Ngb-pt-0893-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:50, 20 March 2020

Front

Body

རྒྱ་གར་སྐད་དུ། ཀུ་ཏ་ར་དུ་ཙཀྲ་དེ་བ་ཏནྟྲ་ནཱ་མ། བོད་སྐད་དུ། གིང་སྐྲུ་གྲི་ནག་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ལྷ་ཆེན་པོ་ལ་ཕྱག་འཚལ་ལོ། །ཀེང་རུས་ཀྱི་དུར་ཁྲོད་ཆེན་པོའི་གནས་ན་གནས་པའི་ཚེ། ལྷ་ཆེན་དབང་ཕྱུག་ཡབ་ཡུམ་རྣམས། །སྡེ་བརྒྱད་འདུས་པའི་འཁོར་ཚོགས་དང་། །བདུད་པོ་བཞི་དང་བདུད་མོ་བཞི། །རང་རང་ལག་ཆ་བསྣམས་ནས་ནི། །དུར་ཁྲོད་རས་དང་ཞིང་ཆེན་སྐུ་ལ་བསྣམས། །ཕོ་བདུད་བྲན་དུ་འཁོར་ཞིང་མོ་བདུད་ལས་ལ་འགྱེད། །ལྷ་ཆེན་པོ་ཡི་བསྟན་པ་ལ། །འཚེ་བའི་ཡ་མ་དམ་སྲི་རྣམས། །ཟས་སུ་ཟ་ཞིང་རླག་པར་བྱེད། །དེ་ཡི་ཚེ་ན་ལྷ་ཆེན་གྱིས། །འཁོར་ལོ་ནག་པོའི་རྒྱུད་སྡེ་བཤད། །བདུད་པོ་གསུམ་དང་སྡེ་བརྒྱད་ལ། །སྲོག་གི་སེ་དར་སོ་བསྡེབས་གནས། །འགལ་བྱེད་ཆམ་་ལ་འབེབས་པའི་ཕྱིར། །སྲོག་གི་འཁོར་ལོ་ནག་པོ་བསྟན། །བསྟན་པས་འཁོར་རྣམས་རབ་ཏུ་དགྱེས། །དགེས་བའི་མདངས་ཕྱུང་རབ་ཏུ་རྔམ། །རྔམ་པར་རྒྱུག་ཅིང་དུར་ཁྲོད་ཉུལ། །དུར་ཁྲོད་ཤ་ཁྲག་ཟད་པར་ཟོས། །ཟོས་ཀྱང་སྲོག་ཆགས་རྣམས་ལ་འཚེ། །དེའི་ཚེ་གནོད་སྤྱིན་ཀུ་བེ་རས། །ལྷ་ཆེན་ཉིད་ལ་གསོལ་བ་བཏབ། །ལྷ་ཆེན་ཡབ་ཡུམ་ཇི་ལྟར་བསྒྲུབ། །བདུད་དང་གནོད་སྦྱིན་དྲག་སྔགས་དང་། །ཕུང་བར་བྱེད་པའི་སྔགས་རྒོད་གང་། །འཁོར་ལོའི་རྩིབས་ལ་ཇི་ལྟར་སྐྱོན། །དྲག་སྔགས་ཕུང་སྔགས་ཇི་ལྟར་དགོད། །བཀོད་ལ་འཁོར་ལོ་ཇི་ལྟར་བསྐོར། །ཡབ་ཀྱི་ཕུང་སྔགས་ཇི་ལྟར་དགོད། །ཡུམ་གྱི་ཕུང་སྔགས་ཇི་ལྟར་དགོད། །འཁོར་གྱི་ཕུང་སྔགས་ཇི་ལྟར་དགོད། །ཡབ་ཡུམ་ལས་ལ་ཇི་ལྟར་བྱ། །འཁོར་གྱིས་ལས་ལ་ཇི་ལྟར་སྤྱད། ཁུད་དང་བྲི་ཐབས་གང་ལ་བྱ། །མཆོད་རྫས་བསྒྲུབ་རྟེན་ཇི་ལྷར་བཤམ། །ལྷ་སྔགས་དགྲ་རྟགས་ཇི་ལྟར་འོང་། །ལས་རྣམས་འགོར་ན་ཇི་ལྟར་བྱ། །ལོག་ལོན་དགྲ་བསད་ཇི་ལྟ་བུ། །འཁོར་ལོ་ལོག་ན་ཇི་ལྟར་བྱ། །ལས་སྦྱོར་ལོག་ན་ཇི་ལྟར་བྱ། །མ་གྲུབ་སྤོགས་ན་ཇི་ལྟར་བྱ། །ཙི་ཙི་ཛ་ལ་ཇི་ལྟར་གསོ། །རིན་ཆེན་བསྒྲུབ་དང་ཚེ་བསྲིང་དང་། །རི་ལུ་མིག་་སྨན་རྐང་མགྱོགས་དང་། །གཅན་གཟན་རྒྱལ་པོ་ཆུ་དང་མེ། །གདུག་པ་སྐྲུལ་རྣམས་ཇི་ལྟར་བསྲུང་། །ཐོག་དང་སེར་བ་བསྲུང་བ་དང་། །སད་དང་བཙའ་དང་མུ་གེ་རྣམས། །མ་ལུས་པར་ནི་ཇི་ལྟར་བསྲུང་། །སེར་དབབ་རྩོ་འཕང་ཐོག་དབབ་དང་། །མི་དགོད་བཅིང་དང་དབུགས་བཅད་པ། །བསད་གསོ་གཟིར་གནན་ཇི་ལྟ་བུ། །ཞེས་ཞུ་པ་དང་། ལྷ་ཆེན་པོ་བདེ་བའི་གདན་ལས་བཞེངས་ཏེ། ཀུ་བེ་ར་དང་འཁོར་རྣམས་ཉོན། །དེ་རྣམས་ལུས་མེད་འདི་རུ་འདུས །འཁོར་ནག་པོ་ཡི་སྐྲུ་གྲི་འདིར། །ཐམས་ཅད་མ་ལུས་ཚང་བར་མཛད། །ཅེས་གསུངས་སོ། །སྐྲུ་གྲི་ནག་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དབང་ཕྱུག་ཆེན་པོས་ཀུ་བེ་ར་ལ་རྒྱས་པར་བཤད་དོ། །འཆད་དོ་འཆད་པར་འགྱུར་རོ། །དེ་ནས་སྐྱེ་བ་མེད་པ་ལ་སྐྱེས་བའི་སྐུར་བསྟན་ཏོ། །ཨ་ནི་སྐྱེ་བ་མེད་པའི་སྐུ། །དོན་དམ་མ་བཅོས་རང་བཞིན་ཡིན། །དབང་ཕྱུག་ཡབ་ཡུམ་སྤྲུལ་པའི་ཚེ། །ཡབ་ནི་སྐུ་མདོག་དཀར་པོ་ལ། །སྐུ་ལ་དུར་ཁྲོད་ཆས་བརྒྱད་བརྒྱན། །ཞེ་སྡང་རུས་པའི་ཡིན། །ཐོད་པ་ཚར་གསུམ་དབུ་ལ་རྒྱན། །དུག་གསུམ་དབང་དུ་སྡུད་པའི་རྟགས། །ཞབས་ལ་བསེ་ལྷམ་ཁྲ་བོ་གསོལ། །འདོད་ཆགས་ཞལ་དུ་རྔུབ་པའི་རྟགས། །སྦྲུལ་དང་སྟག་གིས་ལྷུ་ཚིགས་བརྒྱན། །གདུག་པ་ཀླུ་རྣམས་འདུལ་བའི་རྟགས། །སྤྱན་ནི་དགུ་གཟིགས་ས་རྣམས་ལྟ། །དབུ་ཡི་གཙུག་ན་སྤྱན་གཅིག་གསལ། །ཨ་ཉིད་སྐྱེ་བ་མེད་པའི་སྤྱན། །གཡས་ཀྱི་ལྕགས་ཀྱུས་འགྲོ་དྲུག་འདྲེན། །འཁོར་ལོ་འབར་བས་སྐྱེ་འགྲོ་གཅོད། །གཡོན་གྱི་དང་པོ་རྡུལ་ཕྲན་འཛིན། །སྲིད་པ་ཆགས་པའི་བདག་པོའི་རྟགས། །འོག་མ་སྐྲུ་གྲི་འབར་བ་བསྣམས། །སྲིད་