Ngb-pt-0688-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

གཅིག་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། སློབ་དཔོན་པདྨ་འབྱུང་གནས་ཀྱི་དོན་རྒྱུད་དུ་གསུངས་པ། རྡོ་རྗེ་རྩེ་མོའི་རྒྱུད་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་དང་། ལྷ་སྲས་ཁྲི་སྲོང་ལྡེ་བཙན་ལ་གསང་སྒོར་རྒྱས་བཏབ་པའོ།྅། སྐུ་རྒྱ། །གསུང་རྒྱ། ཐུགས་རྒྱ།། ་། །།ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་རྒྱུད། །བྲག་ཕུག་མ་ར་ཏི་གར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཚེའི་རིགས་འཛིན་བསྒྲུབས་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་གཟིགས་ནས། སློབ་དཔོན་གྱི་ཞུས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། སྐྱེས་བུ་འདུལ་བ། ཁམས་གསུམ་གྱི་སེམས་ཅན་འགྲོ་བ་རིས་དྲུག་གི་སྡུག་བསྔལ་སེལ་བ ཆོས་ཐམས་ཅད་ཀྱི་ཡང་རྩཀེ །ཐུགས་རྗེ་མ་ཧའི་དགོངས་པ། གནད་ཀྱི་གདམས་པ་མཚན་བསྟན་པའི་ལེའུ་སྟེ་དང་པོའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གསུངས་པ། ཨོ༷་མ་ཁི་པཏྲེ་ཧུ༷། ཞེས་པའི་ཡི་གེ་དྲུག་པ་འདི། ཨོ་ཆོས་ཉིད་ཡེ་ནས་གནས་ལུགས་མ་བཅོས་པའི་རང་བཞིན་བཞིའི་འཁོར་འདས་གཉིས་ཀྱི་གཞིར་གནས་པའོ། །མ་བསྐྱེད་པའི་གཞི་འམ། མར་གྱུར་པས་མ་རྟོག་པས་འཁོར་བར་བསྐྱེད་ནས། ཐོག་མ་མེད་པ་ནས་འཁྱམས་པའོ། །ཁི་ཡེ་ཤེས་རང་ལོག་པས་ཆོས་ཉིད་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པས་རང་ལ་ཡོད་པར་ཤེས་ནས་རྟོགས་གྲོལ་དུས་གཅིག་ཏུ་བྱུང་ནས། འཁོར་བ་སངས་རྒྱས་སུ་ལོག་པའོ། །པད་ནི་འཁོར་བའི་གདོས་ཐག་བཅད་ནས་འཁོར་བ་རང་གི་སེམས་འཁོར་བར་ཤེས་ནས།སེམས་སྟོང་པར་མཐོང་བས་འཁོར་བར་སྐྱེ་བའི་རྒྱུན་གཅད་པ་ཡིན་ནོ། མེ་ནི་འཁོར་བའི་བུད་ཤིང་བསྲེག་པའི་མེ་ཡིན་ཏེ། ཉོན་མོངས་དུག་ལྔ་འཁོར་བའི་རྒྱུ་དེ་ཡེ་ཤེས་གསལ་སྣང་གི་མེས་བསྲེགས་པས། དུག་ལྔ་དབྱིངས་སུ་རླག་གོ །ཧུ༷་ནི་ཐུགས་ཆོས་ཉིད་མི་འགྱུར་བ་ཡིན་ཏེ། སེམས་ཅན་གྱི་སེམས་དང་སངས་རྒྱ་ཀྱི་ཐུགས་དབྱེར་མེད་པ་ཡང་དག་པ་དབྱིངས་སྟོང་པ་ཆེན་པོ་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན་ནོ། །སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་རྗེ་མ་ཧྭ་ཡི་གེ་དྲུག་པའི་དོན་རྟོགས་པ་ཙམ་གྱི་སངས་རྒྱས་པ་ཡིན་ནོ། །ཞེས་གསུངས་སོ། །དོན་གྱི་གནས་ལུགས་ཀྱི་ལེའུ་སྟེ་གཉིས་པའོ།། །།སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཡང་་དག་པར་རྫོགས་པའི་སང་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ། ཐུགས་རྗེ་ཆེན་པོའི་ཐུགས་སེམས་ཅན་གྱི་སེམས་དབྱེར་མེད་ཀྱི་དོན་ཇི་ལྟར་ལགས། ཞེས་གསོལ་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བཀའ་བསྩལ་པ། །ཨོ་ཐུགས་རྗེ་ཆེན་པོ་ཐུག་རང་བྱུང་གི་ཡེ་ཤེས་ཆོས་ཉིད་བདེ་བ་ཆེན་པོ་དེ། གང་ལ་ཡང་གཟའ་གཏད་མེད་པའི་ངང་ལ་གནས་པས། བདག་གི་སེམས་ཀྱང་གང་ལ་ཡང་གཟའ་གཏད་མེད་པའི་ངང་ལསངང་གི་འཛིན་པ་མེད་པར་ས་ལེ་བ་དེ་ལ་དབྱེར་མེད་དུ་ངོ་་སྤྲད་རྡ་། །མ་ཐུགས་རྗེ་ཆེན་པོ་འི་ཐུགས་རང་བྱུང་གི་ཡེ་ཤེས་ཆོ་ས་ཉིད་བདེ་བ་ཆེན་པོ་་དེ། གང་ལ་ཡང་མི་དགོ་ངས་པའི་ངང་ལ་གནས་པས། བདག་གི་སེམས་ཅི་ལ་ཡང་མི་དགོ་ངས་པའི་ངང་ལ་ས་ལེ་འཛིན་པ་མེད་པ་དེ་ལ་དབྱེར་མེད་དུ་ངོ་་སྤྲད་དོ་། །ཁི་ཐུགས་རྗེ་ཆེན་པོ་་མ་ཧྭ་རང་བྱུང་ཡེ་ཤེས་ཆོ་ས་ཉིད་བདེ་བ་ཆེན་པོ་་དེ་གང་ལ་ཡང་འཛིན་པ་མེད་པའི་ངང་ལ་གནས་པས།བདག་གི་སེམས་ཀྱང་འཛིན་པ་མེད་པའི་ངང་ལ། ངང་གིས་ས་ལེ་འཛིན་པ་མེད་པར་གནས་པ་དེ་ལ་དབྱེར་མེད་དུ་ངོ་་སྤྲད་དོ་། །པད་ཐུགས་རྗེ་ཆེན་པོ་་རང་བྱུང་གི་ཡེ་ཤེས་ཆོ་ས་ཉིད་བདེ་བ་ཆེན་པོ་་དེ། གང་ལ་ཡང་འཛིན་པ་མེད་པའི་ངང་ལ་གནས་པས། །བདག་གི་སེམས་ཀྱང་ཅི་ལ་ཡང་གནས་པ་མེད་པའི་ངང་ལ། ངང་གིས་ས་ལེ་ཛིན་པ་མེད་པར་གནས་པ་དེ་ལ་ཐུགས་དང་སེམས་གཉིས་སུ་མེད་པར་ངོ་་སྤྲད་པའོ་། །མེ་ཐུགས་རྗེ་མ་ཧྭ་རང་བྱུང་གི་ཡེ་ཤེས་ཆོ་ས་ཉིད་བདེ་བ་ཆེན་པོ་་དེ་གར་ཡང་སེམས་པ་མེད་པའི་ངང་ལ་གནས་པས། བདག་གི་སེམས་ཡང་གར་ཡང་སེམས་པ་མེད་པའི་ངང་ལས་ས་ལེ་འཛིན་པ་མེད་པར་གནས་པ་དེ་ལ་ཐུགས་དང་སེམས་དབྱེར་མེད་དུ་ངོ་་སྤྲད་དོ། །ཧུ༷་ཐུགསརྗེམཧྭའིཐུགསརང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་་དེ། །ཅིར་ཡང་མི་རྟེ་ག་པའི་ངང་ལ་གནས་པས། བདག་གི་སེམས་ཀྱང་ཅིར་ཡང་མི་རྟོག་པའི་ངང་ལ་གནས་པས།ངང་གིས་ས་ལེ་འཛིན་པ་མེད་པར་གནས་པ་དེ་ལ་ཐུགས་དང་སེམས་དབྱེར་མེད་དུ་ངོ་སྤྲད་དོ། །དེ་ལ་གདམས་ངག་ཏུ་དྲིལ་ན། ཨོ་གཟའ་གཏད་མེད་པ། མ་ཅིར་ཡང་མི་དགོངས་པ། ཁི་གང་ཡང་འཛིན་པ་མེད་པ། པད་ཅིར་ཡང་གནས་པ་མེད་པ། མེ་གང་ཡང་སེམས་པ་མེད་པ། ཧུ༷་ཅིར་ཡང་མི་རྟོག་པ་དབྱེར་མེད་དྲུག་ཏུ་ངོ་སྤྲད་པས་ཐུགས་རྗེ་མ་ཧྭའི་ཐུགས་དང་། བདག་གི་སེམས་དབྱེར་མེད་པར་མཐོང་བ་ནི་ཡི་གེ་དྲུག་གིས་ངོ་སྤྲད་པའོ། །ངོ་སྤྲོད་ཀྱི་ལེའུ་སྟེ་གསུམ་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་མ་ཧྭའི་ཐུགས་དང་སེམས་ཅན་གྱི་སེམས་དབྱེར་མེད་དུ་ཇི་ལྟར་གནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་བཀའ་སྩལ་པ། ཨོ་ཐུགས་རྗེ་མ་ཧྭ་ཐུགས་ཀྱི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་རྒྱུན་ཆད་མེད་པ་དེ་ཅི་ལ་ཡང་དམིགས་པ་མེད་པར་གནས་པས། བདག་གི་སེམས་ཀྱང་ཅི་ལ་ཡང་དམིགས་པ་མེད་པར་བཞག་གོ །མ་ཐུགས་རྗེ་མ་ཧྭ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་རྒྱུན་ཆད་མེད་པ་དེ་གང་ལ་ཡང་གཡོ་བ་མེད་པར་གནས་པས། བདག་གི་སེམས་ཀྱང་གང་ལ་ཡང་གཡོ་བ་མེད་པར་བཞག་གོ །ཁི་ཐུགས་རྗེ་མ་ཧྭ་རང་གི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་རྒྱུན་ཆད་མེད་པ་དེ་གང་ལ་ཡང་ཞེན་པ་མེད་པར་གནས་པས། བདག་གི་སེམས་ཡང་གང་ལ་ཡང་ཞེན་པ་མེད་པར་བཞག་སྐུ་དུས་གསུམ་འགྱུ་བ་མེད་པ་དེ། རང་བྱུང་ཆོས་སྐུ་ཡེ་ནས་བཅོས་པ་མེད་པར་གནས་པས་བདག་གི་སེམས་ཀྱང་བཅོས་པ་མེད་པར་གྲུབ་པའོ། །ཁི་ཐུགས་རྗེ་ཆེན་པོ་ཆོས་ཀྱི་སྐུ་དུས་གསུམ་འགྱུར་བ་མེད་པ་དེ་རང་བྱུང་ཆོས་སྐུར་ཡེ་ནས་བཅོས་པ་མེད་པར་གནས་པས། རང་གི་སེམས་ཀྱང་ཆོས་སྐུར་མ་བྱས་ཡེ་ནས་གནས་པའོ། །པད་ཐུགས་རྗེ་མ་ཧྭ་ཆོས་ཀྱི་སྐུར་མ་བསྒྲུབས་པར་ཡེ་ནས་གནས་པས། རང་གི་སེམས་ཀྱང་མ་བསྒྲུབས་པར་ཆོས་སྐུར་གནས་པའོ། །མེ་ཐུགས་རྗེ་མ་ཧྭར་ཆོས་ཀྱི༷་སྐུར་ལྷུན་གྱི་གྲུབ་པའི་ཆོས་སྐུར་ཡེ་ནས་གནས་སོ། །ཧུ༷་ཐུགས་རྗེ་མ་ཧྭ་ཆོས་ཀྱི་སྐུ་དུས་གསུམ་འགྱུར་བ་མེད་པ་དེ་རང་བྱུང་ཆོས་སྐུ་རུ་གདོད་ནས་དག་པ་ཆོས་ཀྱི་སྐུ་རུ་གནས་སོ། །དེ་ཡང་གདམས་ངག་ཏུ་དྲིལ་ན། ཨོ་བྱ་བཙལ་མེད་པ་བཅོས་པ་མེད་པ། པད་མ་བསྒྲུབས་པ། མེ་ལྷུན་གྱི་གྲུབ་པ། ཧུ༷་གདོད་ནས་དག་པ། ཆོས་སྐུ་རྒྱུན་ཆད་མེད་པ་དྲུག་ཏུ་གནས་པ་ནི། ཐུགས་རྗེ་མ་ཧྭ་ཡི་གེ་གནས་ཀྱི་འབྲུ་དྲུག་གོ །འབྲས་བུའི་ལེའུ་སྟེ་ལྔ་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱི་ཞུས་པ། ཐུགས་རྗེ་ཆེན་པོའི་ཉེ་བའི་སྙིང་པོ་ཡི་གེ་དྲུག་ཏུ་བསྒྲུབ་པའི་གནས་དང་སྔོན་དུ་འགྲོ་བ་དགོས་སམ་མི་དགོས། སངས་རྒྱས་ཀྱིས་གསུངས་པ། རང་སེམས་ཆོས་སྐུ་འགྱུར་བ་མེད་པར་ཡེ་ནས་གནས་པས་བསྒྲུབ་པའི་གནས་བཙལ་མི་དགོས་པར་འདུག་ན། སེམས་དབེན་རྣམ་རྟོག་སེམས་ཉིད་ཀྱི་རོལ་པར་ཤར་བས། ཕྱི་ནང་གསང་བ་གསུམ་གྱི་བགེགས་བཅོམ་པས་མཚམས་བཅད་མི་དགོས། །སྟོང་གསུམ་སངས་རྒྱས་ཀྱི་ཞིང་ཆོས་ཉིད་རང་གསལ་ལ་སྒྲིབ་པ་དང་བག་ཆགས་ཀྱིས་མི་གོས་པས་སྒྲིབ་པ་སྦྱང་མི་དགོས། ཀ་དག་ནང་དུ་སྦྱངས་ཆོས་ཉིད་རང་བྱུང་གི་རོལ་པ་མ་འགགས་ཅིར་ཡང་འཆར་ཞིང་རྫོགས་པས་ཚོགས་བསགས་མི་དགོས། ཚོགས་གཉིས་ཤུགས་ལ་རྫོགས། བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ཡི་གེ་འབྲུ་དྲུག་ཏུ་ཤར། རྣམ་རྟོག་སྒྲིབ་པ་ཐམས་ཅད་རང་དག་རང་སངས་སུ། བྱང་ཆུབ་སེམས་སེམས་རྟོག་གདེང་གིས་ཟིན་ནས་ད་གདོད་བསྒྲུབ་མི་དགོས་པས་སྔོན་དུ་འགྲོ་བ་བྱ་མི་དགོས་པར་ལ་རྦད་ཀྱི་བཅད་དོ། །སྔོན་འགྲོ་མི་དགོས་པས་དགོངས་པས་བཅད་པའི་ལེའུ་སྟེ་དྲུག་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་མ་ཧེའི་སྙིང་པོ་ཡི་གེ་དྲུག་པ་འདི་བསྒོམ་པ་ལ་ལུས་དང་སྤྱོད་ལམ་བཅོས་དགོས་སམ་མི་དགོས། སངས་རྒྱས་ཀྱིས་གསུངས་པ། ལུས་ཐུགས་རྗེ་ཆེན་པོ་ཆོས་ཀྱི་སྐུར་ཡེ་ནས་མ་བཅོས་པར་རང་ལུགས་སུ་བཞུགས་པས་སྐྱིལ་ཀྲུང་ཙོག་པུ་ལ་སོགས་པར་བཅོས་མི་དགོས། ངག་གསུང་རང་བྱུང་གི་ཡི་གེ་དྲུག་པ་གྲག་སྟོང་ངོ་བོ་སྟོང་པས་གླུ་དང་དབྱངས་ལ་སོགས་པས་བཅོས་མི་དགོས། སེམས་སྟོང་གསལ་སྒྲིབ་གཡོགས་མེད་པར་གནས་པས། སེམས་མཉམ་གཞག་དང་རྗེས་ཐོབ་ཏུ་བཅོས་མི་དགོས། སྤྱོད་ལམ་ཐམས་ཅད་མ་བཅོས་ལྷུག་པའི་ངང་ལ་སྤྱོད་པས། ལུས་ཀྱི་བྱ་བ་བསླབས་ནས་བྱ་མི་དགོས། ལུས་ངག་ཡིད་གསུམ་ཐ་མལ་ཤེས་པར་མ་སོང་བའི་དྲན་པའི་རྩིས་ཟིན་པས། ཆེད་ཆེར་རྩོལ་བ་བྱ་མི་དགོས། བཅོས་པ་ཐམས་ཅད་འཇིགས་པ་ཡིན་པས། སྤྱོད་ལམ་གང་ཡང་བཅོས་པ་བྱ་མི་དགོས་པར་ཐག་རྦད་ཀྱིས་གཅོད་དོ། །སྤྱོ་ལམ་བཅོས་མི་དགོས་པས་དགོངས་པའི་ལེའུ་སྟེ་བདུན་པའོ།། །།སངས་རྒྱས་སྣང་བ་མཐའ་་༥ས་ལ། ཡང་སྤྲུལ་པདྨ་འབྱུང་ནས་ཀྱི་ཞུས་པ། ཐུགས་རྗེ་ཆེན་པོ་་ཡིགེ་དྲུག་པ་བསྒོམ་པ་ལ་ཉམས་སུ་བླང་རྒྱུ་ཡོད་དམ་མེད། སངས་རྒྱས་ཀྱིས་གསུངས་པ། ཐུགས་རྗེ་ཆེན་པོའི་དགོངས་པ་ཆོས་ཉིད་ཀྱི་དོན་བསྒོམ་པ་ལ་སྒོམ་དུ་མེད་དེ། ཐུགས་རྗེ་ཆེན་པོའི་དགོངས་པ་ལ་ཆོས་ཉིད་སྐྱེ་བ་མེད་པ་ལམ་སྟོང་པ་སྤྲོས་བྲལ་ཅིག་ལ་སྒོམ་བྱེད་རང་གི་བློ་ལ་སྐྱེ་བ་ཅན་གཅིག་གཏད་ནས་བསྒོམ་པ་མེན། བསྒོམ་པའི་ཡུལ་ཆོས་ཉིད་སྐྱེ་བ་མེད་པ་ཡང་། རང་གི་སེམས་ཉིད་སྐྱེ་བ་མེད་པ་ལ་རང་གི་སེམས་ཉིད་དུ་ཤར། རང་གི་སེམས་དེ་བསྒོམ་བྱའི་ཡུལ་ཐུགས་རྗེ་ཆེན་པོའི་དགོང་པ་ཕྱིར་མ་སོང་། སྒོམ་བྱེད་ཀྱི་མཁན་པོ་རང་གིས་བྱས་ནས་ནང་དུ་མ་སོང་། བསྒོམ་ཐུགས་རྗེ་ཆེན་པོའ་དགོངས་པ་དར་ཅིག །སྒོམ་བྱེད་བདག་གཉིས་གཉིས་སུ་མེད་པར་ཡུལ་སེམས་གཉིས་བློས་གཅིག་ཏུ་བསྲེས་ནས་སེམས་ཆོས་ཉིད་མ་བཅོས་པར་རང་ལུགས་སུ་གནས་པ་དེ་ལ། སྒོམ་མེད་ཀྱི་ཐུགས་རྗེ་ཆེན་པོ་ཡེ་ཤེས་ངང་སྒོམ་ཞེས་བྱའོ། །དུས་རྟག་ཏུ་དེ་དང་མི་འབྲལ་ན་ཐུགས་རྗེ་ཆེན་པོའི་ཡེ་ཤེས་དང་ཆོས་ཉིད་འདྲེས་པ་ཡིན་ནོ། །ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་པ། ཨོ་མ་ཁི་པཏྲེ་ཧཱུཾ། ཞེས་པ་འདི་ལས་ཡེངས་སུ་མེད་དོ། །རྡོ་རྗེའི་སྙིང་པོ་འབྲུ་དྲུག་པ་ཞེས་བྱ་སྟེ། རང་བྱུང་དུ་བགྲངས་པས་ཐུགས་རྗེ་ཆེན་པོའི་ཐུགས་ཡེ་ཤེས་རང་གསལ་དུ་འཆར་བར་བྱེད་པ་ཡིན་ནོ། །དེ་ལྟར་བློས་བཅོས་ནས་སྒོམ་མི་དགོས་པར་ཐག་རྦད་ཀྱིས་བཅད་དོ། །སྒོམ་མེད་རང་བྱུང་གི་ཡེ་ཤེས་བསྒོམ་པའི་ལེའུ་སྟེ་བརྒྱད་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱིས་ཞུས་པ། ཐུགས་རྗེ་ཆེན་པོའི་དོན་སྒོམ་པ་ལ་གོལ་ས་དང་ནོར་ས་ཡོད་དམ་མེད་ཞུས་པས། སངས་རྒྱས་ཀྱིས་གསུངས་པ། ཞི་གནས་ཀྱི་བསྒོམ་སེམས