Ngb-pt-0941-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བསྒོམ། །ཞེས་འབྱུང་བ་ཡིན་ནོ། ཁུ་དང་འབྲས་བུར་མིང་འདོགས་ཤིང་། །དགེ་སྡིག་གཉིས་པ་རྣམ་པར་སེལ། །ཞེས་པ་ནི། རྣམ་པར་མ་བྱང་བའི་ཆོས་ཐམས་ཅད་ནི་རྒྱུར་ལྟ། དེ་ལས་ཉོན་མོངས་པ་འབྱུང་བ་ནི་འབྲས་བུར་མིང་བཏགས་པའི་ཕྱིར་རོ། །དགེ་བ་དང་སྡིག་པ་གཉིས་རྒྱུ་གཅིག་པ་ལས་རྣམ་པར་ཕྱེ་སྟེ། ནམ་མཁའ་ལ་བགོ་བཤའ་བྱེད་པ་དང་འདྲ་བར་སྐྱེ་བ་མེད་བཞིན་དུ། འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་སྐྱེ། །ཞེས་འབྱུང་བ་ཡིན་ནོ། །སྐབས་བདུན་པའོ།། །།གཉིས་སུ་མེད་པའི་སྐྱོན་དང་བྲལ་བའི་སྐབས་འཆད་སྟེ། གོང་མའི་སྐྱོན་དང་བྲལ་བའི་དོན་སྟོན་ཏོ་།ཆགས་དང་མ་ཆགས་ཚིག་གི་ལ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །ཞེས་པ་ནི། ཆགས་པ་ནི་རང་དབང་མེད་པའི་མཐུའོ། །མ་ཆགས་པ་ནི་དེ་ཉིད་འཇིལ་བའི་ཐབས་ཀྱི་སྙིང་པོའོ། །དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཕྱིར། ཚིག་གི་ལམ་ལྟར་སྣང་ངོ་། །ཆགས་པ་མི་གནས་པ་དང་། མི་ཆགས་པ་མི་གནས་པས། ཆོས་ཀྱི་དབྱིངས་སུ་རོ་གཅིག་བའི་ཕྱིར། །ཁྱད་པར་དུ་སྣང་གིས་ཀྱང་གང་ལྟར་ཡང་མ་གྲུབ་བའི་ཕྱིར་བྲག་ཆ་དང་འདྲའོ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །ཞེས་འབྱུང་བ་ནི། བྱང་ཆུབ་ཆེན་པོར་རྩོལ་བ་ནི་སྡུག་བསྔལ་ལོ། །ཞི་བ་མཉམ་པ་ཆེན་པོ་ནི་བདེ་བ་སྟེ། །མི་དམིགས་པ་ཐུན་མོངས་པའི་ཕྱིར། །རྣམ་པར་མི་འགྱུར་བའི་དབྱིངས་ལ། གདོན་མི་ཟ་བར་གནས་པ་ཡིན་པས་ན། གཞན་ལས་མ་བྱུང་གི་འབྱུང་གི་འགྲོ་བའི་མགོན་པོ་སེམས་དཔས་གསུངས་ཞེས་འབྱུང་བ་ཡིན་ནོ། །སྐབས་བརྒྱད་པའོ།། །།ད་ནི་ཡེ་ཤེས་རང་ལས་འབྱུང་བའི་སྐབས་འཆད་ཏེ། བྱང་ཆུབ་ཀྱི་སེམས་རང་བཞིན་བདག་ཉིད་ཆེན་པོའི་དོན་སྟོན་ཏོ། །འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་འབྱུང་། །ཞེས་པ་ནི། འདོད་ཆགས་སུ་གྲགས་པ་ཐམས་ཅད་ཀྱང་སྐུའི་རྒྱན། བདེ་བ་ཆེན་པོ་ཀུན་ཏུ་བཟང་པོའི་རོལ་པ་ལས མཐའ་ཡས་གདོན་མི་ཟ་བའི་ཏིང་ངེ་འཛིན། པདྨ་རིགས་ཀྱི་གཙོ་བོ། །སེམས་ཅན་གྱི་ཞིང་ཡོགས་སུ་སྦྱོང་བའི་རང་བཞིན་ནོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ཀྱང་། སྙིང་རྗེ་ཆེན་པོས་རྒྱུད་འདུལ་བ་དང་། སྒྲོལ་བའི་ཐབས་སུ་གནས་པས། ཆེ་བའི་སྐུ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདེ་བ་ཆེན་པོ་མི་དམིགས་པའི་རང་བཞིན་དེ་ལས་འབྱུང་བས་ལམ་ཡིན་པའི་ཕྱིར་རོ། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་པ་ནི། ཞི་བ་ནི་ཆོས་ཀྱི་སྐུ་སྟེ། མཉམ་པ་ཉིད་དུ་གནས་སོ། །རྣམ་པར་མི་རྟོག་པ་ནི། ཐབས་ཀྱི་རོལ་པའི་བྱང་ཆུབ་སེམས་ཏེ། ཀུན་བཟང་བ་དང་། ཀུན་སྤྱོད་པའི་རྒྱན་དུ་གྱུར་པའི་ཆོས། འདོད་པའི་ཡོན་ཏན་ལྔ་ཡང་མི་འགོག་ལ། རང་བཞིན་གྱིས་དམིགས་སུ་མེད་པ།སྙིང་རྗེ་ཆེན་པོ་ལས་བྱུང་བའི་བདུད་རྩི་བྱང་ཆུབ་ཀྱི་སེམས་མངོན་དུ་འཆར་བར་བྱེད་པ་དང་། དུག་གསུམ་སྐུ་གསུང་ཐུགས་སུ་རྫོགས་པར་གྱུར་བའི་ཕྱིར། ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས་ཞེས་འབྱུང་བ་ཡིན་ནོ། །ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །ཞེས་པ་ནི། ནམ་མཁའ་ནི་མི་སྐྱེ་བའི་རང་བཞིན་ལ། སྐྱེ་བར་རྟོག་པ་ནི། མཚན་ཉིད་མི་འགྱུར་བས་སྐྱེ་བ་མེད་དོ། །རྟོག་པ་ཡང་སྔ་མ་དང་རྗེས་བཞིན་དུ་འབྱུང་བའི་རྟོག་པ་ལ་ཡང་། ཡུལ་མེད་པས་ནམ་མཁའ་དང་འདྲའོ། །མི་ཆགས་ནམ་མཁའི་བསྔོ་བ་ལས། །ཞེས་པ་ནི། མི་ཆགས་པ་ནི། བྱང་ཆུབ་ཀྱི་སེམས་དོན་ཆེན་པོ་ལ་གནས་པའོ། །ཐམས་ཅད་ཀྱི་རྒྱུ་གཅིག་པའི་ཕྱིར། །བསྔོ་བ་མེད་པ་སྟེ། རང་གིས་རིག་པའི་རྒྱལ་པོ་ནང་ཉིད་དུ་འཆར་བ་ནི། རང་འབྱུང་གི་དོན་པོ་སྟེ། རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཞེས་གསུངས་པ་ཡིན་ནོ། །སྐབས་དགུ་པའོ།། །།ད་ནི་མངོན་པར་བྱང་ཆུབ་པ་ལས་བཞེངས་ཏེ། རྡོ་རྗེ་དབྱིངས་ཀྱི་སྙིང་པོ་ན། །སེམས་ཅན་འདུལ་བར་དགོངས་ནས། ཤིན་ཏུ་བདེ་བ་ཆེན་པོ་ཐམས་ཅད་དུ་མཉམ་པ་ཉིད་དུ་སྤྱོད་པའི་ཆོས་ཉིད། རང་གི་སྐུ་ལས་འདུས་མ་བྱས་ཀྱི་རང་བཞིན། ཟླ་གསང་ཐིག་ལེའི་དཀྱིལ་ནས། གཟུངས་ཀྱི་རང་བཞིན་དོན་མི་གཏོང་བ་དང་། དོན་དུ་མཛད་པ་དང་། དོན་ལྟར་སྟོན་པ་དང་། དོན་གྱི་རྗེས་སུ་འཇུག་པའི་ཐབས་ཀྱི་རང་་་་་་་བཞིན་ཡི་གེ་ཨ་ལི། ཀ་ལི་ཞེས་བྱ་བ་སྟོན་ཏེ། གཟུངས་ཀྱི་རོལ་པའི་སྐབས་འདི་གསུངས་སོ། །ང་ནི་ཡོངས་སུ་རྫོགས་པ་དང་གཟུངས་ཀྱི་སྦྱོར་ཐབས་ཀྱི་སྒོ་ལྟ་བའི་ཁྱད་པར་གྱི་དགོངས་པ་ཉི་ཚེའི་སྐབས་འཆད་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་སྟོན་ཏོ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཞེས་པ་ནི། རྣམ་པར་མི་རྟོག་པ་ནི་མཉམ་པ་ཉིད་དེ། དེ་ལ་བྱ་བ་དང་བརྩལ་བའི་ཡུལ་མེད་པས་ཆོས་ཉིད་དེ། ཇི་བཞིན་པའི་སྐུ་ནི་མཐའ་མེད་པར་ཁྱབ་པས་ཆོས་ཀྱི་སྐུའོ། །དེ་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་མིང་ཙམ་དུ་གནས་ལ། འདུལ་བའི་དབང་གི་རྫུ་འཕྲུལ་ཆེན་པོ་དང་།མཐུ་བསམ་གྱིས་མི་ཁྱབ་པ་ཡང་མེད་པ་མ་ཡིན་ཏེ། གཟུགས་ཐམས་ཅད་དང་བྲལ་བས་ན་གཟུང་བས