པའི་སྐྱེ་རྒྱུད་གཅོད་པའི་རྟགས། །རྩ་བ་མི་འགྱུར་ཆོས་ཉིད་སྔགས། །དྲག་པོ་སྲོག་གི་ཡང་སྙིང་ཡིན། །ཨ་པ་ས་ཡ་ཏྲི་ཧཱུཾ༷། ཨ་པ་ལ་ཏྲི་རྦད། ཅེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། ཡས་ཀྱི་བསྐུལ་མ་གདབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལྷ་ཆེན་ཡབ་ཡུམ་རྣམས། །སྐྱེ་མེད་ཨ་ལས་སྐྱེ་བའི་ཆོ་འཕྲུལ་འབྱུང་། །ཡུམ་ཆེན་ཨུ་མ་ལྟ་བུར་སྤྲུལ། །སྐུ་ནི་དམར་ནག་ཆེན་མོ་ལ། །སྤྱན་དགུ་ཡབ་ལ་བསྟས་པའི་རྟགས། །གཡས་ན་ནད་རྐྱལ་བསྣམས་པ་ནི། །ནད་རྣམས་ཀུན་གྱི་བྱ། །བསྙེན་པའི་ཡི་གེ་དྲག་ཐུང་འདི། །མ་རྫོགས་བསྒྲུབ་པ་ལ་མི་འཇུག །ཅེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། བསྙེན་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བསྒྲུབ་པ་བཤད་བྱ་བ། །མཆོད་རྟེན་ནག་པོ་ཁྲུ་གང་ཚད། །འབྲུབ་ཁུང་ནག་པོ་ཁྲུ་གང་ཚད། །ནང་དུ་དུར་ཁྲོད་རུས་པ་དང་། །མི་རུས་བསྲེགས་པའི་ཕྱེ་མ་དང་། །རྡོ་བ་དཀར་པོས་དགང་བར་བྱ། །དེ་སྟེང་ཚུབ་མའི་ལོ་མ་དང་། །བུང་བའི་བདུད་རྩི་གྲོག་མཁར་དང་། །དེ་བྲུས་ལིང་ག་ཆེན་པོ་ནི། །མཛུབ་གང་ཚད་དང་ལྡན་པར་བྱ། །འཁོར་ལོ་ནག་པོའི་རྩིབས་ལ་བསྐྱོན། །ཕུང་སྔགས་བློ་འབུར་བདག་ལ་དགོད། །ལིང་ཆུ་སྨྱུག་མའི་ཚིགས་ལའོ། །བླ་རྡོ་རྣམ་གསུམ་གོ་རིམ་བཞིན། །བླ་རྟེན་རི་རབ་བཤོས་ལ་གཟུགས། །བླ་གནས་ཕྱི་ནང་གསུམ་ལ་བརྟག །བསད་པའི་སྔགས་རྒོད་ཕྱི་རིམ་བཞིན། །བསྐུལ་བའི་སྔགས་རྒོད་བར་པ་ལ། །ཕུག་པའི་སྔགས་རྒོད་དང་པོ་ལ། །རིམ་པ་གསུམ་དུས་ཤེས་པར་བྱ། །བསྒྲུབ་པའི་རྫས་དང་མཆོད་པའི་རྫས་དང་། །མ་ནོར་གོ་རིམ་བཞིན་དུ་བཤམ། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། བསྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །འཁོར་ལོ་རོ་རས་དཀར་པོས་བྱ། །དེ་ནི་མ་གཏོག་ལ་ནི་ནག་པོས་བྱུག །འཁོར་ལོ་རྣམ་པ་གཉིས་སུ་བྱ། །བསྙེན་པ་ཉེ་བའི་བསྙེན་པ་དང་། །འཁོར་ལོ་ནག་པོ་རྩིབས་བཅུ་བྱ། །འུག་པ་སྲིན་བྱའི་ཐིག་སྐུད་བྱ། །སྙུག་གུ་དེ་ཡི་ཁྲག་གིས་བྱ། །ཡུགས་སའི་ཁྲག་གིས་བྲི་བར་བྱ། །ཨ་དང་ཤར་དུ་ཙམ་པར་བྱ། །ས་དང་པ་དང་ཡ་དང་ཏྲི། །ཕྱོགས་སུ་རིམ་པས་དགོད་པར་བྱ། ཁྲར་ལྷོ་མཚམས་སུ་ཨས་བརྒྱད་ཏེ། །ལ་དང་མི་དང་རུས་སུ་སྤེལ། །པ་དང་ཏྲི་དག་རྦད་དང་མིང་། །མཚམས་སུ་རིམ་པས་སྤེལ་བར་བྱ། །དེ་ནི་ཡབ་ནི་ཉེ་བསྙེན་ནོ། །མ་ནི་ཤང་ནས་བརྩམ་པར་བྱ། །ཏུ་དང་ར་དང་རུ་ཁ་དང་། །ཕྱོགས་སུ་མིང་ཡང་སྤེལ་བར་བྱ། །ཏྲག་དང་ཏྲིག་དང་མ་དང་ཏ། །ཧཱུཾ༷་དང་མིང་སྤེལ་མཚམས་སུ་བྱ། །ཨས་དང་མས་བརྒྱན་རྒྱལ་སྦྱོར་བ། །འཁོར་ལོ་དམར་ནག་ཅེས་སུ་བརྗོད། །ཅེས་གསུངས་སོ། །འཁོར་ལོ་ནག་པོ་སྤུ་གྲིའི་རྒྱུད་ལས། ཉེ་བར་བསྙེན་པའི་ལེའུ་སྟེ་དྲུག་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །འཁོར་ལོ་ནག་པོ་ཞིག་གཉིས་དང་། །བདུན་པོ་གཉིས་དང་བཅུ་བཞི་བརྩིགས། །ཨོ་ཧཱུཾ༷་ཡ་ཏྲི་པ༷་མ་མ་ར་རས་མ་ཁ་ཁལ་མ་སྨྱོ། ན་ཀ་དུ་ཙིག་མེད་མེ་ཏྲ་གཅིག་ཏུ་ཙར་ཏུ་ཏྲི་ལིང་ཡག་ཤ་ཛ་ཀ་ཏ་ཕཊ། མ་ནོར་མཁས་པས་བྲི་བར་བྱ། །ཡབ་ཡུམ་གཉིས་ཀྱི་ཕུང་སྔགས་བྲི། །ཡབ་ཀྱི་ཞལ་ནི་དམར་ནག་ལ། །ལྷོ་བར་སྲིད་གསུམ་འཁོར་ལོ་བྲི། །མ་བྲིས་བསྐོར་བར་ག་ལ་ནུས། །དེ་ཕྱིར་ཕུང་སྔགས་འཁོར་ལོ་བསྐོར། །ཡབ་ཀྱི་ཕུང་སྔགས་དང་པོ་བཞི། །དབུགས་་ལ་རྦད་དང་གཟུགས་དང་ཡིད། །ཐུགས་གསང་བ་དང་བཞི་བོ་ནི། །ཡབ་ཀྱི་ཕུང་སྔགས་སྒོར་འབུམ་ཡིན། །འཁོར་ལོ་རྩིབས་ཀྱི་དབུས་སུ་དགོད། །ཡབ་ཀྱི་ཕུངས་སྔགས་ཞེས་སུ་བརྗོད། །དེ་ནས་བདུན་པོ་དག་ལ་ནི། །ཨ་ས་པ་ཡང་དབང་ཕྱུག་ཉིད། །ཨ་ཏྲེ་གྱི་གསུམ་སྲས་མཆོག་གསུམ། །དེ་ཡི་ཁྲམ་ལ་འདེབས་པས་ན། །བདུད་པོ་གསུམ་གྱི་ཕུང་སྔགས་ཡིན། །ཞེ་སྡང་རུས་ལ་རྦད་པ་དང་། །གཏི་མུག་ཤ་ལ་རྦད་པ་དང་། །ནམ་གུང་རྒྱལ་པོ་ཉིན་གུང་བཙན། །ཐོ་རངས་སྲོག་བདུད་དང་ནི་གསུམ། །ཡོ་ཡི་ཕུང་པོར་བྱེད་པ་ཡིན། །དེ་ཕྱིར་ཕུང་སྔགས་བློ་བུར་ཡིན། །ཨ་ས་པ་ཡ་ཏྲི་སུ་ཏ་ཡིན། །འཁོར་ལོ་དག་ནི་བཅུ་བཞི་ལ། །ཐམས་ཅད་འདུས་པའི་ཕུང་སྔགས་དགོད། །ཆུམ་རིལ་འཁོར་ལོ་རྩིབས་ལ་སྐྱོན། ཁྲམ་གཡས་ཀྱི་ནི་འཁོར་ལོ་ལ། །མ་སོད་ཐམས་ཅད་རླག་པར་བྱེད། །ལས་ལ་ཕྱར་ཞིང་བསྡད་དབང་མེད། །ཏྲི་ཏ་ཡ་ནི་ཕོ་ཉའི་ཚོགས། །ཤ་ལ་ཁྱེར་ནི་ཕོ་ཉས་ཕུང་། ཁྲག་ཡས་དམག་ནི་དི་རི་རི། །དུས་ལས་མི་འཁོར་དུས་ཡམ་ཏྲི། །ཏྲག་ཤ་མ་བདུད་མཆེད་བཞི་ཡིན། །དེ་ཡི་ཕུང་སྔགས་ས་མ་ཡ། ཁྱེར་ནས་ཤ་ལ་རྦད། །ནང་ནུབ་ཡོ་ཆོས་སྡེ་བརྒྱད་ཡིན། །མེ་ཀ་པྲ་ཤི་རྩི་མོ་ལྔ། ཤེ་ཀ་དུ་ལིང་ཀུབ་པ་ཡིན། །ནི་ཛ་དགྲ་བོའི་དངོས་མིང་ཡིན། །དབུགས་འབྲིང་མི་རྒོད་དབུགས་བཅད་ཡིན །མ་ཧྭ་དབང་ཕྱུག་ཆེན་པོ་ཡིན། །སུ་རུམ་ཕཊ་ཀྱིས་མཐའ་སྡུད་མིང་དང་སྤེལ། །འཁོར་ལོ་རྣམ་གསུམ་ཕུང་སྔགས་གསུམ། །ཨ་སུམ་མགོ་གནོན་རྣམ་པ་གསུམ། །སྔགས་དང་འཁོར་ལོ་ལྷ་འདྲེའི་མགོ་གནོད་ཡིན། །མཐའ་སྡུད་རྣམ་གསུམ་མིང་དང་སྤེལ། །ཡབ་ཀྱི་འཁོར་ལོ་ནག་པོ། ཅེས་གསུངས་ཤེས་སོ། །སྤུ་གྲི་ནག་པོའི་རྒྱུད་ལས། ཡབ་ཀྱི་སྤུ་གྲིའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །ཡུམ་གྱི་འཁོར་ལོ་དམར་ནག་ནི། །འཁོར་ལོ་ཡབ་དང་མཐུན་པར་བྱ། །དང་པོ་གང་ཡིན་ཕུང་སྔགས་ནི། །དམར་པོ་ལྷོར་བཅུག་ཕུང་སྔགས་ནི། ཁྲ་བའི་མ་ནི་དབུ་མ་ཉིད། །དམར་ནག་མ་མོ་ཉིད་ཀྱི་སྐུ། །དྲོད་ལ་སྙམ་པའི་དྲོད་ལ་རྦད། ཁྲག་ལ་པིར་ཅིང་སྲོག་ལ་རྩལ། །སྲོག་དུམ་བུམ་རྟུབས་ཀྱི་སྲོག་ལ་རྦད། །ཕུང་བར་བྱེད་པའི་སྔགས་བཞི་པོ། །འཁོར་ལོ་རྩིབས་ལ་བརྩོན་པས་ནས། །ཕུང་སྔགས་བློ་བུར་ཞེས་བྱའོ། །བདུད་པོ་གསུམ་དང་སྡེ་བརྒྱད་རྣམས། །ཡབ་ཀྱི་འཁོར་དང་ཡུམ་གྱི་འཁོར། །འཁོར་ལོའི་རྩིབས་ལ་བསྐྱོན་ལ་བསྒྲལ། །མགོ་གནོན་ཨ་དང་མ་གཉིས་བརྒྱན། །མཇུག་སྡུད་གང་ཡིན་མིང་དང་སྤེལ། །མགོ་གནོན་ཨ་དང་མས་བརྒྱན་པ། །སྟོང་ཉིད་སྔགས་ཀྱི་བརྒྱན་པས་ནས། །ལྷ་འདྲེ་འཁོར་ལོ་ལྡོག་མི་འགྱུར། །ཡབ་ལ་ཨས་བརྒྱན་གིང་གསུངས་ཨ། །སྡེ་བརྒྱད་དམག་སོགས་ཨས་བརྒྱན་པ། །ལྷ་མི་འགྱུར་བ་དབང་ཕྱུག་ཉིད། །སྔགས་མི་འགྱུར་བས་ཨ་གསུམ་པ། །ལྟ་བ་མི་འགྱུར་སྟོང་པ་ཉིད། །མི་འགྱུར་རྒྱ་གསུམ་བཏབ་པ་ཡིན། །གཏི་མུག་མ་ཧྭ་དེ་བ་ཉིད། །འདོད་ཆགས་དབུ་མ་ཁྲག་གི་བདག །དུག་གསུམ་དབང་ཕྱུག་ཆེན་པོ་གསུམ། །ཚོགས་བརྒྱད་སྡེ་བརྒྱད་ངོ་བོ་ཉིད། །ཨ་ཡིས་རྒྱས་བཏབ་ལྟ་བའི་གདེང་། །ལྡོག་དང་འགོར་བ་མིང་ཡང་མེད། །ཐམས་ཅད་རླག་པར་གདོན་མི་ཟ། །ཡབ་ཀྱི་ཕུང་སྔགས་རླག་པར་བྱེད། །ཡུམ་གྱི་སྲོག་རྩ་སྙིང་ཁྲག་རླག །རུས་པ་འདས་དང་དབུགས་གསུམ་པོ། །ཕུང་བདུད་གསུམ་གྱིས་རླག་པར་བྱེད། །སྒྲ་དང་དྲི་དང་གཟུགས་དང་ནི། །རོ་དང་རེག་བྱ་རྣམ་ཤེས་རྣམས། །སྡེ་བརྒྱད་དག་གིས་བརླག་པར་བྱ། །ཕུང་སྔགས་རྒྱལ་པོ་མ་ར་ཡ། །ཞེས་གསུངས་སོ། །སྤུ་གྲི་ནག་པོའི་རྒྱུད་ལས། ཡུམ་གྱི་སྤུ་གྲིའི་ལེའུ་སྟེ་བརྒྱད་པའོ།། །།དབང་ཕྱུག་ཉིད་ཀྱིས་བཀའ་སྩལ་པ། ཨོ་ནི་སྐུ་ལྔ་རྟག་པའོ། །ཨ་ནི་སྐྱེ་བ་མེད་པའོ། །ས་ནི་སྐྱེ་ཤི་ཆོ་འཕྲུལ་ཉིད། །པ་ནི་ རྡུལ་དང་མུན་པའི་སྙིང་། །ཡབ་ཡུམ་སྲས་དང་འཁོར་རྣམས་བསྐྱེད། །ཡ་ནི་ཡབ་ཅིག་དེ་ཉིད། །ཡབ་ལས་ཏྲི་བྱུང་ཡབ་ཡུམ་སྲས་དང་གསུམ། །ཨ་ལ་ཏྲི་ནི་མ་མོ་ལྕམ་དྲལ་ཉིད། །རྦད་ཀྱིས་ཐམས་ཅད་རླག་པར་བྱེད། །ཅེས་གསུངས་སོ། །སྤུ་གྲི་ནག་པོའི་རྒྱུད་ལས། ཡབ་ཡུམ་དྲག་པོ་སྔགས་ཀྱི་ཐེམས་ཀྱི་ལེའུ་སྟེ་དགུ་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །མ་ནི་ཆོས་ཉིད་ཁྱབ་པའི་དོན། །ཨུ་ནི་མི་འགྱུར་བརྟན་པའི་སྐུ། །ཏུ་ནི་སྲོག་གི་ངོ་བོ་ཉིད། །ར་ནི་ཆགས་པ་ཁྲག་གི་བདག །རུ་ནི་ཁྲག་གི་བདག་མོ་ཉིད། ཁ་ནི་དབང་དུ་སྡུད་པའོ། །ཏྲག་ནི་སྲོག་གི་སྙིང་པོ་ཡིན། །ཏྲི་ནི་སྲས་གསུམ་བསྐྱེད་པའོ། །མ་ནི་མ་མོ་བཞི་ཡི་སྲོག །སྟ་ཧཱུཾ༷་སྡེ་བརྒྱད་དམག་དཔོན་སྔགས། །ཞེས་གསུངས་སོ། །འཁོར་ལོ་སྐྲུ་གྲི་ནག་པོའི་རྒྱུད་ལས། ཡུམ་གྱི་དྲག་སྔགས་ཀྱི་ཐེམས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཀུ་སྙེ་ར་ལ་བཀའ་སྩལ་པ། །བདུད་པོ་གིང་གི་ཕུང་སྔགས་ནི། །གཅིག་ཏུ་དྲིལ་བའི་ལས་བྱ་བ། །ཨ་ས་པ་ཡ་གོང་དང་ལྡན། །ཏྲི་ནི་བདུད་པོ་གསུམ་པོ་སོག །ཨ་ནི་སྐྱེ་བ་མེད་པའོ། །ཏྲི་ནི་མ་མོ་རྣམས་ཀྱི་སྲོག །ཁྲམ་ལ་འདུ་ནི་འཁོར་ལོ་ལ། །རག་ཤ་རུས་ལོ་རུས་ལ་རྦད། །ས་མ་ཁྱེར་གྱིས་དགྲ་ལ་འོ། །དེ་བཞིན་གོང་དུ་ཤེས་པར་བྱ། །འཁོར་རྣམས་མ་ལུས་ཐབས་ཅད་ཀྱི། །རྦད་པར་བྱ་བའི་ཕུང་སྔགས་ཐེམས། །རབ་ཏུ་གསལ་བར་བཤད་པ་ཡིན། །མི་འགྱུར་བ་ཡི་རྩེ་མོ་ལྔ། །ཡབ་ཡུམ་སྲས་གསུམ་ལྔ་ཡི་སྔགས། །དེ་ཡི་གཅོད་པས་རྩེ་མོ་ལྔ། །དེ་ལྔ་མཚོན་པས་མཚོན་པ་ཡིན། །སྔགས་གསུམ་བཏུབ་པས་བཏུབ་པ་ཡིན། །འཁོར་ལོ་རྣམ་གསུམ་སྔགས་ལ་འཇུག །ཨ་བརྒྱད་སྡེ་བརྒྱད་གཉའ་གནོན་ཡིན། །གདུག་པའི་ཏྲི་བརྒྱད་ལྷ་སྲིན་སྡེ་བརྒྱད་སྔགས་དགོད་ཡིན། །དེ་ཡི་ཁོང་ན་ཨ་བརྒྱད་གནས། །ཏྲི་དགུ་མ་བཅུ་ལྕམ་དྲལ་དྲག་སྔགས་ཡིན། །རྦད་དང་སྨྱོ་ཛ་ཕཊ་གསད་པའི་དྲག་སྔགས་ཡིན། །ཛ་ཡིས་དྲང་བ་འགུག་པའི་སྔགས། །ཕཊ་ཀྱིས་མཇུག་སྡུད་སྲེགས་ཤིག་པ། །སྨྱོ་ཡིས་དྲང་བ་རྦད་པ་ཡིན། །རྦད་ཀྱིས་དྲངས་པས་གསད་པ་ཡིན། །ཧཱུཾ༷་ནས་དྲངས་པ་སྡུད་པ་ཡིན། །ཡ་ཡིས་དྲང་བ་བསྐྱེད་པ་ཡིན། །རཀྟ་དྲང་བ་སྲུང་བ་ཡིན། །ཐམས་ཅད་བསྡུས་པས་ངན་སྔགས་རྒྱལ་པོ་ཡིན། །ཞེས་གསུངས་སོ། །འཁོར་ལོ་ནག་པོ་སྤུ་གྲི་འབར་བའི་རྒྱུད་ལས། དྲག་སྔགས་ཀྱི་ཐེམས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཀའ་སྩལ་པ། །ཨོ་ཨ་ས་པ་ཡིན་ཏྲི། ཨ་ལ་པ་ཏྲི་རྦད། མ་ཏུ་ར་ཏུ་ཁ་ཏྲག་ཏྲི་མ་ཏ་ཧཱུཾ༷། ཨ་ས་པ་ཡ་ཏྲི། ཨ་ཏྲི་པ་ལ་ཁམས་ལ་འདུ། རག་ཤ་རུས་ལོང་མ་ས་ཁྱེར། །ནམ་གུང་ལ་ཐུམ་ཐུམ། ཉིན་གུང་ལ་ཡེད་ཡེད། ཐོ་རངས་ལ་ཡོ་ཆོས་ཤིག །རྩ་ཨ་ས་པ་ཡ་ནི་ཧཱུཾ༷། ཨ་ས་པ་ཡ་དྲི་ལ་ཏྲིས་མ་ཆུམས། མ་ར་ཡ་དབུགས་ལ་རྦད། །མདང་ལ་ཐུམས། ཟུགས་ལ་བྲིང་། ཡིད་ལ་ཁྱིགས། ཐུགས་ལ་རྦད། སྲོག་ལ་མ་ཤམ་སྒག་ཤམ། སྲོག་ལ་ཁྱིགས། ཤ་བའི་མང་ལོང་དྲོད་ལ་ཉམས། །ཉམས་ཁྲག་ལ་པེར་ཅིབ་ཅིབ། སྲོག་དུམ་བུར་ག་ས། ཨ་ནུ་སུ༷་པ་ཏྲི། འབི་བ་ར་རྩ་ཏྲི། མ་ཧ་སུ་རུ༷་ཏྲི་རྦད་ཕཊ། ཨ་ས་པ་ཡ་ཏྲི་སུ་ཏ་པ་ཡ་ཆུམ་རིལ་ཕཊ། ཁྲམ་གཡས་མང་ཉུང་ཐུས་མང་སོད་ལས་ལ་ཕྱར་ཕྱར། ཏྲི་ཏ་ཡ་ཏྲི་ཀ༷ །ཨ་མུ་ཀ༷་ལ་ཁྱེར་ཁྱེར།ཁྲམ་ལ་ཡས་རྨངས་དི་རི་དི་རི་དུས་ལས་མ་ཡ་ཏྲི། ཁྲ༷་ལ་འདུ། སྒག་རཀ་ཤ་མ་རུངས་ལོང་། ས་མ་ཡེར་ནང་ནུབ་ཡོ་ཆོས་ཤིག །ཨོ་ཧཱུཾ༷་ཨ་མོ་ཀ་ཡརྟ་བ༷། མ་མ་ར་རས་མཁལ་མ་སྨྱོ། ན་ག་དུ་ཐིགས་མེད། མེ་སྒག་ཅིག་ཏུ་ཙ་ར། དུ་ཏྲི་ལིང་ཡག་ཤ་ཀ་ཏ་ཛ་ཕཊ། མེ་ཀ་པྲ་ཤ་ཏ་ཀ་ཕཊ། ཤ་ཀ་དུ་ལིང་ན་པྲ་ཙི་པྲག་ཆུམ་ཐུམ་ནི་ལ་ཛ། དབུགས་ལ་བྲེང་བྲེང་། ཐུགས་ལུམ། ཨ་ཏི་ར་ཤ་ཏི་ནི། ག་ས་ད་ནི་ཁྲ༷་ལ་ཡ། ས་མ་ཡ་ཕཊ། ཨ་ས་པ་ཡ་མེ་རིང་ཡ༷། མ་ཤ༷་ཁ་ཤ༷་སྲོག་ལ་ཁྱིག །མ་ར་ཡ་ནན། ཨ་ས་པ་ཡ་ནི་ཆུམས། ཨ་ས་པ་ཡ་ནི་ཆུམ་ཐུམ་སྨྱོ་ཛ་རྦད་ཕཊ། ཨོ་ཧཱུཾ༷་ཡ་ཏྲི་བ༷་མ་མ་ར་ར༷ས་༷མཁལ་མ༷ ་སྨྱོ། ན༷་ག་དུ་ཅིག་མེད་མེ་ཏྲ༷ག་ཅིག་ཏུ་རྩ་ར། དུ་ཏྲི་ལི༷ང་ཡག་ཤ་ཛ་ཀ་ལྟ་ཕཊ། ཧཱུཾ༷་སྡོང་སྡོང་ཐོགས་སྡོང་མུ་སྡོང་། དཀར་ཐོག་སྡོང་སེར་ཐོག་སྡོང་ལྕགས་ཐོག་སྡོང་། དངུལ་ཐོག་སྡོང་། ཟངས་ཐོག་སྡོང་། ཕྲོ་ཕྲོ་ཤུ་ཏྲི་ཁྲོ། དུད་ཕྲོ་དཀར་སྐྲོ། ཏྲག་ཏུ་ཕྲོ། ཉག་དྲིལ་གཅིག་ཏུ་ཕྲོ།རྩིར་པ་ཤུར་ཤུརཤུར་འུར་འུར། ཐུག་ཐུག་ཐག་ཐག །ཆེམ་ཆེམ་འུར་རྒྱུག །བེ་ར་བེ་ར་ནཱ་ག་ནཱ་ག་ནན། ཤུ་ཤུ་ནཱ་ག་ནན། ན་ག་ར་ཛ་ནན། ན་ག་དུ་ནན། ན་ག་དུ་ན་ནན། ནཱ་ག་ཙ་དུར་ནན། ནག་ཟུང་ཟུང་ཆིང་ནན།ན་མ་ཨ་རད་ན་ཏིར་ཏ་ར་ཙ་ཧཱུཾ༷་ཧཱུཾ༷་བྲུ༷་བྲུ༷། ཐོགས་དེ་དེ་ལོ་ཀ་ཀ་ཤུ་རུ་ཐེད་ཐེན། ཤེན་ཤན་ལོ་གྱ་རྒྱ་སྨྱོ། ཨ་པ་ཏ། ཨ་པ་ཏ་ཡད་དུ་སྟན་ནན་བྱ་ཏི་ནན་ཁ་ཁ་ཐམ་ཐམ། སིང་ཧ་སིང་ཧ་ཁ་ཐ༷་ར་ཙ་ཁ་ཐམ། ཨག་ནེ་ས་ནེ་ཏྲེ་ཏྲ་དུ་མྲ དྷི་ཁ་ཐ༷་ཧཱུཾ༷་ཧཱུཾ༷། ཁ༷་ཤ་ཁ༷་ཤ དུར་ཏི་དུར་ཏི། ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ཟློག་ཟློག །ཐལ་མ་ནེ་ཐལ་མ་ནེ་ཟློག །ན་ག་ནི་ཟློག །རག་ཤ་ཟློག །ཏྲི་རྭ་ཛ་ཟློག ཡག་ཤ་བཟློག །ཡ་མ་དུན་ཏི་ཟློག ་།་ཤུ་རྩ་རི་ཟློག །བ་ཡ་བ་ཏི་ཟློག །ཏིར་ཏིར་ཏིར་རྒྱ་ག་ཟློག །བུ་ཏ་ལོ་ག་ཀྱ་ཐ། བུ་ཏི་ས་ཏའི་ཏྲ་ཏ་ཟློག །བེ་ར་བེ་ར་བ་རུ་པ་ཡ་ཡ། ས་ཏ་ས་སྟ་ཧཱུཾ༷། རྒྱ་བྱ་ཧ་ཤར་ཏི་ར་རྒྱ་སྦྱོ། མ་ར་ཡ་ཛ། སྨྱོ་ཕཊ་རྦད་ཧཱུཾ༷། དེ་བ་ཨ་ཤུ་སྨྱོ། དེ་མ་ཨ་ཏ་སྨྱོ། རཀྟ་རུ་སྨྱོ། སུ་ཏྲི་སྨྱོ། །སྒྱེ་ཏྲི་སྨྱོ། མ་དུ་དུ་ཏྲི་སྨྱོ། ནཱ་ག་རཀྟ། ཡཀྟ་ཏྲི་ཙ་པ་ལ་ཡ་མ་དུན་ཏིང་མ་མ་རག་མོ་ཤུ་ཤུ་རྩ་ར་ཡ་བ་ཏི་ཀིར་ཏི་ཀ་ཏ་ར་སྨྱོ་སྨྱོ། སྤུ་གྲི་ནག་པོའི་རྒྱུད་ལས། དྲག་པོའི་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །དྲག་པོ་སྔགས་རྣམས་ལས་བྱས་ན། །ལྷ་རྟགས་དགྲ་རྟགས་གཉིས་སུ་འབྱུང་། །ལྷ་རྟགས་རྣམ་པ་གཉིས་སུ་འབྱུང་། །དབང་ཕྱུག་ཡབ་ཡུམ་སྲས་ཀྱི་རྟགས། །བཙུན་པ་བཙད་པོ་བོན་པོ་དང་། །རྟ་དང་སེང་གེ་གླང་པོ་ཆེ། །མོན་དང་ཨ་ཙར་ཞིབ་ཅན་རྣམས། །ཡབ་ཡུམ་སྲས་དང་གསུམ་གྱི་རྟགས། །སྲིན་བྱ་འུག་པ་ལྷས་ངན་བྱ། །བྱང་སྤྱང་མི་རིང་སྐྱ་ཤར་དང་། །བུད་མེད་མང་པོ་འགྱུར་བ་ནི། །འཁོར་གྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། ལྷ་རྟགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །དགྲ་རྟགས་རྣམ་པ་གཉིས་སུ་གསུངས། །དབང་དུ་འདུས་དང་གསོད་པའི་རྟགས། ཁྲ་བ་སྔོན་པོ་རི་ཤོར་དང་། །ཞགས་པ་མང་པོ་ཐོག་ནས་ནི། །ཕྱུགས་ཟན་བཟུང་ནས་འཁྱིག་པ་དང་། །འབྲོས་འདེད་རྒྱ་ལ་འཛུད་པ་དང་། །གཅེར་བུར་བྱུང་ནས་འཁྱིག་པ་རྣམས། །དབང་དུས་འདུས་པའི་རྟགས་སུ་བཤད། །གསོད་པའི་རྟགས་རྣམས་འདི་ལྟར་འབྱུང་། །གོས་སར་གོན་དང་ཆུ་ལ་མཆོང་། །ཕྱག་མཚན་མཚོན་ཆ་ཆག་པ་དང་། །རླུང་གིས་ཁྱེར་དང་གཡང་ལ་མཆོང་། །རྦབ་ཏུ་དྲིལ་ནས་འདུག་པ་དང་། །གསོད་དང་གསོད་དུ་འཇུག་པ་རྣམས། །དགྲ་བོ་གསོད་པའི་རྟགས་སུ་བཤད། །རྟགས་ཀྱང་མི་འབྱུང་འབྱུང་བ་ན། །འཁོར་ལོ་ནག་པོ་ལྟོ་བ་དཀྲུགས། །དྲག་སྔགས་ཕུང་སྔགས་ཟློས་ལ་བཟླས། །ཕུང་སྔགས་དྲག་པོ་རྣམ་གསུམ་ལ། ཁྲི་ཕྲག་གསུམ་ལས་མ་ཟློས་ཤིག །བཟླས་ན་རང་ཡང་རླག་པར་འགྱུར། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། རྟགས་དང་མ་གྲུབ་སྤོགས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དབང་ཕྱུང་ཆེན་པོས་བཀའ་སྩལ་པ། །བསད་པ་ལས་ཀྱི་འཁོར་ལོ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །འབྲུབ་ཁུང་གསད་པའི་འཁོར་ལོ་ནི། །རོ་རས་གཉིས་ལ་ཕུང་སྔགས་དགོད། །མཛུབ་གང་སྙིང་ཁ་དབུས་ཀྱི་ལྟེ། །ལྟེ་བ་ཉིད་ལ་ལིང་ཁ་བྱ། །དེ་སྟེང་འཁོར་ལོས་སྟེང་ནས་འོག །བར་དུ་མུན་ཁུང་ནང་དུ་བསད། །ཕུང་སྔགས་ཐེམས་ཀྱི་བར་དུ་གཞུག །འཁོར་ལེའི་རྩིབས་ལ་བསྐྱོན་པ་ནི། །མུན་ཁུང་ནག་པོར་གསད་པ་ཡིན། །དེ་འོག་གྲུ་གསུམ་མུན་ཁུང་དུ། །ལིང་ཁ་མེ་ལོང་མདངས་ལ་བསད། ཁྲག་དང་ཏིལ་དང་ཉུངས་ཀྱིས་བྲབ། །ཁྲག་དང་བསད་དུང་རྔུལ་བྱུང་ན། །ཅི་ཡང་མི་དགོས་འགྲུབ་པར་ངེས། །མར་མེ་རྟ་ཡི་ཚིལ་བུས་བྱ། །མུན་ཁུང་མདངས་ལ་གསད་པ་ཡིན། །རྟག་ཏུ་སྔགས་ལ་གྲུ་གསུམ་ལ་། །ལིང་ཁ་བཅས་ཏེ་ཕུང་སྔགས་བརྡེག ཁུན་དུ་གསད་པའི་འཁོར་ལོ་ཡིན། །འཕྲིན་ལས་རྒྱན་གྱིས་འཁོར་ལོ་ཡིན། །དབང་སྡུད་ལས་ཀྱི་འཁོར་ལོ་ནི། །མལ་འོག་གྲུ་གསུམ་ལིང་ཁ་གནན། །སྙིང་ཁར་རྒྱ་གྲམ་རི་རབ་གནན། །ལྕེ་ལྡགས་ཁད་ཀྱིས་བསད་པ་ཡིན། །དབང་སྡུད་ལས་ཀྱི་འཁོར་ལོ་ནི། །དེ་ནི་འཁོར་ལོ་རྣམ་པ་བཞིར། །མཁས་པས་དེ་ལྟར་ཤེས་པར་བྱ། །འཕྲིན་ལས་གཏོར་སྐྱོང་འཁོར་ལོ་ནི། །པདྨའི་སྟེང་དུ་རལ་གྲི་སྟེ། །དེ་ནས་ཁོང་སྟོང་རོ་སོལ་བྱུག །བུམ་པའི་ནང་དུ་ལིང་ཁ་བཅའ། །གཏོར་མ་ཕུད་དང་ཐུན་སྔགས་ལས། །རྟག་ཏུ་ཐུན་སྣོད་ཡིན་པས་ན། །འཕྲིན་ལས་གཏོར་སྐྱོང་འཁོར་ལོ་ཡིན། །འཕྲིན་ལས་རྣམ་བཞི་གདམས་པའོ། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། ལག་ཏུ་བླང་བའི་རིམ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །དམ་ཚིག་ཡན་ལག་བསྟན་པ་ནི། །རྩེ་མོ་ཉམས་པའི་སྙིང་མི་ཟ། །སྐྲ་རྩེ་མོ་གཅད་དྲེ་མི་བཀྲུ། །ཉི་མའི་ཟེར་ལ་འགོམ་མི་བྱ། །འུགས་ས་མོ་དང་འབྲེལ་མི་བྱ། །མི་མཐོན་པོ་ལ་སྨད་མི་བྱ། །སྲིན་བྱ་འུག་པ་བསད་མི་བྱ། །ཕྱག་མི་བཙལ་ཞིང་ལམ་མི་བཟུར། །སྐྲུ་ཏྲི་རྟག་ཏུ་ལུས་ལ་བཅང་། །མཚལ་དང་ཤེལ་རྡོ་ལོང་བུ་རྡོ། །རྟག་ཏུ་ལུས་ལ་བཅངས་ནས་ནི། །གསེར་ཕུད་ནང་དུ་བརྡར་ཞིང་མཆོད། །ཉིན་གུང་མཚན་གུང་སྲོད་ཐོ་རངས། །མི་ཉལ་བར་དུ་བརྩོན་པར་བྱ། །གསུར་ཆེན་དུད་པ་རྒྱུན་དུ་གཏང་། །རྔ་དང་གླིང་བུ་པི་ཝང་དང་། །གདུང་བའི་དབྱངས་བླང་མ་ཆོགས་མཆོད། །རྟག་ཏུ་དབང་ཕྱུག་ཡབ་ཡུམ་མཆོད། །གིང་ལྕམ་རྣམས་ལ་དེ་བཞིན་ནོ། །མཁའ་ལྡིང་དཀར་ནག་སྟག་གི་སྙིང་། ཁྱི་སྙིང་ར་ཙ་རྣམས་ཀྱི་སྙིང་། །ཆོ་ཚོགས་ཚད་དུ་བསགས་པའོ། །སྟོང་ཉིད་བསྒོམ་ལ་ང་རྒྱལ་ལྡན། །ཆོས་ཉིད་བདེན་པས་མ་ཐུལ་ན། །ཡི་གེ་ཨ་ཡི་རྒྱ་ཡིས་གདབ། །ཅེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །འཇིག་རྟེན་མ་རུང་གདུག་པ་ལ། །རྩོ་ཐོག་འཕང་བའི་ལས་བྱ་སྟེ། །གནམ་ལྕགས་ཐོག་གི་དུམ་བུ་དང་། །རིན་ཆེན་ས་བྱུང་དྲི་མེད་པའི། །ཉི་མས་མེ་ལོང་ནང་དུ་བསྲེ། །བྱ་མོ་ཞོ་ཐིག་ཁྲག་དང་ནི། །མི་ཁྲག་གཉིས་ཀྱིས་བྲབ་ནས་ནི། །ཕུང་སྔགས་ཞབས་ལ་རྩོ་ཐོག་སྔགས། ཁྲི་ཕྲག་ཏུ་ནི་བཟླས་གྱུར་ན། །གནམ་ལྕགས་མེ་རུ་འབར་ཙམ་ན། །མེ་ལོང་ནང་ནས་ཐུན་འཕངས་ནས། །མེས་མི་ཚིག་ཅིང་ཐོག་དང་རྩོ་རུ་འབབ། །དགྲ་ལ་ཐོག་སེར་འབབ་པ་ནི། །མེ་ལོང་མེ་ཡིརངབཞིནདང། །གནམ་ལྕགས་ཐོག་གིརངབཞིནདང། །བྱཁྲག་རྟ་ཡིརངབཞིནདང། །མཚལ་ནི་འོད་ཀྱི་རང་བཞིན་དང་། །མི་ཁྲག་མྱུར་པའི་རྟགས་ཀྱི་སྲ །དམིགས་པ་ཐོག་གིས་བརླག་པར་འགྱུར། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། རྩོད་ཐོག་འཕང་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །འཇིག་རྟེན་ཕུང་བར་བྱ་བའི་ཕྱིར། །དམུ་རྡོ་སེར་བ་དབབ་པར་བྱ། །ཨ་ཙ་ར་ཡི་ཐོད་པ་མྲ །དམུ་ཆུས་ཤི་བའི་ཁྲག་དང་ནི། །ཡུགས་ས་ཁྱི་དང་རྟ་ཡི་ཁྲག ་་ས་ཀར་ཉུངས་ནག་སྐེ་ཚེ་དང་། །ཐོག་གིས་ཤི་བའི་་རུས་པ་དང་། །མི་སྙིང་རུལ་སུམས་མ་སོང་བའི། །རྟག་ཏུ་ཐུན་སྦྱར་ཕུང་རྟགས་ལ། །དམུ་དང་སེར་བའི་སྔགས་བཟླས་སོ། །ལྷ་ཡི་རྟེན་གྱི་སར་སྦས་ན། །ཐོག་སེར་དམུ་རྡོ་རྒྱུན་མི་འཆད། །ཅེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། དམུ་རྡོ་སེར་བ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དབང་ཕྱུག་ཆེམ་པོས་བཀའ་སྩལ་པ། །མཛེ་རིམས་སྨྱོ་འབོག་དབབ་པའི་ཚེ མཛེ་པོའི་མགོ་བོ་གསར་པ་མྲ །དྲི་ཆེན་དྲི་ཆུ་བདུད་རྩི་སྦྱར། །རི་ལུ་བྱ་སྒོང་ཙམ་དུ་བྱ། །དཀྱིལ་དུ་མིང་དང་རུས་བུ་བཅུག །མཐའ་བཞི་སྦྲུལ་གྱི་ཆུན་པོས་བསྐོར། །སྦམ་ནག་ལྟོ་ནས་དཀྲུགས་པ་དང་། །སྦྲུལ་ནག་ལྕེ་ཡི་དཀྱིལ་དུ་བཅས། །ཕུང་སྔགས་ཞབས་ལ་མཛེ་སྔགས་གདགས། །མགོ་རྡུམ་གཉའ་རུ་མནན་བྱས་ན། །མཛེ་རིམས་ཁྲག་ཏུ་སྒྱུག་པར་འགྱུར། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། མཛེ་ནད་འབར་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །མཛེ་ནད་གསོ་བའི་ལས་བྱ་ན། །མཆོད་རྟེན་བང་རིམ་གསུམ་པ་ལ། །བུམ་པ་དབང་ཕྱུག་ཡབ་ཡུམ་བསྐྱེད། །བདག་དང་གཉིས་སུ་མེད་པར་བསྒོམ། ཁྲི་འཕང་གསུམ་ལ་གིང་ཆེན་གསུམ། ཁྲི་སྟེངས་ལྷ་སྲིན་སྡེ་བརྒྱད་ནི། །ཕྱོགས་བཞི་མཚམས་བརྒྱད་སྟེང་ནས་མནན། ཁྲི་འོག་ཀླུ་བརྒྱད་ས་བདག་ཕོ་མོ་བསྣོལ། །དེ་རྣམས་བྲན་དུ་བྱེད་པར་བསམ། །མེ་དཔུང་ནང་ནས་འོད་འཕྲོས་པས། །ཀླུ་རྣམས་འཚིག་ཅིང་འཐུལ་བའོ། །ཕུང་སྔགས་ཞབས་ལ་བཟློག་སྔགས་དང་། །གནན་པའི་སྔགས་རྣམས་བཟླས་གྱུར་ན། །ཙི་ཙི་ཛ་ལ་སོས་པར་འགྱུར། །འཁོར་ལོ་ནག་པོའི་རྒྱུད་ལས། མཛེ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །རིན་ཆེན་ཚེ་བསྒྲུབ་བསྟན་པ་ནི། །བུམ་པ་གསར་པ་གཉིས་བྱས་ལ། །རིན་ཆེན་སྣ་ལྔ་བླུག་ནས་ནི། །ནང་ན་དབང་ཕྱུག་ལྷ་ཚོགས་བསྐྱེད། །འདོད་པའི་རིམ་པར་བསྒྲུབ་པར་བསམ། །བསྙེན་སྔགས་ཞབས་ལ་རིན་ཆེན་སྔགས། ཁྲི་བཟླས་མཆོད་པ་ཕུལ་ནས་ནི། །ཕུག་དང་སྒོ་རུ་གཏེར་དུ་རྩལ། །ཚེ་རིང་བདེ་བ་འབྱོར་བར་འགྱུར། །ཞེས་གསུངས་སོ། །རིན་ཆེན་ཚེ་བསྒྲུབ་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །མིག་མཐོང་ལ་སོགས་བསྒྲུབ་བྱ་ན། །བཟང་དྲུག་སྲིན་བྱ་ཀང་ཀའི་མིག །དུར་བྱ་འུག་པ་ཕ་ཝང་མིག །རིན་ཆེན་པར་བུར་བླུག་ནས་ནི། །བསྙེན་སྔགས་འདུས་པའི་སྔགས་བཟླས་ན། །མིག་མཐོང་རྐང་མགྱོགས་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། མིག་མཐོང་རྐང་མགྱོགས་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །འཇིགས་པ་བརྒྱད་པོ་བསྲུང་བྱ་ན། །རིན་ཆེན་གསེར་གྱི་བུམ་པ་མྲ །མར་རྙིང་ཐལ་བ་ཉུངས་ཀར་དང་། །ཚོན་སྐུད་གསར་པར་གཏུབས་པ་རྣམས། །བུམ་པར་བླུག་ལ་མཆོད་པ་དབུལ། །མ་འབྱོར་བར་དུ་བརྙེན་སྔགས་དང་། །འཇིགས་པ་བརྒྱད་སྐྱོབ་གཟུངས་རིང་བཟླས། །དེ་འབྱོར་གང་གཏོར་འཇིགས་བརྒྱད་བསྲུང་། །དེ་ཡིས་ཐུན་མོང་དངོས་གྲུབ་ཐོག །ཅེས་གསུངས་སོ། །འཁོར་ལོ་ནག་པོ་སྐྲུ་གྲིའི་རྒྱུད་ལས། འཇིགས་པ་བརྒྱད་བསྲུང་བའི་ལེའུ་སྟེ་ཉེར་གསུམ་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །མི་རྒོད་བཅིང་བའི་ལས་བྱ་ན། །བྱང་གི་བུ་ལྡོག་བྱ་བ་ལ། །ནམ་མཁའི་ཐིགས་པས་ཡི་ལོ་མ་དང་། །རྡོ་ཡི་བདུད་རྩི་མ་རུལ་པ། །དེ་རྣམས་བསྲེས་ལ་པར་བུར་བླུགས། །ཡབ་ཡུམ་གཉིས་ཀྱི་ཕུང་སྔགས་བཟླས། །དགྲ་བྱུང་གཏོར་ན་ཚུབ་གྲིར་འཆི། །དེ་ནི་ཇག་ཆིངས་འབྱུང་བར་འགྱུར། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། ཇག་ཆིངས་ཀྱི་ལེའུ་སྟེ་ཉེར་བཞི་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །མི་རྒོད་དྲག་པོ་དབུགས་གཅོད་ན། །མི་མགོ་པར་བུ་ཁ་སྦྱར་ལ། །ཕུང་སྔགས་འཁོར་ལོ་བསྐོར་བྱས་ལ། །འདབ་ཆགས་ནག་པོའི་སྒོ་ངས་བྱུག །དེ་ཡི་ནང་ན་མིང་གཟུགས་བཅའ། །ཡུགས་སའི་སྐྲ་ཡི་ཐག་པ་ཡིས། །རྒྱ་གྲམ་དམ་དུ་བཅིངས་ནས་སུ། །འབྲུབ་ཁུང་ནག་པོའི་ནང་དུ་རྩལ། །དོང་ཁ་གཡམ་པ་ནག་པོས་གཅད། །ཕུང་སྔགས་འཁོར་ལོའི་རྩིབས་ལ་སྐྱོན། །དུས་མིན་དག་ཏུ་འཆི་བར་འགྱུར། །དྲག་སྔགས་གདུག་པའི་སྔགས་རྒོད་འདི། །ར་ཙ་ཨ་ས་པ་ཡ་བཱ་ར་ཡ་དབུགས་ལ་རྦད་རྦད། མདངས་ལ་ཐུམས་ཐུམས། གཟུགས་ལ་བྲེང་བྲེང་། ཡིད་ལ་ཁྱིགས་ཁྱིགས། ནམ་ལངས་ཉི་མ་ནུབ་དུས་བཟླས། ཁེ་བ་མ་ལོང་དྲོད་ལ་ཉམས། ཁྲག་ལ་པིར་ལྕིབ། སྲོག་དུམ་བུར་གཏུབས། ཨ་ནུ་སུམ་པ་ཏྲི། །མཧྭ་སུ་རུ༷་ཏྲི། བིར་བ་ར་ཙ་ཏྲི། རུས་ལོང་ཤ་ལ་ཁྱེར། སྨག་དིར་དིར་དུས་ལ་ས་མ་ཡ། མ་ཏྲི་མྱ་ར་ཡ་ཕཊ། ནཱ་ག་རག་ཤ་ཡག་ཤ །ཏྲི་ར་ཙ་ཡ་མ་དུན་ཏི་མ་མ་དུན་ཏིང་ཤུ་ཤུ་རྩ་རི། བ་ཡ་བ་ཏི། མདངས་ལ་རྦད་གཟུགས་ལ་བྲེང་། ཡིད་ལ་ཁྱིགས། ཁྲག་ལ་པིར་ལྕིབ། སྲོག་དུམ་བུར་ག་ས། སྦྱོ་ཛ་མྱ་ར་ཡ་རྦད། ཅེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། གའུ་འཁོར་ལོ་གསང་བ་ལས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །མུ་སྟེགས་གསང་བའི་ཕྱིར་བཟློག་ནི། །མཆོད་རྟེན་བང་རིམ་བཞི་པ་ལ། །འཁོར་ལོ་བཅུ་གསུམ་བྱ་རུ་ཏོག་དང་ཆས་པར་བྱ། །ཏོག་ཏུ་ར་ཁྲའི་སྔགས་རྒོད་ནི། །གང་ཡིན་མིང་རུས་གཟུགས་བཅས་སྤེལ། །རྩིབས་བཅུའི་འཁོར་ལོས་བདག་བསྲུང་བྱ། །གོང་རས་མིང་ཡུམ་འཁོར་བཅས། །ཕྱི་རིམ་སྡེ་བརྒྱད་མུ་སྟེགས་དང་། །སངས་རྒྱས་བཟློག་སྔགས་དག་གིས་བསྐོར། །འཁོར་ལོ་བཅུ་གསུམ་མཚོན་ཆར་འབབ། །དམིགས་པ་པོ་ལ་འབབ་པར་བསམ། །བུམ་པའི་ནང་ནས་འོད་འཕྲོས་བཟླས། །བང་རིམ་བཞི་པོ་རི་རབ་ཚུལ། །གནོད་སྦྱིན་རྒྱལ་པོ་ཡབ་ཡུམ་བསམ། །དེ་འོག་སྲས་དང་བདུད་པོར་བསམ། །བྲིས་རྟེནལྷ་སྲིན་སྡེ་བརྒྱད་བསམ། །ཐམས་ཅད་བཟློག་པའི་སྔགས་བཟླས་པས། །གདུག་པ་དུག་གི་བརླངས་པ་ཡིས། ཁྲ་ཁྲག་རུས་པ་ཟས་པར་འགྱུར། །ནག་པོ་ཁྲི་འཕང་འོག་ཏུ་གནན། །རྩ་གཅིག་དག་གིས་བརླག་པར་འགྱུར། །གནོད་སྤྱིན་ཕྱིར་བཟློག་འཁོར་ལོ་ཡིན། །སེང་གེའི་ཁོག་པས་རང་གི་དབུགས་འཇིག་བཞིན། །རྩ་རྒྱུས་ཞགས་པས་བཅིངས་ནས་སུ། །ཆུ་སེར་ནད་དུ་འབབ་པ་ཡིན། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། སྲོག་བདུད་དུ་དབབ་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །གསོ་བར་བྱ་བའི་ལས་རྣམས་ནི། །སྲིའུའི་མ་ལ་དབང་བསྐུར་བྱ། །གཙུག་ཏུ་དབང་ཕྱུག་མདུན་དུ་ཡུམ། །ཕྲག་གཡས་གཡོན་མདུན་བདུད་གིང་གསུམ། །ཡབ་ནི་ཕ་ལ་ཡུམ་ནི་མ། །སྲས་པོ་སྲས་མོ་ཡང་ཡང་བསྟིམ། །ཚེ་ཡི་སྔགས་བཟློག་གདགས་པར་བྱ། །བསྙེན་པའི་སྔགས་ལ་བསྲུང་སྔགས་གདགས། །མཁའ་ལྡིང་དཀར་ནག་འབེན་དུ་བཅའ། །ཙ་ར་ཁྲ་བོ་རྟེན་དུ་བཞག །དུས་དྲུག་བཟློག་སྔགས་དྲག་སྔགས་བཟླས། །འབྲང་རྒྱས་བཤོས་འདྲས་ཞལ་སྤྲོད་བྱ། །བསྲུང་སྡུད་སྡེ་བརྒྱད་བཟློག་སྔགས་གདགས། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། སྲིའུ་གསོ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།དབང་ཕྱུག་ཆེན་པོས་བཀའ་སྩལ་པ། །བསད་པའི་ལས་ཀྱི་མཇུག་སྡུད་ལ། །ཀུ་ཀུ་རྒྱལ་པོ་གཡང་གཞི་ལ། །མགོ་དང་ཡབ་ཡུམ་དབང་ཕྱུག་དགོད། །ཚིགས་བརྒྱད་སྡེ་བརྒྱད་ཡན་ལག་མ་བཞི་དགོད། །བདུད་པོ་གསུམ་ནི་ལྟེ་བ་ལ། །དེ་ལྟར་ཐིག་བཏབ་མཎྜལ་སྟེང་དུ་བཞག །དེ་ནས་ལིང་ཁ་ཐམས་ཅད་ཀྱང་། །ལྕགས་ཀྱུས་བཀུག་ལ་གཟུགས་ལ་བསྟིམ། །རྩེ་མོ་ལྔ་དང་ལས་སྔགས་ཀྱིས། །ག་་ཅིང་ཞལ་དུ་བཏབ་པར་བྱ། །དེ་ནས་ཚོ་གསུམ་གཅད་པར་བྱ། །གཅིག་ནི་ལྷ་ཚོགས་ཞལ་དུའོ། །གཅིག་ནི་དབུས་སུ་བསྲེག་པར་བྱ། །གཅིག་ནི་གཉན་སར་གཏད་མནན་བྱ། །འཕྲིན་ལས་གཏོར་སྐྱོང་སྲོད་ལ་བྱ། །ཞེས་གསུངས་སོ། །འཁོར་ལོ་ནག་པོ་སྤུ་གྲིའི་རྒྱུད་ལས། ལས་ཀྱི་མཇུག་ཐམས་ཅད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་དབང་ཕྱུག་ཆེན་པོ་ཆེན་པོ་ཡིས། །རྟགས་བྱུང་གཏང་རག་གཏང་པ་ནི། །བྱ་དཀར་སྙིང་དང་བྱ་ནག་སྙིང་། །ཙ་ར་ཁྲ་བོ་ལ་སོགས་པ། ཁྲ་སྣ་རྙེད་ཚད་རི་ལྟར་སྤུངས། །རུས་ཆེན་ཁྲག་ཆེན་ཚིལ་ཆེན་རྣམས། །གཏོར་མའི་ནང་དུ་འབྱོར་ཚད་བསག །ཚིགས་ལ་མ་ཉམས་སྤྱིན་པར་བྱ། །ཞེས་གསུངས་སོ། །འཁོར་ལོ་ནག་པོའི་རྒྱུད་ལས། སྔོན་རྟགས་གཏང་རག་གི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་གནོད་སྤྱིན་རྒྱལ་པོ་ཀུ་བེ་ར་ལ་རྒྱུད་འདི་གཏད་དོ། །འཁོར་ལོ་ནག་པོ་སྤུ་གྲིའི་རྒྱུད་ལས། གཏད་པའི་ལེའུ་སྟེ་སུམ་ཅུ་པའོ།། །།འཁོར་ལོ་ནག་པོ་སྤུ་གྲི་འབར་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། བཱ་ར་ན་ཀྲོ་་དྷ་ཀ་བཱ་ལ་གུ་རྒྱ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་ཁྲོས་པ་ཐོད་པའི་འཕྲེང་བ་ཅན་གསང་བའི་རྒྱུད་ཅེས་བྱ་བ། །དཔལ་ཧེ་རུ་ཀ་