Ngb-pt-0932-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། དེ་ཝ་ཡ་ཏི་སན་ཏྲི་ཉུ་ཉ་ཏ་པི་སམ་ག་ནཱ་མ་མ་ཧྭ་ཏན་ཏྲ། བོད་སྐད་དུ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ། བམ་པོ་གཉིས་པ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་མཆོག་དམ་པ་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་བཞུགས་ཏེ། དེའི་ཚེ་ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །འགྲོ་རྣམས་སྲོག་གིས་བསྡུས་པ་ལ། །དྲེགས་ཆེན་རྣམས་ཀྱི་ལག་ཏུ་ཚེ་ཤོར་གླུད་ཤོར་ན། །དེ་ནས་དགུག་ན་ཇི་ལྟར་བགྱི། །གླུད་ཀྱིས་བསླུ་ན་ཅི་རྣམས་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །འགྲོ་རྣམས་ཚེ་སྲོག་བསྡུས་པ་ལ། །དྲེགས་པ་རྣམས་ཀྱི་ལག་ཏུ་ཚེ་ཤོར་བླ་ཤོར་ན། །དེ་ནས་འགུག་པར་བྱ་བ་ནི། །མཐུ་དང་གླུད་ཀྱིས་ཚེ་སྲོག་བསླུ། །སྲོག་དང་སྲོག་གིས་བརྗེ་བ་དང་། །རིན་ཆེན་སྣ་ལྔས་བསླུ་བ་དང་། །འཇིག་རྟེན་རྫས་ཀྱིས་བསླུ་བ་དང་། །ལྟོ་དང་དཔྱད་ཀྱིས་དགུག་པ་དང་། །རྩི་བཅུད་འབྲུ་བཅུད་ཟས་ཀྱིས་བསླུ་བའོ། །ཏིང་འཛི་ལྡན་པས་དྲག་པོས་དགུག དེ་ཡིས་བསྟན་པ་ནི། དྲེགས་པའི་རྒྱལ་པོས་འདི་སྐད་སྨྲོས། ཅེས་བཀའ་སྩལ་ཏོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ལ། བརྒྱ་བྱིན་གྱིས་གླེང་གཞི་ཞུ་བ་གནང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཡ་བདུད་བཅུ་གསུམ་དང་། བདུད་སིལ་མ་སྟོང་གིས་རང་རང་གི་ལས་འདི་སྨྲས་ཏེ། འགྲོ་བའེ་ཚེ་སྲོག་བསྡུ་འདོད་ན། །གསང་བདག་ཏིང་འཛིན་ལྡན་པ་ཡིས། །གཙང་མ་དར་གྱི་གཞི་སྟེངས་སུ། །འབྲུ་སྣ་ཚང་བའི་པྱེ་མ་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །དེ་ལ་དར་ནག་རྒྱན་ལྡན་ལ། །ཕོ་ཡི་མདའ་ཁྲ་བཅུ་གསུམ་གཟུག །ནམ་མཁའ་ཡང་ནི་བཅུ་གསུམ་གཟུག །གཡས་སུ་གསེར་ལ་གཡོན་དུ་གཡུ། །དཔྲལ་བར་དུང་ལ་ཐུགས་ཀར་རིན་པོ་ཆེ། །ཕུད་དང་རིན་ཆེན་གཟུགས་དང་བཅས། །བཤོས་བུ་མཐའ་བསྐོར་མེ་ལོང་མདའ་དང་བཅས་པའོ། །ཙ་ར་རོག་པོ་དག་ལ་ནི། རྭ་ལ་བསེ་ཡི་ཆུ་ཡིས་བྱུག གཡས་པ་ཁྲམ་ཤིང་བཅིང་བ་དང་། །གཡོན་པ་ཤོད་རྡེའུ་དང་བཅས་པ་སྟེ། སྐེ་ནས་ཞགས་པས་བསྐོར་བ་སྟེ། །དེ་ལ་དར་དང་སྣ་ཚོགས་རྒྱན་གྱིས་བརྒྱན། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་རྣམས་ཀྱི་གསག་པའི་ལེའུ་སྟེ་གཉིས་པའོ།། །།ཧུ༷། བདུད་ཡུལ་ནག་པོ་བགོ་དགུ་མྲ །བདུད་རྣམས་ཐམས་ཅད་དེར་ཚོགས་ཏེ། །བདུད་རྣམས་ཀྱིས་ནི་མདུན་མ་བསྡུས། །བདུད་རྗེ་རྒྱལ་པོ་མི་བཟད་པ། །བདུད་ཆེན་རི་ཏི་འགོང་ཡག་ཞལ་ན་རེ། །བདུད་རྣམས་ཞེ་སྡང་ཆེན་པོ་སྟེ། །ཚ་སྲོག་དབུགས་ཀྱི་བདག་པོ་ཡིན། །ཚ་ལས་གཞན་པོ་གང་དུ་བཙལ། །སྲོག་ནི་ཐམས་ཅད་སྡུད་པ་ཡིན། །སྲོག་ལས་བསྡུས་པ་གང་ནས་རྙེད། །ཤ་དང་རུས་པ་བཅུད་ཡིན་ཏེ། །བཅུད་ལས་ལྷག་པ་གང་ན་ཡོད། ཁྲག་དང་ཆུ་སེར་སྐོམ་ཡིན་ཏེ། །དེ་ལས་བདའ་བ་གང་ན་ཡོད། །ཚེ་སྲོག་མ་ལུས་བསྡུ་དགོས་ཟེར། །ཤ་ཁྲག་མ་ལུས་བཟའ་དགོས་ཟེར། །མཚམས་བདུད་ཡུ་པོ་ཞལ་ན་རེ། །འུ་ཞེ་སྡང་བདུད་ཀྱི་བུ། །བདུད་ལས་གདུག་ཆེ་གང་ན་ཡོད། །བདུད་ལས་གཉན་པ་མ་མཆིས་ཏེ། །མཉམ་གཉིས་བརྗེ་ན་བསླུ་རུ་རུང་། །མཚུན་གཉིས་གསོར་ན་བསླུ་རུ་རུང་། །སྲོག་དང་སྲོག་བརྗེ་བསླུ་རུ་རུང་། །ལུས་དང་ལུས་བརྗེ་ན་གླུད་དུ་རུང་། །ནོར་དང་ལོངས་སྤྱོད་བཟང་ན་གླུད་དུ་འོང་། །བདུད་བསྐོས་ཀྱི་བདག་པོའི་ཞལ་ན་རེ། །འུ་ཞེ་སྡང་བདུད་ཀྱི་བུ། བདུད་ལས་གཉན་པ་མ་མཆིས་ཏེ། །ཇི་ལྟར་ཡས་ཐགས་བདུད་ཆད་ཀྱང་། །གླུད་ཀྱིས་བསླུ་ན་ལོ་བར་བཅད། །ཅེས་ཟེར་རོ། །དེ་ནས་བདུད་ཀྱི་མདུན་མ་བྱས་པས། མདུན་མ་འདུས་པའི་འདུན་རྗེས་ལ། ཐམས་ཅད་གླུད་ཀྱིས་ལོ་བར་བཅད། ཧུ༷། ཞེ་སྡང་ཆེན་པོ་བདུད་ཀྱི་བུ། །བདུད་ལས་གཉན་པ་མ་མཆིས། །ཕོ་བདུད་ནི་བཅུ་གསུམ་སྟེ། གདུག་པ་ཆེན་པོ་ད་ཚུར་སྤྱོན། །དང་པོ་སྲིད་པ་ཆགས་ཤིང་སྲིད་པ་ལས། །ཕོ་བདུད་བཅུ་གསུམ་སྲིད། །བདུད་ཐམས་ཅད་ཀྱི་བདག་པོ་ལགས། །དེ་རིང་སྲིད་པའི་མདོས་ཅིག་འབུལ། །ཞེ་སྡང་གདུག་པ་ཞི་བར་གྱིས། །བདུད་སྲིན་མ་ནི་སྟོང་གི་ཚོགས། །བདུད་ལས་གཉན་པ་མ་མཆིས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཞེ་སྡང་བདུད་ཀྱི་རིགས། མི་སྡུག་པའི་ལུས་ཅན་ཏེ། ལག་ན་མཚོན་ཆ་སྣ་ཚོགས་བསྣམས། །ཆིབས་སུ་དུད་འགྲོ་མི་སྲུན་ཆིབས། །སྐྱེ་འགྲོ་མ་ལུས་དམྱལ་ཐག་གཅོད། །ཞགས་པ་ནག་པོ་མདའ་ལྟར་འཕེན། །དེ་རིང་སྲིད་པའི་མདོས་ལ་བྱོན། །དར་གྱི་མི་ཆེན་སྡེམ་པ་འདི་ཕུལ་ནས། །འདི་བསྐྱེད་ནི་འབྱུང་བ་ལྔ་ལས་བསྐྱེད། །དག་པའི་ཏིང་འཛིན་བྱིན་གྱིས་བརླབས། ཁྲ་ལྟ་བསེ་ལ་རུས་པ་དུང་། ཁྲག་ལྟ་མཚལལ་ཆུ་སེར་གསེར། །མཛེས་པའི་སྐྲ་ལ་རིན་ཆེན་སྙིང་། །ཕུང་པོ་དང་ནི་ཁམས་གསུམ་ཚང་། །སྐྱེ་མཆེད་དང་ནི་བཅས་པ་སྟེ། །འདི་ནི་མཉམ་གཉིས་བརྗེ་བའི་གླུད། །མདའ་ནི་རྟེན་པའི་སྐུ་མཁར་ཏེ། །རི་ཆེན་སྣ་ལྔའི་རྩིག་པ་ལ། །འབར་བའི་རིན་ཆེན་ཐོག་རུ་བཅས། །འཇའ་ཚོན་སྣ་ལྔ་འོད་དུ་འབར། །སྐུ་ཡི་ཚད་ལ་སྐུ་རྟེན་ཅིག །ནམ་མཁའ་འདི་ནི་ཡུལ་ཡིན་ཏེ། །ནམ་ནི་ནང་གི་བཅུད་ཡིན་ཏེ། །མཁའ་ནི་ཕྱི་ཡི་ཡུལ་དུ་བརྟག །ནམ་ནི་རིག་པ་ཡེ་ཤེས་ཏེ། །མཁའ་ནི་གཉིས་མེད་དག་པའི་དོན། །ནམ་ནི་བསྐྱེད་པའི་ཕྱི་མོ་སྟེ། །མཁའ་ནི་རྟེན་པའི་ཚུལ་དུ་གནས། །གཉིས་མེད་དག་པའི་གླུད་དུ་བསྔོ། །ཙ་ར་འདི་ནི་གླུད་མཆོག་སྟེ། །དང་པོ་འབྱུང་བ་ཆེན་པོས་བསྐྱེད། །བར་དུ་སྐྱེ་འགྲོ་གཟུགས་ཀྱིས་བསྡུས། །ར་ཡི་འབྱུང་བ་ལྔ་བཤམས་པས། །ཕུང་པོ་ལྔ་ཡིས་བདུད་རྣམས་བསྐོངས། །རྣམ་པ་ལྔ་ཡིས་བདུད་ཡུལ་བསྐོངས། །རྣམ་ཤེས་བརྒྱད་ཀྱིས་རོལ་པའི་ཚོགས། །ལྷུ་ཆེན་བཅུ་གཉིས་མགོ་དང་བཅུ་གསུམ་གྱིས། །ཡ་བདུད་བཅུ་གསུམ་དག་ལ་འབུལ། །བདུད་རྣམས་འདི་ཡིས་སྐོངས་པར་ཤོག །རུ་བདུད་ཆེན་པོ་རུ་ཡིས་མཚོན། ཁྲམ་བདུད་ཁྲམ་ཆེན་འདི་ཡིས་བཟློག །འབྱུང་བ་ཆེན་པོ་ལྔ་ཡིས། །འབྱུང་ལྔ་བདུད་ལ་འབུལ། ཙིསྟ་ཆེན་པོ་བདུད་ཆེན་རྣམས་ལ་འབུལ། སྐྲུ་རྟོག་ཡུལ་དང་བཅས་པས། །བདུད་སིལ་མ་རྣམས་ལ་འབུལ། མཁལ་མ་དང་ནི་མཆེར་པས་གིང་ཆེན་མཆོད། ཁྲག་དང་ཆུ་སེར་དག་གིས་མཆོད། །བདུད་རྣམས་ཡོངས་སུ་ལོ་བར་གྱིས། །བདུད་རྣམས་གླུད་ཀྱིས་ལོ་བར་གྱིས། །ཞེ་སྡང་སེམས་ཀྱི་མདུད་པ་ཁྲོལ། །གདུག་པ་གླུད་ཀྱིས་ཞི་བར་གྱིས། །ངེས་པའི་སྔགས་ཀྱིས་བྱིན་བརླབས་ཏེ། །བདེན་པའི་ཚིག་གིས་བཀྲོལ་ཏེ་མཆོད། །གཅེས་པའི་བམ་པོ་དང་པོ་ལྟར་ཏེ་མཆོད། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བདུད་མཆོད་ཅིང་གླུད་གཏང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བཙན་ཐམས་ཅད་ཀྱིས་རང་རེའི་གླུད་ཀྱིས་བསླུ་བ་འདི་སྨྲས་ཏེ། མི་རྣམས་བསླུ་བར་འདོད་པ་ན། །གསང་བའི་བདག་པོས་འཛིན་པ་དེས། །འབྲུ་སྣ་ཚང་བའི་ཕྱེ་མ་དེ། །གཙང་མའི་གཞི་སྟེངས་དག་ཏུ་གསག །བྱིན་གྱིས་བརླབས་ཅིང་གཟུགས་བྱས་ན། །ངར་ཆེན་ལྡེམ་པ་དག་ལ་ནི། །དེ་ལ་ཁ་དོག་དམར་པོར་བྱ། །དེ་ལ་མདའ་བཀྲ་ཉི་ཤུ་བརྩིག །མཚོན་ཚོགས་ནམ་མཁའ་དེ་བཞིན་བྱ། །ཐ་མ་བཙན་གྱིས་མི་རྟ་བཅུ་ཡིས་བསྐོར། །ར་དམར་དང་ནི་རྒྱན་ཅན་ལ། །བསེའི་བའི་ཆས་སུ་བཅུག་ལ་བྱ། །བཙན་ཞགས་དམར་པོ་སྐེ་ནས་གདགས། །བཙན་ཁྲམ་ཐོད་པ་དག་དང་རྭ་ལ་བཅིང་། །དར་དང་ནོར་དང་མཛེས་པས་བརྒྱན། །རང་ལ་གཡས་སུ་གསེར་ལ་གཡོན་དུ་གཡུ། །རི་ཆེན་སྣ་ལྔས་བརྒྱན་པར་བྱ། །གཟུགས་བརྙན་ཕུད་དང་བཅས་པས་མཆོད། །དེ་ལྟར་དམར་པོ་དར་གྱི་ཡོལ་བ་བྱ། །ལྷབ་ལྷུབ་མང་པོ་བཅས་པ་དང་། འབྲུ་སྣ་གཅལ་དུ་བཀྲམ་པས་མཆོད། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་གྱི་གསག་པའི་ལེའུ་སྟེ་བཞི་པའོ།། །།ཧུ༷། ང་རྒྱལ་ནི་བཙན་གྱི་བུ། བཙན་ཆེན་ནི་འཁོར་དང་བཅས། བཙན་ཡུལ་དངོ་སུམ་ན། བཙན་གྱི་སྡོང་སྡེ་བཞུགས། བཙན་ཆེན་ནི་མི་བཟད་དེ། ཁ་དྲག་བདུད་ལ་རྒོལ། མཐུ་ཆེ་ཕྱུ་ལ་རྐུ། འགྲན་ཚོལ་ཀླུ་ལ་ཚོལ། སྡོང་སྡེ་རྒྱལ་དང་སྡོང་། བཙན་ཆེན་མེས་ཕོ་བ། སྤྱི་མེས་རྒྱལ་བས་བྱ། བསེ་རུ་འཁྱིལ། བསེ་མཁར་དམར་པོ་ནང་ན་བཞུགས། ཁྲག་གཟེར་ཀུན་གྱི་བདག་པོ་ཡིན། །ནད་གཟེར་ཀུན་གྱི་བདག་པོ་ཡིན། ཁ་བློན་ཆེན་པོ་སྟེ། ང་རྒྱལ་དྲག་ཏུ་ཁེངས། འདོད་པ་མཚོ་རུ་འཁྱིལ། བཙན་ནི་སྟོང་གིས་བསྐོར། སྤྱི་བཙན་ཆེན་པོའི་བཀའ་སྟོད་བྱེད། །འབྱུང་བ་ལྔ་བཙན་གྱི་ཕྱོགས་སུ་བསྲུང་། །རོལ་པ་ཕྱོགས་ཀྱི་ཕྱོགས་མཚམས་བསྲུང་། །ཡ་མའི་ཚོགས་ཀྱིས་ཉུལ་དཔེར་བྱེད། །སིལ་མ་སྟོང་སྡེ་ཁྱབ་པར་སྟོང་། །ལ་ལ་འབྱུང་བ་སྐྱེད་པ་བསྲུན། །དེ་རིང་སྲིད་པའི་མདོས་ལ་བྱོན། །མཉམ་གཉིས་དེ་རིང་བརྗེ་འཚལ་ལོ། །གྲངས་ཀྱང་འབྱུང་བ་འདི་ལ་ཚང་། །མཚུར་གྱིས་གསོར་ཏེ་ད་ཚུར་སྤྱོན། །རིན་ཆེན་སྣ་ལྔའི་མི་བོ་ཆེ། །རྟེན་དང་ཡུལ་ཅིག་དེ་རིང་སྐོང་། །མདའ་བཀྲ་མཁར་ལ་ནམ་མཁའ་ཡུལ། །མཉམ་གཉིས་བརྗེ་འོ་མདེས་པ་ཙ་ར་ཁྱོད། སྐོས་རྗེ་བྲ་མ་ང་རྒྱལ་དང་། སྤྱི་བཙན་ཆེན་པོ་ཁ་བརྒྱད་མིང་ནས་ཕྱུང་། སྐྱེ་དང་སྲོག་གཅོད་སྡུད་པའོ། །དུག་ལྔ་ནད་ཀྱིས་ཉོན་ཤིང་བསྐམས། །ནད་རྣམས་མ་ལུས་མྱོས་བྱེད་པ། །འབྱུང་བ་ལྔའི་བཙན་ཆེན་མིང་ནས་ཕྱུང། །ང་རྒྱལ་ཆེན་པོའི་ཕུང་པོ་ལ། །བཙན་དམར་སྟོང་སྡེ་འགྱེད་པར་བྱེད། ཁྲག་གཟེར་ནད་ཀྱིས་གསོད་བྱེད་པ། །སྐྱེས་བུ་བཙན་ཆེན་མིང་ནས་ཕྱུང་། ཁ་ཡོགས་གནམ་ནས་འབེབས་བྱེད་ཅིང་། །སྐྱེ་འགྲོ་མ་ལུས་སྒྲོལ་བའི་བདག །གནམ་བཙན་འཕྲུལ་བུ་མིང་ནས་ཕྱུང་། །དཀར་པོ་ལག་ན་ཞགས་ཐོགས་སྙིང་རྩ་སྡུད། །གསང་བཙན་ཆེན་པོ་མིང་ནས་ཕྱུང་། །གཡའ་སྤངས་ནག་དང་གཡེལ་ལ་གནས་བཅས་ཤིང་དང་། །ཚེ་དང་སྲོག་གཅོད་སྤྲུལ་པའི་ཚེ། །བར་གྱི་བཙན་ལྔ་མིང་ནས་ཕྱུང་། །འབྱུང་བ་ས་ལ་དབང་སྒྱུར་སྐམ་གྱི་བདག །ས་བཙན་ཆེན་པོ་མིང་ནས་ཕྱུང་། །ས་བརྟན་བྲག་ལ་དབང་བྱེད་འགྲོ་བ་འཕེལ་འགྲིབ་བྱེད། །མཚོན་གྱི་ཞགས་དང་གདུག་མཚོན་མང་པོ་སྒྲོལ། །བྲག་བཙན་ཆེན་པོ་མིང་ནས་ཕྱུང་། །ང་རྒྱལ་གཏི་མུག་གཉིས་ཀྱི་བུ་སྟེ་སྐྱེ་འགྲོ་མ་ལུས་སྒྲོལ། །གདུག་རྩུབ་ནད་ཀྱི་བདག་པོ་འབྱུང་བའི་ས་མཚམས་སྲུན་བྱེད་པ། །གདུག་པ་ཀླུ་བཙན་མཆེད་གསུམ་མིང་ནས་ཕྱུང་། ཁམས་གསུམ་མྱུག་བྱེད་ཞག་དང་ཁྲམ་གྱིས་འདེབས། །ཡམ་རྐང་ཚོགས་མིང་ནས་ཕྱུང་། ཁམས་གསུམ་རྒྱུག་ཅིང་ཁྲག་དང་མཁྲིས་པ་འཐོར། ་༑ད་རྡེའུ་དག་ལ་འགྲང་ཞིང་བཙན་ཁྲམ་དམར་ལ་འདེབས། སིལ་མ་སྟོང་ཚོགས་མིང་ནས་ཕྱུང་། སྐྱེས་བུ་བཙན་གྱི་སྟོང་སྡེ་འགྱེད། །དེ་རིང་སྲིད་པའི་མདོས་འདི་བཞེས། །ཅེས་བསྔོ་ཞིང་གཏང་ངོ་། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།བཙན་ལ་གླུད་ཀྱིས་བསླུ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྒྱལ་པོ་རྣམས་ཀྱི་རང་རང་གིས་གླུད་ཀྱིས་བསླུ་བ་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །གཙང་གདན་དར་གྱི་གཞི་སྟེངས་སུ། །གཏི་མུག་ནད་ཀྱི་གཅལ་བཀྲམ་ལ། །དེ་ལ་བྱིན་བརླབས་བྱས་ནས་སུ། །རིན་ཆེན་མི་བོ་ཆེ་གཅིག་བྱ། །དེ་ལ་གཡས་སུ་གསེར་དང་གཡོན་དང་གཡུ། །མདའ་བཀྲ་ལྔ་ནི་གཟུག་པར་བྱ། །ནམ་མཁའ་རིགས་མཐུན་ལྔ་ཡང་གཟུག །བི་ནུ་བཞི་དང་བཅས་པ་སྟེ། །བྱ་ལ་སོགས་པའི་གཟུགས་བརྙན་བསྐོར། །ཕུད་དང་རིན་ཆེན་སྤྱན་གཟིགས་བཅས། །དེ་ལྟར་དཀར་དཀར་མཛེས་བརྒྱན་དང་། །བྱ་དང་ཐོད་པ་དེ་བཞིན་གསག །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །རྒྱལ་པོ་གསག་པའི་ལེའུ་སྟེ་དྲུག་པའོ།། །།ཧུ༷། ཆེན་ནི་འཁོར་དང་བཅས། སྐྱོང་པ་ནི་རིགས་བཞི་དང་། སྲོག་བདག་ནི་མཆེད་བཞི་དང་། སྡེ་བཞི་ནི་སྲིད་བཞི་དང་། འབྲུ་བཞི་ནི་སྡེ་བཅུ་གཉིས། རྒྱལ་པོ་སྲོག་གི་བདག འཁོར་ནི་གིང་དང་བཅས། སྲིད་པའི་མདོས་ལ་སྤྱོན། དཀར་གསུམ་འོད་ཀྱི་དཀྱིལ་ནས་སྒྲུབ་པ་མང་པོ་འགྱེད། ཤ་ཁྲག་སྲོག་དབུགས་དང་སྙིངས་འཇིག་རྟེན་བྱན་པོ་ཁྱོད། སྲོག་བདག་ཆེན་པོའི་མིང་ནས་བྱུང་། །སྲིད་པ་དག་ལས་བསྐྱེད་པ་ཡི། །སྲིད་པའི་བདག་པོ་དུང་འོད་ཅན། །ཐེ་བྲང་སྟོང་གི་ཚོགས་ཆེན་པོ། །གནམ་པོ་ཆེན་པོ་གནམ་ལ་དབང་། །ཉི་ཟླ་འོད་ཀྱི་རྟ་ལ་ཞགས་པ་འཕེན། །འཇའ་ཚོན་སྣ་ལྔའི་དབུ་ཐོད་ཅན། །དུང་གི་ནི་རི་མོ་ཅན། རྨ་བྱ་མདོངས་ཀྱི་ཐུལ་པ་གསོལ། ཁོལ་བརྒྱད་རྗེ་དང་དགུ། མི་སྔོན་འཚེར་བ་ལ། ལག་པ་བརྒྱད་དུ་བྱུང་། ལག་པ་བརྒྱད་པོ་ལ། གཡུ་དང་མུ་མེན་ལག གློ་དང་སྙིང་ལའང་འདེབས། སྨྱོ་དང་འབོག་འདྲེ་མཛད། སྔོན་པོ་བྱ་གདོང་ཆིབས། ཆེ་བཞི་གཉན་དང་ལྔ་ཡིས་བསྐོར། སྲིད་པའི་བདག་པོ་དེ། དཀར་པོ་ཕུར་དམར་ཆིབས། བར་སྣང་ཁམས་སུ་རྒྱུ། དཀར་པོ་ཕུད་དམར་ཆིབས། གིང་ཆེན་བཅོ་བརྒྱད་བསྐོར། སྲོག་གཅོད་ལས་རྣམས་བྱེད། ཤེལ་རྟ་མིག་གཅིག་ཆིབས།བར་སྣང་ཁམས་སུ་རྒྱུ། འོད་དང་སེར་ཆེན་འབེབས། ཟེར་གསུམ་སྐྱ་རིངས་འཆགས། ཉི་ཟེར་ཞགས་པ་འཕེན། སྲིད་པ་ཡོངས་ཀྱི་སྲོག་གི་བདག ཆུ་བྱ་སྔོན་པོ་ཆིབས། ཀླུ་རྒྱལ་འཁོར་གྱིས་བསྐོར། གཟའ་དགུ་ནང་དང་འགྱིང་། གཟའ་ཆེན་པ་ཝ་སངས། ཐེ་བྲང་སྟོང་གི་ནང་ན་འགྱིང་། དཀར་པོ་འོད་ཆེན་ཡིན། སྐྱེ་འགྲོ་མ་ལུས་སྒྲོལ། རྒྱལ་པོ་རྨ་རུ་ཚེ། །གསོད་བྱེད་འབར་བ་ཡིན། རྒྱལ་པོ་གདུག་པོ་ཆེ། འབྱུང་བ་ལྔ་ལ་གནས།གསེར་གྱི་ཕ་བོང་བསྐོར་རོ། །རྒྱལ་ཡུམ་ཆེན་མོ་ནི། གཡུ་མཚོ་སྔོན་པོ་ཁྱིལ་ལི་ལི། དེ་གཉིས་སྤྲུལ་པ་ལས། རྒྱལ་སྡེ་ཆེན་པོ་དང་། རྒྱལ་ཕྲན་བཅུ་གཉིས་བྱུང་། རྟེན་བཅུ་གཉིས་སྲུན། རྒྱལ་པོ་ཆེན་པོའི་འཁོར། ཚེ་སྲོག་དབུགས་ལེན་བདག་པོ་ཡིན། །སྲིད་པའི་མདོས་ལ་སྤྱོན། རྒྱལ་པོ་སྟོང་གི་སྡེ། དཔོན་ཆེན་དྲུག་ཅུ་གཅིག རྒྱལ་པོ་སྲོག་གི་བདག འབྱུང་བ་ལྔ་ལ་གནས། རྒྱལ་སྡེ་མ་ལུས་ཀུན། མཉམ་གཉིས་བརྗེ་བར་བྱ།མདའ་དང་ནམ་མཁའ་མཁར་དང་ཡུལ། རྒྱལ་པོས་བརྗེ་བར་གྱིས། གྲངས་སུ་ཚང་ལུག་མཉམ། ཞེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོ་གླུད་ཀྱིས་བསླུ་བར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་མྲ མ་བདུད་བཅུ་གསུམ་དང་མ་ཡམས་སུ་བཅས་པས་རང་རང་གིས་གླུད་ཀྱིས་བསླུ་བ་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །གཙང་གཞི་དར་གདན་སྟེངས་སུ་ནི། །འབྲུ་སྣ་ཚང་ལ་བྱིན་བརླབས་ཏེ། །དེ་ལ་དར་ནག་རྒྱན་ལྡན་བྱ། །མཐའ་མ་རྟ་བོང་དྲེལ་དང་མཛོ་རྟོལ་རྔ་ཞོན་ཚོགས། ར་དང་ཁྱི་དང་བྱ་ནག་དང་། ཁྲག་དང་ཤ་སྣ་བཅས་པ་བཤམ།མཁར་ཐབས་མདའ་ནི་བཅུ་གསུམ་དང་། མོ་འཕང་བཅུ་གསུམ་ནམ་མཁའ་བཅུ་གསུམ་དང་། ར་ནག་དེ་ལ་གཟུགས་པར་བྱ། ལུག་ནག་གཅིག་ལ་ཞགས་དང་སྒྲོ་བ་དང་ནི་བྱང་དམར་དང་། ཁྲམ་ཤིང་མཚོན་གྱི་གྲུ་གུ་ལ་སོགས་དག