Ngb-pt-0895-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:50, 20 March 2020

Front

Body

ཅན་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། ཙིལྟི་ཐུན་ཀྭ་ལ་ནཱ་མ་ཏནྟྲ། བོད་སྐད་དུ། སྙིང་ཟོར་ནག་པོའི་རྒྱུད་ཅེས་བྱ་བ། དཔལ་ལྡན་རྡོ་རྗེ་འཛིན་པ་ལ། །སྒོ་གསུམ་ཀུན་ནས་ཕྱག་འཚལ་ལོ། །འདི་སྐད་ཐོས་པ་དུས་གཅིག་ན། ཁྲོ་བདག་ཕྱག་ན་རྡོ་རྗེ་ལ། །ཐམས་ཅད་འདུས་པའི་མ་མོས་བསྐོར། །ཀུན་གྱིས་བདག་ཉིད་ཁྲོ་མོའི་རྒྱལ། །བལ་མོ་ནག་མ་ཀུན་དུག་མ། །དེ་ཉིད་གནད་ལ་བོར་བས་ཀྱང་། །ཐམས་ཅད་འདུས་པའི་དངོས་གྲུབ་ཐོབ། །དེ་ཉིད་གནད་ལ་འབབ་པའི་ཕྱིར། །དངོས་གྲུབ་འདོད་པའི་རྣལ་འབྱོར་པས། །བསྟབ་དང་ས་གཞི་གཟུང་བར་བྱ། །བྲག་དམར་ཆོལ་བཟང་འདྲ་བ་འམ། །སྲིན་མོའི་རལ་པ་འདྲ་བའམ། ། ཡང་ན་མི་རོ་གསར་རྙིང་ས། །ཡང་ན་ཉམས་དགའ་ཉིད་དུ་གཟུང་། །ནམ་མཁའ་གྲུ་གསུམ་ཟླ་གམ་འདྲ། །དེ་དང་མཐུན་པའི་གནས་ཉིད་དུ། །བསྒྲུབ་པ་པོས་ནི་ས་གཞི་གཟུང་། །དེ་ནས་དཀྱིལ་འཁོར་བཤད་པར་བྱའོ། །ཟུར་བཞིར་ཐོད་པ་བཞི་གཞག་སྟེ། ། ནང་དུ་དྲག་ཡིག་ཁྲག་གིས་བྲི། །ཐོད་པ་བཞི་ལ་ཤེས་པར་བྱ། །རྣམ་ཤེས་ཚངས་པའི་ལིང་ག་བཞི། །སོ་སོར་བཞི་ལ་ཤེས་པར་བྱ། །དྲག་དང་དྲི་སྤེལ་སྙིང་ཁར་བྲི། །ཚད་ནི་མདའ་གང་གྲུ་བཞིའོ། །རི་བར་བཞིན་དུ་བརྩིག་པར་བྱ། །རྨེ་ཁྲག་གསུམ་གྱིས་ཆག་ཆག་གདབ། །ཏྲག་རག་ཤ་ཛ་ལ་མཎྜལ་ལ་ས་མ་ཡ་ཧཱུཾ༷་ཕཊ། ཅེས་པས་ཆག་ཆག་གདབ་པར་བྱ། །དེ་ནས་ཐིག་དབང་དཀྱིལ་འཁོར་བྲི། །ཏྲཀ་རསྒ་ས་མ་ཡ་ཏིཛི་ལྷན། །ཞེས་པ་ཡིས་ནི་ཐིག་གདབ་བོ། །དབུས་སུ་མཐིང་ནག་གྲུ་གསུམ་སུམ་བརྩིགས་དགོད། །ཟླ་ཁམ་དམར་པོ་མུ་ཁྱུད་བསྐོར། །ཐོད་པའི་ར་བར་ཤེས་པར་བྱ། །གྲུ་ཆད་ལྗང་ཁུ་སྒོ་གནམ་ལྕགས། །ཇི་ལྟར་མཛེས་པ་བྲི་བར་བྱ། །ཞེས་གསུངས་སོ། །སྙིང་ཟོར་ནག་པོའི་རྒྱུད་ལས། སྐབས་ཏེ་དང་པོའོ།། །།དེ་ནས་རྫས་བསག་པ་དང་ཡི་གེ་སྔགས་ཀྱི་གྲངས་བསྟན་པ་འདི་གསུངས་སོ། །རྣེལ་གྲིའི་ཐོད་པར་མངལ་ཁྲག་དང་། །གཏོར་མ་སྣོད་དང་མཆོད་རྫས་བཤམ། །དེ་ནས་བདག་པོ་བསྐྱེད་པ་དང་། །བདག་པོ་བསྐྱེད་པའི་ཐུགས་ཁ་ནས། །རྒྱུ་ཡི་ཡི་གེ་ཏྲག་ཕྱུང་སྟེ། །དབུས་ཀྱི་མཐིང་ནག་གྲུ་གསུམ་ལ། །ཞིང་ཆེན་བདལ་ལ་གསལ་བར་སྐྱེད། །མ་མ་ཏྲག་རག་ཤ་ས་མ་ཡ་ཧཱུཾ༷། ཞེས་བསྐྱེད་པར་བྱ། དེ་ནས་བལ་མོ་ཀུན་དུག་མ། །སྐུ་མདོག་མཐིང་ནག་འབར་བ་ལ། །ཕྱག་གཡས་ཞེ་སྡང་ཙིསྟ་བསྣམས། །གཡོན་ན་སྤྱང་མོ་དགུ་འབུམ་བསྣམས། །དུར་ཁྲོད་རྒྱན་ཆ་མང་པོ་ཀླུབས། །རྔམས་པའི་ཚུལ་གྱིས་མཆེ་བ་གཙིགས། །དེ་ལྟར་བལ་མོ་བསྐྱེད་པར་བྱ། །དེ་ནི་བསྙེན་པའི་དཀྱིལ་འཁོར་རོ། །བསྒྲུབ་པའི་དུས་སུ་འདི་ལྟར་བྱ། །གྲུ་གསུམ་མཐིང་ནག་བརྩིག་པར་བྱ། །པདྨའི་རག་ཏས་ཁ་བྱུགས་ལ། །ནང་དུ་སོལ་ཆེན་གཏང་བར་བྱ། །ཕུར་རྩང་རྩ་གཅིག་ཁ་ལ་བསྐོར། །དེ་ནས་འཁར་བ་དཀར་པོ་ལ། །བལ་མོ་ནག་མོས་དབང་བསྐུར་ཏེ། །གྲུ་གསུམ་ལིང་ག་སྙིང་དང་ལྟེ་བར་དགོད། །ཅེས་དབང་བསྐུར་འདི་གསུངས་སོ། །་ག་རག་ཤ་ཙིསྟ་མྱོག་མྱོག་ཐུམ་རིལ་རྦད། །ཨེ་ཧེ་དཀར་ལྡོན་སྙོག་ཙིསྟ་རྦད། ཐུམས་རྦད། མུག་ཐིབས་སེངས་ཁ་ཤར་ཕྱུང་། ལུབས་འུབྲས་སོད་སོད་ཆེ་གེ་མོ་མྱ་ར་ཡ། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ། ཡི་གེ་སུམ་ཅུ་པ་འདིས་དབང་བསྐུར་བར་བྱའོ། །དེ་ནས་འཕྲིན་ལས་འགལ་བའི་སྒོ་ནས་སྤྱན་དྲང་པར་བྱའོ། །ཧཱུཾ༷། ཤར་ཕྱོགས་གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དུ། །བལ་མོ་ནཱ་ར་ཡ། བལ་མོ་དཀར་གསལ་བྱེ་བ་འབུམ་གྱིས་བསྐོར། །ཞི་བའི་ཐུགས་ཀྱིས་དགྲ་བགེགས་འདུལ་མཛད་ཅིང་། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །དམ་ཉམས་བསྣོལ་བའི་གདན་ལ་བཞུགས་སུ་གསོལ། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཧཱུཾ༷། ལྷོ་ཕྱོགས་སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བལ་མོ་ཀུན་ཏུ་རྔམ་ཆེན་གཏུམ་པའི་སྐུ། །སེར་མོ་གཡང་གཞི་སོལ་བའི་རལ་པ་ཅན། །སེར་ནག་བལ་མོ་འབུམ་གྱི་ཚོགས་ཀྱིས་བསྐོར། །རྒྱས་པའི་འཕྲིན་ལས་མཐར་ཕྱིན་འགྲོ་དོན་མཛད། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས་སུ་གསོལ། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཧཱུཾ༷། ནུབ་ཕྱོགས་དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །དམར་མོ་མི་བཟད་འབར་བའི་རལ་པ་ཅན། །བལ་མོ་དམར་མོ་བྱེ་བར་བཅས། །དབང་དང་བྱིན་རླབས་ཤིན་ཏུ་རྫོགས་མཛད་མ། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར། །དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས་སུ་གསོལ། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཧཱུཾ༷། བྱང་ཕྱོགས་ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བལ་མོ་ལྗང་ནག་ཁྲོ་གཉེར་ཅན། །བལ་མོ་ནག་མོ་འབུམ་གྱིས་བསྐོར། །དྲག་པོའི་འཕྲིན་ལས་དོན་ལ་བརྩོན་འགྲུས་ཆེ།༷།མཐིང་ནག་གྲུ་ གསུམ་འབར་བའི་དཀྱིལ་འཁོར་འདིར། །དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས་སུ་གསོལ། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཏྲག་ར༷་་ག་ནི་སུ། ་ག་ཁ༷་་ག་ཡ༷། ས་མ་ཡ་སྒག་སྟོ། ཞེས་བཞུགས་སུ་གསོལ་ལོ། །བསྟོད་པ་བྱའོ། །ཧཱུཾ༷། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ཁྲོ་མོ་ཟ་བྱེད་འཇིགས་པའི་སྐུ་བྱུང་བ། །བལ་མོ་ཀུན་ཏུ་རྔམ་ཆེན་ཧ་ལའི་སྐུ། །མཐིང་ནག་མི་བསྲུན་འཇིགས་པའི་འོད་ཟེར་འཕྲོས། །རལ་པ་སྤྲིན་དམར་ནམ་མཁའ་ཡོངས་སུ་ཁེངས། །ཟ་བྱེད་དབུ་ཡིས་དུག་ལྔ་ཞེ་ལ་གནོན། །སྙན་ནས་འབྲུག་སྒྲོགས་ཤངས་ནས་བུ་ཡུག་སེར་ཆེན་འབེབས། །སྤྱན་ནས་མེ་འབར་བདུད་བཞི་ཐལ་བར་བསྲེག །ཤངས་ནས་ཧཱུཾ༷་གིས་དབུགས་སམ་འཇིག་རྟེནའགེངས། ། ཞལ་ནས་ཁྲག་རིམས་འཇིག་རྟེན་ཡམས་ནད་གཏོང་། །གདུག་པའི་མཆེ་བས་ཟ་བྱེད་སྟོང་ཁམས་སྒྲོལ། །ཕྱག་གཡས་སྙིང་འབྱིན་ཙིརྟི་དགུ་བརྒྱ་བསྣམས། །གཡོན་ན་ཕོ་ཉ་སྤྱང་མོ་དགུ་འབུམ་འགྱེད། །བལ་མོའི་ཕུ་དུད་འཇིག་རྟེན་ཕུར་པར་བྱེད། །འཁར་བ་བརྡབས་པས་སྲིད་གསུམ་དབང་དུ་སྡུད། །སེང་ལྡེང་ཕུར་བུས་སྐྱེ་ཤི་རྩད་ནས་གཅོད། །སྦྲུལ་ནག་སྟོང་གིས་ཐོད་དང་ཡན་ལག་བརྒྱན། །ཞིང་ཆེན་གཡང་གཞིས་མ་སོད་ལས་ལ་འཛུད། ། སྟག་གི་ཤམ་ཐབས་སྲིད་གསུམ་གནད་ལ་འཁོར། །འཕྲིན་ལས་ཐལ་ཆེན་ཁྲག་དང་ཞག་གི་རིས། །ཞབས་ཀྱིས་བརྐྱང་བརྐུམ་དམ་ཉམས་སྙིང་སྟེང་གཟིར། །ཐམས་ཅད་དབང་སྡུད་བལ་མོ་ཀུན་དུག་མ། །སྟོབས་ལྡན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ་ཡི་གེ་སུམ་ཅུ་པ་འདིས་བསྙེན་པ་འབུལ་ལོ། །མ་མ་སྒག་ར་ཤ་ཁ་མུན་ཏྲ། ས་མ་ཡ་བལ་དུག་ཀུན་དུག །ཨེ་ཀ་ཛ་ཏི་ཏིག་ཏ་ཙགྲོ་དྷ་མ་ཛ་སྨྱོ་སྨྱོ། སྙིང་གཟེར་ནག་པོའི་རྒྱུད་ལས། ། བསྙེན་པ་སྔགས་ཀྱི་གྲངས་དང་རྫས་བསྟན་པའི་སྐབས་ཏེ་གཉིས་པའོ།། །།དེ་ནས་ བསྒྲུབ་པའི་སྔགས་བསྟན་པ་དང་། རྦད་ཅིང་དབང་བསྐུར་བ་འདི་གསུངས་སོ། །དེ་ལྟར་བསྙེན་པ་རྫོགས་པ་དང་། ཡི་གེ་བཅུ་བདུན་པ་འདི་གསུངས་སོ། །ཏྲག་རསྒ་ཁ་མུན་ཏྲ། ། ཏྲག་རག་ཤ་སྙིང་ཁ་རག་མོ་དུན་སྨྱོ་ཛ། འདི་རྦད་དོ། །་ག་རག་ཤ་སྙིང་བ༷་རིལ། །སྙིང་ཁ་རག་ཏིཁྱི་རྦད། ཙག་ལེ་མེ། སྲོག་ཐུམ་རྦད། སྲོག་བ༷་རིལ། ཅེས་བསྐུལ་བར་བྱའོ། །ཧཱུཾ༷། དུག་ལྔ་དབང་སྡུད་དཀྱིལ་འཁོར་ནས། །བན་མོ་ནག་མོ་ཀུན་དུག་མ། །སྐུ་ནི་མཐིང་ནག་དུ་སྦུབ་ཅན། །དབུ་ནི་ཞེ་སྡང་ཐོར་ཚུགས་ཅན། །ཞེ་སྡང་འབར་བས་རྡུལ་དུ་ལྷོག །མཐིང་ནག་དུག་གིས་མྱོས་ཏེ་གསད། །ཕྱག་གཡས་ཞེ་སྡང་ཙིསྟ་བསྣམས། །དགྲ་སྙིང་དམར་པོ་ཚལ་པར་འགེམས། །དགྲ་སྙིང་དམར་དབྱུང་དུས་ལ་བབ། །གཡོན་ན་ཞེ་སྡང་སྤྱང་མོ་འགྱེད། །དགྲ་བོའི་གནས་སུ་མྱུར་དུ་རྒྱུག །འཇིགས་བྱེད་ཆེན་པོའི་ཕོ་ཉ་འགྱེད། །སྲོག་གི་རྩ་བ་ཆོད་ལ་ཤོག །སྙིང་གི་རྒྱུད་མ་ཆོད་ལ་ཤོག །འགོ་བའི་ལྷ་ལྔ་དབང་དུ་བསྡུས། ། མངོན་སྤྱོད་དྲག་པོ་དབང་དུ་བསྡུས། །ཞལ་དུ་ཁྲག་དམར་ཆེན་པོ་གསོལ། །རག་ཏ་དམར་པོ་འཐུང་ལ་ཤོག ཁྲག་འཐུང་ཆེན་མོ་ད་ཚུར་སྤྱོན། །དམར་འབྱིན་ཆེན་མོའི་དུས་ལ་བབ། །གདུག་པའི་མཆེ་བས་ཟ་བྱེད་སྟོང་ཁམས་སྒྲོལ། །ཀླད་པ་རྒྱས་ཀྱི་སྒོ་ཕྱེ་ལ། །ཀླད་ཟན་ཆེན་མོ་ད་ཚུར་སྤྱོན། །དབུ་ཟ་ཆེན་མོ་རལ་པ་ཅན། །ཀླད་བདག་ཆེན་མོའི་དུས་ལ་བབ། །འཇིགས་པའི་རྒྱན་ཆ་མང་པོས་བརྒྱན། །སྦྲུལ་ནག་སྟོང་གིས་འཆིང་ཞིང་སྡོམ། །མི་ལྤགས་གཡང་གཞི་ཕྱིར་བདུད། །མ་ཆེན་སྟོང་ནི་ལས་ལ་འཛུད། །འཕྲ་མེན་མཁའ་འགྲོ་དབང་དུ་སྡུད། །འཕྲིན་ལས་མཁའ་འགྲོ་འཕོ་ཉ་སྟོང་། །བདུད་དང་སྲིན་པོ་དབང་དུ་སྡུད། །འབྱུང་པོའི་ཕོ་ཉ་དབང་དུ་སྡུད། །ཕུང་བྱེད་ཆེན་མོའི་དུས་ལ་བབ། །ཞེ་སྡང་ཞབས་ཀྱིས་ཕྱོགས་བཅུར་རྒྱུག །སྲིད་པ་གསུམ་ཀ་དབང་དུ་སྡུད། །འཇིག་རྟེན་གསུམ་དུ་རིམས་ནད་གཏོང་། །བུད་མེད་ནག་མོ་འབུམ་གྱིས་བསྐོར། །ཀུན་དུག་ཁྲག་སྒྱུག་དུས་ལ་བབ། །ཅེས་རྦད་དོ། །སྙིང་ཟོར་ནག་པོའི་རྒྱུད་ལས། བསྒྲུབ་པའི་སྐབས་ཏེ་གསུམ་པའོ།། །།དེ་ནས་ཐུགས་དམ་བསྐང་ཞིང་གྲུབ་མ་གྲུབ་ཀྱི་མཚན་མ་བརྟག་པ་ཞེས་བྱ་བ་འདི་གསུངས་སོ། །རྨ་བྱའི་རྒྱལ་མཚན་རུ་དར་དང་། །རྣེལ་གྲིར་ཤི་བའི་སྙིང་ཆེན་དང་། །སྣ་ཚོགས་སྨན་དང་གོ་རུ་ཙ་ན་མཆོག །སྣ་ཚོགས་དར་དང་མེ་ལོང་དང་། ཁེང་ཀུན་ལ་སོགས་སྨན་རྣམས་དང་། །སྣ་ཚོགས་ཤ་ཡི་གཏོར་མས་བསྐང་། ཁུབ་པའི་རྟགས་རྣམས་བཤད་པ་ནི། །བུད་མེད་བྱུང་ན་དངོས་གྲུབ་འཕེལ། ཁྱོ་གར་བྱུང་ན་དགྲ་ལ་མྱུར། །བཙུན་པར་བྱུང་ན་འཁོར་ལ་གཟན། །བྱ་ནག་བྱུང་ན་ཐུགས་དམ་བསྐང་། ཁྱི་རུ་བྱུང་ན་དམ་ཚིག་ཉམས། །ཕྱི་བཤགས་ནང་བཤགས་ཁྲུས་ཀྱི་ཆོ་ག་བྱ། །མོ་ཉིད་བསྟོད།གཟུངས་སྔགས་ཉི་ཤུ་རྩ་གཅིག་བཟླས། །གཙོ་མཆོག་ཡིན་པར་ཉམས་སུ་བླངས། །མོན་མོར་བྱུང་ན་མོ་ཉིད་མངོན། །བསྒྲུབ་མཆོག་དམ་ཚིག་གཙང་བ་ཡིན། ཁྱུ་མཆོག་ཅན་གྱིས་དབང་སྐུར་ཏེ། །དངོས་གྲུབ་ཆེན་པོ་སྩོལ་བར་བསྐུལ། །དེ་ནས་དགྲ་རྟགས་བཤད་པར་བྱ། །གཡག་ཏུ་བྱུང་ན་འབྲིང་པོར་འོང་། །བ་ལང་བྱུང་ན་དེ་བས་མྱུར། །རི་དགས་བྱུང་ན་དེ་བས་མྱུར། །དངོས་སུ་བྱུང་ན་དེ་བས་མྱུར། །ཙ་ར་ཇག་ཀུན་བྱེད་ན་བཟང་། །འཐབས་ཏེ་མཚོན་བཏབ་བརྒྱབ་ན་བཟང་། ཁོ་རང་བཙོན་དུ་གཟུང་ན་བཟང་། །དམག་དཔུང་ཆེན་པོས་དྲང་ན་བཟང་། །མ་གྲུབ་རྟགས་རྣམས་བཤད་པ་ནི། །བཙུན་མོ་ལྟ་བུ་བྱུང་ན་ངན། །ཕར་ལ་ཕྱག་འཚལ་ཤིན་དུ་ངན། །ལུག་དང་རྟ་རུ་བྱུང་བ་ན། །སྙིང་མི་དགའ་ཞིང་འགྲོ་སྙིང་འདོད། །འདི་ནི་རང་ལ་ཉམས་སུ་དགོས། །སེང་སེང་བྱེད་ལ་ཕྱལ་ཞིང་སྦྱིད། །གོས་དུ་མོས་པའི་རྫས་ཀྱིས་བསྐང་། །བྱིང་ཞིང་འཐིབས་ན་གྲིབ་མས་ཕོག །ལྟོག་ལས་གཞན་གྱི་ཟས་འདོད་ན། །བྱ་ལུག་སྨུག་ནག་ཐུགས་དམ་བསྐང་། །དེ་བས་ཁྱད་པར་དགྲ་རྟགས་ནི། །སྙིང་ཐུན་དུས་སུ་འདི་ལྟར་འབྱུང་། །སེམས་ཅན་ཙིསྟ་དངོས་སུ་འབྱུང་། །རོ་རུ་བྱུང་ན་ཐེ་ཙོམ་མེད། །དངོས་སུ་བྱུང་ན་ཕུར་ཐུན་གདབ། །རོ་འམ་སྙིང་ལ་སྔགས་པ་བཞིན། །ཐོགས་པ་མེད་པར་མཚོན་གྱིས་གདབ། །ཐུན་སྣོད་འབྲུབ་ཁུང་གཉིས་སུ་འབྱུང་། །ཐུན་སྣ་དང་བཅས་འབྲུབ་ཁུང་ནང་དུ་གནན། །ཙིཏི་བྱུང་ན་ཞལ་དུ་རྔུབ། །དེ་ལ་རྟགས་མེད་འགོར་གྱིས་ཆོས། །ཕུར་ཐུན་རྟགས་རྣམས་བསྟན་པ་ནི། །མཁར་བའི་རྩ་རུ་གཅན་གཟན་རྗེས། །བུ་ཆུང་རྗེས་སུ་འོང་བར་བཤད། །ཕུར་པས་གདབ་ཅིང་སྤྱིན་སྲེག་བྱ། །རྗེས་སུ་བྱུང་ན་མ་མོ་ཉིད། །སྔགས་ཀྱིས་དབང་བསྐུར་ལས་ལ་རྦད། །སྤྱིན་སྲེན་ལས་ཀྱིས་ཁ་ཚར་ཏེ། །ལྟས་ངན་ཟེར་བ་དེ་བཞིན་ནོ། །སྙིང་ཟོར་ནག་པོའི་རྒྱུད་ལས། །མཚན་མ་རྟགས་ཀྱི་སྐབས་ཏེ་བཞི་པའོ།། །།དེ་ནས་ཐབས་འཕྲིན་ལས་ཀྱི་བསྒྲུབ་པ་སྙིང་ཐུན་གྱི་ཟོར་གྱི་ལེའུ་འདི་གསུངས་སོ། །ཤིན་ཏུ་རན་པའི་ཐོད་པ་ལ། །མ་དང་རུ་གཉིས་དགོད་པར་བྱ། ཁྲག་དང་སྙིང་སྣའི་ཕྱེ་མ་བླུགས། །མཐིང་ནག་དར་གྱིས་དྲིལ་བར་བྱའོ། །བུད་མེད་མཚལ་ཆེན་རྨེ་ཡི་ཁྲག །བྱང་ཆུབ་སེམས་དང་སྦྱར་བར་བྱ། །དེ་བཞིན་གྲུ་གསུམ་བདུན་བྱས་ཏེ། །གཅིག་ཏུ་མེ་ལོང་གཞག་པར་བྱ། །གཅིག་ལ་སྐྱེར་བའི་ཕུང་བུ་ལ། །ཐུན་གྱིས་མ་མོ་དབང་བསྐུར་རོ། ། གཅིག་ཏུ་དུག་ཤིང་སྤྱིན་སྲེག་བརྩིག །གཅིག་ཏུ་ཐུན་གྱི་ཕོ་བ་གཞག །གཅིག་ཏུ་སྔགས་ཀྱིས་དགུག་པར་བྱ། །གཅིག་ཏུ་ལྷ་དང་ཕྲལ་ཏེ་བསད། །གཅིག་ཏུ་དྲག་པོ་རྫས་བཅུག་ལ། ཁ་བདུད་ཀླུ་ལ་གཏད་པར་བྱ། །ཞེས་ནས་དྲག་སྔགས་བདུན་པ་འདི་གསུངས་སོ། །ཏྲག་རསྒ་ཁ་མུན་ཏྲ་མ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། ཏྲག་རསྒ་ཏིག་སྣ་ས་མ་ཡ་སྨྱོ། །ཨེ་ཀ་ཛ་ཏི་ར་སྙིང་ཁ་རག་བ༷་རིལ།སྒག་རསྒ་བ་རི་ལ་སྨྱོ། ཨ་ཀ་ར་ནག་པོ་རསྣ་སྨྱོ། ཏྲག་རསྒ་སྙིང་སྨྱོ་ལིང་རྦུད། ཏྲག་རསྒ་སྙིང་རམ་རག་ཐུན་སྨྱོ། དེ་ནས་ལིང་ཁ་བཅའ་བའི་མན་ངག་འདི་གསུངས་སོ། །འཁོར་ལོ་བཞི་བཅས་དབུས་སུ་རླུད་། །དེ་དབུས་རླུད་ལ་འཁོར་ལོ་བྲི། །སྒྲོམས་སུ་ཡ༷་ལ་གསང་བར་ར༷། །ལྟེ་བར་ཁ༷་ཡིན་སྙིང་ཁར་ནི། །དེ་བཞིན་འཁོར་ལོ་ཏྲག་བཞི་དགོད། །བདུན་བྱང་མིང་རུས་དྲག་སྔགས་བདུན། །གཡས་ནས་འཁོར་བར་ང་ཡིས་བཤད། །དེ་ནས་འཕྲིན་ལས་མ་མོ་བཞི། །ལིང་ག་དྲེགས་པའི་ལུས་ལ་དགོད། །སྤྱི་བོར་དཀར་མོ་ཁྱུད་ཐོགས་ཏེ། །སྙིང་ཁར་ནག་པོ་མཆེ་བ་ཅན། །ལྟེ་བར་སེར་མོ་གཡང་གཞི་ཅན། །གསང་བར་དམར་ལྗང་འཁྲུག་མོ་བསྐྱེད། །གོང་གི་ཚིགས་བཤད་བརྗོད་བྱ་ཞིང་། །བདག་ལ་དབང་བསྐུར་དངོས་གྲུབ་སྩོལ། །ཞེས་སྔགས་འདི་བདག་དང་གཉིས་མེད་བསྟིམ། །ཨོ་ཏྲག་རསྒ་རེའུ་ཏྲི་ས་མ་ཡ་ཏིཛི་ལྷན། ཞེས་གཉིས་སུ་མེད་པར་བསྟིམ་མོ། །སྙིང་ཟོར་ནག་པོའི་རྒྱུད་ལས། དྲག་སྔགས་སྣ་ཚོགས་ཀྱི་སྐབས་ཏེ་ལྔ་པའོ།། །།དེ་ནས་ཕུར་ཐུན་ནག་པོའི་ངན་སྔགས་སྒྲོལ་གིང་བསྒྲུབ་པ་འདི་གསུངས་སོ། །ལྕགས་མ་སེང་ལྡེང་ཕུར་པ་ལ། །གཟི་བྱིན་བསྐྱེད་པའི་དྲག་སྔགས་འདི། །ཏྲག་རསྒ་ཁ་ཐུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། རག་མོ་ཏེ་ཀུན་ཙ་ཙ་ཁ་ལ་སྨྱོ། རུ་ལུ་རུ་ལུ་མ་ཏིང་སྨྱོ། རྣལ་མ་རྣལ་ཏེ་གསོད་ལ་རྔམ། གཤོལ་ལ་མེར་མེར། སྲིས་ལ་ཆུམས་ཆུམས། ཐུ་བྱི་ཐུ་ལྕགས་ཀྱི་སྒྲ། ཨོ་གྲི་མ྅་ཡ་མ་རྭ་ཛ་ཨེ་ཀ་ཛ་ཏི་ཛ། ཞེས་བསྒྲུབ་བོ། །དར་མཐིང་ནག་གི་ཅོད་པན་གདགས། །འདིས་ཐུགས་དམ་གྱི་མ་མོ་དབང་བསྐུར་ཏེ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིག་ནན་བ༷་ཧཱུཾ༷། ཏྲག་ཏྲག་གུར་ལན་སེར་སེར་ཏུག་ཏུག