་གཟུགས་ལྷ་ཁང་མོན། །དགེ་བཤེས་སྐྱེ་ཤར་རྟ་པ་རྨི། །བུད་མེད་བྲག་ལ་འཐུར་ལ་བབ། །ཕར་ལ་ཕྱག་འཚལ་ཚུར་ལ་འབུལ། །མི་ཤི་བྱ་ནག་འབབ་པ་སྟོན། །ཏུག་ཅོམ་ཟེར་ཞིངགཞའཚོནའཁྱིལ། །མཛེ་ཅན་དག་ཏུ་འོང་བའོ། །མཚན་མ་ཟླ་མཚོ་འདྲ་བ་དང་། །ལུག་གཡག་རྟ་པ་མ་རེང་མོན། །བན་གཡག་བོན་པོ་མཚོ་ཡི་འགྲམ། །ཀུན་ཀ་ལོག་པ་འདི་ཡིས་ཉེས། །ཟླ་བ་ཆག་དང་རྒྱ་མཚོ་གནག །ཀུ་ཤ་སྔོ་ཡི་རྫས་རྣམས་གསལ། །དེས་ནི་རང་ལ་མནོད་པ་མེད། །མཚན་མ་སླུ་ཞིང་སྲོག་ལ་ཐོག་ཐོག་བྱེད། ཁྱི་དང་བུད་མེད་བཟང་སྡུག་ཅན། །རྒྱབ་ཀྱིས་ཕྱོགས་ཤིང་ལན་ལྡོན་དང་། །སྟག་དང་སོག་པོ་དམར་ནག་དང་། །འགྲོ་ཞིང་མཆོད་རྟེན་བསྐོར་བྱེད་པ། །དེ་ལ་བསྐོས་ལ་འཇུག་པར་བྱ། །སྔགས་ལ་དུ་མ་རྣམ་བཞི་སྟེ། །ཐ་ལྟག་ལ་ནི་འཇུག་པར་བྱ། །ཐ་མས་བརླག་བྱེད་དང་པོ་ཉེ། །འོག་མ་དག་གིས་མཆོད་པར་བྱ། །སྟག་སྤྲེལ་འཐབ་པའི་བར་དུ་སྒྲ། །བར་ཆད་འཆོང་བུ་དག་གིས་བཟློག །དྲག་སྔགས་ནག་པོའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བསྲུང་བ་འདི་གསུངས་སོ། །སེང་གེའི་ལྕི་བ་དགུན་མར་ཐལ། །དཔྲལ་བ་མཁུར་ཚོས་སྙིང་ཁ་གཡས། །ནུ་མ་གཡོན་འོག་གསལ་རྫས་བསྐུ། །དེས་ནི་རང་ལ་གནོད་པ་མེད། །དྲགས་སྔགས་ནག་པོའི་རྒྱུད་ལས་བསྲུང་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ས་མ་ཏིས་བསྲུང་བ་འདི་གསུངས་སོ། ཁྱི་དང་བུད་མེད་མི་བསྙེན་ཅིང་། །བར་ཆད་མི་ཚིག་སེལ་མི་གཞུག །ཟླ་བ་མཚོར་ཆེན་རྒྱབ་ཏུ་བཞག །ལྕགས་ཀྱི་གཏུན་བུ་མདུན་དུའོ། །དམ་ཚིག་སྔགས་ལ་རྟེན་བཅས་ལ། །སྒོ་ལྟར་ཉེ་བའི་སྔགས་རྣམས་དྲང་། །ཅི་སོགས་ཟས་ཀྱི་རིམ་པ་ལ། །ཕུད་གཅད་སྔགས་ཀྱི་རིམ་པས་དབུལ། །དྲག་སྔགས་ནག་པོའི་རྒྱུད་ལས། ས་མ་ཏིས་བསྲུང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་མཚན་མ་གདབ་པ་འདི་གསུངས་སོ། །བུ་མོ་གཙང་མའི་ཐོད་པ་སྲ །སེང་གེའི་ལྕི་བ་དགུན་མར་དང་། ཁྲ་ཆེན་བརྟགས་ལ་བསྲེ་བར་བྱ། །ས་ཏིའི་སྔགས་ལ་ཡ་ཏ་དང་། །ཙག་ཤུ་ཙག་ཤུ་མ་ཧྭ་ཙག་ཤུ་གྲྭ་ཧྭ། གདོང་ལ་དབང་བསྐུར་བཟླས་པ་བྱ། །ལྷག་མ་ལུས་ལ་རྟེན་དུ་བཅའ། །དྲག་སྔགས་ནག་པོའི་རྒྱུད་ལས། མཚན་མ་གསལ་བར་བྱ་བའི་ལེའུ་སྟེ་བཅུ་པའོ།། །།ཡི་གེ་བསྡུ་བ་འདི་གསུངས་སོ། །སྔགས་ལ་དུ་མ་རྣམ་བཞི་སྟེ། །རྦོད་དང་རྦད་དང་གསད་དང་མཆོད། །ལྷའི་དགུའི་དྲག་སྔགས་བསྒྲུབ་པ་སྟེ། །ཨོ་དང་ཛ་ཡི་ཐོག་མཐའ་ཅན། །དམར་པོ་འཇིགས་པའི་གསང་སྔགས་ཏེ། །གཞི་ལ་གྲགས་པ་བཞིན་དུའོ། །དེ་ཏིང་མན་ཏྲ་འདི་ལྟ་བུ། །ཙན་ཏི་པུ་རིའི་ཡིག་འབྲུ་བཅུ། །ཡབ་རྗེ་སྲོག་གི་སྙིང་པོ་ཡིན། །ཀ་དང་ར་ཡི་ཐོག་མདའ་དགུ། །ལྷ་མོ་སྲོག་གི་སྙིང་པོ་ཡིན། །མུ་ཡི་ཐོག་མཐའ་བཅུ་གཉིས་པ། །དགྲ་ལྷ་སྲོག་གི་སྙིང་པོ་ཡིན། །པ་རི་ཐོག་མདའ་བཅུ་གསུམ་པ། ཁྲེལ་གྱིང་སྲོག་གི་སྙིང་པོ་ཡིན། །ཛ་བྷ་ཐོག་མཐའ་བཅུ་གཅིག་པ། །ཡམ་ཤུད་སྲོག་གི་སྙིང་པོ་ཡིན། །ཧི་དང་ཡ་ཡི་བཅུ་གཉིས་པ། །ཡུལ་ལྷ་སྲོག་གི་སྙིང་པོ་ཡི། །མུ་ལྔ་ཐོག་མཐའ་བཅུ་གཉིས་པ། །གནམ་ཐེའུ་དཀར་པོའི་སྲོག་སྙིང་ཡིན། །ཧ་རི་ཧུ༷་ཕཊ་ཡིག་འབྲུ་བཅུ། །སྤྱི་རུ་དྲིལ་བའི་དྲག་སྔགས་ཡིན། །སྟོབས་ལྡན་སོ་སོའི་སྐུ་ཡང་བསྐྱེད། ཁྲུབ་པའི་རྟགས་བྱུང་མཆོད་གསད་གདགས། །དྲག་སྔགས་ནག་པོའི་རྒྱུད་ལས། སྔགས་ཀྱི་ཡི་གེ་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གསང་སྔགས་དབྱེ་བ་འདི་ཡང་གསུངས། །གསང་སྔགས་མན་ངག་མཐར་བཞག་པ། །ས་ཡའི་སྔགས་ལ་རྟེན་བྱའོ། །འཇམ་དཔལ་ཡབ་ཡུམ་གསང་སྔགས་ཏེ། །ཡི་གེ་སོ་ལྔ་ནུས་ཐང་གིས། །སྔོན་དུ་བསྙེན་པ་བྱ་བ་ཡིས། །སྒྲུབ་པ་བྱ་བའི་བར་དག་ཏུ། །བརྒྱ་བརྒྱ་དབང་དུ་བསྡུ་བ་ཡིན། ། གོང་ལྟར་ཉེ་བའི་སྔགས་རྣམས་ནི། །ཡི་གེ་དགུ་བཅུ་གོ་དྲུག་སྟེ། །དུས་དང་གྲངས་དང་མཚན་མ་ལས། །དུས་ནི་ཐ་ཆུངས་བཞི་ལའོ། །གྲངས་ནི་བྱི་བ་ལ་སོགས་པའོ། །མཚན་མ་ལ་ནི་རྣམ་པ་གཉིས། །ཞགྲུགས་དང་གྲུབ་པའི་མཚན་མའོ། ། འཁྲུགས་པའི་མཚན་མ་བྱུང་ཙམ་ན། །ལྷ་རྣམས་མཉེས་པའི་སྦྱིན་སྲེག་བྱའོ། །གོ་དྲུག་ཞབས་ལ་དྲུག་ཅུ་སྦྲེལ། །བསྟེན་པའི་རྫས་ལ་བརྟེན་བྱས་ནས། །མཚན་མ་གསལ་ན་བསྒྲུབ་པ་བརྩམ། །བསྟེན་པའི་སྙིང་པོ་རྟག་ཏུ་བྱ། །བསྒྲུབ་པ་ལྷ་སྲིན་སྤྱི་ཡི་སྔགས། །བསྒྲུབ་པའི་མཚན་མ་མ་བྱུང་བར། །སྨྲ་བ་གཅད་ལ་ལག་བརྡ་བྱ། །ངན་ན་བསྐང་བཤགས་བཟློག་པ་བྱ། །བཟང་ངན་ལས་མཇུག་ཧོ་ཐབ་བཅའ། །ཐ་སྟག་སྔགས་ལ་རྟགས་བྱུང་དང་། །རྩ་སྔགས་གོ་དྲུག་འཕྲིན་ལས་སྔགས། །བཏགས་ཏེ་དབྱེ་བའི་སྦྱིན་སྲེག་བྱ། །ཐལ་བ་རྩང་དང་ཉུངས་ཀར་ཕུར། །གསང་སྔགས་རྩ་ལ་དྲུག་ཅུ་འབད། །ནཱ་ར་ཡ་དང་སྨྱོ་སྒྲ་གདབ། །དེ་ནས་གསད་པའི་སྦྱིན་སྲེག་ནི། །གསང་སྔགས་ཉི་ཤུ་རྩ་ལྔ་ལས། །བསྲེགས་ཏེ་༷ཐལ་བ་རླུ་་ལ་ཕྱར། །ཡང་ན་བདུན་ཟུར་རྒྱུ་སར་གནན། །དྲག་སྔགས་ནག་པོའི་རྒྱུད་ལས།གསང་སྔགས༷་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དྲེགས་པ་ཕོ་མོ་གྲུབ་ནས་ཀྱང་། །དབུས་སུ་ཧོ་བཅས་ཐོད་པ་མཚན་ངན་དུ། །སྦྱིན་སྲེག་རྫས་སུ་ཚིལ་ཆེན་ཤ་རུས་ཁྲག །བུད་མེད་ཞ༷བས་མས་དྲིལ་ཏེ་ཧོ་ལ་གདགས། །སྔགས་བཟླས་གྲུབ་རྟགས་བྱུང་ནས་ལྷ་དབྱེ་སྤྱིན་སྲེག་བྱ། །གོ་དྲུག་མཆོད་སྔགས་སྦྲེལ་ཏེ་བསྲེག་རྫས་དབུལ། །བསྲེག་པའི་དུས་སུ་ཛ་ལ་ར༷་ར༷་ཞེས། །ཐལ་བ་རླུད་ལ་ཕྱར་དེ་ཧོ་གྱི་བརླག་པར་བྱེད། །དྲགས་སྔགས་ནག་པོའི་རྒྱུད་ལས། སྤྱི་་སྲེ་ག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དྲག་པོ་ཐུན་བསྒྲུབ་པ། །མཚན་ངན་ཕོ་ཡི་ཐོད་པ་མྲ །ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་དུག །ར་རྟ་ཁྱི་དང་མི་ཡི་ཁྲག །རྟིབ་དྲིར་ཤི་བའི་རྩིབ་མ་སྒྱེད། །ཐོད་པའི་ཕྱི་རོལ་ས་སྐྱས་བྱུག །འཐུག་སྲབ་བ་རློན་ཀོ་བ་ཙམ། ཁུ།་གསུམ་ཁ་ལ་བཞག་པར་བྱ། །མྱ་ར་ཡ་དང་བློ་ཏྲས་མཚོན། །རྩ་བའི་སྔགས་ལ་བྷ་ཏི་གདགས། །ཐུན་བསྐོལ་དྲག་ཏུ་བསྒྲུབ་པར་བྱ། །དྲག་སྔགས་ནག་པོའི་རྒྱུད་ལས། དྲག་པོ་ཐུན་བསྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དགྲ་བོ་ལྷ་དང་དབྲལ། །ཡུགས་ས་མོ་ཡི་ཞབས་མ་སྲ །གཟས་པའི་ལིང་ག་དྲིལ་ནས་ཀྱང་། །གུ་གུལ་རྒྱ་ཚིལ་དུད་པ་ཡིས། །མྱ་ར་ཡ་དང་སྨྱོ་སྒྲས་དབྱེ། །དྲག་པོའི་ཐུན་ལ་བསྟིམ་པར་བྱ། །དྲག་སྔགས་ནག་པོའི་རྒྱུད་ལས། །ལྷ་དང་དབྱེ་བ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་གཤེད་དང་དབྲལ་པའི་ཕྱིར། །སྟག་སྤྲེ་འཐབ་པའི་བར་དུའོ། །དྲག་སྔགས་ནག་པོའི་རྒྱུད་ལས། གཤེད་དང་དབྲལ་པ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཐུན་འཕང་དྲག་པོའི་ལས་འདི་བྱ། །གོང་གི་ཐོད་པར་ཐུན་བསྐོས་ལ་དགྲ་ཕྱོགས་སུ། །བཙན་ཏི་སྔགས་དང་སྨྱོ་སྒྲས་གདབ། །གོང་གི་ཐོད་པ་ཐུན་དུ་འཕང་། །དྲག་སྔགས་ནག་པོའི་རྒྱུད་ལས། ཐུན་འཕང་བའི་ལེའུ་སྟེ་བཅུ་བདུན་པའོ།། །།ཐོད་པ་མཚན་ངན་ནང་དུ་ཡང་། །མུ་ར་ཡ་ཡི་གཟུགས་བཅུག་ལ། །རྒྱ་གྲམ་རྐང་གཅིག་གདུག་པ་རྒྱུ། །ཕུ་རྡུགས་སྦྲུལ་མགོའི་ཁ་རུ་བཙང་། །ས་ཡུགས་རྡོ་ཡུགས་ཤིང་དང་ཆུ། །དེ་བཞིན་ཡུགས་བཞིའི་གནད་ལ་འབོར། །གནན་པའི་དུས་སུ་སྟམ་པ་ནན། །བསྐལ་པའི་མཐར་ཡང་མི་ཐར་སྒོམ། །ཡང་ན་རི་རབ་འོག་ཏུ་གནན། །ལ༷་ལས་རི་རབ་གླིང་བཞི་བསྒོམ། །འཇམ་དཔལ་ལྷ་སྲིན་འཁོར་ལ་གདབ། །ཡང་ན་ཁྱབ་འཇུག་རྒྱུ་དུས་སུ། །གཟའ་བརྒྱད་སྤྲུལ་པའི་ཁ་རུ་བཙང་། །ཡང་ན་ཆུ་མིག་མཚོ་འགྲམ་དུ། །ཀླུ་དང་ཀླུ་མོའི་ལག་ཏུ་གཏད། །དྲག་སྔགས་ནག་པོའི་རྒྱུད་ལས། གནན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ནད་པ་གསོ་བའི་རིམ་པ་ལ། །བུམ་པར་འོ་མ་རྩི་སྨན་གསལ། །དམ་ཚིག་སྔགས་ལ་ཡ་ཏའི་སྔགས། །ཞི་བ་རྒྱས་པའི་སྔགས་བཏབ་ལ། །ཟླ་བ་ཉ་ལ་མགོ་མཇུག་དཀྲུ། །དེ་ནས་ཡ་ཏའི་སྔགས་ལ་པུ་རྩེ་པུ་རྩེ་གྲྭ་ཧྭ། ཞེས་ཚེ་སྲིང་དཔལ་བསྐྱེད་སྔགས་ཀྱང་བཟླས། དྲག་སྔགས་ནག་པོའི་རྒྱུད་ལས། ཕན་གདགས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དྲེགས་པ་ཕོ་བདུན་མོ་དང་བརྒྱད་ཀྱི། གནད་ལ་དབབ་པའི་འཁོར་ལོ་ནི། དུར་ཁྲོད་ནགས་ནས་རས་ལོང་ལ། །སྐྱང་ནུལ་དུག་ཁྲག་དག་གིས་བྱ། །འཁོར་ལོ་རིམ་པ་བརྒྱད་དུ་བསྐོར། །ལེ་ཚེ་བརྒྱད་དུ་མཁས་པས་བཤད། ། དང་པོ་བོར་ཏེ་བཅུ་དྲུག་ན། །ཕྱི་རིམ་ཆ་གཉིས་སུམ་ཅུ་གཉིས། །དེ་ཡི་ཕྱིར་བསྐོར་པདྨ་བརྒྱད། །འཁོར་ལོའི་སྔགས་ནི་བོད་རྦད་དེ། །དབུས་ནས་རིམ་པ་བཞིན་དུ་བྲི། །པདྨ་བརྒྱད་ལ་སྦྱང་ཡིག་སྟེ། །འཁོར་ལོ་རུས་སྦལ་ལྟོ་བར་བཅའ། །དབུས་སུ་འཇམ་དཔལ་ཡབ་ཡུམ་བསྒོམ། །དབུས་ནས་རིམ་བཞིན་རུ་ཉལ་ཏེ། །མཐའ་ནས་བཟློག་པ་རུ་བཟློག་སྟེ། །དྲེགས་པའི་སྙིང་ཁྲག་ཁར་འཛག་འགྱུར། །དུམ་བུ་རེ་ལ་རེ་མིག་བཅུ། །སྔགས་ནི་དབུས་ནས་རིམ་བཞིན་བཟླས། །རུ་ཁུགས་གསང་བའི་ཡང་སྙིང་ཡིན། །བཅུ་ཚན་བཅུ་དང་དྲུག་པོ་ལ། །དྲག་སྔགས་བཏབ་པས་རུ་དྲ་སྒྲོལ། །དྲེགས་པ་དབང་དུ་མ་འདུས་ན། །གོང་ནས་བཅུ་ཚནརིམབཞིནབཟློག །རྟགཏུ་བརྩེ་ཞིང་བཀའ་ཉན་འགྱུར། །དྲག་པོ་སྔགས་ཀྱི་གནས་ཟིན་ནས། །འཁོར་ལོ་ལིང་ཀ་ཐོད་པར་བཅས། །བདུན་ཟུར་འཐབ་པའི་བར་དུ་གནན། །དྲག་སྔགས་ནག་པོའི་རྒྱུད་ལས། འཁོར་ལོ་རང་གནད་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།བསྐང་དང་འཁྲུག་དང་བཟློག་པའི་ཕྱིར། །དྲག་པོ་མདོས་ཀྱི་བྱ་ཐབས་ཀྱང་། །མཎྜལ་འཁོར་ལོ་རྩིབས་བརྒྱད་ལ། །དབུས་སུ་དམར་པོའི་སྐུ་ཡང་བསྐྱེད། །འཁོར་ལོ་བརྒྱད་ལ་ཕོ་མོ་བརྒྱད། །སྟག་དང་སེང་གེ་བ་ལང་བྱ། །ལུག་དཀར་སྙིང་དང་སྤྲེའུ་དང་། །འཁོར་ལོའི་ཤར་དུ་གྱིང་ལའོ། །བྱ་རོག་འུག་པ་གཡག་དང་དྲེད། །མི་སྙིང་བྱ་རོག་གཡག་གི་གསོབ། །ཙཀྲ་ལྷོ་རུ་མགོན་ནག་ལའོ། །ར༷་བུའི་ལྷ་བཤོས་བྱ་ནག་ལུག་ནག་སྙིང་། །ཙཀྲ་ནུབ་ཏུ་ཡབ་རྗེ་ལའོ། །མདའ་དམར་བཤོས་བུ་དམར་པོ་དང་། །ར་དམར་ལུག་སྨུག་ར་མན་སྙིང་། །འཁོར་ལོ་བྱང་དུ་ཡབ་ཤུད་ལའོ། །ཆང་ཕུད་འབྲས་ལུག་ལུག་དཀར་སྙིང་། །འབྲུ་སྣའི་ལྷ་བཤོས་ཡུལ་ལྷའོ། །གང་ཡང་རུང་བའི་ར་སྙིང་དང་། །ར་དཀར་གཉའ་ནག་སྙིང་དང་གཟུགས། །ལྷོ་ནུབ་གནམ་ཐེའུའི་གྲལ་དུའོ། །མི་དབང་ཤ་དང་སྙིང་དང་གཟུགས། །ནམ་མཁའ་ནག་པོ་རྨ་བྱ་གཟུགས། །བྱང་ཤར་ལྷ་མོའི་གྲལ་དུའོ། །དབུས་སུ་འཇམ་དཔལ་བྷ་ལིང་བཞག །འཁོར་ལོ་བརྒྱད་ལ་བ་ལིང་བརྒྱད། །སྤྱན་གཟིགས་ཚོགས་ནི་བསྐང་བའི་རྫས། །དབང་དྲེགས་པའི་ཕུར་པ་དགུ། །དྲེགས་པ་ཕོ་བདུན་མོ་དང་བརྒྱད། །ཡིད་ལ་སྤྱན་སྔར་བྱོན་པའི་ཚུལ། །མཉེས་པའི་མདངས་ཀྱིས་མདོས་འདི་དབུལ། །བཙན་ཏི་ར་དུ་བདུད་ཀྱི་སྔགས། །ན་དང་རི་དུ་མགོན་པོའི་སྔགས། །དུ་ལང་རི་དུ་དགྲ་བླའི་སྔགས། །བག་དང་རི་དུ་གྱིང་གི་སྔགས། །རག་དང་ནི་རུ་ལྷ་མོའི་སྔགས། །དུ་དང་རི་དུ་ཡུལ་ལྷའི་སྔགས། །ཧག་དང་ཧུག་ནི་གནམ་ཐེའི་སྔགས། །མུ་ར་ཡ་ནི་སོད་ཅིག་པའོ། །ས་མ་ཞེས་པ་མཆོད་པའི་སྔགས། །དུ་དང་ལང་ནི་སྒྲ་དང་སྐད། །བ་ལིང་ཞེས་པ་གཏོར་མའོ། །མ་ཧྭ་ཆེན་པོ་གཏོར་མ་ལོང་། །ཧ་ན་སྒྲོལ་ལ་ཧེ་ན་དགེས། །ཙན་ཏི་ཙན་ཏི་དུ་པར་མེས་རི་སྭ་རྦ་ཧེ་ན། ན་ག་རི། དུ་ཁ་བ་གི་ས་རི། མ་ར་ཡ། དུ་ལང་བ་ལི། བག་ཤ་ནི། རག་མོ་སྟི་བི་ཤ་ནི། དུ་ལང་གེ་ས་རི། བ་ལིང་བ་ལིང་མ་ཧ་བ་ལིང་། ཁ་ཧི་ཁ་ཧི་ཧག་ཁ་ཧི་ཧུ༷། དྲེགས་པ་ཕོ་བདུན་མོ་བརྒྱད་ཀྱི། །རྩ་སྔགས་ཞབས་ལ་ཁུ་ཧི་དབུལ། །བདག་དང་ཡོན་བདག་འཁོར་བཅས་ཀྱིས། །གླུད་དང་གླུད་བྲིས་ཟླུད་དུ་གཏང་། །དྲག་སྔགས་ནག་པོའི་རྒྱུད་ལས། དྲག་པོ་མདོས་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཆུ་འཁྱགས་དབབ་པ་འདི་གསུངས་སོ། །དང་པོ་རྟ་བསྒྲུབ་བྱ་བ་ནི། །ཐོད་པ་མཚན་ངན་ཁ་སྦྱར་དུ། །དཀྱིལ་འཁོར་གོང་མ་བྲི་བར་བྱ། །བོད་རྦད་དབབ་སྔགས་བྲི་བར་བྱ། །ཚིལ་ཆེན་བུད་མེད་ཞབས་མ་དང་། །ར་རྟ་ཁྱི་ཁྲག་པྱེ་གསུམ་ཐུན། །ཧ་ལ་ནག་པོ་རྗེན་པ་བླུགས། ཁྲེང་བུ་སོར་བརྒྱད་མཐའ་མ་བསྐོར། །ང་དགུ་རྩ་བའི་རྒྱུན་སྔགས་བཟླས། །ཆོ་འཕྲུལ་གོང་དག་བྱུང་བ་དང་། །མྱ་ར་ཡ་ཡི་ཡུལ་དབུས་སུ། །ནཱ་ག་ཡོད་སར་སེར་རྟ་གཞུག ། དྲག་པོ་འབེབས་པའི་དུས་སུ་ཡང་། །ཙི་ཙི་ཛ་ལའི་ཐོད་པ་སྲ །ཉུངས་ཀར་ཏིལ་ནག་མི་ཁྲག་སྐམ། །རྫས་ཆེན་ར་དུག་སྤྱང་ཚེར་བ། ཁ་རལ་འོག་གོས་དུར་སོལ་དང་། །ར་རྟ་མི་དང་ཁྱི་ཡི་ཁྲག །མུ་ར་ཡ་ཡི་མིང་དང་རུས། །ཡུལ་གྱི་ནཱ་ག་ཡོད་སར་བསྲེག །ཡུལ་གྱི་ལྷ་ཀླུ་ཡུལ་བསྲུངས་ལ། །དམ་བདར་མ་ངེས་ཡུས་ཁ་གསོལ། །སྨན་དང་ཕུད་ཀྱིས་མཆོད་པར་བྱ། །དྲག་པོའི་སྔགས་འདིས་དབབ་པར་བསྲུངས། །ཀ་ཧུ༷་ཞབས་ལ་ཆེ་གེ་མོ་ལ། ཀ་རོ་ཧི་ནི་ཀ༷་ལི། ཀ་ར༷་ཁ་ཏ༷་ཁ། ན་མ་ནུ་ཀ་ར༷། པི་ལོ་ན་པན་ཙ་ཡི་ནུ། ཛ་ལ་སེ་ནུ། བྷ་ར་ལ། ཀ་མ་ར་པ་ཀན། ས་ཁི་ཁ་ཏེ་ཚེ་མ་ར་མ་ན་ཧུ༷། ཆེ་གེ་མོའི་ལོ་ཏོག་སྣར་པོ་ཡ། ཨོ་བཛྲ་ཀྲོ་དྷ་ཡ། ས་མ་ཡ་དང་ཏ་ཡ་ཕཊ། ཧུ་ཡུ་ཧུ་ཡ་བྷ་ཧ་བྷ་རྟ། ཐུ༷་རི་ལི་ཤ་དང་ག་པ་ལ། མ་ནུ་ཏྲ་པ་ཧྲི། པུ་ས་ར་དུ་པ་ནི། བི་ཙ་ཧུ༷། ཏ་ཐ་བ་ན་གྲྭཧྭ། དྲག་པོའི་སྔགས་བཟླས་ཐོད་པ་བསྲེགས། །དེ་ནས་ཀླུ་རྣམས་གསོ་བ་ནི། །ག་དེ་བ་དེ་གྲྭཧྭ། ནཱ་ག་ཀླུའི་བུ་གནོད་པ་མ་བྱེད་པར་བཅོལ་བའི་འཕྲིན་ལས་གྱིས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དི་རིང་བདག་གིས་མ་ངེས་པས། །ནཱ་གའི་ཐུགས་དང་ཅི་འགལ་བ། །ནཱ་གའི་སྐུ་ལ་བཟོད་པར་གསོལ། །ཅེས་བྱས་ལ་ནཱ་ག་དབང་དུ་བསྡུ། ནཱ་ག་བེ་ན་གྲྭཧྭ། དེ་ནས་ཟིན་རི་ལ་གོར་བསྙག །དྲག་སྔགས་ནག་པོའི་རྒྱུད་ལས། ཆུ་འཁྱགས་དབབ་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ལྟས་ངན་དབབ་པ་འདི་གསུངས་སོ། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །དྲེགས་པ་ཕོ་བདུན་མོ་དང་བརྒྱད། །དབུས་སུ་དམར་པོ་འཇིགས་པ་བསྒོམ། །འཁོར་ལོ་བརྒྱད་ལ་དམ་རྫས་སུ། །བྱི་ལ་སྤྲེའུ་མོན་ཨ་ཙ་ལ། །སྲིན་བྱ་འུག་པ་གླ་བ་སྤྱང་། ཁྲ་བ་སྒྱུང་ཀ་སྦལ་དང་རོག །སྲེག་པ་སྲམ་དང་སེལ་བྱི་དང་། ཁྲ་དང་པགས་པ་སྙིང་དང་ཁྲག །སོ་སོའི་རྫས་དགྲམ་གཟུགས་བརྙན་ཡང་། །འབྲུ་སྣ་ལྔ་དང་བསྲེས་ལ་བྱ། །གཟུགས་བྱ་འཁོར་ལོ་བརྒྱད་ལའོ། །དུག་ཤིང་སོར་ནི་བརྒྱད་པ་བརྒྱ། །གྲུ་གསུམ་དག་གི་ཁ་ལ་བསྐོར། །ཐོད་པ་མཚན་ངན་ནང་དུ་ཡང་། །ལྟས་ངན་སྙིང་ཁྲག་སྦྱར་ལ་བཞག །སྤྲེའུ་བྱི་ལ་ཞོན་པ་ཤར། །མོན་པར་སྦར་འཛིངས་ཤར་ལྷོ་མཚམས། །སྲིན་བྱ་གླ་བ་ཤོན་པ་ལྷོ། །འུག་པ་སྤྱང་ཤོན་ལྷོ་ནུབ་མཚམས། །སྒྱུང་ཀ་ཤ་བ་ཞོན་པ་ནུབ། །བྱ་རོག་ཁྲག་ཞོན་ནུབ་བྱང་མཚམས། །རྦབ་དང་སྲེག་པ་སྡེར་འཛིངས་བྱང་། །སྲམ་དང་སེ་བྱི་སོ་འཛིངས་པ། །བྱང་ཤར་མཚམས་སུ་དགོད་པར་བྱ། །འཁོར་ལོ་བརྒྱ་པ་རིམ་པས་སོ། །དང་པོ་བསྒྲུབ་པ་སྤྱིར་མཐུན་ཏེ། །སེང་གེའི་ལྕེ་བ་རྒྱུན་མར་བྱུག །རྩ་བ་རྒྱུན་སྔགས་དྲག་ཏུ་དྲང་། །རྟགས་དང་ཆོ་འཕྲུལ་གོང་མ་སྟོན། །སྔགས་གྲུབ་ལྟས་ངན་དགྲ་ལ་དགྱེ། ཁོ་ར་ཐྲི་ཧེ་རུ་ཧི་བར་བྷ་ལ་ཏི། ཡ་ཚ་བ་ག་ཧ་ལ་ཡི། མུ་ལྡི་ཚ་བ་ཁ། ཧ་རི་པ་ཐ་ཐི་བ་ནི། ཧ་རི་ཨུ་འདུ་འདི། ཨ་ཏི་ཧུ༷་ཧུ༷་ཕཊ་ཕཊ། ཏྲི་ལིང་ཤང་ཀ་དུ། ཏྲི་ཟ་ཡག་ཤ་རྦད་པུ་སྨྱོ། ཞེས་པས་ལྟས་ངན་དགྲ་ལ་དགྱེ། །གཟུགས་རྣམས་དགྲ་ཕྱོགས་ཁ་བསྟན་བསྐྱལ། །གོང་གི་ཤིང་ལ་སྤྱིན་སྲེག་བྱ། །ཡང་ན་ལྟས་ངན་ཆོ་འཕྲུལ་དུ། །མདའ་ལ་བསྔགས་ལ་འཕང་བར་བྱ། །ཡང་ན་ཐོག་དང་སེར་བ་སྲ །གཟའ་བརྒྱད་སྤྲུལ་པས་དབབ་པར་བྱའོ། །དྲག་སྔགས་ནག་པོའི་རྒྱུད་ལས། ལྟས་ངན་དབབ་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་སྤོས་དྲིར་་་་ན་ ༨ད་ད་ན། །ཆུ་བྱི་སྨན་རྩའི་པགས་པ་མྲ །གཟས་པའི་མིང་རུས་བྲིས་ལ་གཞུག །གསང་སྔགས་བཟླས་ལ་ནང་དུ་བསྟིམ། །སྤོས་དྲིར་འཆི་བར་ཐེ་ཚོམ་མེད། །དྲག་སྔགས་ནག་པོའི་རྒྱུད་ལས། འགལ་བ་སྤོས་གྲིར་གསད་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་མཛེ་རིམས་དུག་ཐབས་གསད་པ་འདི་གསུངས་སོ། །མ་ར་ཡ་ཡི་ཕ་མེས་འགོར། །གཟས་པའི་མིང་རུས་བྲིས་ལ་གཞུག །གུ་གུལ་ནག་པོའི་དུད་པས་བདུག །ཐོད་པ་ར་ཁྲག་དམར་པོས་བསྐུ། །མུ་སྟེགས་རྡོལཔའི་སྔགས་བཟླས་ལ། །ནག་པོ་ཀླུ་ཡི་སྲང་སྒོར་གནན། །འགོར་ཡང་ཟླ་བ་དགུ་ན་འོང་། །དྲག་སྔགས་ནག་པོའི་རྒྱུད་ལས། མཛེ་རིམས་དུག་ཐབས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་སྨྱོ་རིམས་འབོག་ཏུ་གཞུག་པ་ནི། མུ་ར་ཡ་ཡི་ཐོད་པ་ཡང་། །རྟ་དང་དྲེའུའི་ཐོད་པ་སྲ །མ་ར་ཡ་ཡི་མིང་རུས་གཞུག །མུ་སྟེགས་རྡོལ་པའི་སྔགས་བཟླས་ལ། །ཐོད་པ་ལྷ་ཁང་འོག་ཏུ་གནན། །སྨྱོ་འབོག་ནད་ཀྱི་བཱ་ར་ཡའོ། །དྲག་སྔགས་ནག་པོའི་རྒྱུད་ལས། སྨྱོ་འབོ༷ ག་ནད་ཀྱི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་རྟ་དང་གླང་པོ་གསོད་འདོད་ན།བཱ་ར་ཡ་ཡི་རྟ་གཟུགས་ཀྱང་། །སྤྲིན་པའི་ས་དང་རྟ་སྦངས་སྲེ། ། རྟ་གཟུགས་གླང་ངའི་ནང་དུ་གཞུག །འབྲུ་སྣའི་ངར་ཟན་ལ། །སེང་ཕྲོ་ཁུ་བ་འོ་མ་བསྲེ། །མུ་སྟེགས་རྡོལ་པའི་སྔགས་བཟླས་ལ། །ངར་ཟན་འགལ་བའི་རྟ་ལ་བཞིན། །རྟ་གཟུགས་ཐབ་ཏུ་བསྲེག་པར་བྱ། །དྲག་སྔགས་ནག་པོའི་རྒྱུད་ལས། ཐུམ་མོང་ཤུགས་སྒྲོལ་གྱི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་དྲེགས་པ་ཕོ་མོ་རྣམས་ཤིན་ཏུ་དགའ་མགུ་ཡི་རངས་ནས།འཇམ་དཔལ་དམར་པོ་ཡབ་ཡུམ་ལ་རང་རང་གི་གནས་ནས་བསྟོད་པ་འདི་གསུངས་སོ། །ཧུ༷། གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས། །དུར་ཁྲོད་མེ་རི་ཕྱོགས་མཚམས་འབར་ནང་ན། ། སྐུ་བཞུགས་དམར་པོ་འཇིགས་པའི་སྐུ། ཁེན་ཏུ་འཇིགས་པའི་སྐུ་ལ་དུར་ཁྲོད་ཆས་ཀྱིང་་བརྒྱན། །སྤྲུལ་པའི་སྐུ་དང