Ngb-pt-0226-vol-03-text
(Redirected from Ngb-pt-0226-vol2-text)
Jump to navigation
Jump to search
Front
Body
།ཁུ་༷༷་༷༷ རྒྱ་གར་སྐད་དུ། བྷ་ག་ལྷུན་སརྦ་སུ་ག་ཏ་ས་མུ་དྭ་ཡོསྟ་ར་ཏནྟྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཕྱི་མའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ཁང་། ཕྱི་ནང་རྒྱ་ཁྱོན་ཚད་མེད་པའི་རྒྱན་གྱིས་བརྒྱན་པའི་ནང་ན། བཅོམ་ལྡན་འདས་དཔལ་ཀུན་བཟང་ཧེ་རུ་ཀ་ལ། འཁོར་ཁྲོ་བོ་དང་ཁྲོ་མོ་དང་། རིག་འཛིན་ཕོ་མོ་བསམ་གྱིས་མི་ཁྱབ་པ་དང་། འཇིག་རྟེན་གྱི་དྲེགས་པ་ཕོ་མོ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འཁོར་འདུས་པ་ཆེན་པོའི་ནང་ནས་རིག་འཛིན་ཕོ་མོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་སྤྱི་དཔལ་རྗེ། །སློབ་དཔོན་སློབ་མའི་མཚན་ཉིད་དང་། །སྨིན་པར་བྱེད་པའི་ལམ་དང་ནི། །ཕྱག་རྒྱ་སྒྲུབ་པའི་ཐབས་ལ་སོགས། །རྩ་བའི་རྒྱུད་དུ་མ་གསུངས་པ། །ཕྱི་མ་ཡི་ནི་རྒྱུད་ཆེན་འདིར། །སེམས་ཅན་རྣམས་ལ་སྨན་པའི་ཕྱིར། །གཙོ་བོས་རིམ་བཞིན་བཤད་དུ་གསོལ། །ཨ་ལ་ལ་ཧོ། ཞེས་ཕྱག་དང་བསྐོར་བ་བྱས་ཏེ་ཞུས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས་ཞུས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །གསང་སྔགས་སྒོ་ནི་སློབ་དཔོན་ཏེ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ནས། །ཉན་པ་ལ་སོགས་བརྩམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །བདེ་གཤེགས་རྗེས་འབྲངས་སློབ་དཔོན་ཏེ། །དེ་ཡི་མཚན་ཉིད་བཤད་པར་བྱ། །ཕྱི་ནང་གསང་བའི་དབང་ཐོབ་ཅིང་། །སྔགས་རྣམས་མ་འདྲེས་སོ་སོར་མཁྱེན། ཁྲེས་རབ་ཆེ་ཞིང་བརྩོན་འགྲུས་ཆེ། །ཕྱི་ནང་རྒྱུད་ཤེས་ཆོ་ག་སྐོང་། །ཐབས་ཀྱི་སྤྱོད་པ་སྣ་ཚོགས་ལ། །གང་དང་གང་ལ་མ་རྨོངས་ཤེས། །ལས་ཀྱི་བྱེ་བྲག་ཐམས་ཅད་ལ། །ལྷག་ཆད་མེད་པ་ཐམས་མཁས་ཤེས། །གསང་བ་མཆོག་གི་ཐབས་རྣམས་སྦེད། །ཆེ་མཆོག་ཧེ་རུའི་སློབ་དཔོན་ཡིན། །སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས། ཁེན་ཏུ་འདུས་པ་ཆེན་པོ་སྟེ། །འདི་ལས་འདའ་བར་མི་བྱེད་པ། །ཡན་ལག་དམ་ཚིག་མཆོག་ཏུ་ལེན། །སྤྱོད་པའི་བྱེ་བྲག་ཐབས་ཡིན་པས། །མི་སྤོང་མི་འདོར་འབད་བསྲུང་བ། །མདོག་དཀར་གཟུགས་དག་སྟོབས་དང་ལྡན། །ག་བུར་དྲི་ལྡན་རི་མོ་འཆང་། །རྟག་པར་སེམས་ཅན་དོན་ལ་དགའ། །སེམས་ཅན་སྒྲོལ་བའི་ཐབས་ལ་མཁས། །སྐད་གདངས་དུང་སྒྲ་ཡོད་པ་ནི། ཁྲག་འཐུང་ཧེ་རུའི་སློབ་དཔོན་ཡིན། །ཕྱི་ནང་ཆོས་ལ་མ་རྨོངས་མཁྱེན། །ཁྱད་པར་ཤེས་རབ་ཕུན་སུམ་ཚོགས། །རིག་པའི་གནས་མཆོག་མ་འགགས་ཤེས། །ཆོས་སྤྱོད་བཅུ་རྣམས་ལྷག་པར་བརྩོན། །སློབ་དཔོན་འཁུར་ཞིང་མཆེད་ལ་གདུང་། །སེམས་ཅན་ཅི་དགའི་སྤྱོད་པ་བྱེད། །ཐབས་ཀྱི་བྱེ་བྲག་རྣམས་ལ་མཁས། །གཅིག་གམ་ཐམས་ཅད་མཚན་ཉིད་འཛིན། །དོན་མཐོང་དགའ་བ་མཐའ་དག་ཡོད། །གཤིན་རྗེ་གཤེད་པོའི་སློབ་དཔོན་ཡིན། །ལམ་གྱི་ཐབས་རྣམས་ཁྱད་པར་སྟོན། །རྟག་པར་བཟླས་ཤིང་འཕྲོ་འདུ་དགའ། །སྙིང་པོ་སྔགས་ལ་དད་མོས་ཆེ། །བློ་གསལ་རིག་པ་ཁྱད་པར་ཡོད། །སྤྱོད་ལམ་རྣམས་བཞིའི་སེདྷིར་སྤྱོད། །གླུ་གར་རོལ་མོ་རྣམས་ལ་དགའ། །མཆོད་པའི་བྱེ་བྲག་ཐབས་མཆོག་མཁས། །ལུང་བསྟན་བཀའ་བཞིན་བྱེད་ཅིང་གཟོ། །སྤུན་ལ་གདུང་ཞིང་སེམས་ཅན་འདུད། །པདྨ་དབང་ཆེན་སློབ་དཔོན་ཡིན། །ཕྱི་ནང་རྣམ་རྟོག་མི་སྐྱེ་ཤིང་། །རྒྱུད་དང་མདོ་སྡེ་དག་ལ་མཁས། །ཐབས་མཁས་ཏིང་འཛིན་དྲོད་ཚད་བརྩོན། །སྡེ་སྣོད་གསུམ་ལ་མ་རྨོངས་དང་། །རྟོག་བཅས་ཐེ་ཚོམ་མ་ལུས་སེལ། །གསང་བ་སྦས་པའི་ཐབས་རྣམས་མཁྱེན། །དད་པ་རྣམས་ལ་སྐྱོ་དུབ་མེད། །གསང་བའི་སྡེ་སྣོད་དྲུག་རྣམས་ཀུན། །རྟོག་བཅས་སྣོད་ངན་རྣམས་ལ་སྦེད། །གསང་བའི་ཆོས་རྣམས་སེམས་ལ་འཆང་། །འབད་པའི་སྟོབས་ཀྱིས་མན་ངག་འཚོལ། །རྩ་བར་བཅས་པ་བསྲུང་བྱེད་པ། །རྡོ་རྗེ་ཕུར་པའི་སློབ་དཔོན་ཡིན། །ཐོས་བརྩོན་ཡོན་ཏན་ཀུན་གྱིས་བརྒྱན། །མདོ་སྡེ་འདུལ་བ་མངོན་པ་གསུམ། །དེ་ཡི་ཐབས་ཀྱིས་འདུལ་ཐབས་རྣམས། །དེ་ཡི་སྤྱོད་པ་མ་འགགས་མཁྱེན། །བྱམས་དང་སྙིང་རྗེ་གང་འདུལ་བ། །རྗེས་སུ་མཐུན་པའི་ཐབས་མཆོག་གིས། །ཇི་ལྟ་ཇི་ལྟར་འདུལ་མཛད་པ། །ཐབས་མཁས་དད་ལྡན་ཏིང་འཛིན་གསལ། །གཉིས་མེད་བློ་ལྡན་བརྟུལ་ཞུགས་ཆེ། །མངོན་རྫོགས་རྒྱལ་པོའི་སློབ་དཔོན་ཡིན། །ལྟ་སྤྱོད་ཏིང་འཛིན་བརྩོན་འགྲུས་ཆེ། །ཐབས་མཁས་མན་ངག་ཟབ་མོ་འཆང་། །མཁའ་འགྲོ་ཆོས་སྐྱོང་བྲན་ལྟར་ཆགས། །འཇིག་རྟེན་མཆོད་བསྟོད་སློབ་དཔོན་ཡིན། །ཡི་དམ་ལྷ་ཡི་བསྙེན་པ་རྫོགས། །སྔགས་ཀྱིས་སྦྱོར་བ་དག་ལ་མཁས། །དྲག་པོ་སྔགས་ཀྱི་རྩལ་ཐོབ་པ། །དམོད་པ་དྲག་སྔགས་སློབ་དཔོན་ཡིན། །དེ་ནས་སློབ་མའི་མཚན་ཉིད་བཤད། །དཔའ་ཞིང་སྙིང་སྟོབས་ཤིན་ཏུ་ཆེ། །ཕྱི་ནང་འདུས་པའི་ཆོས་ལ་མཁས། །ལྷུན་སྡུག་ཕྲིན་ལས་དག་ལ་དགའ། །དགོངས་པ་ཉམས་ལོན་མུ་སྟེགས་བཟློག །ལྟ་ལོག་སུན་འབྱིན་ཡང་དག་དགོད། །བདེ་བའི་ལམ་སྟོན་ཐབས་ལ་མཁས། །བཟོ་མཁས་རིག་གསལ་བླ་མ་བསྟེན། །འཛིན་ལ་མཁས་ཤིང་བརྗེད་མེད་པ། །ཨུཏུལ་ཞེས་བྱའི་གང་ཟག་དེ། །ཆེ་མཆོག་ཧེ་རུའི་སློབ་མར་བཟུང་། །རྩ་བ་དང་ནི་ཡན་ལག་གི། །དམ་ཚིག་མ་ཉམས་ཐུབ་པར་བསྲུངས། ཁྲེས་རབ་ཆེ་ཞིང་དད་པས་དཔའ། །སྟོན་པའི་བཀའ་ལུང་དག་པ་གནས། །སློབ་དཔོན་ལུབུར་ཞེང་སྤུན་ལ་གདུང་། །ཉོན་མོངས་སྦྱོངས་ཤིང་སྙིང་རྗེ་ཆེ། །སྤྱོད་གཟོབ་ལུས་ལ་ག་བུར་དྲི། །ཙསྡོན་ཞེས་བྱའི་གང་ཟག་དེ། ཁྲག་འཐུང་རོལ་པའི་སློབ་མར་གཟུང་། །ཐབས་དང་སྟོབས་ཀྱི་རྩལ་འཆང་ཞིང་། །རིན་ཆེན་སྣ་་ཚོགས་སྤྱིན་པར་གཏོང་། །སྤྱོད་ཡང་བྱུངལམ་ལྷུན་སྡུག་ངག་སྙན་བདེ། །ཇི་ལྟར་ཇི སྟའི་སྤྱོད་པ་ཡིས། །དེ་ལྟ་དེ་ལྟའི་སློབ་དཔོན་འཁུར། །བླ་མ་ཤེས་རབ་དགོས་འདོད་སྐོང་། །ང་བདག་སྐྱོན་སྤངས་དད་བརྩོན་ཆེ། །དམ་ཚིག་ལྡན་ཞིང་ཤེས་རབ་ལྡན། །རྒྱུད་ཐོས་ལེགས་པར་སྟོན་པ་ནི། །གཤིན་རྗེ་གཤེད་པོའི་སློབ་མ་ཡིན། །དགེ་བཅུ་རྟག་སྤྱོད་མི་དགེ་སྤངས། །བདེ་འཇམ་ཁྲོ་བའི་སེམས་མི་འབྱུང་། །གླུ་གར་རོལ་མོ་སྣ་ཚོགས་སྟོན། །མདོག་མཛེས་ཙསྡོན་དྲི་བཟངས་དང་། །སྟོད་སྨད་ཕྱེད་ཅིང་སྐེད་པ་ཕྲ། །ཡན་ལག་བདེ་འཇམ་འབར་འབུར་མེད། །སྐྲ་མཐོ་སེན་མོ་ཟངས་འདྲ་དམར། །སྦྱོར་བའི་ཡན་ལག་ཐབས་ལ་མཁས། །དད་ལྡན་བརྩོན་འགྲུས་སྙིང་རྗེ་ཆེ། །པདྨ་ཞེས་བྱའི་གང་ཟག་དེ། །པདྨ་དབང་ཆེན་སློབ་མར་བཟུང་། །གོང་གི་ཡོན་ཏན་ཐམས་ཅད་རྫོགས། །རྒྱལ་པོ་སྡེ་བཅས་ཀུན་གྱིས་བསྟོད། །མུ་སྟེགས་སྡེ་པས་བསྔགས་པ་བརྗོད། །སྡེ་པ་བཞི་ཡིས་སྤྱི་བོར་འཁུར། །རྡོ་རྗེ་ཕུར་པའི་སློབ་མ་ཡིན། །དཀྱིལ་འཁོར་མཐའ་དག་ལས་ལ་མཁས། །གསང་བསྒྱུརཀྱངདྲུག་གབ་སྦས་མན་ངག་ཐུབ། །སློབ་དཔོན་འཁྱར་ཞིང་སྤྱོད་པ་ཡངས། །མངོན་རྫོགས་མ་མོའི་སློབ་མར་བཟུང་། ཁོང་གདུག་ཞེ་གནག་ཞེསྡང་ཆེ། ཁྲ་ཁྲག་དམར་ལ་ལོངས་སྤྱོད་བྱེད། །ལུས་དང་སྲོག་ལ་མི་བལྟ་བསྒྲུབ། །འཇིག་རྟེན་མཐུ་ཡི་སློབ་མར་བཟུང་། །གཡོ་སྒྱུ་ཆུང་ཞིང་ཡིད་ཆེས་ཆེ། །སྡོད་ལ་བརྩོན་ཞིང་བསྒྲུབ་བསྲན་ཆེ། ཁོར་གདུག་ཡིད་ཆེས་སྔགས་ལ་བརྩོན། །དྲག་སྔགས་དམོད་པའི་སློབ་མ་ཡིན། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། སློབ་དཔོན་དང་སློབ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།གང་ཟག་གི་མཚན་ཉིད་ཀྱི་སྐབས་ཏེ་དང་པོའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་རིག་འཛིན་ཕོ་མོ་རྣམས། །རྡོ་རྗེ་དབྱིངས་ཀྱི་དབང་འདོད་པས། །བྱང་རི་སྐྱོབ་ཅིང་ལྷོ་རི་གཞོལ། ཁྲར་གྱི་རི་དམའ་ནུབ་རི་མཐོ། །རི་བྲག་དམར་པོས་མཐའ་མ་བསྐོར། །མདུན་ན་མེ་ཏོག་སྣམ་བུ་ཡོད། །བྱ་རྒྱལ་སྐད་ནི་སྒྲོག་པའི་གནས། །དེར་ནི་ཏིང་འཛིན་བསྒོམ་པར་བྱ། །བཞི་བཅུ་རྩ་གཉིས་རིམ་བཞིན་དུ། །ལྷ་གསལ་འཕྲོ་འདུའི་ཚོགས་བྱས་ལ། །སོ་སོའི་སྙིང་པོ་བགྲངས་ནས་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྣམས་སུ་དབང་བསྐུར་བྱ། །ཆེ་མཆོག་ཡོན་ཏན་དབང་བསྐུར་བ། །དུར་ཁྲོད་ཆེན་པོ་རབ་དབེན་པར། །མཎྜལ་བྱི་དོར་བྱས་ནས་ནི། །བདུད་རྩི་ལྔ་ཡི་ཆག་ཆག་གདབ། །མཚན་ལྡན་བདུད་རྩི་ལྔ་སྦྱར་ནས། །ཆེ་མཆོག་ལྷ་ཚོགས་གསལ་བྱས་ལ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །ཡོན་ཏན་ཕྲིན་ལས་དབང་བསྐུར་བྱའོ། །ཡང་དག་ཐུགས་ཀྱི་དབང་བསྐུར་བ། །དུར་ཁྲོད་ཆེན་པོ་རབ་དབེན་པ། ཁྲ་ན་ཁྲམ་སྤྱང་རྒྱུག་པའི་སར། །བྱ་གཅན་ཤ་ཟ་མང་པོ་འཁོར། །མི་རོ་མང་པོ་མཁར་དུ་བརྩིགས། ཁྲེན་ཏུ་ཡ་ངའི་གནས་སུ་ནི། །ལྔ་བཅུ་རྩ་བརྒྱད་ལྷ་ཚོགས་རྣམས། ཁྲོ་ག་་གདུག་པའི་སྤྲིན་ཚོགས་ཀྱི། །གནས་ནས་རབ་ཏུ་གསལ་བར་བསམ། །སོ་སོའི་སྙིང་པོ་བགྲངས་ནས་ནི། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །ཡོན་ཏན་ཕྲིན་ལས་དབང་བསྐུར་རོ། །འཇམ་དཔལ་སྐུ་ཡི་དབང་བསྐུར་བ། །དུར་ཁྲོད་ཆེན་པོའི་ས་ཕྱོགས་སུ། །མཎྜལ་བྱི་དོར་བྱས་པ་ལ། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། ཁྲག་ཆེན་གོ་རོ་ཙ་ན་ཡིས། །སྟེང་དུ་མནན་ལ་བྱུགས་པར་བྱ། །གཤིན་རྗེའི་ལྷ་ཚོགས་གསལ་བྱས་ཏེ། །འབར་གསལ་རྔམ་པའི་ཧུ༷་གི་ཚོགས། །སོ་སོའི་སྙིང་པོ་བཟླས་ནས་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་རུ་དབང་བསྐུར་བྱ། །པདྨ་གསུང་གི་དབང་བསྐུར་བ། །ནུབ་ཏུ་ཁ་བལྟས་ཟླ་གམ་དབྱིབས། །མེ་ཏོག་སྣམ་བུ་ཡོད་པའི་སར། །དཀྱིལ་འཁོར་བྱི་དོར་བྱས་ནས་ནི། ཁྲག་ཆེན་དག་གིས་ཆག་ཆག་གདབ། །དབང་གི་ལྷ་ཚོགས་གསལ་བྱས་ནས། །དམར་པོ་སྙི༷༷ཡི་ཚོགས་བསམས་ནས། །སོ་སོའི་སྙིང་པོ་བཟླས་ནས་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་རུ་དབང་བསྐུར་རོ། །ཕྲིན་ལས་ཕུར་པའི་དབང་བསྐུར་ནི། །གནམ་ས་གྲུ་གསུམ་དབུས་གནས་པར། །ཅེ་སྤྱང་བསད་ཤུལ་འདྲ་བ་མྲ །མི་རོ་གསར་རྙིང་ཡོད་པའི་སར། །འབར་འཕྲོ་གསལ་བའི་ཏིང་འཛིན་གྱིས། །ཕྲིན་ལས་ལྷ་ཚོགས་གསལ་བྱས་ནས། །འབར་བ་རྔམ་པའི་ཚོགས་ཆེན་ལས། །སོ་སོའི་སྙིང་པོ་བཟླས་ནས་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་རུ་དབང་བསྐུར་བྱ། །མ་མོ་རྦོད་གཏོང་དབང་བསྐུར་བ། །དུར་ཁྲོད་ཆུ་གླིང་རྐང་གཅིག་པ། །མ་ཚོགས་དབང་ཕྱུག་འདུ་བའི་སར། །ཤ་ཆེན་ཁྲག་ལས་བྱས་པ་ཡི། །དམར་པོ་སྙིང་གི་མཆོད་ཚོགས་བཤམས། །རྐང་ཆེན་གླིང་བུ་འབུད་པ་དང་། །བྷརྙའི་ཆ་ལང་བརྡབ་པ་དང་། །ཚིལ་ཆེན་དུད་པ་ཆེན་པོ་གཏང་། །གང་བསྒྲུབ་ཡི་དམ་བྱེད་པ་ལ། །སྲོག་གི་སྙིང་པོ་བགྲངས་ནས་ནི། །བཀའ་མི་འདའ་བར་དབང་བསྐུར་བྱ། །འཇིག་རྟེན་མཆོད་བསྟོད་དབང་བསྐུར་བ། །སྲོག་ཆགས་བསད་པའི་ཤུལ་འདྲ་བ། །དམར་པོ་ཁྲག་གི་མདོག་འདྲའི་སར། །མཎྜལ་གྲུ་གསུམ་འབར་བ་ལ། །སྲིན་པོ་ཁྲོས་པའི་གཟུགས་བྱས་ཏེ། །དེ་སྟེང་སློབ་མ་གཞག་པར་བྱ། །མཁས་པས་དེ་ལྟར་དབང་བསྐུར་ནས། །རག་ཤ་རག་ཤ་མ་ལ༷་རག་ཤ་ཧྲི་ཁ་རག་ཤ་ཧྲི། །འཇིག་རྟེན་རང་རྒྱུད་དྲེགས་པ་ཅན། །བྲན་བཞིན་འཁོལ་བར་དབང་བསྐུར་རོ། །དྲག་སྔགས་དམོད་པའི་དབང་བསྐུར་བ། །བྲག་རི་སྦྲུལ་ནག་འགྲེང་བའི་སར། །ཆུ་གསུམ་འདུས་པའི་སུམ་མདོ་ལ། །དྲེད་པོ་དྲེད་མོ་ལངས་པ་འདྲ། །རྐང་གཅིག་གནོད་སྤྱིན་གནས་པའི་སར། །དཀྱིལ་འཁོར་བྱི་དོར་བྱས་པ་ལ། །སྦྲུལ་ནག་ཁྲག་གིས་ཆག་ཆག་གདབ། །ཆེ་མཆོག་ཧེ་རུ་བདག་བསྒོམས་ལ། །དྲག་པོའི་གསང་སྔགས་བཟླས་ཤིང་བསྐུར། །སྤྱི་ཡི་དབང་བསྐུར་སྔགས་ནི་འདིའོ། །ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་ཀྭ་ཡ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨུ༷༷ན་མ༷༷སརྦ་ཏ་ཐུ་ག་ཏ་བཱ་ག་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཧུ༷་ན་མ༷༷སརྦ་ཏ་ཐུ་ཏ་ཙིསྟ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཧྭ༷་ན་མ༷༷སརྦ་ཏ་ཐུ་ག་ཏ་ཨ་ནུ་རྭ་ག་ཎ་སུ་བྷ་ཝ་ཨུཏྣ་ཀོ྅ཧ༷། སྣྲི༷༷ན་མ༷༷སརྦ་ཏ་ཐུ་ག་ཏ་ཀརྨ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧུ༷། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཡི་དབང་བསྐུར་རོ། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། དབང་སྐུར་བའི་ལེའུ་སྟེ་གསུམ་པའོ།། །།དབང་གི་སྐབས་ཏེ་གཉིས་པའོ། །དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །དངོས་ལ་གནས་ཤིང་ཚོར་མེད་པ། །མ་རིག་རྨོངས་པའི་གཏི་མུག་དེ། །སྤངས་པས་འབྲས་བུ་འབྱུང་མི་འགྱུར། །སྤྱད་པས་ཆོས་ཉིད་དོན་གསལ་འགྱུར། །༷མ་རིག་པ་ཡི་གཏི་མུག་དེ། །སྤངས་པས་བདེན་པའི་ཚིག་མི་རྙེད། །སྤྱད་པས་འོད་གསལ་ཆོས་ཀྱི་དབྱིངས། །ཡེཤེསཆེནཔོརགནསཔར་འགྱུར། །ཆེ་མཆོག་ཡོན་ཏན་བསྒྲུབ་པར་བྱ། །དེ་ཡི་དོན་ནི་སྤྱད་བྱ་བ། །ཨཱོཾ་མ་ཧྭ་ཤི་ཧེ་རུ་ཀ་ཧུ༷་ཕཊ། གསང་སྔགས་ཡི་གེ་དགུ་པ་ནི། །ཆེ་མཆོག་ཧེ་རུའི་སྙིང་པོ་སྟེ། །གསལ་བའི་དཀྱིལ་འཁོར་རབ་རྫོགས་པ། །རང་བཞིན་གྲུབ་པའི་བྱིན་དབབ་ཕྱིར། །གསང་སྔགས་ཟབ་མོ་རབ་སྤྱོད་པས། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །རང་རང་གནས་སུ་བདེར་