གསེར་དང་གཡུ་དང་བཅས་པས་བརྒྱན། དེ་ལྟར་བསགས་ལ་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མ་བདུད་ཀྱི་གསག་པའི་ལེའུ་སྟེ་བརྒྱད་པའོ།། །།ཧུ༷། ཡུལ་བདུད་མ་ཀི་ནི། ཁྲི་ལོ་དྲུང་གཅིག་དུར་ཁྲོད་བརྩེགས། ཁྲག་གི་གྲུ་ཆར་སིལ་ལི་ལི། །བདུད་བྱ་ནག་པོ་ཕང་མ་ཕུང་། །ལྕེ་སྤྱང་མང་པོ་འདྲལ་ཞུང་ཞུང་། །དེ་ན་བདུད་མོ་སྟོང་ཚོགས་ཏེ། །དྲུག་ཅུ་སྲིད་པའི་བྱིན་པ་པོ་ཡིས་བྱེད། །བརྒྱ་ནི་སྲིད་ཁྲམ་ནག་བདག་བྱེད། །གཅིག་གིང་གཙོ་མོ་ཁྲི་རོ་བཙུན། །བརྒྱ་ནི་ཤོ་གམ་འཆང་བ་བྱེད་དེ་གདུག་པ་ཆེ། །བརྒྱ་ནི་སྲིན་མོ་ཁྲག་འཚོག་མ། །བརྒྱ་ནི་སེར་མོ་མཁྲིས་འཐོར་མ། །བརྒྱ་ནི་ཁྲག་པ་རྒྱུ་གཟེར་གཏོང་། །བརྒྱ་ནི་སྲིད་པའི་སྲོག་དབུགས་འབྱིན། །བརྒྱ་ནི་མཁྲིས་དང་རྫིངས་ཀྱི་བདག །ཉི་ཤུ་རྩ་གཅིག་འཇིག་རྟེན་ཉུལ་ལེ་བྱེད། ཉི་ཤུ་རྩ་གཅིག་བསྒེག་མ་ནད་ཀྱི་བདག སུམ་ཅུ་སྲིད་པའི་ཁ་ལོ་སྒྱུར། བདུད་མི་ཟད་ནད་གཏོང་མ། ལྕོ་དང་རྫིངས་དང་མཁྲིས་པར་བསྐྱིལ། ཁྲག་ཏུ་སྒྱུག་ཅིང་ཆ་འདུམ་གཅོད། །འབར་མ་ཆེན་མོ་མ་རུངས་མ། །གདུག་པ་ནད་ཀྱི་བདག་པོ་སྟེ། །ལ་ལ་མཚོན་གྱི་གྲུ་བུ་འཁལ། །ལ་ལ་ཁྲམ་བམ་ས་ལ་རྡེབ། །ལ་ལ་ཤོད་རྡེ་དཀར་ནག་འགྲེམས། །ལ་ལ་བདུད་གཅོད་ལས་རྣམས་བྱེད། །ལ་ལ་རིམས་ནད་མང་པོ་གཏོང་། །ལ་ལ་གླང་ཐབས་ནད་ཡམས་གཏོང་། །ལ་ལ་ནད་ཀྱི་རྐྱལ་པ་རྡེབ། །ལ་ལ་རུ་མཚོན་ཆེན་པོ་འཕྱར། །ལ་ལ་བྱང་དམར་བམ་པོར་རྦེད། །ལ་ལ་རྒྱུ་གཟེར་ཁྲག་འཁྲུག་གཏོང་། །ལ་ལ་བལ་ནད་མིག་སེར་གཏོང་། །ལ་ལ་མཁྲིས་ནད་རྫིངས་ཕོལ་གཏོང་། །ལ་ལ་གདུག་པའི་ཁྲག་གཟེར་འཕེན། །ལ་ལ་མི་ནད་ལང་དགུ་གཏོང་། །སྲིད་པ་ཡོངས་ཀྱི་ནད་གཏོང་མ། ཁྲག་གི་ཕོར་ཐོགས་མདའ་འཕེན་མ། །བདུད་མོ་མ་ཡམས་སྟོང་གི་ཚོགས། །ལ་ལ་ཤ་རྔས་མང་པོ་ཆིབས། །ལ་ལ་གདུག་པའི་སྟག་གཟིག་མང་པོ་ཆིབས ལ་ལ་ཐབ་གཡག་རོག་པོ་ཆིབས། །ལ་ལ་མཛོ་རྟོལ་བོང་དྲེལ་ཆིབས། །ལ་ལ་སྐྱུགས་དང་རྩོས་ལ་ཆིབས། །ནད་གཏོང་སྲིན་མོའི་འཁོར་དང་བཅས། །དེ་རིང་སྲིད་པའི་དར་ཆེན་སྨྲ་ཤེས་གཟུགས་བརྙན་མང་པོ་དང་། །ནམ་མཁའ་ཡུལ་ཏེ་མདའ་ཁྲ་མཁར། །ལུག་ནག་མཉམ་གཉིས་བརྗེ་བར་འཁྲོབ། །ཟང་ཟིང་ལོངས་སྤྱོད་རྒྱན་ལྡན་མཆོད། །ཅེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མ་བདུད་ལག་ན་གནས་པ་བསླུ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ས་བདག་སིལ་མ་རྣམས་ཀྱིས་རང་རང་གིས་བཅོལ་བའི་ལས་འདི་སྨྲས་སོ། །འབྲུ་སྣ་ཚང་བ་གཙང་མའི་སྟེང་དུ་གསལ།བྱིན་བརླབས་ནི་གཟུགས་རྣམས་ཏེ། དབུས་སུ་གྲུ་བཞི་གདན་སྟེངས་སུ། །མགོ་ལྔ་པ་ཡི་གཟུགས་སུ་བྱ། །སྨད་ནི་མི་ལུས་དག་ཏུ་བྱ། །ཐ་མ་འབྲང་རྒྱས་དགུ་ལ་འཕང་བཀྲ་དགུ །ངར་མོ་དགུ་ལ་ནི་ཁ་དགུ །བྱ་དགུ་ནི་ཕུད་དགུ་སྟེ། བཤོས་བུ་དགུ་ལ་མདའ་དགུ་གཟུག །ཉ་སྦལ་སྦྲུལ་དང་ཆུ་སྲིན་དང་། །ར་ཕག་ཀྱི་དང་རྟ་ཡི་གཟུགས། །འབྲུག་དང་གླང་དང་ཀྱི་དང་ལུག །མཚམས་བཞིར་མ་ལུས་མགོ་བརྙན་བྱ། །གླང་བུ་དང་ནི་བ་གླང་གཟུགས། །རྩང་པ་རུ་རྩ་ཉ་ཆེན་རྣམས། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་བསོག་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར།ས་བདག་རྣམས་ཀྱིས་ཚིག་འདི་སྐད་སྨྲས་སོ། །བདག་ཅག་ས་བདག་གདུག་པ་སྟེ། །གཏི་མུག་བྱོལ་སོང་རིགས་སུ་གཏོགས། །གདུག་པ་གཉན་གྱི་བུ་ཡིན་ཏེ། །ས་བདག་སིལ་མ་སྟོང་གི་ཚོགས། །འབྱུང་བ་ས་དང་ཆུ་ལ་གནས། །འབྱུང་བ་ལྔ་ལ་གནས་པ་ལས། །འབྱུང་བའི་བུ་ནི་གདུག་པ་ཆེ། །རིགས་ནི་རྣམ་པ་བཞི་རུ་འདུས། །འབྱུང་བ་ས་ལ་དབང་སྒྱུར་ཏེ། །ས་ལ་ས་བདག་ཆེན་པོ་གནས། །ཐྲི་པ་ཏ་རལ་པ་ཅན། །གདུག་སྲིལ་རལ་ནད་སྲིད་པར་རྒྱུག །དེ་གཉིས་རྒྱུད་ལས་བཅོ་བརྒྱད་བྱུང་། །དགུ་ནི་མིང་པོ་ཡིན་པ་སྟེ། ས་བདག་ཕྱོགས་མཚམས་དབུས་དང་ལྔ་ན་གནས། །དགུ་ནི་ས་སྲིན་ཁྲ་མོ་རལ་པ་ཅན། །ངམས་དང་འོབས་དང་སྐྱིབས་རྣམས་དང་། །བྲག་སྐམ་ཤིང་དྲུང་ས་ཕུག་གནས། །ལ་ལ་རལ་ཅན་ཁྲག་མིག་མ། །ལ་ལ་སེམས་ཅན་སྐེམ་བྱེད་མ། །ལ་ལ་རལ་ཆེན་ལག་རིངས་མ ལ་ལ་རལ་ཆེན་བྱ་མིག་མ། །ལ་ལ་རལ་ཆེན་ཕག་གདོང་མ ལ་ལ་རལ་ཆེན་འཕྲེང་ཐོགས་ལ། །ས་བདུད་ས་སྲིན་ཆེན་མོའི་ཚོགས། །ས་བདག་སྡེ་ནི་གདུག་པ་ཅན། །ས་ལ་གནས་ཤིག་གདུག་རྩུབ་ཆེ། །གདུག་པའི་ས་བདག་ཆེན་མོ་ནི། །མི་ཡི་ལུས་ལ་རྩངས་པའི་མགོ །འཁོར་ནི་དུད་འགྲོ་གཟུགས་ནི་མང་པོས་བསྐོར། །གདུག་པ་གཉན་ལས་ཆེ་བ་མེད། །ས་སྐམ་དག་ལ་གནས་མལ་བཅས། ཁ་ནས་གདུག་པའི་ནད་ཆེན་གཏོང་། །མཛེ་ནད་སྣ་དགུ་གཏོང་བར་བྱེད། །སྐམ་དང་རུས་ནད་ཆེན་པོ་དང་། །གྲུམ་བུ་དང་ནི་སྐེམ་བྱེད་དང་། །ཤ་འཆད་རུས་ཁོལ་བམ་ལོག་དང་། །ཤ་བཀྲ་དང་ནི་གདུག་རྩུབ་གཏོང་། །གཟུགས་བརྙན་མང་པོའི་ས་བདག་ལགས། །ས་བདག་གཉན་ཆེན་གདུག་པ་ཅན། །གཅིག་ནི་དུག་སྦྲུལ་དཀར་པོར་སྟོན། །གཅིག་ནི་གཡུ་སྦྲུལ་སྔོན་པོར་སྟོན། །གཅིག་ནི་ཟངས་སྦྲུལ་དམར་པོར་སྟོན། །གཅིག་ནི་གསེར་སྦྲུལ་སེར་པོར་འཁྱུག །གཅིག་ནི་རིན་ཆེན་འབར་བའི་སྦྲུལ། །སྦལ་པའི་ཁ་དོག་རིགས་ལྔ་བྱུང་། །སྨྲ་བ་མི་སྐད་སྨྲ་བར་བྱེད། །རྒྱུག་པ་འོད་ཟེར་སྦྲུལ་ལྟར་འཁྱིལ། ཁ་རླངས་ན་བུན་གཏོང་བར་བྱེད། །སྣ་ནས་སྡོམ་སྡིག་མང་པོ་འགྱེད། །རྨ་ཤུ་དང་ནི་སྐྲངས་འབུར་གཏོང་། །དེ་ཡང་སྲིད་པའི་མདོས་བཞེས་ཅིག །སྟེང་གི་ས་བདག་ཆེན་པོ་སྟེ། །བྱ་ཁྱུང་སྔོན་པོ་གཤོག་པ་རྡེབ། །འོག་གི་ས་བདག་ཆེན་མོ་ནི། །དུར་ཕག་ཆེན་མོ་ལུབུན་ཅིང་འདེབས། །བར་ནི་རིགས་བཞི་གདུག་པ་ཆེ། །མཚམས་ནས་གཤེད་བཞི་སྨྱོ་ཞིང་འཚིག །འབྱུང་བའི་བདག་མདོས་ལོང་ཞིག །གཞན་ཡང་ས་བད་མ་རུངས་པ། །མི་ཡི་ལུས་ལ་དུད་འགྲོའི་མགོ ཁེང་ལོ་གོས་ལ་སྦོ་ལ་གནས། །དབུས་ཀྱི་སྤོ་ལ་གནས་པ་དང་། ཁྲར་གྱི་སྤོ་ལ་གནས་པ་དང་། །ལྷོ་ཡི་སྤོ་ལ་གནས་པ་དང་། །ནུབ་ཀྱི་སྤོ་ལ་གནས་པ་དང་། །བྱང་གི་སྤོ་ལ་གནས་པ་དང་། །གཙང་བརྩང་འཁོར་དང་བརྟན་མ་དང་། །བེ་སྣང་དང་ནི་ལག་ཆེན་དང་། གཙང་ཀུན་དང་ནི་ཆེན་པོ་དང་། །ཧོང་ཕན་དང་ནི་ཐེ་སེ་དང་། །ད་ལེ་དང་ནི་དུ་ལེ་དང་། །ས་སྟག་རྡོ་སྟག་ཆུ་སྟག་དང་། །མེ་བདག་རླུང་བདག་འབྱུང་བའི་བདག །ཞེ་སྡང་གདུག་པའི་མདུད་པ་ཁྲོལ། །ས་བདག་སིལ་མ་སྟོང་ཚོགས་ལ། །འབྱུང་བའི་རི་རབ་དག་ལ་གནས། །བསྡུས་པ་རིན་ཆེན་དག་ཏུ་བསྡུས། །དེ་རིང་སྲིད་པའི་མདོས་ལོང་ཞིག །ཅེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་ལ་གླུད་ཀྱིས་བསླུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་རྣམས་ཀྱི་མདོས་འདི་བསྔོ་བ་དང་། གླུད་ཀྱིས་བསླུ་བའི་རབས་འདི་སྨྲས་སོ། །མདོས་དང་ཡས་གཏོང་བའི་དུས་ཆེན་དུ། ཚིག་གིས་བསྔོ་བ་འདི་རྣམས་སོ། །ཧུ༷། ད་སྲིད་པའི་མདོས་འདི་བསྔོ། །བདུད་ཀྱི་སྒོ་བས་སྒོ་ཕྱེ་དང་། །བདུད་ཀྱི་འཕྲང་པས་འཔྲང་སོལ་དང་། །བཙན་གྱི་སྒོ་བས་སྒོ་ཕྱེ་དང་། །འཕྲང་པ་ཆེན་པོས་འཕྲང་སོལ་དང་། །རྒྱལ་པོའི་སྒོ་བས་སྒོ་པྱེ་དང་། །འཕྲང་པ་ཆེན་པོས་འཕྲང་སོས་དང་། །བདུད་མོ་མ་ཡམས་སྒོ་ཕྱེ་དང་། །བདུད་ཀྱི་འཕྲང་བས་འཕྲང་སོལ་དང་། །ཐེའུ་རང་ཇ་ལང་སྒོ་ཕྱེ་དང་། །ས་བདག་ཀླུ་གཉན་སྒོ་ཕྱེ་དང་། །དྲགས་པའི་འཕྲང་པས་འཕྲང་སོལ་དང་། །ད་ནི་མི་གླུད་གཏོང་ངེ་ཆས། །ད་ནི་ནོར་དང་དབང་ཐང་གླུད་དེ་ཆས། །གླུད་ལ་སྔ་བ་ས་གཞི་སྟེ། །ས་གཞི་མ་སྐྱེས་དགུ་ཞིག་སྐྱེས། །ད་ནི་སྲིད་པའི་རྒྱལ་མོས་བསྐྱེད། །ས་ཡུམ་ཆེན་མོ་སྲིད་པའི་བདག །སྲིད་པའི་བདག་མོ་ཆེན་མོས་ཏེ། །འབྱུང་བ་ལྔ་ལས་བསྐྱེད་པ་སྟེ། །འབྱུང་བས་མ་བསྐྱེད་གང་ཡང་མེད། །གླུད་ལ་སྔ་བ་ས་གཞི་སྟེ། །ས་ལས་ཁམ་པའི་མི་མོ་བྱུང་། །རིན་ཆེན་སྣ་ལྔའི་གཏེར་དང་ཆས། །འབྱུང་བས་བྱིན་བརླབས་སྨྲ་རེ་མཁས། །ཐུགས་རྗེ་ཅན་གྱིས་བྱིན་བརླབས་པས། །གླུད་ཀྱི་དང་པོ་མི་བོ་ཆེ། །ཡ་བླ་བདུད་དངམ་བླ་བཅུད། །བྱི་བོ་བཙན་དང་དཀོར་བདག་རྒྱལ། །ཐེའུ་བྲང་ཇ་ལ་མང་པོ་དང་། །ས་བདག་ཀླུ་གདུག་འཁོར་རྣམས་ཁྱེད། །མི་བས་གླུད་ཆེན་གླུད་འདི་བཞེས། །ཇི་ལྷར་ཡ་ཐག་ཆད་ཀྱང་གླུད་འདི་ལོང་། །དེ་ནས་གཟུགས་བརྙན་མང་པོ་སྟེ། །སྐྱེ་འགྲོ་གཟུགས་ཀྱིས་བསྡུས་པའི་གླུད། །འདི་ཡིས་མི་མཉེས་གང་ཡང་མེད། །འདི་ལ་འབྲུ་བཅུད་བཤོས་དང་ཆང་། །ཤ་ཁྲག་སྤྱན་གཟིགས་མང་པོས་མཆོད། །འདི་ཡིས་མི་སྐོངས་གང་ཡང་མེད། །དྲེགས་ཆེན་འཁོར་དང་བཅས་པ་ཁྱེད། །མདའ་བཀྲ་འདི་ནི་སྐུ་མཁར་ཆེན། །ནམ་མཁའ་འདི་ནི་ཡུལ་ཆེན་མཛེས། །འཕང་ཁྲ་འདི་ནི་སྐུ་ཡི་ཚད། །རིན་ཆེན་མཛེས་པས་བརྒྱན་པ་སྟེ། །འདི་ཡིས་མི་མཉེས་མ་མཆིས་སོ ཆས་སོ་མི་ཡི་གླུད་དུ་ཆས། །སྲོག་ཆེན་མཉམ་གཉིས་བརྗེ་བའི་གླུད། །ཐོམ་ཆེན་ཚོམ་གཉིས་བསོར་བའི་གླུད། །གདུག་པའི་དྲེགས་པ་སྟོང་སྡེ་ཡང་། ཁྱེད་ཀྱང་འབྱུང་བ་ལྔ་ལས་བསྐྱེད། །རྟེན་ཀྱང་འབྱུང་བ་ལྔ་ལ་བརྟེན། །གླུད་རྣམས་ཀུན་ཀྱང་འབྱུང་བ་ལྔ་ཡིས་བསྐྱེད། །རྟེན་ཀྱང་འབྱུང་བ་ལྔ་ལ་རྟེན། །འབྱུང་བ་ཆེན་པོ་དབྱེར་མེད་པས། །གཉིས་མེད་དག་པའི་གླུད་དུ་བསྔོ། །དུག་ལྔ་གདུག་པ་ཞི་བར་གྱིས། །ཅེས་ཀུན་ལ་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས།དྲེགས་པ་སྤྱིའི་མདོས་བསྔོ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཐེ་བྲང་རྣམས་ཀྱིས་རང་རང་གི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་སྟེ། །འབྲུ་སྣ་ཚང་བའི་བཤོས་བུ་ལ། །ངར་ནག་གཅིག་ལ་རྒྱན་གྱིས་བརྒྱན། །དེ་ལ་འགོང་རྫས་མང་པོས་བརྒྱན། །བོང་བུ་རྣ་རིངས་ཐོད་པ་ལ། །དེ་ལ་མཁར་དང་བཅས་པ་བྲི། །ཐང་བཤོས་དགུ་ལ་སྙིང་ཟན་དགུ། །དེ་ལ་མགོ་ཐུམས་དགུ་བཅུ་གསལ། །མཐའ་མ་ཕུད་དང་ཤ་སྣས་བརྒྱན། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་སིལ་མ་གསག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཧུ༷། ཐེའུ་བྲང་ཆེན་པོ་མ་རུངས་པ། །འབྱུང་བ་ལྔ་ཡི་བར་མཚམས་ན། །འོད་ཀྱི་ཁང་པ་གྲུ་ཆེན་ན། །ཕ་ནི་རྒྱལ་ལྡེ་མ་སྐྱེས་དང་། །མ་ནི་བཙུན་མོ་མ་བཙུན་མོ། །དེ་ལ་བུ་དགུ་སྲིད་དང་བཅུ་རུ་བྱུང་། །ནངས་ཀྱི་ཕུ་བོ་གཅེན་པོ་དེ། །དོ་ནག་ཐབ་གཡག་རོག་པོ་ཞོན། །སྐུ་ལ་སྟག་ལྤགས་ཁྲ་བོ་གྱོན། །ལག་ན་ཞགས་པ་ནག་པོ་འཕེན། །བདུད་པོ་སྟོང་གི་བང་ཆེན་བྱད། །བདུད་འགོང་ནག་པོ་མིང་ནས་ཕྱུང་། །དེ་ཡི་འོག་མ་བ། དམར་པོ་ལག་རིངས་པོ། ཆིབས་སུ་བྱ་དམར་འདབ་བཟངས་ཆིབས། ལག་ཟངས་ཀྱང་སོ་ལེ་ཐོགས། བཙན་བྱེད་སྟོང་གི་བང་ཆེན་བྱེད། །བཙན་འགོང་དམར་པོ་མིང་ནས་ཕྱུང་། །དེ་ཡི་འོག་མ་མི་ཟད་པ། །སྐུ་ནི་དཀར་ལ་རལ་ཀ་གསོལ། །ལག་ན་གྲི་གུག་འཛིན་པར་བྱེད། །ཆིབས་སུ་རྒྱ་བྱ་དེ་བོང་ཆིབས། །རྒྱལ་པོ་ཀུན་གྱི་བང་ཆེན་བྱེད། །རྒྱལ་འགོང་ཆེན་པོ་མིང་ནས་ཕྱུང་། །ཅིག་ནི་སེར་སྐྱ་སྣ་ཡོན་པོ། །ཆིབས་སུ་རྔ་མོ་གྭ་བ་ཆིབས། །སྐུ་ལ་བེར་ཆེན་སེར་ཁྲབ་གསོལ། །ཕྱག་ན་བདུད་ཀྱི་ནད་རྐྱལ་འཛིན། །བདུད་མོ་ཀུན་གྱི་བང་ཆེན་བྱེད། །འབྱུང་པོ་སེར་སྐྱ་མིང་ནས་ཕྱུང་། །ཅིག་ནི་སྤྱི་རིངས་སྲིད་པར་རྒྱུག །ཐམས་ཅད་ཀུན་གྱི་ཐོབ་ཉོབ་པོ། །ཐེའུ་རང་རྒྱུག་འཕྲོའི་མིང་ནས་ཕྱུང་། །ཅིག་ནི་མཐིང་ནག་གདུག་པ་ཆེ། །ཆིབས་སུ་གཙངས་སམ་ཉ་ཆེན་ཆིབས། །ཀླུ་གདུག་ཀུན་གྱི་བང་ཆེན་བྱེད། །ཐེ་བྲང་གདུག་པའི་མིང་ནས་ཕྱུང་། །གསུམ་ནི་སྟོང་གསུམ་ཀུན་ཏུ་རྒྱུག །འཇིག་རྟེན་མ་ལུས་ཁྱབ་པར་ཉུལ། །ཚེ་སྲོག་མ་ལུས་ཉམས་པར་བྱེད། །སྲིད་པ་ཡོངས་ཀྱི་བདག་པོ་བྱེད། །སྲིད་ཅིག་གདུག་པ་ཆོ་འཕྲུལ་ཅན། །ནད་བདག་ཆེན་མོའི་མིང་ནས་ཕྱུང་། །ཐེ་བྲང་ཆེན་པོ་ཁྱེད་རྣམས་ནི། །དེ་རིང་སྲིད་པའི་མདོས་འདི་བཞེས། །ས་བདག་ཀུན་ལ་དབང་བྱེད་རྒྱུག་འགྲོ་དང་། །སྐྱེ་སེར་ཅན་དང་མཁར་སྐྱ་ཅན། །ཐེ་སེ་གུ་གེ་མཆུ་རིངས་དང་། །ཏྲི་སེ་མ་གེ་བ་གེ་དང་། །དཀར་པོ་གནམ་ཐེའུ་གནམ་ལྷ་བྱང་ཆུབ་དང་། །བྱུང་འགོང་སྐྲུན་ལྔ་ངན་འགོང་སྐྲུན་ལྔ་དང་། །སྡུག་འགོང་ལྔ་དང་སིལ་མ་དྲུག་ཅུ་གཅིག །ཉི་ལེ་ཉི་ཤུ་རྩ་གཅིག་ཀུན། །དེ་རིང་སྲིད་པའི་མདོས་ལ་སྤྱོན། །ས་འཁོར་ཀུན་ན་གནས་པ་ཀུན། །དེ་རིང་སྲིད་པའི་མདོས་ལ་བཞེས། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཐེ་བྲང་བཅོས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། སིལ་མའི་བཙན་རྣམས་ཀྱིས་རང་རང་བཅོས་པའི་ལས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །སྣོད་ཆེན་ནང་དུ་འབྲུ་བསོགས་ལ། བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། དེ་ལ་བཙན་བཤོས་གྲུ་བཞི་པ་ལ། སྟོད་ངར་དུ་བྱའོ། །ངར་དམར་པོ་ལ་བཙན་ཁྲམ་དང་བཙན་ཞགས་བསྐོར་རོ། །ཐ་མ་བཙན་བཤོས་གྲུ་གསུམ་ཉི་ཤུ་རྩ་གཅིག་ལ། བཙན་གྱི་མདའ་ཁྲ་རེ་རེ་གཟུག །མི་རྟ་ཉི་ཤུ་རྩ་གཅིག་བྱ། །གླ་གློ་ར་ལུག་བྱ་རྣམས་བསོག །ཕུད་དང་རིན་ཆེན་སྤྱན་གཟིགས་བཅས། །དེ་ལྟར་བསགས་ལ་བསྔོ་བའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། སིལ་མ་བཙན་གྱི་གསག་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཧུ༷། བཙན་ཆེན་སིལ་མ་རྣམས། སྟོང་ཚོགས་སིལ་མ་གླུད་ལ་སྤྱོན། །ལྷ་འདྲེ་མི་བསྲུན་ང་རྒྱལ་ཅན། བཙན་ཡུལ་སྡེ་ཡི་སུམ། འོད་མ་ཟངས་རུམ་ན། བཙན་མཁར་དམར་པོ་ལྡེམ་པ་ན། །བཙན་རྗེ་ཐོད་དཀར་བཞུགས། འཁོར་ནི་བཙན་ཕྲན་སྟོང་གིས་བསྐོར། །བཙན་གྱི་རྟ་པ་སྟོང་ཚོ་གཅིག །རིན་ཆེན་རྒྱན་གྱིས་བརྒྱན་བྱས་ནས། །མཆོག་དཀར་གཞུ་ལ་འོད་མ་མདའ། །ཚིགས་གསུམ་ལྕགས་ལ་འཆིང་བྱེད་ཞགས། །ཞགས་མདའ་དམར་པོ་ཟོར་ཏུ་འཕེན། །ལ་ལ་སེ་བཙན་རོལ་བུ་རྗེ། །སྨུག་རུམ་གདུག་པའི་མཚོན་ཆ་ཅན། །ལ་ལ་དྲི་ཙན་རལ་པ་ཅན། །བྲག་བཙན་དམར་པོ་རྩེ་རུམ་འབར། །སྤང་བཙན་ཁ་རུ་འོད་དུ་རྗེ། །གཡའ་བཙན་རམ་ཆེན་ཁྲག་ཆེན་འཇུག །ཀླུ་བཙན་ཆེན་པོ་མཛེ་ནད་བདག ་གོང་བཙན་ཁ་སེ་རམ་བུ་རྗེ། །རྡོ་བཙན་སྤང་བསྐོར་རྗེ་བཞི་བདག །སིལ་མ་སྟོང་སྡེ་མ་ལུས་ཀུན། །གདུག་གཟེར་ནད་གཟེར་མ་ལུས་གཏོང་། །སྐྱེས་བུ་བཙན་རྣམས་མ་ལུས་འདྲེན། །དེ་རིང་སྲིད་པ་ཡོངས་ལ་དབང་། །བྲག་བཙན་སུམ་བརྒྱ་དྲུག་ཅུ་ཡིས། །ཡང་ཡུལ་ས་རུ་བགོས། ས་བཙལ་གནས་སུ་བཙལ། སེ་བཙན་རོལ་པོ་ཡིས། བྲག་རི་ཤ་ཤ་ཐོབ། བྲག་བཙན་དམར་པོ་ཡིས། བྲག་དམར་ངོས་བཟངས་ཐོབ། ཀླུ་བཙན་མཆེད་གསུམ་གྱིས། ཆུ་རོ་བྲག་ཟུར་ཐོབ། སྔོན་པོ་གཞུང་རིངས་ཀྱིས། ཆུ་དང་ལམ་ཆེན་ཐོབ། སིལ་མ་སྟོང་ཚོ་ཡིས། བྲག་བུ་སྐྱ་རེ་ཐོབ། ཀྱེ་གདུག་པ་ནད་ཀྱི་བདག་པོ་ཆེན། འབྱུང་བ་ལྔ་ལ་སྣ་ལྔ། བྲ་བུ་སྟོང་ལ་ཟེར་ནད་སྟོང་། ཆུ་སྟོང་ལ་ལྐུགས་པ་སྟོང་། དུང་བཙན་དང་ནི་སེ་བཙན་དང་། །བཙན་བུ་སྟོང་སིལ་མདོས་ལ་སྤྱོན། །ཡ་མ་སྐྱ་ཚོགས་མདོས་ལ་བྱོན། །རོལ་པ་སྐྱ་ཚོགས་ལ་སྤྱོན། །ཅེས་པ་རིམ་པར་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་སིལ་མ་བཅོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཀླུ་བདུད་སིལ་མ་རྣམས་ཀྱིས་རང་རང་བཅོས་པའི་ཐབས་འདི་སྨྲས་སོ། །གསང་བདག་ཏིང་འཛིན་ལྡན་པ་དེས། །འབྲུ་སྣ་ཚང་བ་དག་ལ་ནི། །བྱིན་གྱིས་བརླབ་པ་མཛད་ནས་སུ། །དེ་ལ་གཟུགས་མགོ་ལྔ་པ་གཅིག་བྱས། །མཐའ་མ་ཀླུ་གཟུགས་མང་པོས་བསྐོར། །ཆལ་མགོ་དང་ནི་སྒོང་བ་དང་། །ཉ་དང་སྦལ་པ་ལྕོང་མོ་དང་། །གཙངས་པ་དང་ནི་རྟ་གཟུགས་དང་། །འཇམ་འདྲ་དང་ནི་གཟུགས་མེད་དང་། །གཙང་ཆེན་དང་ནི་སྡོམ་སྡིག་དང་། །གདུག་པ་ཀླུ་གཟུགས་མང་པོས་བསྐོར། །ཀླུ་མདའ་དང་ནི་ནམ་མཁས་བརྒྱན། །དེ་ལྟར་བསགས་ལ་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུ་གསག་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཧུ༷། གདུག་པ་ནི་ཀླུ་ཡི་བུ། དགའ་བོ་དང་འཇོག་པོ་དང་།མཐའ་ཡས་དང་ནི་དུང་སྐྱོང་དང་། །པདྨ་དང་ནི་ཆུ་ལྷ་དང་། །ཀ་རྐོ་དང་ནི་པུ་རྒུ་དང་། །སྦྲུལ་མགོ་དགུ་དང་བརྒྱད་པ་དང་། །བདུན་པ་དང་ནི་ལྔ་པ་དང་། །གསུམ་པ་དང་ནི་གཅིག་པའི་འཁོར། །གྱ་ནོམ་གཟུགས་མེད་ཆེན་པོའི་འཁོར། །ནམ་མཁའི་འཇའ་ཚོན་ལྟ་བུ་དང་། །གཟུགས་མེད་སྒོ་དང་འདྲ་བ་དང་། །འདོད་ཆགས་བུ་རོན་གཟུགས། ང་རྒྱལ་རྩང་པའི་གཟུགས། གཏི་མུག་གླང་གི་གཟུགས། ཆུ་ཆེན་རྟ་ཡི་གཟུགས། ཀླུ་ཕྲན་སིལ་པ་སྟོང་། ལ་ལ་མཛེ་སྐྲང་ཤུ་བའི་བདག །ལ་ལ་བས་ལྷག་ཆད་པའི་བདག །ལ་ལ་རུས་སྐྲམ་ཤ་སྐྲམ་བདག །ལ་ལ་མཛེས་པ་གདུག་པ་ཅན། །ལ་ལ་གདུག་པ་སྤྲུལ་པ་འགྱེད། །འབྱུང་བ་ལྔ་ལ་གནས་པ་ཀུན། །དེ་རིང་སྲིད་པའི་མདོས་འདི་བཞེས། །དེ་རིང་ཞེ་སྡང་ངན་པ་ཁྲོལ། །ཀླུ་ལ་གླུད་འབུལ་ལོ། །ཀླུ་ལས་གཉན་མ་མཆིས། གདུག་པ་ཆེན་པོའི་འཁོར། མདའ་བཀྲ་ཡས་ཀྱི་གླུད། མཐུན་པའི་རྫས་ཀྱིས་བསླུ། ཀླུ་སིལ་བ་སྟོང་གི་ཚོགས། ཡུལ་དང་མཁར་དང་ལོངས་སྤྱོད་དང་། རིན་ཆེན་ལྔའི་གཏོར་དུ་འབུལ། རྩི་བཅུད་སྨན་རྣམས་སོབས་སུ་འབུལ། །ཐམས་ཅད་གསོ་བའི་སྨན་ཆེན་འབུལ། །རྩི་བཅུད་སྨན་གྱིས་བསབ་ལགས་སོ། །མཐུན་པའི་ཡས་རྣམས་ཕུལ་ལགས་སོ། །ཡུལ་དང་མཁར་གྱི་བསོབ་འབུལ་ལོ། །ནོར་དང་གཏེར་གྱི་བསོབ་འབུལ་ལོ། །སྨན་དང་བདུན་ཡས་སྣ་ཚོགས་འབུལ། །ཅེས་བསྔོའོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ས་བདག་བཅོས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བམ་པོ་གཉིས་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་གསང་བའི་བདག །དྲེགས་པའི་རྒྱལ་པོ་འདི་རྣམས་ལ། །རྟེན་པའི་དམ་རྫས་རྣམས་ཇི་ལྷར་ལགས། །ཐུན་གྱི་རྫས་རྣམས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་བརྒྱ་བྱིན་ལྷ་ཡི་གཙོ། །དྲེགས་པ་འདི་ཡི་རྟེན་པའི་དམ་རྫས་ནི། ་།་ཟན་གདུག་པ་མི་ཟད་དང་། །ནག་ཆགས་དགུ་ཡི་སྙིང་ཁྲག་དང་། །རྟ་ནག་ལུག་ནག་བྱ་ནག་དང་། ཁྱི་ནག་གླང་ནག་བོང་ནག་དང་། །ཉ་ནག་སྟག་ནག་དོམ་ནག་དགུ་ཡི་སྙིང་། ཁྲག་དགུ་ཤ་ཁྲག་གཏོར་མ་ནི། །བདུད་རྣམས་རྟེན་པའི་དམ་རྫས་སོ། །ཝ་འཕར་བྱ་དམར་སྙིང་རྣམས་དང་། ཁྱི་དམར་ར་དམར་ལུག་དམར་སྙིང་། །རྟ་དམར་དང་ནི་བླ་རྒོད་སྙིང་། །དེའི་སྙིང་དང་བཅས་གཏོར་མ་ནི། །བཙན་རྣམས་རྟེན་པའི་དམ་རྫས་སོ། །རྟ་དཀར་གཡག་དཀར་ལུག་དཀར་སྙིང་། །ར་དཀར་བྱ་དཀར་ཁྱི་དཀར་སྙིང་། །སེང་གེ་བྱ་ཆེ་མི་སྨྲའི་སྙིང་། །རྒྱལ་ཤ་ཁྲག་དང་བཅས་པའི་གཏོར་མ་ནི། །རྒྱལ་པོ་རྟེན་པའི་དམ་རྫས་སོ། །མི་སྙིང་ར་སྙིང་རྟ་ཡི་སྙིང་། ཁྱི་ནག་སྙིང་དང་ལུག་ནག་སྙིང་། །བྱ་ནག་སྙིང་དང་གདུག་དགུའི་སྙིང་། ཁ་ཁྲག་གཏོར་མར་བཅས་པ་ནི། །བདུད་མོ་རྟེན་པའི་དམ་རྫས་སོ། །རྔ་མོ་བོང་བུ་བྱི་ལའི་སྙིང་། ་།་ཁྲག་གཏོར་མར་བཅས་པ་ནི། །ཐེ་བྲང་རྟེན་པའི་དམ་རྫས་སོ། །ཉ་ཡི་སྙིང་དང་རི་བྱའི་སྙིང་། །གླང་བུ་སྙིང་དང་རྩི་སྨན་བཅས། །དཀར་དང་བཅས་པའི་དམ་རྫས་ནི། །ཀླུ་རྣམས་རྟེན་པའི་དམ་རྫས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱི་དམ་རྫས་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་དྲེགས་པ་རྣམས་ཀྱིས་ཟོར་གྱི་སྔགས་འདི་སྨྲས་སོ། །སྲོ་ཤར་རིལ་ལི་ཤར་ལ་སྨྱོ་སྦྱ༷་ཏི་ཡ་རྦད། ཡ་བ་ཏྲི་ནུ་རུ་རྦད་ལི་དུར་ཤ༷་སྨྱོ། པུ་ཏྲ་རུ་ཏྲི་ཤམ་རྦད་ཡ་སྨྱོ། ཁར་རོ་རེ་རག་སེན་རག་ཤེན་ཡ་སྨྱོ། ཕུ་ར་ཤ་ར་ཡ༷་རྦད་ཡ་ཧུར་ཏྲི་ཁ་ལ་སྨྱོ། མུ་པི་ལིང་ཤར་རག་ཏོ་ཙར་ལི་ཡ་སྨྱོ། ཤ་མ་ལ་དན་ཤམ་ཧར་སེར་ཡམ་རྦད་སྨྱོ། ད་མ་རུས་ན་ཁ་ཏོ་རྦད་ཡ་སྨྱོ། ཧེར་ཏིར་པིར་ཤར་རྦད་ཡ་སྨྱོ། རུ་ཏི་པར་ཤ་ཁ་ལ་དུ་ན་སྨྱོ། བྲ་ཤ་ན་ག་དེ་སྨྱོ། ཧྲི་ཐ་པར་ཤ་ཡ་སྨྱོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱི་མནག་པའི་ཟོར་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དྲེགས་པ་རྣམས་ཀྱིས་ཐུན་མོང་གི་སྔགས་འདི་རྣམས་སྨྲས་སོ། །རུ༷་རུ༷་ཤ༷་ཡག་ཤང་སྟམ་པ་ཐུན་ཡ། ཙ་རོ་ཤ་ཏྲ༷་ཏྲ༷། སྐོར་ཆུ་མ་ཏྲི་ཐུན་ཡ། ར་ཏོ་ར་ཏོ་ར་ར་ག་སྲོག་པར་ཤ་པི་ཏ་ཡ༷་ཐུན་ཡ། ཀྲི་རུ་ཐུན་རྦད་རག་ཏོ་ཡ་ཐུན། པྲེ་ཤ་ར