་མི་ཟིན། སྒ་མས་དབང་བསྒར་ཞིང་། དོན་མཛད་པ་ཡང་མེད་པ་མ་ཡིན་པའི་ཕྱིར་ཆུ་ཟླ་དང་འདྲ་སྟེ། དེ་ལྟར་ཐབས་ཀྱི་རོལ་པས་ཀུན་ཏྭ་བཟང་པོའི་རྒྱལ་ལ་དགོད་པར་མཛད་པའི་ཕྱིར། ཐམས་ཅད་ཀུན་ཏུ་བཟང་པོ་རོལ་པསྐྱུ་གཟུགས་སུ་བསྟིན་ཏེ། ཨ་ལི་ཀ་ལི་ཟབ་ཏུ་བསྟན། ཅེས་གཟུངས་ཀྱི་རང་བཞིན་ཨ་ལི་ཀ་ལི་ཟབ་ཏུ་བསྟན་པ་ཡིན་ནོ། །ང་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མི་དམིགས་པའི་དཔེ་བསྟན་པ་ཡི་གེ་ཨ་ཞེས་པས་བསྟན་བར་བྱ་སྟེ། བྱེད་པ་ཐམས་ཅད་དང་བྲལ་བས། བྱེ་བའི་དོན་མི་འགྲུབ་པ་ལ། ཐབས་དང་ཤེས་གི་འདོད་ཆགས་ཀྱང་གཞན་གྱིའོ་ཞེས་འབྱུང་ལ། ཀུན་ཏུ་བཟང་པོའི་རང་བཞིན་ནི་ཐམས་ཅད་ན་བདེ་བར་གནས་སོ་ཞེས་འབྱུང་སྟེ། མི་དམིགས་པའི་ཟབ་མོ་ལ་བསླང་བའི་རྣམ་སྒྲོལ་བའི་ཕྱིར་རོ། །སྤྱོད་ཡུལ་ཐུན་མོངས་ཡང་རང་གི་རྐྱེན་གྱིས་གསང་བར་འགྱུར་པས། འཇིག་རྟེན་ཡོངས་ཀྱི་སྒོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཅེས་གསུངས་པ་ཡིན་ནོ། །ཨེ་མ་ཧོ་སངས་རྒྱས་སྤྱོད་ཡུལ་འདིབཙལ་བས་རྙེད་པའི་གནས་མེད་སྟེ། ཞེས་པ་ནི། ཆོས་ཀྱི་རང་བཞིན་དངོས་པོ་ཅི་ཡང་མེད་རྩོང་། ཤིན་ཏུ་འཕྲ་བའི་ཕྱིར་བཙལ་ནས་སླེབ་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་སྤྱོད་ཡུལ་མཐས་གླགས་ཤིང་རྙེད་བར་དཀའ་བའི་ཕྱིར་རོ། །དྲུག་གི་ཆོས་བཞིན་ཡུལ་མེད་པས། །མདོངས་པས་ནམ་མཁའ་བསྣབས་པ་བཞིན། །ཞེས་པ་ནི། དེ་ལ་ཆོས་དྲག་ནི་གཟུགས་སྒྲ་དྲི་རོ་རེག་ཆོས་སོ། །འདི་ནི་ཆོས་ཐམས་ཅད་སྒྱུ་མར་སྟོན་པའི་གཞི་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆེ་བ་ཉིད་དོ། །གང་གིས་ཆོས་འདི་དྲུག་ཕྱིན་ཅི་ལོག་ཏུ་མཐོང་བ་ནི་མདོངས་པ་སྟེ། བདུད་ཧཱུཾ་སྤངས་ནས་དུག་ཕྱིར་འབྲང་བ་ནི། །མདོངས་པས་ནམ་མཁའ་བསྙབས་པ་བཞིན། །ཞེས་འབྱུང་བ་ཡིན་ནོ། །གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མེད། །ཞེས་པ་ནི། འཇིག་རྟེན་འདི་ལས་འབྱུང་བའི་བསམ་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་དེ་བྱུང་ངོ་མཚར་ཆེ། །ཞེས་པ་ནི། དེ་བཞིན་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །སྙིང་པོ་དེ་ལས་མངོན་སུམ་པའི་བདེ་བ་ཀུན་ཏུ་བཟང་པོའི་རོལ་པ་འབྱུང་བར་འགྱུར་ལ། དེ་དང་དུས་ཐམས་ཅད་དུ་མི་འབྲལ་བའི་ཡོན་ཏན་དང་ལྡན་པའི་ཕྱིར་དེ་ལས་དེ་བྱུང་ངོ་མཚར་ཆེ་ཞེས་འབྱུང་བ་ཡིན་ནོ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེའི་གནས་སུ་ཆེ། །ཞེས་པ་ནི། འདས་པ་དང་མ་འོངས་པ་དང་། ད་ལྟརབྱུང་བའི་དེ་བཞིན་ཉིད་ནི། གནས་འགྱུར་བའམ། འཕོ་བ་མེད་བའི་ཆེ་བ་ཉིད་དེ། སྔོན་ཞེས་བྱ་བའི་ཐ་ཚིག་ནི། ཕྱི་མའི་མཐའ་མེད་པའི་དོན་སྟོན་པ་སྟེ།དེ་བཞིན་ཉིད་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་གྱུར་པའི་དབྱིངས་གཅིག་པའི་ཕྱིར་ཏེ་དེའི་གནས་སུ་ཆེ་བའོ། །དེ་ལྷར་དེའི་ལམ་འདྲ་བར། ཞེས་པ་ནི། དེ་ལྟར་བགྲོད་པ་ཐམས་ཅད་དང་བྲལ་བའི་ལམ་ནི། རྣམ་པར་གྲོལ་བ་ཆེན་པོའོ། །རྣམ་པར་གྲོལ་བ་ནི་མང་པོ་མ་ཡིན་ཏེ། གཅིག་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ལ་བགྲོད་པའི་ལམ་འདྲ་བའི་ཕྱིར། དེ་ནི་དེའི་རང་བཞིན་ནོ། །ཞེས་འབྱུང་བ་ཡིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཞེས་པ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི། མཉམ་པ་ཉིད་ཀྱི་རླུང་ལ་འདྲ་བའི་ཕྱིར། ཡོངས་ཀྱི་ལམ་མོ། །སྐྱེ་བ་མེད་པའི་སྐྱེ་བ་ལ་སེམས་ཅན་ཆེན་པོ་ཡན་ཆད་ཐུན་མོང་དུ་གནས་ཏེ། ཆུ་ཟླའི་གཟུགས་བརྙན་དང་འདྲ་བར་བརྟེན་ཅིང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར། མཉམ་པ་ཉིད་ཡིན་པའི་ཕྱིར་ཏེ། ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་འགྲུབ་པ་མེད། །ཅེས་འབྱུང་བ་ཡིན་ནོ། །སྐབས་བཅུ་གཅིག་པའོ།། །།ང་ནི་བདེ་བ་ཆགས་པ་དང་བྲལ་བའི་སྐབས་འཆང་སྟེ། ཆགས་ན་སྐྱོན་དུ་འཀྱུར་བའི་དོན་ཏོ། །ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་འབྱུང་། །ཞེས་པ་ནི། ཆོས་ཐམས་ཅད་ཀྱི་བདེ་བའི་རྒྱུ་ནི། ནམ་མཁའ་དང་འདྲ་བས། བདེ་བ་སྔ་མ་དང་ཕྱི་མ་ཞེས་བྱ་བ་མེད་དོ། །དེ་ལ་སངས་རྒྱས་སུ་བྱ་བའི་ཡན་ལག །ཡེ་ཤེས་ཆེན་པོ་མདུན་ནས་འབྱུང་བ་དང་། རྒྱབ་ནས་བརྙེས་པའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྲངས་མེད་པ་རྣམས་ལེན་པས་ཐོབ་པར་བྱ་བ་དང་། ཐོབ་ཟིན་པའི་རྣམ་པ་ཐམས་ཅད་ཀྱང་མཚན་མ་མེད་པའི་དབང་གིས་བལྟས་པའི་མཐུས་འགྲུབ་མོད་ཀྱི། དེ་ཡང་རྣམ་པའི་སྐྱོན་ཡིན་པས་དེ་ལ་བརྟེན་པར་མི་བྱའོ། །ཅེས་འརྒྱུང་བ་ཡིན་ནོ། །སྐབས་བཅུ་གཉིས་པའོ།། །།ང་ནི་གདོང་མ་ནས་ཆེ་བ་ཉིད་ཀྱི་སྙིང་པོ་རང་བཞིན་གྱིས་གནས་པའི་སྐབས་འཆད་སྟེ། བྱ་བ་མེད་པའི་དོན་སྟོན་ཏོ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མིད་ཕྱིས་མང་གདོང་ནས་འབྱུང་། །ཞེས་པ་ནི། མི་གནས་པའི་དབྱིངས་ལ་ཆོས་ཐམས་ཅད་འ་་བ་དངབྲལ་བ་མེད་པའི་ཕྱིར། དུས་གསུམ་གཅིག་སྟེ་ཁྱད་པར་མེད་དོ། །ཆོས་ཀྱི་དབྱིངས་ནི། གཅིག་ཆར་འཆར་བ་སྟེ། མཐའི་མུན་པ་མེད་པའི་ཕྱིར། །སྔོན་ཡང་མེད་ལ། ཕྱི་མ་ཡང་མེད། ད་ལྟར་ཡང་མེད། གདོདེ་མ་ནས་གནས་པར་རང་བྱུང་བ་ཉིད་དོ། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཞེས་པ་ནི། མི་གནས་པའི་དབྱིངས་ལ་མཉམ་པ་ཉིད་ཀྱི་ཕྱིར། །ཆོས་ཀྱི་སྐུ་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་མཁའ་ནི་ཀུན་ལ་ཁྱབ་ལ། ནམ་མཁའ་ནི་གཉིས་སུ་མེད་དེ། གཅིག་པའི་ཕྱིར་རོ། །དེ་ལྟར་བས་ན་ཆེ་བའི་རྒྱན་དཔལ་ཕུན་སུམ་ཚོགས་པ་མཉམ་པར་གནས་པའི་ཕྱིར། ཆེ་བས་ཆེན་པོའི་རང་བཞིན་གནས། །ཞེས་འརྒྱུང་བ་ཡིན་ནོ །སྐབས་བཅུ་གསུམ་པའོ།། །།ང་ནི་ཀུན་ཏུ་སྨོན་ལམ་ཆེན་པོ་དང་བྲལ་བའི་སྐབས་འཆད་སྟེ། ཅི་ལ་ཡང་མི་གནས་པའི་དོན་སྟོན་ཏོ། །སྲིད་པ་གསུམ་ན་སྦྱོང་བ་ཡང་།མིང་ཙམ་སྒྱུ་མར་སྣང་བ་ཧཱུཾ། །ཞེསཔནི། སྲིད་པ་གསུམ་མི་དམིགས་པས་སྒྱུ་མ་དང་སྤྲུལ་པ་ལྟ་བུར་སྟོར་བའོ། །དེ་ལ་མི་གནས་པའི་ཐབས་ཀྱིས་གནས་པ་ནི། མིང་ཙམ་དུ་སྒྱུ་མ་ཉིད་དུ་གནས་པའོ། །འཁོར་ལོ་སྒྱུར་བའི་གནས་ཆེན་ཡང་། ། ས་པ་ནི། འཁོར་ལོས་བསྒྱུར་བ་ནི་གླིང་བཞིའི་རྒྱལ་པོར་གྲགས་པ་སྟེ། འཁོར་ལོ་ནི་མི་གནས་པ། སྒྱུར་བ་ནི་རྣམ་པར་སྦྱོང་བའི་མཚན་མ་སྟེ། དེ་ཡང་མངོན་པར་བྱང་ཆུབ་པའི་གནས་ཐོབ་པ་མེད་པའི་དབྱིངས་སུ་གྱུར་པའི་རྒྱུ་ངེས་འདུལ་ཏེ་དེ་བས་ན། སྒྱུ་མས་སྦྱོང་བའི་བསྟི་གནས་ཡིན། ཞེས་འབྱུང་ཡིན་ནོ། །རྣམ་སྤྱོད་དུས་ལ་ལྟོས་པའི་རྣམས། །དུས་དེར་འབྱུང་བར་མི་འཀྱུར་ཏེ། །ཞེས་པ་ནི། ཆོས་ཉིད་ནི་ཡེ་ནས་གནས་པ་གཅིག་ཅར་རྫོགས་པ་ཡིན་པས། དུས་མེད་དོ། །དུས་མེད་པ་ལས་འབྱུང་བར་འདོད་པ་རྣམས་ནི་ཤིན་ཏུ་འ་ལ་པ་སྟེ། དཔེར་ན་འོ་མ་འདོད་བས་རྭ་ལ་ཞོ་འཇོ་བར་བྱེད་པ་བཞིན་ནོ། །མ་བྲལ་སྨོན་པ་སྤྱོད་པས་ན། ཞེས་པ་ནི། མ་བྲལ་བ་ནི་ཆགས་པ་མི་གཏོང་བ་སྟེ། རྨི་ལམ་གྱི་ནོར་དང་འདྲ་བས། སྤྱད་པ་ལ་སྨན་པར་མི་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་སྣང་བར་མི་འགྱུར་བ་དང་། མངོན་སུམ་དུ་འགྱུར་བའི་མཐུ་མེད་པར་དེ་ལ། གཟས་ཤིང་འཁྲུལ་པའི་བློས་བཙལ་བར་འགྱུར་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོང་པའི་རང་བཞིན་གསུངས་པ་བཞིན་ཏེ། ཅི་ཡང་མེད་པས།སྟོང་པའི་མཚན་ཉིད་གསུངས་པ་བཞིན། །ཞེས་འརྒྱུང་བ་ཡིན་ནོ། །སྐབས་བཅུ་བཞི་པའོ།། །།ང་ནི་ལུང་སྟོན་པའི་སྐབས་འཆང་སྟེ། ལུང་ནི་རྣ་བ་ནས་རྣ་བར་བརྒྱུད་པ་སྟེ། མངོན་སུམ་བཞག་པར་མི་ཆགས་བས། །བརྟ་ཅི་རིག་པ་ཙམ་གཅིག་བཤད་པ་ཡིན་རྣ་། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་འདྲ། །ཞེས་པ་ནི། དེ་བཞིན་ཉིད་ནི་གཅིག་སྟེ། རྣམ་པ་དང་ཁྱད་པར་གྱི་མང་མེད་དོ། །དེ་ལྟར་གླེང་གཞི་ཐམས་ཅད་བྲལ་བར་སྦྱོར་བས་རྣལ་འབྱོར་ཡིན་ཏེ། དེ་ཡང་མི་གནས་པའི་ཚུལ་གྱིས་ཀུན་ཏུ་བཟང་པོའི་བདེ་བ་ལ་རོལ་པ་ནི། ནམ་མཁའི་བྱ་ལམ་བཞིན་དུ་མི་ཆགས་མི་གནས་པའི་ཕྱིར་རོ། །མ་བྱུངམི་སྐྱེའི་།ང་པོལ། །ཞེས་པ་ནི། དེ་བཞིན་ཉིད་ནི་རྟེན་པ་ཐམས་ཅད་དང་བྲལ་བས་ན་མ་བྱུང་བའོ། །བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བས་སྐྱེ་བ་མེད་པས། མཐའ་དང་དབུས་གཉིས་ག་ལ་ཡང་མི་གནས་པའི་ཕྱིར། ང་པོ་ཡིན་ལ། སྨྲ་བ་དང་བསམ་པའི་ཡུལ་མེད་དེ། རང་བཞིན་ཆེ་བས་བདེ་བ་ལ་གནས་པའི་ཕྱིར། སྒྲོས་བཏགས་ཆོས་ཀུན་ག་ལ་ཡོད། །ཅེས་འབྱུང་བ་ཡིན་ནོ། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཞེས་པ་ནི། ཕྱི་ནི་བརྩོལ་བའི་བྱང་ཆུབ་སེམས་སོ། །ནང་ནི་དེའི་བདེ་བ་ལ་གནས་པའོ། །བརྩོལ་བ་མེད་པ་ནི་བདག་མེད་པས་ཞི་བ་སྟེ་ནང་ངོ་། །ནང་དེའི་བདེ་བ་ལ་གནས་བ་ནི་རྒྱུ་མེད་པའི་དབྱིངས་ལ་གནས་པ། ཐོབ་པའི་བསམ་པ་དང་ལྡན་པས་ཕྱིའོ། །དེ་ལྟར་ཕྱི་ནང་གཉིས་ཀ་ལ་ཐོབ་པའི་རེ་བ་ནི། ཕྱིའི་ཡུལ་ལ་མི་འབྱུང་གི་ནང་ཉིད་དུ་བལྟས་པས། འཁྲུལ་པའི་ཕྱི་མ་དག་པར་འགྱུར་ཏེ། འདི་དང་ནི་ནང་མ་དག་པ་ལ་ཕྱི་རོལ་བསྒོམ་པ་ལ་བརྩོལ་བའི་ནད་དོ། །ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད། །ཞེས་པ་ནི། ཟབ་མོ་ནི་ཞི་བ་ཆེན་པོ་སྟེ། རྣམ་པར་དག་པའི་དབྱིངས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་མངོན་བར་འཆར་བར་བྱེད་པ་ནི་ཆ་ཤས་འཕྲ་བ་སྟེ། མི་དམིགས་པས་རྟོགས་པའི་ཡུལ་མེད་དོ། །སྲིད་པ་མིང་ཙམ་ལྡོག་པའི་སྟོབས། །ཞེས་པ་ནི། སྣང་བའི་ཆོས་འདི་དག་ཐམས་ཅད་རང་བཞིན་གྱིས་ཆེ་བ་ཉིད་དེ་མཉམ་པས་ཞིབའོ། །དེ་ལ་ཡང་འཁྲུལ་པས་ཆགས་པའི་ལྟ་བས། སྲིད་པ་མིང་ཙམ་མོ་ཞེས་འཁོར་བའི་ཕྱིར་རོ། །རྣམ་པ་ཀུན་ཏུ་ཟིན་པའི་ཆོས་ལ་མཉམ་པརབཞག་པ་དང་། དགོངས་པའི་དབང་དང་། རྣམ་པར་དགོངཔ་དང་། ཏིང་ངེ་འཛིན་ལ་སོགས་པ་སྒྱུ་མའི་རྣམ་པར་ཐར་པ་ཐམས་ཅད་འཆིང་བ་སྟེ། དེ་བས་ཏིང་ངེ་འཛིན་མཉམ་དང་བྲལ། ཞེས་འབྱུང་བ་ཡིན་ནོ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རངབཞིན་ཕུང་པོ་ཁམས་བཞིན་གནས། ཞེས་འབྱུང་བ་ནི། དེ་ལ་ཐ་ཚིག་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ས་དང་།ཆུ་དང་། མེ་དང་། རླུད་དང་། ནམ་མཁའ་སྟེ་འདི་ལྔའོ། །འབྱུང་བ་ཆེནཔོ་ལྔ་པོའདི། དེབཞིནགཤེགསཔཐམས་ཅད་ཀྱི་ཆེ་བ་ཉིད་དེ། ཟབ་མོའི་ཐབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་ཏེ། ཐམས་ཅད་ཀྱང་ཆེ་བ་ཉིད་མི་གཏོང་བའི་དམ་ཚིག་གི་རྗེས་སུ་སྐྱོང་ངོ་། །དེ་ཡང་རང་བཞིན་ཐམས་ཅད་ཀྱི་གནས་ཀུན་ལ་གསང་བའི་ཚུལ་གྱི་གནས་ཏེ། ཕུངཔོ་ནི་མཉམ་པ་ཉིད་ཀྱི་གཙོ་བོ་ལྔའི་མཚན་ཉིད་དོ། ཁམས་ནི་ཀུན་ཏུ་བཟང་པོའི་རོལ་པའི་བྱང་ཆུབ་ཀྱི་ཆེ་བའོ། དེ་བཞིན་དུ་སྐྱེ་མཆེད་ལ་སོགས་པ་དེའི་རྒྱུས་སྒྱུ་མ་ལ་སོགསཔ་ལ་རོལ་པའི་ཐབསསོ། །དེབཞིན་དུ་ཆོས་ཀྱི་རྒྱལ་པོ་ལྟར་དབང་མཛད་པས་རྟག་ཏུ་བདེ་བ་ལ་གནས་པ་དང་མི་འབྲལ་བས་བླངས་པ་དང་། །དོར་བ་མེད་པའི་ཕྱིར་དམ་ཚིག་ཏུ་བླང་བ་ཡང་། དུས་གསུམ་དེ་དང་མི་འབྲས་བས ཐ་ཚིགས་མང་དུ་བཏགས་པ་མེད། །ཅེས་འརྒྱུང་བ་ཡིན་ནོ། །བམ་པོ་བཅོ་ལྔ་པའོ།། །།ད་ནི་མཉམ་པ་ཉིད་ཀྱི་ཆོས་ལ་དབང་བསྒྱུར་བའི་སྐབས་འཆད་དེ། མི་རྩོལ་མི་སེམས་དཔས་ལྷུན་གྱིས་གྲུབ་པའི་དོན་སྟོན་ཏོ། །མི་གཡོ་བ་ནི་སྐུའི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཏེ། །ཞེས་པ་ནི། ཆོས་ཐམས་ཅད་སྐྱེ་འགག་མེད་པའི་མཉམ་པ་ཉིད་ལ་གནས་པ་ནི། སྐུ་ནམ་མཁའ་དང་འདྲ་བས་ཀུན་ལ་ཁྱབ་པ་སྟེ། །དེ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལ་ལེན་པའི་བསམ་པ་དང་། མངོན་པར་རྟོགས་པའི་ཡུལ་མེད་པས། མི་བསྐྱོད་པ་ནི་ཡེ་ཤེས་ཏེ། ཁྲེས་པ་མེད་པའི་དབང་ཐོབ་པས་སོ། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །ཞེས་པ་ནི། མི་ལོན་པ་ནི་བདག་མེད་པས་བླང་བའི་ཡུལ་མེད་པའི་ཕྱིར་རོ། །སྨྲ་བསམ་ལས་འདས་པས་ན། མིང་དང་ཚིག་དང་ཚིག་གི་དོན་ལ་སོགས་པ་དབྱེ་གསལ་འབྱེད་པ་མེད་པའི་ཕྱིར་མི་འདོར་བའི་མཉམ་པ་ཉིད་དོ། །གང་དང་གང་གི་གང་དུ་ཡང་། །ཀུན་འཁོལ་ཀུན་སྤྱོད་བདག་ལས་འབྱུང་། །ཞེས་པ་ནི། གང་དང་ཞེས་པ་ནི་འདས་པའོ། །གང་གི་ཞེས་པ་ནི་ད་ལྟར་གྱིའོ། །གང་དུ་ཞེས་པ་ནི་མ་འོངས་པའི་དོན་ཏེ། དེ་རྣམས་ལ་མིང་གིས་བགྲང་བའི་རྣམ་པ་དང་བྲལ་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། མངོན་དུ་གྱུར་པ་ན་ཇི་ཙམ་དུ་སྤྱོད་པ་དང་། གཞན་ལ་སྟོན་པ་དང་འདྲ་བ་ར། རང་དབང་གི་ཡེ་ཤེས་ཆེན་པོ་དང་ལྡན་པའི་དུས་ན། རྣམ་པ་བརྒྱ་སྟོང་དུ་སྤྱོད་པ་ཡང་མི་ཟད་པའི་གཏེར་བདག་ལས་འབྱུང་བའི་ཕྱིར། ཀུན་འཁོལ་ཀུན་སྤྱོད་བདག་ལས་བྱུང་ཞེས་འབྱུང་བ་ཡིན་ཏེ། དེ་བཞིན་དུ་སྐྱེ་བ་མི་མཐུན་པའི་དབྱིངས་མ་ཡིན་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱང་གཅིག་པ་དང་། ཀུན་ཏུ་བཟང་པོའི་ཐབས་ཀྱིས་འཇིག་རྟེན་ཀུན་ལ་མཉམ་པ་ཉིད་དུ་རོལ་བའི་ཕྱིར། འདི་ལས་སྐྱེས་པ་བུད་མེད་ཅེས། མཉམ་པའི་རྒྱལ་པོས་ས་ཡོད་མ་གསུངས།ཞེས་འརྒྱུང་བ་ཡིན་ནོ། །སྐབས་བཅུ་དྲུག་པ།། །།ད་ནི་དངོས་གྲུབ་ཆེན་པོའི་བདེ་བ་ཐམས་ཅད་ལེན་པ་དང་།ཆགས་པ་སྤོང་བའི་སྐབས་འཆད་ཏེ། །དེའི་ཞོར་ལ་དཀའ་ཐུབ་ལས་ཆོས་ཀྱི་དོན་མི་འབྱུང་བ་དང་།སེམས་ཀྱི་གདུང་བ་དང་ཉོན་མོང་པའི་དོན་སྟོན་ཏོ། །འདི་ལ་བརྟུལ་ཞུགས་དྲག་ཤུལ་གྱིས། །གནས་སུ་བྱ་བ་མི་མེད་དེ། །ཞེས་པ་ནི། ཆོས་ཉིད་ཀུན་ཏུ་བཟང་པོ་ལ་ཤིན་ཏུ་བདེ་བ་དང་བླ་འོག་གི་མཆོག་གི་ཐབས་ཀྱིས་དབྱིངས་ལ་རོལ་པའོ། །དཀའ་ཐུབ་ནི་ཉོན་མོང་པ་ལེན་པ་དང་། །སེམས་ཀྱི་གདུང་བ་སྟེ། འཁྲུལ་པའི་ནད་དོ། །དེ་ལྟ་བས་ན་དཀའ་ཐུབ་ནི། བརྗོད་པ་ཡང་མི་བྱའོ། །དེ་ལ་མཚན་མ་མེད་པའི་དབང་གིས་ན། ཐབས་གང་ད་རོལ་ཀྱང་། བདེ་བ་རང་འབྱུང་བ་དང་། སྒ་མལྟརགང་དུབསྐྱེད་ཀྱང། ཐབས་ཀྱི་མཐུ་བསམ་གྱིས་མིཁྱབ་པས་དེབཞིན་དུ་འཀྱུར་བ་དང་། དེ་བཞིན་དུ་སྣངབའི་དམིགས་སྟོན་ཏེ།དེ་ནི་འཆིང་བའོ། །ཨ་དང་པར་སྣ་རྔམ་ལྔན་ན། །སྨ་མའི་བདེ་བའབྱང་བཛི་འདོད། །ཞེས་བྱ་བ་རྣི། ཨ་རྣི་ཆོསཐམས་ཅད་མ་སྐེས་པའི་རང་བཞིན་གོང་ད་་་ད་པ་ཉིད་དོ། །པནི་ཆོསཐམསཅདསྐེདཔའིབདག་ཉིད་།པདྨའི་རང་བཞིན་རྟེ། དེ་ལྟཇེ་སྐྲུབས།་དེང་།ཤེས་་རབ་ཏུ་ལྡན་པས་། སྒྱུ་མའི་ཇོརྔེ་བཞིནི་བདེ་བ་རྒིང་འདོད་པ་ལྟར་སྐྱེབཇེ་འརྨེར་རོ། །དེ་ནི་ཟིནི་པའི་སྤྱོན་ཡིརྣི་རྟི། རརྗེ་རྦེཞིནདུ་མ་སྐྱེསཔའི་སྐྱེ་རྦེསྣ་རྨི་ཡིན་ཐོའི་ཕྱིར་རོ། །རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པས་དེར་སྣང་སྟེ། །ཞེས་བྱ་བ་ནི། ཅིའི་ཕྱིར་ཞེ་ན། རང་བཞིན་གཅིག་ཏུ་མ་ངེས་ལ། །བཟུང་བ་དང་འཛིན་པའི་མཐའ་མ་སྤངས་པའི་ཕྱིར་སྐྱེ་བར་འགྱུར་བས། བལྟས་པར་གྱུར་པའི་སྐྱོན་སྣང་བ་སྟེ། ཆོས་ཉིད་ཀྱི་འཁྲུལ་པ་ནི་འཀྱུར་བ་ཡིན་ལ། མིང་འདོགས་པས་རྐམ་པའི་རྒྱ་མཚོའི་བརླབས་ཀྱིས། ཀུན་ཏུ་སྣང་བར་འདོད་ཅིང་རྩོལབ་ནིསངསརྒྱསསུ་རྩོལ་ན་ཡང་སྐྱོན་ཏེ། སིམས་དེའི་བདེ་བ་ལགནས་པ་འཁྲུལ་པ་ནི། བུས་པའི་སྤྱོད་ཡུལ་འཁྲུལ་པཡིན་པས། སྣང་འདོད་རྩོལ་སེམས་བདེབ་ཡང་། དེ་ནི་དེསྒྲིབ་སྐྱོན་ཆེན་ཡིན། །ཞེས་འབྱུང་བ་ཡིན་ནོ། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམས་ཆུ་ཟླ་བཞིན། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ལམ་ལ་ས་བཅུར་བགྲོད་པ་དང་། ཐབས་ཀྱི་སྙིང་པོ་དང་། ཡི་གེའི་འབྲས་བུས། བྱང་ཆུབ་ཀྱི་ཆ་ལུགས་ཇི་བཞིན་པརའཛིན་ཅིང་། ཆུ་ཟླ་དང་འདྲ་བར་འབྱུང་བ་ཡང་། །བྱ་བ་དང་མ་བྲལ་བའི་མཐའོ། །དེ་བས་ན། མ་གོས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །ཞེས་འབྱུང་བ་ཡིནནོ། །དེབཞིནདུ་བྱང་ཆུབ་ཀྱི་ཆེ་བའི་སྐུ། །དམིགས་སུ་མེད་པ་མངོན་དུ་འཆར་ཏེ། དེ་བྱུང་བ་ཡང་བསྒོམས་པ་དང་། རེ་བའི་མཐུ་ལས་གྱུར་པའི་ཕྱིར། །སྐྱོན་ཆེན་པོ་ཡིན་ཏེ། དེ་བས་ན་བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན་ཞེས་གསུངས་པ་ཡིན་ནོ། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་རྒྱུང་ན་ཡང་། །ཞེས་བྱ་བ་ནི། དེ་བཞིན་དུ་གོང་མ་ལྟར་བསྒོམས་པ་དང་། སྒྲུབ་པའི་ཡན་ལག་ཞལ་ནས་གསུངས་པའི་དཀྱིལ་འཁོར་བསྒྲུབས་པའི་མཐུས་ཁྲོ་བོ་ཆེན་པོའི་སྐུའི་རང་བཞིན། ཡིགེའིཆལུགས་ཀྱི་རང་བཞིན་མངོན་དུབྱུང་ན་ཡང་། བསྒོམས་པ་དང་མངོན་དྭ་གྱུར་པའི་སྐྱོན་ཏེ། ཞི་བ་དེ་བཞིན་ཉིད་ནི་མེད་པའི་ཕྱིར། །ཞི་བ་དེ་ཉིད་མཐོང་བ་མེད། ཞེས་གསུངས་པ་ཡིན་ནོ། །དེ་ལ་ཡང་ཏ་ལའི་མགོ་བོ་བཅད་པ་དང་། ས་བོན་མེས་བསྲེགས་པ་དང་འདྲ་བར། ཉོན་མོངས་པའེ་དབང་གིས། འཁོར་བ་ཆེན་པོར་མི་འགྱུརབའི་ཐབས་སུ་བསྟན་ཏེ། ཡན་ལག་ཏུ་བསྒོམས་པའི་ཐབས་ཀྱི་སྐབས་འདི་སྟོན་ཏོ། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ་། གང་ལྟར་སྐྱེད་ཀྱང་མེ་ཏོག་སྐྱེ། ཞེས་བྱ་བ་ནི། བསྒྲུབ་པ་དང་། དངོས་གྲུབ་ཏུ་སྩོལ་བ་ལ་ཡང་རྣམ་པ་གཉིས་ཏེ། ངེས་པའི་ལུང་དང་རང་བཞིན་ནོ། །དེ་ལ་ངེས་པའི་ལུང་ནི། །མཉམ་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་ལ་མངའ་བརྙེས་པས་ན། གང་ལྟར་བསྒྲུབས་གང་དུ་དམིགས་འཆར་བ་དང་། དབང་ཆེན་གྱི་མངས་བསྐུར་བ་སྟེ། འཚིང་བ་མེད་པའོ། །སྤྲུལ་པ་ནི་ཀུན་ཏུ་བཟང་པོའི་རོལ་པའི་བོན་ལས་འདུས་བར་མཛད་པའི། སྐུ་མའི་སྤྲུལ་པ་བདག་ཉིད་ཆེན་པོ་ལས་གཏོང་བའི་ཕྱིར། སྒྲིབ་པ་དང་འཆིང་བར་མི་འགྱུར་རོ། །མཚན་མརྭ་ ད་པའི་དབང་གིས་ན། བསྟི་གནས་དེ་ལ་འབྱུང་མི་འགྱུར། ཞེས་བྱ་བ་རྣོ། ཆོས་ཉིད་ཀྱི་བྱིན་གྱིས་བརླབསསྟུ་ རྐྱོ་མཐུ་ལ་རྟེན་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རྟེན་ནས། དེ་ཉིད་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབྱུང་བ་དང་འདྲ་བར། སྐབས་འདིར་མཚན་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་དབང་གིས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་རང་བཞིན་བསྒྲུབས་ཏེ། འགྲུབ་པའི་རྐྱེན་གྱིས་བདེ་བའི་བསྟི་གནས་སུ་འགྱུར་གྱི། རང་བཞིན་གྱིས་ཤིན་ཏུ་གཞན་ལ་རག་མ་ལུས་པའི་ཆེ་བ་ཉིད། རྣམ་པར་གྲོལ་བ་ཆེན་པོ་ནི་མ་ཡིན་ནོ། །སྐབས་བཅུ་བདུན་པའོ།། །།ད་ནི་རྩོལ་བ་དང་བྲལ་ཞིང་མཉམ་པ་ཉིད་དུ། མི་གཡོ་བར་གནས་པས། བདེ་བ་ཆེན་པོ་ཐོབ་པར་འགྱུར་བའི་སྐབས་འཆད་དེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གླེང་གཞི་ཐམས་ཅད་དང་བྲལ་བའི་དོན་སྟོན་ཏོ། །གླེང་བྲལ་འདི་ལ་གནས་པ་ནི། རྣལ་འབྱོར་འདི་ནི་བསྐལ་བ་བཟང་། །ཞེས་བྱ་བ་ནི། མི་སྐྱེ་བའི་ཆོསཉི་ ད་ལ་བྱ་བ་མེད་དེ། བྱ་བ་མེད་པ་ནི་གླེང་གཞི་དང་བྲལ་བའོ། །དེ་ལ་བདེ་བར་གནས་པ་ནི་རྣལ་འབྱོར་ཏེ། ཆོས་ཀྱི་གཏེར་ནམ་མཁའ་དང་ལྡན་པས་བསྐལ་བ་བཟང་པོའོ། །བདག་དང་གཞན་དོན་མི་ཕྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། ཞེས་པ་ནི། མི་སྐྱེ་བའི་ཆོས་ལ་འབྱེད་པ་མེད་དེ། གཟུང་བ་དང་འཛིན་པའི་མཐའ་སྤངས་པས། ཆོས་ཀྱི་དབྱིངས་སུ་རོ་གཅིག་པའོ། །ཆོས་ཀྱི་དབྱིངས་ལ་འཁྲུལ་པ་མེད་པས། རྣམ་པར་དབྱེར་མེད་དོ། །མི་གནས་པར་སྣང་བའི་རྣམས་ནི། སྒྱུ་མ་ཆེན་པོ་སྟེ། དེའི་མཉམ་པ་ཉིད་ཀྱི་ཡུལ་ལ་རོལ་པས་ལྷུན་གྱིས་གྲུབ་པའི་དབང་ཆེན་ནོ། །སྐབས་བཅོ་བརྒྱད་པའོ།། །།ད་ནི་ཆོས་ཉིད་་ཀུན་ཏུ་མི་འགྱུར་བར་གནས་པའི་སྐབས་འཆད་དེ། བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུར་མི་འགྱུར་བའི་དོན་སྟོན་ཏོ། །ལྷག་མ་མེད་པས་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ཞེས་པ་ནི། ཆོས་ཐམས་ཅད་ལ་མཐའ་དང་དབུས་མེད་པས་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་རྫོགས་པའི་དབྱིངས་གསྐྱུག་པའི་ཕྱིར་རོ། །རློས་ཉིད་ལ་གཟུགས་མེད་དེ།ནམ་མཁའི་རང་བཞིན་ཡེ་ནས་གནས་པ་ལ། གཡོ་བའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར། དེ་བསྲང་བའི་མཐུ་དང་ལྡན་པ་གང་ནས་ཀྱང་མི་འབྱུང་བས་ན། དུས་གསུམ་དུ་མ་ནོར་བའི་དབྱིངས་དྲང་པོར་གནས་པ་ཡིན་ནོ། །ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། །གཞན་ལས་ལྟོས་འགྱུར་ཆོས་མ་ཡིན། །ལྷུན་གྱིས་གནས་པས་བདེ་ཆེན་ཏེ། མཚུངས་པ་མེད་པའི་ཡེ་ཤེས་ཀྱི། །རང་གི་མཐུའི་རིག་པ་ལས། །ཞེས་པ་ནི། རང་བཞིན་ཆེན་པོའི་ཡེ་ཤེས་ནི་མི་དམིགས་པའི་ནམ་མཁའ་དང་འདྲ་སྟེ། རྣམ་པ་ཀུན་ཏུ་མཉམ་པ་ཆེན་པོའི་ཕྱིར་རོ། །མཉམ་པ་ཉིད་ནེ་གཞན་ལས་འབྱུང་བར་མི་འགྱུར་ཏེ། སྨྲ་བ་དང་བསམ་པའི་ཡུལ་ཐམས་ཅད་ལས་འདས་པར་སྦྱོར་བ་ནི། མཚུངས་པ་མེད་པའི་ཆོས་ཉིད་ཀྱི་མཐུ། རང་གི་རིག་པ་ལས་འབྱུང་བའི་ཕྱིར། སྒོམ་པ་དང་སྒྲུབ་པའི་ཐབས་དང་སྟོབས་གཞན་ལས་མི་རྟེན་པས་ཆོས་ནི་གཞན་ལས་འབྱུང་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། ཞེས་པ་ནི། ཡེ་ནས་སྙིང་པོ་བྱང་ཆུབ་ལ་གནས་པ་དང་། རྡུལ་ཙམ་ཡང་བྱ་བ་མེད་པའི་ཕྱིར་སླའོ། །མི་དམིགས་པ་ནི་ནམ་མཁའི་སྤྱོད་ཡུལ་ལ་མཐའ་མེད་པས། བགྲོད་པ་ནི་ཤིན་ཏུ་དཀའོ། །དེ་ལྟར་ཡོངས་སུ་རྫོགས་པའི་རང་བཞིན་ལ། འདི་སངས་རྒྱས་སོ། །འདི་ནི་ཆོས་སོ། །འདི་ནི་དགེ་འདུན་ནོ། །ཞེས་འབྲས་བུ་ཅིག་ལས་རྒྱུ་གསུམ་དུ་ཕྱེ་བ་ནི་བསླད་པར་གསུངས་པའི་ཕྱིར། བཀའ་བར་འགྱུར་ལ། མི་གཡོ་བའི་སླ་བ་ལས། རྣམ་པར་བརྩད་པའི་བཀའ་འརྒྱུང་ངོ་། །མངོན་གསུམ་མི་གནས་ཀུན་ཏུ་ཁྱབ། ཞེས་པ་ནི། ཆོས་ཉིད་དེ་མ་ཐག་པའི་བདེ་བ་ནི་མཚན་མ་མེད་པ་སྟེ། དམིགས་པའི་ཡུལ་མ་ཡིན་པའི་ཕྱོར། མིག་གིས་མཐོང་བ་དང་། རྣ་བས་ཐོས་པའི་ཡུལ་མེད་དོ། །སྣྲོ་བཞིན་དུ་ཀུན་ཏུ་ཁྱབ་པ་དང་། སྣྲིང་རྗེ་ཆེན་པོ་ལ་གནས་པའི་མཐུ་ཐ་མི་དད་ཅིང་མངོན་པར་འཆར་བ་ཅིག་པའི་ཕྱིར། ཀུན་ཏུ་ཁྱབ་པ་ཡིན་ནོ། །དེ་ལ་ཡང་ཐོབ་པ་དང་བཙལ་བ་དང་བཅས་པའི་རྣམས་ནི་དཔེར་ན་ར་འོང་གི་རྭ་དང་མོ་ཤམ་གྱི་བུ་བཞན་དུ་ཐོབ་པ་མེད་དེ་གནས་པ་མེད་པའི་ཕྱིར། མིང་ཙམ་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔའམཚོནདུམེད། །ཅེས་གསུངས་པ་ཡིན། དེ་ནི་རྒྱུ་རྐྱེན་ལས་མ་གྲུབ་པའི་ཕྱིར་རོ། །སྐབས་བཅུ་དགུ་པའོ།། །།ད་ནི་རྒྱུ་རྐྱེན་ལས་མ་གྲུབ་པའི་ཕྱིར་དེ་བཞིན་ཉིད་རང་ལས་གནས་པར་མི་ཤེས་ཏེ། རྣམ་པར་མི་རྟོག་པའི་དགའ་བ་ལ་ཆགས་པའི་སྐྱོན་བསྟན་པའི་སྐབས་འཆད་དེ། བདེ་བ་ཆེན་པོའི་རྒྱུ་རྐྱེན་ལས་མི་འགྲུབ་པའི་དོན་སྟོན་ཏོ། །ངོ་མཚར་རྨད་འབྱུང་རོལ་པ་འདི། །བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ། །ཞེས་པ་ནི། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་མེད་པ་ལས། ཀུན་ཏུ་བཟང་པོའི་རོལ་པ་ལ་མཉམ་པར་གནས་པ་ནི་ངོ་མཚར་ཆེའོ། །མི་གནས་པའི་སྤྲུལ་པས་སྒྱུ་མའི་འཇིག་རྟེན་འདུལ་བ་ཆོ་འཕྲུལ་སྨད་དུ་འབྱུང་བ་སྟེ། བྱ་བ་མེད་པ་ལས་བདེ་བའི་མཆོག་ནམ་མཁའ་དང་འདྲ་བ་ལ་མི་འགྱུར་བར་གནས་པ་ནི། ཆོས་ཉིད་ཀྱི་མངས་སེམས་ཅན་ཀྱི་ཞིང་ལ་རོལ་ཅིང་ཅིར་ཡང་མི་མཛད་པའོ། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་འབྱུང་། །ཞེས་པནི། དེབཞིནདུརང་ལས་འབྱུང་བ་ནི། །ནམ་མཁའ་དང་འདྲའོ། །ནམ་མཁའ་ནི་ཅིར་ཡང་མི་དགོངས་ཏེ། གཏི་མུག་ཆེན་པོའོ། །དེ་ལྟར་གཏི་མུག་ཆེན་པོ་དེ་ལས། །དེ་མ་ཐག་ཏུ་ཤེས་རབ་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་འཆར་བར་འགྱུར་ཏེ། དེ་བས་ན་དེ་མ་ཐག་ཏུ་རང་ལས་འབྱུང་ཞེས་གསུངས་པ་ཡིན་ནོ། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུནལརངབཧཱུཾ།གནས། །བྱིས་པས་བསླད་པས་འཁྲུལ་པའི་ཕྱིར། །ཞེས་པ་ནི། སེམས་ཅན་ཐམས་ཅད་མི་དམིགས་པ་ལས་མཉམ་པར་གནས་པ་དང་། མཚན་ཉིད་གྲངས་མེད་པར་སྟོན་གྱིས་ཀྱང་། །སྙིང་པོ་བྱང་ཆུབ་ཀྱི་རང་བ ་གཅིག་པ་ལ། ཕྱིན་ཅི་ལོག་གིས་བསླད་པས་བསྒྲིབས་པའི་ཕྱིར། སྐད་ཅིག་མ་ལ་གནས་ཏེ། དེ་ཡང་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར། དཔེར་ན་སྨན་ཞེས་བྱ་བའི་མིང་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་སེལ་བར་བྱེད་པ་ཡིན་ན། དེ་ཡང་སྨན་པ་ཞེས་བྱ་བའི་མིང་ཐོབ་པས། མ་སྦྱར་མ་བཏང་ནས་སོས་པར་མི་འགྱུར་བ་དང་འདྲ་བར། ཕྱིན་ཅི་ལོག་ཀྱང་བྱང་ཆུབ་ཀྱི་རང་བཞིན་ཡིན་མོད་ཀྱི། ཕྱིན་ཅི་མ་ལོག་པ་ཡང་བྱང་ཆུབ་ཀྱི་རང་བཞིན་ཏེ། ཐབས་མཁས་པའི་སྤྱོད་ཡུལ་ཡིན་པས། དེ་བས་ན།སྨན་ཉིད་སྨན་པ་འཚོལབཞིན། ཞེས་འརྒྱུང་བ་ཡིན་ནོ། །སྐབས་ཉི་ཤུ་པའོ།། །།ད་ནི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་ཀྱི་ཆེ་བ་ཉིད་དུ་གནས་པའི་སྐབས་འཆད་དེ། བྱང་ཆུབ་ཀྱི་སེམས་ཡེ་ནས་རྣམ་པར་དག་པའི་དོན་སྟོན་ཏོ། །གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །ཞེས་པ་ནི། ཆོས་ཐམས་ཅད་ཞི་བ་དང་བྱ་བ་མེད་པར་གྱུར་པ་ན། བདེ་བ་ཆེན་པོ་སྟེ། ཀུན་ཏུ་བཟང་པོའོ། །དེ་ཡངདེབཞིན་ཉིད་དུ་གནས་དེ་ཉིད་ཀྱང་བཟུང་བ་དང་། འཛིན་པ་ལ་མི་ལྟོས་པ་ནི། དུས་ཐམས་ཅད་དུ་རྣམ་པར་དག་པའི་འཇིག་རྟེན་ན་གནས་པ་ཞེས་བྱ་སྟེ། དེ་ལ་ཡང་མིང་ཙམ་དུ་ཆོས་ཐམས་ཅད་ལ་མངའ་བརྙེས་པའི་དབང་གིས། ཕྱོགས་མཚམས་དང་། བླ་འོག་ལ་སོགས་པ་གཉིས་སུ་མེད་པའི་བདེ་བ་ལས་འོད་འདུས་པས། ཕྱོགས་བཅུའོ་ཞེས་སྒྱུ་མའི་མཚན་ཉིད་དུ་རྣམ་པར་གྲགས་ཏེ། དེ་ཡང་ལས་དང་རང་བཞིན་ནོ། །དེ་ལ་རང་བཞིན་ཆོས་ཀྱི་དབྱིངས་ཡེ་ནས་གནས་པའི་མཐུས་མི་འགྱུར་བའི་འཇིག་རྟེན་ན་སྒྱུ་མར་གནས་པའོ། །ལས་ནི་བལྟས་པའི་མཐུ་ལས་སྒྱུ་མར་སྣང་བས། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་བརྒྱད་བླ་འོག་འགྲུབ། །ཞེས་འབྱུང་བ་ཡིན་ནོ། །རིགས་ཀྱི་ཁྱད་པར་མངོན་པར་སྣང་།ཞེས་པ་ནི། འཇའ་ཚོན་ནི་མ་ངེས་པའི་དཔེ་སྟེ། ཁ་དོག་རྣམ་པ་སྣ་ཚོགས་པའི། །སེམས་ཅན་ཀུན་ཏུ་སྣང་བ་རྣམས་སོ། །དེ་ལ་སྐྱེ་བའི་རྒྱུད་མི་མཐུན་པའི་ཁ་རྒྱུད་ཅིང་སྐྱེ་བ་རྣམས་ནི། རིགས་ཀྱི་ཁྱད་པར་གྱི་སྣང་བ་རྣམས་སོ། །དེབཞིན གཡོ་གདུལ་མི་གཡོ་བའི། །འབྱུང་བ་ལྔ་ལས་གཙོ་ཟེན་ཡིན། །ཞེས་པ་ནི། དེ་ལ་གཡོ་བའི་རྡུལ་ནི། མ་ལུས་པའི་སེམས་ཅན་རྣམས་ཏེ། ། གཡོ་བ་དེ་ནི་མི་རྟག་པས་སོ། །མི་གཡོ་བ་ནི་སྣོད་ཀྱི་འཇིག་རྟེན་ཏེ། གཞན་གྱི་དབང་གིས་ནི་གཡོ་ཞིང་སྐྱོད། །རང་གི་མཐུས་ནི་མི་གཡོ་བའོ། །རྡུལ་ཞེས་བྱ་བ་ནི་མི་དམིགས་པར་དོན་གཅིག་པའི་ཕྱིར་རོ། །འབྱུང་བ་ལྔ་ནི། སྙིང་རྗེ་ཆེན་པོ་སྟེ། དེ་བཞིན་གཡོ་བའི་རྡུལ་མཚུངས་པར་གནས་ཀྱིང་ལྷག་པའི་བསམ་པ་ཐམས་ཅད་དང་བྲལ་བའི་ཕྱིར་སངས་རྒྱས་ཆེན་པོ་ལྔ་ཡིན་ནོ། །སྐབས་ཉེར་གཅིག་པའོ།། །།ད་ནི་སྣོགས་དབུལ་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་ལས་འདས་པ་དང་། ད་ལྟར་དང་མ་འངས་པ་རྣམས། མཆོད་ཅིང་བསྐུལ་བ། རྒྱུད་དང་གལ་པོ་རྣམས་ལས་སྔགས་དང་ཕྱག་རྒྱ་དང་།ཏིང་ངེ་འཛིན་དུ་བྱ་བས་སྦན་དྲངས་བ་དང་། བཤོས་སངས་སྦྱར་བ་དང་།སེམས་ཅན་གྱི་དོན་དུ་འགྱུར་བར་བྱ་བའི་ཐབས་སུ། གསུངས་པ་ཡང་མང་མོད་ཀྱི། དེ་ནི་ལུང་དང་མན་ངག་གི་ངེས་པ་མ་ཐོབ་པ་རྣམས་ལ་བསྟན་པ་སྟེ། སྦྱང་བའི་རྡོན་ཏོ། །ད་འདིར་ནི་རང་བཞིན་གྱིས་གནས་པ་དང་། ཡོངས་སུ་རྫོགས་པའི་སྐབས་འཆད་དེ། བྱེད་པ་ཐམས་ཅད་དང་བྲལ་བའི་དོན་སྟོན་ཏོ། །འདས་དང་མ་བྱོན་ད་ལྟར་གྱི། །ཐ་སྙད་མིང་ལ་མི་གནས་ཏེ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །དེ་ཉིད་དུས་གསུམ་ཆེན་པོར་སྦྱོར། །ཞེས་པ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་མིང་ཡང་སྒྱུ་མའི་བླ་དགས་ཏེ། དུས་ཞེས་བྱ་བ་ཅི་ཡང་མེད་པ་ལ། །དུས་གསུམ་དུ་གཙེས་པས་འཁྲུལ་པ་སྟེ་ཐ་སྙད་དང་མིང་ཙམ་མོ། །སྐྱེ་འགགས་མེད་པའི་ཆོས་ཉིད་ལ་བྱང་ཆུབ་ཉིད་ཀྱང་ལེན་པ་མེད་དེ། སངས་རྒྱས་སུ་ཡང་གནས་པར་མི་འཛིན་ན། དུས་དང་ཁྱད་པར་ལྟ་ཅི་ཞིག་སྨོས་ཏེ། དེ་མ་ཐག་གཅིག་ལ་དུས་གསུམ་དུ་ཕྱུང་སྟེ། དེ་མ་ཐག་སྔམནིའདས་པའོ། །དེའི་བར་ནི་ད་ལྟར་གྱིའོ། །དེའི་འོག་མ་ནི་མ་འོངས་པསྟེ། དེབཞིནཉིད་དུ་གཅིག་ནས་གཅིག་ཏུསྐྱེས་པ་ནི་མི་རྟག་པས། ཞི་བར་གྱུར་པ་དེ་ནི་ཆོས་ཉིད་ཀྱི་རོལ་པ་ཞེས་བྱ་སྟེ། ཆོས་ཉིད་དབྱེངས་མ་དང་འདྲ་བར་ཐམས་ཅད་དུ་གནས་པ་ཡིན་ནོ། །དེ་བས་ན་སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། དེ་ཉིད་དུས་གསུམ་ཆེན་པོར་སྒྲོར་ཞེས་འབྱུང་བ་ཡིན་ནོ། ། མཉམ་པས་རིམ་པར་བཀོད་པ་མེད། །གཅིག་པས་ཕྱོགས་སུ་བསྔོ་དང་བྲལ། །ཞེས་པ་ནི། མཉམ་པ་ཉིད་ནི་ཡོངས་སུ་རྫོགས་པ་སྟེ། །མཆོད་སྤྱིན་དང་ཚོགས་ལ་སོགས་པ་རིམ་པར་དསྟུ་བ་དང་དུས་ངེས་པ་མེད་དོ། །ཀུན་ཏུ་བཟང་པོའི་སྤྱོད་པ་ནི། རྣམ་པར་མི་དབྱེ་ཞིང་། ཕྱོགས་ཐམས་ཅད་དུ་གཅིགཔའིཕྱིར། འདིའོ་ཞེས་བསྔོ་བ་ལྷག་པ་མེད་དོ། །ཚོགསཀྱི་རྒྱན་རྣམས་བཀྲམ་པ་ཡང་། །རང་བཞིན་གནས་པས་འགྲིམ་པ་མེད། ། ཞེས་འབྱུང་བ་ཡིན་ཏེ། བཅ་ཀྱི་འཇིག་རྟེན་འདོད་པའི་ཡོན་ཏན་ལྔ་ལ་སོགས་ཏེ། ཀུན་ཏུ་བཟང་པོའི་རྒྱན་དུ་གྱུར་པས་ན། ཆོས་ཐམས་ཅད་ཀྱི་རྒྱན་དུ་ཞེས་འབྱུང་། དེ་རྣམས་ད་བཟོད་འགྲིམ་ཞིང་རིམ་པར་བགོད་མི་དགོས་ཏེ། ཡེ་ནས་གནས་པའི་ཕྱིར་འགྲིམ་པ་མེད་དོ། །ལྷུན་གྱིས་གནས་པས་མི་བསྔོ་ཞིང་། །གདོད་ནས་དག་པས་བདུད་རྩི་ཡིན། །ཞེས་པ་ནི། ཐམས་ཅད་ཀུན་ཏུ་བཟང་པོའི་རྒྱན་ཡིན་པའི་ཕྱིར། ལྷུན་གྱིས་གྲུབ་པ་སྟེ་ཁྱད་པར་མེད་པས་བསྔོ་བ་མེད་ལ། ཁྱད་པར་མེད་པའི་ཆོས་ཉིད་ནི། སྡུག་བསྔལ་གྱི་ནད་ཐམས་ཅད་དང་བྲལ་བའི་ཕྱིར་བདུད་རྩི་དང་འདྲའོ། །དེ་ཡང་གདོད་མ་ནས་གྲུབ་པའི་བདག་ཉིད་ཅན་ནོ། ། འ་བྱེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་བཟུང་བ་མེད། །ཞེས་པ་ནི། འདུ་བ་དང་མཆེད་པ་ནི་དབང་བསྒྱུར་བའི་ཆོས་ཅན་ཏེ། གཟུགས་ཀྱི་རངབཞིནནོ། །མིགནས་པའི་བདེ་བ་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་འདུ་བ་དང་། བདག་གི་རོལ་པས་ཀུན་ཏུ་བཟང་རྦོའི་རྒྱན་ཐམས་ཅད་དུ་ལོངས་སྤྱོད་པ་མི་མཆེད་པ་སྟེ། མཆེད་པ་ནི། སེམས་ཅན་ཐམས་ཅད་མི་གཏོང་བའི་སྙིང་རྗེའི་ཤེས་རབ་ཀྱི་སེམས། སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པ་ལ་མཆེད་པ་སྟེ། ནང་གི་རོལ་པ་དྲུག་དང་། ཕྱིའི་བདེ་བ་ལེན་པ་དྲུག་སྟེ། བཅུ་གཉིས་སོ། །དེ་རྣམས་ཀྱང་རང་བཞིན་གྱིས་གནས་པ་དང་། འཇིག་རྟེན་ཐམས་ཅད་དང་མཚུངས་པར་སྦྱོར་བ་དང་། རྒྱུ་གཅིག་པ་ལས་ཀུན་ཏུ་འབྱུང་བའི་ཕྱིར་ལྷག་པའི་བསམ་པས། བསྔོ་ཞིང་བཟུང་བ་མེད་དོ། །ཞེས་བསྟན་པ་ཡིན་ནོ། །སྐབས་ཉི་ཤུ་གཉིས་པའོ།། །།ད་ནི་ཚོགས་ཀྱི་རྒྱན་རྣམས་རང་བཞིན་ལྷུན་གྱིས་གྲུབ་པའི་སྐབས་འཆད་དེ། བྱ་བ་མེད་པའི་དོན་སྟོན་ཏོ། །ཡིད་ཀྱི་བསམས་པས་ཡོན་དག་སྟེ། །བལྟས་པའི་སྟོབས་ནི་བཀྲམ་པའོ། །ཞེས་པ་ནི། མི་གནས་པའི་ཏིང་ངེས་འཛིན་ལ་ཡུད་ཙམ་དུ་གནས་པ་ནི། ཆོས་ཀྱི་དབྱིངས་ལ་དབང་བྱེད་པ་སྟེ། དཔེར་ན་ཆོས་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་ནི་ཡོན་དག་ཆེན་པོ་ཞེས་བྱའོ། །དེ་ལྟར་བལྟས་པའི་ཡུལ་མེད་པ་ལ། གྲུབ་པའི་སྟོབས་སུ་གྱུར་པ་ན། ཆོས་ཐམས་ཅད་ཚོགས་སུ་བཀྲམ་པའོ། །མཐོང་བར་གྱུར་པས་དརྗོས་གྲུབ་ལ། །དེའི་མཉམ་བཞག་རྫོགས་པའོ། །ཞེས་པ་ནི། ཚོགས་ཏེ། མི་དམིགས་པར་མཐོང་བ་ནི། །མི་འཀྱུར་བའི་དངོས་གྲུབ་ཆེན་པོའོ། །དེ་ལ་མི་གནས་པ་ནི་ཡོངས་སུ་རྫོགས་པའི་མཉམ་པ་ཉིད་དོ། །སྐབས་ཉེར་གསུམ་པའོ།། །།ད་ནི་ལྷུན་གྱིས་གྲུབ་པའི་སྐབས་འཆད་དེ། བྱང་ཆུབ་ཀྱི་སེམས་མི་དམིགས་པའི་ངང་དུ་ཡུལ་ཡུལ་ཅན་མེད་པའི་རྡོན་སྟོན་ཏེ། །ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །དགའ་བར་གྱུར་བས་དམ་ཚིག་སྟེ། །ཐབས་ཀྱི་གར་ཐབས་བསྐྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །ཞེས་པ་ནི། བདག་དང་གཞན་དུ་མི་དམིགས་པ་ནི། ཆོས་ཀྱི་དབྱིངས་ལ་སྦྱོར་བ་སྟེ། སྒོར་བ་ཆེན་པོ་ཞེས་བྱའོ། ། དེ་བཞིན་དུ་བདེ་བ་ལ་གནས་པ་ནི། ཀུན་ཏུ་བཟང་པོ་སྟེ་དགའ་བ་ཆེན་པོའོ། །ཆོས་ཀྱི་དབྱིངས་མ་དང་དགའ་བར་ལྡན་པའི་དུས་ན། མི་གཏོང་བའི་ཤཱགས་ནམ་མཁའ་དང་འདྲ་བར་སྤྱོ་ར་བས། དམ་ཚིག་སྟེ། ཉམས་པ་མེད་པའོ། །སྒྱུ་མའི་སྤྲུལ་པ་འགྱེད་པ་ནི་ཐབས་ཀྱི་གར་ཐབས་སོ། །གཟུངས་དང་བདེ་བར་ལྡན་པའི་དོན་ལས་འགྱུར་བས་ན། བསྐྱོད་པ་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དམིགས་སུ་མེད་པ་དང་། ཆོས་ཀྱི་དབྱིངས་ལ་ཀུན་ཏུ་བཟང་པོ་མི་དམིགས་པས། གཉིས་དང་གཉིས་སུ་མེད་པའི་སྒྲོར་བ་ཕུལ་བ་ཡིན་ནོ། །ཞེས་འབྱུང་བ་ཡིན་ནོ། །སྐབས་ཉི་ཤུ་བཞིན་པའོ། །ནི་ལས་རྒྱ་མཚོ་མཉམ་པར་བཞག་པས་འགྲུབ་པའི་སྐབས་འཆད་དེ། གཟུངས་དེ་དང་བདག་དང་བཅས་པའི་གཏོར་མ་སྟོན་ཏོ།། །།མི་བཟུང་གཏོང་བས་གཏོར་མ་ཡིན། །བྱ་བ་མེད་པས་ལས་རྣམས་ཏེ། ། མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མི་གསུང་མཉམ་བཞག་དམ་ཚིག་གོ །ཞེས་འབྱུང་བ་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་བཟུང་བ་དང་། འཛིན་པའི་མཐའ་སྤངས་ཏེ། མཉམ་པ་ཉིད་ལ་གནས་པས། མཉམ་པ་ཉིད་ཀྱང་མི་རྟོག་པ་འདི་ནི་གཏོང་བ་ཆེན་པོ་སྟེ། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་གཏོར་མའོ། །བྱ་བ་ཐམས་ཅད་དང་བྲལ་བ་ནི་ལྷུན་གྱིས་གྲྭབ་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་མཐུ་དང་ལྡན་པས་ན། འཁོར་བ་དང་ངན་འདས་པར་གྱུར་པའི་ལས་ཐམས་ཅད་ཟིལ་གྱིས་མནན་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པ་ནི་འཁོར་བའི་རྒྱ་མཚོ་སྟེ། བགེགས་ཆེན་པོའོ། །མི་རྟོག་པ་ཡེ་ཤེས་ཀྱི་ཉི་མ་སྟེ། ཆོས་ཐམས་ཅད་ལ་མངའ་མཉེས་པས་ན། ཕྱི་ནང་གི་བགེགས་ཐམས་ཅད་ཟིལ་གྱིས་ནོན་པ་དང་བསལ་ཟིན་པའོ། །མཉམ་པ་ཉིད་ལ་ཆོས་ཅིག་འབྱུང་བས་རྒྱུད། །འཛིན་པའི་མཐར་འགྱུར་ཏེ། བགེགས་ཀྱི་གནས་སོ། །དེ་ལ་གསུང་བ་དང་བྲལ་ནི་བྱང་ཆུབ་སྟེ། ཆོས་ཀྱི་དབྱིངས་ཀྱི་མཐུའོ། །དེ་བཞིན་དུ་མི་གསུང་བར་འདུལ་བ་ནི། སྔགས་ཀྱི་ཚིག་དམ་པའོ། །སྐབས་ཉི་ཤུ་ལྔ་པའོ།། །།ང་ནི་ཐབས་མེད་ཅིང་མི་མཁས་པས་བདག་དང་བཅས་པའི་སྦྱིན་པ་གཏོང་བ་དང་། གཏོར་མ་དང་བསོད་ནམས་དང་ཡེ་ཤེས་ཆོགས་ལ་སོགས་པ་རྣམས་ལས་དང་ཉོན་མོངས་པར་གྱུར་པའི་སྐབས་འཆད་དེ། དེ་བཞིན་གཤེགས་པ་ལ་ཆགས་པ་དང་མ་ཆགས་པའི་དོན་སྟོན་རྟ། །བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་འབྱུང་བ་ཡིན་ཏོ། །བླ་མ་ཞེས་བྱ་བྱང་ཆུབ་ཀྱི་སྙིང་པོ་སྟེ། རང་གི་རིག་པ་ལས་འབྱུང་བའི་སངས་རྒྱས་སོ། །ཇི་ཙམ་དུ་བདག་ཆོས་ཀྱི་དབྱིངས་ཀྱིས་བདེ་བར་གནས་པས་ན། འཁོར་གསུམ་ཆེན་པོ་ཡོངས་སུ་ཚིམ་པའི་མཆོད་པ་ཆེན་པོ་སྟེ། དེ་ནི་སྙིང་པོ་བྱང་ཆུབ་ཀྱི་སྙིང་པོས་མཆོད་པའི་རང་བཞིན་ནོ། །དེ་ལ་རྡོ་རྗེ་སློབ་དཔོན་ནི་ཆོས་ཉིད་ཀྱི་རང་བཞིནཡིནཏེ། ཆོས་ཉིད་དེ་སློབ་མ་ལ་འབྱིན་པར་མཛད་པས། སྟོན་པ་པོ་སངས་རྒྱས་ཀྱི་སྦན་གྱི་ཡང་སྤྱན་ཞེས་བྱ་སྟེ། ཆོས་ཀྱི་མཆོད་པ་དབུལ་བ་དང་། ལྟོ་པི་ཡེ་ཤེས་ཡིད་བཞིན་གྱི་ནོར་བུ་ཆེན་པོ་རང་ལ་ཡོད་པས་མཆོད་པ་དབུལ་བར་བྱའོ། །དེ་བཞིན་དུ་བསོད་ནམས་སུ་བྱ་བ་ཡང་ཟིན་པ་མེད་པའི་གདེང་དང་ཆགས་པ་མེད་པ་ལ་མི་དམིགས་པར་མི་སྒོར་གྱིས། བསོད་ནམས་སོ་ཞེས་གཡོ་བའི་སེམས་དང་ལྡན་ན། ཉོན་མོངས་པའི་ས་བོན་འདེབས་ཀྱི་བསོད་ནམས་མི་བྱེད་དོ། །དེ་ལ་མ་ཆགས་པ་ནི་རྒྱུ། མི་གནས་པ་ནི་གཏོང་བ། མི་དམིགས་པ་ནི་སྦྱིན་པ་ཆེན་པོ་་སྟེ། དེ་བཞིན་དུ་བསོད་ནམས་ཐམས་ཅད་ཀྱང་ནང་དུ་བསམ་པར་བྱའོ། །དེ་ལྟ་བས་ན་བྱས་ན་འཆིང་བ་ཆེན་པོར་འགྱུར་ཞེས་འབྱུང་བ་ཡིན་ནོ། །སྐབས་ཉི་ཤུ་དྲུག་པའོ།། །།ད་ནི་ལུང་འབྲེལ་པ་མིང་ཙམ་བརྡར་བསྟན་པའི་སྐབས་འཆད་དེ། དེ་བཞིན་ཉིད་ལ་རྩོལ་བ་སྒྲིབ་པར་འགྱུར་བའི་དོན་སྟོན་ཏོ། །དེ་བས་དེ་ལུང་དེ་ཉིད་ལས། །དེ་ལས་དེ་དབྱར་སྒྲིབ་པར་འགྱུར། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་འགྲུབ་པ་མེད། །ཅེས་གསུངས་པ་ཡིན་ཏེ། དེ་ནི་དེ་བཞིནཉིདདེ། དེས་ན་ལུང་འདི་ཉིད་ལ་བྱའོ། །དེ་བཞིན་ཉིདདེ་ལས། །དེབཞིན་འཚོལ་བས་སྒྲིབ་པར་འགྱུར་ཏེ། དེ་རྩལ་ན་སྒྲིབ་པར་འགྱུརརོ། །དེབཞིནཉིདདེ་ལས་དེ་བཞིན་ཉིད་བླངས་ཏེ། ཐོབ་པའི་དེ་བཞིན་ཉིད་དེ་ལ་གནས་ན་རྟོག་པ་ཆེན་པོ་སྟེ། ཉོན་མོངས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཟིན་པའི་ཆོས་ཉིད་ལ་བྱ་བར་རྩོལ་བ་ནི། ནམ་མཁའི་ཁམས་བཟོད་བགོད་པ་དང་འདྲ་སྟེ། གྲུབ་པའི་མཐའ་མེད་དོ། །དེ་ལྟ་བས་ན་ཞི་བ་མཉམ་པ་ཆེན་པོ་ལ་ནི་ཅི་དགར་སྤྱོད་ཅིང་། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ་གནས་ན་ཆོས་ཉིད་ཡིན་ནོ་ཞེས། བཅོམ་ལྡན་འདས་ལུང་ཐམས་ཅད་ཀྱི་བདག་ཉིད། དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །སྐབས་ཉེར་བདུན་པའོ།། །།ལྕགས་འབྲེལ་རྫོགས་སོ།། །།དགེའོ།། །།༄་། །རྣལ་འབྱོར་གྱི་རིམ་པའི་རྒྱུད་ཅེས་བྱ་བ་བཞུགས་སོ། ། རྒྱ་གར་སྐད་དུ། ཡོ་ག་ཀྲ་མ་ན་མ་པྲི་ཏ་ཏན་ཏྲ་ན་མ། བོད་སྐད་དུ། རྣལ་འབྱོར་གྱི་རིམ་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་