Ngb-pt-0896-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:50, 20 March 2020

Front

Body

རྒྱུན་སྔགས་འདི། །བུ་དང་རྒྱལ་པོ་མ་གཏོགས་པ། །གཞན་ལ་བྱིན་རི་ན་ར་སྐན། །མངའ་བདག་སྲས་ཀྱིས་བཙས་སུ་ཞོག །སོ་ཕག་ཤི་ཐ༷།། །། རྒྱ་གར་སྐད་དུ། ཤི་ཡ་མ༷་ཧ་ལྷུ་ཡ་སོ་རི་གེ་ཏུ་ཙཀྲ་ཏནྟྲ། བོད་སྐད་དུ། སྲོག་གཟེར་ནག་པོ་གིང་གི་སྐྲུ་གྲི་འཁྲུལ་འཁོར་ནག་པོའི་རྒྱུད་ལས། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ཉིད། དྲག་པོ་ཚམ་རྔམ་རབ་འབར་བ་རྡོ་རྗེའི་གིང་ཀ་རའི་ཚོགས་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཛྲ་ས་དུ་མ་ཡ། ཞེས་བསྒྲགས་པས། རྡོ་རྗེ་གིང་ཆེན་རྔམ་པའི་ཚོགས་རྣམས་འདུས་ཏེ། དཔའ་བོ་ཆེན་པོའི་འཁོར་དུ་ཉེ་བར་འཁོད་དོ། །བཛྲ་ས་དུ་ཧ་ར་ཧུ་ཐུམས་ཛ་ཛ། ཞེས་རྔམཔར་བསྒྲགས་པས། དྲེགས་པ་ཅན་རྣམས་བརྒྱལ་བར་གྱུར་ཏོ། །དེ་ནས་རྡོ་རྗེ་འཆང་གི་ངོ་བོ་ཉིད། །དྲེགས་པ་འཁོར་དང་བཅས་པ་རྣམས། ། དབུགས་དབྱུང་དཀྱིལ་འཁོར་རྫོགས་པར་འཁོད། །ལས་ཀྱི་རིམ་པ་རྫོགས་མཛད་པ། །བསྟན་པ་བསྲུང་བའི་འཕྲིན་ལས་བསྐོས། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཁྲགའཐུང་ཆེན་པོས་དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། འཁོར་རྣམས་བརྒྱལ་བ་ལངས་པར་གྱུར་ཏོ། །དེ་ནས་འཁོར་རྣམས་ཀྱི་ནང་ནས་གིང་ཆེན་པོ་རྡོ་རྗེ་ལེགས་པ་ཞེས་བྱ་བ་བཞེངས་ནས། ཉིད་ཀྱི་དམ་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ནི། ཨོ་བཛྲ་སདྷ་ས་མ་ཡ། ཨ་ཏྲི་སེམས་པར་ར་བ༷་སྲོག་ལ་ཛ་ཛ། བཛྲ་ས་དྷ་ར་བ༷་ཏྲི་དུ་སྲོག་ལ་སྨྱོ། བཛྲ་ས་དྷ་ཏྲི་མྱགས་ཐུ༷་ཐུ༷་རིལ། དགྲ་བོའི་སྲོག་ལ་མ་ར་ཡ་རྦད། བཛྲ་ས་དྷ་ཏྲི། ཡ༷་ཁ༷་རག་ཤ་སྙིང་ཕྱུང་། རྩལ་དུ༷་རི་ལི་སྲོག་ག༄གྲིར་རྦད། དགྲ་བོའི་སྲོག་ལ་སྟམ་པ་ཡ་ནན། བཛྲ་ས་རྙུ་ས་་མ་ཡ་ན་རག་ཙིལྟི་ནན། བོད་རྦདགོསད་དང་གཟིར་གནན་པའི། །དམ་ཚིག་སྲོག་གི་སྙིང་པོ་ཕུལ། །རྡོ་རྗེ་འཆང་གིས་བྱིན་གྱིས་བརློབ། ། ཅེས་གསུངས་སོ། །རྡོ་རྗེ་འཆང་གི་མདུན་ན་བཞུགས་སོ། །སྲོག་གཟེར་ནག་པོ་གིང་གི་སྤུ་གྲིའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེ། མགོན་པོ་ཡོངས་ཀྱི་དེད་དཔོན་ཆེན་པོ་རྡོ་རྗེ་ལེགས་པས་མྱུར་དུ་མངགས་པ་འདི་གསུངས་སོ། །རི་མཐོ་ས་གཙང་དབེན་གནས་སུ། །མཎྜལ་གྲུ་བཞི་མཉམ་པོ་ལ། །དྲི་སྤོས་ཙ་རའི་ཁྲག་གིས་བྱུག །དབུས་སུ་དཔལ་གྱི་གཏོར་མ་སྟེ། ཁྲར་དུ་གིང་ཆེན་རྟེན་གཟུགས་སོ། །སྐུ་མདོག་སྔོན་པོ་འཇིགས་པའི་ཞལ། །གཡས་སུ་རྡོ་རྗེ་རྩེ་དགུ་ཐོགས། །གཡོན་པ་ཙིསྟ་འབར་པ་ཐོགས། ། ཆིབས་སུ་སེང་གེ་དཀར་པོ་ཆིབས། །ན་བཟའ་ཟ་འོག་སྔོ་བཀྲ་ལ། །ལེ་བརྒན་འབར་བའི་ཆ་ག་ཅན། །དབུ་ལ་སྟག་གི་ཐོད་གདེང་ཅན། །ལེགས་པར་བྲིས་པ་རྟེན་དུ་གཟུགས། །ཙ་རའི་དབང་པོ་ཤུན་པ་རྟེན། །འབྲུ་སྣ་ལྔ་ཡི་ཕུད་དང་ཤ་ཁྲག་བསྒྲམ། །བཤོས་པུ་ཁྲུ་གང་རྟེན་དུ་གསལ། །མདའ་དང་དར་སྣ་རྟེན་དུ་གསལ། །མདའ་དང་དར་སྣ་རྟེན་དུ་གཟུགས། །སྟག་དང་བྱ་རྒོད་ཟ་འོག་གཟུགས། །ཙ་ར་ཁ་སྐྱའི་ཙིསྟ་ཡང་། །ཡུན་གྱི་རྟར་གཟུང་དམོད་བོར་རོ། །བླ་རྡོ་ཕ་ཝང་ལོང་བུ་ལ། །སྙིང་པོ་འབྲུ་གཉིས་བོད་པས་བསྐོར། །འུག་སྐོང་བཅུག་ལ་སྲོག་ཀྱང་གཟུང་། །བདག་ཉིད་སྟོང་ཉིད་སྙིང་རྗེ་ལས། །ཡ་མན་ཏ་ཀར་གསལ་བསྒོམས་ལ། །སྐུ་ཡི་འཕྲེང་བ་འབུམ་ཕྲག་བཟླས། །དེ་ནས་ལས་ཀྱི་སྙིང་པོ་ཡིས། །རྟགས་རྣམས་མ་བྱུང་བར་དུ་བཟླས། །འོད་དང་མེ་རི་གནས་ཁང་འཚེག །མི་ཤར་རྟ་པ་ཞང་བློན་དང་། །བན་དྷི་བཙུན་པ་མ་བྱུང་བར། །བོད་པ་སྲོག་གི་སྙིང་པོ་བགྲང་། ། དྲག་ཏུ་ལས་ལ་སྦྱར་བའི་ཚེ། །དྲག་པོའི་ས་ལ་འབྲུབ་ཁུང་བརྩིགས། ཁ་ཁྱེར་དྲག་པོའི་རྩང་གིས་བསྐོར། ཁུ་རྐྱེན་དྲུག་ལ་བརྣག་པའི་གཟུགས། །མིག་དང་སྙིང་པོ་རྫོགས་པར་དགོད། །གཅན་གཟན་ངར་མའི་ཐོད་པར་བྲུབ། །རྒྱ་ཤོག་གྲོ་ག་དེ་དག་ལ། །འཁྲུལ་འཁོར་མཚོན་ཆ་བྲི་བར་བྱ། །མུ་ཁྱུད་རིམ་པ་བཞི་རུ་བསྐོར། །དབུས་སུ་དྲག་པོ་དབང་སྡུད་བཅའ། །འཁྲུལ་མིག་བཞི་གཉིས་བཞི་བཞི་མཛེས། །ཡང་རིམ་རྩིབས་ཆེན་བཅུ་དྲུག་ལྡན། །དབུས་སུ་འཁྲུལ་མིག་བཅུ་དྲུག་ལྡན། །དྲག་པོའི་ཡི་གེ་བཅུ་དྲུག་བྲི། །ཕྱི་རིམ་གཟིར་བས་བཅུ་དྲུག་མཛེས། །མཐའ་མ་རྦད་པ་ཨ་མུ་ཀ །གསད་པ་འབྲུ་ལྔ་གཞན་པ་བཞི། །རྫོགས་པ་ཁ་སྦྱར་རྩང་གིས་བསྐོར། །འབྲུབ་ཁུང་ཐོད་རྩང་ཁ་ལ་བཅའ། །དྲི་བསྣོལ་རྨེ་པོའི་ཁྲག་དང་དུག །གཟུགས་ལ་བྲབ་ཅིང་རྟེན་དང་བྲལ། །རྦད་པའི་སྔགས་ཀྱིས་ཤེས་པ་བཀུག །གཟུགས་ལ་ཕབ་ལ་རྟེན་དང་དབྱེ། །སྐབས་སུ་ཕུར་གདབ་མདའ་ཡིས་བརྡེག །འབྲུ་གསུམ་ཁྲག་ལ་བསྔགས་དེ་བསྣུན། །དྲག་ཏུ་བསྐུལ་ཞིང་དམོད་པ་བོར། །ཟོར་དང་སྦྱར་ལ་ཞག་དགུར་མངག །མཐའ་རུ་ཐོད་ཆེན་འཁོར་ལོ་གཞུག །ལྷ་ཁང་མགོན་པོའི་འོག་ཏུ་གནན། །ལས་འདི་བརྣག་པ་ཀུན་གྱི་མཆོག །ཅེས་གསུངས་སོ། །སྲོག་གཟེར་ནག་པོ་གིང་ཆེན་གསང་བའི་རྒྱུད་ལས། ལས་ལ་མངགས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམལྡན་འདས་ཀྱིས། ལས་མ་གྲུབ་ན་གིང་ཆེན་ཤི་ས་བསྟན་པ་ཨར་ལ་གཏད་པ་འདི་གསུངས་སོ། །གལ་ཏེ་ལས་འགྱངས་དོན་མེད་ན། །འཁྲུལ་འཁོར་གོང་བཞིན་ཤེས་བྱས་ལ། །རྡོ་རྗེ་གསང་བའི་ལྟེ་བར་བྲུབ། །འཁོར་ལོ་བར་སྣང་རྩང་གིས་བསྐོར། །ལས་ཀྱི་ཤན་པ་མངག་ཅིང་རྦད། །གཤིན་རྗེ་གཤེད་ཀྱི་སྐུར་བསྒོམས་ལ། །སྲོག་གི་འཁོར་ལོ་རྣལ་ལོག་སྡེབས། །ཨོ་བཛྲ་ས་རྙུ་ཏྲི་མྱགས་ཙིསྟ་ཐུ༷་རིལ། དགྲ་བོ་སྲོག་ལ་མ་ར་ཡ་རྦད། བཛྲ་ས་༷་ཏྲི་ཡ༷་ཁ༷་རསྒ་སྙིང་ཕྱུང་ལ་ཐུམས། སྲོག་ལ་གཟེར་རྦད། དགྲ་བོའི་སྲོག་ལ་མ་ར་ཡ་རྦད། ཨེ་ཐུམ་རིལ་ཙིསྟ་ཐུམ་རིལ་མྱགས་ཏྲི་ས་ ་བཛྲ་བཱ་ར་ཡས། དགྲ་བོའི་སྲོག་ལ་མ་ར་ཡ་རྦད། གཟིར་སྲོག་ཐུམས་རྩ་སྙིང་ཕྱུང་། རསྒ་ཁ༷་ཡ༷་ཏྲིལ་ས་ཏུ་བཛྲ་མུ་ར་ཡ། དགྲ་བོ་སྲོག་ལ་རྦད། དྲག་སྔགས་རྣམས་བཟློག་བརྒྱ་བར་བསྣོལ། །སྟོང་སྟོང་གྲངས་ཐེམ་བརྒྱ་བར་དུ། །གསང་སྔགས་གྲོང་ཁྱེར་སྦྲེལ་བྱ་བ། །ཐོད་པའི་སྔགས་དང་རྦད་གསད་དང་། ། གཟིར་ཞིང་གནས་པའི་སྔགས་ཀྱང་བཟླས། །ཞག་གསུམ་ལམ་ལྔ་བདུན་དག་ཏུ། །གསང་སྔགས་འཁོར་ལོ་ཉིན་མཚན་བསྐོར། །ཇག་དང་བཤས་བྱེད་འགོར་ལིངས་བྱེད། །བླ་ཤིང་གཅད་དང་དམག་ཆེན་འདྲེན། ཁྲེས་པ་གསལ་ལ་ཚིག་པ་རྔམ། །དེ་ལྟར་བྱུང་ན་ལས་བྱས་པས། །དགྲ་རྟགས་བྱུང་ནས་གཏང་རག་གཏང་། །དྲག་པོ་རྣལ་ལྡོག་གསད་པ་འདི། །ལས་རྣམས་མ་གྲུབ་སྤོགས་པ་སྟེ། །ཡ་བ་ག་ཤ་ཡ། ཞེས་གསུངས་སོ། །གལ་ཏེ་ལས་དེ་མ་གྲུབ་ན། །གནད་གྱི་ཡི་གེ་གྲོང་ཁྱེར་དཀྲུག །རྟག་ཏུ་ཙ་ལོག་རང་ལ་འཁྲུ་བ་ན། །བླ་རྡོ་མལ་གྱི་འོག་ཏུ་གཞུག ། བཟློག་དཀྲུག་ནག་པོའི་སྦྱོར་བ་བཤད། །གཞན་པས་ལས་ཀྱིས་སྟོབས་ཞན་ན། ། དུར་ཁྲོད་གདུག་པའི་རོ་རས་ལ། །གིང་ཆེན་ལྟོ་བར་འཁོར་ལོ་བྲིས། །མུ་ཁྱུད་རིམ་པ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་དབང་ལ་ལྟ། །མུ་ཁྱུད་བོད་རྦད་སྔགས་ཀྱིས་བསྐོར། །ཕྱི་རོལ་འཁོར་ལོ་བཅུ་དྲུག་རྩིབས། །ཕྱི་ནང་རྩེ་བསྡེབས་དྲག་པོའི་སོ། །གསད་ཅིང་གཟེར་བའི་འབྲུ་ཡིས་དགང་། །འཁོར་ལོ་བྲིས་ལ་ཐོད་པར་གཞུག །ཞག་གསུམ་རྔམ་པར་གསང་སྔགས་བཟླས། །རྣལ་མ་ལོག་དང་ལྟོ་དཀྲུགས་ཀྱིས། །ལས་རྣམས་རྫོགས་དང་འཁོར་ལོ་གནན། །གསང་བའི་གསང་བཅུད་སྙིང་པོའི་དོན། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་དེ་ཉིད་ཕྱེ་ནས་གསུངས་སོ། །ཨེ་བཛྲ་ས་དྷ་ས་མ་ཡ། ཨ་ཏྲི་སེམས་པ་ར་བ༷། སྲོག་ལ་ཛ་ཛ། བཛྲ་ས་དྷ་ར་པ༷་ཏྲི་ཏུ་ནི་སྲོག་ལ་སྨྱོ། བཛྲ་ས་དྷ་ཏྲི་མྱགས་ཐུམས་རིལ། དགྲ་བོའི་སྲོག་ལ་བཱ་ར་ཡ་རྦད། བཛྲ་ས་དྷ་ཏྲི་ཡ༷་ཁ༷་རསྣ་སྙིང་ཕྱུང་།རྩ་ལ་ཐུམ་སྲོག་ལ་གཟིར་སྣྲད། ཞག་དགུ་རྣལ་མའི་ལས་སུ་བཤད། །ལས་སྦྱོར་རྫོགསི་ནས་རྟགས་མེད་ན། །མ་གྲུབ་ལས༄་ལ་སྤོགས་པར་བྱ། །ཛ་ཛ་ལ་སྲོག་བ༷་ར་སེམས་ཏྲི་ཨ་ཡ་མ་ས་ཏུ་སི་བཛྲ་ཨོ། ཨེ་ལ་སྲོག་ནི་དུ་ཏྲི་བ༷་ར་དུ་ས་བཛྲ་སྨྱོ། རིལ་ཐུམ་ཏི་ཙི་མྱོགས། ཏྲི་ཏུ་ས་བཛྲ་ཡ་ར་མ་ལ་སྲོག་དགྲ་བོ་རྦད། གཟིར་སྲོག་ཐུམས་རྩལ་ཕྱུང་། སྙིང་ཤ་རག་ཁ་མ་ཡ་ཏྲི་དུ་ཡ་བཛྲ་རྦད། ཡ་མ་ར་ལ་སྲོག་ལ་དགྲ་བོ་རྦད། ལས་བྱེད་འགུ་ན་གཟིར་བ་དེ། །བཟློག་པའི་འཁོར་ལོ་ཞེས་སུ་འདོད། །ཞག་གྲངས་གསུམ་ལ་ཚད་མེད་དེ། །སྲོག་གཟེར་ནག་པོའི་ལས་སུ་བཤད། །དེས་ཀྱང་མ་གྲུབ་ལྟོ་དཀྲུགས་པས། །འབྱུང་བའི་ལྷོ་དཀྲུགས་སྙིང་ཁྲག་འཛག །ཨེ་ས་མ་ཡ་བ༷་བཛྲ་ས་ ་སྲོག་ལ་ཛ་ཛ། པི་ཏྲི་དུ་ནི་སྲོག་ལ་སྨྱོ། ཏྲི་མྱགས་ཙིསྟ་བཛྲ་ས་ ་ཐུམ་རིལ་བཱ་ར་ཡ་དགྲ་བོའི་སྲོག་ལ་རྦད། ཏྲི་ཡེ་ཁ༷་རསྒ་བཛྲ་ས་ ་སྙིང་ཕྱུང་། རྩ་ལ་ཐུམ་སྲོག་ལ་གཟིར་རྦད། མ་ར་ཡ་དགྲ་བོའི་སྲོག་ལ་རྦད། སྟོབས་ཀྱི་གསང་སྔགས་དཀྲུགས་པ་སྟེ། །སྐྱེས་བུ་གནད་ལ་དབབ་པར་འགྲོ། །འདི་ནི་ཡ་བག་ཤ་ར་སྟེ། །གསང་བའི་ལས་སུ་ཤེས་པར་བྱ། །སྔགས་བཟླས་དུས་དྲུག་དག་ཏུ་ཡང་། །སྔགས་ཀྱི་ཆར་དབབ་སྤྱིར་རྒྱུག་སྟེ། །གྲོང་ཁྱེར་དཀྲུག་པ་སྔགས་འདིའོ། །ཨེ་བཛྲ་ས་དྷ་ར་བ༷། སྲོག་ལ་འུར་བ་འུར་བ་རྦད། ཏྲི་མྲག་སྲོག་ལ་སྙིང་ཁྲག་སྦུར་ཡ་རྦད། ས་དུ་སྙིང་ཕྱུང་འུར་བ་སྲོག་ལ་རྦད། ས་དུ་འུར་བ་སྙིང་ཁྲག་ཙིསྟ་འུར་བ་སྙིང་ལ་རྦད། །སྙིང་ཁྲག་ཏུར་ལོག་བ༷་ཏྲི་སྙིང་ལ་འུར། ཙ་ལ་གྱིགས། སྲོག་ལ་བྲིང་ཤིག་མ་ར་ཡ་རྦད། སྔགས་ཀྱི་གྲོང་ཁྱེར་ཅེས་བྱ་བ། །སྐབས་སུ་བྲབ་པའི་སྔགས་སུ་བཤད། །སྲོག་གཟེར་ནག་པོ་གིང་གི་སྤུ་གྲིའི་རྒྱུད་ལས། སྐྱེས་མཆོག་ཉེ་བར་བཀོལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལོ་ཏོག་གཞོམ་པའི་སྦྱོར་བ་འདི་གསུངས་སོ། །འཇིག་རྟེན་ལྷ་འདྲེ་ཞབྲུགས་ནས་སུ། །རབས་ཆད་གྲི་རྒོད་ཐོད་པ་སྲ །ཡུལ་སྲུངས་བཟློག་མཁན་མིང་རུས་བྲུབ། ཁྲག་སྣ་དུག་སྣ་འབྲུ་སྣ་དང་། །སྔོ་སྣ་སྦྱར་བའི་རི་ལུ་བྱ། །གཏོར་མ་གསང་བཤོས་རྗེ་ལ་བཏབ། །རྒྱ་ཤུགས་ཙན་དན་སྤོས་སྲེགས་ལ། །དྲག་སྔགས་སྦྱོར་བ་རྫོགས་པར་བསྟིམ། །ནམ་མཁའི་སྤྲིན་དང་དུ་བ་འཇའ། །འབྲུག་དང་ཚུབ་མ་ཁུ་རླངས་འཐིབས། །གཡུལ་འགྱེད་དམག་འདྲེན་རྩི་ཐོག་ཉམས། །མཚན་རྟགས་བྱུང་ནས་དམ་བསྐང་བྱ། །འབུམ་ཕྲག་གཅིག་ཏུ་དྲིལ་ཏེ་བརྡེག །རྟ་མ་ཐ་ཆུང་ཡུལ་དུ་བསྐྱལ། ཁྲི་བཅུ་བཅུན་ཞིང་དྲག་ཏུ་བྲབ། །མ་ཕེབས་སྦྱོར་བ་སྟོབས་ཞན་ན། །གནད་ཀྱི་དྲག་སྔགས་དྲིལ་ལ་བརྡེག ཁྲག་དང་དུག་ཆུས་ཕུར་པས་གདབ། །སྟོབས་དྲག་པོ་ཡི་ང་རྒྱལ་གྱིས། ཁང་པ་གསུམ་གྱི་ས་ཡིས་བྲབ། །དེ་ནས་བཅོམ་ ལྡན་འདས༷་ཀྱིས་ལོ་ཏོག་གཤོམ་པའི་སྔགས་འདི་གསུངས་སོ། །ཨོ་བཛྲ་ས་དྷ་ས་མ་ཡ་ཧྲིལ་ཧྲིལ། བ༷་ཧུ༷་ཛ་ཛ། བཛྲ་ས་དྷ་ས་མ་ཡུ། ཧྲིལ་ཧྲིལ། ཕྲོ༷་ཕྲོ༷། མ་ཏི་ཕྲོ༷། བཛྲ་རག་མོ་ཁྲོ༷། བཛྲ་སི་གྲི་ཁྲོ༷། བཛྲ་ས་དྷ་ས་མ་ཡ་ཧྲིལ་ཤ་ར་ཕྲོ་སྦྱོ། ཏྲི་ཏུ་ཡ་ནན། ཧྲིལ་ཤར་ནཱ་ག་ཏི་ལིང་ནན། ཏྲི་ཡ་ནཱ་ག་གཟིར་ཕོབ། སུམ་འབུམ་བདུན་ཁྲག་འཕངས༄་པའི་རྟིང་། །གཟིར་བ་ཁྲི་ཕྲག་གསུམ་ལ་རྫོགས། །ལོ་འབྲས་རྩི་ཐོག་འཇོམས་པར༄་བྱེད། །སྲོག་གཟེར་ནག་པོའི་གིང་གི་སྤུ་གྲིའི་རྒྱུད་ལས་ལོ་ཏོག་གཞོམ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས།རྡོ་རྗེ་གིང་ཀ་རའི་ཚོགས་ལ་རྒྱུད་འདི་གཏད་དོ། །རྡོ་རྗེ་སྙིང་པོ་ཁྲོ་བོ་ཆེ། །འཇིག་རྟེན་དྲེགས་པ་རྫུ་འཕྲུལ་ཅན། །མྱུར་མགྱོགས་སྲོག་གཅོད་ཤན་པ་གིང་། །སྲོག་བདག་ཀུན་གྱི་སྒྲོལ་གིང་གཙོ། །ཉེ་བར་བསྡུས་པས་སྙིང་པོའི་བཅུད། །སངས་རྒྱས་ཐུགས་རྗེས་བྱིན་བརླབས་པ། །དུག་རྒོད་སྐྱིན་ཐང་སོ་རི་མ། །སྐམ་ལ་གྱོང་བ་སྐྱིན་ཐང་ཆུ། །རབ་ཏུ་རྣོ་བྱེད་མཚོན་ཆ་འདི། ཁྲན་པ་གསོད་བྱེད་རྣམས་ཀྱིས་གསུངས། །སྔོནདུགཤིནརྗེ་གཤེད་བསྒོམས་ཤིང་། །སྐུ་ཡི་འཕྲེང་བ་རྫོགས་པ་དང་། །བོད་པ་སྲོག་གི་སྙིང་པོ་ལ། །རྟགས་རྣམས་མ་བྱུང་བར་དུ་བཟླས། །རྟགས་བྱུང་ལས་ཀྱི་ར་བ་དེ། །དེ་ནས་ཤན་པ་སྔོན་དུ་བོད་པའི་ཚེ། །མཎྜལ་བཤམས་ལ་རྟེན་པའི་རྫས། །ཙ་ཀ་ལི་དང་རྒྱལ་མཚན་རྣམས། །རྟེན་གྱི་རྫས་སུ་བསག་པར་བྱ། །བླ་རྡོ་སྙིང་པོ་འུག་སྒོང་བཅས། །སྲོག་བཅུའི་རྫས་སུ་བཅང་བར་བྱ། །ཙ་རའི་དབང་པོ་ཙིསྟ་རྣམས། །སྲོག་གི་རྟ་རུ་གཟུད་པར་བྱ། ཁམ་རྒྱ་ཙ་ར་རྟེན་དུ་བཅའ། །གསད་པོའི་འཁོར་ལོ་དགོད་པར་བྱ། །ལས་རྫོགས་རྟགས་རྣམས་མ་བྱུང་ན། །སྤོགས་པའི་ཆོ་ག་ཡང་དག་བཤད། །དྲག་པོ་རྣལ་ལོག་བསྣོལ་མ་འམ། །ཡང་ན་རྩ་བ་སོང་སྡེབས་པའི། །རྣལ་དང་བཟློག་དང་ལྟོ་དཀྲུག་སྡེབ། །ལས་ཀྱི་བསྒྱུར་ཁ་སྲང་བའི་གསོ། །སྤུ་གྲི་སྐྱིན་ཐང་དབབ་པར་བྱ། །ལས་ཀྱིས་གང་དང་གང་གྲུབ་ཀྱང་། །ཙ་ར་ཁམས་རྒྱས་བསྐང་བར་བྱ། །གིང་ཆེན་སུམ་བརྒྱ་དྲུག་ཅུ་ཡིས། །དེད་དཔོན་རྡོ་རྗེ་ལེགས་པ་སྟེ། །གསང་བདག་ཆེན་པོ་ཁྲོས་པ་ཡིས། །དུག་གི་སྐྲུ་གྲི་གསང་རྒྱུད་འདི། །རྡོ་རྗེ་ཁྲོ་ཚོགས་རྣམས་ཀྱིས་བསྲུངས། །རྣལ་འབྱོར་དམ་ཚིག་ཅན་གྱི་དོན་ཕྱིར་སྲ །མ་འོངས་དུས་སུ་དྲ་བྱེད་པའི། །འཁོར་རྣམས་རྗེས་སུ་ཡི་རང་སྟེ། ། མངོན་པར་རབ་ཏུ་བསྟོད་པའོ། །སྲོག་གཟེར་ནག་པོ་གིང་གི་སྐྲུ་གྲིའི་རྒྱུད་ལས། འཁོར་ལ་གཏད་ཅིང་ཡི་རང་བའི་ལེའུ་སྟེ་ལྔ་པའོ།། །།སྲོག་གཟེར་ནག་པོ་གསང་བ་གིང་གི་སྤུ་གྲི་འཁྲུལ་འཁོར་ནག་པོའི་རྒྱུད། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཁྲི་སྲོང་ལྡེ་བཙན་ལ་བརྒྱུད་པའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། མྲི་ག་ཤི་སྣ་ཏནྟྲ་ན་མ། བོད་སྐད་དུ། སྐྲུ་གྲི་ནག་པོའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་