Ngb-pt-0874-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

འཛིན་པའི་གཟེར་གྱི་རྒྱུད་རྫོགས་སོ། །ཐི་རྒྱ། ནི་རྒྱ། སུ་རྒྱ།། །། རྒྱ་གར་སྐད་དུ། །བཛྲ་ཀྲི་ཡི་ཨུ་ཀྲ་ན་མི་མན་ཏྲ་ཨ་ཀ་ནེ་པ་ནི་ཨི་ཀ་ཙཀྲ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལོང་རྣམ་པར་བཀོད་པ་འཁོར་ལོ་གཟེར་གྱི་རྒྱུད། བཅོམ་ལྡན་འདས་དཔལ་ཀུ་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོ་ཡིས། །བརྡ་ཡིས་གཙོ་ལ་གསོལ་གཏབ་པ། །གཙོ་བོས་བརྡ་དོན་བཀའ་སྩལ་པ། །བརྡ་བསྐུལ་རྡོ་རྗེ་དྲག་པོ་ཆེ། །འཁྲུལ་འཁོར་སྤུ་གྲི་འདྲ་བ་ཡང་། །དུས་ལ་མ་བབ་ཟླ་མི་བྱ། །དུས་ལ་བབ་ནས་བསྐོར་བ་ནི། །དགྲ་ཡི་མེ་ལོང་གཟེར་བཀོད་པ། །ཡན་ལག་བཅུ་དྲུག་སྦྱར་བ་ནི། །དང་པོ་སྐུ་དང་ཆུ་མཆོད་རྟེན། །རྟགས་ལ་རབ་ཏུ་ཕེབས་པར་བྱ། །དེ་བཞིན་བཅུ་དྲུག་རྫོགས་པ་དང་། །དབྱངས་དང་ལྡོག་ཏུ་མེད་པ་དང་། །སྲོག་དང་ཀ་བ་མཚོན་ཆ་དང་། །གདུང་དང་ཡང་སྙིང་ཕོ་མོ་གཉིས། །སྐྱེས་བུ་ཁ་གནོན་འཁོར་ལོ་དང་། །དེ་ཡི་ལས་སྔགས་གྲུབ་བྱ་དང་། །བསྒྲུབ་པ་ལས་ཀྱི་གོང་སྦྱོར་བ། །ཀ་བ་བྲེལ་བྱེད་དྷི་སྟི་གཉིས། །སྐོར་བྱེད་ལྡན་པས་ལས་རྣམས་འགྲུབ། །ཨ་མུ་ཀ༷་ཤན་ཏི་ཀུ་རུ་གྲྭ་ཧྭ། །ཞི་བའོ། །ཨ་མུ་རྐ་བྲེརྨྱེ༷་ཀུ་ཏུ་གྲྭ་ཧྭ། ཨོ་རྒྱས་པའོ། །ཨ་མུ་ཀ༷་པ་ཤང་ཀུ་རུ་ཧོ་ཛ། དབང་ངོ་། །ཨ་མ་ཀ༷་མུ་ར་ཡ་ཕཊ། །དྲག་པོའོ། །ཨ་མུ་ཀ༷་ཨུ་ཀར་ཤ་ཡ་ཛ། དགུག་པའོ། །ཨ་མུ་རྐ་རྟ་པ་ཡ་ནན་ཧཱུཾ༷་ཕཊ། གནན་པའོ། །ཨ་མུ་རྐ་ཨ་ཏ་ཛ་ཡ་ཕཊ། བསྐྲད་པའོ། །ཨ་མུ་ཀ༷་རོ་ཙ་ན་ཧཱུཾ༷་ཕཊ། །བསྐྲད་པའོ། །ཨ་མུ་ཀ༷་སྟེ་ཡ་མོ་ཧ་ཡ་ཧཱུཾ༷་ཕཊ། དབྱི་བའོ། །ཨ་མུ་ཀ༷་ཏྲི་ཤུ་ལ་ཧཱུཾ༷་ཕཊ། །སྨྱོ་འབྲོས་ཀྱིའོ། །བཞི་སྙིང་སུམ་ཅུ་རྩ་གཉིས་དང་། །ཡང་སྙིང་ཕོ་མོ་བཅོ་བརྒྱད་དང་། །པྲ་མ་ལས་བཞི་ཛ་ཡར་བཅས། །ནུབ་མོ་དྲལ་ཞེས་བརྗོད་པ་ཡིན། །དེ་ཡིས་འཁོར་ལོ་རྫོགས་པར་འདོད། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལོང་རྣམ་པར་བཀོད་པ་གཟེར་གྱི་རྒྱུད་ལས། དགྲའི་འཁོར་ལོ་གཟེར་གྱི་ལེའུ་སྟེ་དང་པོའོ།། །།ཁྲོ་བོ་མེ་ལོང་གཟེར་བཀོད་པ། །ཡན་ལག་བཅུ་དྲུག་སྔོན་སོང་བའི། །སྦྱི་དང་སྒོ་གཉིས་གང་བསྐོར་བ། །སྔགས་ཀྱི་སྦྱོར་བ་འདིས་ཤེས་བྱ། །ཨོ་ནི་ཀུན་གྱི་མགོར་བཞག་བྱ། །ཧཱུཾ༷་ཧ་ཧེ་དང་ཕཊ་དང་སྨྱོ། །དེ་ཡི་འོག་མ་རིགས་སྙིང་ལྔ། །ཧ་ཧེ་ཕཊ་སྦྱོ་ལས་དང་བཅས། །བསྒྲུབ་བྱའི་མིང་ནི་གཞུག་པར་བྱ། །རིན་ཆེན་སྐྱེས་བུ་ལས་སྔགས་བདུན། །སྤྱི་ཡི་འཁོར་ལོ་བཤད་པ་ཡིན། །སྒོ་ཡི་འཁོར་ལོ་བསྐོར་བ་ནི། །རྩ་བ་ལྔ་འམ་དགུ་རུ་གསུངས། །ལས་ཚོགས་བཅུ་འམ་ལྔ་རུ་བསྟན། །དེ་ལས་སྔགས་མགོ་ཨོ་ཡིན་ཏེ། །ཧཱུཾ༷་དང་ཧ་ཧེ་ཕཊ་དང་སྨྱོ། །དེ་ཡི་རིགས་སྙིང་ལས་དང་བཅས། །གནས་ཡུལ་སྒོ་མ་དབང་ཕྱུག་བཅས། །རྩ་བ་ལས་དང་བཅས་པར་གཞུག །རིན་ཆེན་སྐྱེས་བུ་ལས་སྔགས་བདུན། །དེ་ལ་སུ་རྣམས་བཏགས་པས་འགྲུབ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལོང་རྣམ་པར་བཀོད་པ་གཟེར་གྱི་རྒྱུད་ལས། ཁྲོ་བོ་འཁོར་ལོ་གཟེར་གྱི་ལེའུ་སྟེ་གཉིས་པའོ།། །།པདྨ་མེ་ལོང་གཟེར་བཀོད་པ། །ཡན་ལག་བཅུ་དྲུག་སྔོན་སོང་བ། །ཨོ་དྷི་ཀུན་གྱི་མགོ་ཡིན་ཏེ། །ཡབ་ཡུམ་རྩ་བ་ཉི་ཤུ་ལྔ། །དེ་ལ་གདན་དང་ཡབ་ཡུམ་ལས། །ཕྱག་མཚན་སྔགས་དང་ལས་སྔགས་དང་། །གནན་སྔགས་འཁོར་དང་ལས་སྔགས་བཅས། །མཐའ་བསྡུས་ལས་དང་བཅས་པའོ། །སྭ་བཅས་གང་འདོད་འཁོར་ལོ་བསྐོར། །གདན་གྱི་གཙོ་བོས་ལས་དབྱེ་སྦྱར། །རྡོ་རྗེ་གཙུག་ལས་དྲག་པོ་ངན་སྔགས་མེ་ལོང་རྣར།་པར་བཀོད་པ་འཁོར་ལོ་གཟེར་གྱི་རྒྱུད་ལས། པདྨ་འཁོར་ལོ་གཟེར་གྱི་ལེའུ་སྟེ་གསུམ་པའོ།། །།ཕུར་པའི་མེ་ལོང་གཟེར་བཀོད་པ། །ཡན་ལག་བཅུ་དྲུག་སྔོན་སོང་བའི། །ཨོ་གནས་ཀུན་གྱི་མགོ་བོ་ཡིན། །ལས་རྣར།ས་བསྒྲུབ་པའི་ཁྲོ་བོའི་སྔགས། །ཡབ་སྔགས་ཡུམ་སྔགས་ལས་སྔགས་གསུམ། །བསྲུང་མའི་རྩ་བ་ལས་དང་བཅས། །བསྒྲུབ་བྱའི་མིང་དང་སྔགས་སུ་བཅས། །འཁོར་བ་རྩད་གཅོད་དགུ་པ་སྟེ། །རྒྱ་མཚོ་ལ་སྔགས་འདུས་པ་འི་ཚུལ། །དེ་ལ་སྦྱོར་ཤེས་སྭ་རྣམས་གདགས། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལོང་རྣམ་པར་བཀོད་པ་འཁོར་ལོ་གཟེར་གྱི་རྒྱུད་ལས། ཕུར་པ་འཁོར་ལོ་གཟེར་གྱི་ལེའུ་སྟེ་བཞི་པའོ།། །།གསང་གདགས་མེ་ལོང་གསུམ་བཀོད་པ། །ཡན་ལག་བཅུ་དྲུག་སྔོན་སོང་བའི། །ཨོ་ཧཱུཾ༷་གྱི་མགོ་ཡིན་ཏེ། །དེ་འོག་ལས་སྒྱུར་བཅུ་པ་ཡིན། །ཡང་སྙིང་རྩ་བ་ལས་དང་བཅས། །ལས་གོང་འཁོར་གྱི་རྩ་བ་ཡིན། །གཙོ་བོའི་ལས་ལ་འཁོར་ལས་གདགས། །ཐ་མ་བདུད་རྩི་དངོས་གྲུབ་སྔགས། །དམ་པ་རིགས་བརྒྱད་ཀུན་ལ་གཅེས། །དེ་ཡི་ཐམས་ཅད་གསལ་བར་འགྱུར། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལོང་རྣམ་པར་བཀོད་པ་འཁོར་ལོ་གཟེར་གྱི་རྒྱུད་ལས། སྟོབས་ཆེན་གཟེར་གྱི་ལེའུ་སྟེ་ལྔ་པའོ།། །།ཁྱུང་ཆེན་མེ་ལོང་གཟེར་བཀོད་པ། །ཡན་ལག་བཅུ་དྲུག་སྔོན་སོང་བའི། ཁྱུང་ཆེན་ཕོ་མོ་གཉིས་པོ་ལ། །ཨོ་གནས་ཀུན་གྱི་མགོ་བོ་ཡིན། །དེ་འོག་ལས་སྒྱུར་བཅུ་པ་ཡིན། །དེ་ལ་ཕོ་མོ་རྩ་བ་ལྔ། །རྩ་བའི་ལྔས་དང་ལྔ་ལས་གདགས། །འཁོར་གྱི་གཉིས་དང་ལས་བསྡུས་ནི། །འབྲུ་ལྔ་དག་ཏུ་ཤེས་པར་བྱ། །དེ་ལས་སྭ་རྣམས་གདགས་པར་བྱ། །ཨོ་བཛྲ་ག་རུ་ཌ་ཧ་པ་ཨོ་སྭ་ཁྲི། །མཐའ་སྡུད་ལས་ནི་གསང་སྔགས་གྲགས། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལོང་རྣམ་པར་བཀོད་པ་འཁོར་ལོ་གཟེར་གྱི་རྒྱུད་ལས། ཁྱུང་ཆེན་གཟེར་གྱི་ལེའུ་སྟེ་དྲུག་པའོ།། །།བུམ་པ་བཟང་ནི་ནོར་བུ་དང་། །དཔག་བསམ་ཤིང་འདྲ་རྒྱུད་ཆེན་འདི། །ཐུན་མོང་མ་ཡིན་དཔེ་དེ་བཞིན། །སྐལ་ལྡན་ཆོས་ལ་སྲོག་ལྟར་གཅེས། །དེ་ལྟར་བུ་ལ་བསྟན་པར་བྱ། །ཟས་ནོར་གྲགས་པའི་ཁར་མི་བཏང་། །ཆུ་སྒྱུར་ལྟ་བུའི་སེམས་ཅན་ལ། །ངོམས་གཙོངས་ལྟ་བས་ངན་སོང་ལྟུང་། །ཆུ་སྲིན་གྲེ་བར་ཆུད་བཞིན་སྡོམས། །སྣོད་ལྡན་ལས་ཀྱི་སྐལ་ཆེན་ལས། །ཡོངས་ལ་སྤྱིན་པ་ར་ངས་མ་གསུངས། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་འཁོར་ལོ་གཟེར་གྱི་རྒྱུད་ལས། རྒྱུད་རྫོགས་པར་གཏད་པའི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལོང་རྣམ་པར་བཀོད་པ་འཁོར་ལོ་གཟེར་གྱི་རྒྱུད་རྫོགས་སོ།། །།ཐི་རྒྱ། ནི་རྒྱ། སུ་རྒྱ། མན་ངག་དོན་འགྲོལ་གྱི་རྒྱུད་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་རད་ན་ལྷི་ཨི་ཀ་ཙཀྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་རིན་པོ་ཆེ་བརྩེགས་པ་འཁོར་ལོ་གཟེར་གྱི་རྒྱུད། །བཅོམ་ལྡན་འདས་དཔལ་ཀུན་