Ngb-pt-0914-vol-10-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ཀརྨ་བ་རི་པྲི་ཙ་ནཱ་ག་རྭ་ཛ་བ་ཧུ་ར་ཏནྟྲ་ནཱ་མ། བོད་སྐད་དུ། ལས་རབ་ཏུ་འབྱེད་པ་ཀླུའི་རྒྱལ་པོ་རྟོག་པའི་རྒྱལ་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པའི་རྒྱུད་མཐུན་པ། དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་པ་སྟེ། རི་རབ་ཀྱི་ཟོམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་འབྱུང་གནས་ཁང་བཟངས་ཆེན་པོ། རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས་གྲུབ། རིན་པོ་ཆེའི་རྒྱལ་པོ་ཆེན་པོས་ཤིན་ཏུ་རྣམ་པར་སྤྲས་པ་ཡོད་པ། པདྨའི་སྙིང་པོ་སེང་གེའི་ཁྲི་ཆེན་པོའི་དབང་གི་རྒྱལ་པོས་ངོས་གཉིས་ཤིང་ཏུ་རྣམ་པར་སྤྲས་པ་ལ་བཞུགས་ནས། ལྷམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ནི་ནམ་ཐང་བའི་ནམ་མཁའ་ལ་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་པདྨའི་སྙིང་པོ་སེང་གེའི་ཁྲི་ཆེན་པོ་ལ། ལྷམ་མེ་ལྷང་ངེ་ལྷན་ནེར་བཞུགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དཔག་ཏུ་མེད་པ་དང་། འཕགས་པ་ཉན་ཐོས་དགྲ་བཅོམ་པ་ཆེན་པོ་དང་། རང་རྒྱལ་བ་ཆེན་པོའི་ཚུགས་འཛིནཔའིཚོགསདང། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། སྲུལ་པོ་དང་།ལུས་སྲུལ་པོ་དང་། སྐེམ་བྱེད་དང་། སྨྱོ་བྱེད་དང་། སྒྲིབ་གནོན་དང་། ནམ་གྲུའི་ཚོགས་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཚོགས་བསམ་གྱིས་མི་ཁྱབ་པའི་ནང་ན་བཞུགས་པའི་ཚེ།དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་བོ་སྙམ་ནས་བཞུགས་པའི་དུས་གཅིག་ན་ཅང་མི་སྨྲ་བར་གྱུར་ནས། བཅོམ་ལྡན་འདས་ཉིད་ལ་རྣམ་པར་ལྟ་ཞིང་ཉེ་བར་སེམས་སོ། །དེ་ནས་བྱུང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར་ཅིང་། ཡ་མཚན་གྱིས་འདུན་པའི་པིང་དུ་གྱུར་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་འོད་ཟེར་འཁོར་སྟོང་ཕྲག་དུ་མར་འགྱུར་ནས་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཆེན་པོ་སྣང་བར་བྱས་ཏེ། ནམ་མཁའི་ཁམས་རབ་འབྱམས་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ན། བྱང་ཆུབ་སེམས་དཔའ་གང་དག་དབང་དང་ལྡན་པར་གྱུར་པ་འཁོད་པ་དེ་དག་ལ། སངས་རྒྱས་དེའི་བསྟན་པ་ལ་སྟོབས་མི་གཅིག་པའི་ཀླུའི་རྒྱལ་པོ་རང་གི་རིགས་བཅུ་མཐར་གྱིས་སྦྱངས་པ་བས། ས་བཅུ་པར་རབ་ཏུ་གནས་པར་འདོད་པ་དེས། སངས་རྒྱས་ཀྱི་ས་ཡོད་པར་མི་འདོད་པ། སངས་རྒྱས་ཀྱི་འོད་ཟེར་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་ཐམས་ཅད་དྲེགས་པའི་སྒྲ་ཆེན་པོ་གཅིག་གིས་ཞི་བར་འདོད་པ། ཞེ་སྡང་ཆེན་པོའི་སྦྲུལ་མགོ་བདུན་པ། ཁ་རླངས་ཀྱིས་སེམས་ཅན་ཐམས་ཅད་ལ་ནད་བཞི་བརྒྱ་རྩ་བཞི་གཏོང་བར་བྱེད་པ། ཤངས་ནས་ལོ་ཏོག་ཐམས་ཅད་འཇོམས་པར་བྱེད་བའི་སེར་བ་འདྲིལ་བ། སྡིག་པ་དཀར་པོའི་སྤྲུལ་པ་འགྱེད་པ། སྡིག་པ་ནག་པོའི་སྤྲུལ་པ་འགྱེད་པ། སྡིག་པ་དམར་པོའི་སྤྲུལ་པ་འགྱེད་པ། སྡིག་པ་སེར་པོའི་སྤྲུལ་པ་འགྱེད་པ། སེམས་ཅན་ཐམས་ཅད་ལ་ནད་དང་། རིམས་དང་། མཛེ་དང་། ཤུ་བ་དང་། གཡན་པ་དང་། ཕོལ་མིག་དང་། འབྲས་དང་། ཤ་ནད་ཀྱིས་རྩ་ཐམས་ཅད་སྡུད་པར་བྱེད་ནས་ཞ་བོ་དང་། སྒུར་པོར་གཏོང་བ། རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པའི་རིགས་དང་། གཉན་གྱི་རིགས་དང་། མཁའ་འགྲོའི་རིགས་དང་། ས་བདག་གི་རིགས་དང་། དེ་བཞིན་དུ་སེམས་ཅན་ཇི་སྙེད་པའི་རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། དམངས་རིགས་ཀྱི་རིགས་ཐམས་ཅད་དང་། དེ་དག་གི་རིགས་ཐམས་ཅད་དབང་དུ་གྱུར་ནས། དེ་བཞིན་གཤེགས་པའི་སྟོབས་གཞོམ་པར་འདོད་ནས། སེམས་ཅན་ཐམས་ཅད་ཀྱ་དྲེགས་པས་མྱོས་པའི་ཆོ་འཕྲུལ་འགྱེད་པར་བྱེད་ཅིང་།བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་རིགས་ཐམས་ཅད་སྤྲུལ་པར་འགྱེད་དོ། །རྟོག་པའི་རྒྱལ་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དེ་བཞིན་གཤེགས་པ་དེ་ཡིས། དེ་བཞིན་དུ་ལུས་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ངག་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་།དེ་བཞིན་དུ་སེམས་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་དེས་ཞབས་ཀྱི་མཐིལ་གཉིས་ལས་ཀྱང་འོད་ཟེར་གྱི་དྲ་བ་བྱེ་བ་ཁྲག་ཁྲིག་བཀྱེ་བ་ལས།ཀླུའི་རྒྱལ་པོ་དེ་ལ་སྣང་བར་གྱུར་ཏོ། །དེ་བཞིན་དུ་ཞབས་ལོང་བུ་གཉིས་དང་། བྱིན་པ་གཉིས་དང་། པུས་མོ་གཉིས་དང་། བརླ་གཉིས་དང་། གསང་བའི་དཀྱིལ་འཁོར་དང་། ལྟེ་བའི་དཀྱིལ་འཁོར་དང་། སྐུ་རྩིབས་ལོགས་གཉིས་དང་། ཐུགས་ཁའི་དཀྱིལ་འཁོར་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཕྱག་གཉིས་དང་མགྲིན་པའི་དཀྱིལ་འཁོར་ལྗགས་ཀྱི་པདྨ་ལས། འོད་ཟེར་བྱེ་བ་ཁྲག་ཁྲིག་བྱེ་བ་བརྒྱ་དྲུག་ཅུ་དྲུག་ཅུ་ཕྱུང་ངོ་། །ཤངས་གཉིས་དང་། སྙན་གཉིས་དང་། སྤྱན་གཉིས་དང་། སྐུའི་སྤྱི་གཙུག་ལས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་ཕྱུང་ངོ་། །འོད་ཟེར་དེ་དག་དང་། ཀླུའི་རྒྱལ་པོ་དེ་དག་གིས་མཐོང་མ་ཐག་ཏུ་ཁ་བུབ་ཏུ་འགྱེལ་ནས་མགོ་ཆེར་རབ་ཏུ་གས་སོ། །དེ་ནས་ཀླུའི་རྒྱལ་པོ་དེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་འོད་ཟེར་གྱི་ཆོས་འཕྲུལ་ཡིན་པར་རིག་ནས། དེ་ནས་ཀླུའི་རྒྱལ་པོ་དེ་དག་དང་། ནཱ་ག་ཤེར་ནཱ་ག་ཤེར་བའི་སྒྲ་བརྗོད་ཅིང་། བྱའི་ཚོགས་སུ་སྤྲུལ་ནས་འབྲོས་པར་འདོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་དེ་ལ་སྔགས་འདི། བྱ་ཁྱུང་གི་རྒྱལ་པོ་ཅིག་ཏུ་གྱུར་རོ། །ཨོ་ཨུ་བ་ཐ་ཨུ་བ་ཐུ། རྡོ་རྗེ་ལུགས་ཀྱི་མཆུ་ཅན་སྡིག་པ་ཐམས་ཅད་སེལ་བར་བྱེད་པ། རང་གི་དོན་གྲུབ་པར་བྱེད་པ་འདི་རྗོད་པར་བྱེད་པ། འབྲུག་ཐོག་འབྲུག་ཐོག །གཤོག་པ་གཡས་ཀྱི་སྔགས། མནན་སད་མནན་སད། གཤོག་པ་གཡོན་གྱི་སྔགས། ཏི་རྟ་སད། སྡེར་མོ་གཡོན་པའི་སྔགས། ཡོར་ག་སད། བཞུག་མའི་སྔགས། བུམ་ཟིལ་སད། སྙིང་ཁ་ནས་གསང་བའི་སྔགས་འདི་བརྗོད་མ་ཐག་ཏུ། ཀླུའི་རྒྱལ་པོ་བྱའི་ཚོགས་སུ་སྤྲུལ་བ་དེ། རང་གི་རྫུ་འཕྲུལ་གཏོར་བར་གྱུར་ཏོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་བཀྱེ་བ་ལས། བྱ་ཁྱུང་གི་རྒྱལ་པོར་གྱུར་པར་བརྟུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ཀླུའི་རྒྱལ་པོ་སོག་མ་མེད་བཞིན་འགྱུར་སྐྲ་སྒྲེང་ལག་ན་མཚོན་ཐོགས་ནས། གཞོན་ནུ་གཏུམ་བག་དང་ལྡན་པར་གྱུར་ནས། སེམས་ཅན་ཐམས་ཅད་ལ་བཀྲག་དང་གཟི་མདངས་འཕྲོག་པར་གྱུར་ནས། དེའི་ཚེ་ཡང་དེ་བཞིན་གཤེགས་པ་དེའི་ཐུགས་ཀའི་འོད་ཟེར་ཆེན་པོ་དེ་ལས་རིག་པའི་རྒྱལ་པོ་འདི་བརྗོད་པར་བྱའོ། །ཨོ་ན་མོ་རད་ན་ཏྲ་ལྭ་ཡ། ན་མ་ཤུཎ་ཌ་བཛྲ་བཱ་ན་ཡེ། མ་ཧྭ་ཡཀྟ་སེ་ན་པ་ཏ་ཡེ། ཨོ་ཙཎྜབེ་ག་རེ་བྷ། ས་ར་ས་ར་བི་རི། ཏུ་ཏུ་ཏུ་མུ་ལ་ས་མ་ཡ་བ་རི། ཧུ་རུ་ཧུ་རུ་ཧུ༷། ཏིཛི་ཏིམོ ཧོ་བན་ནཱ་ག་ནན་དྲ་བྲ་ཧ་ར་དུ། མ་ཧྭ་ཀྲོ་དྷ་ར་ཛ། སྐྲུ་ཏ་སྐྲུ་ཏ། བེའི་རེ་བེའི་རེ། སྭ་ར་སྭ་ར། ས་མ་ཏྭ་ཏུ་ཏི་ཧུ༷་ཧུ༷་ཕཊ་ཕཊ་གྲྭཧྭ། རིག་པའི་རྒྱལ་པོ་འདི་བརྗོད་མ་ཐག་ཏུ། རི་ཟེ་ལ་གནས་པའི་འོད་ཆེན་པོའི་བདག་པོ་རྫུ་འཕྲུལ་གྱི་དྲ་བས་གདུག་པ་ཅན་གྱི་ཚོགས་འཇོམས་པར་བྱེད་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་སྡུག་བསྔལ་ཐམས་ཅད་དང་བྲལ་བ། ཡ་བི་ར་ཧུ༷་ཁང་།གིས་བདུད་བཞི་ངེས་བར་བཅོམ་པ། ཕྱག་རྒྱ་ཆེན་པོ་བཞི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅིག་པའི་རང་བཞིན་ཅན་ལ། དེ་ལ་ཀླུའི་བདག་པོ་སོག་མ་མེད་ཀྱིས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དམ་པའི་བདག་པོ་ཁྱོད་ཀྱི་སྲོག་དབྲོག་བར་བྱའོ། །ངས་དབུགས་རྔུབ་གཅིག་གིས་བཟའ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་རྫུ་འཕྲུལ་རྣམ་པར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།ཆེད་དུ་འདི་བརྗོད་དོ། །ན་མ་སརྦ་ཏ་ཐུ་ག་ཏེ་སྦྱ་སརྦ་མུ་གེ་སྒྱ། བད་བཛྲ་ཧུ༷་ཧུ༷་ཕཊ་ཕཊ་ས་མ་ཡ་ཕཊ། ཅེས་བརྗོད་དེ། དེ་ནས་ཀླུའི་བདག་པོ་རང་གི་མདུན་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཁྲོས་འཁྲུགས་པར་མཐོང་ངོ་། །ལུས་རབ་ཏུ་འབར་ཞིང་ཁྲོ་བའི་གད་མོའི་སྒྲ་འབྱིན་ཅིང་། མཆེ་བ་གཙིགས་མིག་བགྲད་དེ་སྣང་བར་མཐོང་ངོ་ རིང་པོར་མི་ཐོགས་པར་བསྟན་པར་བྱའོ། །སྟོབས་གང་ཡིན་པ་ཀླུའི་རྒྱལ་པོས་ལྟོས་ཤིག །གསང་བའི་བདག་པོས་རྡོ་རྗེ་རབ་ཏུ་གསོར་ཞིང་ཀླུའི་རྒྱལ་པོ་དེ་ལ་བརྡེག་པར་འདོད་ལ། བདག་གི་ཀླུའི་སྟོབས་དང་བཅས་པ་གཤོན་པ་དང་བཅས་པ་གཞོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ལ་སོགས་ཀླུ་ཆེན་བརྒྱད། །སྦྲུལ་མགོ་བདུན་དང་ཡང་དག་ལྡན། །ཕུ་བརྒྱད་དག་ལས་རྣམ་པར་བསྐྱེད། །རྡོ་རྗེའི་ར་བ་དག་དང་ལྡན། །རྡོ་རྗེ་ར་བའི་ཕྱི་ཕྱོགས་སུ། །སྤྲུལ་པའི་ལྷ་ཡི་སྣམ་བུ་ལ། ཁྱེའུ་ཆུང་མཛེས་པའི་ཚུལ་འཛིན་ཅིང་། །བྱེ་བ་བརྒྱའམ་བཅུ་དྲུག་དག །ཡང་ན་མཛེས་པ་བརྒྱད་གཞག་ལ། །གདུག་པའི་ཀླུ་བྲན་ཟིལ་གྱིས་གནོན། །སྒོ་བཞིར་སྦྲུལ་ཞིང་དགོད་པར་བྱ། །སྒོ་ཡི་ཡ་ཕུགས་ཕྱོགས་དག་ལ། །སེམས་ཅན་སྣ་ཚོགས་ཀླུ་གཉན་གཟུགས། །ས་བདག་ལྟོ་འཕྱེ་དྲི་ཟ་དང་། །གནོད་སྤྱིན་མོ་ནི་ཤ་ཟ་ཆེ། །མ་མོའི་རིགས་དང་རྒྱལ་པོའི་ཚོགས། །གང་འདོད་གཟུགས་རྣམས་བྱ་བར་བཤད། །ཚོན་རྣམས་ཁ་དོག་ལྡན་པར་བྱ། །ཤར་གྱི་ཡ་ཕུགས་ཕྱོགས་དག་ལ། །རྒྱལ་རིགས་དཀར་པོ་དགོད་པར་བྱ། །ལྷོ་རུ་བྲམ་ཟེའི་རིགས་རྣམས་དགོད། །ནུབ་ཏུ་རྗེ་རིགས་བྱང་དུ་དམངས་རིགས་དགོད། །ཡང་ན་ཀླུ་སྲིན་གདུག་པ་ཅན། །བྱབ་པའི་ལས་ཕྱིར་གཞག་པར་བྱ། །མ་ཉམས་མ་ཆག་བུས་མཐུར་ལྡན། །དུག་གི་གཟུགས་ལྡན་དགོད་པའི་ཚོགས་རྣམས་ནི། །རྟ་བབས་ཕྱི་རིམ་དག་ནས་བསྐོར། །རྟོག་པའི་རྒྱལ་པོའི་རྒྱུད་ལས། རྡུལ་ཚོན་གྱི་དཀྱིལ་འཁོར་དང་རྫས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྒྲུབ་པོས་འབྲུ་ལ་དཀྱིལ་འཁོར་བྱས་པ་ལ། ཀླུ་གདུག་པ་ཡོད་པའི་ས་ནས། ཀླུ་དང་ས་བདག་གི་ཕོ་བྲང་གི་བརྟེན་བྱས་ལ།ཕྱོགས་བཞིར་ལྷ་བཤོས་འདབ་མ་བརྒྱད་པ་བརྒྱད་གཞག་ལ། མཚལ་གྱི་ཐིག་ལེ་བྱས་ནས་ནི། །སྡེ་དཀར་ནག་དམར་སེར་ལ། །ནད་པ་མདུན་དུ་གཞག་ལ། །བུམ་པ་ཡན་ལག་རྫོགས་པ་ཡི། །དུག་གི་ཡན་ལག་རྣམ་པར་བསམ། །དུག་དབང་རྫོགས་པའི་རྣལ་འབྱོར་པས། །བགེགས་ཀྱི་ཡན་ལག་བཏག་པར་བྱ། །དང་དགོད་པ་གཡའ་བ་དག་ཏུ་མཐུན། །རྒྱལ་པོས་གྲོགས་བྱས་ཀླུ་ནི་གདུག་པ་ཆེ། །ལུས་ཀྱི་རྟོག་པ་གཞན་ལ་ཚུལ་མཐུན་དང་། །གསང་སྔགས་མཐུ་ཡིས་བསྐུལ་ནས་འབྲོས་པར་གནས་དང་ཕོ་བྲང་ཉེས་ཚེ་སྟོན་པ་དང་། དེ་ནི་གསང་སྔགས་གྲུབ་པའི་ལས་ཀྱི་ཕྲན་ཚེགས་ཡིན་པར་བཤད། །ས་སྟེངས་རྒྱུ་བའི་གདོན་རྣམས་མེད་འགྱུར་ན། །རྟགས་ཀྱི་མཚན་ཉིད་འདི་ནི་འབྱུང་མི་འགྱུར། །གསང་སྔགས་མེ་ཡིས་དེ་ལ་བསྐུལ་བ་མེད། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྟོག་པའི་རྒྱལ་པོ་ལས། །གསང་སྔགས་ཀྱི་མཐུ་བསྟན་དུ་རུང་མི་རུང་གི་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་གསང་བའི་བདག་པོ་རང་གི་སྐུའི་འོད་ཟེར་ལས། གདུག་པ་ཅན་གྱི་ཚོགས་ཟིལ་གྱིས་མནན་པ་དང་། བསྟན་པ་ལ་འཚེ་བའི་རིགས་ཅན་ཆམ་ལ་དབབ་པར་བྱ་བའི་ཕྱིར། གདུག་པ་ཅན་གྱི་འཁོར་ལོ་འདི་ཕྱུང་ངོ་། །ཕྱི་དང་ནང་དང་གསང་བ་དང་། །ཕྱི་ནི་ཞེ་སྡང་སྦྲུལ་བར་དུ། །ས་བདག་ཆེན་པོའི་རིགས་དག་གམ། །ཡང་ན་ཀླུ་ཆེན་གནས་ས་མྲ །དྲག་པོའི་འཁོར་ལོ་རབ་བསྐོར་ནས། །ཐོད་པ་དུམ་བུ་དྲུག་པ་སྲ །གྲོ་ག་ཤིང་ཤུན་བསམ་པ་ལ། །གསང་ཕྱིར་གཟུགས་དང་མིང་བཀོད་ལ། །དམ་ཚིག་བདག་པོར་རབ་བསྐྱེད་ལ། །གསང་བའི་སྔགས་ནི་འབར་བསམ་ནས། །ཆགས་ལས་རྣམ་གྲོལ་ཆེན་པོས་མཆོག །ལག་པ་རྐང་པ་ལྟོ་གཉིས་དྲུག །མགོ་དང་གསང་བ་འཁོར་ལོ་བརྒྱད། །དང་པོར་མགོ་བརྒྱད་གྲུ་གསུམ་ལ། །གཟུགས་བཞི་བསྣོལ་མ་གང་འདོད་གཏེམ། །དམ་ཚིག་སྔགས་ནི་དཀྲུག་ཅིང་བཟླས། །སྐད་ནི་རྣམ་ལོག་མགོ་བ་ཐུར། །དང་པོར་འབོད་པར་རབ་ཏུ་གཅེས། །བར་བར་དུ་ནི་འཁྱིལ་བའི་ལུས། །མཐའ་མ་འཁོར་ལོ་རྩེ་བརྒྱད་མ། །བཞུག་མ་བརྒྱད་ནི་རང་སར་ཟློས། །མིང་དུ་བོད་པ་ཆགས་པར་སྤྱོད། །བར་བར་མིང་བཅུག་ལས་ལས་སྤྱོད། །དྲག་པོར་ཐིག་ནི་བཏབ་ཡིན་ན། །འདྲེན་དྲག་བྱིད་མིང་ཏིང་ལ་འདྲེན། །ཚོན་གྱིས་ཁ་དོག་བསྒྱུར་ཞིང་དགོད། །རྟ་བསྔམས་སྟོབས་མེད་འཁོར་ལོར་གཞུག །གང་འདོད་ཐེ་ཚོམ་མེད་པར་གྱིས། །ནང་ཞེས་བྱ་བའི་ལས་རྣམས་ནི། །བུམ་པ་ཆེན་པོ་ཐིག་དྲུག་བར། །རང་ཆོད་ཕྱག་རྒྱས་བཏབ་པ་ལ། །དབང་ནི་རིམ་གསུམ་རྫོགས་པར་སྐུར། །ཐོག་མར་རང་གི་གནས་མཆོག་བསྲུང་། །གསང་དང་དམ་ཚིག་སྔགས་དང་བརྗོད། །དེ་ནི་མིང་གི་དང་པོ་སྟེ། །འོག་དང་སྟེང་དུ་འཁོར་ལོ་གདབ། །ཕ་རོལ་བསྲུང་བ་དེ་ཚེ་འཇིག །སེམས་ཅན་རྣལ་འབྱོར་དམ་པ་ཡིས། །འདོད་པ་བྱ་བ་གང་འདོད་བསྒྲུབ། །འཕྲིན་ལས་བཞི་ཡི་དུག་གི་ལས། །སྦྲུལ་ཆེན་བཞི་ནི་ཆུ་སྲིན་ཁ། །དྲུག་ཏུ་འདོད་པ་ནང་གི་ལས། །གསད་གསོ་ལས་ནི་མཆོག་ཏུ་འགྱུར། །རང་གི་གནས་དྲུག་འཁོར་ལོ་དྲུག །སྦྲུལ་བརྒྱད་སྟེང་འོག་གཉིས་ལ་རྫོགས། །དེ་ནི་རྫོགས་པའི་བདག་པོར་ངེས། །ལས་ལ་ཁྱད་པར་བསམ་ཡས་ཀྱང་། །འཆིང་བདག་ཆེན་པོར་མི་འགྱུར་ངེས། །མཆོད་པ་ནང་དང་གསང་འཛིན་ཆེ། །ཕྱི་ཕྱིར་གསང་ཆེན་ངེས་པར་འཕྲེང་། །དེ་ཚེ་སྔགས་ཀྱི་སྟོབས་དགོད། །ཨེ་ཨེ་ཨི་ཨཱོཾ་ཨུ་ཨུ། ནན་ནན་ནན་ནན། ཨོ་ནཱ་ག་ཤི་རི་རན་ཆོམ་ཆོམ། །དཀྲུགས་དཀྲུགས་སརྦ་ཤོ་ག་རི་སྤོ་ཏ་ཡ་གྲྭཧྭ། གོང་དུ་ཇི་ལྟར་གསུངས་པ་སྟེ། །གསང་སྔགས་ལ་ལས་འཁོར་ལོརདཀྲུག །སངས་རྒྱས་ཀུན་དང་སྟོབས་གཅིག་ཕྱིར། །གསང་་རི་་དབང་རྣི་སྤོད་པའི་མཆོག །དེ་ཚེ་བསྒྲུབ་པར་རབ་ཏུ་གཅེས། །འདི་ཡི་ལས་ཀྱི་ཆོ་གར་འགྲུབ། །རྟོག་པའི་རྒྱལ་པོ་ལས། རྩེ་གཅིག་སེམས་ཀྱི་ཁྱད་པར་དང་། །བསད་གསོ་ལས་ཀྱི་བྱ་བ་དང་། །ཇི་ལྟར་དམིགས་པ་འགྲུབ་པར་་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་བསྒྲུབ་པོས། །ཕྱོགས་བཞི་མཚམས་རྣམས་འཁོར་བ་སྲ །ལས་ཀྱི་ཐུན་དང་མི་མཐུན་རྫས། །གྲུ་ཆེན་ལ་སོགས་འཁོར་གྱི་བར། །འོ་མ་སྨན་སྦྱར་མཐུན་པ་ཡི། །ཕྱོགས་བཞིའམ་ཡང་ན་རེ་རེ་བཞག །རིན་ཆེན་ལ་སོགས་སྣོད་ནི་མཛེས་པ་ཡིན། །མདའ་དང་འཕང་གླུད་ནམ་མཁའ་ཤིང་རིས་དང་། །རྒྱང་བུ་དཀར་པོ་བརྒྱའམ་སྟོང་ལ་སོགས། །ནག་པོ་ལ་སོགས་མདའ་འཕང་དེ་བཞིན་གྲགས། །གཏོར་མ་མ་གཏོགས་མཆོད་པ་སྔགས་ཀྱིས་བརླབ། །འཕགས་པ་མཆོད་ཅིང་ཚོགས་བསག་སྦྱིན་གཏོང་གཏང་། །ལྷ་བཤོས་མཐུན་རྫས་བགེགས་རྣམས་དུག་གི་རྫས། །ནེ་རམ་ཤིང་རྩི་སྣ་ཚོགས་འཕོ་བའི་རྟེན། །བལ་ཚོན་སྣ་ལྔ་དཀར་གསུམ་ཀླུ་སྨན་བརྒྱན། །ཤིང་ཐོག་འབྲས་བུ་སྣོད་ནི་དུང་ཕོར་ཤིས། །བ་ར་ཏ་བི་ར་ནི་ཀུ་ཀུ་མོའི་འོ་མ་ཡིན། །སྣོད་ནི་བུམ་པའི་ནང་དུ་བླུགས་སམ་རིན་ཆེན་མཛས། །དཔག་བསམ་ཤིང་གི་གཟུགས་ནི་ཕྱོགས་བཞིར་བྲི། །རི་རབ་གླིང་བཞི་ཉི་མ་ཟླ་བར་བཅས མངའ་ལ་ཡུལ་མཁར་ལ་སོགས་མཛེས་པའི་དར། །རང་གི་མིང་དང་ས་བདག་ཀླུ་གཉན་ཚོགས། །མིང་ངམ་གཟུགས་ནི་སྣ་ཚོགས་ཚང་པ་གཅེས། །དུག་ཆེན་དག་དང་དུག་ཆུང་ཟིན་འདོད་ན། །སྒྲིབ་ནོན་དུག་གིས་མྱོས་པར་གྱུར་པ་དང་། །རྟ་དང་རྟེན་ཡོད་ཕོ་བྲང་མཐུན་པ་དང་། །མི་མཐུན་མཐུན་པ་བུམ་པ་ལྔ་ཡི་ཆུས། །སྤྱི་གཙུག་རྐང་མཐིལ་སྙིང་ཁ་ལྗགས་ལས་འཁྱིལ། །བྲབ་པ་སྨག་ཤད་བལ་པོ་སེའུ་ལྕུག །ཀ་ར་བྲི་ར་གུ་གུལ་ནག་པོ་དང་། །མུན་པ་སེལ་བ་སྟོབས་དག་ཡོད་པ་ནི། །སེམས་གྲོལ་སྨྱུག་མ་བྱས་པས་ཐོབ་པ་མིན། །རྟོག་བའི་རྒྱལ་པོའི་རྒྱུད་ལས། གསང་སྔགས་གྲུབ་པར་ནུས་པར་བྱེད་པའི་རྫས་ཀྱི་ཁྱད་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དེའི་འོད་ཐུགས་རྗེ་ཆེན་པོའི་རྫུ་འཕྲུལ་མངོན་པར་བསྟན་པའི་ཕྱིར། གསང་བའི་སྔགས་འདི་དཀྱིལ་འཁོར་གྱི་རྟོག་པ་ཀླགས་པར་རིག་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། དེ་བཞིན་གཤེགས་པའིརྫུ་འཕྲུལ་རྣམ་པར་སྤྲོས་པ་ཞེསབྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ནས། གསང་བའི་དཀྱིལ་འཁོར་འདི་ཕྱུང་ངོ་། །ཨོ་ན་མོ་རད་ན་ཏྲ་ཡུ་ཡ། ན་མ་ཙཎྜབཛྲ་པ་ན་ཡེ། མཧྭ་ཡཀྟ་སེ་ན་པ་ཏ་ཡེ།ཏདཡ་ཐུ། ཨོ་ཕྲ་ཀུ་པ་ཏེ་བེ་ག་དྷ་ར། ས་ར་ས་ར། མཧྭབེག་ཧེ་ས་ར། སྟི་ར་ས་ར་ས། སྟི་ར་ཀ་ར་ཀ་ར། པྲ་ཛ་ལིན་ཏ། མ་ཧྭ་བེ་ག་མན་དྷ་ལི་པྲ་སེར། མ་ཧྭ་པྲ་ཙན་དྷ། སྟེ་ག་དྷ་ར། པན་ན་གེན་འདྲ། ཧུ༷་ཧུ༷་རྙུ་ན་དྷ་ན་སྤུད་ཏསྤུད་ཏནཱག་ཤརིརན་ཧན་ཧ་ན། ནཱ་གནན། བྲ་ཧ་ར། སརྦ་ཤད་ཧྲུན། བྷ་མ་ན་ཡུ་ནཱ་ཤ་ཡ་དྷི་ཏྲ་པ་ཡ། ཏྲ་ས་ཡུ། ནཱ་ག་ནན། བཱ་བྷ་ནན། ཀམ་པ་ཡུ། ཧུ༷་ཧུ༷་ཕཊ་ཕཊ། ཕུས་བུ་ཏན་ཏུ། ནཱ་ག་ན་ནི། ཧུ༷་ཧུ༷་ཕོཊ།ཕུས་པུ་ཏན་ཏུ། སརྦཤད་ཆུན། ཧྲི་ཏ་ཡ་ནི། ཧུ༷་ཧུ༷་ཕཊ། སྙེ་གེ་སྙེ་ག་བྷཧི་ནི་ཡོ་ཏ་མ་ཧུ༷་ཧུ༷་ཕཊ་གྲྭཧྭ། སརྦ་ཤད་ཧྲུང་པྲ་མ་ཐ་ན་ཡ་ཧུ༷་ཕཊ། བི་རི་བི་རི་གྲྭཧྭ་ཀྲོདྷ་ནཱ་ཤ་ཡུ་ཕཊ། ཧྲོ་ཏ་སྟི་དྷ་ར་ན་ལྭ་ཕཊ། རོ་ཤ་ན་ཡ་ཕཊ་མྱར་ན་ཡ་ཕཊ། ཀུལ་ཨུད་ས་ད་ནཱ་ཀ་ར་ཡཕཊ། སརྦ་དུ་ཏ་ནན་ཕཊ། བ་སྨི་ཀ་ར་ཡ་ཧུ༷་ཧུ༷་ཕཊ་ཕཊ་སྲུཧྭ། དེ་རབ་ཏུ་རྟོག་བའི་ཆོ་ག་རིག་པ་གསང་བའི་གཟི་བརྗིད་ཆེན་པོ་འདི་བརྗོད་མ་ཐག་ཏུ། ལྷ་རྣམས་ཀྱི་སྟོབས་ཀྱིས་ནང་ནས་ལྷ་རྣམས་ཀྱི་སྟོབས་ཀྱིས་མི་གཡོ་བའི་ཡེ་ཤེས་ཀྱི་རྡོ་རྗེ་འོད་ཟེར་སྣ་ཚོགས་སུ་འཕྲོ་བ། ལྷ་རྣམས་ཀྱི་འོད་ཐམས་ཅད་མོག་མོག་པོར་བྱེད་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལོ་དྲུག་ཁྲི་པའི་བར་དུ་སྦྱངས་པའི་སྟོབས་པས་ལྷག་པ། དགྲ་བཅོམ་པ་ཆེན་པོ་མཆོད་པ་བྱེད་པ་འདི། །ཀླུ་རྣམས་ཀྱི་སྟོབས་ཀྱིས་མ་ཡིན། །གནོད་སྤྱིན་གྱི་སྟོབས་ཀྱིས་མ་ཡིན། དེ་བཞིན་དུ་དྲི་ཟ་དང་། གྲུལ་བུམ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་གི་སྟོབས་འཇིག་པར་མཐོང་ན། དྲེགས་པ་ཆེན་པོ་དག་རང་གི་སྟོབས་མེད་པར་མཐོང་མ་ཐག་ཏུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་བཅུ་ནས་འདུས་ནས། དྲེགས་པ་ཅན་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བཙལ་ནས། འདི་སྐད་ཅེས་སྨྲས་སོ། །ཐུགས་རྗེས་རིག་པའི་བདག་པོ་བྱིན་རླབས་ཅན། །འོད་ཟེར་འབུམ་གྱི་གཟི་ཡིས་བདུད་དཔུང་འཇོམས། །ཚོགས་གཉིས་རྫོགས་པའི་ཚུལ་གྱིས་རྐང་གཉིས་མཆོག །ཕ་རོལ་ཕྱིན་བཅུ་རྫོགས་པས་ས་རྣམས་ལྷུན་གྱིས་གྲུབ། །ཅེས་བསྟོད། འདི་སྐད་ཅེས་བསྟོད། མིའི་ནུན་པ་གྲགས་པར་བྱེད་མི་ནུས། །བདག་ཅག་ཀླུ་རྣམས་བུ་དང་བཅས། །དཔུང་དང་བཅས་ཏེ་སྐྱབས་སུ་མཆི། བདག་ཅག་ཀླུ་རྣམས་མི་གཞོམ་གསོལ། །དམ་ཚིག་ལ་ནི་གནས་པར་བྱ། ཁྲོ་བོ་གསང་སྔགས་སུ་འཛིན་པ། །འདི་ལ་དམ་ཚིག་གནས་པར་བྱ། །ཞེས་བརྗོད་ནས།བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་འོངས་ནས་ཐལ་མོ་སྦྱར་ནས་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འདུག་པ་མོ་ཤ་རུས་ཟ་བའི་མ་མོ་རྣམས་ཉེ་བར་རིངས་པར་འོངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། འདི་སྐད་ཅེས་སྨྲས་སོ། །དུས་གསུམ་སྐུ་ནི་རྟོགས་བྲལ་སྐུ་ནི་བཅོམ་ལྡན་འདས། །བགྲེས་རྒུད་མེད་པས་མཐའ་གཉིས་དུས་གཅིག་གཅོད། །མ་ཆགས་འཁོར་བ་པདྨ་འདམ་སྐྱེས་ལྟར། །རིག་པའི་ཆོ་འཕྲུལ་མའི་ཚོགས་རྣམས་འཇོམས། །ཅེས་བསྟོད་དོ། །དེ་ནས་མ་མོ་ཤ་ཟ་མ་ཁྲག་འཐུང་རུས་པ་འཆའ་བ་གསུར་གྱི་དུད་པ་ལ། དྲི་ཚོར་བ་ཙམ་གྱིས་ཡང་། ཁ་རླངས་ཆེན་པོ་འཔྱོ་བའི་ཁ་རླངས་ལས། མ་མོ་སྲིན་མོ་ཤ་ཟ་མ་སྟོང་ཕྲག་ཕྱུང་ནས། སྲིད་པའི་སྐྱེ་འགྲོ་ཐམས་ཅད་སྒྲོལ་བར་མཛད་པ་དེ་དག་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་གསང་སྔགས་མི་བཟོད་ནས། བདག་ཅག་གི་སྲོག་མི་གཞོམ་དུ་གསོལ་ལོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འཚེ་བ་རྣམས་ཀྱི་དོན་དུ་བདག་ཅག་གི་དྲག་སྔགས་བཞེས་སུ་གསོལ། ཙིད་མ་ཤ་ལ་ཁྲག་འཐུང་། ཀི་ཀ་པ་ཏ་པ་ལ་ཏ་ཤ་ལ་ཀི་ཁྱོ་ཏེ་ཁྲིད་དེ། རིག་པ་འཛིན་པའི་རྣལ་འབྱོར་པས། །དགྲ་བོའི་ཆོ་ག་བྱེད་འདོད་ན། དོང་ནི་ཆག་གང་གྲུ་བཞི་པ། །བརྐོས་ནས་རྒྱ་སོལ་གྱིས་བཀང་ནས། ལྷད་མ་སེར་ལ་དགྲ་བོའི་ཞིང་གཟུགས་བྱས་ལ། མིང་རུས་བྲིས་ལ། ལག་པའི་ནང་ནས་མི་ཤི་བའི་ལག་པར་བཅུག་ལ་ཁ་གཡམ་པས་གཅད་ལ། དེའི་ནང་དུ་ཁ་ལྷོ་ཕྱོགས་བལྟས་ཏེ། གོང་གི་སྔགས་དྲུག་སྟོང་བཟླས་སོ། །སྔགས་ཏེ་བཏོན་པ་དང་། ལྷག་མའི་ནང་ནས་ལྷད་མ་ཚེར་བྱུང་ནས། །སླར་དོང་གི་ནང་དུ་གསལ་ཏེ། ཨ་ཀུ་ཤས་སྔགས་གོང་མ་ལྟར་བཟླས་ཏེ་བསྡུ། དེ་ལྟར་སྔགས་གོང་དུ་པོ་ས་ར་ཏ་ཞེས་ཤམ་བུར་གདགས། དེ་ལྟར་ལྷ་དང་། ཀླུ་དང་། གནོད་སྤྱིན་ལ་སོགས་པ་དེ་དག་ཐམས་ཅད། རང་རང་གི་སྤྱི་བོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་རང་རང་གི་གནས་སུ་འདུག་པར་གྱུར་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གསང་སྔགས་ཀྱི་མཐུ་ལ་ཞུ་བ་པ་གཏད་ནས། འཁོར་དུ་གྱུར་པ་དེང་སྙིང་པོ་ཕུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རང་གི་འོད་ཟེར་གྱིས། ལས་འཕྲོག་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་དམ་ཚིག་གཅིག་ཏུ་བསྡུ་བ་མཛད་ནས། ཨོ་སྐྲུ་ཏ་སྐྲུ་ཏ་མཧྭ་ཀྲོ་དྷ་ཧཱུཾ། སིད་དྷི་སིད་དྷི་ཛམ་པ་ཏི་ཛམ་པ་ཏི། གྲྭཧྭ། པོ་ཏ་ཡ་གྲྭཧྭ། ཨོ་སྐྲུ་ཏ་སྐྲུ་ཏ་མཧྭ་ཀྲོ་དྷ་ཧུ༷་ཛ་ཏི་ཛ་ཏི་སྤོ་ཏ་ཡ་གྲྭཧྭ། ཧུ༷་ཕཊ་ཕཊ་གྲྭཧྭ། རང་རང་གི་སྔགས་འདི་སྨྲས་མ་ཐག་ཏུ།ལུས་དུམ་བུ་ལྔ་བཅུར་འཆད་པར་འགྱུར། ཀླུ་མཚོ་ཐམས་ཅད་སྐམས་པར་གྱུར་ཅིག །དེ་མ་ཐག་པ་ཙེང་ཙེང་པོའི་སྒྲ་ཆེན་སྨིན་པར་གྱུར་ཅིག །ཀླུའི་རྒྱལ་པོ་དེ་ལྟར་དུ་སྒྲུབས་ཤིག །དེབཞིནགཤེགསཔཀུན་གྱི་རྗེས་སུ་གདམས་པ་འདིནི་འདའ་བར་དཀའ་བ་ཡིན་གྱི། འཛམ་བུ་གླིང་རིན་པོ་ཆེའི་རང་བཞན་དུ་གྱིས་ཤིག །ལོ་ཏོག་དང་མེ་ཏོག་དང་། ལོ་མ་དང་། སྨན་དང་། ནགས་ཚལ་དང་། མགོ་ལྕོགས་དང་། སྤོས་ཀྱི་ཚལ་ཆེན་པོ་དེ་དག་ལ་མ་འཚེ་ཞིག །སེམས་ཅན་གྱི་ཁམས་རིགས་དག་ཅིང་མདངས་དང་ལྡན་པར་གྱིས་ཤིག །སེམས་ཅན་ཐམས་ཅད་སྲོག་གི་རྒྱུན་ཆད་པར་མ་བྱེད་ཅིག །དམ་ཚིག་དང་ལྡན་པའི་རིག་པ་འཛིན་པ་ལ་གྲུབ་པ་ལ་བླ་ན་མེད་པར་གྱིས་ཤིག །ཅེས་ཆེད་དུ་བརྗོད་དོ། ཁུད་ཀྱི་རྒྱལ་པོ་རྟོག་པའི་རྒྱལ་པོའི་རྒྱུད་ལས། དམ་ཚིག་རྗེས་སུ་གནང་བའི་ལེའུ་སྟེ་བརྒྱད་བའོ།། །།དེ་ནས་རིག་པ་འཛིན་པ་དེ། རྒྱ་མཚོ་ཆེན་པོའི་གྲ་དག་གམ། །པདྨའི་རི་དང་མེ་ཏོག་རྣམས། །གང་ན་ཀླུ་ཆེན་གནས་པ་དེར། །འོ་མ་སྤོས་ཆུས་མགོ་ལུས་བཀྲུ། ཁ་ཟས་ཆོ་ག་སྔགས་ཀྱིས་གདབ། །ཡང་ན་སྒྱུང་བར་གནས་པར་བྱ། །མ་བཏབ་ཟས་རྣམས་བསྲུང་བར་ཤིས། །མཚན་མ་རྙེད་ནས་ཡིད་དུ་འོང་། །རྣལ་འབྱོར་བས་ནི་ཅི་དགར་སྤྱད། །བགེགས་ཀྱི་ལུས་ཅན་ཟིན་འགྱུར་ན། །འོ་དོད་བོད་ཅིང་གཉིད་ཀྱང་མེད། །མིག་ནི་སོ་མ་གྱེལ་ལ་ལྡོག །འཆད་པ་དུར་ཁྲོད་དག་སོང་ལ། །བླ་ཁབ་ཡོད་དང་མེད་ཀྱང་རུང་། །དཀྱིལ་འཁོར་ཁྲུང་གང་བརྩིགས་ནས་ནི། །བུམ་པ་རིན་ཆེན་གཙང་མ་ལ། །ཆུས་བཀང་སྔགས་ཀྱིས་བཏབ་གྱུར་ན། །མི་དེ་དེ་ལས་གྲོལ་བར་འགྱུར། །ས་ཡི་གཏེར་རྣམས་ཕྲད་པར་འགྱུར། །ཡང་ན་རྨི་ལམ་ཉམས་བྱུང་ན། །ཡོད་མེད་འགྲུབ་པར་རིགས་ཀྱིས་ཆེན། །རྒྱལ་རིགས་དཀར་པོ་བྲམ་ཟེ་རིགས་སེར། །རྗེའུ་རིགས་དམར་པོར་ཡང་དག་གནས། །དམངས་རིགས་དམར་པོས་ཟིན་གྱུར་ན། །རང་ལུས་དུག་གི་དབང་ཐོབ་ནས། །དཀྱིལ་འཁོར་གཞུང་ལྟར་བྲིས་ནས་ནི། །བུམ་པ་ལ་སོགས་རྫས་རྣམས་ནི། གསང་བའི་སྔགས་དང་རིག་པའི་སྔགས། །དམ་ཚིག་སྔགས་ལ་རབ་བརྩོན་བྱ། །སྔགས་ཀྱི་དུག་རྣམས་བྱུང་ནས་ནི། །རྟ་བསྡམས་རྩེར་སོ་ལས་རྣམས་བྱ། །ཞི་དང་དགུག་དང་དབང་དུ་བསྡུ། །བསྐྲད་དང་གསད་པ་ལས་ཀྱི་འདོགས་ནི་རབ་ཏུ་གཅེས། །ཞི་རྒྱས་དབང་དྲག་ཚང་བའི་མཆོག །ཆུ་མིག་ཆེན་པོ་ཡོད་པའམ། །གཉན་ཀླུ་རིགས་བཞི་ཡོད་པར་རྣོ། །ས་ཕྱོགས་དེ་རུ་དཀྱིལ་འཁོར་བརྩིག །གཟུགས་ཀྱི་བྱེ་བྲག་དག་ཀྱང་དགོད། །དྲག་པོ་སྔགས་ཀྱིས་མི་གནོན་ཅིང་། །གསང་སྔགས་གྲུབ་རྟགས་མ་ཕྱིན་ན། །གཉན་སྐྱས་གདབ་ཅིང་གླུང་དང་བསྔོ། །ཟླ་བ་བདུན་ནས་བཅུ་གསུམ་དང་། །རང་གི་དུག་ནི་ནུས་པ་ཆེ། །མཐར་གྱིས་རྣམ་རྟོག་མེད་པར་ནུས། །ཡིད་ལ་ཇི་ལྟར་དམིགས་པས་འགྲུབ། །དུག་གི་མུན་ནག་སོལ་བར་འགྱུར། །ཇི་ལྟར་སྔགས་ཀྱི་སྒྲུབ་པ་ནི། །མུན་ནག་སྒྲོལ་མ་སྨན་གྱི་དུག་གསོས་ལྟར། །དེབཞིནགསངསྔགས་དུག་ནི་སྨན་དང་འདྲ། །གདུག་པ་སྦྲུལ་གྱི་དུག་ནི་སེལ་བར་བྱེད། །དམག་ལ་རལ་གྲི་ཉུངས་ཀར་དག་ལ་བཟླས། །ཟེར་བ་རྡོ་རྗེ་ཀ་ར་བྲི་ར་བཟླས། །བལ་པོ་སེར་སྨག་ཤད་ཤིང་ངག་ནི། །དུག་གིས་ཟིན་པའི་ལུས་ཅན་དེ་ལ་བཟླས། །ཡང་ན་ཉུངས་ཀར་བུམ་པས་ཅི་ལ་ཡང་བྱ་བར་འགྲུབ། །དབང་བསྐུར་བྱས་པའི་བུམ་པས་ནི། །དབབ་གཅད་བྱས་པའི་ཚེ་ན་བྱ་བ་མེན། ཁྲ་ཀྲ་དུག་ནི་ཁ་རླངས་དག་ལས་བྱུང་། །བུམ་པ་ཡིས་བྲབ་ཅིང་སེའུའི་ལྕུག་བྱ་བ། །མཆེ་བས་བཏབ་ན་ཤ་རོ་དུག་ཆེན་ཡིན། །གསང་བའི་སྔགས་ནི་གགས་སེལ་མེད་འགྱུར་ན། །དུག་ཆེན་དུག་ནི་ཉི་མས་སེལ་བས་མུན་ནག་སེལ། །དེ་བཞིན་ཟླ་བ་བཅུ་གསུམ་གསང་སྔགས་དུག་དག་འདོན། །རིགས་ཀྱི་གནོད་སྤྱིན་ཤ་ཟས་གཏབ་པའི་དུས། །ཞག་བདུན་ཞག་གཅིག་ཉི་ཤུ་གཅིག་གིས་སེལ། །གདུག་པ་མོའི་ཚོགས་ལ་་།ན་དུ་སྔགས་ཀྱིས་སེལ། ལོག་འགྲོ་ན་དུག་ནི་ཟས་བཞིན་བྱེད་མཐུན་པར་རགས། དགར་དང་དགུག་པ་སོ་ཐགས་དབང་དུ་བསྡུ། བསད་པ་བྱིན་སྙེད་རྡོ་རྗེ་དྲེ་ཡིས་བྱ། །རིན་ཆེན་ལ་སོགས་བདུད་རྩི་ཉི་ཤུ་ལྔ། །ཕུག་ནི་ཤིང་ཤུན་རས་བལ་མགུལ་ཆིངས་ཡིན། །ཉུངས་ཀར་ཉུངས་ནག་བསྲེས་པ་རབ་རྟོགས་སྔགས་ཀྱི་མཆོག །གདུག་པ་མོ་ནི་མོས་པས་རང་སེལ་ཏེ། །རྟ་དང་གླང་དང་ཁྱི་ཕག་ཉ་སྐྲུལ་དང་། །ར་ལུག་རི་དྭགས་འདབ་ཆགས་བྱ་ཡིས་ཚོགས། །ཆུ་སྲིན་གཙོས་མོ་གཅན་གཟན་སྣ་ཚོགས་གཟུགས། །ཕྱོགས་བཞི་དག་ཏུ་ཁ་དོག་ལྡན་པའི་གཟུགས། །རྣམ་སྨིན་མུན་པ་སེལ་བྱེད་རྒྱལ་རིགས་སྤྱི་ནས་འདོན། །བྲམ་ཟེ་ཁ་དང་རྗེ་རིགས་སྙིང་ཁ་གདོན། །དམངས་རིགས་རྐང་མཐིལ་རྣམ་སྨིན་སེལ་བར་ནུས། །རྒྱལ་པོ་ལོག་དང་སྙུང་བས་ཟིན་གྱུར་ན། །སྡིག་པ་དཀར་པོ་རྐང་པའི་མཐིལ་ནས་ཞུགས། །ལུས་མདོག་འགྱུར་ཞིང་དྲི་ཡང་ང་བར་འགྱུར། །རིད་ཅིང་བསྐམས་པས་འོ་དོད་ཆེན་པོ་འབོད། །བླ་གབ་མེད་པའི་དགེ་སློང་སུ་ཏི་ཏས། །བཙོན་ར་ཐར་པའི་གསང་སྔགས་བཟླས་གྱུར་ཏེ། །བུམ་པའི་ཆུ་ཡིས་རྒྱལ་པོ་ནད་ཞིར་འགྱུར། །ཆུ་བུར་ཞི་ནས་ཞག་ནི་བདུན་བར་དུ། །རྒྱལ་མཚན་རྩེ་ལ་བཏགས་ཏེ་མཆོད་པ་བྱས་གྱུར་ན། ཁེང་ཆེན་བསྐམས་པ་ལྕུག་ཕྲན་སྐྱེ་བར་འགྱུར། །དུས་བཞི་དག་ནས་མགོ་ལྗོགས་སྐྱེ་བར་འགྱུར། །རིམས་དང་དུག་དང་མཚོན་དང་མེ་ཡང་ཞི། །རྒྱལ་པོ་བཀའ་ཡི་ཆད་པ་ཞི་བར་བྱེད། །གདུག་པ་སྦྲུལ་གྱི་ཚོགས་ནི་ས་ཡི་སྲུབས་སུ་ཞུགས། །གདུག་པ་སྡིག་པའི་ཚོགས་ནི་རེག་པ་ཆུ་བསྐམས་ལྟར། །མཚན་ཉིད་མེད་ཅིག་ལུས་དང་གཏོར་བར་འགྱུར། །དེ་བཞིན་མཐུན་རྫས་གྲོགས་དག་ལྡན