ཅེས་རྫས་ཀྱིས་དབང་བསྐུར། དེ་ནས་འདིས་གདབ་པར་བྱའོ། །ཙིསྟ་རྦད། ཕུག་ཡ་ཕུག མྱོགས་ཐུམས་བ༷་རིལ། ཞུད་ཞུང་ཆུམས་ཆུམས། སྒག་རསྒ་མུགས་ཐིབས། སུག་ཁུག་སྟོམ། ཆོག་ནི་འགྱེད་ཁ་ལ་སྟ་རྦད། ཅེས་པའི་གླུད་བུ་ལ་བསྟེན་པར་བྱའོ། །སྙིང་ཟོར་ནག་པོའི་རྒྱུད་ལས། ཕུར་ཐུན་ནག་པོའི་ངན་སྔགས་སྒྲོལ་གིང་གི་སྐབས་ཏེ་དྲུག་པའོ།། །།དེ་ནས་ལས་ཐམས་ཅད་ཀྱི་མཇུག་བསྡུ་བ་ངན་སྔགས་གནན་པ་འདི་གསུངས་སོ། ཁེན་ཏུ་མཚན་ངན་ཐོད་པ་ལ། །དབུས་ལིང་ག་ཕྱོགས་བཞིར་ཏྲག །ར༷་ཡ༷་སུ་ཁ༷་མཚམས་བཞིར་དགོད། །མིང་རུས་དེར་བཀོད་དྲག་སྔགས་དུན། །ཚང་བར་དེ་བཟླས་རྒྱུན་སྲང་གནན། ཁྱི་ནག་བྱ་ནག་པགས་པས་བརྡབ། འཕྲིན་ལས་མ་མོ་བོད་པར་བྱ། །ཞེས་གསུངས་སོ། །སྙིང་ཟོར་ནག་པོའི་རྒྱུད་ལས། ངན་སྔགས་གནན་པའི་སྐབས་དེ་བདུན་པའོ།། །།དེ་ནས་ཙིསྟ་ཡང་སྙིང་རོ་ལངས་སྒྲོལ་བ་དངོས་གྲུབ་ཀྱི་ཁྱད་པར་གྱི་སྐབས་འདི་གསུངས་སོ། །ས་སྟེགས་གྲུ་བཞིར་རི་རབ་བརྩིགས། །དེ་ནས་བདག་ཉིད་ལྷ་མཆོག་ཏུ། །རྫོགས་པའི་ཚུལ་དུ་སྐུ་སྐྱེད་ལ། །དུར་ཁྲོད་གནས་ནས་རོ་འཚལ་ལོ། ཁེ་ནས་ཞག་བདུན་ལོན་པ་ཡི། །བུད་མེད་མཛེས་མའི་རོ་འཆལ་ལོ། །དར་ཞིང་འཕེན་བའི་རོ་ལ་བསྒྲུབ། །དེ་ནས་རོ་ཉིད་རྐུ་བར་བྱ། །རྟེན་དང་བྲལ་བ་སྔོན་དུ་བྱ། །བདུད་རྩི་ལྔ་རྫས་རྣམས་ལ། །གུར་ཀུམ་སྨན་དང་དྲི་ཆེན་སྤོས། །སྣ་ཚོགས་དྲི་ཡི་ཆུ་ཡིས་བཀྲུ། དེ་ལ་དཀྱིལ་འཁོར་བྲི་བར་བྱ། །སྙིང་ཁར་གྲུ་གསུམ་གྲུ་བཞིས་ནི། ཁེང་ཚ་ལྡོང་རོས་དག་གིས་བྲི། །དབུས་ཀྱི་ཕོ་བྲང་ཨེ་ལ་ནི། ཁྲེས་རབ་མཚལ་གྱིས་་ག་བྲིའོ། །གྲོ་ག་ཤིང་ཤུན་དག་ལ་ནི། །དངོས་གྲུབ་ཅི་འདོད་དམར་བྱང་བྲི། །དེ་བཞིན་ཏྲག་གི་དབུས་སུ་གདགས། །ལྟེ་བར་ལས་ཀྱི་དཀྱིལ་འཁོར་བྲི། །འཁོར་ལོ་བཞི་བྲིས་སྒག་བཞི་དང་། །ར༷་ཡ༷་སུ་ཁ༷་ཙ་ཀྲར་བྲི། །འབྲུབ་ཁུང་དཀྱིལ་འཁོར་གསང་གནས་ཉིད། །ནགས་ཚལ་སྤུ་གྲི་གཏམས་པར་བསམ། །སྙིང་ཁར་རོ་བདག་མོན་མོ་སྟེ། །བར་དུ་སྲིད་པའི་རྒྱལ་མོ་བསམ། །མཁའ་ལ་བལ་མོ་ནག་མོ་བསྐྱེད། །རྒྱབ་ཏུ་གནོད་སྤྱིན་འགྲམ་རིངས་གཉིས། །ར་དང་ཛ་ལས་བསྐྱེད་པར་བྱ། །གཞན་ཡང་ལུས་དང་རྣམས་ལ། །མོན་མོ་འབུམ་གྱིས་བསྐོར་བ་ཡིན། །ཐམས་ཅད་མ་ཡི་ས་བོན་དགོད། །དེ་ནས་དཀྱིལ་འཁོར་དར་གྱི་གུར་ཁང་དབུབ། །བཅུ་གསུམ་བར་དུ་འགྲུབ་པར་བྱ། །སོ་སོའི་སྔགས་ཀྱིས་བར་གཅད། །ཙ་རེ་ཡ༷་གྱིས་སོ་སོར་གསུམ་སྔགས་བརྗོད། །རའུ་རེའུ་ས་དང་པོར་མཆོད། །གཉིས་པ་བོད་ཡིག་རྟགས་དང་སྦྱར། །གསུམ་པ་གསད་ཡིད་རྟགས་དང་དུས། །ཇི་ལྟར་འདོད་པ་བྱ་བར་བཤད། །དེ་ནས་འཛུམ་བག་མདངས་སྐྱེ་ཞིང་། །མེ་སྟག་འོད་དང་འཇའ་ཚོན་འབྱུང་། ཁ་སྨྲ་བ་ནི་ཐུན་མོང་སྟེ། །སོ་སོའི་རྟགས་རྣམས་བཤད་པར་བྱ། །དེ་ནས་རོ་ཉིད་བསྒྲལ་བར་བྱ། །དང་པོར་མཆན་ཁུང་གཡས་པ་ནས། །ཙིརྟི་རིན་ཆེན་འབྱུང་བར་བྱ། སོ་སོའི་དཀྱིལ་འཁོར་མ་སུབས་པས། ཁུན་ཆེན་བཤུས་ལ་ནང་ནས་མཉེ། །དེ་ནི་དངོས་གྲུབ་དཀྱིལ་འཁོར་ཏེ། །རང་གི་སྙིང་དང་འདྲ་བ་མྲ ཁྲ་ཁྲག་དངོས་གྲུབ་བླང་བར་བྱ། །བྱ་དང་ཁྱི་ལ་བསྟན་མི་བྱ། །དབང་པོ་ལྔ་ནི་གཏོར་མའི་རྫས། །ཀླད་པ་རྐང་དང་ཚིལ་བུ་རྣམས། །མ་འདྲེས་ཏིལ་མར་སྦྱིན་སྲེག་བྱ། ཁྲ་ནི་དྲུང་སྐེམས་པྱེ་མར་སྦྱར། །དུས་དྲུག་པ་ལ་མཆོད་པར་བྱ། །ལིང་ཀ་སྙིང་ནང་བཅུག་གྱུར་ན། །ནམས་ཀྱང་བདུན་ནམ་དགུ་ཉིད་ན། །གང་ཡང་རུང་སྟེ་སྒྲོལ་བར་འགྱུར། །ཞེས་གསུངས་སོ། །སྙིང་ཟོར་ནག་པོའི་རྒྱུད་ལས།རོ་ལངས་སྒྲོལ་བྱེད་ཡང་སྙིང་གསང་བའི་སྐབས་ཏེ་བརྒྱད་པའོ།། །།དེ་ནས་སེར་བ་དང་ལྟས་ངན་དབབ་པ་འདི་གསུངས་སོ། །དེ་ཉིད་གསང་བའི་ཐོད་པ་ལས། །ལྟེ་བར་དཀྱིལ་འཁོར་བསྐྱེད་པར་བྱ། །སྒྲུབ་དང་རྦད་གསད་དེ་ཉིད་དེ། །ལྟས་ངན་སེར་བ་དབབ་པའི་སྔགས། །སོ་སོར་ཕྱེ་སྟེ་བསྟན་པར་བྱའོ། ཁྲེའུ་རེའུ་ཤེའུ་རེལྭ ཏྲ་མ་རུ་ཤ་ཤ་ཛ་ཛ། མ་ལིང་ལིང་སྨྱོ་སྨྱོ། ཏྲི་བྱི་རི་ཤིག རག་ཤ་ཀྱེང་གེང་། ཨེ་ར་བྷ་རི། བཛྲ་བྷ་ཤ་བ་ལ། ཏོ་རི་ཏ་ཤ་འདུས་འདུས་སྨྱོ། ཞེས་གསུངས་སོ། །སྙིང་ཟོར་ནག་པོའི་རྒྱུད་ལས། སེར་བ་དང་ལྟས་ངན་དབབ་པའི་སྐབས་ཏེ་དགུ་པའོ།། །།སྙིང་ཟོར་ནག་པོའི་རྒྱུད་རྫོགས་སོ།། །།དེ་ལྟར་བལ་མོའི་རྒྱུན་སྔགས་འདི། །བུ་དང་རྒྱལ་པོ་མ་གཏོགས་པ། །གཞན་ལ་བྱིན་རི་ན་ར་སྐན། །མངའ་བདག་སྲས་ཀྱིས་བཙས་སུ་ཞོག །སོ་ཕག་ཤི་ཐ༷།། །། རྒྱ་གར་སྐད་དུ། ཤི་ཡ་མ༷་ཧ་ལྷུ་ཡ་སོ་