་ཡ༷་ཐུན། ཙ་རོ་ས་མ་ཏུ་ཏི་ཡ་ཐུན། མུ་པ་ར་ཡ་ཐུན། པྲ་ཤ་ཧ་ར་ཐུན་ཡ། ཁལ་རུ་ཏི་ས་མ་དན་ཐུན་ཡ། པྲི་ཤ་ར་ག་ཐུན་ཡ། ན་རོ་རོ་ཤི་ཐེན་པ་ར་ཐུན། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲག་པོ་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དྲེགས་པ་རྣམས་ཀྱིས་མནན་པ་ཁྲམ་གྱི་སྔགས་འདི་སྨྲས་སོ། །ར་ཤོ་ར་རི་ཐུན་དྲ་རྦད། ཁྲ༷་ཏོ་ཡ། མུ་པ་པྲ་ཤ་བསྐོར་ཁྲི་ཏི་ཡ། པྲ་མ་རུ་ཏྲི་ཁྲམ་ཏྲེ། རུ་རུ་པི་ཏོ་ཁྲམ་ཏི། ར་དེ་རྗེ་དེ་ཁྲམ་ཏི། པི་སུ་ར༷་ཁྲ༷་ཏི། པྲ་ཏི་ར༷་ཁྲ༷་ཏི། མུ་ཤ་དོ་མྱ་ཐུན་ཁྲམ་ཏི། ཀུ་མ༷་ཁྲ༷་ཐུན། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱི་གཏད་པ་ཁྲམ་ཆེན་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དྲེགས་པ་རྣམས་ཀྱི། ཐུན་རྫས་དྲག་རྫས་འདི་རྣམས་སོ། །རུ་རུ་ཤའི་ཤ་ཁྲག་དང་། །ཉུངས་མོ་དང་ནི་ལྕགས་ཀྱི་ཕྱེ། །དེ་རྣམས་བསྲེས་ལ་བརྡེག་པ་ནི། །བདུད་ཀྱི་དྲག་པོ་ཐུན་རྫས་ཡིན། །འུག་པའི་ཁྲག་དང་གསེར་ཕྱེ་དང་། ་་ས་ཀར་སྦྱར་བའི་ཐུན་རྣམས་ནི། །བཙན་གྱི་དྲག་པོ་ཐུན་གྱི་རྫས། །རྟ་ཡི་ཁྲག་དང་རྡོ་ཕྱེ་དང་། །དུང་རྒྱ་འབྲས་ཉུངས་བཅས་པ་ནི། །རྒྱལ་པོ་དྲག་པོ་ཐུན་གྱི་རྫས། ཁྱི་དང་མི་ཡི་ཁྲག་ཆེན་དང་། །ཉུངས་མོ་ཟིར་སྐེ་ཚེ་དང་། །སྒྱུར་ཕྱེ་དང་ནི་སྦྱར་བ་ནི། །མ་བདུད་དྲག་པོ་ཐུན་གྱི་རྫས། །བོང་བུ་ཁྲག་དང་ཟངས་ལྕགས་ཕྱེ། ་་ས་མོ་དང་ནི་སྦྱར་བ་ནི། །ཐེ་བྲང་ཛ་ལ་དྲག་པོ་ཐུན་གྱི་རྫས། །ཉུངས་པ་ཡུང་བ་འབྲུ་ཕྱེ་དང་། །ཉ་ཡི་ཁྲག་ཏུ་སྦྱར་ནས་ནི། །དྲག་པོ་ཀླུ་དང་ས་བདག་རྫས། །དུག་ཤིང་ཕྱེ་དང་ཡུངས་མོ་ཁྲག་སྣ་ནི། །གནོད་སྦྱིན་སྡེ་བརྒྱད་ཐུན་རྫས་སོ། །ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་རྣམས་ཀྱི་ཐུན་རྫས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དྲེགས་པ་རྣམས་ཀྱིས་དྲག་སྔགས་འདི་སྨྲས་ཏེ། ལས་ཐམས་ཅད་ལ་དྲག་པོའི་དྲེགས་པའི་དྲག་སྔགས་འདི་སྨྲས་སོ། །སྣི་ཤར་མ་ཡན་ཧར་ལི་ཀོང་དི་ཆུམ་ཡ། བ་རི་དར་ཤམ་ཏྲག་ཙར་ལིང་། ཁྲག་ལ་མུ་ཏ་ཡ་ཧུ༷་ཕཊ། ཤ་མ་རུར་པྲེ་ཡ༷་ཏེ་ཀ་ར་ཤེ་རྦད། རུ་ཏི་པར་ཤམ་རྦད་ཡ། ཏ༷་ལན་པྲེ་ཤ་ཡ་རྦད་ཡ། སྲི་དུ་ཁ་ལ་ཧར་ཧོར་ཏྲི་ཤི་རྦད། རུ་རུ་ཤ༷་ཏེ་པ་ཧྲོ་རྦད་ལང་ཏེ་པད་ཡ༷། ཏྲག་མོ་རག་ཏོ། །མུལ་ཆུམ་རྦད་ཡ། ཁ་ལ་དྲུ་རྦད་སྟ་མོ་ཚུལ། ཛ་དུར་ཁ་ཤམ་རྦད་ཡ། ཐུམས་ཐུམས་མེ་ཏ་ཁ་ལ་ཧར་ཧོར་ཕོབ་རྦད། སྙིང་མགོ་ལ་ཆུ་མ་ཧྲིལ་ཡ་སྨྱོ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་ཐམས་ཅད་ཀྱི་དྲག་སྔགས་སྨྲས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བདུད་རྣམས་ཀྱིས་དྲག་སྔགས་བདུན་པ་འདི་སྨྲས་སོ། །ཡསྒོ་ཡ་ཏི་ཧུ་ལ་ནི་ཆུ་མས། ཏ་ཀེམ་པྲ་་ཤ་ཡ་ཐུམས་རྦད། ས་མ་ཡ་ཁ་ལ་དན་ས་མ་ཡ་རྦད། མུ་དྷིང་ཤ་རྦད། སྙིང་མགོ་རྦད། ཀར་ཉེ་ཛ་དུར་སྙིང་ལ་རྦུད་རྦད། མུ་མེ་རེ་ཤོ་ཏྲག་ཙར་རྦད། ཁ་འདར་རུ་པ་ཤ་རྦད། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། །བདུད་རྣམས་ཀྱིས་དྲག་སྔགས་བདུན་པ་ཕུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཙན་རྣམས་ཀྱིས་འདི་སྨྲས་སོ། །ས་ཏོ་རུ་རུ་ཙར་མིང་རྦད། ཙ་ཤམ་བེ་ར༷་ཐུན་རྦུད། ཀར་རེ་བ་རོ་རྦུད། ཙ་ཕེ་སུ་ཤ་ར་གེ་རྦུད། ནི་ར་རྦད་ལིང་ཆུམ་རྦུད། བྲ་ག་ལི་རྦད་ཡ། མུ་ཧྲི་གི་གརྟི་ཡ་རྦད། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། བཙན་རྣམས་ཀྱིས་དྲག་སྔགས་ཕུལ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། རྒྱལ་པོས་ལས་འདི་སྨྲས་སོ། །རྭ་ཛ་ཨ་སོ་ཐུམ་རྦད་ཡ༷། མུ་འགྲམ་པ་ཏེ་རྦད་ཡ། རུ་རི་ཤ་ཐ༷་རྦད་ཡ། ག་རོ་ནི། རོ་སད་ལ། ཐུམས་རྦད་ཡ། ས་མ་རུ་ཤ༷་ཤ༷་རྦད་རྦད། མུ་ཧྲིམས་སྲབ་ཤ༷་ཐུམ་རྦད། ཨ་ལི་རྦད་ཏྲེ་ཡ༷་རྦད། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། རྒྱལ་པོས་དྲག་སྔགས་བདུན་པ་སྨྲས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་ཀླུ་རྣམས་ཀྱིས་རང་རང་གི་དྲག་སྔགས་འདི་སྨྲས་སོ། །ན་གེ་རོ་རུ་ན། གོ་རུ་རོ་རྦད། ན་རོ་པྲི་ཤ་རྦད། མུ་པི་ཡ༷་རྦད་ཡ། ག་རོ་ཤ་ཡ༷་རྦད། པྲ་པྲ་ར༷་ར༷་ཐུམ་རྦད། མ་མ་ཧྲིམ་ན་ཀྲོ་ཏ་རྦད། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། ཀླུའི་རང་སྔགས་ཕུལ་བའི་ལེའུ་སྟེ་་དེ་ངདྲེངསྡེངངང་ང༷ངང༷་ངངལིབཅུ་པའ།། །། ་ནས་ཡང་བཅམ་ལྡན་འདས་ཀྱ་སྤྱན་སྔར། གས་པ་སྤྱ་ ་དང་བཅས་པས་དྲལ་བའ་དྲག་སྔགས་འད་སྨྲས་ས། ཁ་ཏ་པར་ཏ་ཤ་རྦད་རྦད། མུར་ཏ་གྲ་བ་རྦད། ཧབ་ཤ་ད་ར་རྦད་ཡ། མུ་ཏ་ན་ ་རྦད་ཡ། ས་མ་ཡ་རུ་ཤ༷་ཤ༷་ཀ་ལོ་རྦད། སྲེ་ཤི་རྦད་ཐུམས་མྱོགས་ཡ། ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། དྲེགས་པ་སྤྱིའི་དྲག་སྔགས་ཏེ་བཅུ་གཅིག་པའོ།། །།རྫོགས་སོ།། །།