་ཚད་མེད་དཔག་ཏུ་མེད། །ཐུན་མོང་མ་ཡིན་དམར་པོ་འཇིགས་པའི་སྐུ། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྨད་དུ་བྱུང་། །མི་དགེ་བཅུ་དང་དང་མཚམས་མེད་ལྔ་ཚར་གཅོད་པ། །ཟུང་དུ་མི་མངའ་ཆོས་ཉིད་རྨད་པོ་ཆེ། །ཆོས་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་པའི་སྐུ་གསུམ་དོན་དམ་སྐུ་རུ་སྤྱོད། །དྲེགས་པ་ཕོ་བདུན་མོ་བརྒྱད་འདུལ་བའི་དཔལ། །འཇམ་དཔལ་ཡང་དག་དཔལ་ལ་ཕྱག་འཚལ་བསྟོད། །དེ་ཡི་ཡུམ་ཆེན་གཏུམ་མོ་ནི། ། ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ནས། །དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང་། །སྐུ་མདོག་དམར་ནག་འབར་བ་ལ། ཁྲམ་བམ་གཡས་ལ་བན་དྷ་གཡོན། །དགྲ་བོ་དམ་ཉམས་སྙིང་ནས་དྲོངས། ཁྱོད་ལ་བསྟོད་དེ་མཆོད་པ་འབུལ། །དྲག་སྔགས་ནག་པོའི་རྒྱུད་ལས། དྲེགས་པ་ཕོ་བདུན་མོ་དང་བརྒྱད་ཀྱིས་འཇམ་དཔལ་དམར་པོ་ཡབ་ཡུམ་ལ་བསྟོད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་འཇིགས་བྱེད་གནས་པའི་དྲེགས་པ་ཕོ་མོ་རྣམས་ཀྱིས་ཤིན་ཏུ་ངོ་མཚར་སྐྱེས་ཏེ། འཇམ་དཔལ་དམར་པོ་ཡབ་ཡུམ་ལ་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་མཚན་གྱི་སྒོ་ནས་བསྟོད་པ། ཧུ༷་མཛད་ཆེན་པོ་ཁྲོ་བོའི་སྐུ། ། ཡ་མན་ཏ་ཀ་གཤིན་རྗེའི་གཤེད། །སྐུ་ནི་དབང་ཆེན་དམར་པོ་ལ། །དབུ་གསུམ་དཀར་དམར་མཐིང་ཀའི་ཞལ། །ཕྱག་དྲུག་གཡས་ན་བསྣམས་པ་ནི། །སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས། །ཕྱག་དྲུག་གཡོན་ན་བསྣམས་པ་ནི། །དུང་ཆེན་མདུང་ཐུང་གསལ་ཤིང་གཡོན། །དྲེགས་པ་ལྷ་ཆེན་བསྒྱེལ་བའི་སྟེང་། །མ་ཧེ་སྣོལ་བའི་ཁྲི་སྟེངས་ནས། །དུར་ཁྲོད་རྒྱན་གྱིས་སྐུ་ལ་བརྒྱན། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །སྙིང་རྗེ་བྱམས་ལྡན་འགྲོ་འདུལ་མཁས། །ནག་མོ་རལ་གཅིག་ཁྲག་འཐུང་སྦྱོར། །དུར་ཁྲོད་གནས་ན་མཚན་མོ་རྒྱུ། །དགྲ་བོ་བསྒྲལ་བའི་ལས་མཛོད་ཅིག །དཔལ་ཆེན་རྔམ་པའི་ཞལ་དུ་སྟོབས། ཁྲོ་རྒྱལ་ཁྱོད་ཀྱི་དུས་ལ་བབ། །ཅེས་བསྟོད་དེ་རང་རང་གི་གནས་སུ་འཁོད་དོ། །དྲག་སྔགས་ནག་པོའི་རྒྱུད་ལས།གསང་མཚན་དོན་རྟགས་ཀྱི་སྒོ་ནས་བསྟོད་པའི་ལེའུ་ཉེར་དགུ་པའོ།། །།དེ་ནས་གཙོ་བོ་ཉིད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་དུ་གཟིགས་ནས། ཐམས་ཅད་ཟིལ་གྱིས་གནན་ནས་འཁོར་རྣམས་ལ་བསྟོད་པ།དུར་ཁྲོད་ཆེན་པོ་འབར་བའི་དཀྱིལ་འཁོར་ནས། །བསྟན་པ་བསྲུང་བའི་ཕོ་བདུན་མོ་དང་བརྒྱད། ། ཕྱོགས་མཚམས་བརྒྱད་ལ་དབང་ཡང་སྒྱུར། ཧུ༷། ནུབ་ལ་དབང་མཛད་ཡབ་རྗེ་ནག་པོ་ནི། །སྐུ་མདོག་སྔོ་ནག་སྡོང་ཧ་ལ་འདྲ། །རལ་པ་ནག་པོ་མུན་རུམ་འདྲ། །སྤྱན་མིག་ཉི་ཟླ་འཁྱིལ་བ་འདྲ། །མཆེ་བ་ཟུར་གསུམ་དྲག་ཏུ་གཙིགས། །སྨ་ར་ཁམ་ནག་སྲིད་རྩེར་འབར། ཁྲམ་ཤིང་གཡས་ལ་དགྲ་སྟ་གཡོན། །བདུད་རྟ་ནག་པོ་རྟིང་དཀར་ཆིབས། །འཆི་བདག་བདུད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །ཧུ༷། བྱང་ཤར་མཚམས་ལ་མངའ་མཛད་བདུད་མོ་ཀུན་གྱི་རྗེ། །ལྷ་མོ་ནག་མོ་འཇིགས་པའི་ཆ་བྱད་ཅན། །བསྐང་བཟློག་ནག་མོ་བདུད་ཀྱི་ཡུམ་ཅིག་མ། །གཅེར་བུ་དྲེ་ཤོན་ཚངསཐུརགཤིནརྗེའིཡུམ། ཁྲམ་བམ་གཡས་ལ་ནད་རྐྱལ་གཡོན། ། ཚངས་ཐུར་དྲེ་ཤོན་མ་ལ་ཕྱག་འཚལ་བསྟོད། །ཧུ༷། ལྷོ་ལ་མངའ་མཛད་མགོན་པོ་ནག་པོ་ནི། །སྐུ་ལ་ལྗང་ནག་བེར་ཆེན་གསོལ། །ཕྱག་ན་མདའ་བཟང་བྱ་རྒོད་བསྣམས། །རལ་པ་ནག་པོ་མུན་རུམ་འདྲ། །སྨ་ར་ཨག་ཚོམ་སྲིད་རྩེར་འབར། ། དགྲ་འཕྲེང་ནག་པོ་སེ་རལ་ཁ། །བདུད་རྟ་ནག་པོ་ཆིབས་སུ་ཆིབས། །སྤྲུལ་པ་རྒྱ་ནག་ཡུལ་དུ་འགྱེད། །སྲོག་བདུད་བོད་ཡུལ་དབུས་སུ་གཅོད། །བདུད་པོ་མགོན་ནག་སྐུ་ལ་ཕྱག་འཚལ་བསྟོད། །ཧུ༷། ལྷོ་ནུབ་མཚམས་ལ་མངའ་མཛད་རྡོ་རྗེ་ལེགས་པ་སྐྱོང་། །སྐུ་ལུས་ཅིར་ཡང་མ་ངེས་འཁོར་དུ་ཐེ་རང་སྟོང་། །འཇིག་རྟེན་འདི་ན་མཐུ་རྩལ་རབ་ཏུ་འཕགས། །གདོད་ནས་མ་སྐྱེས་རང་བྱུང་དག་པའི་སྐུ། ། སྐུ་ལ་བསེ་ཁྲབ་སེར་པོ་གསོལ། །ཕྱག་ན་ཤེལ་གྱི་མདུང་ཤིང་བསྣམས། །ཆིབས་སུ་ངང་པ་གསེར་སྒོང་ཆིབས། །མཉམ་ཉིད་རིག་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཧུ༷། ཤར་ལ་མངའ་མཛད་སྲོག་བདག་སྒྲོལ་གིང་ནི། །དགུང་སྔོན་མཐོན་པོའི་དཀྱིལ་ཡངས་ནས། །ཚངས་པའི་སྲིན་པོ་མྱུར་མགྱོགས་ཅན། །འདི་ལྟར་སྣང་བ་སྐུ་ཡིས་སྤྲུལ། །སྲོག་བདག་སྒྲོལ་གིང་ཐུགས་གིང་ཐུགས་དམ་ཅན། །སྐུ་མདོག་དཀར་པོ་ཤེལ་ལྟར་དག ཁེལ་གྱི་རལ་པ་ཤ་ར་ར། །ཕྱག་ན་མདུང་དཀར་ཆེམས་སེ་ཆེམས། །མདུང་ལ་དར་དཀར་ལྷུབས་སེ་ལྷུབས། །ཆིབས་སུ་རྟ་དཀར་ཟངས་མ་ཆིབས། །སྒྲོལ་གིང་ཉིད་ལ་ཕྱག་འཚལ་བསྟོད། །ཧུ༷། བྱང་ལ་མངའ་མཛད་ཡམ་ཤོད་དམར་པོ་ནི། །བཙན་འགོང་དམར་པོ་སྲོག་གི་བདུད། །སྐུ་ལ་ལྗང་དམར་ཟབ་སླག་གསོལ། །དབུ་ལ་ཟངས་ཀྱི་རྨོག་ཞུ་གསོལ། །ཟངས་ཞགས་གཡས་ལ་ཤང་ལང་གཡོན། །ཆིབས་སུ་ཟངས་རྟ་དམར་པོ་ཆིབས། །སྒྲོལ་གིང་སྐུ་ལ་ཕྱག་འཚལ་བསྟོད། །ཧུ༷། ཕྱོགས་བཞི་དག་ལ་དབང་སྒྱུར་ཞིང་། །ཡུལ་ཆེན་རྣམས་ཀྱི་དམག་དཔོན་པོ། །སྐུ་སྟོད་ཞིང་ཆེན་གཡང་གཞི་ལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཆིབས་སུ་བྱ་རྒྱལ་དམིགས་པ་ཆིབས། །སོག་ལེ་གཡས་ལ་ནད་རྐྱལ་གཡོན། །ཡུལ་ལྷ་ཕྱ་སངས་སྐུ་ལ་ཕྱག་འཚལ་བསྟོད། །ཧུ༷། ནམ་མཁའ་སྟོང་ལ་དབང་སྒྱུར་ཅིང་། །རྫུ་འཕྲུལ་དཔག་ཏུ་མེད་པ་ཡི། །སྲོག་དང་དབུགས་ལ་མངའ་མཛད་ཅིང་། །ཆུ་སྲིན་གཡས་ལ་ཞགས་པ་གཡོན། །གནམ་ཐེ་དཀར་པོའི་སྐུ་ལ་ཚ་ཅེ་་་ང་་སྟེང་འཙོ་་་ངལེསྟེ་སྟེཕྱག་འ ལ་བསྟད། ། ས་བརྗད་པས་ས་ས་རང་རང་ག་གནས་སུ་འཁད་ད། །མུ་ གས་ཀྱ་དྲགས་སྔགས་ནག་པའ་རྒྱུད་ལས། ག ་བས་འཁར་རྣམས་ལ་བསྟད་པའ་ འུ་ ་སུམ་ཅུ་པའ།། །།མུ་ གས་དྲག་སྔགས་ནག་པོའི་རྒྱུད་རྫོགས་སོ།། །།