བཞུགས་པ། །དབང་བསྐུར་བྱིན་དབབ་ཐམས་ཅད་རྫོགས། །ཡང་དག་དཔའ་བོའི་སྐུ་ལྷུན་གྲུབ། །ཡེ་ཤེས་ལྔ་ལྡན་སངས་རྒྱས་སྐུ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །བདེ་བར་གཤེགས་པའི་རང་བཞིན་ནོ། །སངས་རྒྱས་ལྔ་ཡི་རབ་ཏུ་འཁྲིགས། །དེ་ཡིས་བསམ་གཏན་ཐམས་ཅད་རྫོགས། །ཆེ་མཆོག་ཧེ་རུའི་ཕྱག་རྒྱར་བཤད། །ཅེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། ཆེ་མཆོག་ཕྱག་རྒྱའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །ཞེ་ནས་སྡང་བའི་ངན་སེམས་བདེ། །སྤངས་པས་འབྲས་བུ་འབྱུང་མི་འགྱུར། །སྤྱད་པས་ཆོས་དབྱིངས་ཡེ་ཤེས་ཐོབ། །ཡང་དག་ཐུགས་ཀྱི་བསྒྲུབ་པར་བྱ། །དེ་ཡི་དོན་ནི་བཤད་པར་བྱ། །རྩ་བ་བརྒྱད་ནི་སྙིང་པོའི་མཆོག །ཨོ་རུ་ལུ་རུ་ལུ་ཧཱུཾ་སྨྱོ་ཧུ༷། བདེ་གཤེགས་གཞལ་ཡས་བསོད་ནམས་རྫོགས། །དེ་ཡི་རྗེས་འགྲོ་སྣང་བ་དག །སྣང་བ་དག་པའི་ཡེ་ཤེས་ཏེ། །རུ་ལུ་འཕྲོ་འདུ་སྦྱོར་བས་སོ། །འཁོར་བ་རྣམ་གྲོལ་བྱང་ཆུབ་སེམས། །འདི་ལྟར་སྣང་བའི་ཆོས་ཉིད་ནི། །ངོ་བོ་ཉིད་ཀྱིས་མ་སྐྱེས་པ། །གཟུགས་དང་སྒྲ་ལ་སོགས་པ་ཡི། །རབ་ཏུ་བདག་གསལ་དངོས་མེད་བསྒོམ། །ཆོས་དབྱིངས་མེ་ལོང་ཡེ་ཤེས་ཏེ། །དེ་ལ་སེམས་བརྟན་གསལ་གྱུར་ནི། །ཡང་དག་ཐུགས་ཀྱི་ཕྱག་རྒྱ་ཡིན། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། ཡང་དག་ཐུགས་ཀྱི་ཕྱག་རྒྱའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །ཡོངས་སུ་ཁེངས་པའི་ང་རྒྱལ་དེ། །ང་འོ་ང་ཡི་སེམས་འཆར་ཞིང་། །དེ་ཡིས་ལོག་པའི་ལམ༷ ་གནས་ཤིང་། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །སྦྱད་པས་ཆོས་ཉིད་ཆེན་པོ་ཡིན། །རྟོག་མེད་བདེ་བའི་ལམ་གནས་ཤིང་། །ཡེ་ཤེས་ཆེན་པོར་དེར་གནས་འགྱུར། །འཇམ་དཔལ་གཤིན་རྗེ་བསྒྲུབ་པར་བྱ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཧུ༷་ཕཊ། སྙིང་པོ་ཨ་ཀྲོ་འབྲུ་བདུན་ནི། །གཤིན་རྗེ་གཤེད་པོའི་སྙིང་པོ་སྟེ། །རྟོག་མེད་བདེ་བའི་ལམ་གནས་ཤིང་། །ཡེ་ཤེས་ཆེན་པོར་དེར་གནས་འགྱུར། །བྱང་ཆུབ་སེམས་ཉིད་དམ་པ་སྟེ། །ཡང་དག་རིན་ཆེན་འབར་བ་ཡིན། །ཡོན་ཏན་སྙིང་པོ་དམ་པ་ལོན། །གཤིན་རྗེ་གཤེད་པོའི་རྒྱ་རུ་བསྟན། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །འདོད་ལ་ཆགས་པའི་རང་བཞིན་གྱིས། །དེ་ཡིས་འབྲས་བུ་རླག་པར་བྱེད། །སྤངས་པས་དོན་རྣམས་རྙེད་པ་མེད། །རབ་ཏུ་བཅིངས་ནས་གནས་ངན་ལེན། །ཡོངས་སུ་དག་པའི་འདོད་ཆགས་དེ། །སྤྱད་པས་འབྲས་བུ་ཆེན་པོ་ཐོབ། །སོ་སོར་རྟོག་པའི་ཡེ་ཤེས་གསལ། །པདྨ་དབང་ཆེན་བསྒྲུབ་པ་གྱིས། །ཨོ་ཧ་ཡ་རྒི་བ་ཧུ༷་ཕཊ། ཡི་གེ་བདུན་པ་དབང་ཆེན་སྔགས། །ཟླ་བའི་དཀྱིལ་འཁོར་སྔགས་བཅས་པ། །འཕྲོ་འདུས་གྱུར་པའི་དམ་ཚིག་ནི། །ལེ་བརྒན་ལྟ་བུར་གྱུར་པ་སྟེ། །འཁོར་བའི་བག་ཆགས་རྟོག་བཅས་དང་། །གནས་ངན་ལེན་པ་ཐམས་ཅད་ཀུན། །གདོད་ནས་སངས་རྒྱས་ཉིད་གནས་པས། །དག་དང་མ་དག་གཉིས་མེད་དེ། །དེ་ཡི་རང་བཞིན་སངས་རྒྱས་སོ། །བདེན་པའི་སྙིང་པོ་རང་བཞིན་པས། ཁྱབ་པའི་ཡེ་ཤེས་ཆེན་པོ་དེས། །ལྷ་ཡི་གནས་སུ་བསྒོམ་པར་བྱ། །པདྨའི་ཕྱག་རྒྱར་བཤད་པ་ཡིན། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། པདྨ་གསུང་གི་ཕྱག་རྒྱའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །ལོག་པའི་སེམས་ཅན་ཕྲག་དོག་ཆེ། །སྤངས་པས་འབྲས་བུ་འབྱུང་མི་འགྱུར། །སྤྱད་པས་ཆོས་ཉིད་དོན་གསལ་འགྱུར། །ནན་ཏན་ཡེ་ཤེས་ཆེན་པོ་འགྲུབ། །ཕུར་པ་ཕྲིན་ལས་བསྒྲུབ་པར་བྱ། །དེ་ཡི་དོན་ནི་བཤད་བྱ་བ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཀི་ལ་ཡ་ནི་འབྲུ་དགུ་པ། །རྡོ་རྗེ་ཕུར་པའི་སྙིང་པོ་ཡིན། །དོན་དམ་སྙིང་པོ་ཡོངས་སུ་གྲུབ་པའི་ཚེ། །བཟླས་དང་མ་བཟླས་ཚིག་གི་ཐ་སྙད་ཡིན། །ཡེ་ནས་བཟླས་པ་རང་བྱུང་ཆེན་པོ་ཡིན། །ངོ་བོ་ཉིད་ཀྱི་སྔགས་ཀྱི་རང་བཞིན་ནོ། །དེ་འདྲ་བཟླས་པ་དོན་གྱི་སྙིང་པོ་ཡིན། །མ་བཅོས་རང་བྱུང་སྙིང་པོ་སྔགས་ཚིག་སྟེ། །ཟབ་མོ་བཟླས་པ་ཡི་ ན་ཞེས་རྒྱ་རུ་བསྟན། །དེ་ཡིས་བརྟན་བྱས་དམ་པའི་བྱང་ཆུབ་སེམས། །ཡེ་ཤེས་ལྔ་གསལ་དོན་དམ་དབྱིངས་ནས་སྤྱོད། །རྟེན་འབྲེལ་ལུས་ནི་བྱིན་རླབས་ཉོན་མོངས་བསྲེག །ཕྲ་མོའི་ཏིང་འཛིན་ཡི་དམ་དངོས་སུ་གསལ། །བཟླས་པ་མཐར་ཕྱིར་འབྲས་བུ་ཆེན་པོ་ཡིན། །རང་གི་བཟླས་པ་ཡིན་ཞེས་རྒྱ་རུ་བསྟན། །རྣལ་འབྱོར་དམ་པ་རྣམས་ཀྱིས་འདི་བཟླས་ན། །གང་གིས་བཟླས་ཀྱང་སྙིང་པོ་ལེན་པར་བྱེད། །སྔགས་ཀྱི་སྙིང་པོ་མ་ལུས་ཐམས་ཅད་ཀུན། །ཡེ་ནས་སྣང་དང་མི་སྣང་མེད། །རྟག་དང་ཆད་དང་ཡོད་མེད་དང་། །བརྗོད་དང་སྨྲ་བསམ་ཡུལ་ལས་འདས། །རང་བཞིན་གནས་པའི་སྙིང་པོ་དེ། །ཡེ་ཤེས་མཆོག་ཏུ་གྱུར་པ་ལས རང་གི་རང་བཞིན་དེ་བཞིན་དེ། །བདེན་པའི་སྙིང་པོ་རང་བཞིན་པས། །ཡང་དག་དོན་དུ་མཁས་པས་བརྟག །ཕྲིན་ལས་ཕུར་པའི་ཕྱག་རྒྱར་བསྟན། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། །ཕྲིན་ལས་ཕུར་པའི་ཕྱག་རྒྱའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །མ་མོའི་དོན་ལ་མོས་པ་ཡིས། །བླ་མེད་ཧེ་རུ་བསྒྲུབ་པར་བྱ། །ཨོ་མ་ཧྭ་ཀྲོ་དྷ་ཧུ༷་ཕཊ། །གསང་སྔགས་ཡི་གེ་འབྲུ་བདུན་པ། །བླ་མེད་ཧེ་རུའི་གསངསྔགས་ཡིན། །མཁའ་དབྱིངས་དག་པའི་རང་བཞིན་ནི། །བརྟན་པའི་དོན་རྣམས་དག་པ་སྟེ། །དག་པ་ཉིད་ན་དག་པ་མེད། །མི་ཤིགས་པ་ཡི་ངོ་བོ་ལ། །དངས་མའི་ས་བོན་ལས་བྱུང་བ། །བརྟན་པའི་རང་བཞིན་འོད་འབར་བས། །གསལ་བའི་འོད་དང་བཅས་པ་སྟེ། །ཡང་དག་དོན་ཆེན་ཟབ་མོའི་མཆོག །གསལ་བ་ཉིད་ན་གསལ་བ་མེད། །རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི། །མངོན་རྫོགས་རྒྱལ་པོའི་ཕྱག་རྒྱར་བསྟན། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། །མ་མོ་རྦོད་གཏོང་གི་ཕྱག་རྒྱའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །རྣལ་འབྱོར་བསྟན་པ་སྲུང་བྱེད་ན། །དྲེགས་པ་ཀུན་འདུལ་བསྒྲུབ་པར་བྱ། །ཨོ་བཛྲ་ཙཎྜསརྦ་དུཁུ་ཧུ༷་ཕཊ། ཡེ་ཤེས་བཅུ་པའི་གསང་སྔགས་ནི། །དྲེགས་པ་ཀུན་འདུལ་གསང་སྔགས་ཡིན། །སྤྲོ་བསྡུའི་སྔགས་ཀྱི་རིམ་པས་གཡོས་པའི་ཚེ། །རྣམ་དག་རང་གི་ངོ་བོ་དེ་ཉིད་ལེན། །ངོ་བོ་ཉིད་དང་རང་གི་རང་བཞིན་མེད། །བདག་དང་ཚོགས་བཅས་མ་ལུས་དེ་བཞིན་དེ། །ཡེ་ཤེས་ཚོགས་ཆེན་རྫོགས་པའི་རང་བཞིན་ནོ། །དེ་ཐོབ་འབྲས་བུ་མཐར་ཕྱིན་བདེ་བས་གང་། །གཤེད་མས་སྲོག་ལ་འདེབས་པའི་རྒྱ་རུ་བསྟན། །ཞེས་གསུངས་སོ། །ངེས་པར་འབྱུང་བའི་ཕྱི་མའི་རྒྱུད་ལས། འཇིག་རྟེན་མཆོད་བསྟོད་དྲེགས་པ་ཀུན་འདུལ་ཕྱག་རྒྱའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །རྣལ་འབྱོར་སྔགས་ལ་མོས་པ་ལ། །དམོད་པ་དྲག་སྔགས་ཕྱག་རྒྱ་བསྟན། །ཨོ་བཛྲ་སརྦ་དུཛི༷་ཧུ༷་ཕཊ། །སྟོབས་ཀྱི་ཡི་གེ་བརྒྱད་པ་ནི། །སྟོབས་ལྡན་ནག་པོའི་གསང་སྔགས་ཡིན། །ཉི་མའི་དཀྱིལ་འཁོར་དབུས་སུ་གསལ་བྱས་ན། །རང་གི་སྔགས་བཅས་དམོད་པའི་ཡི་གེ་སྟེ། །འབྱུང་བ་ལྔ་འཁྲུགས་སྡུག་བསྔལ་ཉམས་སུ་མྱོང་། །མ་བཅོས་རང་བྱུང་ངེས་པའི་སྙིང་པོ་ཡིན། །གསད་བ་ལྡོག་མེད་སྲོག་སྔགས་རྒྱ་རུ་བསྟན། །ཞེས་གསུངས་སོ། །ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། དམོད་པ་དྲག་སྔགས་སྟོབས་ལྡན་ནག་པོའི་ཕྱག་རྒྱའི་ལེའུ་སྟེ་བཅུ་གཅིག་པའོ།། །།བསྒྲུབ་པ་བཀའ་བརྒྱད་ཕྱག་རྒྱའི་སྐབས་ཏེ་གསུམ་པའོ། །བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ལས ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ཅེས་བྱ་བ། ལེའུ་བཅུ་གཅིག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། ལོ་ཙྭ་བ་བི་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཕྱག་དཔེ། རིན་པོ་ཆེའི་གཏེར་དུ་སྦས་སོ།། །།