་ཉིད་གསལ་ངོ་མ་ཤེས་སྒོམ་པའི་དུས་སུ་རྣམ་པར་རྟོག་པ་ཞི་ནས་མི་རྟོག་པའི་ངང་ལ་གནས་པ་དེ། བསམ་གཏན་གྱི་ལྷར་སྐྱེའོ། །ཆོས་ཐམས་ཅད་ནམ་མཁའ་ལྟར་བློའི་ཡུལ་དུ་གོམས་ཏེ།སེམས་ནམ་མཁའ་ལྟར་སྟོང་པ་གཅིག་བློའི་ཡུལ་དུ་བསྒོམས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ། ཆོས་ཐམས་ཅད་སེམས་སུ་གོ །སེམས་དེ་བློའི་ཡུལ་དུ་ཅིར་ཡང་མ་གྲུབ་པ་ཅིག་ཏུ་བསྒོམས་པས། ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ། །ཆོས་ཐམས་ཅད་ཡོད་པའི་གསལ་བ་ཅིག་ཏུ་མི་འདུག །མེད་པའི་མ་གསལ་བ་ཅིག་ཏུ་མི་འདུག །བློའི་ཡུལ་དུ་ཡོད་མེད་གཉིས་སུ་མེད་པ་བྱས་ནས་བསྒོམ་པས། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་གོལ། ཆོས་ཐམས་ཅད་སེམས་སུ་གོ་བས། ཆོས་དེ་བློའི་ཡུལ་དུ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པའི་སྟོང་པ་གཅིག་ཏུ་བསྒོམས་པས། རྣམ་ཤེས་མཐའ་ཡས་སྐྱེ་ཆེད་དུ་གོལ། དེ་ལྟར་གོལ་བ་དེ་ཡང་གཟུགས་མེད་སྐྱེ་མཆེད་མུ་བཞི་བྱ་བ་བསྐལ་པ་མང་པོ་ཐུབ་ཅིང་ཏིང་ངེ་འཛིན་གྱི་སྟོབས་བསྟན་པས་བདེ་བ་ལ་གནས་པ་ཡོད་དེ། ལན་ཅིག་ཚེ་ཟད་ནས་མ་ལྟུང་ངོ་། །ཐུགས་རྗེ་ཆེན་པོ་དགོངས་པ། ཞི་གནས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་ཐམས་ཅད་དག་ནས་ཆོས་ཉིད་རང་གསལ་གྱི་དོན་ལ་ལྷན་ནེ་གནས། ལྷག་མཐོང་གི་སྟོབས་ཀྱིས་རྣམ་པར་རྟོག་པ་དང་། ཉོན་མོང་པ་ལ་སོགས་ཅི་དང་ཅི་སྐྱེས་ཀྱང་། དེ་རང་ངོ་བོ་སྟོང་པ་ཡུལ་མེད་དུ་གསལ། སྣང་བའི་མ་ལྟུང་། སེམས་ལ་ངོས་གཟུང་མེད་པས་ངང་གིས་སྟོང་པར་འདུག་པ་དེ། །སྟོང་པའི་མཐར་མ་ལྷུང་བ་སྟེ། ཅིར་ཡང་མ་གྲུབ་པ་ངོ་བོ་སྟོང་པ་ལ་ཅིར་ཡང་འཆར་འདུག །སྟོང་པ་དང་ཆར་བ་གཉིས་ཐ་མི་དད་པས། ངོ་བོ་ཆོས་ཉིད་དང་སེམས་ཉིད་དབྱེར་མེད་དུ་འདུག་པ། དེ་སངས་རྒྱས་ཀྱི་དགོངས་པ་གོལ་ས་མེད་པར་ཐག་རྦད་ཀྱིས་གཅོད་དོ། ཞེས་གསུངས་སོ། །གོལ་ས་གཅོད་པའི་ལེའུ་སྟེ་དགུ་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། ཡང་སྤྲུལ་པདྨ་འབྱུང་གནས་ལ་དངོས་སུ་ཞལ་བསྟན་ནས་བཀའ་ལུང་དུ་གསུངས་པ། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་