་པ་ཡིས། །རྟོག་མེད་གསང་བའི་སྔགས་ཀྱིས་ཞི་བར་འགྱུར། །རྒྱུད་ཀྱི་རྒྱལ་པོ་རྟོག་པའི་རྒྱུད་ལས། དུག་གི་ཡན་ལག་འབྱུང་བའི་ཕན་ཡོན་དང་བཅས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཟླ་བཞི་དག་པའི་སྣང་བ་དེ་ཉིད་ལ། ཚུར་ཤོག་བྱེ་བྲག་རིག་པའི་སྐད། །འོད་གསལ་རྡོ་རྗེ་འཇུན་པའི་ཚུལ། །མེ་ཏོག་ཡེ་ཤེས་ཚུལ་འཛིན་ཅིང་། །དཔའ་ཞིང་བརྟུལ་ལ་ལོག་རྟོག་འཇོམས། །དཔའ་བོ་ཆེན་པོ་དེ་དཔའ་བའོ། །བྱང་ཆུབ་ས་ལ་རབ་གནས་ཤིང་། །མགོན་པོ་ཏིང་འཛིན་ཐུགས་རྗེར་ལྡན། །ས་བཅུ་གཟུགས་སུ་ཡང་དག་ལྡན། །ཆོས་སྐུ་ངོ་བོ་བརྗོད་དུ་མེད། །འོད་ཟེར་སྟོབས་ཀྱིས་བདེན་བྲལ་འཇོམས། །བཅོམ་ལྡན་ལོངས་སྐུ་རྟག་པ་ཆེ། ཁྱོད་ཀྱི་ཐུགས་ཀྱི་ངོ་བོ་ཉིད། །མི་འགྱུར་རྡོ་རྗེ་རྗེས་སུ་བཅད། །ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་བྷ་སརྦ་མུ་གེ་བྷ་སརྦ་ཏ་ཐུ་ཙཎྜ་མཧྭ་རོཛི་བཛྲ་བཱ་ཁི་ཧུ༷་ཕཊ། བདེ་ཆེན་རིག་བྱེད་རྒྱལ་བའི་སྲས། །ང་ཡི་དམ་པའི་ཕྱག་རྒྱ་ནི། །མི་འགྱུར་ལས་ཀྱི་དམ་པ་ནི། །མཆོག་ཆེན་མཆོག་བྲལ་བཟོད་པར་དཀའ། ཁྱོད་ཀྱིས་མི་གནས་རྟག་ཏུ་ཆོངས། །དེ་ནས་གནོད་སྤྱིན་གྱི་བདག་པོ་ཉི་མ་སྟོང་གི་གཟི། གདོན་རྣམས་མ་ལུས་མི་རྟོག་ངང་དུ་རྫོགས། །མཁས་ཤིང་སྙིང་སྟོབས་ཚུལ་ཁྲིམས་མཐའ་གཉིས་གནོན། །སྦྲུལ་གདུག་རྒྱན་ཆས་ལུས་དང་ཡན་ལག་མཛེས། །དྲི་མེད་གཟུགས་ཀྱིས་འགྲོ་ལ་མཐུན་བར་སྣང་། །ལྷ་རྣམས་ལ་ནི་ལག་ན་རྡོ་རྗེ་ཆེ། །ཀླུ་ཡི་གནས་ན་རྡོ་རྗེ་ཀླུ་ཆེན་འཇོམས། །གནོད་སྤྱིན་ཚུལ་མཐུན་གནོད་སྦྱིན་གོས་སྔོན་ཅན། །དྲི་ཟ་ལ་ནི་དྲི་ཟའ་གཟུགས་ལྟ་བུ། །གྲུལ་བུམ་མཐན་སྣང་རིག་བྱེད་རྡོ་རྗེ་འཛིན། །སྲུལ་པོ་གཟུགས་ཆེན་རྣམས་ལ་སྲུལ་པོ་རྡོ་རྗེ་འཆང་། །དེ་བཞིན་ལུས་སྲུལ་རྡོ་རྗེ་འཛིན། །སྐྱེ་བྱེད་ནད་ནི་སྐྱེ་བྱེད་ལྡན་པས་འཇོམས། །སྨྱོ་བྱེད་ལས་ནི་སྨྱོ་བྱེད་ལྡན་གཟུགས་སྣང་། །གྲིབ་སྣོན་དུག་ནི་གྲིབ་སྣོན་ཚུལ་འཆང་འཇོམས། །ནམ་གྲུ་ནམ་གྲུ་ལག་ན་རྡོ་རྗེ་འཇོམས། །སྣ་ཚོགས་གདུག་པ་ཅན་རྣམས་ལ། །ལུས་ཀྱི་ཕྱི་རུ་གཟུགས་འབྱུང་བ་བཞིན་དུ། །རང་རང་མདུན་ན་རྡོ་རྗེ་འཛིན་པའི་གཟུགས། །རང་རང་དག་གི་དྲེགས་པ་ཞི་བར་བྱེད། །ལྷོ་ཕྱོགས་རིག་པ་འཛིན་པ་གནས། །དེ་བཞིན་རྗེས་སུ་འཇུག་པའི་དབང་། །དཀྱིལ་འཁོར་སྔགས་ལྡན་མཛེས་བར་བྱ། །པོ་ཏི་ཕྱག་རྒྱ་ཐུགས་ཀྱིས་བརྟགས། །ཆབ་གཙང་འོ་མར་མེ་ལོང་ཞོ། །བུམ་པ་རྡོ་རྗེ་བྱིན་བརླབས་པ། །ནག་པོ་ར་རི་མེད་པ་ལ། གཅིག་གམ་ཡང་ན་གསུམ་ལྔ་ལ། ཁ་རྒྱན་མགུལ་ཆིངས་དར་དང་ལྡན། །ལྷ་བཤོས་བདུག་སྤོས་མེ་ཏོག་དང་། །མར་མེ་དྲི་དང་དུང་ཆོས་ཉིད། །ཀུ་ཤ་རས་བལ་གདན་ལྡན་མཆོག །གདན་མཆོག་བླ་མ་རབ་གནས་ལ། །རང་གི་སྙིང་ཁར་ཟླ་བ་ཡི། །དཀྱིལ་འཁོར་ཡི་གེ་མཚན་པ་བྱ། །དེ་སྟེངས་ཧཱུཾ་སྔོན་མཚན་བྱ་སྟེ། །ནམ་མཁའ་ཡི་ནི་མོས་དཀྱིལ་དུ། །དེ་དག་མདུན་དུ་ཡང་དག་བསམ། །དེ་ནས་མདུན་དུ་སྔགས་བདག་བསྐྱེད། །བུམ་པའི་དཀྱིལ་འཁོར་རབ་ལྡན་པས། །མོས་བས་རང་བཞིན་མེད་པར་བྱ། །རྡོ་རྗེ་ལ་སོགས་སྐུ་གསུང་ཡང་། །སྔགས་ཀྱི་སྐུ་གསུང་ཐུགས་སུ་བསྐྱེད། །བྱིན་རླབས་ངོ་མཚར་རྒྱ་ཆེར་འབྱུང་། །དེ་ནས་སློབ་མ་དྲང་བྱ་སྟེ། །མིག་བཀབ་འཕྲེང་ཐོགས་གུས་པའི་སེམས། །དཀྱིལ་འཁོར་གྱི་ནི་ཤར་སྒོ་ནས། །ཚིག་གི་ཁྱད་པར་འདི་དག་བརྗོད། །མགོན་པོ་རྒྱལ་བ་དགོངས་སུ་གསོལ། །བདུད་དཔུང་འཇོམས་པའི་རྡོ་རྗེ་འཛིན། །ནམ་མཁའ་དྲི་མ་མེད་པ་ལྟར། །བླ་མེད་ཐུགས་རྗེ་གཟུང་དུ་གསོལ།ཁྱོད་ནི་ང་ཡི་བསྟན་ཆོས་པོ། །རྡོ་རྗེ་ལས་ན་བདག་ལ་སྩོལ། །དམ་ཚིག་རྡོ་རྗེ་བདག་ལ་སྩོལ། །འཇིག་རྟེན་དཔུང་འཇོམས་ཆོས་ལེགས་མཛོད། །སྡིག་བཤགས་སྡོམ་གཟུང་རྗེས་དྲན་དང་། །སེར་སྣ་མེད་པའི་ཡོན་མཆོད་འབུལ། །སངས་རྒྱས་གང་གའི་བྱེ་མ་སྙེད། །མདུན་དུ་ཡང་དག་བསམ་པར་བྱ། །བླ་མས་མཆོད་པ་རྫོགས་པ་དང་། །ལུས་ངག་ཡིད་གསུམ་དང་བས་འཇུག །མིག་བཀབ་ཕྲེང་ཐོགས་ཞི་བའི་སེམས། །དེ་ནས་དམ་ཚིག་བསྒྲག་པར་བྱ། །ལྷ་སྟན་རིགས་ཀྱི་བདག་པོར་ངེས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །རྟོག་སྤྱོད་ཀུན་གྱི་མཐའ་ལས་འདས། །ཐམས་ཅད་འཇོམས་པའི་སྟོབས་ལྡན་པས། །བུ་ཁྱོད་ལ་ནི་བསྐུར་བ་ཡིན། །རྡོ་རྗེ་བདུད་རྩི་དམ་པར་འགྱུར། །ཨོ་བཛྲ་ཙཀྲ། དེ་བཞིན་གཤེགས་པ་གསུང་གི་དངོས། །བསམ་གཏན་སྤོ་ཏ་དམ་པ་འདི། །མཚན་མའི་དགྲ་རྣམས་རྣམ་པར་དག །བུ་ཁྱོད་ལ་ནི་བསྐུར་བ་ཡིས། །གསུང་གི་གྲུབ་པ་བླ་མེད་ཤོག །ཨོ་བཛྲ་བག་ཤ་ནན། སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང་། །དམ་པ་ཡེ་ཤེས་བླ་ན་མེད། །རྡོ་རྗེ་ངོ་བོར་གྲུབ་པ་ནས། །བགེགས་རྣམས་ཀུནཡངབཞིགཔརབྱེད། །ཨོ་བཛྲ་ཙིསྟ་རག་ཤད་ཧུ༷། གསང་སྔགས་ཡིད་ལ་རྗེས་དྲན་ནས། །ཉམས་པའི་དོན་གྱིས་རྟོག་སེལ་ཅིང་། །རིག་པའི་ཡེ་ཤེས་དམ་ལ་གནས། །འགྲོ་བའི་ཆེད་དུ་རང་དམ་བཅའ། །ཡི་གེ་ཧུ༷་གི་ས་བོན་ལས། །ཕྱག་ན་རྡོ་རྗེ་གྲུབ་ཡང་འཛིན། །བུམ་པ་ཟླ་བས་མཚན་པར་བསྐྱེད། །དེ་སྟེངས་ཁྲུ་ནི་བཅུ་དྲུག་པ། །འཕྲོ་འདུ་མང་པོའི་ཚུལ་གྱིས་གཏམས། །སློབ་མའི་སྤྱི་བོར་གཞག་ལ་ནི། །ཉེས་པའི་ཚོགས་ཉིད་རྣམ་དག་པའི། །ཡེ་ཤེས་གཟུགས་ཀྱི་བུམ་པ་འདི། ཁྱོད་ཀྱི་སྤྱི་བོར་གཞག་པ་ཡིས། །དབང་གི་རྒྱལ་པོར་མཛེས་ལྡན་ནས། །ལས་ཀྱི་མཐའ་རྣམས་བཤིག་པར་བྱེད། །མེ་ལོང་བསྟན་ཅིང་བུམ་པའི་ཆུ་རྒྱུན་གྱིས། ཁྱད་པར་རབ་དང་འབྲིང་དུ་བཤད། །རབ་ནི་ཐར་པའི་ལམ་མཆོག་འབྲིང་ནི་ལུས་སེམས་བདེ། །ངག་ཀྱང་སྙན་ཅིང་གདོན་ཡང་འགྲོས། །རིད་ཅིང་སྐམ་པ་མེ་ཏོག་ཤིང་སྐྲམས་ལ། །ཆར་ཆེན་རླན་གྱི་རྒྱུན་གྱིས་བརླན་པ་བཞིན། །ཉོན་མོངས་དུག་ལ་ཡེ་ཤེས་ཆུ་ཡིས་བརླན། །མཆེ་བས་ཟིན་དང་རྗེས་ནི་བོར་བའི་དུག །ཁ་རླངས་སྣ་ཚོགས་དུག་ནི་ཆགས་པ་ཆེ། །རིགས་ཆེན་དྲག་པོའི་དུག་ནི་གསང་སྔགས་དུག་གིས་འཇོམས། །དེས་ནི་ཐ་མར་བསྟན་པ་རྣམ་པར་སྤངས། །གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས། །གདུང་ནས་འབྲིང་པོ་ལ་ནི་བསྟན་པར་བྱ། །ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང་། །ཚེ་དང་སྟོབས་གཟུངས་ཕུན་སུམ་ཚོགས་པ་དང་། །ཐོས་མང་མདངས་བཟངས་ཅིག་ཏུ་ཡིད་བཞུངས་ན། །དབང་ཐང་ཆེ་ཀུན་དགའ་མཐུ་སྟོབས་ཀྱིས་ཐོབ། །ཆགས་དང་རྣམ་བྲལ་དགེ་ལ་དགའ་བ་དང་། །རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་དང་། །སྡིག་པ་སྤངས་ཤིང་བཟླས་བརྗོད་ལྡན་དང་བའི། །མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད། །རྡོ་རྗེའི་མཚོན་མེད་གནམ་ལྕགས་མཐུ་འདྲ་བའི། །གསང་སྔགས་མི་ཡི་འཇིག་རྟེན་མཆོད་སྤྱིན་མཛད། །འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང་། །སྡུག་བསྔལ་སེལ་ཅིང་སྡིག་འཇོམས་གཞན་མེད་དོ། །གང་ཞིག་དཔག་བསམ་ལྗོན་པའི་ཤིང་ལྟ་བུར། །ལ་ལས་དངོས་གྲུབ་ལ་ལར་བསོད་ནམས་དང་། །གཞན་ལ་གཟུགས་སྟོབས་ཆེ་དང་བདེ་བ་དག །ཡིད་མཐུན་འབྲས་བུ་འདོད་བའི་མི་ལ་སོགས། །གསང་སྔགས་སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ནས། །གང་ཞིག་སྡུག་བསྔལ་གང་ཞིག་འཇིགས་སྐྲག་པ། །འགྲོ་བའི་སྡུག་བསྔལ་ཀུན་ལས་གྲོལ་བའི་དབང་། །རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པ། །འགྲོ་བའི་ཚོགས་ཆེན་མཐའ་དག་སྐྱོབ་པར་མཛད། །རྟོག་པའི་རྒྱལ་པོའི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་བཅུ་པའོ།། །།གང་ཞིག་ཡུལ་དང་ཁྱིམ་ལ་བརྟེན་ཀྱང་རུང་། །དཀའ་ཐུབ་མཉམསརྩེགཅིགསེམསཀྱིས་ནི། །ཉིན་གཅིགབཞིནདུཅུངཟདསྔགས་བཟླས་ན། །དེ་ཡིས་གསང་སྔགས་དུས་གཅིག་ན་ནི་འགྲུབ། །ཆོགབཞིནདུདངཔོརའབུམ་བཟླས་ནས། །སྙེད་ནས་སྔགས་པས་བསྒྲུབ་ལ་འཇུག་པར་བྱེད། །དེ་ནི་དངོས་གྲུབ་མྱུར་དུ་ཐོབ་འགྱུར་བ། །གསང་སྔགས་ཆོ་གས་ཡུན་རིངས་ཉོན་མི་མོངས། །ལུས་ལ་ས་ཡིས་དྲིལ་ཕྱིས་བྱས་ནས་སུ། །ཆུ་རྙེད་རྙོག་མ་མེད་པར་ཞུགས་ནས་ཀྱང་། །ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། །བྱུང་ནས་ཤར་རམ་བྱང་དུ་ཁ་བལྟས་ནས། །ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་ནི། །པུས་མོ་ཕྱི་རོལ་ཏུ་ནི་བསྟན་བྱ་སྟེ། །བར་དུ་ལག་གཞག་ཙོག་ཙོག་པོར་འདུག་སྟེ། །སྨ་མེད་ཡུ་བ་མེད་པས་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་སུ། །ཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །སོ་ལ་ཆགས་ལ་ལྕེའམ་རེག་ནས་ཀྱང་། །སྦྲིད་པ་བྱུང་ནས་ཁ་ཡང་དཀྲུག་པར་བྱ། །རབ་ཏུ་སྐྱེས་པ་བུད་མེད་གཞོན་ནུ་ཡང་། །གཞོན་ནུ་མ་དང་རྒད་པོ་མཛེས་རྣམས་ལ། །དེ་ལ་ནམས་ཀྱང་སྔགས་པས་རེག་ མི་བྱ། །སྔགས་པས་དེ་དག་རྣམས་ལ་མི་བསམ་མོ། །རྒྱ་ལ་དེ་དག་རྣམས་ལ་རེག་གྱུར་ན། །སླར་ཡང་ཐོར་འཐུངས་བྱས་ནས་ནི། །དེ་ནས་ཕྱིར་ཡང་བཟློག་ལ་འཇུག་པར་བྱ། །གསང་དགྲ་ལ་དད་བཟློག་དགའ་སྙིང་རྗེ་ཅན། །རྟག་ཏུ་ལེན་པ་ལ་ནི་བཟློག་པ་དང་། །སློངས་མོའི་ཟས་ཟ་ལྷ་ཡི་ལས་བརྩོན་པ། །དེ་ཡི་ལུས་ལ་གསང་སྔགས་འཇུག་པར་འགྱུར། །འགའ་ཡིས་བུད་མེད་ནོར་དང་གོས་རྣམས་དང་། །བཞོན་པ་བརྒྱན་དང་བཟའ་བ་་བྱུག་པ་དང་། །མལ་སྟན་རྣམས་ནི་མང་ཉུང་བྱིན་འགྱུར་ན། །དེ་ལས་བསྒྲུབ་ལ་གནས་པས་མི་བླང་ངོ་། །ས་ཕུག་བཤང་སྒོ་ལྔ་སྟེ་མཚན་ལ་གསུམ། །གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་ཡིས་ཇི་སྲིད་དུ། །དྲི་མ་དྲི་བྲལ་དེ་སྲིད་བར་དུ་བྱ། །ལྷོར་ནི་རྒྱས་པ་སེར་པོ་སྔགས་ཡང་དག་ལྡན། །ནུབ་ཏུ་དབང་དང་བྱང་དུ་དྲག་པོ་ཡང་དག་ལྡན། ཁྲར་དུ་ཞི་དང་གྲུབ་པའི་ལས་རྣམས་བྱ། །རྣམ་སྨིན་དུག་ནི་སྔགས་ཀྱིས་སྦྱར་བར་བྱ་བ་མིན། །ཚ་ཚ་ཆོ་ག་མདོ་དོན་ཁྱད་པར་འཕགས། །སྦྱིན་སྲེག་ལས་ནི་འབུམ་མམ་བྱེ་བ་བྱ། །ཞི་བ་ཟླུམ་པོ་ཁྲུ་གང་ལས་ནི་རིགས་དམན་ཚད། །བྲམ་ཟེ་རྗེའུ་རིགས་ཁྲུ་ནི་བཞི་ཡི་ཚད། །རྒྱལ་པོ་ཁྲུ་ནི་བཅུ་གཉིས་དག་ཏུ་ངེས། །རྒྱས་པ་གྲུ་བཞི་དབང་ལ་ཟླ་གམ་བྲི། །དྲག་པོ་ལ་རི་་མ་པ་གསུམ་གསུམ་སྟེ། ཁ་དོག་དཀར་དམར་སེར་ལྗང་ནག་པོར་བཤད། །ཕུར་བའི་ཚད་ནི་རིགས་ཀྱི་ཚད་དང་སྦྱར། །ཉུལ་ལམ་ཤིང་དཀར་དབྱིབས་ནི་ཟླུམ་པོར་བཤད། །རྒྱས་པོ་གྲུ་བཞི་ཤིང་ནི་སེར་པོར་འགྲུབ། །དག་པའི་དབང་ནི་མིན་པའི་ཤིང་མདོག་དམར། །དྲག་པོའི་ཤིང་ནག་ཡང་ན་ལྕགས་ལ་བྱ། །རིན་ཆེན་ལ་སོགས་སོ་སོའི་ཕུར་པའི་རྒྱུ། ཁེན་ཏུ་ལས་བཞི་མེ་ཡིས་ཉོན་མོངས་བསྲེག །རིགས་ཀྱི་སློབ་དཔོན་རྒྱན་ཆས་སོ་སོའི་མདོག །ལས་ལ་བརྩོན་ཞིང་ཚུལ་ཁྲིམས་དག་བའི་མཆོག །ཚད་མེད་བཞིར་ལྡན་ཤེས་རབ་བདེན་གཉིས་རྟོགས། །མཐའ་གཉིས་རིག་པས་དཔག་བསམ་ཤིང་ལྟ་བུར། །ཡོན་ཏན་ཚོགས་ལྡན་རིགས་ཀྱི་བདག་པོ་དེས། །ཚོན་གྱིས་བྲིའམ་ཡང་ན་མེ་བྲི་བར། །ལྷག་པའི་ལྷ་ལ་མཆོད་ཕྱིར་མཆོད་པའི་རྫས། །བདུག་སྤོས་མེ་ཏོག་ལ་སོགས་མཆོད་པའི་རྫས། །མ་དུ་འབྲས་ཆེན་གཏོར་མ་ལྷ་བཤོས་དག །བདུན་བདུན་དག་གིས་མཆོད་ན་གྲུབ་པའི་མཆོག །ཁ་དོག་ལ་སོགས་སོ་སོའི་མདོག་ལྡན་པས། །ར༷་སྦར་ཤིང་ནི་ཁ་དོག་ཕུར་པར་ལྡན། །གཏུམ་ཁུང་ཐོ་བ་དབྱིབས་དང་སོ་སོའི་ཧོམ་ཁུང་ལྟར། །སྨག་ཤད་ལྕུག་མར་དྲག་པོའི་ཡམ་ཤིང་རྫས། །མང་ཉུང་རྫས་ནི་མ་ངེས་དབང་ཐང་ཆེ་ཆུང་ཚུལ། །ཟླ་བ་བཅུ་གཉིས་རབ་སྦར་སྦྱོར་བའི་ཚེ། །གཅིག་ནས་ཉ་ཡི་ཚེས་ནི་ཞི་དང་རྒྱས་པའི་ལས། །ཟླ་བ་གཞོལ་བ་དག་ལ་དྲག་པོའི་ཧོམ་ཁུང་འབར། །དབང་ནི་ཟླ་བ་ཤི་བར་རབ་ཏུ་འགྲུབ། །ཚེ་རབས་སྦྱངས་པའི་སྡིག་སྒྲིབ་སེལ་བར་བྱེད། །འཇིག་རྟེན་དག་ན་སྤྱོད་པ་རབ་གྲུབ་པའི། །ཆོས་ཀྱི་རྒྱལ་པོ་ཨེ་མ་ངོ་མཚར་ཆེ། །རྒྱལ་པོ་ཤིང་ཆེན་བྲམ་ཟེ་རིགས་སུ་སྐྱེ། །དངོས་གྲུབ་ཆེན་པོ་གཞན་ན་མེད་པ་ཐོབ། །ཕན་འདོགས་མ་ངེས་གྲུབ་པར་གསུངས། ཁུད་ཀྱི་རྒྱལ་པོ་ཆེན་པོ་རྟོག་པའི་རྒྱལ་པོའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་མངོན་པར་བསྡུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ནས། རྫུ་འཕྲུལ་གྱི་རྒྱལ་པོ་ཞེས་བྱ་བ་འདི་གསུངས་སོ། །ཨོ་པྲཛུ་ལ་སྤོ་ཏ་ཡ་ཀི་རྒྱ་དུ་བ་བྷ་ནན་ཧུ༷་ཧུ༷་ཕཊ་ཕཊ་གྲྭཧྭ། རིགས་ཀྱི་དཀྱིལ་འཁོར་གྱི་མིག་འབར་བ་ཞེས་བྱ་བའདི་བརྗོད་པར་བྱའོ། །ཨོ་ཙཀྱུ་ཙཀྱུ་མ་ཐུ་མ་ཐ་གྲྭཧྭ།རྫུ་འཕྲུལ་རྒྱལ་པོ་མིག་འབར་འདི་སྒྲ་གྲགས་མ་ཐག་ཏུ། རིང་པོར་མི་ཐོགས་པར་མཐོང་བར་འགྱུར་རོ། །བྱིས་པ་གདོན་གྱིས་ཟིན་པ་དང་། །གང་དག་དུག་གི་ལུས་ཅན་ལ། །སྟོན་པར་བྱེད་པ་འཕྲོ་མོའི་འཕྲན་ཚེགས་ཡིན་པར་བཤད། །བྱ་བ་དང་རྣམ་པར་བཟླས་དང་གྲུབ་པའི་ཚེ། །དབབ་དང་བསྐྲད་དང་བསད་དང་བཅིང་ལ་སོགས་དང་ཚར་བཅད་དང་། དེ་ཚེ་དཀྱིལ་འཁོར་ཕྱོགས་བཞི་དག་ཏུ་ཡང་། དམིགས་པའི་རྟེན་གྱི་འབྲང་རྒྱས་ལྔ་གཞག་སྟེ། ཀླུ་རིགས་ཀྱི་གནས་ནས་དགུག་པ་དང་། ལུས་ལ་དབབ་ཅིང་ཕྱི་བཞིན་བགེགས་རྣམས་མ་ལུས་བསྐྲད་པ་དང་། ཕྱི་བཞིན་བཟློག་ཅིང་ལུས་ལ་འཚེ་བ་མེད། བཅིང་དང་གསད་པས་ལས་ཀྱི་མཐའ་མི་དོར། ཏིང་འཛིན་ཕྱག་ན་རྡོ་རྗེ་རབ་ལྡན་པས། །ཡི་གེ་ཧུ༷་གི་ས་བོན་དེ་ཉིད་ལས། །འོད་ཟེར་འཕྲོས་པས་རྒྱལ་སྙིང་རབ་བསྐུལ་ཏེ། །ཕུ་ལས་འོད་ཟེར་ཁ་དོག་བཞིར་ལྡན་པས། །རིགས་བཞིའི་གནས་རྣམས་ཀུན་ཏུ་འཁྲུག་པར་བྱེད། །གཏུམ་ཁྲོས་འབར་བའི་གཟི་བརྗིད་འཕེལ་བར་བྱེད། །ལུས་དང་ངག་སེམས་དམ་ཚིག་རྒྱལ་པོའི་མཆོག་ལྟར་སྟེར། །རིགས་འཛིན་ཚེ་ཡི་སྙིང་པོར་གྲུབ་པ་དང་། །བཀྲ་ཤིས་ཚིགས་སུ་བརྗོད་ཚེ་དབང་མཆོག་དམ་པ་བསྐུར། །མ་ཆགས་དམ་པའི་ཐིག་ལེས་རྒྱས་ཡང་གདབ། །སྤྱི་གཙུག་གནས་སུ་སོ་སོར་བསྒྲུབ་པ་ལྷ་དག་སྒོམ། །བཀྲ་ཤིས་བརྒྱད་ཀྱིས་དག་པའི་རྫས་དབང་བསྐུར། །ལྷ་ཀླུ་གནོད་སྒྱིན་དྲི་ཟའི་ཚོགས་ཆེན་པོ། །རེག་དང་ཁ་རླངས་དུག་ལས་གྲོལ་བར་འགྱུར། །སྦྲུལ་གྱི་རིགས་ནི་དཀར་པོ་བཅུ་གསུམ་དང་། །དེ་བཞིན་གནག་དང་དམར་པོ་སེར་ཁྲག་དང་། །དུག་གི་རང་བཞིན་མཐུ་སྟོབས་ཞི་བར་འགྱུར། །དེ་བཞིན་གཉེན་སྐྱས་དབབ་ཅིང་སྔགས་ཀྱི་གླུད་ཀྱང་བསྔོ། །སྨན་དང་འབྲུ་བཅུད་རྫས་རྣམས་རྫོགས་པར་བྱ། །ཕྱོགས་དང་མཐུན་པའི་དཀྱིལ་འཁོར་བྲི་བའི་ཚེ། །ལེ་ལོ་སྤྱིད་ལུག་མ་དང་བློ་བོར་ནས། །རང་སེམས་རྒྱུད་དང་བརྩོན་འགྲུས་ཆེ་བ་དང་། །རྒྱུད་ལ་གོམས་ཤིང་གཉིས་མེད་བློ་ལྡན་པས། །དབང་གིས་རང་བཞིན་རིགས་ཀྱིས་མཐོ་བ་དང་། །དད་པའི་མཐུ་ཡིས་བླ་མ་བསྟེན་པ་དང་། །སྙིང་རྗེའི་དབང་གིས་ཚད་མེད་བཞིར་ལྡན་པས། །དུག་ཆེན་དུག་ཆུང་དུག་མེད་རིམས་པ་རྟག་པས། །དུག་གིས་མིའི་རང་བཞིན་ཁྱེར་འདྲ་བར། །སྙིང་རྗེའི་རང་བཞིན་མི་རྟོག་རྟོག་མེད་པར། །ནགས་ཚལ་ལྗོན་ཤིང་ཡལ་ག་ལྟ་བུ་ལ། །ཡན་ལག་རྫོགས་ཤིང་འབྲས་བུར་ལྡན་པ་ལྟར། །དེ་བཞིན་ཀུན་གྱི་ཐུབ་མཆོག་ནུས་ལྡན་པས། །མུན་ནག་ནང་དུ་པྱེ་མར་གསལ་བ་ལྟར། །རབ་དང་འབྲིང་གི་བློ་ནི་ཐ་མ་གསུམ། །རབ་ལ་མཐོ་རིས་ཐར་པའི་ས་ཡང་རྙེད། །འབྲིང་ལ་ཚེ་དང་རྒྱུད་འཕེལ་དབང་ཐང་ཡོ་བྱད་ལྡན། །ཐ་མ་ལུས་ཀྱི་ནད་ཞི་བདེ་བར་རྟག་ཏུ་གནས། །དངོས་གྲུབ་རྫས་དང་ཁ་ཟས་སྣ་ཚོགས་བསྟེན། །འཚོགས་ནས་དཀྱིལ་འཁོར་ལུས་ནི་གང་གི་ཚད། ་།བྲི་དང་བརྩིག་དང་མཚོན་གྱིས་འོ་དོད་གསལ་བདེ་བའི། །སྟན་ལ་རིགས་འཛིན་བདག་ཉིད་གནས། །རྒྱལ་བའི་ཚུལ་འཆང་ལུས་ནི་བོར་ནས་ནི། །འགྲོ་བའི་དོན་དུ་ཚུལ་ནི་སྣ་ཚོགས་པས། །འགྲོ་བའི་དོན་དེ་ཐམས་ཅད་རྫོགས་ལྡན་བྱེད། ཁ་ཅིག་མི་ཡི་ལུས་ལ་རྣམ་པར་འ་། །མཚན་མོ་མེ་མངལ་ཞོན་ཅིང་རྣམ་པར་འཚེ་བར་བྱེད། ཁ་ཅིག་ཆུ་ལ་ཞོན་ཅིང་བུད་མེད་དག་ལ་གབ། །སྐྱེས་པའི་ཆ་ལུགས་བཟུང་ནས་ལུས་ལ་གྲིབ་བཞིན་འཁྲི། །ཉིན་བཞིན་དུར་ཁྲོད་སོང་ནས་ཟླ་བའི་ཟེར་ལ་ལྡང་། །ཟླ་བའི་ཟེར་ལ་ཞོན་ཞིང་སྐྱེས་པའི་རྐང་ལ་འཁྲིལ། ཁ་ཅིག་ལམ་ཆེན་དག་ཏུ་འགྲོ་ཞིང་རྫུ་འཕྲུལ་སྟོན། ཁ་རླངས་སེར་པོས་ཤ་ཁྲའི་ནད་དུ་གཏོང་། །མཆེ་བ་གཅིག་གིས་ཟིན་བའི་མཚན་ཉིད་ནི། །དུག་ཆུང་ཡིན་ཏེ་ཁྲག་ཕྱུང་ཤ་ཟའི་མདོག་ཏུ་འགྱུར། །སྔགས་ཀྱིས་གསོ་བ་མཁས་པས་ངོ་ཤེས་ནས། །འཕྲན་ཚེགས་ཡིན་པར་བཤད། མཆེ་བ་གཉིས་ཀྱིས་ཟིན་པའི་མཚན་ཉིད་ནི། །རིགས་ནི་བཞི་པ་གང་ཡང་རུང་སྟེ་རྗེས་ནི་བོར་བས་ཤ་རོ་དུག་གི་ནད། །དུག་ཆེན་ནད་དུ་སྔགས་པས་ངོ་ཤེས་ནས། སྔགས་པས་དབང་གི་ལུས་རྣམས་མཛེས་ལྡན་ནས། །དྲག་པོ་རྩུབ་པའི་བུམ་པ་སྔགས་ཀྱིས་བྲབ། །གཉན་སྐྱས་དབབ་ཅིང་སླུད་དང་མཛེས་པར་གཏང་། །ཕ་རོལ་རྟེན་ཡོ་མི་ལྡོག་དྷ་ཡང་གསུམ། །མཆེ་བ་གསུམ་པ་དག་གིས་གདབ་གྱུར་ན། །དེའི་ཚེ་ལུས་ལ་ཆུ་བུར་ཆེར་བྱུང་ནས། །མཆེ་བའི་དུག་དང་ཁ་རླངས་རྗེས་བར་ཡིན། །སྔགས་དང་སྨན་གྱིས་མཁས་པས་གསོ་བ་ཤིས། །བྱབ་པའི་རྫས་ཀྱིས་དཀྱིལ་འཁོར་དག་ནས་གདོན། །སྔགས་ཀྱིས་དུག་སེལ་སྨན་གྱིས་དུག་རོ་སེལ། །དེ་ལྷར་མཁས་པས་རིག་ནས་བསྒྲིམས་ཏེ་བྱ་བ་ཡིན། །མཆེ་བ་བཞི་ཡིས་གདབ་པ་འདི་དག་ནི། །རྟགས་ཀྱི་མཚན་ཉིད་གང་ཡང་སྟོན་མི་འགྱུར། །དེ་ལྟར་རྟགས་རྣམས་མེད་པའི་ལུས་ཆེན་གང་ལ་ཡང་། །སྔགས་པས་ལས་དེ་བརྩམ་པར་བྱ་བ་མིན། །དེ་ཡི་ལུས་ནི་བཅད་གཏུབས་ཟོས་པའོ། །དུག་གི་རྒྱ་མཚོ་ལས་ཀྱི་རྣམ་སྨིན་ཆེ། །དུག་ཆེན་དེ་ལས་སྒྲོལ་བའི་ཐབས་འདི་གསུངས། ཁྱིམ་ན་གནས་སམ་དགོན་པ་དག་ཀྱང་རུང་། །ལམ་ཆེན་འགྲོའམ་འོན་ཏེ་འདུག་ཀྱང་རུང་། །ས་དང་ཆུ་ལ་སོགས་ཏེ་ནམ་མཁའ་རླུད་དང་མེ། །འབྱུང་བ་ལྔ་པོ་དག་ལ་ཉིན་མཚན་དག་ཏུ་ནི། །འཇིག་རྟེན་རྩེ་གཅིག་གིས་ནི་ས་ཚ་གདབ་པར་གསུངས། །བྱིན་གྱིས་བརླབས་པས་མཆོད་རྟེན་ལས་རབ་མཆོག །ཡང་ན་ཟངས་སམ་འཁར་བའི་སྣོད་མཛེས་ལུགས་མའི་ཕྱག་རྒྱར་བྱ། ཨུརྨྱི་ཁོརེ་སྔགས་ཀྱིས་བྱིན་ལ་བྱིན་གྱིས་བརླབས་ནས། །འབུམ་ཚོ་གཅིག་གིས་ངན་འགྲོའི་གནས་ནས་ཐར་པར་བཤད། །འབུམ་ཚོ་གཉིས་ཀྱིས་བདེ་འགྲོ་གནས་སུ་སྐྱེ། །འབུམ་ཚོ་གསུམ་གྱིས་ཕྱིར་མི་ལྡོག་པར་གསུངས། །ལས་ངན་དུག་གིས་ཟིན་པའི་ལུས་ཅན་དེ་ལས་ཐར་བར་བཤད། ཁུད་ཀྱི་རྒྱལ་བོ་ཆེན་པོ་རྟོག་པའི་རྒྱལ་པོ་ལས། མིག་འབར་བའི་གཟི་བརྗིད་དང་། དུག་གི་མཚན་ཉིད་བསྟན་པ་དང་། ངན་འགྲོ་ནས་འདོན་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཨ་ཡིང་དྷི་སྲིང་སིད་ཏ་ཡོ་གི་ནི་བ་ལི་ན་ད་དྷ་མི། ཨ་ཡིང་དྷིང་སྲིང་གུ་ར་ཡོ་གི་ནི་བི་ལན་ད་དྷ་མྱི། ཨ་ཡིང་དྷིང་སྲིང་ཧ་ཀྲ་ཏ་ཡོ་གི་ནི་བ་ལ་ནི་ད་དྷ་མྱི། ཨ་ཡིང་དྷིང་ཧྲིང་ས་མ་ཡ་ཡོ་གི་ནི་བ་ལིན་ད་དྷ་མྱི། བི་ཤ་ཨུ་བ་བི་ཤ་ཐ་བ་ར་ཙ་ཀ་ལ་གེ་དེ་མ་ཧྭ་ཐ་བ་ར་བི་ཤ་སི་ཏ་ན་མ་ཧེ་ཏེ་བི་ཤ །ཏན་ཏ་མན་ཏ་ཨ་ཀོ་ཤེ་ཡེ་ཧུ༷་ཕུ་ཕུ་ཨ་ཨའདི་བརྗོད་པས་དུག་གི་རིགས་ཐམས་ཅད་སེལ་བར་འགྱུར་རོ། །འདི་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། བླ་མའི་ལྷ་མོ་དང་། གྲུབ་པའི་ལྷ་མོ་དང་། བསྟན་པའི་ལྷ་མོ་དང་། རྫས་ཀྱི་ཁྱད་པར་རབ་བསོགས་ནས། དུག་རྣམས་ཀུན་ལས་གྲོལ་བར་འགྱུར། །དུག་གི་དབང་མཆོག་མ་ཐོབ་ན། །མཁས་པས་གཞན་དོན་བྱ་བ་མིན། །དུག་དབང་རྫོགས་པའི་རྣལ་འབྱོར་པས། །བཟློག་པའི་ལས་རྣམས་བྱ་བར་གསུངས། །སྔགས་ཀྱི་བྱད་ཀྱིས་ཟིན་འགྱུར་ན། །ཐོད་ངན་དུམ་བུ་དྲུག་པ་ལ། །གུར་ཀུམ་སྣ་ཚོགས་དག་ལ་ནི། །ཉ་རུས་སྨྱུ་གུས་བྲི་བར་བྱ། ཁྲར་དུ་རྒྱལ་རིགས་དཀར་པོ་དགོད། །ལྷོ་རུ་བྲམ་ཟེའི་རིགས་སེར་པོ། །ནུབ་ཏུ་ཞེ་སྡང་རྗེའུ་རིགས་དགོད། །བྱང་དུ་དམངས་རིགས་ནག་པོ་དགོད། །ལྷ་སྲིན་སྡེ་བརྒྱད་སྙིང་པོ་ནི། ཁེང་ཤུན་དག་ལ་བྲིས་ནས་ནི། །དེ་རྒྱབ་མུ་སྟེགས་རིགས་ཅན་གཞུག །ཏི་ཚ་ཆེན་པོའི་འོག་དག་གམ། །ཡང་ན་ལམ་ཆེན་བཞི་མདོ་མྲ །སྦས་ན་རིགས་ཆེན་དམ་པ་སྟེ། ་་་ཡི་བྱད་ལས་གྲོལ་བར་འགྱུར། །དེ་བཞིན་གནོད་སྤྱིན་དྲི་ཟ་དང་། ཁུ།ལ་བུམ་ལ་སོགས་རྫས་རྣམས་ནི། །ཡང་ན་ལྷ་ཆེན་གསང་བའི་འོག །བཅུག་ནས་ལས་བཞི་ཕུར་པ་དང་། ཁྲོ་བོ་ཆེན་པོའི་གསང་སྔགས་ཀྱིས་། །ལན་གྲངས་ཉི་ཤུ་རྩ་གཅིག་བཟླས། །དམ་ཚིག་བདག་པོའི་སྔགས་ཀྱིས་དང་། །ལས་རྣམས་མ་ལུས་རྫོགས་པར་བྱ། །ཕྱོགས་བཞིར་ཕུར་པ་བཏབ་ནས་ནི། །བྱབ་པ་ལས་ཀྱི་དུག་དག་བྱབ། །བུམ་བའི་སྔགས་ཀྱིས་དབང་ཡང་བསྐུར། །ཆེ་མཆོག་དམ་པས་ཚེ་ཡང་བསྟིམ། །ཀླུ་བཟློག་ཆེན་པོ་བྱས་པར་འགྱུར། །དེ་ནས་ལས་ཀྱིས་བུམ་མཆོག་དེས། །ལས་ཀྱི་བདག་པོར་མྱུར་བ་ནི། །སྤྱིན་སྲེག་ལས་རྣམས་ཚང་བར་བསོག །སྐྱེར་པ་སེར་པོའི་ཤིང་རྣམས་ལ། །ཆོ་གའི་སྔགས་ཀྱིས་སྤྱིན་སྲེག་བྱ། །དེ་ཡི་སོལ་བས་མེ་སྤར་ལ། །སྒྱེད་བུ་མི་རྐང་བཞི་བཙུགས་ལ། །ཐོད་པ་ཆེན་པོ་བཞི་བསོགས་ལ། །གཅིག་ཏུ་ཁྲག་སྣ་སྣ་ཚོགས་པའི། །མཆོག་གི་རྐང་གིས་དཀྲུག་ཅིང་བསྐོལ། །དེ་འོག་ཐོད་པ་གཉིས་པ་སྲ །དགྲ་བོ་ཞིང་གི་རྗོ་བསགས་ལ། །ཀ་ར་བི་རིའི་ཕུར་པས་དཀྲུག །བསྐོལ་ནས་ཐོད་ཆེན་ཟང་མ་ལ། །སྔགས་ཀྱི་འཁོར་ལོས་རབ་བསྐོར་ཏེ། །འོ་མ་སྣ་ཚོགས་ཐོད་ཆེན་གང་། །བསྐོལ་ནས་ཐོད་རྫས་འཚོག་པ་ནི། །འཁོར་ལོ་ཅན་དུ་འཚོགས་པར་བྱ། །སྦུད་པ་ནག་པོས་བུས་ནས་ནི། །དཀར་ཐབ་དམར་ཐབ་སྔོ་ཐབ་གསུམ། །ར་སྔོན་རྐྱལ་པ་བུས་ནས་ནི། །ཕྱོགས་བཞིར་རྒྱལ་རིགས་བྲམ་ཟེའི་རིགས། །རྗེའུ་རིགས་དམངས་རིགས་འཚོགས་པར་བྲི། །རྐྱལ་པ་གདབ་ཅིང་གྲོད་པ་དཀྲོག །གཉན་སྡེ་དཀར་ནག་ཕྱོགས་བཞི་རིགས། །མཐུན་པའི་རྫས་སུ་གྲོད་པས་དཀྲོག །གསང་སྔགས་དེ་ནི་རབ་རྗོད་ལ། །རང་གི་ལུས་དང་བསྲུང་བར་བྱ། །དབབ་སྔགས་དམ་ཚིག་སྔགས་ལ་གདབ། །ཨོ་ནཱ་ག་རི་ལ་ཡ། ནཱ་ག་དྲིལ་ཡ། ནཱ་ག་དྲིལ་ཡ། ནཱ་ག་ཕོབ་ཡ། ནཱ་ག་ཕོབ་ཡ། ཐོག་ཐོག་ལམ་ལམ་ཕོབ་ཡ། །ས་ལ་སྟོང་རྩ་བརྒྱད་བརྗོད་ལ། ཐོད་པ་ཟློས་ཤིང་སོང་བར་བསམས་ལ། རྦང་ཏུ་སྒྲིལ་ལ་གཏང་ངོ་། ཁུད་ཀྱི་རྒྱལ་པོ་ཆེན་པོ་རྟོག་པའི་རྒྱལ་པོའི་རྒྱུད་ལས།བྱད་ཀྱིས་མནན་པ་ཀླུ་བཟློག་པ་དང་རྒྱས་པའི་སྦྱིན་སྲེག་གིས་ཐོག་སེར་དབབ་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ལས་རབ་རིག་པ་འཛིན། །གྲུ་གསུམ་པའི་ཧོམ་ཁུང་དང་། །གྲོ་ག་ཤིང་ཤུན་གཙང་མ་ལ། །གང་འདོད་སྙིང་པོ་བྲིས་ནས་ནི། །འཛམ་པ་ཏ་ཡིས་བཀུག་ནས་ནི། །དམངས་རིགས་སྦྲུལ་གྱིས་གཟུགས་བར་དུ། །སེང་ལྡེང་ཕུར་པ་སོར་བརྒྱད་དམ། །ལྕགས་ལས་བྱས་པའི་སོར་བཞི་ལ འཛམ་པ་ཏི་ཡིས་གང་འདོད་དགུག །དམ་ཚིག་སྔགས་ལ་བསད་སྔགས་བཟླས། །ནཱ་ར་ཡ་བཱ་ར་ཡ། ནཱ་ག་རྔུབས་རྔུབས་རྦད་རྦད་རྦད། བྱས་ལ་ཕུར་པ་སྙིང་དཀར་ནག་གི་མཚམས་སུ་བརྒྱབ་ལ་གཏང་། ཀླུའི་རྒྱལ་པོ་དེ་དང་ལྟོ་སྦྱར་ནས། རི་གསུམ་འདུས་པའི་རྩེ་མོར་དོང་ཁྲུ་གང་བ་གཅིག་བྲུས་ལ། དེ་རུ་སྐྱེལ་ན་གང་གི་མིང་བཅུག་པ་དེ། ཟླ་བ་གསུམ་གྱིས་འཆི་བར་འགྱུར། རིག་པ་འཛིན་པ་དེ་ཞི་བའི་སྔགས་ལ་གནས་པའི་ཚེ། ཧོམ་ཁུང་ཟླུམ་པོའི་ཆོ་ག་ལ། །རས་སམ་ཤིང་ཤུན་གང་རྙེད་ལ། །རྒྱལ་པོའམ་བློན་པོ་དམག་དཔོན་དེ། མིང་ངམ་རུས་སུ་བྲིས་ནས་ནི། །རང་གི་རྐང་པའི་འོག་ཏུ་བཅུག་ན། གང་གི་མིང་བཅུག་པ་དེ་ཁོ་ན་དང་མི་སྲུན་པ་ཐམས་ཅད་ཞི་བར་འགྱུར། དམ་ཚིག་སྔགས་ཀྱིས་བཏབ་པ་ལ། །ཞི་བ་ཤན་ཏིང་ཀུ་རུ་ཡེ་གྲྭཧྭ། དེ་བཞིན་དབང་གི་སྔགས་དག་ནི། །གང་འདོད་མི་དེ་བྲིས་ནས་ནི། །སྟམ་པ་ཡ་ཡིས་བཏབ་གྱུར་ན། །རྒྱལ་པོའམ་མུན་འགྲོའམ་བུད་མེད་དག་དབང་དུ་འགྱུར། །ཆར་པའི་རྒྱུན་ནི་འབེབས་བྱེད་ན། །ཀླུ་ཡོད་པ་ཡི་མཚོར་སོང་ལ། །ཐོད་པ་ཤིན་ཏུ་ཚད་མ་ལས། །གུར་ཀུམ་གྱིས་ནི་གཟུགས་བྲིས་ནས། །བླ་ཁབ་མེད་པའི་གནས་དག་ཏུ། །དཀྱིལ་འཁོར་གཟུགས་བརྙན་རབ་བཀོད་ལ། །གྲུབ་པའི་མཚན་མ་བརྟག་པར་བྱ། །གྲུབ་པའི་མཚན་མ་བྱུང་བ་དང་། །དེ་ནས་ལས་སྔགས་ཤམ་བུ་གདགས། །བྷ་རི་ཤ་ཡུ་བྷ་རི་ཤ་ཡ།སྤྱིན་སྲེག་གི་ཐལ་བ་ལ། མངོན་པར་ཆར་ཆེས་ན་གཏོར་ལ་གཏང་ངོ་། །དེ་མངོན་པར་མི་ཆོད་མི་སྲིད་དོ། །རིག་པ་འཛིན་པ་དེས་ནོར་བསྒྲུབ་པར་འདོད་ན། དུར་ཁྲོད་ལྟ་བུར་སོང་ལ། དཀྱིལ་འཁོར་གཙང་མ་དྲི་བྱུགས་ལ། །ཞི་བའི་དཀྱིལ་འཁོར་ཧོམ་ཁུང་དུ། མེ་ལོང་སྟེང་དུ་རིན་པོ་ཆེ་གསེར་དང་། གཡུ་དང་། ཟངས་དང་། ལྕགས་དང་། དངུལ་གྱི་རྩ་རྣམ་པ་ཐམས་ཅད་བརྡར་ལ། གསེར་སྐྱེམས་ཀྱི་ནང་དུ་བླུགས་ལ། དམ་ཚིག་གི་སྔགས་འབུམ་དུ་བཟླས་ལ། གཏེར་གྱི་ཁྱད་པར་བདག་ལ་སྩོལ་ཅིག་བྱས་ལ། རིན་པོ་ཆེའི་གསེར་སྐྱེམས་གཏོར་བ་དང་། །མཚན་མར་ཅི་ཡོད་པ་འབྱུང་ངོ་། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྟོག་པའི་རྒྱལ་པོའི་རྒྱུད་ལས། འཕྲིན་ལས་སོ་སོའི་ལས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྫུ་འཕྲུལ་གྱི་ཐབས་དྲག་པོ་སྨིན་པར་བྱ་བ་འདི་ཆེད་དུ་བརྗོད་དོ། །གང་ཞིག་རྣལ་འབྱོར་གདེང་ལྡན་པས། །གནས་ནི་ཆུ་གླིང་དག་ཏུའམ། །མེ་ཏོག་རྣམ་བུ་ཡོད་པ་སྲ །བུམ་པའི་སྔགས་ཆུས་ལུས་བཀྲུ་བྱ། །དེ་ནས་གྲུ་གསུམ་མཁའ་གློང་དུ། །དྲག་པོ་ཕུར་བུ་མང་པོ་དང་། །རྡོ་རྗེ་ནག་པོ་ལག་རིང་བསྒྲེང་། །ཉུངས་ནག་ཏིལ་ནག་སྦྲུལ་ནག་སྙིང་། །ཏེའུ་ནག་པོའི་སྙིང་ཤུན་དུ། །དྲག་པོའི་སྔགས་ནི་ཤིན་ཏུ་ཡང་། །ཉ་ནས་སྟོང་གི་བར་དུ་བཟླས། །མཆིལ་མས་ལུས་ནི་ཚིག་པ་དང་། །མེ་ཏོག་ཀ་བྱ་ཏི་ལ་སོགས། །གཏབ་ན་བུག་སྐམས་རིད་པ་དང་། །དེ་མཐོང་གྲུབ་པའི་ཚད་དུ་གསུངས། །དེ་ནས་གང་འདོད་ལས་སྦྱར་བ། །སྔགས་ཀྱི་བདག་པོར་བསམ་བྱས་ལ། །དྲུག་པར་སྦྱིན་ན་ཐོགས་རྡུགས་མེད། །རྒྱས་པ་ལས་ཀྱི་མཆོག་དུ་གསུངས། །དེ་ནས་པར་བུ་ནག་པོ་སྲ །དུག་དང་བསྲེས་པའི་རྫས་དག་བླུགས། །འདོད་པར་བྱ་བ་ཇི་ལྟ་བུ། །དམ་ཚིགས་སྔགས་ཀྱི་བདག་པོར་གྲགས། །ཨོ་སྒྲུ་ཏ་སྒྲུ་ཏ་ནཱཧྭ་ཀྲོ་དྷ་ཧུ༷། ནཱ་ག་ཀི་ལི་མི་ལི་ཙན་ཏི་བཛྲ་ས་དུ་ས་མ་ཡ་དྲག་ཏུ་ཕོབ། ནཱ་ག་ཏིཁྱི་ཏིལྒ ནཱ་ག་སྤུ་ཏ་ཡ་པར་ཏི་ཀ་ཡི་དྲག་ཏུ་ཕོབ། ནཱ་ག་ཛ་ལ་ཛ་མ་ཧྭ་ཀྲོ་དྷ་པ་ར་ཏི་ཀ་ཡེ་དྲག་ཏུ་ཕོབ། ནཱ་ག་ཙན་ཏ་པ་ཏ་ཛ་ཏི་ཛ་ཏི་ཀ་ཡེ་དྲག་ཏུ་ཕོབ། ནཱ་ག་ཧ་ན་ཧ་ན་སྒྲོ་ཏ་ཡ་སྒྲུར་ཏ་ཀ་ཡ་དྲག་ཏུ་ཕོབ། བྱས་ལ་རང་ནང་ན་གནས་པར་བྱས་ལ། དོང་པ་ཁ་ཕྱེ་ལ་སྙིང་ཤུན་རྡོ་རྗེས་བརྡུང་། ཕུར་བུས་གདབ་པར་བྱ། འབྲུ་ནག་པོ་དང་ཏིལ་ལ་སོགས་པ་དེ་ཕྱོགས་དེ་རུ་གཏོར་ལ་གཏང་ངོ་། །བླ་བའི་འབྲས་བུ་ཙམ་དུ་འགྱུར་རོ། །རྟོག་པའི་རྒྱལ་པོའི་རྒྱུད་ལས། འཁོར་ལོ་དྲག་པོ་རྫས་ཀྱིས་སེར་བ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཆགས་པ་ཆེན་པོ་དང་བྲལ་བ་གསང་བའི་༄༅། ་༑ད། །བཤད་པའི་ཡན་ལག་བརྒྱད་ཀྱིས་བཤད། །ང་ཡི་བསྟན་པ་ལྷ་ཡུལ་བཤད། །ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བདུན་བརྒྱ་ལོན་ནས་ནི། །ལྷོ་ཕྱོགས་བེ་དྷའི་ཡུལ་ཤེད་དུ། །དགེ་སློང་དཔལ་ལྡན་ཞེས་བྱ་ལ། ཁུངས་ནི་ལྷ་ཡུལ་བབས་པར་བསྐོད། །དོན་དང་ཚིག་དང་འབྲེལ་པ་དང་། །སྒོས་པ་དང་དགོས་པའི་དགོས་པའི་དགོས་པ་བཤད་དེ། ཆེ་བའི་ཡན་ལག་བསྟན་པ་དང་། །གདུལ་བྱ་གང་གིས་དོན་བྱུང་དང་། །ཐེག་པའི་ཁྱད་པར་བསྟན་པ་དང་། །དབང་པོ་རབ་འབྲིང་ཐ་མ་ལ། །མཚན་དང་མདོ་དང་རྒྱས་པར་བཤད། །ཆེ་བའི་ཡན་ལག་བཞི་ཡིས་སྤགས། ཁམས་གསུམ་ཟིལ་གནོན་དབང་མཆོག་མཛེས་པས་ཆེ། །ཐེག་ཆེན་རྣམས་ལ་དམ་ཚིག་གསང་སྔགས་ཆེ། །ལས་ཀྱི་རྒྱུད་ལས་ལས་ཀྱི་ཁྱད་པར་འཕགས། །སྣ་ཚོགས་སེམས་ཅན་ནད་སེལ་ཁྱད་པར་འཕགས། །དེ་ལྟར་དཔའ་བོ་ལས་རྣམས་དེ་ལྟར་འགྱུར། །རྒྱུད་ཀྱི་་ཆེ་་ང་ཆེ་་ལེ་ང་་་ཞེང་་༩་རྒྱལ་པ་ ན་པ་རྟག་པའ་རྒྱལ་པ་ ན་པ་ལས་རབ་ཏུ་འབྱད་པ་ལས་ འུ་བཅུ་དྲུག་པའ།། །།ཀླུའ་རྒྱལ་པ་རྟག་པ་ལས་རབ་ཏུ་འབྱད་པ་ ས་བྱ་བ་གབ་པ་དང་སྦས་པའ་རྒྱུད་རྫགས་ས།། ། སྐྱ། །