Ngb-pt-0386-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཤི་ནཱ་ཐུ་ཀྭ་ལ་ཨ་སྟི་སྨུ་ས་ན་ལ་སྙི་ཏ་ཡུ་དྷ་ཙཀྲ་ནཱ་མ་ཏནྟྲ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་འགྲོ་བ་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དེ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱིས་དབྱིངས་ཀྱི་མཐའ་ཀླས་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བྱེ་བྲག་དུ་མ་ན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་ཡུལ་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་དག་པ་དང་། རྒྱལ་པོ་ལྔ་ལྟར་རྫོགས་ལོངས་སྤྱོད་པ་དང་། ཐུབ་པའི་དབང་པོ་ལྟ་བུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་དྲུང་ན་རང་རང་དང་མཐུན་པའི་སྐུ་དང་། མཚན་གྱིས་བྱེ་བྲག་དུ་མ་སྟོན་ཅིང་འཁོད་དེ། སྐུའི་བྱེ་བྲག་དེ་འདྲ་བ་རེ་རེའི་འཁོར་ན་ཡང་འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་དང་། །དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་བྱེ་བྲག་གྲངས་བརྗོད་ཀྱིས་མི་ལང་བས་བསྐོར་ནས་བཞུགས་སོ། །དེ་དང་དེ་ཉིད་འབྱུང་བའི་དུས་ཀུན་ཏུ། རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ན་ཆོས་སྟོན་ཏོ། །དེ་ཡང་གང་ཞེ་ན། སེམས་ཀྱི་རང་བཞིན་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད་དོ། །སྤྲུལ་པའི་སྐུ་དེ་དག་འདས་ནས་ཀྱང་འབྱུང་བའི་དུས་དེའི་འཁོར་གྱིས་རྟོག་པ་སེལ་ཞིང་གསང་སྔགས་སྟོན་ཏོ། །དེའི་དུས་ན་ཐུབ་ཆེན་པོ་དེ་ཉིད་དགོངས་པ་གསུམ་གྱི་ཕྱིར་མྱ་ངན་ལས་འདའ་བའི་ཚུལ་སྟོན་ཏོ། །དེའི་དུས་ན་རྫུ་འཕྲུལ་ཅན་བཀའ་འགྲོ་བ་མཛད་ནས་འཁོར་བསྡུས་པས། གང་ནང་དུ་ཡང་དག་པར་འཇོག་པ་ལྔ་མ་གཏོགས་པ་འདུས་ནས་རང་རང་གི་ཐེ་ཚོམ་བཅད་དོ། །འཁོར་འདུས་པའི་ནང་ནས་རིག་འཛིན་རྒྱལ་པོ་ཉིད་ཀྱིས་གསང་བ་དམ་པའི་བསྟན་པ་རྒྱས་པར་ནམ་བྱུང་། སངས་རྒྱས་ཉིད་ཀྱིས་གསང་སྔགས་མི་སྟོན་ནམ་ཞུས་པས།གསང་སྔགས་དུས་བཅུ་གཉིས་ཀྱི་དུས་སུ་བྱུང་། འབྱུང་བ་འབྱུང་བར་འགྱུར་རོ། །དེ་ལྟར་ངས་ཚོགས་སུ་རྒྱས་པར་མ་བྱས་ཀྱང་། དམ་པའི་རིགས་རྟོགས་པ་གསུམ་ལྡན་ལ་སོགས་ཀུན་ལ་རྒྱས་པར་བཤད་པས་ང་མྱ་ངན་ལས་འདས་ནས་ལོ་བརྒྱད་དང་བཅུ་གཉིས་ཀྱི་དུས་སུ་འབྱུང་ཞེས་ལུང་བསྟན་ནས་འདས་སོ། །འོ་ག་པའི་བདུད་རྣམས་ནི་ཀྱལ་ཀའི་ཚིག་སྒྲོགས་པར་འགྱུར་ལ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཕལ་ཆེ་བ་མྱ་ངན་གྱིས་གདུངས་ཤིང་ཀྱི་ཧུད་ཀྱི་ཧུད་དུ་ཆོ་ངེས་འདེབས་སོ། །རང་གི་དོན་ལ་སེམས་དཔའ་རྣམས་ནི་འདའ་བ་མེད་པའི་དོན་ཆུད་དེ་གནས་སོ། །དེ་ནས་དེའི་དུས་ལ་བབ་པའི་ཚེ་དམ་པའི་རིགས་ཅན་ལྔ་ནི་འདི་ལྟ་སྟེ། བློ་གྲོས་ཐབས་དང་ལྡན་པ་དང་། ཟབ་པ་དང་། དྲི་མ་མེད་པ། མཐའ་ཡས་པ། བློ་གྲོས་གསལ་བ། རང་གི་མངོན་པར་ཤེས་པས་མཁྱེན་ཏེ། རྫུ་འཕྲུལ་གྱིས་ལྷོ་ཕྱོགས་ཀྱི་གླིང་ཏན་ཏྲོརེ་ཚལ་དྲག་ཤུལ་ཅན་གྱི་རི་ལ་ཚོགས་ཏེ། །སྟོན་པ་འདས་པ་དང་། གསང་སྔགས་ཀྱི་ཐེག་པ་མ་བྱུང་བ་ལ། གདུང་བ་དང་བཅས་ཏེ་སྨྲེ་སྔགས་ཆེར་བསྒྲགས་པས། བདེབརགཤེགསཔཐམས་ཅད་ཀྱིས་གསན་ནས། གསང་བའི་བདག་པོ་ལ། རིན་པོ་ཆེའི་འཁོར་ལོ་རྩིབས་དང་ལྡན་པའི་དབང་བསྐུར་ནས་གསང་སྔགས་རྡོ་རྗེ་ཐེག་པ་ཤོད་ཅིག་པར་བཀའ་བསྒོའོ། །དེ་ནས་གསང་བའི་བདག་པོས་ཞལ་གྱིས་བཞེས་ཏེ། ཐུགས་རྗེའི་རྫུ་འཕྲུལ་གྱི་རང་བཞིན་གྱི་སྐུར་མཛད་ནས། རི་མ་ལ་ཡའི་རྩེར་བྱོན་ནོ། །དེར་དམ་པའི་རིགས་ཅན་ལྔ་པོ་འདི་ཅི་ཡིན་སྙམ་སྟེ་ཐེ་ཚོམ་དུ་གྱུར་ནས་དྲིས་པ། ཨེ་མ་ཧོ། །ངོ་མཚར་ཆེའོ། །སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག་ཡིན། གང་ནས་བྱོན། གདུང་རུས་ཕ་མ་ཅི་ཡིན་གང་ལ་བརྟེན། དོན་ཅི་ལ་བྱོན་ཞེས་དྲིས་པས། །གསང་བའི་བདག་པོས་བཀའ་སྩལ་པ། །ང་ནི་ཅིས་ཀྱང་མི་བསྐྱེད་དེ། །འགྱུར་མེད་མེད་རྡོ་རྗེ་སེམས་དཔའ་ལས། །ཡེ་ཤེས་ཐུགས་རྗེས་འགྲོ་དོན་ལ། །བྱོན་པས་གསང་བདག་ཕྱག་རྡོར་ཡིན། །སྲིད་གསུམ་འགྲོ་བའི་གཉེན་གཅིག་ཡིན། །སྟོང་པ་ཆེན་པོའི་དབྱིངས་ནས་འོངས། །ཕ་ནི་སྣ་ཚོགས་མ་འགགས་ཐབས། །མ་ནི་ཤེས་རབ་བརྗོད་དང་བྲལ། །རྡོ་རྗེ་རིགས་ཆེན་ང་ཡི་རུས། །བཤེས་གཉེན་ཕྱོགས་བརྩི་སངས་རྒྱས་ཀྱིས། །དབང་བསྐུར་འགྲོ་བའི་ཚིག་ལ་བརྟེན། །ཁྱེད་ཀྱི་ཐེ་ཚོམ་སེལ་དུ་འོངས། །འགྲོ་བ་སྨག་རུམ་འ་ས་པ་ལ། །ཡེ་ཤེས་སྒྲོན་མེ་སྦོར་དུ་འོངས། །འཁོར་བའི་རྒྱ་མཚོར་བྱིང་བ་ལ། །ཐབས་ཀྱི་གྲུ་གཟིངས་བྱེད་དུ་འོང་། །མ་རིགལིངཏོགལྡོངསཔལ། །ཡེ་ཤེས་ཐུར་མས་བྱེད་དུ་འོངས། །ལམ་སྟོར་རྫོབ་ཏུ་འབྱམས་པ་ལ། །མ་ནོར་ལམ་ན་འདྲེན་དུ་འོངས། །མ་རྟོགས་དོན་གྱིས་་་་་་་དབུལ་བ་ལ། །རང་གཏེར་ཡིད་བཞིན་འདོན་དུ་འོངས། །རྟོག་པའི་གཟུང་འཛིན་སྒོ་ལྕགས་ལ། །འཕྲུལ་གྱི་ལྡེ་མིག་འགྲོལ་དུ་འོངས། །སྟོན་པ་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །འབྱུང་འཇིག་དར་ནུབ་ཐུགས་རྗེ་ཡིན། །ཞེས་གསུངས་སོ། །དམ་པའི་རིགས་ཅན་ལྔ་པོས་དང་བའི་སེམས་ཀྱིས་ཕྱག་འཚལ་ནས་བསྟོད་དོ། །ཨེ་མ་བཅོམ་ལྡན་གསང་བའི་བདག །བཀའ་ཡི་འགྲེལ་ཆེན་གསང་བའི་མདོ། །ཆོས་ཀྱི་མེ་ལོང་བདུད་ཀྱི་དག །སྨན་པའི་རྒྱལ་པོ་ཡིད་བཞིན་ནོར། །སངས་རྒྱས་ཀུན་དངོས་ཁྱོད་ཕྱག་འཚོལ། ཞེས་ཕྱག་འཚལ་ལོ། །དེའི་དུས་སུ་མི་མཇེད་འཇིག་རྟེན་འདིར། །མངོན་སུམ་མཚན་མའི་ལྟས་སྣ་ཚོགས་དང་། འཕོ་འགྱུར་དང་ཆོ་འབྲུལ་ལ་སོགས་དུ་མ་ཡང་བྱུང་ངོ་། །དེའི་དུས་སུ་གསང་སྔགས་ཀྱི་རིགས་ཅན་ལྷའི་ཚོགས་དང་། དྲང་སྲོང་དང་། གཤིན་རྗེ་དང་། བདུད་དང་། གནོད་སྦྱིན་དང་། དཔལ་མགོན་པོ་ནག་པོ་ལ་སོགས་པ་མ་མོའི་ཚོགས་དང་། ལྷ་མ་སྲིན་སྡེ་བརྒྱད་ཀུན་འདུས་ཏེ། རང་རང་གི་སྲོག་སྙིང་ཕུལ་ནས་བྲན་དུ་ཁས་བླངས་ཤིང་བསྟན་པ་བསྲུང་བར་དམ་བཅས་སོ། །དཔལ་མགོན་པོ་ནག་པོ་དུརཁྲོདམངོན པརརོལཔ མཚོན ཆའཁོརལོའི་རྒྱུད་ལས། གླེང་གཞི་སྔོན་གྱི་གཏམ་རྒྱུད་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་འཁོར་དེའི་ནང་ནས་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་ཞེས་བྱ་བ། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་བྱས་པ། ཐུབ་པའི་དབང་པོ་ལས་གསང་སྔགས་ཀྱི་ངེས་པ་རྙེད་པ་དེས། ཆེད་དུ་རང་གི་སྟན་ལས་ལངས་ནས། ཨེ་མ་ཐུགས་རྗེའི་མངའ་བདག་མཆོག །སངས་རྒྱས་ཁྲོས་པའི་སྐུ་མཆོག་དཔལ། །ཉིད་ཀྱི་བཀའ་ཡི་ལས་མཁན་མཆོག །སྨྱོན་པ་ནག་པོ་ག་་བག་ཅན། །བདེ་མཐོང་ཐར་པའི་ལམ་རྙེད་ཀྱང་། །སེམས་བསྐྱེད་དབང་གིས་གཞན་དོན་དུ། །བཟང་པོ་དུས་ཚོགས་སྲུན་པ་དེའི། །ལྟ་སྤྱོད་དཀྱིལ་འཁོར་རྣམ་གྲངས་དང་། །དབངདང་དམ་ཚིག་སྒྲུབ་ཐབས་དང་། །དེ་ཡི་རྫས་དང་སྙིང་པོ་རྟགས། །ལས་ལ་བསྐུལ་དར་མཐའ་སྡུད་དང་། །ཕྲིན་ལས་བྱེ་བྲག་འབྲས་བུ་དང་། ཁུ་རྐྱེན་གཏན་ལ་དབབ་པ་རྣམས། །འདུས་པའི་འཁོར་དང་ཕྱི་རབས་ཀྱི། །དོན་དུ་བདག་ལ་བསྟན་པར་མཛོད། །ཅེས་ཞུས་པས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་ཀྱི་བཞེས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་མཛད་དེ་ཆེད་དུ་བརྗོད་དོ། །སྨྱོན་པ་ནག་པོ་གདུབ་རྩུབ་ཅན། །སངས་རྒྱས་སྟོང་གིས་བྱིན་བརླབས་པས། །བ་་ཏེ་སྒྲིབ་སྦྱངས་ཐར་ལམ་བསྟན། །ཕྲིན་ལས་རྫོགས་པར་ལུང་བསྟན་ནས། །རང་དམ་སེམས་བསྐྱེད་བྱ་བའི་ཕྱིར། །བསྐལ་བཟང་རྫོགས་པ་བསྟན་པ་བསྲུང་། །དེ་ཉིད་ལྟ་བ་སྤྱོད་པ་གཉིས། །དཀྱིལ་འཁོར་དག་ནི་བདུན་དུ་ངེས། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། །ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་དང་བསོད་ནམས་ཚོགས། །བཀའ་སྡོད་ཕོ་ཉ་དྲག་པོ་ལས། །གཏད་ཁྲམ་གནན་པའི་དཀྱིལ་འཁོར་རོ། །དབང་བསྐུར་བ་དང་དམ་ཚིག་བཅུ་གསུམ་དང་། །མཆོད་རྟེན་རྐང་དང་དྲག་ཐུན་རྫས། །བསྙེན་བསྒྲུབ་ལས་སྦྱོར་སྔགས་རྣམས་དང་། །རྟགས་དང་བསྐུལ་བའི་བྱེ་བྲག་གསུམ། །སྒྲུབ་པའི་ཐབས་ལ་གསུམ་དུ་ངེས། །དཔའ་བོ་གྱིང་དུ་སྒྲུབ་པ་དང་། །རྩ་བ་བདུད་ལྟར་སྒྲུབ་པ་དང་། །དྲག་པོ་གཤིན་རྗེ་ལྟར་སྒྲུབ་པའོ། །ལྷ་ནི་ཤེས་པ་ཧེ་རུ་ཀ །གཉེན་པོ་ངའམ་བྱེ་བྲག་གསུམ། །སྒྲུབ་པའི་ཐབས་ལ་གསུམ་དུ་ངེས། །དཔའ་བོ་རྟ་མགྲིན་དབང་གི་འདུལ། །བདུད་འདུལ་རྡོ་རྗེ་སྲིན་པོའོ། །དྲག་པོ་འཇམ་དཔལ་གཤིན་རྗེ་གཤེད། །ལས་རིམ་ཞི་རྒྱས་ཕན་གདགས་དང་། །དབང་དུ་བསྡུ་དང་དབབ་བསད་དང་། །བསྲེག་དང་གནན་པོ་ཟོར་གྱིས་རྫོགས། །དེ་ཡི་རྒྱུ་དང་རྐྱེན་ལ་དབང་། །བ་་ལུགས་བྱེ་བྲག་རིམ་པ་བཞིན། །སྔོན་གྱི་གོ་ཆ་གྱོན་པའི་མཐུས། །རིམ་པས་བཤད་ཀྱིས་ཆགས་པས་ཟུང་། །ཞེ་གསུངས་སོ། །གླེང་སློང་ཞལ་གྱིས་བཞེས་པའི་ལེའུ་ཏེ་གཉིས་པའོ།། །།དེ་ནས་གན་ལུག་མ་བཅོས་པའི་དོན་འདི་གསུངས་སོ། །ཧུ༷།འདས་པའི་དུས་ན་སྔོན་བྱུང་བའི། །མི་བསྐྱོད་ཞིང་ཁམས་དག་པ་སྲ །དགེ་སློང་ཐུབ་དཀའ་གཞོན་ནུ་ཡིས། །ཁྱིམ་བདག་ཀེའུ་ཀ་ཡའི་བུ། །དགེ་སློང་ཐར་པ་ནག་པོ་དང་། །དན་ཕག་གཡོག་དང་བཅས་པ་ལ། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་གསུངས། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །སེམས་ཀྱི་དཀྱིལ་འཁོར་གང་གསལ་བས། །གསང་སྔགས་ངོ་བོ་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའི་རང་བཞིན་ཏེ། །ཡོན་ཏན་མཚན་གྲགས་མང་དུ་གྲགས། །གསུངས་པ་དེ་ཡང་འདི་ལྷ་སྟེ། །གནས་ལུགས་ཇི་བཞིན་ཆོས་ཉིད་དེ། །རྣམ་རྟོག་བློ་ཡིས་མ་བཅོས་པར། །རང་བཞིན་རྣལ་མའི་དོན་རྟོགས་ན། །དངོ་པོ་གང་ལའང་མ་ཞེན་པར། །གཞི་ལས་མ་གཡོས་གནས་པ་ཡིས། །འདོད་ཡོན་ཞེན་ཆགས་ལ་སྤྱད་ཀྱང་། །འཆིང་བར་མི་འགྱུར་རང་སར་གྲོལ། །མཁའ་དང་སྤྲིན་དང་ཆོ་འཕྲུལ་འབྱུང་། །སྣང་དང་རང་གྲོལ་འགྱུར་སྙམ་མེད། །དེ་བཞིན་རྟོགས་པའི་རྣལ་འབྱོར་པ། །དམ་པའི་ལམ་ལ་གནས་པ་ཡིན། །སེམས་ཉིད་མ་བཅོས་སྣ་ཚོགས་འབྱུང་། །གསལ་ཞིང་རིག་པའི་ངོ་བོའོ། །དཀྱིལ་ཞེས་རང་བཞིན་སྤྲོས་དང་བྲལ། །རྣམ་པ་མི་འགག་འཁོར་ལྟར་སྣང་། །ཐིག་ལེ་རང་རིག་ཡེ་ཤེས་དེ། །འོད་ཅེས་བྱ་བ་སྣང་བའི་རྩལ། །རང་རིག་མ་བསྒྲིབས་རང་བཞིན་གསལ། །སྨྲར་མེད་སྤྱོད་ཡུལ་བྲལ་བས་གསང་། །དུས་གསུམ་སངས་རྒྱས་ཐམ་ཅད་ཀྱི། །ཡོན་་་འབྱུང་གནས་ཉིད་དུ་སྔགས། །མི་དམིགས་ངང་ལས་ཀུན་འབྱུང་བས། །ངོ་བོ་ཉིད་ཅེས་བརྗོད་པའོ། །དེ་ལ་གཉེན་པོ་མེད་པ་དང་། །འཕོ་འགྱུར་སྐྱེ་འགགས་མེད་པ་ཡིས། །མཚན་མའི་བདག་རྟོག་འཇོམས་པའི་ཕྱིར། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །དེ་ཉིད་རང་བཞིན་མ་བཅོས་པ། །གསལ་སྟོང་རིག་པའི་ཡེ་ཤེས་སེམས། །དངོས་པོ་ཀུན་བཅོས་དཔལ་ཞེས་བརྗོད། །འགྲན་ཟླ་མེད་པས་བླ་ན་མེད། །གསལ་ལ་མི་གཡོ་བྱང་ཆུབ་སེམས། །ཕྱོགས་རིས་བྲལ་ཞིང་མ་བཅོས་པ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །མ་སྤངས་རང་གྲོལ་སྙིང་པོ་ཉིད། །དེ་ཕྱིར་མཐའ་ལས་འདས་པ་དང་། །དབུ་མར་མི་དམིགས་པ་ཞེས་བྱ། །གང་ལྟར་མོས་པ་སྣང་བས་ན། །སངས་རྒྱས་ཀུན་གྱི་དངོས་གཞི་ཡིན། །འགྲོ་འོང་མེད་བཞིན་འདུལ་སྣང་བས། །སྤྲུལ་པ་ཀུན་གྱིས་འབྱུང་གནས་ཡིན། །དེ་ལ་བརྟེན་ནས་དེ་འབྱུང་བས། །ཀུན་གྱི་དགེ་བའི་བཤེས་གཉེན་ཡིན། །དེ་རྟོགས་མུན་པ་སེལ་བས་ན། །ཞིང་ཁམས་ཀུན་ཏུ་སྒྲོན་མེ་ཡིན། །ཅི་ཡང་མི་འགག་ཀུན་འཆར་བས། །ཐུགས་རྗེ་ཐབས་ཀྱི་འབྱུང་གནས་ཡིན། །ཆོས་རྣམས་མ་འདྲེས་རང་སྣང་བས། །ཀུན་གསལ་མེ་ལོང་འོད་པོ་ཆེ། །དེ་ལྟ་བུ་ཡི་དོན་རྟོགས་ན། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །བདག་གཞན་ཆ་ཡིས་སྤྱོད་པ་ཡང་། །ལྟ་བའི་བོགས་སུ་དབྱུང་བ་དང་། །དེ་ལས་མི་འདའ་དམ་ཚིགབཤད། །གཏད་ནས་མ་རྟོགས་སེམས་ཅན་ལ། །ཕན་པའི་སྤྱོདཔསྣཚོགསཔས། །སྒྲོལ་བ་ཉིད་དང་སྦྱོར་ལ་སོགས། །མཁའ་ལ་ཁྱུང་དང་ཆུ་ལ་ཉ། །དབྱེར་མེད་ཐོགས་ཆགས་མེད་པར་སྤྱོད། །ལོངས་སྤྱོད་མེད་བཞིན་ཐམས་ཅད་སྤྱོད། །མི་མགོག་མ་འཛིན་ཚོགས་གཉིས་རྫོགས། ཁྲེས་འཇུག་ཀུན་དང་གཞན་དོན་དུ། །ལམ་བསྒོམས་སྐད་ཅིག་ཆ་བསྒོམས་ནས། །བསོད་ནམས་དཀྱིལ་འཁོར་མོས་སློབ་ཅིང་། །རང་བཞིན་ཕབ་རྫོགས་མཆོད་བསྙེན་ཀུན། །ཇི་ལྟར་སྤྱད་ཀྱང་ཉིད་དུ་གྲོལ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཕྱག་རྒྱ་དངོས་གྲུབ་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །གསང་སྔགས་འཕྲིན་སྒྲུབ་བྱེད་པ་རྣམས། །འབྲས་བུ་མེད་ཅིང་རླག་པར་འགྱུར། །ཡི་གེ་སྒྲོ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པས་ན། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྤྱིན། །གཞན་དུ་ནམ་ཡང་སྤྱིན་མི་བྱ། །རྨོངས་ལ་འཕྱར་བུས་གལ་ཏེ་སྦྱིན། །དུས་མིན་པར་མི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་བར་ཡུན་རིང་གནས། །ཉམས་དགའ་ཕུནསུམཚོགསཔཡིས། །གནསམཆོགདམཔཡིནའོང་བར། །ཚུལ་དང་མཐུན་པའི་རྫས་རྣམས་སོགས། །མཎྜལ་ལ་སོགས་མཛེས་བྱས་ནས། །ཁྲུས་བྱས་ལྷ་བསྒོམ་སྙིང་ག་ཧུ༷། །བགེགས་བསྐྲད་ཕྱོགས་བསྲུང་དཀྱིལ་འཁོར་ལ། །འོད་ཟེར་འཕྲོ་འདུས་དབང་པོ་དགུག །ཕྱག་འཚལ་མཆོད་པ་འདི་ཡང་འདུལ། །ཨོ་སརྦ་ཏ་ཐུ་ག་ཏ་བཛྲ་ཤི་ཧེ་རུ་ཀ་བཛྲ་ཀྲོ་དྷི་དྷརྨ་མ་ཧྭ་ཙྭ་ན་མཎྜལ་ཧུ༷། ཡོན་སྤོས་སོགས་མཆོད་པ་དང་། །གཏོར་མ་བདུད་རྩི་རཀྟ་རྣམས། །རིམ་པ་བཞིན་དུ་སྔགས་ཀྱིས་དབུལ། །ཐུགས་ལས་ཕྱུང་ལ་གཉིས་མེད་རོལ། །ཧུ༷། བདག་འདྲ་ལོག་པའི་སྟོབས་ལྡན་གྱིས། །ཐོག་མཐའ་མེད་པའི་དུས་མཐའ་ནས། །སྲིད་པའི་འཁོར་ལོར་འ་ས་པར་ངེས། །སྐྱེ་བ་མང་པོའི་ལུས་བླངས་པས། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག་དོན་སྤྱད་ན། །དེ་ཙམ་དོན་གྱིས་སངས་རྒྱས་ཟིན། །རང་ལུས་སྟོང་པས་མ་ཕོད་ཅིང་། །ཆགས་པའི་མཐའ་ལ་མངོན་ཞེན་པས། །ཟུག་རྔུའི་ནད་ཀྱིས་ཟིན་པ་ཡིན། །སྲིད་པའི་བཙོན་རར་ཆུད་པ་འདི། །མཁའ་ལ་མདུད་པ་བརྒྱབ་པས་ཉེས། །འཁོར་བའི་རླུད་སྒོར་ཁྱེར་བ་འདི། །ལས་ཀྱི་རླུ་་གིས་དེད་པས་ཉེས། །དུས་གསུམ་རྒྱལ་བ་མ་ལུས་ལ། །འདི་དག་མི་ཆབ་འམཐོལ་ལོ་བཤགས། །ཨོ། རྡོ་རྗེ་སེམས་དཔའི་ཡིད་སྐྱོབས་ཤིང་། །རྡོ་རྗེ་དཔའ་ཉེ་ཞིང་བསྟན་པར་མཛོད། །བདེ་བར་གྱུར་ཅིག་ཀུན་ཏུ་བདེ་བར་གྱུར། ཁེན་ཏུ་བདག་ལ་ཐུགས་རྗེས་ཁྱབ་པར་མཛོད། །བདག་ཉིད་ཤིན་ཏུ་བདེ་བར་གྱུར་ཅིག །དངོས་གྲུབ་ཐམས་ཅད་བདག་ལ་མྱུར་དུ་གསོལ། །ཕྲིན་ལས་ཐམས་ཅད་དག་པར་མཛོད། །སེམས་ཉིད་དཔལ་དུ་མཛོད་ཅིག་ཐུགས་དགེས་བདེ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །རྡོ་རྗེ་སེམས་ཀྱི་དཀྱིལ་དུ་བདག་འདྲིལ་ཅིག །རྡོ་རྗེ་འབྱུང་པོ་ཆེན་པོའི་དམ་ཚིག་གིས། །སེམས་དཔའ་སྐྱེ་མེད་ཀློང་དུ་དག་པར་མཛོད། །ཨོ་ཏ་ཀེ་ཏ་ཀེ་ཕཊ། ཀྲོ་ཏ་ཀྲོ་ཏ་ར༷་ཏ༷་སྣ་ཏིག་ཁ༷་ཧ་ལ་ཧ་ལ་ཡ༷། དང་པོ་འཛིན་པ་སྟོང་པ་ཉིད་དག་པར་བསྒོམ་མོ། །དབང་པོ་འོད་དུ་ཞུ་མཆོད་པའི་རྫས་རྣམས་བརླབ། ཨོ་བཛྲ་མ་སྐྲོ་ཏ་ཨ་ཧོ་སརྦ་མན་ཧུ༷་སྙི་ཐ། ཨོ་མ་ཧྭ་བྷ་ལིང་ཏ་ཏེ་ཙོ་བྷ་ལིང་ཏེ་ཧུ༷། ཨོ་མ་ཧྭ་རཀྟ་རྭ་ག་ཤཱ་རྒྱ་ཏྭ་ས་མུ་དྲ་མཎྜལ་ཧུ༷། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྔོན་དུ་འགྲོ་བའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྒྲུབ་པའི་རིམ་པ་འདི་གསུངས་སོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱ་ཀུན་གྱི་གསང་། །སྐྱེ་བ་མེད་ལ་ཐམ་ཅད་སྐྱེས། །སྐྱེ་པ་ཉིད་ནའང་སྐྱེས་པ་མེད། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་བྱ་ཞིང་། །ཧུ༷་གསལ་འབྱུང་བའི་དཀྱིལ་འཁོར་བསམ། །སྒྱུ༷་ལས་དུར་ཁྲོད་འཇིགས་པའི་གནས། །རང་བཞིན་ཕྱི་ནང་མཐའ་དབུས་བྲལ། །སྣང་སྟོང་གར་ཡང་རྒྱ་མ་ཆད། །དུར་ཁྲོད་ཐོད་པའི་རྒྱུ་ལས་གྲུབ། །ཡེ་ཤེས་ལྔ་ཡི་འོད་ཟེར་འབར། །འཁོར་ལོ་རྩིབས་བཞི་མུ་་ཁྱུད་དང་། ཁུ་ཆད་བར་ཁྱམས་སྒོ་གཉིས་བརྩེགས། །བསྐལ་པ་མེའི་རབ་ཏུ་ཞབྲུགས། །དྲེགས་པ་ཁྱོ་ཤུག་བསྣོལ་བ་དང་། །དྲི་ཟ་སྲིན་པོ་གཤིན་རྗེ་བདུད། །དོམ་དང་ཁྱུང་མཆོག་མ་ཧེ་སྟག །གཟིག་གིས་བརྫིས་ཏེ་ཉི་དལ་བསམ། །ཕྱི་རོལ་ཞིང་དང་ཉི་མ་བསམ། །ཞིང་སྐམ་གདན་གྱི་བྱེ་བྲག་ལྡན། །དབུས་སུ་རྒྱུ་ལས་རྡོ་རྗེ་འབར། །འཕྲོ་འདུས་འོད་ལས་རྩ་སྔགས་ཀྱིས། །བཛྲ་ཁྲག་འཐུང་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གཡོན་དཀར་དམར་དབུས་མཐིང་ཞལ། །ཁམ་ནག་དབུ་སྐྲ་ཁྲོ་རྟགས་བརྒྱན། །རྡོ་རྗེ་ཁ་ཊ༷་རྔེ་ཆུང་གཡས། །བྷརྙ་རྒྱུ་ཞགས་དུང་ཁྲག་གཡོན། །དུར་ཁྲོད་ཆས་རྫོགས་གར་དགུའི་སྟབས། །ཡུམ་མཆོག་མཐིང་ནག་འཁྲིལ་འཁྱུད་སྦྱོར། །ཐུགས་ལས་ཧུ༷་བཞི་གདན་ལས་སྤྲོས། །སྒོང་སྐྱེས་ཡུལ་དུ་རིགས་བཞི་བསྐྱེད། །ཞལ་གཅིག་ཕྱག་གཉིས་ཁྲོ་ཚུལ་འགྱིང་། །སྨུག་སེར་དམར་ལྗང་རྩ་བ་གནག །འཁོར་ལོ་རཏྣ་དབྱུག་པ་དང་། །པདྨ་དགྲ་སྟུ་རལ་གྲི་འཕྱར། །ཐོད་ཁྲག་འཐུང་ཞིང་ཡུམ་དང་འཁྲིལ། །ཡེ་ཤེས་མེ་ཡི་ཀློང་དུ་བསྒོམ། །རིགས་བཞི་ཐུགས་ཀྱི་འོད་ཟེར་ལས། །སྔགས་བརྗོད་བརྫུས་སྐྱེས་འཁོར་རྣམས་བསྐྱེད། །ནང་གི་རྩིབས་མཆན་གྲུ་ཆད་ལ། །དཀར་མོ་རྐུན་མོ་རྨོངས་མོ་དང་། །ཐལ་བྱེད་སྤོས་མོ་བྷསྨ་རྡི། །སྨ་ཤ་ཚེ་འཕེལ་བརྒྱད་པོ་བསྒོམ། །ཁྱམས་ཀྱི་ཕྱོགས་མཚམས་རིམ་པ་མྲ །སེང་སྟག་ཝ་དང་ཁྱིགདོངཚོགས། །བཞད་དང་ཀང་ཀ་བྱ་རོག་འུག །མཚམས་སུ་དགོད་དེ་འཇིགས་པའི་གཟུགས། །སྲིང་འགྲོ་གདོང་འགྲོ་འཇིག་རྟེན་གསལ། །རོ་ལངས་མ་རྣམས་སྒོ་བཞིར་བསྒོམ། །སྲིན་མོ་སྨུག་ནག་ལ་སྩོགས་ཏེ། །དྲག་མོ་ཉེར་བརྒྱད་ཕྱི་ཁྱམས་ལའོ། །བསྐྱེར་ལ་དབང་བསྐུར་བྱིན་བརླབ་བྱ། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ནི། །རང་གི་སྙིང་གའི་འོད་ཟེར་ལས། །དབྱངས་དང་ལྡན་པའི་ལྷ་མོ་ཡིས། །ཕྱོགས་དུས་ཀུན་ནས་སྤྱན་དྲངས་ཏེ། །ཕྱག་འཚལ་དབང་བསྡུ་བཀུག་བསྟིམས་ནས། །དང་པོ་ཐུན་མོང་རྫས་ལྔས་མཆོད། །དེ་ནས་ཁྱད་པར་རྣམ་གསུམ་དབུས། །སྨན་གྱིས་མཆོད་རྗེས་དངོས་གྲུབ་བླང་། །གཏོར་མ་དབུལ་ཞིང་གསང་ནན་སྦྲེང་། །རཀྟ་ཚར་གསུམ་ཕུལ་ནས་ཀྱང་། །མ་མོ་རྣམས་ཀྱིས་བསྟོད་ཚིག་དབུལ། །རྟོག་པ་རྒྱུན་གྱི་གདུལ་བྱ་རྣམས། །ཡེ་ཤེས་མ་འདྲེས་ཡོངས་རྫོགས་བསྟོད། །སྨོན་ལམ་བཏབ་ལ་འཛབ་བསྙེན་དབུལ། །ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཕྱི་ནང་གསང་བའི་བཟླས་པ་ཡིས། །འཕྲོ་འདུ་ཚུལ་དང་ཕུང་པོ་བརྟེན། །ཡབ་ཡུམ་ཞལ་སྦྱོར་ཚུལ་གྱིས་ནི། །འབུམ་མམ་བྱེ་བ་རྫོགས་པར་བྱའོ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཡི་དམ་གྱི་ལྷ་ཕྱག་རྒྱ་དངོས་གྲུབ་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བསྙེན་པ་ལྷའི་ཏིང་ངེ་འཛིན་འདི་གསུངས་སོ། །གཉེན་པོ་ལྔ་དང་གཉིས་ཡིན་ཏེ། །སྤྱི་དང་སོ་སོར་གཏང་བའོ། །སྤྱི་ནི་ང་ཉིད་གསང་བའི་བདག །མི་རྟོག་ངང་ལས་དྲན་རྫོགས་སུ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་བརྗིད། །རྡོ་རྗེ་ཁྲོ་ཚུལ་སྡིགས་མཛུབ་རྔམ། །དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་། །ཉིད་དང་འདྲ་བའི་གནོད་སྤྱིན་ཚོགས། །དུ་མས་བསྐོར་བར་གསལ་བསྒོམས་ནས། །སྙིང་པོ་འདི་དག་རྟག་ཏུ་བཟླས། །ཨོ་ནི་ལམ་བྷ་ར་དྷ་ར་བཛྲ་བཱ་ཁི་ཨ་ཙྭ་པ་ཡ་ཏི་ཧུ༷། ཡག་ཤ་བཛྲ་བཱ་ཁིཤཱ་ད་ཡ་ཧྭ༷་ཕཊ། དྲག་པོ་ལྔ་ནི་གཤིན་རྗེ་གཤེད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་བརྗིད། །གཡས་དཀར་གཡོན་དམར་དུར་ཁྲོད་ཆས། །འཁོར་ལོ་རལ་གྲི་ཐོ་བ་གཡས། །ཐོད་པ་སྡིགས་མཛུབ་ཕུར་པ་གཡོན། །ཡུམ་དང་གཉིས་སུ་མེད་པར་བསམ། །ཉི་ཟླ་པདྨ་གཤིན་རྗེ་གདན། །དུར་ཁྲོད་མེ་ཡི་གླིང་ན་རྔམ། །གསང་སྔགས་འདི་དག་རྒྱུན་དུ་བཟླས། །ཨོ་ཨ་ཀྲོ་ཏི་ཀ་ཡ་མྱརྙ་ཀ་ཧ་ན་མ་ཐ་བྷརྫི་ཧུ༷་ཕཊ། དཔའ་བོ་གྱིང་ལ་རྟ་མཆོག་དབང་། །དམར་སྨུག་ཞལ་གསུམ་ཕྱག་དྲུག་བརྗིད། །དཀར་ལྗང་ཞལ་ལྡན་རྟ་མགོ་ལྗང་། །པདྨ་རྡོ་རྗེ་མདའ་ཟོར་གཡས། །ཐོད་ཁྲག་དཔལ་བེའུ་གཞུ་འཛིན་གཡོན། །དུར་ཁྲོད་རྒྱན་ལྡན་ཡུམ་དང་འཁྲིལ། །ཉི་དཀྱིལ་ཆུ་བདག་སྟེང་ནས་བགྲད། །གསང་སྔགས་འདི་དག་རྒྱུན་དུ་བཟླས། །ཨོ་པསྙིརྙ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་རྒི་བ་ཧུ༷། ཧ་ཧ་ཧེ་ཧི་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། བདུད་འདུལ་རྡོ་རྗེ་སྲིན་པོར་བསྒོམ། །སྔོ་ནག་དབུ་དགུ་ཕྱག་བཅོ་བརྒྱད། །སྤྱན་ནི་འབར་བ་ཉི་ཤུ་དགུ། །ཁམ་ནག་རལ་ལ་སྲིད་རྩེར་འབར། །རྡོརྗེའིགཤོགཔསབར་སྣང་ཁེངས། །བ་སྐྲུ་ལྕགས་ཀྱུ་བསྲེགས་པ་འདྲ། །སྡོམ་དང་སྡིག་པ་དུག་སྦྲུལ་འཕྲོ། །འཇིགས་པའི་གཟུགས་ཀྱིས་ས་གཞི་ཁེངས། །རྡོ་རྗེ་ཐོད་སྐྱོགས་ཏིར་དབྱུག་ཞགས། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །རྡོ་རྗེ་མདུང་རྩེ་གསུམ་པ་དང་། །ཟ་མ་རྟག་དང་རྡུལ་གཡབ་དང་། །རྔ་ཆུང་རི་རབ་སྤྱི་སྐོར་འཕེན། །ཀླུ་དབང་འབུམ་གྱིས་བརྒྱན་ཅིང་བཀླུབས། །དུས་མཐའི་མེ་ལྟར་འབར་བའི་དབུས། །ཁྲོ་གཉེར་སྡང་མིག་རྣམ་པར་རྔམ། །ཞབས་བརྒྱད་འབར་བས་ལྷ་བརྒྱད་གནོན། །རྡོ་རྗེ་སྲིན་པོ་ཁྲོ་བོའི་སྐུ། །ལྷ་དང་བདུད་ལས་རྣམ་པར་རྒྱལ། །གསང་སྔགས་འདི་ཡང་རྟག་ཏུ་བཟླས། །ཨོ་རསྒ་ཧེ་རུ་ཀ་རྭ་ཏྲ་མ་ཏ་མ་ཧྭ་ཧ་ཏ༷་ཀྲོ་དྷ་ཛ་ལ་ཧུ༷་ཕཊ། ཨོ་སྟུ་ར་ཀུ་ར་ཨི་ཙི་ཀི་ཡིཨུསྣྲོ་སྨ་ཀྲོ་དྷ་ཧུ༷་ཕཊ། །དེ་ལྟར་བསྙེན་པའི་སྙིང་པོ་ནི། །ཆོས་སྐྱོང་མགོན་པོའི་དྲག་སྔགས་ཡིན། །རབ་ཏུ་གསང་བའི་ཕྲིན་ལས་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་ཞོབོར་ལོའིརྒྱུད་ལས། གཉེན་པོ་སྟོབས་ཀྱི་ལྷ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ན་རྩ་བ་བྱང་ཆུབ་སེམ་ཀྱི་དཀྱིལ་འཁོར་འདི་གསུང་སོ། །ཨེ་མའོ་གོབོར་དུ་འདུ་པ་རྣམས། །རང་གི་ཡིད་བཞིན་རིན་པོ་ཆེ། །ཡོད་པས་མ་སྟོར་བས་དྲན། །ཚོལ་བར་འདོད་ན་ཇི་ལྟར་ཚོལ། །སྔོན་ཚེ་ང་ཡི་བཤེས་གཉེནམཆོག །བྱམསམགོནདམཔཞིགགིསབསྟན། །ཨེ་མའོ་ཁྱོད་ཀྱིས་མི་ཤེས་སམ། །སྒྲོན་མས་མུན་ཁུང་གསེར་ཚོལ་ལྟར། །གསང་བའི་སྙིང་པོའི་མཛད་བརྟོལ་ནས། །ཐི་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ངེས་པར་འདུས་ཆེན་སྟོན། །འཇིག་རྟེན་བརྟན་གཡོ་ལ་སོགས་ཀུན། །ཁྲག་འཐུང་ལྔ་བཅུ་བརྒྱད་དུ་གནས། །མྱ་ངན་འདས་དང་འཁོར་བའི་ཆོས། །བཙལ་མེད་མ་བཅོས་རྣམ་པར་དག །ཐིག་ལེ་ཡུངས་ཀར་ཚད་ཙམ་བསྒོམ།།དེ་ལས་འོད་ཟེར་རྡུལ་སྙེད་འཕྲོ། །མུན་སེལ་དངོས་པོ་ཀུན་སྦྱངས་ནས། །ཐམས་ཅད་མ་བཅོས་སྐུ་རུ་གསལ། །སླར་འདུས་ཐིག་ལེའི་ངང་དུ་ཐིམ། །བརྟན་ནས་འོད་དུ་ཞུ་བར་བསམ། །མ་བཅོས་ག་་མའི་ངང་དུ་གསལ། །རྫོགས་པའི་རླུད་ལས་སྦྱང་བ་ནི། །རྡོ་རྗེ་སེམས་དཔའི་ཙིསྟའི་ནང་། །བདེ་བའི་པདྨ་འདབ་བཞི་བསམ། །དེ་སྟེང་བདེ་ཆེན་ས་རླུད་དང་། །རྣམ་པར་དག་པའི་ཟླ་སྟེང་དང་། །རྡོ་རྗེ་རིན་ཆེན་རང་བཞིན་ཡིན། །དབུས་ན་རྡོ་རྗེ་སེམས་དཔའ་ནི། །ཐིག་ལེ་འོད་ཟེར་ལྔ་དང་ལྡན། །མགྲིན་པ་མགོན་པོའི་རླུད་དཀྱིལ་གཉིས། །སྤྲུལ་པ་ཉི་མའི་མེ་རླུ་་གཉིས། །པདྨའི་རིགས་དང་ལས་རིགས་སོ། །ལྔ་ལྡན་དབུས་སུ་ཐིག་ལེ་བསམ ཡང་ལ་ཡང་དུ་འདྲེས་བསམ་ནས། །རིག་པ་སེམས་ཀྱི་རླུད་ཟིན་པས། །ཡང་འགྲོ་མར་འཕྲོགས་རྩོལ་བ་འགོག །ཡང་ན་འཁོར་ལོ་རྣམ་པ་ལྔ། །བདེ་ཆེནསུམཅུརྩགཉིས་ཧི། །བརྟན་པའི་ཐིག་ལེ་ཡི་གེ་ལ། །ལོངས་སྤྱོད་བཅུ་དྲུག་ལྔ་ལྡན་ཨོ། །ཆུ་ཡི་ས་བོན་ཡི་གེ་བ༷། །སྙིང་གར་བརྒྱད་འདིས་བཞི་འདུས་ཧུ༷། །བརྗོད་བྲལ་ཐིག་ལེ་ཡི་གེ་མུ༷། །སྤྲུལ་པ་དྲུག་ཅུ་རྩ་གཉིས་དབུས། །དྲོད་དུ་མི་བཟད་ཨ་དང་མུ༷། །སྟེང་རླུད་མནན་ལ་འོག་རླུང་འཐེན། །ཡི་གེ་ཡོན་ཏན་སྟོབས་ཀྱི་འགྲུབ། །ས་ཉིད་ཆུ་ལ་ཐིམ་པ་ཡིས། །ཀུན་ཏུ་མཉམ་བློ་ཟག་མེད་པའི། །ལམ་གྱི་ཡེ་ཤེས་དང་པོ་སྐྱེ། །ཆུ་ཉིད་མེ་ལ་ཐིམ་པ་ཡིས། །ཟག་མེད་རོ་མྱོང་བདེ་བ་སྡུད། །མེ་ཉིད་རླུད་ལ་ཐིམ་པ་ཡིས། །འགྱུར་མེད་རང་བཞིན་གསལ་བ་ཉིད། །གློག་གི་སྣང་བ་ལྟ་བུར་འབྱུང་། །རླུད་ཉིད་རྣམ་ཤེས་ནམ་མཁར་ཐིམ། །རང་གསལ་རིག་པ་མར་མེ་འདྲ། །ཕྱི་ནང་མུན་པ་རྣམ་པར་སྦྱངས། །ནམ་མཁའ་ལྟ་བུར་མཐོང་བར་འགྱུར། །ཕྱི་མས་རིམ་པས་རྟོགས་པ་འཆར། །བསྒོམ་པ་སྣང་བཞུགས་སྤྲད་ལ་བསྒོམ། །འཆི་ཀ་མ་ཡི་གདམས་པའོ། །ཨེ་མའོ་དངོས་པོ་མེད་པ་ལས། །སངས་རྒྱས་ཉིད་དང་ཐུགས་རྗེའི་ངང་། །ཇི་ལྟར་སྣང་བ་མ་འགགས་པའོ། །བདུན་པའི་དུས་ན་རིགས་ཀྱི་བུ། །ཡིད་ལ་བྱེད་པ་ཐོབ་ཅེ་ཏེ། །སེམས་གསུམ་སྐྱེ་ཞིང་མཐའ་ཀུན་གྲོལ། །རྟེན་པ་གཞི་ཡི་རྣམ་པར་གནས། །རིགས་ཆེན་བྱེད་པའི་རྣལ་འབྱོར་པས། །འཕྲོ་འདུ་གསལ་སྟོང་ཏིང་འཛིན་ཐོབ། །སེམས་བཞི་རྟོགས་ཏེ་མཐའ་བཅུ་ཤེས། །དབུགས་ཆེ་འབྱིན་པའི་རྣལ་འབྱོར་བས། །འཇིགས་པ་ལྔ་བྲལ་ཁྱད་པར་གསལ། །ཡོངས་སུ་མི་རྟོག་ཏིང་ངེ་འཛིན། །རྨི་ལམ་ལྟ་བུར་ཆོས་ལུང་སྟོན། །འཇིག་རྟེན་ནོརབུརིན ཆེན གྱིས། །གང་བར་སྤྱོད་པའི་ལྟས་མཐོང་འགྱུར། །སྒྱུ་མ་སྤྱོད་པའི་སྐྱེས་བུ་དེ། །འཁོར་ལོས་སྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་སྒྱུར་ཐབས་ཀྱི་པ་སྟོན། །ལུང་གོ་ཐོབ་པའི་རྣལ་འབྱོར་པས། །སེང་གེ་དག་ལ་ཤོན་ནས་ནི། །ཐམས་ཅད་གནོན་པའི་རྟགས་མཐོང་འགྱུར། །སྒྲ་བ་་འདྲ་བར་ལུང་སྟོན་འགྱུར། །འབྲས་བུ་ཉིད་ལ་ལམ་ཤེས་པས། །ལམ་གྱི་ས་ནི་བདེ་རྫོགས་ཏེ། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཇི་ལྷར་འདོད་ལྟར་ཐབས་སྦྱོར་མཆོག །རྩལ་ཆེན་རྫོགས་པའི་རྣལ་འབྱོར་པས། །ཀུན་སྣང་ཏིང་འཛིན་ཉིད་ཐོབ་པས། །སྣང་ཕྱེད་ཉི་ཟླའི་འཁོར་ལོ་བསྐོར། །ཐམས་ཅད་གསལ་བྱེད་ལྟས་མཐོང་ན། །གདེང་དུ་གྱུར་བའི་ངོ་བོ་ཡིན། །དེ་ནས་རྒྱལ་ཚབ་སྐྱེས་བུ་དེས། །ཆོས་ཀྱི་རྒྱལ་པོ་གང་དེ་ཡི། །གདུང་འ་་དགའ་ལྡན་ཐེག་ཆེན་སྟོན། །མི་གནས་བཅུ་དུས་དྲུག་ཡང་ཆོ་འཕྲུལ་སྣང་། །ས་བཅུ་དོན་ལ་གནས་ནས་ཀྱང་། །གསང་སྔགས་དོན་མཆོག་མ་རྙེད་ན། །རྣམ་པ་ཐམས་ཅད་མཁྱེན་མི་འགྱུར། །རྙེད་མ་ཐག་ཏུ་དེ་རྙེད་འགྱུར། །གྲོལ་བར་འདོད་ན་བླ་མ་བསྟེན། །རིག་པ་རང་བྱུང་ཡེ་ཤེས་ཉིད། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུརཁྲོདམངོནཔརརོལཔམཚོནཆའཁོརལེའི་རྒྱུད་ལས། ཐབ་ལམ་བྱང་ཆུབ་སེམ་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བསོདནམ་ཚོགསཀྱིདཀྱིལའཁོར་འདི་གསུངསསོ། །ཉོནཅིགའདུ་པའི་འཁོར་ཚོགས་ཀུན། །བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་ནི། །ཞིང་ཁམས་རིན་ཆེན་ཡོད་པ་མྲ །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྲས་མཆོག་འཇམ་དཔལ་ཆེན་པོ་ལ། །བཤད་པ་བཞིན་དུ་རྟོག་གྱུར་ན། །གང་ལ་བྱས་ཀྱང་ལམ་གྱི་གྲོགས། །དཔེར་ན་མེ་ལ་ཤིང་བསྣན་བཞིན། །མཛད་སྤྱོད་གསུམ་པོ་གདེང་ལྡན་ནམ། །རྣལ་འབྱོར་སྤྱོད་ལམ་ཚུལ་གྱིས་རོལ། །དེ་ནི་ཇི་ལྟ་བུ་ཞེ་ན། །འབྱོར་པ་ས་ཡི་རྣལ་འབྱོར་ལྔ། །བཟའ་བཏུང་གོས་རྒྱན་བྲོ་གར་དང་། །གླུ་ཚིག་་་ཀྟན་རྣམ་ལྔའོ། །སྐྱེ་ཤི་མེད་པར་མཛད་སྤྱོད་དང་། །འཆིང་གྲོལ་མེད་པར་མཛད་སྤྱོད་དང་། །མི་འགྱུར་རོལ་པའི་མཛད་སྤྱོད་དོ། །དེ་ཡི་བྱེ་བྲག་རྣམ་གསུམ་སྟེ། །སྣང་བ་ལྷ་ལ་ལྷ་རོལ་དང་། །རང་སྣང་ཡེ་ཤེས་རོལ་པ་དང་། །རང་བཞིན་ཉིད་ལ་རོལ་པའོ། །དེ་ལ་ཡོན་་་རྣམ་ལྔ་སྟེ། །བཟའ་དང་བ་་བའི་ལོངས་སྤྱོད་ཀྱིས། །བདེ་གོ་སྐུ་དང་བདུད་རྩི་འགྲུབ། །རྒྱན་དང་བགོ་བའི་ལོངས་སྤྱོད་ཀྱིས། །འབར་བའི་རྒྱལ་པོ་མཐུ་སྟོབས་འགྲུབ། །བྲོ་གར་བསྐྱོད་བསྒུལ་ལོངས་སྤྱོད་ཀྱིས། །སྲ་ལ་འཛུལ་དང་སྟོང་ལ་རྒྱུག །གླུ་ཚིག་སྒྲ་ཡི་ལོངས་སྤྱོད་ཀྱིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཏ་ན་བྷ་ན་ལོངས་སྤྱོད་ཀྱིས། །རང་འབྱུང་ཡེ་ཤེས་ཐོབ་པར་བྱེད། །དེ་ཕྱིར་འབྱོར་པའི་ལོངས་སྤྱོད་བྱ། །སེམས་ཉིད་རང་སྣང་འདོད་ཡོན་བརླབས། །བདེགཤེགསདཀྱིལ་འཁོར་སྤྱན་དྲངས་ལ། །ཏིང་འཛིན་རྫས་ཀྱིསརིམབཞིནམཆོད། །བྲོགར་གླུ་ཚིག་རྒྱན་རྫོགས་བྱ། །རོ་ལ་མུ་སྟེགས་རོ་ལ་དགུག །བསྒྲལ་བའི་ཤེས་པ་གནས་ཆེན་སྤར། །ཡབ་ཡུམ་མཁའ་ལ་སྲས་སུ་བསྐྱེད། །དེས་ནི་བསོད་ནམས་ཚོགས་ཆེན་ལྡན། །ལྷག་མས་འཇིག་རྟེན་མཁའ་འགྲོ་མཆོད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ན་བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ལྟར་གདེངས་ལྡན་སྔགས་པ་ཡིས། །དུར་ཁྲོད་ལ་སོགས་རྒྱ་མཚོའི་མདོ། །རི་རབ་རི་ཡི་རྩེ་མོའམ། །ནགས་ཚལ་རྩུབ་པའི་ས་ཕྱོགས་སམ། །སྦྲུལ་དང་གཅན་གཟན་གདུག་པ་རྣམས། །གནས་པ་དེ་ལྟ་བུ་ཡི་ས་དག་ལ། །མཎྜལ་འདོམ་གང་གྲུ་བཞི་བརྩིག །བདུད་རྩི་ཁྲག་གིས་ཆགས་ཆག་གདབ། །དུར་སྐྲའི་རུས་ཆེན་ཐིག་བཏབ་ལ། །དུར་ཁྲོད་ཚོན་གྱིས་དཀྱིལ་འཁོར་བྲི། །ལྕགས་ཁང་ལྔ་དང་བར་ཁྱམས་སྒོ། །ལྕགས་རི་ནག་པོ་ཁོར་ཡུག་ཕྱི། །ཁྲག་དང་བཤང་གཅི་ཤ་ཆེན་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པ། །འདམ་གྱི་ཕྲུ་མ་བརྒྱད་ཀྱིས་བསྐོར། །དབུས་སུ་ཡབ་ཡུམ་མཆོགཕུརདགོད། །མཁར་བཞི་སྤྲུལ་པ་དྲེགས་བཞི་ལ། །ལྕགས་སམ་གདུག་ཤིང་ཕུར་པ་དགོད། །ལྷོ་སྒོར་ཐོད་པ་མཚན་ལྡན་དུ། །དཔལ་བཤོས་ཁྲག་སྣ་སྙིང་གི་ཆ། །ལ་ཕུག་ལ་དུ་སྦྱར་བ་ཡི། །བྱང་དུ་ཐོད་པར་གཏོར་མ་དང་། །ཐོད་རུས་རྐང་རུས་ཀླད་པ་དག །འབྲུ་མར་སྦྱར་བའི་མཆོད་པ་བཤམ། ཁྲར་སྒོར་འབྲུ་ཡི་ཕུང་པོ་སྐྲུང་། །ནུབ་ཏུ་ཤ་སྣ་སྙིང་སྣ་བཞག །དབུས་སུ་ཐོད་པ་མཚན་ལྡན་གཉིས། །སྟེང་འོག་བསྙེན་བསྒྲུབ་སྔགས་བཞི་བྲི། །སྙིང་གསུམ་བདུད་རྩི་དར་བྲི་ཕྱི། །བམ་གྱི་ཤ་ཁྲག་རུས་པ་དང་། །རྦ་གསར་རྫས་ཀྱི་རོ་རས་ཀྱིས། །ཁྱམས་ལ་སོགས་པ་གྲྭ་བཞིར་དགོད། །ཚིལ་ཆེན་མེ་མར་ཆེན་པོ་དང་། །རཀྟ་གསང་ནན་བསྣན་ཡང་།ཆང་གིས་སྦྱར། །ཐོད་པའི་རྔ་དང་རྐང་གི་དུང་། ཁུན་གྱི་རྒྱལ་མཚན་ཕྱོགས་བཞིར་དགྲམ། །ཞིང་གི་བླ་རེའི་མཎྜལ་དབུབ། །བདག་ཉིད་ཁྲོ་བོ་མ་རུང་བསྒོམ། །ཐུགས་ཀའི་ཧུ༷་ལས་འོད་འཕྲོ་པས། །རྡོ་རྗེ་ར་བ་གུར་དུ་གཏམས། །མེ་རིས་བརྒྱན་པའི་དབུས་ཉིད་དུ། །འོད་ལས་སྒྱུར་པའི་གཞལ་ཡས་བསམ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཟླ་བའི་གདན་ལ་སྔོན་བསམ་ལ། །སྔོན་བཞིན་མཆོད་ལ་གསོལ་བ་གདབ། །འོད་ཞུ་བདག་གིས་སྒྲིབ་པ་སྦྱངས། །མཆོད་གཏོར་རྒྱན་རྣམས་བྱིན་གྱིས་བརླབས། །ལྷར་གསལ་ཐུགས་ལས་སྨུག་ནག་སྒྱུ༷། །འཕྲོ་འདུས་སྔགས་བརྗོད་དུར་ཁྲོད་གནས། །གོང་གི་ཚུལ་འདྲ་རབ་ཏུ་འཇིགས། །སྟོང་གསུམ་ཤོང་ཞིང་ཡངས་པར་བསྐྱེད། །མི་རྟ་ལ་སོགསརོརློནགྱི། །གདན་སྟེང་དུན་ལས་ཁྲོ་བོའི་སྐུ། །ཨོ་བྱུར་ཀུམར་མ་ཧཱུཾ་ཀྭ་ལ་ཀྲོ་དྷ་ཧུ༷་ཕཊ། རསྒ་ཀྲོ་དྷི་ཤྭ་རྡི་རསྨོ་ཧྭ། །མགོནཔོཚོག་བདགཆེན་པོ་ནི། །ལྗང་ནག་ཞལ་གསུམ་ཕྱག་དྲུག་སྟེ། །གཡས་སེར་གཡོན་དམར་ལྗང་ནག་འཇིགས། །ཁམ་ནག་དབུ་སྐྲ་གྱེན་དུ་འཁྱིལ། །སྤྱན་དགུ་སྡང་མིག་སྐར་ལྟར་འཁྲུག ཁུན་གོས་ཐོད་པའི་ཕྲེང་བ་ཅན། །སྟག་དང་གླང་ཆེན་ཐལ་བ་ཞག །གདུག་པའི་རྒྱན་ཚོགས་ཆས་ཀྱིས་མཛེས། །གཡས་ཀྱི་དང་པོ་གསལ་ཤི་འཕྱར། །བར་པ་རྡོ་རྗེ་རྩེ་ལྔ་པ། །ཐ་མ་ལྕགས་ཕུར་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོ་ཐོད་ཁྲག་འཐུང་། །བར་པ་རྣོ་ དབལ་ཤུན་གྱི་མདུང་། །ཐ་མ་སྦྲུལ་ཞགས་སྲོག་ལ་རྔམ། །ཞབས་བཞི་གྱད་ཀྱི་དོར་ཐབས་ཅན། །ཉེ་གནས་ཀྲོ་དྷི་ཤྭ་རྡི་མ། །འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་རྔམ། །ཞིང་དང་རེ་ལྡེ་ཐོད་སྦྲུལ་བརྒྱན། །གཡས་པ་རྒྱུ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བབ་རྐང་པ་ཀླད་པ་དང་། །འབྲུ་མར་ཆང་གིས་སྦྱར་བ་ཡི། །རྟག་པར་རང་གིས་ལོངས་སྤྱོད་འཛིན། །འཁོར་བཞིར་ཁྲོ་བོ་གནོད་སྤྱིན་དང་། །སྲིན་མོ་མ་ཚོགས་འཇིགས་པ་བསྐྱེད། །ཕྱི་རིམ་ཉེ་འཁོར་ཉི་ཤུ་བརྒྱད། །སྲིན་མོ་ཉེ་གནས་ཆེན་མོ་བརྒྱད། །ཀོ་རི་ཙོ་རི་པྲ་མོ་ཧ། །བེ་ཏ་སྙི་དང་པུསྐ་སྙི། །བྷསྨ་རྡི་དང་སྨ་ཤ་ནི། །ཙཎྜལི་ལ་སོགས་པ་ཀུན། །རྔམས་ཤིང་རྔམཔའིམཚོགསཀུན། ཁེན་ཏུ་འཇིགས་པའི་གཟུགས་སུ་བསྒོམ། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྤྱང་བཞད་ཀྱི་མགོ །ཀང་ཀ་བྱ་རོག་འུགཔའིཚོགས། །ཞིངལརྔམས་ཤིང་སྟོན་པའི་ཚུལ། །དུར་ཁྲོད་པ་ཡི་སྒོ་སྲུང་བཞི། །བརྩོན་མོ་གདོང་མོ་གར་ལོག་མོ། །འཇུག་པར་བྱེད་པའི་མ་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྒོ་སྲུངས། །དུར་ཁྲོད་བདག་མོ་གྲུ་འདེགས་བཞི། །བསྐམ་མ་ཤིན་ཏུ་བསྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་གདུང་བའི་ཚུལ་དུ་གནས། །ཕྱི་རིམ་སླས་དང་བྱི་མོ་བྲན། །མ་མོ་བྲན་མོ་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མོ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉར་མངག་པར་བྱ། །ཅི་བགྱིད་བཀའ་ཉན་དྲེགས་པའི་འཁོར། །རྦོད་གཏོང་རྔམ་པའི་ཚུལ་དུ་བསྒོམ། །ནད་ཀྱི་བསྐལ་པ་ཚུབ་མར་གཏོང་། །གདུག་པའི་མཚོན་ཆ་ལུས་ལ་འགྱེད། །མཁར་དང་འོབས་པས་ཕྱི་རོལ་ན། །འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་སྡོམ་ལ་སོགས། །ཀང་ཀ་རུ་རྩེ་འུག་པ་ཁུ། །བྱ་གཅན་ཤ་ཟན་ཚོགས་འཕུར་ཞིང་། །ཅེ་སྤྱང་སྟག་སེང་དོམ་དྲེད་འཕར། །དུར་ཁྲོད་རོ་ཡི་ལོངས་སྤྱོད་ལ། །བལྟ་ཞིང་རྒྱུག་ཅིང་རོ་ལ་འཁྲེན། ཁུ་མ་འདྲེན་ཅིང་རུས་པ་འཆའ། །དེ་ལྟར་གསལ་བར་གྱུར་པ་དང་། །རང་བཞིན་ཡུལ་ན་བཀུག་ཅིང་བསྟིམ། །ཕུར་བས་བསྒྲལ་ཞིང་ཞལ་དུ་གསོལ། །ཕྱལ་དུ་སྦྱངས་ལ་གནས་སུ་གདོན། །ལྒབང་པའི་སྨྲེ་སྔགས་བཀའ་འཁོར་དབུལ། །རང་དམ་བཅའ་ཞིངདམཚིགདབོག །མནའ་བོར་ལས་ལ་མངག་པར་བསམ། །བརྟན་པར་བྱས་ལ་མཆོད་པ་བསྟབ། །མངའ་གསོལ་ཕྲིན་ལས་གཞོལ་བ་དང་། །བསྙེན་དང་ཉེ་བའི་བསྙེན་པ་བཟླས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལ་བཀའ་སྡོང་ཕོ་ཉའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ན་དེ་དག་གི་དཀྱིལ་འཁོར་གྱི་ཆོ་ག་འདི་གསུང་སོ། །ཧུ༷། ལང་ཀ་ཡུལ་གྱི་གྲོང་རྡལ་གྱི། །དབུ་ཀྱི་རི་བོ་མ་ལ་ཡ། །ཀོ་ག་ཐ་དམར་རྒྱ་མཚོའི་དོ། །བྱན་ལག་མཆོང་རི་གནམ་ལྕགས་འབར། །དྲག་ཤུན་ཅན་གྱི་རྩེ་མོ་ན། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །ཆོས་འཛིན་རིགས་ཀྱི་བསྒྲུབ་གནས་སུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེརྣམས་བ་་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲེདྷི་ཤཱ་རྡི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལང་ཀའི་བདག་པོ་ལ་སོགས་པའི། །འདུས་པ་རྣལ་འབྱོར་ཕོ་མོའོ་ཚོགས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོ་བྱུར་ཀུ་ད་མ་ཧྭ་ཀྭ་ལ་ཀྲོ་དྷི་ཤྭ་རྡི་ནག་མོ་ཏི་ལམ་ཨེ་ཨ་ར་ལི་ཧྲིང་ཧྲིང་ཛ་ཛ། ཨོ་རསྒ་ཐྲི་ཧེ་རུ་ཀ་བི་ཤྭ་བཛྲ་ཀྲོདྷ་ཛ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧུ༷་ཕཊ། ཏ་ཀེ་ཏ་ཀེ་ཕཊ་ཀྲོ་དྷ་ཀྲོ་དྷ་ར༷་དྷ་ར་ཧ་ར་ཧ་ར་ཡ༷་ཏིག་སྣ་ཏིག་སྣ་བ༷།བཛྲ་ཡསྣ་ཀྲོ་དྷ་ཧསྟ་ཁུ་ཧི་ཁུ་ཧི་ཧུ༷་ཧུ༷་ས་མ་ཡ་མརྙ་ཡ། མ་ཧྭ་སུ་ཁ་ཧུ༷་པྲ་བེ་ཤ་ཕཊ། བཛྲ་ཨ་མྲི་ཏ་མ་ཧྭ་ཀྲོ་དྷ་ཨ༷་ཨ༷། ཨོ་སྨྱོ་ཨེ་ཨ་ར་ལི་ཛ་ཛ། ཨེ་མའོ་དཔའ་བོ་ཐུགས་རྗེ་ཆུང་། ཁྲེན་ཏུ་བདེ་བའི་གནས་དག་ནས། སྣམ་དུ་འཐོན་པ་ཐུགས་རྗེ་ཆུང་། །དེ་ཡང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་བསྒྲལ་ན་ཡུན་དུ་བདེ། །འབངས་སུ་མཆི་ཡིས་དག་ལུས་འབུལ འབངས་ལ་ནན་ཏན་མ་ཆུང་ཞིང་། །སླན་ཆད་བཀའ་བཞིན་རྗེས་སུ་བགྱིད། །གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་ལས་འགལ་འགྱུར་ཏེ། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱག་ཚིག་ནས་སྐམ་གྱུར་ཅིག །ཨི་དན་ཏེ་ནར་ཁན་པ་ར་ཧྲི་ཏྲ་ཋ་ཡ་ནམ་བྷ་ཏིན་ན་ས་མ་ཡ་རག་ཤ་སི་ཏི་བི་ན་བཛྲ་ཨ་མྲི་ཏ་ཀྲོ་ཏ་ན་ར་ཀན། མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་འདུལ་ལོ་ཚིས་མ་ཆུང་། །པདྨ་པྲ་བེ་ཤ་ཁ་ཐ༷་ཁ་ཐ༷་པྲ་བེ་ཤ་ཕཊ། ཧུ༷། དབུས་སུ་མཆིས་སྐལ་མ་མཆིས་ཀྱིས། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མ་མཆིས་ཀྱིས། །ལྷག་མ་ཞལ་ཆབ་བྲོན་ལ་ཞོག །ཡེ་ནས་གདུང་བའི་མ་སྲིང་རྣམས། །དེང་ནས་རྒྱལ་བའི་བཀའ་ཡིན་གྱིས། །ཁྱེད་ཀུན་ང་ཡི་ལས་མཁན་ཏེ། །བཀའ་ཡི་ལས་བྱུང་མྱུར་དུ་སྒྲུབས། །བདག་ཀྱང་དེང་སྔོན་ལས་ལོག་སྤྱད་པ་ཡིས། །དཔག་ཏུ་མེད་པའི་འཁོར་བའི་སྡུག་བསྔལ་བརྒྱུད། །ད་ནི་ལས་འཕྲོ་གཉིད་སད་པས། །བདེ་བ་ཅན་གྱི་ཞིང་དུ་མྱུར་འགྲོ་བའི། །རྗེས་སུ་བསྟན་པའི་བཀའ་ལས་ཉམས་པ་དེ། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་ཞིག་སྲིང་བྱམས་མིང་ལ་གདུང་བ་བཞིན། །ཡལ་དམ་ཅན་ལ་ལྷང་ལྷང་བརྩེ་བར་གྱིས། །མཛའ་མོ་ཇི་ལྟར་གྲོགས་ལ་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་གྱིས་ཀྲིལ་ཀྲིལ་བརྩེ་བར་གྱིས། །ཇི་ལྟར་གཡོག་རྣམས་དཔོན་ལ་བརྩེ་བ་ལྟར། །དམ་པ་རྣམས་ལ་ཡིད་བཞིན་ནོར་ལྟར་ཁུར། །བརྩེ་བར་བྱེད་ན་མ་རུ་བྱ། །གདུང་བར་བྱེད་ན་སྲིང་དུ་བྱ། །བརྩོན་པར་བྱེད་ན་བྲན་དུ་བྱ། །རིགས་རྒྱུད་འཛིན་ན་བུ་མོར་བྱ། །འདུ་འབྲལ་མེད་ན་སློབ་མར་བལྟ། །བསྐུལ་བར་མགྱོགས་ན་ཕོ་ཉར་བྱ། །བཀའ་བཞིན་བྱེད་ན་བཀའ་ལ་གདགས། །ཞེས་སྔོན་གྱི་ཐ་ཚིག་བསྟན་པའོ།།དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །སྤྱན་དྲངས་ཤིང་སྔོན་གྱི་ཐ་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་དག་ལ་མཆོད་ཅིང་མངའ་གསོལ་བ་འདི་གསུངས་སོ། །ཧུ༷། དང་པོ་བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་དབང་ཕྱུག་མ་ཧྭ་ཀྭ་ལའི་ཚོགས། །སྲིན་ཡུལ་ལང་ཀ་པུ་རི་ཡི། །གྲོང་ཁྱེར་གཏན་ནས་བརླག་མཛད་ཅིང་། །ལྷ་མ་སྲིན་གྱི་བུ་མོ་ནི། །གློག་མ་སྲིན་འདུལ་ཞལ་བཞེས་པའི། །ལྷ ཆེན མགོནཔོ་ནག་པོ་ཁྱེད། །སྤྱན་འདྲེན་འདིར་སྤྱོན་ཕྲིན་ལས་མཛོད། །དུར་ཁྲོད་གསང་བ་མཆོག་གི་གནས་འདིར་བཞུགས་ནས་ཀྱང་། །རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་མཛོད། །ས་མ་ཡ་སྟུ༷། ལྕང་ལོ་ཅན་གྱི་མ་ཧྭ་བྷན་དྷ་མྲ །བྱང་ཆུབ་སེམས་དང་བཱ༷་ས་རཀྟ་དང་། །དྲི་ཆེན་ཀུ་ཀུ་ཆུ་སྟེ་རྣམ་པ་ལྔ། །གཉིས་སྦྱར་བ་ཡི་པརྩི་ཨ་མྲི་ཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །པརྩི་ཨ་སྐྲོ་ཏ་ཁུ་ཧི། བ་ལིང་ཏ་ཁུ་ཧི། །ཧུ༷ །རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །བསྟན་པ་བསྲུང་བར་ཞལ་བཞེས་པ། །མ་ཧྭ་ཀྭ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། ཁྲ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བསེ་སྦྱང་ཁྲམ་ལ་བཏབ་པ་ཡི། །གཤེད་མ་བཞི་ལ་ལས་གཉེར་གཏོད། །མ་དང་སྲིང་མོ་ཆུང་མ་ལ། །དཔའ་བོ་ཁྱོད་ཀྱིས་རོལ་པར་མཛོད། །དམ་ཚིག་ཆེན་པོས་མ་གཏོང་ཞིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་ཚེ་འཕྲོག་པས། །དགྲ་བོ་ཉམས་པའི་སྲོག་དང་ཕྲོལ། ཁྲ་དང་ཁྲག་ལ་ལོངས་སྤྱོད་ཀྱིས། །གནོད་སྦྱིན་ཆེན་པོ་མ་རུངས་པ། །བསེ་སྦྱང་ཁྲམ་ལ་བཏབ་པ་ཡི། །གསེར་དངུལ་དབྱིག་ནོར་ཀུན་ལོང་ལ། །རང་གི་འདོད་པའི་ལོངས་སྤྱོད་ཀྱིས། །སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ། །ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ། །རིགས་ངན་སྨེ་ཤ་ཅན་གྱི་ཚོགས། །བ་གླང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ལ་སོགས་བཞེས། །སྲིན་མོ་ཁྲག་འཐུང་མ་ཀུན་ལ། །བསད་པའི་ཁྲག་ནི་དྲོད་མོར་བཅས། །བཞེས་ཤིག་དགྲ་བོའི་ཁྲག་ལ་འཐུང་། །སྤྲུལ་པའི་ཕྲ་མེན་ཆེན་མོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་དང་། །རྐང་དང་ཨ་མྲི་ཏ་དང་སྦྱར། །རྫུ་འབྲུལ་གྲུབ་པའི་རྫས་རྣམས་བཞེས། །རིགས་ངན་གདུག་པའི་མ་མོ་རྣམས། ཁྲ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་བཟློག་ཏུ་གསོལ། །དམིགས་པའི་དགྲ་ལ་རིམས་ནད་ཐོང་། །སྲིད་པའི་བུད་མེད་མ་རུངས་ཁྱེད། །བྲོ་གར་གླུ་ཚིག་མཆོད་པར་བཞེས། །དམིགས་བྱ་འཇོ་ཚུལ་སྟབས་ཀྱིས་ཕྲོགས། ཁོར་པ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་མོའི་བཀའ་བྱུང་བས། །སྔགས་སྒྲ་དྲག་པོའི་མཆོད་པ་བཞེས། །དགྲ་བོའི་ཕུང་པོ་རྡུལ་དུ་རློག །ལོག་འདྲེན་ཅན་གྱི་ཚོགས་ཀུན་ཉོན། །ཡང་དག་ཉིད་དུ་ཀུན་རིང་ན། །མེ་ཆུ་ལས་གཉིས་གང་བྱས་ན། །གཉིས་ཀྱི་དབང་དུ་མི་འགྱུར་ཞིང་། །རྣལ་འབྱོར་པ་ཡི་ལས་འདི་སྒྲུབས། །གསང་ཚིག་སྟོན་པའི་ཚོགས་རྣམས་ཉོན། །བཤངགཅིཁྲགདངསོལ་ཁུ་ཡིས། །བརྒྱའམ་སྟོང་དུ་གསོ་ནས་ནི། །ལིསྐོ་བཅད་ནས་སངས་རྒྱས་འཇིག །དམརྫསམཆོདཔབཞེསསུགསོལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་ཞེས། །བསྟོད་ཅིང་མཐུན་པའི་རྫས་འདི་འབུལ། །སྔོན་གྱི་བསྐལ་པ་བཟང་པོ་ལ། །ཁས་བླངས་དམ་བཅས་མནའ་བོར་བའི། །སྔོན་དུ་རིགས་འཛིན་གོང་མ་བསྒྲུབས། །ད་ལྟ་རྣལ་འབྱོར་དམ་ལ་སྤྱོན། །བམ་རིལ་ཐོད་པ་མཁར་གྱི་རྩེར། །རུ་མཚོན་ནག་པོ་པུ་རུ་མྲ །མཚོན་ཆ་མང་པོ་ཆར་དུ་འབེབས། །བདུད་བྱ་ནག་པོ་ལྡིར་ཞིང་འཇུམ། །དུར་ཁྲོད་རྒྱན་ཆ་མང་པོ་རྣམས། །མཆེ་གཙིགས་རྔམ་པའི་ཞལ་གདངས་ནས། །ཁྲོ་བོ་ཁྲོ་མོ་སྤྲུལ་པར་འཁྲིགས། །སྲིན་པོ་སྲིན་མོ་རྐན་སྒྲ་རྡེབས། །གནོད་སྦྱིན་ཕོ་མོ་འབྲུག་སྒྲ་སྒྲོགས། །ཟ་བྱེད་ཕོ་མོ་གློག་ལྟར་འཁྱུག །སོ་སོའི་མོས་པ་ཐ་དད་པའི། །དམ་རྫས་མཆོད་པ་འདི་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །མྱ༷་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བྷ་ན་ཙིསྟ་ཁུ་ར༷་ཁུ་ཧི། ཕྲིན་ལས་གཞོལ་བ་གང་འདོད་སྦྱར། །བསྙེན་དུས་སྨོན་ལམ་འདི་ལྟར་གདབ། །ཧོ། །མགོན་པོ་ཁྱེད་མཆོད་བྱིན་བརླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་པ་ལ། །དགྲ་བགེག་རྣམ་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །འགྲོ་བ་ཉེས་མེད་བདེ་གྱུར་ཅིག །ནད་དང་མུ་གེ་ཀུན་བྲལ་ནས། །རྒྱལ་པོ་དགེ་ཞིང་དེས་པ་དང་། །ཆོས་ཀྱིས་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་སྤྱན་བསྔོ་ཞིང་། །མགོན་པོ་ཁྱོད་མཆོད་བྱིན་བརླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། །བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །བསྙེན་པའི་ལས་གཞུང་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསང་སྔགས་བསྟན་པ་འདི་གསུངས་སོ། །ཨོ་སྒུ་ར་ཀུར་མ་ཧྭ་པདྨ་རྡེ་སྣུར་ཙི་སྟུར་བྱིག་གེ་བྱེམ་ནས་སེ། ཨེ་ཧོ་ཤོ་མོས་ཀྲོ་དྷ་ཧུ༷་ཧུ༷་ཕཊ་སྲུ་ཧྭ། ཨོ་སྟུ་རུ་ཀུ་རུ་རྨ་ཨ་བྲ་རྣ། །བུ་ད་ཙི་གི་ཕྱི་མ་སེ་ཁ་ཤོ་མོ་ཀྲོ་དྷ་ཧུ༷་ཧུ༷་ཕཊ་ཕཊ། བསྙེན་པ་དང་ནི་ཉེ་བསྙེན་ནོ། །ཨོ་སྟུ་རུ་ཀུ་རུ་ཨི་ཕྱི་ཨུ་་་་ཀྲོ་དྷ་ཧུ༷་ཕཊ། ཨོ་བྱུར་ཀུར་ཏི་ཕཊ། སརྦ་སིརྙི་ཕ་ལཧུ༷་ཨ། ཨོ་བཛྲ་ཙིསྟ་ས་མ་ཡ་ཨ་མྲི་ཏ་ཧུ༷་ཕཊ། ཨ་སྙིང༷ ཛྲ་རག་ཏ་གྲི་ཎྜ་གྲི་ཎྜ་ར་ག་མ་ཧྭ་ཀྭ་རུ་ཁེ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་རྭ་ཛ་ཡ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་གྲི་སྣ་མེ་གརྭན་ཧུ༷་ཕཊ། །སྒྲུབ་དང་སྒྲུབ་ཆེན་བླང་བ་དང་། །མཟིང་ནག་དར་ཆེན་ནང་དུ་ནི། །ཡུངས་ཀར་རྒྱལ་པོ་ཁྲག་སྣ་དང་། །ཙཛིན་དམར་པོ་སྦྱར་བ་དང་། །ཙསྡོན་དཀར་པོ་བཟང་དྲུག་དང་། །བདུད་རྩི་སྦྱར་བའི་ཐུམས་པོ་གསུམ། །དང་པོ་བར་དང་ཐ་མར་ག་ས། །སྙི༷༷ལ་བདུད་རྩི་སྦྱར་བ་དང་། །རྭ་ལས་ཆགས་པའི་རང་བཞིན་དང་། །ཧུ༷་ལས་ཁྲོ་བོར་བརླག་པའི་སྔགས། །ཨོ་བཛྲ་ཀྲོ་དྷ་ཛ་ལ་ས་མ་ཡ་ཧུ༷ ཡསྒ་ཛ་ལ་ས་མ་ཡ། །རསྒ་ཛ་ལ་ས་མ་ཡ། ཙི་ཏྲ་ཛ་ལ་་མ་ཡ་ཧུ༷་ཕཊ། ཕྱོག་བཞིར་སྤྲུལ་པ་བསྐྱེད་པའོ། །དེ་ཀས་དགུག་དང་བསད་པ་འགྲུབ། །ཨོ་སྣུར་ཀུར་མ་ཧྭ་ཀྭ་ལ་དྲོ་ཐུམ་ལ༷་ཐུམ་རིལ་རྦད་བུ་ནི་ཛ་དགྲ་བོའི་སྙིང་ལ་ཡ། །ཏྲག་རསྒ་ཐུམ་རིལ་རྦད། །དགྲ་བོའི་སྙིང་ཁ་རག་ནི་ཛ་སྨྱོ། རྦད་པའི་གསང་སྔགས་མཆོག་ཡིན་ནོ། །དམིགས་པའི་རྣམ་ཤེས་དགུག་པ་ཡིན། །ཨོ་མ་ཧྭ་ཀྭ་ལ་ནི་ཛ་སྙིང་ལ་ཐུམ་རིལ་རུ་པ་ཡ། །རྦད་སུ་རྦད་སུ་དྲི་ཤག་ཙིསྟ་ཡ་རྦད། །མུགས་ཤག་ཀླིང་དུ་རྦད། སྙིང་ལ་སྒྲོ་ཛ་ཛ། སྲོག་ལ་སྲོག་རྩལ་བྲེམས་བྲེམས་ཡ་ཡུ། ཧབ་ཧབ་དྲི་བཱ་ར་ཡ་རྦད་ཕཊ། རྣམ་ཤེས་བསད་པའི་དཀྱིལ་འཁོར་ཡིན། །དྲག་པོའི་ཕུར་པ་སྐབས་སུ་གདབ། །ཨོ་མ་ཧྭ་ཀྭ་ལི་མ་སྨྱོ། རུ་ལུ་རུ་ལུ་ས་མ་ཡ་སྨྱོ། །ཏྲག་རསྒ་ལ་མུན་ཏྲ་སྨྱོ། །རུ་ལུ་མྱ་ར་ཡ་ཐུན་སྨྱོ། །སྒག་མོ་དྲག་སྙིང་ཁྲག་མུ་ར་ཡ་ཐུན་ཡུ། སྒག་མ་སྒག་མོ་ཐུན་ཡ། ཐྲི་གེ་སྙོ་ཛ་ཤག་རྦད། མུ་རོ་ཙིསྟ་ནི་ཤག་རྦད། རེ་གེ་ཤོ་ན་ནི་ཤག་རྦད། ཡ་མེ་ཏོ་ཤ་ནེ་ཤག་རྦད། ཙིཏི་རེ་མ་ནི་ཤག་རྦད། ཤོ་ན་དུན་ཁྲམ་བཛྲམ་ཏི་སྲོག་ལ་རྦད་རྦད། མ་ཚོགས་ཐུན་དང་དྲག་པོས་བསད། །བར་དུ་དྲིལ་བྱིན་བྱ་བ་ཡིན། །ཨོ་རི་ལི་རི་ལི་སྙིང་ལི་ལི་རི་ཤིག་ཕྲུ་ལུ་ལུ། སྲོག་མུ་ར་ཡ་རྦད། ཙིསྟའི་དཀྱིལ་དུ་དྲི་ཛ་ཐུན། ཁྲག་གི་སེར་ཆེན་ཕོབ་ཕོབ ཅེས་པ་ཟེར་སྔགས་དྲག་པོ་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་རྒྱུད་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བསྙེན་བསྒྲུབ་ཀྱི་རིམ་པ་འདི་གསུངས་སོ། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །དཀྱིལ་འཁོར་དབུས་ཀྱི་ཕུར་པ་ལ། །དཀར་ནག་དམར་བའི་གཟུངས་ཐག་སྒྲིལ། །མཐིང་ནག་དར་གྱི་ཕུར་མ་གསུམ། །བསྐུལ་དང་ཆགས་དང་གཞིལ་བའི་རྫས། །བ་ཝང་དག་ལ་ཧྲི་ཧྲི་ཛ་དག་བྲི། །ཧུ༷་དང་བཅས་པའི་ཡུངས་ཀར་ལ། །ཁྲག་ལ་མཆོད་སྒོང་ཧྲི་དང་མ། །དེ་བཞིན་ལྕགས་ཐིག་ཡི་གེ་བདུན། །ཡུམ་དང་སྦྲེལ་བའི་བླ་རྡོ་ཡིན། །སྨན་ལ་ཡི་དམ་སྙིང་པོའམ། །དཔའ་བོ་འབྲུ་ལྔ་བྲིས་ལ་བཞུག །གཟུངས་ཐག་སྦྲེལ་ལ་ཆད་པར་བྱ། །ཐུགས་ཀར་རྡོ་རྗེ་སྲིན་པོ་འཇིགས། །མཚོན་ཆ་འཁོར་ལོ་བསྐོར་བར་བསམ། །སྔགས་ཀྱི་འོད་ཟེར་རྣོ་ལ་མྱུར། །ལྕགས་ཀྱུའི་ཚུལ་དུ་སྦྲོས་ནས་ཀྱང་། །རང་བཞི་མགོན་པོའི་སྙིང་ག་ནས། །སྙིང་དཀྱིལ་སྣ་ལྔ་འོད་དང་འབྲེལ། །དུན་ལས་རང་གི་སྙིང་པོས་བསྐོར། །དེ་ནས་བཟུང་ནས་མི་གཏོང་བར། །གནས་ནས་བཀུག་ལ་རྟེན་ལ་བསྟིམ། །བདག་གི་བཀའ་ཉན་གསུང་སྡོད་པ། །ཞི་བའི་ཞལ་དང་ལྡན་པར་བསམ། །འབུམ་ཕྲག་གཅིག་ཏུ་རྫོགས་པར་བྱ། །དེ་ནས་ཉེ་བ་གནས་ཀྱིས་བསྙེན། །ཐུན་གྱི་སྔགས་ཀྱི་འོད་ཟེར་ཉིད། །རྡོ་རྗེ་སྲིན་པོའི་མཚོན་ཆར་སྤྲོ། །མགོན་པོ་དབང་མེད་བཀུག་ནས་ཀྱང་། །རང་སྙིང་སྲོག་ནས་དྲོད་ལངས་ཤིང་། །ལུས་ངག་ཡིད་གསུམ་ཚ་ཞིང་བསྲེག །དབང་མེད་དྲུང་འདུག་ལས་རྣམས་བྱེད། །འབུམ་ཕྲག་གཅིག་ཏུ་རྫོགས་པར་བྱ། །དེ་ནས་ཉེ་བའི་རྟགས་ནི་འབྱུང་། །སྨན་གྱི་ཐུམ་པོ་བདུད་རྩི་ཡིས། །སྐུ་ཡི་ཚ་བ་གཞིལ་ཕྱིར་གཏོར། །སྐུ་གསུམ་གསུང་ཡང་ རང་བཞིན་རྣལ་མ་ནི། །བདག་ལ་ཉེ་ཞིང་ལས་རྣམས་བྱེད། །ཚོགས་དང་བདུད་རྩི་གཏོར་མས་མཆོད། །དངོས་གྲུབ་བདག་བླང་བྱ་བའི་ཕྱིར། །བསྒྲུབ་པའི་རིམ་པ་བག་ཙམ་སྦྱར། །རཀྟ་དེ་ནི་རྟེན་ལ་གཏོར། །ཐུགས་རྗེས་ཆགས་པ་བསྐྱེད་པར་བསམ། །འོད་ཟེར་ལྕགས་ཀྱུ་དབང་གི་མཆོག །འཕྲོས་ཏེ་རང་བཞིན་མགོན་པོ་ལ། །དམ་ཚིག་བསྐུལ་ཞིང་མཆོད་པར་བྱ། །སིརྙི་རྟག་པའི་མདོག་ལྟ་བུ། །བསྡུས་ཤིང་རང་ལ་བསྟིམ་པར་བྱ། །ཕྱེད་ཤས་ཙམ་གྱི་གནད་ལ་ཕེབས། །རྟེན་གྱི་ཐོད་པ་ཁ་ཕྱེ་ལ། །མྱོས་པའི་རྫས་དང་བུ་རམ་དང་། །བདུད་རྩི་འོ་བསྐོལ་ཞས་ཟས་དང་། །དེ་བཞིན་མཆོད་པ་ཀུན་དང་བསྟར། །དམར་ལྗང་དར་གྱི་ལིསྐོ་བྲི། །རྫས་ཉིད་བདུད་རྩིར་བརླབས་ནས་ཀྱང་། །ནང་དུ་སྲོག་གསུམ་ཡི་གེ་བསྒོམ། །མགོན་་་་་་པོའི་གཞུ་བསྲང་སྙིང་པོ་བཟླས། །དྲུག་གི་སྔགས་ཀྱི་འོད་འཕྲོ་ཞིང་། །བརྒྱད་ཀྱིས་སིརྙིའི་མཐུ་བྱིན་བསྡུ། །འབུམ་ཕྲག་རྫོགས་ནས་སྲོག་གསུམ་བཞུ། །སིརྙི་རྫས་ལ་བདག་ཉིད་རོལ། །དམ་ཅན་གཏོར་མ་ཚོགས་ཀྱིས་མཆོད། །སྨན་གྱི་མཆོད་པས་སྟོབས་ལྡན་འགྱུར། །བསྙེན་པའི་རྡུལ་ཚོན་ཞལ་ཕྱེ་ལ། །དྲག་པོའི་ལས་ལ་སྦྱར་བར་བྱ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། བསྙེན་བསྒྲུབ་གནད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འབྲུབ་ཁང་དྲག་པོའི་དཀྱིལ་འཁོར་འདི་གསུངས་སོ། །མཎྜལ་འདོམ་གང་གྲུ་བཞི་པ། །རཀྟ་ཁྲག་གིས་དམར་པོར་བྱུག །དབུས་ནས་མཉམ་པའི་ཤིང་གཞག་ལ། །མཎྜལ་ཟླུམ་པོ་བསྐོར་ནས་ཀྱང་། །མཐོ་གང་ཚད་དུ་གྱེན་དུ་བརྩིག །དབུས་ནས་ཁྲུ་གང་གྲུ་གསུམ་ལ། །ནང་རས་གསུམ་ལྡན་ཐུར་དུ་གྲུ། །ཐ་མ་ཐོད་པའི་ཕྲེང་བས་བརྒྱན། །དུག་ཤིང་རྩ་དམར་ཉི་ཤུ་བརྒྱད། །རྡོ་རྗེ་འཁོར་ལོ་རལ་གྲི་དབྱུག་ཐོ་རྒྱ་གྲམ་ལྔས། །འོག་མ་དག་ལ་བསྐོར་བར་བྱ། །དམིགས་པ་དགྲ་ཡི་རྫས་རྣམས་དང་། །བག་ཕྱེ་ས་སྦྱིན་བསྲེས་པའི་གཟུགས། །བཅུ་གཉིས་སོར་ཚད་མི་རུས་མངག །ཀསྟོའི་ཤིང་ལ་དུག་གིས་བྲི། །དྲེད་མོའི་སྐྲ་ཐག་སྔོ་དམར་གྱིས། །བཅིངས་ལ་གཟུགས་བརྙན་རྩང་ལ་གདགས། །བཅིངས་ལ་མགོ་བརྙན་དག་ལ་གདགས། །དུར་ཁྲོད་གཡམ་པ་ཁྲུ་གང་ལ། །དབུས་ནས་མཐོ་གང་གྲུ་གསུམ་བྲུ། །འབྲུབ་སྟེང་བཞག་ལ་ཐོད་མཁར་བརྩེགས། །རྒྱ་ནི་དེ་དང་མཐུན་པ་ལ། །དཔངས་སུ་ཁྲུ་གང་སོར་བཞི་བཏོད། །རང་ངོས་ཐེལ་ལ་སྒོ་བསྟན་ལ། །ལོགས་བཞི་འཕྲིན་ལས་གློ་དཀར་བཞི། །ཕྱོགས་བཞི་མཁར་བཞིར་ཕྱེད་ཕྱེད་བྱ། །དུར་ཁྲོད་ཚོན་གྱི་རི་མོ་ཡིས། །སྟག་དང་མི་རྟ་བྱ་རྒོད་མགོ །སྲིན་པོའི་ཐོད་པས་བ་གམ་བྱ། །ནང་དུ་རྟེན་གྱི་ཕུར་པ་ལྔ། །ཡང་ན་བཀའ་རྟེན་བྲག་ནག་དྲེག །དུར་ཁྲོད་ས་ལ་སྲིན་པོའི་གཟུགས་བྱས་ལ། །ཚོན་གྱིས་བསྒྱུར་ལ་ཕྱག་མཚན་གཏད། ཁུ་བཞིར་རུ་མཚོན་ནག་པོ་བཞི། །ཕྱོགས་བཞིར་བདུད་བྱ་ནག་པོ་ལྡིང་། །སྨྱུག་མ་ཚིགས་ལྔའི་མདའ་གཅིག་ལ། །དྲི་མེད་དྲག་པོ་བཙུག་ནས་ཀྱང་། །བྱ་རྒོད་སྲིན་བྱ་ཁྲ་འུག་ཁུ། །ལྔ་བསྒྲོན་མདའ་ལ་དར་ནག་གདགས། །གཡུ་མིག་ནམ་མཁའ་ནག་པོ་ལ། །རྒོད་ཀྱི་སྒྲོ་གསུམ་དར་གྱིས་བརྒྱན། །དབུས་ཀྱི་མཁར་སྟེང་གཞག་པར་བྱ། །གཡས་གཡོན་ཡབ་ཡུམ་གཏོར་མ་གཞག །སྙིང་གསུམ་དར་སྒྲལ་ལུས་ལ་བཅང་། །གྱིང་གི་མཁར་གྱི་སྟེང་ལོགས་གསུམ། །ལྕགས་ཕུར་བཅུ་གཉིས་དར་གྱིས་བརྒྱན། །རལ་གྲི་མཐོ་གང་གྲི་ཁྲག་བྱུག །ཕོ་སྙིང་སྣ་ཚོགས་གཏོར་མ་བཅའ། །ལྷོ་ཕྱོགས་གནོད་སྦྱིན་མཁར་སྟེང་དུ། །བསེ་མདུང་སྨུག་པོ་དར་གྱིས་བརྒྱན། །ཟོར་མདའ་མོན་ཐོད་གཡས་གཡོན་དགོད། །རུ་སྐྱོགས་ནང་དུ་དམ་རྫས་བསོག །རྟ་དམར་བྱ་དམར་དྲི་བོའི་དོན། །མར་ཁུ་སྦྲང་རྩི་འོ་མ་ཁྲག །སྦྱར་བའི་བདུད་རྩིའི་གཏོར་མ་བཤམ། །ནུབ་ཕྱོགས་སྲིན་པོའི་མཁར་སྟེང་དུ། །སྤྲུལ་ཤ་དུག་དང་བག་ཕྱེ་སྦྱར། །སྦྲུལ་མགོ་གསུམ་ལྡན་འཁྱིལ་བ་བཅའ། །ཀརྙའི་དགྲ་གཟུགས་སྟེང་དུ་གཞག །གཡས་སུ་ཤ་རུལ་ཁྲག་རུལ་དང་། །སྙིང་སྣ་ཚོགས་དང་ཐོད་པ་་དང་། །གཡོན་དུ་བ་དམར་འོ་མ་ལ། །ཀླུ་སྨན་བཏབ་ལ་འཁར་གཞོང་བཞག །བྱང་དུ་ཟ་བྱེད་མཁར་སྟེངས་དུ། །ཚོན་དྲུག་ནམ་མཁའ་དར་ནག་བརྒྱན། །གཏོར་མ་ཚིལ་ཆེན་སྤྲིན་ཁེབས་ཅན། །ལིདྷ་རྨ་བྱའི་གདུགས་དང་བཅས། །མཁར་རྣམས་ཀུན་གྱི་རྒྱུ་དག་ནི། །བཀའ་རྟེན་ཆོས་ཁི་དུར་ཁྲོད་དང་། །གནོད་སྦྱིན་སྦྲུལ་དང་རྒྱལ་པོའི་མཁར། །ཕྱུག་པོའི་བང་མཇོད་རི་མཐོ་རྩེ། །ས་སྣ་བདུན་ལ་ཀླུ་ཆུས་སྦྲུ། །བྱན་གླག་མཆོངས་ཀྱི་རི་བོ་ལ། །དུག་ཤིང་ཡལ་ག་དུར་ཁྲོད་ཀྱི། ཁྲ་རུལ་ལ་སོགས་བཅད་ཕོར་དགྲམ། །ཀོ་ཀ་ཐང་དང་མཚོ་འགྲམ་ལ། །དཔལ་གཏོར་བདུད་རྩི་རཀྟ་དང་། །སྤོས་ཆེན་སྣུམ་ཆེན་ལ་སོགས་དགྲམ། ཁུ་བཞི་ཧ་ཏའི་རྒྱལ་མཚན་ཏེ། །ཞིང་གི་བླ་རེ་མཎྜལ་དབུབ། །མོན་ཐོད་ནང་དུ་དུག་སྣ་དང་། །ཁྲག་སྣ་ཕྱེ་གསུམ་མཚོན་དབལ་བརྡར། །ཆང་གིས་སྦྱར་ལ་བྱང་དུ་དགོད། །དེ་བཞིན་རིགས་ངན་ཐོད་པ་སྲ །ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །ཚ་བ་སྣ་ཚོགས་ལྷོ་རུ་དགོད། །དེ་ལྟར་བཅའ་གཞི་རྫོགས་པ་དང་། །ཕྱོགས་བཅིང་གསོལ་བ་སྔར་བཞིན་གདབ། །དཔལ་གྱི་ལས་གཞུང་རྫོགས་པར་བྱ། །དེ་བརྒྱད་འབྲུ་བརྒྱད་རྦད་བསད་བསྒྱུར། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་འབྲུབ་གཞུང་བཅའ་གཞིའི་ལེའུ་སྟེང་ནས་དགབ། །ཉི་ཤུ་རྩ་གཅིག་ཕྱིར་བསྐྱེད་ལ། །ཐོག་ཟུག་རྒྱལ་བའི་དལ་དུ་བསྒོམ། །བསྐོར་བ་ཕྱིན་ཀ་ལོག་ཏུ་བྱ། །དུག་གི་སྒྲོ་བ་གཏན་པར་བྲུ། །དུག་ཁྲག་སྙིགས་པས་རྗེས་གཅོད་བྱ། །སླར་ལོག་ཚོགས་མཆོད་བཀྲ་ཤིས་བྱ། །དེས་ནི་ལས་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་རྒྱུད་ལས། གཏད་ཁྲམ་གནན་པའི་ལས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དྲག་པོ་གཤིན་རྗེ་ལྟར་སྒྲུབ་པ་འདི་གསུངས་སོ། །དང་པོ་གདེང་ལྡན་སྔགས་པ་ཡིས། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ནགས་རི་ཚེར་མ་རབ་ཏུ་རྩུབ། །གདུག་པའི་ཚོགས་སུ་ལྷ་སྲིན་ཡོད། །སྔར་ཤི་མི་རོ་སྤུངས་པའི་གནས། །དུག་དང་མཚོན་ཆའི་ཐུན་སྒྲུབ་ནི། །ཐ་ཆུང་བཞི་ཡིས་མར་ངོ་ལ། །སྔོན་འགྲོ་ལས་ཀུན་རྫོགས་བྱས་ནས། །དུར་ཁྲོད་གནས་སུ་མཎྜལ་ནི། །འདོམ་གང་གྲུ་བཞི་ཆག་ཆག་གདབ། །རབས་ཆད་ཕུང་ཁྱིམ་གྲི་ས་ལ། །འབྲུབ་ཁུང་ལྕགས་ཁང་རྩེ་གསུམ་བྲན། །རྩང་དང་ཐོད་ཕྲེང་མེ་རི་བྲི། །དུག་ཁྲག་དུར་སོལ་སྦྱར་བྱུགས་ལ། །དབུས་སུ་མོན་ཐོད་ཇ་རིལ་དུ། །སྲུབ་མའི་ལོ་མ་ཞིང་ཆེན་རས། །སྐྱིན་ཐང་ཆུ་ཤུལ་ཇུ་ཚེ་ཕུབ། །གངས་དུས་རྒྱ་མཚོ་ལྦུ་བ་ལ། །གྲོག་མཁར་ས་དང་རང་གི་མཁར། །དུག་ཁྲག་སྦྲུས་ལ་ལིསྐོ་བྲི། །ཀན་དྷའི་ཤིང་ལ་དུག་ཁྲག་གིས། །མིང་རུས་ལོ་ཁམས་ཁྲམ་སྔགས་བྲི། །སྔོ་དམར་ཕུར་པ་སྐེ་ནས་གདགས། །རྒྱ་ཚིལ་གུ་གུལ་དུད་པས་བདུག །ལྕགས་ཕུར་དུག་གིས་ངར་བླུད་ལ། །འཆི་བདག་གཤིན་རྗེར་བསྒོམས་ལ་གཏད། །གྲི་ཐོད་དམ་དམར་ཐིད་སྨེ་བར། །ར་དུག་རེའུ་ལྕག་སྤྱང་དུག་དང་། །བཙན་དུག་བ་སྐྲུ་ཐར་ནུ་དྲུག །མི་རྟ་ཁྱི་ཕག་ར་ཡི་ཁྲག །གཅན་གཟན་མཆེ་སྡེར་མཚོན་ཆའི་དཔལ། །ལྕགས་རྒོད་ཟངས་རྒོད་རྡོ་ཕྱེ་སྦྱར། །གུ་གུལ་ནག་པོའི་ཚ་བ་སྦྱར། །ཆང་གིས་སྦྱར་ལ་དར་སྣ་གདགས། །ལྕགས་སམ་ཐོད་པའི་སྣོད་ནང་དུ། །དཔལ་བཤོས་ཁྲུ་གང་རཀྟས་བརྒྱན། །ནག་གསུམ་ཁྲག་དང་སྙིང་གིས་བརྒྱན། །ཐོད་པར་བཤོས་བུ་གྲུ་གསུམ་དང་། །གྲུ་བཞི་མཁར་ཐབས་ཟུང་གསུམ་བཅུ། །རྟ་ནག་ར་དཀར་ཁྲམ་སྲམ་ཡིན་ནམ་གྱི་སྙིང་། །ར་རྒྱའི་ཤ་ཁྲག་བརྒྱན་པ་བཞག །དམར་གཏོར་ཚིལ་ཆེན་སྤྲིན་ཁེབས་ཅན། །དཀར་གཏོར་རྩི་སྨན་ཀླུ་ལ་བཤམ། །ཕྱོགས་བཞིར་མཆོད་པའི་བྱེ་བྲག་ཚོགས། །གཅན་གཟན་རྒྱན་རྣམས་བདུད་ལྟར་བྱ། །སྟོང་ཉིདངངལསགཤིནརྗེབསྒོམ། །སྣྲུ༷་ལས་ལྕགས་ཁང་སྟེང་ཤོད་དུ། །འོད་ལས་གྱུར་པའི་གཞལ་ཡས་ཁང་། །གཟས་པའི་གདནལསྟགཆེན་ཁྲི། །མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །དུན་ལ་ཡི་གེ་བཅུ་བཞི་པ། །འཆི་བདག་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་དབུ་སྐྲ་ཁམ་ནག་འཕྲོ། །སྐུ་ལ་བེར་ནག་བརྩེགས་པ་གསོལ། །གཡས་ན་ཙསྡོན་བིང་ཆེན་ལ། །གཡོན་པ་ཐོད་པ་ཁྲག་གིས་བཀང་། །ཡབ་ཡུམ་གཉིས་མེད་འཁྲིལ་བར་བསྒོམ། །འཁོར་གྱི་དེད་དཔོན་ཤན་པ་དྲུག །ཀུན་ཀྱང་ཁྲོ་བོའི་ཆ་ལུགས་ཅན། །སྨིག་པའི་ཁྲི་ལ་བརྐྱང་བསྐུམ་བགྲད། །ནག་པོ་ཁྲམ་ཤིང་ཞགས་པ་ཐོགས། །དཀར་པོ་ཤེལ་གྱི་འཁོར་ལོ་འཕྱར། །ནག་མོ་བན་དམར་དུང་ཅན་འཇིགས། །ལྗང་ནག་སྦྲུལ་ཞགས་སྦས་འཛིན་ཀླུ། །དམར་སྐྱ་བཙན་ཞགས་མདུང་དམར་འཛིན། །ལྗང་སེར་རྡོ་རྗེ་སྙིང་འཛིན་གྱིང་། །ཕྱི་རོལ་མ་མོ་རྔམས་པ་ལྟར། །རང་བཞིན་གནས་ནས་བཀུག་ལ་བསྟིམ། །ཕྱི་ནང་མཆོད་པ་སྔགས་ཀྱིས་དབུལ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་མོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གཤིན་རྗེའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དེ་ཡི་རིམ་པ་ཡང་། །ཡབ་ཡུམ་གསང་བའི་སྲོག་སྔགས་བཟླས། །བསྙེན་པ་ཚད་ལ་ཕེབས་པ་དང་།ཡབ་ཡུམ་བར་དུ་དྲེགས་པ་གཞུག །བསྐུལ་དང་དམིགས་པ་ཏིང་འཛིན་གཞུག །ཐུན་ལ་དམར་ནག་ཡི་གེ་མ། །སྔོ་ནག་ཧ་དང་སྔོ་སྐྱ་ཅ། །སྔགས་ཀྱི་འོད་ཟེར་དྲེགས་པའི་ཞལ། །ཐུན་ལ་བསྟིམས་པ་ཡི་གེ་ཞུ། །ནད་དུག་མཚོན་དུ་གྱུར་པར་བསྒོམ། །དམིགས་པ་ཞུགས་པའི་རྟགས་བྱུང་ན། །དྲག་སྔགས་ཐུན་གྱི་ཐུན་དུ་དབབ། །ཞག་བདུན་རྫོགས་ནས་ཕུར་པ་གདབ། །ལིདྷ་ཐོད་པ་བཅས་པ་དེ། །རོ་ཁུང་མུན་པའི་གཏིང་དུ་གནན། །ཉ་སྟོད་དྲག་པོའི་ཟོར་ཁ་འཕང་། །དེ་ཡི་གསང་སྔགས་འདི་དག་ཡིན། །ཨོ་བཛྲ་ཡསྒ་ཀྭ་ལ་ཀྭ་ལ། མ་ཧྭ་བྷ་ན་ལྷུ་ཏི་ཧྲི་ད་ཡ། བཛྲ་གིང་ཀ་ར་རསྒ་ཀ་ལི་མུ་མ་མུ་ཤམ་ཁྲག་ལ་མུགས་ཤམ་ཧྲི་ཛུ༷༷།ཛུ༷༷དུན་རུ་ཏྲ་རུ་ཐུམ་བྷ་ཏི་རྭ་ཛ་ཙ་པ་ལ་ཨ་ཤུག་མེ། མ་ཏྲཀ་རསྒ་ནག་མོ་ཏིང་ལམ་མ་སྨྱོ། ནཱ་ག་ཧུ་ཏི་ས་ནཱ་ག་རུ་རུ་ཧ་ཤུ་ལ་ཙ་ཏྲི་ཤ༷་ཛ་ཡ༷། བཛྲ་ས་ཏུ་ཏྲི་ནཱ་ག་དུན་ཏྲི། སྲོག་ལ་ཐུམ་རིལ། རྩལ་བྲེང་ཤག །ཙིསྟ་ཐུན་རྨུགས་ཁྲག་ཐིབས་རྦད། ལི་ཤག་རྦད་ནི་ཧུར་ཐུམས་ཛ༷༷། ཁྲམ་རྦད་ཡ་ཐུམ་རི་ལི་ལི་སྨྱོ། སྟུ༷་བྷ་ཡ་ནན། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས།དྲག་པོ་ལས་སྦྱོར་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དཔའ་བོ་གིང་གི་སྒྲུབ་པ་འདི་གསུངས་སོ། །བསྟན་པ་སྤྱི་ཡི་བློ་ཅན་གྱིས། རྟ་མཆོག་དབང་དུ་བསྒོམས་ནས་ཀྱང་། །མཚན་ལྡན་དུར་ཁྲོད་གནས་བཟུང་ནས། །ལས་བཞི་ཚང་བའི་དཀྱིལ་འཁོར་བྲི། །ཐ་མར་དམར་ནག་རོ་ཉེས་བསྡམ། དབུས་སུ་ཐུན་ཁུང་ཐུར་དུ་བྲུ། །ནང་རིས་གསུམལྡནམཚོནཆརྩད། །མི་ཐོད་དུག་དང་ཆང་གིས་སྦྱར། །ཁྲག་སྣ་མཆེ་ལྟར་མཚོན་དབལ་བརྡལ། །དག་ནག་གུར་ཕུབ་རོ་ཉེས་བསྡམ། །དར་སོགས་གཡས་ལ་དམིགས་པ་གཟུགས། །ཐུན་གྱིས་དེ་ལ་བརྒྱངས་ལ་བཞག །དུར་གཡམ་རོ་སོལ་རྒྱ་གྲམ་བྲི། །ཐུན་ཁུང་ཁ་བཅད་སྟེང་དུ་དགབ། །གྲི་བོའི་ཐོད་པ་དམར་ཆོད་དུ། །དཔའ་བོའི་སྙིང་དང་ཟངས་ཐིག་དང་། །སྲོག་སྙིང་བཅུག་ལ་དར་གྱིས་གྲིལ། །བསེ་ཕོར་ཤ་སྣ་སྙིང་སྣ་ཁྲག །རིན་ཆེན་འབྲུ་ཡི་གཏོར་མ་བཤམ། །བཀའ་སྟོད་དཔའ་བོ་གིང་ཆེན་པོ། །དམར་ནག་འཇིགས་པའི་བསེ་ཁྲབ་གསོལ། །བསེར་རྨོག་གྱོན་པ་དཔའ་བོའི་ཆས། །ཕྱག་ན་ཟངས་གྲི་ཙིསྟ་བསྣམས། །འཁོར་ནི་དྲེགས་པའི་སྡུ་གྲི་བཞི། །སྲིན་པོ་ས་མ་རྭ་ཛ་དང་། །གཤིན་རྗེ་ཡ་མ་རྭ་ཛ་དང་། །བདུད་པོ་ཧ་ནུ་ཕག་ཤ་དང་། །གནོད་སྤྱིན་ཛ་ལ་གརྦ་དང་། །དཀར་སྔོ་དམར་དང་ལྗང་གུའི་མདོག །གྲི་ཐོགས་ཙིསྟ་ཟ་བའི་ཚུལ། །དགུག་ཅིང་བསྟིམས་ལ་མཆོད་པ་འབུལ། །སྒོ་ཕུགས་མེད་པའི་སྔགས་འདི་བཟླས། །ཨོ་ཀྲོ་ཏ་ནི་ཧྲོ་ཏ་ནི་པ་ཏྲ་ཤུ་ལ་ཤུ་ལ་དྷ་ཤ་གྲིབ། ཡཀྟ་གྲིབ་གིང་ཀ་ར་གིང་ཀ་ར་གིང་ཙ་ཏོ་གིང་ཙ་ཏོ། བར་ཏ་ཏེ་བར་ཏ་ཏེ་ཤ་བ་ཏེ་ཤ་བ་ཏེ། ཤཱ་ར་མ་ཤཱ་ར་མ། རསྒ་ཙ་རསྒ་ཙ། སྙིང་ཁ་རག་སྙིང་ཁ་རག ་ག་རསྒ་་ག་རསྒ། དགྲ་བོའི་སྙིང་ལ་སྨྱོ་སྨྱོ། རྦུད་རྦུད། དགྲ་བོ་མ་གཏོང་ཅིག་རྩ་རྩ་ནན། ནཱ་ག་རོ་ཡ་མི་པ་རིལ་རྦད། །མ་ར་དྲི་སྙིང་ལ་མུགས། སྙིང་ལ་མུགས། སྲོག་ལ་རྩ་བ་མ། སུ་རུ་སུ་བམ་རིལ་རྦད། དྲག་པོ་གནད་ཀྱི་གསང་སྔགས་འདི། །དམ་ཅན་ཉེ་སྙིང་ལས་ལ་འཛུད། །ཐུན་གྱི་དྲོད་ལས་འོད་ཟེར་འཕྲོས། །དམིགས་པ་བཀུག་བསྟིམ་ནད་རླངས་ཀྱིས། །བུ་ག་དགུ་ནས་ཐིམ་ཞིང་གསོད། །འབུམ་ཕྲག་བཟླས་པས་ཐེ་ཚོམ་མེད། །ཨོ་ཨ་བ་ལོ་ཀི་ཏེ་ཡ་ན་མ་ཤོ་ཧྲི་ཏི་སྙིང་ཁ་ལ་རག་ཤ །ཁས་བླངས་ས་མ་ཡ་ཐུམ་ཐུམ། རུ་ལུ་རུ་ལུ་མ་ཧེ་སྨྱོ། །ནད་དང་ཐུན་གྱི་བྱིན་བརླབ་འདི། །བརྒྱ་པའི་བར་དུ་བཅུ་བཅུ་སྦྲེལ། །གསང་སྔགས་མཚོན་ཆ་འདི་ཉིད་གདགས། །དུ་ན་དུ་ན། ག་དུ་ག་དུ། ཨ་ཀ་ནི་རྦད་ཏྲ་ཀ་ལ་ས་མ་ཡ་ཧུ༷་སྨྱོ། །དྲལ་དྲལ་སྙིང་ལ་དྲལ། །སྲོག་སྲོག་སྙིང་ལ་སྲོག །སྙིང་ཐིག་སྲོག་ལ་རྦད། ས་མ་ཡ། ཚལ་པ་ཚལ་པ་རྦད་རྦད། ཞག་གྲངས་བཅུ་གསུམ་ཚང་བ་དང་། །ལིསྐོ་གསུམ་དུ་ག་་བྱས་ཏེ། །གཅིག་ལ་ཐུན་བྲབ་གཅིག་ནི་བསྲེག །གཅིག་ནི་དུར་མཆད་གསུམ་ལ་གཏད། །ཀི་ཀང་དྲག་པོ་རྒྱུ་བ་ལ། །ཐུན་ཁྲག་དགྲ་ལ་ཟོར་དུ་འཕང་། །གིང་སྒྲུབ་དྲག་པོས་གསང་སྔགས་འདི། །ནུས་མིན་སྤྱད་ན་རང་ལ་ངན། །དེས་ན་རབ་ཏུ་བསྔགས་ཏེ་སྦ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དཔའ་བོ་གིང་སྒྲུབ་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སྒྲུབ་པའི་རྟགས་ཀྱི་རིམ་པ་འདི་གསུངས་སོ། །རྟེན་འཕར་འགུལ་ལྡེག་མེ་སྟག་འཕྲོ། །སྒྲུབ་པོ་མཁའ་ལ་འཕུར་བ་དང་། །ས་ལ་མི་ཐོགས་ཆུར་མི་འབྱིང་། །ལེགས་ལྡན་མདུན་དུ་ཅི་བྱ་ཟེར། །རབས་ཀྱི་རྟགས་སུ་ཤེས་པར་བྱ། །ཕུང་པོ་མེ་འབར་མདའ་ལ་སྒྲ། །སྨན་ཕུད་ཁོལ་ཞིང་རཀྟ་ལུད། །རྟེན་གྱི་ཞལ་བཞད་ཉམས་འབྱུང་འབྲིང་། །སྒྲུབ་ཁང་གཡོ་ཞིང་འགུལ་ལ་འཚེག །ཡམས་་དང་ནད་ཀྱི་ན་བུན་འཐུལ། །བྱ་དང་གཅན་གཟན་འཐབ་ཅིང་འཁོར། །རོ་དོམ་འཆོལ་ཞིང་ནང་ན་འགྱུར། །ཐ་མ་རྨི་ལམ་སྟོན་པར་འགྱུར། །དགྲ་བཅོམ་ཚོགས་སུ་འོང་བ་དང་། །བསྡེ་ནག་པོ་མོན་པ་དང་། །རླུད་ནག་འ་་དང་ཆུ་ནག་འབྲུག །གཡག་ཁྱུ་ཁྱི་དམག་བྱ་ནག་དང་། །མཆོད་རྟེན་ནག་པོ་མེ་སྟག་འཕྲོ། །སྐར་མདའ་མང་པོ་ལྟུང་བར་འགྱུར། །བསྙེན་ནས་ཉེ་བའི་རྟགས་སུ་ཤེས། །གོ་ཚོལ་མཚོན་ཆ་མང་པོ་བརྡུང་བ་དང་། །དམག་འདྲེན་གཡུལ་འགྱེད་ལིངས་ལ་ཆས། །ལས་ལ་ཚུད་པའི་མཚན་མ་ཡིན། །གཞན་ཡང་གཤིན་རྗེ་སྒྲུབ་པ་ལ། །མོན་དང་བསྡེ་ཚུབ་མ་གཡག །བཙན་བཙུན་སྟག་སེང་ལྷ་ཁང་འོད། །བུད་མེད་དྲིའུ་ནག་ཆུ་རླུད་འབྱུང་། །ཉ་སྦྲུལ་ཀླུ་ཡི་ཆོ་འཕྲུལ་སྟོན། །མི་རྟ་དམར་པོ་མེ་དང་འོད། །ཁྲ་སྤྱང་བན་དེ་ཚོང་པ་འབྱུང་། །མངོན་དུ་ཁུག་ནས་ལིསྐོ་འགུལ། །བྱ་ཡིས་བྱ་ལ་འདེབས་པ་དང་། །གར་འོང་བླ་ཡི་ཆོ་འཕྲུལ་སྟོན། །སྐྲུ་འབྱི་འདོགས་དང་གསོད་པ་དང་། ཁྲ་ལ་ལོངས་སྤྱོད་གོད་ལ་རོལ། །བྲག་ཆེན་རྩད་ནས་བཏོན་པ་དང་། །གདུང་བརྒྱུད་རྩད།་ནས་གཅད་པར་ངེས། །སྡོང་པོ་བཅད་ན་དགྲ་ཉིད་འཆི། །ཡལ་ག་བཅད་ན་འགབ་ལ་ངན། །དོན་པོ་བསད་ཅིང་སྙིང་ཕྱུང་ན། །ཐེ་ཚོམ་མེད་པའི་རྟགས་ཡིན་ནོ། །རྒྱན་འཕྲོག་གོས་བཤུས་གྲོགས་ལ་ངན། །ནག་པོ་ལྡོག་པའི་མཚན་མ་ནི། །མུན་པ་སྲོས་དང་མཛེ་ཕོ་རྒོལ། །གཡག་རྒོད་རྡུང་ཞིང་གཅན་གཟན་རྨུག །ཆུ་སྣ་ལྡོག་པ་ཁྲོས་པར་ཤེས། །མུལ་དང་སྤྲང་ལོང་ལོངས་སྤྱོད་འགྱེད། །འབྱོར་པ་འདོད་ཡོན་གཏོར་ཚོགས་གཏོང་། །གཞན་ཡང་ཉེས་ལེགས་ལས་རྣམས་སྟོན། །ཅིས་ཀྱང་ལས་འགྱངས་ལྡོག་གྱུར་ན། །ཀརྙའི་ཤིང་ལ་མགོན་པོའི་གཟུགས། །མཐོ་གང་ཚད་ལས་སྐྱེ་མཆེད་རྫོགས། །སྤྱི་བོར་རུ་ལུ་བཟློག་པ་བྲི། །ལག་པ་གཡས་གཡོན་བསྙེན་སྔགས་གཉིས། །རྐང་པ་སྒྲུབ་དང་བསད་པའོ། །ཐུན་སྔགས་ཁོག་རང་ལུས་ལ་བྲི། །དེ་ལ་དགུག་ཅིང་བསྟིམས་བྱས་ལ། །ཞག་གསུམ་དཔལ་གཏོར་འོག་ཏུ་གཟིར། །བསྙེན་སྒྲུབ་སྔགས་ལ་ལས་བཟློག་བརྡེག །དྲག་ཤུལ་འབྱུང་པོའི་ཉི་མ་ལ། །རལ་གྲིས་ཕྱལ་ལ་གཉེན་པོས་བརྡེག །དུག་ཤིང་གདུག་པའི་མེ་ཡིས་བསྲེག །བཀའ་རྟེན་ས་དང་ཐལ་བ་སྦྱར། །གཟུགས་བྱ་ཁོག་པར་ལིདྷ་གཞུག །བདུད་རྩི་གཏོར་མ་མཆོད་པ་བསྟབ། །དུར་ཁྲོད་དབུས་སུ་དོང་བྲུས་ལ། །མགོན་པོའི་གཟུགས་གཞུག་ངུར་གཡམ་དགབ། །མཆོད་རྟེན་ནག་པོ་ཁྲུ་གང་ལ། །གུ་གུལ་དུད་པས་བདུག་ལ་གནན། །ལྷ་ཉིད་གནད་ལ་དབབ་པའི་ལས། །ཡ་བག་ཤ་ར་རབ་ཏུ་གསང་། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གྲུབ་རྟགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་དབང་གི་རིམ་པ་འདི་གསུངས་སོ། །ཉམས་དགའ་བྱེད་པའི་ས་ཕྱོགས་སུ། །མཎྜལ་བྱས་ལ་མེ་ཏོག་དགྲམ། །གཏོར་མ་མཆོད་པའི་རྫས་ཀུན་དགྲམ། །རིན་ཆེན་བུམ་པ་མཛེས་པ་ལ། །ཁ་རྒྱན་མགུལ་ཆིངས་ལྡན་པར་བྱ། །སྣ་ཚོགས་དྲི་དང་རིན་པོ་ཆེ། །སྙིང་པོ་འབྲུ་སྣ་ཆུ་ཡིས་དགང་། །ནང་དུ་མགོན་པོའི་དཀྱིལ་འཁོར་བསྐྱེད། །མཆོད་པའི་རྫས་ཀུན་ཚང་བ་དང་། །སློབ་མས་ནོར་རྫས་ཡིན་ཕུལ་ལ། །ཧོ། དཔལ་མགོན་ནག་པོ་ཡེ་ཤེས་སྐུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཉིད་འཇུག་པར་འཚལ་ལགས་ཀྱིས། །དཔའ་བོ་ཐུགས་རྗེས་གཟུང་བར་མཛོད། །དེ་སྐད་གསོལ་པ་ལན་བཞི་གདབ། །ཧོ། ལེགས་ལྡན་ནག་པོའི་དཀྱིལ་འཁོར་འདིར། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་རྣམས་འགྲུབ་ཅིང་བསམ་འགྲུབ་ལ། །བླ་མེད་ཐེག་ཆེན་འབྲས་བུ་འབྱུང་། །གནས་སྐབས་བསྟན་པ་བསྲུང་བའི་ཕྱིར། །ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །སློབ་མས་ནུས་པར་ཁས་བླངས་ཤིང་། །སྡོམ་པ་རིམ་པར་བླང་བར་བྱ། །ཆོས་ཀུནརངབཞིནདགཔསན། །བདག་ཀྱངརངབཞིནརྣམཔརདག །དེབཞིནགཤེགསཔཐམས་ཅད་ཀྱི། །ཐུགས་དམ་དབྱིངས་མཆོག་རྣམ་དག་ཅིང་། །སེམས་ཅན་འབྱམ་ཀླས་མ་ལུས་ཀུན། །མཆོག་ཉིད་སྒྲུབ་པར་སྦྱོར་བས་ན། །རྒྱལ་བ་རྒྱ་མཚོ་ཀུན་འདུས་པས། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཡེ་ཤེས་རིན་ཆེན་དབུ་རྒྱན་ཅན། །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་འབྱུང་བ་ཡིས། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པ། །ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་བསྐུར་རོ། །བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །མཆོག་ཉིད་སྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོ་ཁྱོད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ཀྱིས། །ཕུན་སུམ་ཚོགས་པ་བསྒྲུབ་པར་བགྱི། །ཆོས་ཀུན་རྡོ་རྗེའི་མཚན་ཉིད་དེ། །རྡོ་རྗེ་ལ་ཡང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །དོན་ཀུན་རྡོ་རྗེ་ལྷ་བུར་གསོལ། །འདི་ནི་སངས་རྒྱས་གསུང་དབྱིངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་རྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་བདག་གིས་བཅངས་པར་བགྱི། །བརྒྱ་བའི་ཚུལ་གྱིས་སྒྲིབ་པ་སྦྱང་། །མགོན་པོའི་གཞུང་བསྲང་བསྙེན་པ་བྱ། །དེ་ནས་འཇུག་པའི་ཆོ་ག་བྱ། །ཀྱེ། །རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་རྣམས་ཆགས་པ་ཆེན་པོ་སྟེ། །མ་ལུས་ཀུན་གྱི་འབྱུང་ནས་མཆོག །བདེ་བ་མཆོག་གི་དམ་པ་ལགས། །ཁྱོདནིདམཚིགཀུནགྱིགཙོ། །རྡོ་རྗེ་སེམས་དཔའ་སྐྱེད་མཛད་པ། །སེམས་ཅན་དོན་སྒྲུབ་ཕྲིན་ལས་མཛོད། །ཐུགས་རྗེས་མཉམ་སྦྱོར་གྲུབ་པར་མཛོད། །སངས་རྒྱས་ཡོན་ཏན་འབྱུང་བའི་ཕྱིར། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླང་བས། །ལས་ཀྱི་རྡོ་རྗེ་བྱེད་པར་འགྱུར། །ཧྭ༷་ཧུ༷་ཧུ༷་བི་ཤྭ་བཛྲ་ཀྲོ་དྷ་ཛ་ལ་མཎྜལ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ར༷་ཀྲོ་དྷ་ཡ༷་ཏིག་སྣ་ཏིག་སྣ་ཁ༷་ཏ་ཀེ་ཏ་ཀེ་ཕཊ། ཨོ་ཨུ༷༷ཧུ༷་ས་མ་ཡ་ཧོ། ཨི་དན་ཏེ་ན་ར་ཀན་པ་རཙྭ་ད་ཡ༷། ན་མ་བ་ཏི་ནན། ས་མ་ཡ་རསྒ། སིརྙི་བི་ན་བཛྲ་ཨ་མྲི་ཏ་ཀྲོ་དྷ་ཀན། སྔོན་ཚེ་གང་ནས་འབྲེལ་བ་ཡི། །བདག་གི་ཉེ་གནས་གང་ལགས་པའི། །ལས་ཀྱི་འཕྲོ་དང་ཐུགས་རྗེའི་ལྷ། །དེ་ལྟ་ཉིད་དུ་བབས་གྱུར་ཅིག །ཧུ༷་ཧུ༷་གུ་རྒྱ་བཛྲ་ཙིསྟ་ཧུ༷། ཨོ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །མུ་ནི་ཡེ་ནས་རང་སངས་རྒྱས། །ཧུ༷་ནི་རྩ་བ་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པས། །ཧ་ཞེས་མཐོང་བས་ཡོངས་སུ་དག །མ་འདྲེས་ཡོངས་སུ་རྫོགས་པར་མཐོང་། །རྡོ་རྗེ་ཞེས་སུ་མིང་བཏགས་ནས། །རྡོ་རྗེ་ཐེག་པའི་གསང་སྒོར་བཞག །ཧུ༷་མཁའ་དབྱིངས་རྣམ་དག་བུམ་པ་ཆེན་པོ་ན། །དཔལ་ལྡན་མགོན་པོའི་དཀྱིལ་འཁོར་རྫོགས་པར་བཞུགས། །གཉིས་མེད་ཡེ་ཤེས་བྱང་ཆུབ་སེམས་རྟགས་ཆུས། །དྲི་མ་ཀུན་སྦྱངས་ཁམས་གསུམ་ཟིལ་གྱིས་གནན། །བྱིན་བརླབས་མཐུ་ཡིས་དབང་རྫོགས་ཐོབ་པར་ཤོག །ཨོ་བྱུར་ཀུར་མ་ཧྭ་ཀྭ་ལ་མ་ཧྭ་ལ། ཨ་སྟི་ཤི྅་སྣྲུ༷་སྣྲུ༷། དངོས་སམ་བདུད་རྩི་བུམ་པ་ལ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི། །བྱང་ཆུབ་སེམས་ཀྱི་བདེ་བ་བཞིན། །ཧུ། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་དོན། །ཡབ་ཡུམ་གཉིས་མེད་བདེ་བའི་དོན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །བདེ་ཆེན་ཐབས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཨོ་བཛྲ་ཨ་མྲི་ཏ་ཨ་ཏི་སརྦ་མ་ན་ཏྲ་ཋ། དེ་ནས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོའི་རྫས་རྣམས་ཐམས་ཅད་ལ། །མགོན་པོ་འཁོར་བཅས་བསྐྱེད་བསྟིམས་ལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་སྒྲུབ་རིམ་པའི་སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་སྦྱིན་པར་བྱ། །དེས་ནི་ཅི་བསམ་འགྲུབ་པ་དང་། །རིག་འཛིན་ས་ལ་སྨིན་པ་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པས་མཚོན་ཆ་འཁོར་ལོའི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་དམ་ཚིག་གི་རིམ་པ་འདི་གསུངས་སོ། །དམ་ཚིག་ལ་ཡང་རྣམ་གཉིས་ཏེ། །རྩ་བ་གསུམ་དང་ཡན་ལག་གཉིས། །རྡོ་རྗེ་སློབ་དཔོན་མིག་གི་ཟས། །འཁོར་བ་འདྲེན་པའི་དེད་དཔོན་མཆོག །མི་ཤེས་རྨོངས་པའི་བློ་བྲིས་མཁན། །ལམ་སྟོར་རྣམས་ཀྱི་ས་མཁན་མིག །གདུང་བ་སེལ་བའི་རིན་པོ་ཆེ། །ཡིད་བཞིན་ནོར་བུ་ལྟ་བུར་གཟུང་། །དེ་ལ་འགལ་བ་རྡུལ་དང་བྲལ། །རང་འབྱུང་ཡེ་ཤེས་ཡི་དམ་ལྷ། །མུན་ཁུང་སེལ་བའི་མིག་བཞིན་གཟུང་། །ཆུ་བོ་གལ་དུ་གསད་མི་བྱ། །སྤྱི་གསང་བ་དང་བར་གསང་བ། །གཉེར་གཏད་པ་དང་འོས་པ་དང་། །སྐྱེ་བོའི་ཚོགས་ལ་དབེན་པར་བྱ། །ཡན་ལག་ལྟ་བ་སྡོམ་པ་དང་། །སྤྱོད་པ་རྒྱུན་གྱི་དམ་ཚིག་གོ །ནམ་མཁའ་ལྟ་བུའི་རང་བཞིན་གྱིས། །མི་སྐྱེ་མི་འགག་ངོ་བོ་བལྟ། །ཕག་རྒོད་ལྟ་བུའི་རང་བཞིན་གྱིས། །གཙང་སྨེ་རེ་དོགས་མི་བལྟ་བར། །མུན་ཁུང་དུག་གི་གསེར་འགྱུར་བཞིན། །རྣམ་རྟོག་ཡེ་ཤེས་ཆེན་པོར་བལྟ། །སེང་གེ་རྩལ་རྫོགས་ཇི་བཞིན་དུ། །མ་བགྲོད་ས་རྣམས་ནོན་པར་བལྟ། །དེ་ཕྱིར་ལྟ་བའི་དམ་ཚིག་བཞི། །རང་བྱུང་སེམས་ཀྱི་བྱེ་བྲག་ཡིན། །སྤྱོད་པ་རྒྱུན་གྱི་དམ་ཚིག་དྲུག །དུས་ཀྱི་སྤྱོད་ལམ་ཇི་བཞིན་དུ། །གསང་བའི་ལམ་མིན་གཞན་མི་འགྲ་། །རིག་པའི་བདག་མིན་ཕྱག་མི་འཚལ། །མི་སྨྲ་བར་ནི་ཤ་ཆེན་བསྙེན། །བསྟན་པ་སྤྱི་ཡི་སྐུ་དགྲ་ལ། །བྱམས་ཤིང་གདུང་བའི་སྤྱོད་པ་སྤངས། །རང་བཞིན་ཞེ་སྡང་ལྡང་མི་དགོས། །མི་དགེ་མཚམས་མེད་ལ་སོགས་སྤངས། །གཞན་ཡང་གསང་སྔགས་རྡོ་རྗེ་དང་། །བཀོད་པའི་རྩ་བ་རང་བཞིན་བསྲུང་། །ཉམས་པར་གྱུར་ན་འབྲས་གཉིས་སྟོར། །ངན་སོང་གནས་སུ་ཡ་རེ་ང་། །བསྲུངས་ན་དངོས་གྲུབ་རྣམ་གཉིས་པོ། །ཡིད་བཞིན་ནོར་ལྟར་རང་ལས་འསྣྲོང་། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་བསྲུང་ཞིང་ཕན་གདགས་པ་འད་གསུངས་སོ། །མཛོད་བདག་མགོན་པོ་ཡིད་བཞིན་སྐུ། །ཡོ་བྱད་སྤེལ་བར་བྱ་བ་ཡི། །དབེན་པའི་གནས་སུ་མཎྜལ་བྱ། །བྱམས་དང་སྙིང་རྗེ་སྔོན་བཏང་ལ། །འགྲོ་དྲུག་དབུལ་སེལ་སེམས་བསྐྱེད་དེ། །མཆོད་སྤྱིན་བྱ་ཕྱིར་ནོར་བུ་བསྒྲུབ། །བཀའ་རྟེན་ཆོས་ཀྱི་རྒྱལ་པོའི་མཁར། །ཕྱུག་པོའི་བང་མཛོད་ས་རྣམས་ལ། །མཎྜལ་བྱས་ལ་ལེགས་པར་བྱུག །རིན་ཆེན་དྲི་ཡི་སྨན་གྱིས་བྱུག །འབྲུ་དང་མེ་ཏོག་ཚོམ་བུ་དགོད། །རིན་ཆེན་ཟུར་བརྒྱད་ལྟེ་བར་ལྡན། །དབུས་སུ་རྒྱ་གྲོ་ཏ་ཏུ་ཏའི་ཤིང་དག་ལ། །བཞོག་ལ་རིན་ཆེན་སྣ་ལྔ་ཡི། །དཔལ་མགོན་ལེགས་པར་ཀུན་ལྡན་བྲི། །ལྗང་སེར་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་ཕྲེང་བ་བུམ་པ་དང་། །ཡིད་བཞིན་ནེའུ་ལེའི་རྐྱལ་པ་བསྣམས། །འཁོར་དང་དེ་ཡི་རང་བཞིན་བསྐྱེད། །གཏེར་འཆང་ནེའུ་ལེའི་རྐྱལ་པ་བསྣམས། །ནང་དུ་ཅི་འདོད་རྫས་ཀྱིས་དགང་། །མཛེས་པའི་རྒྱན་རྟགས་གདུགས་ཀྱང་དབུབ། །རབ་གནས་བྱས་ལ་དབུས་སུ་གཞག །བསྐྱེད་དང་སྤྱན་དྲང་བསྟིམ་མཆོད་དང་། །ཇི་ལྟར་འདོད་པའི་གསོལ་བ་གདབ། །སྔགས་འདིར་འབུམ་ཕྲག་གསུམ་དུ་བཟླས། །འགྲུབ་པར་འགྱུར་ཏེ་གདོན་མི་ཟ། །རྨི་ལྟས་བཟང་པོ་བྱུང་བ་དང་། །འཕྲལ་སྣང་བསམ་པ་འགྲུབ་པ་དང་། །འབྲུ་ཕྱུགས་ཐམས་ཅད་འཕེལ་བར་འབྱུང་། །མཆོད་ལ་བཟང་པོས་མཆོད་བྱས་ལ། །ནོར་བུས་གང་བའི་དངོས་གྲུབ་བླང་། །ཨོ་བྱུ་རུ་ཀུ་རུ་ཨི་ཕྱི་ཨུ་་མ་ཀྲོ་དྷ་ཧུ༷། བ་སུ་དྷ་ར་རཏྣ་སིརྙི་ཕ་ལ་ཧྲི་ཧྲི་ཧུ༷། དེ་ནས་ནོར་རྫས་བང་མཛོད་དང་། །རྟ་དང་གླང་པོ་བ་གླང་འབྲུ། །ཡོ་བྱད་བསོད་ནམས་རྒྱས་པར་འགྱུར། །རིགས་དང་རྒྱུད་འཕེལ་གྲགས་སྙན་འཐོབ། །གཞན་ཡང་གནད་ཀྱི་རིམ་པ་བཤད། །མགོན་པོའི་བསྙེན་སྒྲུབ་རྫོགས་པ་དང་། །བསྙེན་དང་ཉེ་བསྙེན་སྒྲུབ་པ་གསུམ། །དྲིལ་ནས་གོང་གི་རྫས་ལ་བསྟིམ། །སར་བ་ཕུར་པ་ལྔ་ལ་གདགས། །ཡུལ་ཁམས་ཕྱོགས་བཞིར་ཐོ་གཟུག་བསྲུང་། །གནོད་བྱེད་བགེགས་ཀྱི་ལིསྐོ་ལ། །དུག་སྣ་གུ་གུལ་མུ་ཟི་དང་། །བྲུན་གསུམ་ཚིལ་གསུམ་གཞོབས་གཉིས་བདུག །ཡུངས་ཀར་དུག་ཁྲག་ཕུར་པར་བརྡེག །མགོན་པོའི་འོད་ཟེར་གནོད་བྱེད་བསྲེག །གསང་སྔགས་འབུམ་ཕྲག་རྫོགས་པ་དང་། །བཀའ་རྟེན་མགོན་པོའི་འོག་ཏུ་གནན། །གཞན་ཡང་གོང་གི་རྫས་བཀོད་རྣམས། །ཐོད་པར་བླུགས་ལ་སྙིང་པོ་བསྟིམ། །ཞོ་ཆང་ཁ་ཟས་གནོད་ལ་བདུག །འབྲུ་བཅུད་ཕྱོགས་བཞིར་དུད་པ་བཏང་། །མི་ཕྱུགས་སྲུང་བ་སྐེ་རུ་གདགས། །ཀླུ་གཉན་ས་བདག་གནོད་པ་ལ། །རྫས་དང་ཕག་ཚིལ་གླ་རྩིས་བསྲུང་། །དྲི་སྤོས་སྦྱར་ལ་ལུས་ལ་བྱུག །སྨན་དང་བ་དམར་འོ་མ་ལ། །བསྔགས་ལ་ཁོང་དུ་གཏང་བར་བྱ། །བསྙེན་པ་རྫས་དགོད་དུད་པས་བདུག །དྲག་པོའི་སྔགས་ཀྱི་དཔལ་གྱིས་བསྐྲད། །སྲིའུ་རིན་ཆེན་རྣམ་ལྔལ། །སྨན་སྣ་ལྔ་ལ་སྦྱར་ལ་གདབ། །རྩ་བ་ཁྱད་པར་སྔགས་གསུམ་ལ། །གསང་བའི་སྐྲུ་གྲི་འདི་དག་ག་ས། །སརྦ་དུ་སྟན་ཏྲིག་ནན། མྱགས་ཐུམ་རིལ་རྦད། ཨེ་ཧུར་ཐུམ་ཛ། ཧ་ན་ཧ་ན་ད་ཧ་ད་ཧ། པ་ཙ་པ་ཙ་གྲི་ཎྜ་གྲི་ཎྜ་ཧ་ར་ཧ་ར། མྱ་ར་ཡ་རྦད། སྟོབས་དང་ནུས་པ་ཐམས་ཅད་སྟུམ་བྷ་ཡ་ནན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། བསྲུང་ཞིང་ཕན་གདགས་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་དབང་དྲག་ལས་ཀྱི་རིམ་པ་འདི་གསུངས་སོ། །དབང་ཆེན་སྟོབས་ཀྱི་སྦྱོར་བ་འདི་ལ། །རི་རྒྱལ་རྩེ་ནས་ས་དང་ནི། །རྒྱལ་ས་ཟིན་པའི་མཁར་ས་དང་། །ཆོས་སྲིད་ཐོབ་པའི་ཁྲི་སྟེགས་དང་། །བཙུན་མོ་མཚན་ལྡན་མ་ལ་གྱིས། །བཀའ་རྟེན་དྲི་ཅན་དུར་ཁྲོད་ཀྱི། །ས་ལ་དཔའ་ཁྲག་མཚལ་གྱིས་སྤྲུ། །འབྲུབ་ཁུང་ཁྲུ་གང་ཟླ་གམ་བཀོད། །མཚལ་དང་ཙན་དན་རྒྱ་སྐྱེགས་བྱུག །རྒྱལ་བློན་སྟོབས་དང་མུ་སྟེགས་དང་། །བགེགས་ཆེན་གཅན་གཟན་གདུག་པའི་ས། །རྫས་ལ་གཟུགས་བྱ་མིང་བྱང་དགོད། །ཐོད་པ་སྲུབས་མེད་ནང་དུ་གཞུག །འབྲུབ་ཁུང་ནང་དུ་དེ་བཅུག་ལ། །བསྙེན་བསྒྲུབ་སྔགས་གསུམ་དྲིལ་བ་ལ། །དབང་དུ་བསྡུ་བའི་སྔགས་འདི་བཟླས། །མ་ཧྭ་ཀྭ་ལ་བཱ་ཤ༷་ཀུ་ཧྲི་ཧྲི་པ་ཤ་མ་ན་ཡ་ཧྲིང་ཧྲིང་ཛ༷༷ཛ༷༷། རྭ་ག་དུན་དུན། བདག་ཉིད་མགོན་པོ་ལེགས་ལྡན་ཆེ། །དམར་ནག་རྭ་གའི་མདོག་ལྡན་པ། །ལྕགས་ཀྱུ་ཞགས་པ་དམར་པོ་སྔོག །ཐུགས་ཀར་ཧུ༷་ལས་སྔགས་ཀྱི་མདོག །གང་ལ་བྱ་བ་རྟེན་ལ་ཕབ། །དབང་ཆེན་དབང་གི་འོད་ཀྱིས་བཀུག །ཁབ་ལེན་རྡོ་ལ་ལྕགས་འདུ་ལྟར། །ཐམས་ཅད་དབང་དུ་འདུས་པར་བསམ། ཁེང་ཐོག་གོ་ལ་སྟར་བུ་དང་། །རྒུན་འབྲུམ་མེ་ཏོག་དམར་པོ་དང་། ཁྲ་ཁྲག་གསར་པའི་གཏོར་མ་འབུལ། །ཚིལ་ཆེན་མངལ་ཁྲག་རྒྱ་སྐྱེགས་དང་། །ཙསྡོན་དཀར་དམར་ལྷི་ཝང་དང། །བསེ་ཞོ་བག་ཙམ་ལིསྐོར་བྱུག །སེང་ལྡེང་མེ་ལ་བསྲོ་ཞིང་བཟླས། །ཐོན་ནས་ཐོད་པ་དར་ནག་གྲིལ། །རང་གི་མལ་འོག་དག་དུ་སྦ། །སྔགས་ཀྱི་ཚད་མ་འབུམ་ཚོ་དྲུག །དབང་དུ་འདུས་པའི་རྟགས་རྣམས་འབྱུང་། །རྒྱལ་སྔོན་སྟོབས་ཅན་གདུག་པ་ཡང་། །ཇི་ལྟར་བསྒོ་བའི་བཀའ་རྣམས་ཉན། །ཁམས་གསུམ་མཛེས་ལྡན་ཕྱག་རྒྱ་མ། །ཆགས་སྐྱེས་མདངས་ཀྱིས་པདྨ་འབུལ། །རྦོད་གཏོང་སྦེ་བགེགས་གདོན་ཆེན་ཀུན། །ཇི་ལྟར་བསྒོ་བ་བྲན་བཞིན་བྱེད། །མཆེ་སྡེར་རྭ་ཅན་ལྕེ་དུག་སྤོས། །ཁྱི་བཞིན་ཕྱི་ནས་འབྲང་བར་འགྱུར། །འབྲུ་དང་རིན་ཆེན་ཟས་བཅུད་ལ། །གོང་བཞིན་སྦྱར་ཀྱིན་བསྒྲུབ་བྱས་ན། །སྣང་སྲིད་ཟས་ནོར་བདག་ལ་འདུ། །ཀུན་སྡུད་དབང་གི་སྦྱོར་བ་བཤད། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལཔམཚོནཆའཁོརལེའི་རྒྱུད་ལས། དབང་སྡུད་ཐབས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་དབབ་བསད་ཀྱི་ལས་འདི་གསུངས་སོ། །དྲག་པོའི་གསང་སྔགས་སྦྱོར་བ་ཡང་། །གོང་གི་འབྲུབ་ཁུང་ནང་དུ་ཤིས། །ཀན་དྷའི་ཤིང་ལ་འཁོར་ལོ་བྲི། །དབུས་སུ་ཡུལ་ཞིང་སེར་སྲུང་ལྷ། །མུ་ཁྱུད་འཁོར་ལོ་དང་པོར་བྲི། །རྩིབས་བཞི་དྲེགས་པའི་སྙིང་པོ་བྲི། །ཐ་མ་ཆུ་རིས་ཟླུམ་པོ་ལ། །སྲིན་པོ་མིང་སྲིང་དབབ་སྔགས་དགོད། །ཡུལ་གྱི་རྫས་དང་གཉན་རའི་ཆུ། །བྱུགས་ལ་ཐོད་པའི་ནང་དུ་གཞུག །དུག་ཁྲག་འབྲུ་ཟླུམ་སྦྱར་བའི་ཁྲག །གོང་གི་རྫས་དང་སྦྱར་ལ་བྱ། །ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །དྲག་པོའི་སྔགས་དྲིལ་ཏིང་འཛིན་གསལ། །བཅུ་གཅིག་རྫོགས་ནས་ཐུན་བྲབས་ལ། །ཀླུ་ལ་རྟ་གཞུག་ཟོར་འཕང་བསྐུལ། །དེ་ཡི་གསང་སྔགས་འདི་དག་ཡིན། །ཨོ་སྟུ་རུ་ཀུ་རུ་༷ཨི་༷ཕྱི་ཨུ་་མ་ཀྲོ་དྷ་ཧུ༷་ཕཊ། ཀྲོ་དྷ་ཛ་ལ་ས་མ་ཡ་ཕྲོམ་ཕོབ། །ཡག་ཤ་ཛ་ལ་ས་མ་ཡ་ཕྲོམ་ཕོབ། རཀ་ཨ་ཛ་ལ་ས་མ་ཡ་ཕྲོམ་ཕོབ། །ཙིད་ཏྲ་ཛ་ཝ་ས་མ་ཡ་ཕྲོམ་ཕོབ། །ཨོ་བཛྲ་རག་ཤ་ས་མ་སྙིང་ཡ་མ་ཁྲག་རྭ་ཧུ་ལ་ཕྲོ་ཕྲོ་ཧྲིལ་ཧྲིལ་ཤར་ཤར། །མུ་ར་ཡ་རྩ་ཤ་ཐིབ་རུ་སིང་ཏྲ༷་སྲེཔ། སོག་སེ་ཏྲ༷་ཐིབས་སྨྱོ། ཡུལ་ཁམས་བརླག་པར་ཐེ་ཚོམ་མེད། །གཞན་ཡང་ཁྲམ་ཐོད་གསར་པ་ལ། །མོན་ཚིལ་རྟ་དང་ཟངས་ལྕགས་རྒོད། །གྲི་ལྕགས་ཐོག་ལྕགས་གསེར་དངུལ་དང་། །ཆང་གི་སྦྱར་ལ་སྔགས་འདི་བཟླས། །ཞུ་འཕེལ་ཆད་འཕྲོ་ཆགས་པ་ན། །མེ་དང་ལྕགས་ཀྱི་གཟའ་སྐར་ལ། །དྲི་དང་ཆུ་བླུགས་དགྲ་ལ་འཕང་། །དེ་ཡི་གསང་སྔགས་འདི་དག་ཡིན། །ཛ་ལ་ར༷་རྭ་ཧུ་ལ་སི་སི་བཛྲ་རག་ཤ་ས་མ་ཡ་ར༷་ར༷་བཱ་ར་ཙ་ཤ་ཁྲག་ལ་མུ་ཤ༷་མ་སྨྱོ། མྱ་ར་ཡ་རྦད། བཛྲ་ཤད་ཤད། དགྲ་བོའི་སྲོག་ལ་མུ་ར་ཡ་ར༷་རྦད། །དེས་ནི་ལས་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །དྲག་པོ་དབབ་བསད་ཀྱི་ལེའུ་སྟེ་ཉེར་དྲུག་པོ།། །།དེ་ན་གཉེན་པོ་ལྷའི་ཐུག་དམ་བསྐུལ་བ་འདི་གསུང་སོ། །ཧུ༷། ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧུ༷་སྒྲ་ཅན། །ཡན་ལག་དྲུག་ལྡན་ཁྲོ་བོ་གཤིན་རྗེ་གཤེད། །ཡེ་ཤེས་རྒྱན་གྱི་མ་རིག་མུན་པ་སེལ། །ག་་ཆེན་གཤིན་རྗེ་འཇོམས་ལ་འཚལ་ལོ། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །དྲེགས་ཅན་སྟོབས་གཤོམ་ཟིལ་གྱིས་མནན་པ་དང་། །མ་མོ་མཁའ་འགྲོ་རྣམས་ལ་དབང་བསྒྱུར་ནས། །ནད་གཏོང་སྲིན་པོའི་ཚོགས་རྣམས་ཐལ་བར་རློག །ཁྱོད་ཀྱིས་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །སྙི༷༷ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཐུགས། །སྤྱན་རས་གཟིགས་དབང་སྣྲི༷༷ལས་རྔམ་ཆེན་སྐུ། །ངག་གི་དབང་ཕྱུག་རྟ་གདོང་ཞབས་ཀྱིས་གནོན། །རྡོ་རྗེ་རྟ་ཡི་རྟ་སྟབས་དབུ་ཡང་དབུ་ཡིས། །འཇིག་རྟེན་ཀློང་དགུའི་འདོད་པ་སྟོན། །འཇིག་རྟེན་དྲེགས་པ་གཏུམ་པའི་ཚོགས། །རྡོ་རྗེ་རྟོག་པ་བྱ་སྒྲོན་གྱིས། །སྣང་མཛད་ངག་གི་དབང་ཕྱུག་སྐུ། །བྱངཆུབཆེནཔོཅངཤེསགཙོ། །ལྷ་ཆེན་དགུ་ཡི་ཆོ་འཕྲུལ་གྱིས། །རྡོ་རྗེ་རྟ་གདོང་སྤྲུལ་པའི་ཚོགས། །ནམ་མཁའི་ཁམས་རྣམས་གང་བར་མཛོད། །འཁོར་བ་མ་སྒྲོལ་བར་དུ་ནི། །སྙིང་རྗེའི་གོ་ཆ་མ་བསྙེལ་བར། །འཁོར་བའི་སོ་མཐའ་ཆོད་པར་མཛོད། །ཧུ༷། རྒྱལ་བ་ཀུན་གྱི་གསང་འཛིན་པ། །ཐུགས་རྗེ་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །དྲག་པོ་བརྟུལ་ཞུགས་ཆེན་པོ་ཅན། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །སྔོན་གྱི་གོ་ཆ་ཆེན་པོ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །གདུལ་དཀའ་མ་ལུས་འདུལ་མཛད་པ། །བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། །སེམས་དབང་ཆེན་པོ་འབར་བའི་སྐུ། །འཇིགས་སུ་རུང་བའི་དཔའ་བྱད་ཅན། །ཧུ༷་རྔམ་ཞབྲུག་པའི་ང་རོ་ཡིས། །དུར་ཁྲོད་བདག་པོ་རབ་ཏུ་བཅོམ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གཉེན་པོ་ལྷའི་ཐུགས་རྗེ་བསྐུལ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཆོས་སྐྱོང་བསྐུལ་བ་འདི་གསུངས་སོ། །སྨྱོ། ཉི་མ་ལྷོ་ནུབ་ཕ་གི་ན། །སྲིན་ཡུལ་པུ་རངས་ནག་པོའི་དཀྱིལ། །ལང་ཀ་ཡུལ་གྱི་གྲོང་རྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོ་ཡི། །དབུས་ན་རི་བོ་མ་ལ་ཡ། །དྲག་ཤུལ་བྱན་ལག་འཔྱོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ན། །ཆོས་འཛིན་རིགས་ཀྱི་སྒྲུབ་གནས་ཏེ། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །གསུར་ཆེན་དུད་པ་སྤྲིན་དུ་གཏིབས། །གནམ་ལྕགས་ཆུ་སེར་མཚོ་རུ་འཁྱིལ། ཁྲ་རུས་ཕུང་པོ་རི་ལྟར་སྤུངས། །ཅེ་སྤྱང་ལིངས་སུ་རྒྱུག་ཅིང་འདྲལ། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དུར་ཁྲོད་མཁའ་འགྲོ་འདུ་བའི་གནས། །རབ་ཏུ་འཇིགས་པའི་ཡུལ་མཁར་ན། །འཇིགས་པའི་ཐོད་མཁར་ལྡེམས་སེ་ལྡེམ། ཁྲར་ཕྱོགས་བམ་རིལ་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བམ་རིལ་མི་ཐོད་བརྩིགས། །མི་ཐོད་སྒྱུགས་པ་ཙེ་རི་རི། །ནུབ་ཕྱོགས་བམ་རིལ་རྟ་ཐོད་བརྩིགས། །རྟ་ཐོད་མཚེར་དང་ལྷང་སེ་ལྷང་། །བྱང་ཕྱོགས་བམ་རིལ་ཐོད་མཁར་བརྩིགས། །བྱ་ཐོད་ཚེག་སྒྲ་དི་རི་རི། །སྲིན་པོ་ཐོད་པའི་ཁ་བད་ཅན། །ལས་ཀྱི་འོད་ཟེར་དབལ་དུ་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་བདུད་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་མྲ །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་ཁྲི་རུ་བརྩིགས། །མི་རོ་རྟ་རོའི་གདན་སྟེང་ན། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞུགས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཕྲིན་ལས་དྲག་པོར་དབང་བསྐུར་བས། །སྐུ་མདོག་དབུས་ཞལ་ལྗང་ནག་བརྗིད། །ཞལ་གསུམ་འཇིགས་པའི་ཆ་ལུགས་ཅན། །གཡས་སེར་ཐུགས་རྗེས་འགྲོ་བ་སྐྱོབས། །གཡོན་དམར་ཆགས་པས་དབང་སྡུད་འགུགས། །དམར་ནག་རལ་པ་སྲིད་རྩེར་འབར། །རལ་པ་འཁྲུགས་པའི་སྐྲ་གསེབ་ན། །གནམ་ལྕགས་ཐོག་སེར་སྐར་མདའ་འཕྲོ། །སྤྱན་དགུ་མེ་འོད་སྐར་ལྟར་འཁྱུག །ནད་ཀྱི་རྐྱལ་པ་ཚུབ་མར་འ་། །ཞལ་གདངས་དབང་གི་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་ལྟར་སྒྲོགས། །དྲག་པོའི་རྐན་སྒྲ་བདུད་ལྟར་རྡེབ། །གསང་བའི་སྒྱུགས་པ་འཁོར་ལ་འབོད། །གདུག་པའི་མཚོན་ཆ་ལུས་ལ་འཕྲོ། །དྲག་པོའི་ཕྱག་དྲུག་གདེངས་པ་ལ། །གཡས་ཀྱི་དང་པོ་གསལ་ཤིང་གིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །བར་པ་རྡོ་རྗེ་གསོར་ཞིང་འཕྱར། །དགྲ་བགེགས་མགོ་ལུས་ཚལ་པར་གཤོག །ཐ་མ་གནམ་ལྕགས་དབལ་ཕུར་འདེབས། །དམིགས་པའི་སྙིང་ལ་གཟེར་ཆེན་འབེབས། །གཡོན་གྱི་དང་པོ་དུང་ཆེན་དུ། །སྲིད་གསུམ་སྙིང་ཁྲག་བླུག་ཅིང་འཐུང་། །བར་པ་རྣོ་དབལ་ཤུན་གྱི་མདུང་། །ཞིང་བཅུའི་སྙིང་ལ་གཟེར་ཆེན་འདེབས། །ཐ་མ་སྦྲུལ་ནག་ཞགས་པ་ཡིས། །བླ་སྲོག་འགུགས་ཤིང་ཡན་ལག་འཆིང་། །ཞབས་བཞི་བརྐྱང་བསྐུམ་འབྱུང་པོ་གནོན། །ཞིང་གི་གཡང་གཞིའི་སྟོད་གཡོགས་ལ། །གཏི་མུག་གླང་ཆེན་པགས་པ་གྱོན། །ཞེ་སྡང་སྟག་གི་ཤམ་ཐབས་ལ། །གདུག་པ་སྦྲུལ་གྱི་སྐ་རགས་བཅིངས། །ཐོད་སྦྲུལ་ཐལ་ཞག་ཐལ་བས་བརྒྱན། །གདུག་རྩུབ་མེ་ཡི་ཀློང་ན་བཞུགས། །དབལ་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྔོན་གྱི་དམ་བཅའ་མ་བསྙེལ་བར། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །གཡོན་གྱི་ཕྱོགས་ནས་སྐུ་བྱུང་བ། །ཉེ་གནས་ཀྲོ་དྷི་ཤྭ་རྡི་མ། །ག་་པའི་སྲིན་མོ་འཇིགས་ཚུལ་ཅན། །ཞལ་གཅིག་ཕྱག་གཉིས་ཐལ་བའི་མདོག །ཁྲག་རལ་དམར་པོ་མུན་ལྟར་གཏིབས། །སྐུ་སྟོད་ཞིང་ཆེན་གཡང་གཞི་ལ། །ཉི་ཟླ་གཟའ་སྐར་འཇའ་ཚོན་འཁྲུག །སྐུ་སྨད་སྟག་དང་རེ་ལྡི་ལ། །སྦྲུལ་ནག་ཆུ་སྲིན་ཐོད་པས་བརྒྱན། །གཡས་པ་སྦྲུལ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བབ་རྐང་མར་ཀླད་པ་ལ། །འབྲུ་མར་ཆང་གིས་སྦྱར་བ་དག །རྟག་པར་རང་གི་ལོངས་སྤྱོད་བྱེད། །ཡབ་ལ་སྟོབ་ཅིང་དགྲ་ལ་འཕེན། །སྔོན་གྱི་དམ་བཅས་མ་བསྙེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ནི། །ལས་ཀྱི་མོན་པ་ནག་པོ་བཞེངས། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་ཚུལ། །གཡས་པ་གྲི་གུག་སྔོན་པོ་བརྡར། །གཡོན་པ་བྷན་དྷ་སྙིང་ཁྲག་འཐུང་། །ཞབས་ནི་དམ་ཉམས་སྟེང་ན་བགྲད། ་༑་ར་རེ་སྟེ་མ་གཏོང་ཞིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །རབ་ཏུ་བྱུང་བའི་ཆ་བྱད་ཅན། །གཡས་པ་གསེག་ཤང་པར་བུ་བསྣམས། །གཡོན་པ་བདུད་ཀྱི་པར་བུ་ནག་པོའོ། །ཆོས་གོས་ནག་པོ་ཕྱིན་ལོག་གྱོན། །ཆོས་ཀྱི་གླེགས་བམ་ཁུར་དུ་ཁུར། །དྲག་པོའི་སྔགས་ཟློས་དི་རི་རི། །ལོངས་སྤྱོད་མི་སྙིང་དམར་ལ་བྱེད། ་༑་ར་རེ་སྟེ་མ་གཏོང་ཞིག །དེ་ཡི་ཐུགས་ཀྱི་དགྱེས་སྡེ་མོ། །བྱང་ཤར་མཚམས་སུ་གནས་བཅས་ནས། །ངཀར་མོ་ཀང་ཀ་མཆུ་རིང་ཁྲོས་པའི་ཚེམས། །རྣམ་པར་སྣང་མཛད་མི་གཡོ་གཙུག་ཏོར་ཅན། །ཕྱག་ན་རྡོ་རྗེ་བཀའ་སྡོད་ཕོ་ཉ་མོ། །འཁོར་གྱི་མ་ཚོགས་ཐམས་ཅད་ལས་ལ་འགྱེད། ་༑་ར་རེ་སྟེ་མ་གཏོང་ཅིག །མཐིང་ནག་དར་གྱི་འཇོལ་བེར་ཅན། །ཆུ་དར་ལྗང་གུ་ཐོད་དུ་བཅིངས། །ཙསྡོན་སྨུག་པོའི་གྱིང་བེང་ཅན། །ཁྲོས་པའི་ཆ་བྱད་ཆེན་པོ་ཡིས། ་༑་ར་རེ་སྟེ་མ་གཏོང་ཅིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །གཅེར་བུ་ཁམ་ནག་གྱེན་དུ་བརྗེས། །ཁ་ནས་ཁྲག་འཛག་ཐོད་ཕྲེང་ཅན། །མི་གནས་མེ་ཡི་ཕུང་པོ་འབར། །གཡང་་པ་གསལ་ཤིང་དགྲ་ལ་བརྡེག །གཡོན་པ་ལྕགས་ཀྱུས་དོན་སྙིང་འབྱིན། །མི་རོ་རློན་པའི་གདན་ལ་བཞུགས། ་༑་ར་རེ་སྟེ་མ་གཏོང་ཞིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །གདོང་བཞི་ཐོད་ནག་ཕྲེང་བ་ཅན། །ནག་པོ་རོལ་ཅན་འཚིག་ཅིང་ཁྲོ། །ཕྱག་བཞི་གདེངས་པ་མཚོན་འབྲུའི་ལག །ཞབས་གཉིས་ཞབས་བཞི་ཆོ་འཕྲུལ་རྐང་། །གཡས་ཀྱི་དང་པོ་གྲི་གུག་འདེབས། །འོག་མ་བསེ་མདུང་བ་དན་འཕྱར། །གཡོན་གྱི་དང་པོ་རྒྱུ་ཞགས་ཐོགས། །འོག་མ་ཟངས་གྲི་རྣོ་དབལ་འཕྱར། །མི་སྙིང་ཟ་ཞིང་ཐོད་རློན་འཕེན། །ཁྱོད་ཀྱི་ཞབས་ཀྱི་ལོང་བུ་ནས། །སྟག་སྨད་རྒྱལ་མོ་སྒྱུགས་སེ་སྒྱུག །གནོད་སྦྱིན་འཁོར་རྣམས་ལས་ལ་འགྱེད། །ཁྱོད་ཀྱི་སྟ་ཟུར་གཡས་གཡོན་ནས། །ཕོ་སེང་གཡས་ལ་མོ་སེང་གཡོན། །རལ་པ་སྔོན་པོ་ཉིགས་སེ་ཉིག །མཆེ་བ་གངས་རི་གཏམས་པ་འདྲ། །ཁྲོ་བོ་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་རྩིབ་ལོགས་གཡོན་པ་ནས། །འཕར་བ་རྐན་ལྡག་ཁྱུགས་སེ་ཁྱུག །དྲེད་མོ་ལག་རྡེབས་ཆེམས་སེ་ཆེམ། །ཕྲ་བྱེད་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་སྨིན་ཁྱུག་གཡས་གཡོན་ནས། །བྱ་ཁྱུང་རྒྱལ་པོ་ག་རུ་ཊ། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཅིང་། །སྲིན་མོའི་ཚོགས་ཀྱི་སྤྲུལ་པ་འགྱེད། །ཤོ་ར་རེ་སྟེ་མ་གཏོང་ཞིག །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །སྲིན་མོ་ཉེ་གནས་ཆེན་མོ་བརྒྱད། །ཀོ་རྡི་ཙོ་རྡི་པྲ་མོ་ཧ། །བེ་ཏ་སྙི་དང་པུསྐ་སྙི། །བྷསྨ་རྡི་དང་སྨ་ཤ་ནི། །ཙཎྜསྙི་སྟེ་སྲིན་མོ་ཀུན། །རྔམ་ཞིང་ག་་པའི་མ་ཚོགས་ལ། །འཇིགས་པའི་གཟུགས་ཅན་མཚོན་ཆ་ཐོགས། །སྲོག་ལ་ཧུར་ཐུམ་དུས་ལ་བབ། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྤྱང་བཞད་ཀྱི་མགོ །ཀང་ཀ་བྱ་རོག་འུག་པའི་ཚོགས། །ཞིང་ལ་རྔམ་ཞིང་སྟོད་པའི་ཚོགས། །ཉམས་པ་ལོང་ལ་གློ་སྙིང་ཟོ། །ཆོ་འཕྲུལ་སྣ་ཚོགས་དགྲ་ལ་ཐོང་། །དུར་ཁྲོད་མ་ཡི་སྒོ་སྲུང་བཞི། །གདོང་མོ་བཙོན་མོ་གར་ལོག་མོ། །འཇུག་པར་བྱེད་པའི་མ་མོ་བཞི། །རྣལ་འབྱོར་འཁོར་བཅས་བར་ཆད་སྲུངས། །ཉམས་པ་དགྲ་ཡི་ཡན་ལག་ཆིངས། །དུར་ཁྲོད་བདག་མོ་གྲུ་འདེགས་བཞི། །བསྐམ་མོ་ཤིན་ཏུ་བསྐམ་པ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པའི་ཚུལ་ལ་བླ་སྲོག་ལེན། །དམ་ཉམས་དགྲ་བོའི་དབུགས་ལོང་ལ། །སྨྱོ་འབོག་གཏོང་བའི་དུས་ལ་བབ། །ལྷ་ཡི་དེད་དཔོན་ཀ་རུ་ན། །ཆུང་མ་བུ་མོ་སྲིན་མོ་རྣམས། །ཕྲོགས་ནས་དབང་དུ་བྱས་པ་ཡི། །བཅུ་གཉིས་དང་ནི་བཅོ་བརྒྱད་སོགས། །མ་མོ་ཕྲ་མེན་གནོད་སྤྱིན་མོ། །སྲིན་མོ་ཤ་ཟ་ཁྲག་འཐུང་མ། །དམ་ཉམས་དགྲ་བོའི་བཀྲ་མདངས་ཕྲོགས། །བདུད་ཀྱི་མིང་འཛིན་གླ་རྐུན་མོ། །དམ་ཉམས་འདི་ཡི་བླ་ལོང་ལ། །སྔོན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མདག་པར་བྱས། །ཅི་བགྱིས་བཀའ་ཉན་ཕོ་ཉའི་འཁོར། །སྲིན་པོའི་དམ་ཚོགས་དགྲ་ལ་ཐོང་། །རྦོད་གཏོང་རྔམ་པས་དགྲ་སྙིང་ཁོས། །བམ་རིལ་ཐོད་མཁར་ཕྱི་རོལ་ནས། །ཁྲག་དང་ཤ་ཆེན་བཤང་གཅི་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་འོབས་དང་ནི། །འབུ་དང་ཤིན་ཏུ་འབུ་ཆེན་དང་། །སྤྲང་མ་སྤྲང་རྒོད་བུང་བ་དང་། །དུག་སྐྲུལ་སྡིག་པ་སྡོམ་ལ་སོགས། །དགྲ་བོའི་ཁང་ཁྱིམ་རྨང་ནས་ཤིག །དགྲ་བོའི་ལུས་ལ་བལ་ལྟར་གཡེངས། །ཀང་ཀ་རུ་རྩེ་རྐང་ལྡག་དང་། །ཁྲག་འཐུང་མཆུ་དམར་ཁུ་སྐྱེགས་དང་། །བྱ་རོག་འུག་པ་ཁུ་རྦོད་རྣམས། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དགྲ་བོའི་བླ་ཡི་སྟེང་དུ་ལྡིངས། ཁྲ་ལ་ཟ་ཞིང་རྒྱུ་མ་དྲོངས། །དབང་པོའི་དངས་མ་མིག་འབྲས་ཕྱུང་། །ཅེ་སྤྱང་སྟག་སེང་དོམ་དང་དྲེད། །འཕང་བ་རྐང་ལྡག་ལ་སོགས་པའི། །གཅན་ཟན་གདུག་པའི་ཚོགས་རྣམས་ཀུན། །དམ་ཉམས་ཤ་རུས་བམོ་ལ་རོལ། །མྱུར་དུ་སོད་ལ་ཁྲག་ལ་འཐུང་། །དུར་ཁྲོད་མཁའ་འགྲོ་མ་མོ་ཀུན། །སྒྱུགས་གླུ་ལེན་ཅིངདམགཚོགསཁྱེ། །དམཉམས་གྲོག་དབུགས་མདངས་ལ་ཡ བཅོལ་བའི་འཕྲེན་ལས་གྲུབ་པར་མཇོད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དབུས་ཀྱི་གཙོ་བོ་བསྐུལ་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་འཁོར་བསྐུལ་བ་འདི་གསུངས་སོ། །སྦྱོ།ཤར་ཕྱོགས་ཐོད་མཁར་འཇིགས་པ་ནས། །ཁྲོ་བོའི་ཚོགས་དང་སྤྲུལ་པའི་འཁོར། །ཁྲོ་ཆེན་བཛྲ་གིང་ཀ་ར། །སྐུ་མདོག་མཐིང་ནག་འཇིགས་པའི་སྐུ། །ཕྱག་གཡས་མཚོན་ཆའི་འཁོར་ལོ་སྒྱུར། །དམིགས་པའི་མགོ་ལུས་དུམ་བུར་ག་ས། །གཡོན་པ་ཐོད་པ་རློན་པ་སྒ །སྙིང་ཁྲག་འཐུངས་ཤིང་དམིགས་པ་གནོན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་བཀའ་འཁོར་ལས་བྱེད་ནི། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་འགྱེད། །གསང་བའི་བདག་པོས་དབང་བསྐུར་ནས། །རྡོ་རྗེ་ཆོས་ཀྱི་མིང་བཏགས་པས། །ཞེ་སྡང་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །རྡོ་རྗེ་མྱུ་གུ་ཞེས་བྱ་བ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །རྒྱལ་བའི་དགོངས་པ་ཀུན་འདུས་པས། །འོད་ཕུང་ཁྲོས་པའི་ཁྲོ་བོ་བཞི། །མི་བཟད་འབར་བ་དྲག་པོའི་གཟུགས། །ཁྲག་མིག་དམར་པོ་ལྡོག་ཅིང་ཁྲོ། །རྡོ་རྗེ་དྲག་པོ་འཁོར་ལོ་རྩལ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །དམ་ཅན་ཁྲག་གི་རལ་པ་ཅན། །པདྨའི་མེ་ཏོག་འབུམ་གྱིས་བརྒྱན། །དུར་ཁྲོད་མཁའ་འགྲོ་ཚོགས་ཀྱི་བདག །རྡོ་རྗེ་ཆོས་ཀྱི་ལས་མཁན་པོ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །སེར་ནག་འཇིག་པའི་སྦྲུལ་གྱིས་བརྒྱན། །ཁ་ནས་མེ་འབར་སྟོང་གསུམ་བསྲེག །རིན་ཆེན་་་་བདུད་དཔུང་ཚོགས་ཀྱི་བདག །རིན་ཆེན་མྱུ་གུ་ཞེས་བྱ་བ། །གྲི་ཐོགས་ཆེན་པོའི་དུས་ལ་བབ ཆོས་བཟང་ལྷ་ཡི་མདུན་ས་མྲ །ལྷ་ཡི་དམག་དཔོན་ཆེན་པོ་ནི། །ལྗང་ནག་ལུས་ལ་ཆོ་འཕྲུལ་ཅན། །རྡོ་རྗེ་ལས་རབ་དྲག་པོ་རྩལ། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་འགྱིང་། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །སྐྱེས་པ་དར་མའི་སྲོག་གཅོད་ཅིང་། །བུད་མེད་མངལ་ཕུག་སྲིད་ཁ་སྡོམས། །སྒྱུགས་གླུ་ལེན་ཅིང་འཁོར་ལོས་གཅོད། །རྡོ་རྗེ་ཟླ་རྩལ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་བབ། །སྐུ་མདོག་དམར་གསལ་ཁྲག་གི་མདོག །ཅེ་སྤྱང་མང་པོའི་སྤྲུལ་པ་འགྱེད། །མི་བཟད་ལག་རིང་ཆེན་པོ་སྟེ། །རྡོ་རྗེ་ཉི་མ་མདངས་ཆེན་པོ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །རྔམ་པའི་ང་རོ་དྲག་པོ་ནི། །ནམ་མཁའི་ཁམས་ནས་འབྲུག་ལྟར་སྒྲོགས། །མཆེ་བ་རྔམ་པས་དགྲ་སྙིང་འབྱིན། །རྡོ་རྗེ་སེང་ཆེན་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །ནག་པོ་མི་བཟད་སྦྱན་གསུམ་པོ། ཁྲ་ན་ཁྱི་གདོང་འཇིགས་པའི་གཟུགས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན། །རྡོ་རྗེ་སྤྱང་ཀི་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །མི་རྟོག་པ་ལ་གནས་པའི་སྐུ། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབས། །རྡོ་རྗེ་ནམ་མཁའ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཕྱོགས་བཞི་དག་ཏུ་རྒྱུག་བྱེད་ཅིང་། །ཕྱོགས་མཚམས་སྟེང་འོག་རྣམ་པར་འཇོམས། །རྡོ་རྗེ་ཕྱོགས་འདུལ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །མཐིང་ནག་ཁྲོ་བོའི་ཆ་བྱད་ཅན། །མི་མགོ་སྟོང་གི་ཕྲེང་བས་བརྒྱན། །མི་རོ་བམ་པའི་གདན་ལ་བཞུགས། །དུར་ཁྲོད་བདག་པོ་ཆེན་པོ་བྱ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །གྲི་ཐོགས་གིང་ཆེན་བཅུ་གཉིས་པོ། །ལ་ལ་ཁྲག་གི་ཐིག་ལེ་ཅན། །ལ་ལ་ཞག་གི་ཟོ་རིས་ཅན། །ལ་ལ་ཐལ་ཆེན་ཚོམ་བུ་ཅན། །ཕྱག་ན་ལྕགས་གྲི་རྣོན་པོ་བརྡར། །གློ་སྙིང་འབྱིན་ཅིང་ནང་ཁྲོལ་ཟ། །དམིགས་པའི་དགྲ་ལ་ཁྲོ་ཚོགས་ཆོས། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆའི་འཁོར་ལེའི་རྒྱུད་ལས། ཁྲོ་བོའི་ཚོགས་བསྐུལ་བའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་གནོད་སྤྱིན་གྱི་ཚོགས་བསྐུལ་བ་འདི་གསུངས་སོ། །སྨྱོ། ཉི་མ་ནུབ་ཕྱོགས་ཕ་གི་ན། བསེ་གདོང་ཁྲ་བོའི་ནང་ཤེད་ན། །ལྕགས་མཁར་སྔོན་པོ་གནམ་དུ་ལྡེམས་སེ་ལྡེམ། །གཡས་ན་ཕོ་སེང་བརྒྱ་ནི་ཁ་ཡང་འཐབ། །གཡོན་ན་མོ་སེང་བརྒྱ་ནི་མཆེ་བ་བདར། །འོག་ན་ཞེ་སྡང་དུག་མཚོའི་རྦ་རླབས་མེ་རེ་རེ། །སྟེང་ན་བསེ་ཡི་བྱ་གླག་བརྒྱད་ཁྲི་བཞི་སྟོང་ལྡིང་། །སྐེད་ནས་ཉི་མ་ཟླ་བའི་འོད་ཟེར་འཆར། །རྩེ་ལ་ང་རྒྱལ་གློག་དམར་ཁྱུགས་སེ་ཁྱུག །བསེ་འབྲུག་ལྡིར་བ་གནམ་ནས་འཁྱུག་ཅིང་ལྡིར། །བསེ་སེར་ལུག་ཙམ་རྟག་ཏུ་ཆར་དུ་འབེབས། །དེ་འདྲའི་མཁར་གྱི་ནང་ཤེ་ན། །མ་རུངས་གདུག་པ་ཀུན་ཀྱི་གཙོ་གྱུར་པ། །ཡབ་གཅིག་གནོད་སྦྱིན་རྒྱལ་པོ་ཟངས་ཐོགས་བཞེངས། །སྐུ་མདོག་དམར་ནག་བརྗིད་པ་ལ། །དབུ་ལ་རྒྱ་མདུད་འཁོར་ལོ་བརྩེགས། །རལ་པ་དམར་པོ་སྤྲིན་ལྟར་གཏིབས། །སྤྱན་མིག་དམར་པོ་དམ་ཉམས་དགྲ་ལ་ཟློག །འཇིགས་པའི་ཞལ་ནི་བགྲད་པ་ལ། །མཆེ་བ་གནམ་ལྕགས་དགུ་བརྒྱས་གཏམས། །སྐུ་ལ་ཤུན་གྱི་གཡང་གཞི་གསོལ། །ཕྱག་ན་གསེར་གྱི་རལ་གྲི་བསྣམས། །གཡོན་པ་བསེ་ཡི་མདུང་དམར་བསྣམས། །བ་དན་དམར་པོ་གློག་ལྟར་འཁྱུག །འཇིགས་སུ་རུང་བའི་དཔའ་བྱད་ཅན། །སྔོན་དུ་ཞེ་སྡང་ལས་ལ་གྲུབ། །དོ་ནུབ་དྲག་པོའི་དུས་ལ་བབ། །དེ་ཡི་ཡུམ་ཆེན་བྲན་མོ་ནི། །བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཅན། །སྔོན་དམར་ལུས་ལ་འཇའ་ཡིས་བརྒྱན། །རལ་པ་སྔོན་པོ་བུ་ཡུག་འཅོ། །གཡས་པ་བྱད་ཐག་དགྲ་ལ་འཕེན། །གཡོན་པ་སྔོན་དམར་བགེགས་ལ་འདེབས། །ཁ་རླངས་སྔོན་པོ་དུ་བར་འཐུལ། །འཇིགས་པའི་སྒྱུགས་གླུ་ཙེ་རེ་རེ། །སྲིན་པོ་འབུམ་ཚོགས་དམག་ཏུ་བསྐུལ། །སྔོན་ཀྱང་འདོད་ཆགས་ལས་ལས་གྲུབ། །དོ་ནུབ་དྲག་པོའི་ཕྲིན་ལས་མཛོད། །ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །བསེ་ཡི་གྱད་ཆེན་དམག་དཔོན་བཞི། །ལྷ་སྲིན་སྡེ་བརྒྱད་ལས་ལ་བསྐུལ། །ཉམས་པ་དགྲ་ཡི་གཤེད་མ་གྱིས། །ས་བདག་བསེ་ཡི་ལྷ་མོ་བཞི། །བུད་མེད་སྡེ་བཞིས་དམག་སྣ་དྲོང་། །འདུ་བ་རྣམ་བཞི་ནད་མཚོན་རྒྱོབ། །སྙིང་ཟན་སྲོག་འདྲིལ་སྲོག་ལེན་སོགས། །འཁོར་གྱི་གིང་ཆེན་བཞི་བཅུ་གཉིས། །བསེ་ཁྲབ་བསེ་རྨོག་འོད་དུ་འབར། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཕྱག་ན་རལ་གྲི་རྣོ་འཇོམས་ཐོགས། །སྲོག་རྩ་བཅད་ནས་སྙིང་ཁྲག་འཐུང་། །བསེ་ཕུབ་དམར་པོ་མེ་འོད་སྣང་སྲིད་འགེངས། །སྲིད་གསུམ་ལྷ་འདྲེ་ལུབྲུག་ཅིང་བསྐུལ། །ཧུ༷་ཆེན་དྲག་པོ་གིང་གི་ཚོགས། ཁྲ་ཁྲག་སྣ་ཚོགས་གིང་ལ་མཆོད། །བཅོལ་བའི་ལས་རྣམས་གྲུབ་པར་གྱིས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གནོད་སྤྱིན་གྱི་ཚོགས་བསྐུལ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་རག་ཤ་སྲིན་པོའི་ཚོགས་བསྐུལ་བ་འདི་གསུངས་སོ། །སྨྱོ། དྲག་པོ་ལྕགས་མཁར་ནང་ཤེད་ན། །རསྒ་ཛ་མ་གློག་ཕྲེང་ཅན། །ཧམ་ཤམ་བསེ་གདོང་གདུག་པའི་བུ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་ཀུན་ཏུ་རྒྱུ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་སྲིན་ལ་རོ་སྨད་སྦྲུལ། །སྐུ་མདོག་བརྗིད་པའི་དུད་ཁ་བ། །གཡས་པ་རྡོ་རྗེ་གྲི་གུག་གིས། །ཉམས་པའི་ཁོག་གཤོག་སྙིང་ནས་ཕྱུང་། །གཡོན་པ་ཆུ་སྲིན་ཞགས་པ་ཡིས། །བླ་སྲོག་ཟུང་ཞིག་དམ་དུ་ཆིངས། །ཉི་མ་ཟླ་བ་ལྟོ་རུ་ཟ། །ཉི་མའི་རྗེས་གཅོད་ཤར་དུ་རྒྱུག །ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུག་ཅིང་བླ་སྲོག་སྡུད། །མཚན་མོ་རྒྱུ་ཞིང་སྲོག་དབུགས་གཅོད། །དམག་དཔོན་ཆེན་པོའི་དུས་ལ་བབ། །གཟའ་མཆོག་ཆེན་པོའི་དུས་ལ་བབ། །དབང་ཕྱུག་ཆེན་པོའི་དུས་ལ་བབ། །ནམ་མཁའི་དཀྱིལ་ནས་འབྲུག་བསྒྲགས་ཤིང་། །བར་སྣང་ཁམས་ནས་གློག་ཆེན་འཁྱུག །ས་ཡི་དཀྱིལ་དུ་ཐོག་ཆེན་འབེབས། །རྒྱ་མཚོའི་གཏིང་དུ་སེར་ཆེན་སྒྲིལ། །དམ་ཉམས་དགྲ་ཡི་ཡུལ་འཁོར་ཆོམས། །ལོ་ལ་ཁྲག་གི་སེར་བ་ཕོབ། །སྲོག་ལ་གློ་བུར་ཡེ་འཕྲོག་ཐོང་། །ཕྱོགས་བཞི་ནམ་མཁའི་དཀྱིལ་ཡངས་ནས། །ངན་སྔགས་བདག་མོ་གདོང་མོ་བཞི། །ཆོ་འཕྲུལ་སྤྲུལ་པ་དགྲ་ལ་འགྱེད། །ཕོ་ལྷོག་ནད་སོགས་ནད་མཚོན་རྒྱོབ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ནས། །སྲིད་པའི་རྒྱལ་པོ་ཆེན་པོ་བཅུ། །མདོག་ནི་མ་ངེས་ཁྲོས་པ་བཞིན། །མཚོན་ཆ་སྣ་ཚོགས་འཁོར་ལོ་སྒྱུར། །བསྟན་པ་བསྲུང་བར་དམ་བཅས་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །དམ་ཉམས་སྲོག་རྩ་དམར་པོ་ཆོད། །རི་རབ་གཡོ་བསྙིལ་འུ་རུ་མྲ །རྒྱ་མཚོ་ཞོ་འཆོལ་ཆི་ལི་ལི། །གནམ་ས་དཀྲུག་པའི་དུས་ལ་བབ། །སྲོག་རྩ་ཆོད་ཅིང་སྙིང་མགོ་ཆོད། །མཛེ་འབྲས་སྨྱོ་འབོག་ལ་སོགས་ཀྱིས། །དགྲ་བོའི་རྩ་ལག་རླུང་ལ་སྐུར། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྲིན་པོའི་ཚོགས་ལས་ལ་མངག་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཟ་བྱེད་མ་མོའི་ཚོགས་བསྐུལ་བ་འདི་གསུངས་སོ། །སྨྱོ། །ཉི་མ་བྱང་ཤར་ཕ་གི་ན། །བྲག་དམར་མཚོ་ཁོལ་མེ་རེ་རེ། །དུག་རླངས་ན་བུན་ཕྱུ་རུ་སྲ །མཚོ་ཆེན་སྔོན་དམར་རྦ་རླབས་ཆི་ལི་ལི། །བསེ་མཁར་སྨུག་པོ་གནམ་དུ་ ཟངས་སེ་ཟང་། །དུར་བྱ་ཀང་ཀ་སྣ་ཚོགས་ལྡིང་ཞིང་འཇུམ། །ཅེ་སྤྱང་ལི་དུའི་ཚོགས་རྣམས་དི་རི་རི། །ནད་ཀྱི་མཚོན་སྤྲིན་སྔོན་དམར་ཐིབས་སེ་ཐིབ། །མ་གཅིག་དཔལ་ལྡན་རི་མ་ཏི། །ཡ་མཚན་བུད་མེད་རྔམ་པའི་མདོག །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཁྲག་གི་རལ་པུ་མུན་ལྟར་གཏིབས། །སྤྱི་བོའི་གཙུག་ན་ཟླ་གམ་གསལ། །ལྟེ་བའི་དབུས་ནས་ཉི་མ་འཆར། །སྲིད་གསུམ་ཀུན་གསལ་བླ་ཚེ་རྐུ། །སྙན་ཆ་སེང་སྦྲུལ་དྲིལ་བུས་བརྒྱན། །ཐམས་ཅད་ཟིལ་གནོན་གདུག་པ་འདུལ། །སྐུ་སྟོད་ཞིང་ཆེན་གཡང་གཞི་ལ། །རུས་ཕྲེང་ཁྲག་དང་ཞག་གིས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམ་ཐབས་ལ། །སྦྲུལ་དང་ཐོད་ཕྲེང་དྲིལ་བུས་བརྒྱན། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །དྲག་མོ་མཚོན་ཆའི་ལྟེ་ལེ་ཅན། །གཡས་ན་གཤིན་རྗེའི་ཁྲམ་བམ་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །བཙན་གྱི་ཤཱ་རྡེལ་ཕྱོགས་བཅུར་འཐོར། །ཚུབ་ནག་སྟོང་དཀྱིལ་ནང་ན་བཞུགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། ཁྲར་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །སངས་རྒྱས་རིགས་ཀྱི་རྣལ་འབྱོར་མ། །དཀར་མོ་རལ་ཅན་འབུམ་སྡེ་རྣམས། །ཁྱོད་ཀྱིས་ཤར་ཕྱོགས་དགྲ་བགེགས་ཐུལ། །ལྷོ་ཕྱོགས་རིགས་ཀྱི་ཟ་བྱེད་མ། །སེར་མོ་རལ་ཅན་ཁྲོས་པའི་གདོང་། །རིན་ཆེན་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་ལྷོ་ཡི་དགྲ་བགེགས་ཐུལ། །ནུབ་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །དམར་མོར་རལ་ཅན་ཕོ་ཉར་བཅས། །པདྨ་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་ནུབ་ཀྱི་དགྲ་བགེགས་ཐུལ། །བྱང་གི་ཕྱོགས་ཀྱི་ཟ་བྱེད་མ། །ལྗང་ནག་རལ་ཅན་རྔམ་པའི་ཚོགས། །ལས་ཀྱི་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་བྱང་གི་དགྲ་བགེགས་ཐུལ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། མ་མོའི་ཚོགས་བསྐུལ་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་དྲག་པོ་གཤིན་རྗེ་ལྟར་བསྐུལ་བ་འདི་གསུངས་སོ། །སྨྱོ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །རཀྟའི་རྒྱ་མཚོའི་རྦ་ཀློང་འཁྲུག །ཐོད་མཁར་སྒོ་མེད་ནང་ཤེད་ན། །མི་རོ་རྟ་རོ་གཅལ་དུ་བཀྲམ། །གཟས་པའི་གདན་ལ་སྟག་ཆེན་ཁྲི། །མེ་དཔུང་ཀློང་ནས་སྐུ་བྱུང་བ། །བཱ་ཧྭ་ཀྭ་ལ་མགོན་པོ་ཆེ། །བདུད་འདུལ་དབང་ཕྱུག་འདུལ་བའི་གིང་། །སྐུ་མདོག་དུག་ཆེན་འཁྱིལ་བ་འདྲ། །སྤྱན་གསུམ་སྡང་མིག་མེ་ལྟར་འབར། །དགྲ་བོའི་ལུས་སྲོག་དབང་པོ་འབྱིན། ཁྲར་ནས་རིམས་དལ་རླུད་དམར་གཡོག །སྟོང་ཁམས་ཐམས་ཅད་ནད་ཀྱིས་ཁེངས། །ཞལ་གདངས་རྣོ་དབལ་མཆེ་བ་གཙིགས། །དམིགས་པའི་དགྲ་བོ་རིལ་མིད་བྱེད། །རྔམ་པའི་ང་རོ་འབྲུག་སྟོང་སྒྲོགས། །བདུད་དང་མུ་སྟེགས་བརྒྱལ་བར་བྱེད། །སྐུ་ལ་བེར་ནག་བརྩེགས་པ་གསོལ། །དཔའ་བརྟུལ་སྟག་གི་སླག་པ་ལ། །དར་ལྕེ་མེ་ཏོག་འཇའ་ཚོན་འཁྱུག །དཔའ་བརྟུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་པ་ཙསྡོན་བིང་ཆེན་གྱིས། །དམ་ཉམས་དགྲ་བོ་རྡུལ་དུ་རློགས། །ཕྱག་གཡོན་ཐོད་ཁྲག་དམར་ཆེན་འཐུང་། །དྲག་པོའི་རྫུ་འཕྲུལ་བསམ་མི་ཁྱབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །དེ་ཡི་ཡུམ་ཆེན་སྲིན་མོའི་སྐུ། །མཐིང་ནག་བརྗིད་པའི་ཚུལ་གྱི་འཁྲིལ། །སྦྲུལ་ནག་རལ་པ་མུན་ལྟར་གཏིབས། །དུར་ཁྲོད་ན་བཟའ་སྐུ་ལ་གསོལ། །གཡས་པ་རྒྱུ་ཞགས་བླ་སྲོག་འགུགས། །གཡོན་པ་ཐོད་ཁྲག་དལ་ཡམས་འབེབས། །མོན་པ་ནག་པོའི་ཚོགས་ཀྱིས་བསྐོར། །འོད་ཟེར་གློག་སྟོང་སྐར་མདའ་་བྲུག །ཁྱོད་ཀྱིས་དགྲ་བགེགས་མྱུར་དུ་སྒྲོལ། །བདུད་ཡུལ་ཁ་རག་མགོ་དགུ་ནས། །བདུད་ནག་རི་ནག་སྐྲུངས་པ་ཡང་། །བདུད་མཁར་ནང་ནས་འདིར་བྱོན་ལ། །དགྲ་ལ་ཐིབས་ནད་ཐོང་ལ་སྒྲོལ། །རྒྱ་ཡུལ་ནམ་མཁའི་ཕྱད་ཕྱོད་ནས། །སྲོག་བདག་འོད་ལྷ་དཀར་པོ་ཡང་། ཁྲེལ་མཁར་ནང་ནས་འདིར་བྱོན་ལ། །དགྲ་ལ་སྨྱོ་འབོག་ཐོང་ལ་སྒྲོལ། །མང་ཡུལ་བྱང་ཤར་མཚོ་གླིང་ནས། །མ་མོ་རྡོ་རྗེ་སྡེར་མོ་ཡང་། །མཐིང་ནག་གུར་ནས་ལས་ལ་ཆོས། །དབུ་ལ་དལ་ཡམས་ཐོང་ལ་སྒྲོལ། །ཀླུ་ཡུལ་ན་ར་སིང་ཆེན་ནས། །ཀླུ་གཉན་ནག་པོ་སྲོག་ལེན་ཡང་། །རིན་ཆེན་མཁར་ནས་སྐུ་བསྐྱོད་ལ། །དགྲ་ལ་མཛེ་ཤུ་ཕོལ་འབྲས་ཐོང་། །བཙན་ཡུལ་ཟངས་ཐང་དམར་པོ་ནས། །བཙན་རྗེ་ཤུ་པོ་ལག་རིང་ཡང་ བསེ་མཁར་ནང་ནས་སྐུ་བསྐྱོད་ལ། །དགྲ་ལ་གྲི་ཐབས་ཐོང་ལ་སྒྲོལ། །ཤར་ཕྱོགས་རིན་ཆེན་གླིང་ཐང་ནས། །གིང་ཆེན་རྡོ་རྗེ་ལེགས་པ་ཡང་ ལུང་ཐང་མཁར་ནས་འདིར་བྱོན་ལ། །དགྲ་ལ་ཕོ་ལྷོག་ཧུར་ཐུམ་ཐོང་། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྒྲོལ་གིང་ཆེན་པོ་ལས་ལ་བསྐུལ་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་དཔའ་བོ་གིང་ཆེན་གྱི་བསྐུལ་བ་འདི་གསུངས་སོ། །སྨྱོ། དུར་ཁྲོད་ཐོད་པའི་སྐུ་མཁར་ནས། །གསང་བདག་ཐུགས་ཀྱི་སྤྲུལ་པ་ནི། །གསོད་བྱེད་གིང་ཆེན་ལས་ལ་བསྐུལ། །སྐུ་མདོག་དམར་པོ་ཁྲོས་པ་ལ། །གདུག་པའི་མེ་འོད་ལམས་སེ་ལམ། །དབུ་ལ་བསེ་རྨོག་དམར་པོ་གསོལ། །ཉི་མ་འབུམ་གྱི་འོད་ཟེར་འཕྲོ། །ལེ་བརྒན་དར་གྱི་ཅོད་པན་ལ། །སྤྲུལ་པའི་འོད་ཟེར་མང་པོ་འཁྱུག །སྤྱན་མིག་དམར་པོ་བཟློག་པ་ཡིས། །བདུད་དང་མུ་སྟེགས་ཟིལ་གྱིས་གནོན། །ཁྲོས་པའི་གད་མོ་རྐན་བརྡབས་པས། །མ་ཚོགས་སྲིན་པོ་འདར་སྒྱུག་སྤྱུག །གསང་བའི་སྒྱུགས་པ་ཚེ་རེ་རེ། །སྒྲོལ་གིང་དམར་པོ་ལས་ལ་འགྱེད། །ཕྱག་གཡས་ཟངས་གྲི་རྣོ་དབལ་གྱིས། །ཉམས་པ་དགྲ་བོའི་སྲོག་ལུས་འབྲོལ། །གཡོན་པས་ཙིསྟ་ཕྱུང་ནས་གསོལ། །ཡེ་ཤེས་གིང་གི་འཁོར་གྱིས་བསྐོར། །སྤྲུལ་པའི་གིང་ཚོགས་སྟོང་གསུམ་སྲེག །ལས་ཀྱི་གིང་ཕྲན་ལས་ལ་འགྱེད་། །དཔའ་བོ་གིང་ཆེན་ལས་ལ་ཆོས། ཁྲར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །པྲ་མ་རྭ་ཛ་སྲིན་པོའི་གཙོ། །སྐུ་མདོག་དཀར་པོ་ཤེལ་འོད་འཕྲོ། ཁྲེལ་གྱི་ཟངས་གྲིས་དགྲ་ལ་འདེབས། །ཙིརྟི་ཕྱུང་ནས་ཞལ་དུ་གསོལ། །སྲིན་པོའི་འཁོར་ཚོགས་ལས་ལ་ཆོས། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །ཡ་མ་རྭ་ཛ་གཤིན་རྗེའི་གཙོ། །སྐུ་མདོག་ནག་པོ་མུན་རུམ་འདྲ། །ལྕགས་ཀྱི་ཟངས་གྲི་དགྲ་ལ་འདེབས། །ཙིསྟ་ཕྱུང་ནས་ཞལ་དུ་གསོལ། །གཤིན་རྗེའི་དམག་ཚོགས་དགྲ་ལ་ཆོས། །ནུབ་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །ཧ་ནུ་དཔག་ཤུ་བདུད་ཀྱི་གཙོ། །སྐུ་མདོག་དམར་པོ་མེ་འོད་འདྲ། །ཟངས་ཀྱི་རལ་གྲི་དགྲ་ལ་འདེབས། །ཙིསྟ་ཕྱུང་ནས་ཞལ་དུ་སོལ། །བདུད་ཀྱི་འཁོར་ཚོགས་དགྲ་ལ་ཡ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །ཡག་ཤག་ར་བ་གནོད་སྦྱིན་གཙོ། །སྐུ་མདོག་ལྗང་ནག་མཐིང་འོད་འབར། །སེར་གྱི་རལ་གྲི་དགྲ་ལ་འདེབས། །ཙིསྟ་ཕྱུང་ནས་ཞལ་དུ་གསོལ། །གནོད་སྤྱིན་འཁོར་ཚོགས་ལས་ལ་ཆོས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལཔམཚོནཆའཁོརལོའི་རྒྱུད་ལས། གིངཆེནལསལབསྐུལ་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་རབས་བརྒྱུད་གཏན་ཚིགས་ཀྱི་ལེའུ་འདི་བཤད་དོ། །འདས་པའི་དུས་ན་སྔོན་བྱུང་བའི། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །མི་བསྐྱོད་ཞིང་ཁམས་མངོན་དགའ་བའི། །ལྷོ་ཕྱོགས་འཛམ་བུའི་གླིང་དེ་མུ །ཁྱིམ་བདག་ཀོའུ་ཀ་ཡ་ཞེས། །བྱ་བ་དེ་ལ་བུ་གཅིག་ཡོད། །དེ་མིང་ཐར་པ་ནག་པོ་བྱ། །ཁོ་བོ་དད་པའི་སེམས་གཡོས་ཏེ། །ཡུལ་ཕྱོགས་དེ་ཡི་དགོན་པ་ན། །དགེ་སློང་ཐུབ་དཀའ་གཤོན་ནུ་ཞེས། །བྱ་བ་གསང་སྔགས་དོན་རྟོགས་པ། །ཡོན་ཏན་ཁོ་ན་དེས་ཐོས་ཏེ། །དན་ཕག་གཡོག་དང་བཅས་པ་ཡིས། །དེ་དྲུང་ཕྱིན་ཏེ་གདམས་པ་ཞུས། །དེ་ཉིད་ཀྱིས་ཀྱང་གདམས་པ་གནང་། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་སྤྱད་བྱས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །དེ་སྐད་གདམས་པ་ཕོག་པ་ལས། །ཁྱི་བདག་དགའ་མགུ་གནས་སུ་དེངས། །དོན་གྱི་བདེན་ཐོབ་མ་རྙེད་པར། །སྒྲ་བཞིན་འདོད་ཡོན་ལྔ་ལ་ཞེན། །ནམ་ཞིག་དཔོན་གཡོག་མ་མཐུན་ཏེ། །རྩོད་གྱུར་དགེ་སློང་དཔོན་ལ་དྲིས། །ཐུབ་དཀས་རང་བཞིན་སོ་སོ་ནས། །དན་ཕག་བདེན་ནོ་ཞེས་གསུངས་པས ཐར་པ་ནག་པོ་ཁམས་འཁྲུགས་ཏེ། །གཉིས་ཀའི་དཔོན་དུ་འདྲ་བ་ལ། །མཉམ་མོ་ཞེས་ཀྱང་མི་བརྗོད་པར། །ངེས་པ་རང་ཉིད་སུན་ཕྱུང་བས། །ཁམས་འདིར་མ་ཆགས་བྱ་སྙམ་སྟེ། །དེ་ནས་དཔོན་གཡོག་གཉིས་སྒྱུག་བཏང་། །གསང་སྔགས་རྡོ་རྗེའི་བཀའ་བསྒོ་ལོག །སྒྲ་བཞིན་སྤྱད་ཅིང་འདོད་དགུར་འཇོམས། །ལྟ་བ་ཐམས་ཅད་ལོག་པར་འགྱུར། །ཐམས་ཅད་ལོག་པའི་རྒྱ་མཚོར་ཞུགས། །ལོག་པའི་དཀའ་ཐུབ་དྲག་པོ་དང་། །ལོག་པའི་བརྟུལ་ཞུགས་ཆེན་པོ་ཡིས། ཁྲ་རློན་ཟ་ཞིང་ལྤགས་རློན་གྱོན། ཁྲ་ཟའི་ཇག་པ་མང་བསོགས་ཏེ། །ཐམས་ཅད་བསད་ཅིང་ཤ་རློན་ཟོས། །རིག་བྱེད་སྔགས་ཀྱི་བརྡ་སྤྲོས་ཏེ། །མོ་རིགས་ཕྲད་པ་ཐམས་ཅད་སྤྱང། །དངོས་པོ་གཤིས་ལས་འདས་ཤིང་ཞབྲུལ། །གནས་པའི་དུས་མེད་ཚེ་ཟད་ནས། །སྐྱེ་བ་ལྔ་བརྒྱར་ཅེ་སྤྱང་ལུས་སུ་སྐྱེས། །གཉེན་པོས་བསད་ཅིང་ཚེ་འཕོས་གྱུར། །ངན་སྒྱུགས་ཕྱི་ཡི་སྲིན་བུ་དང་། །མི་གཙང་ནང་གི་སྲིན་བུར་སྐྱེས། །གཉེན་པོས་བསད་ཅིང་ཚེ་འཕོས་འགྱུར། །རོ་དང་སྟོང་ཕྲག་རེ་ལྡེ་ཡི། །ནང་ན་གནས་པའི་སྲོག་ཆགས་གྱུར། །དེ་མཐར་མངལ་གྱི་སྲིན་བུར་སྐྱེས། །ན་རག་རྡོ་རྗེ་དམྱལ་བར་གྱུར། །ཚེ་ཚད་ཚེ་ལོ་བརྒྱད་ཁྲིར་གནས། །ཐུབ་པ་ཆོས་ཀྱི་རྒྱལ་པོ་ཡིས། །ལས་སུ་བསྟན་པས་དེར་ཤེས་ཏེ། །འགྱོད་པས་རིམ་བཞིན་ཚ་དམྱལ་བརྒྱད། །རིམ་བཞིན་གོང་ནས་གོང་དུ་འཕོས། །བདེ་བ་བྲལ་ཞིང་ཡུན་རིང་འཁོར། །དེ་ནས་བསད་ཅིང་ཐོན་ཐར་ནས། །ནདམཚོནམུགེའིབསྐལ་པ་བརྒྱུད། །གཞན་གྱི་ལོངས་སྤྱོད་ཕྱིརབསདདེ། །གཤིནརྗེའིའཇིག་རྟེན་འཇུངས་པ་དང་། ་་ཟ་མ་དང་སྲུལ་པོར་སྐྱེས། །དེ་ལྟར་སྐྱེ་བ་བརྒྱུད་པའི་མཐར ལྷོ་ནུབ་ལང་ཀ་པུ་རི་ཡི། །སྨད་འཚོང་མ་ཡི་མངའ་དུ་ཆགས། །བུ་དེ་ཐོན་པས་མ་དེ་འཆི། །ཡུལ་ཕྱོགས་དེ་ཡི་མི་དག་གིས། །ཕ་མེད་དོ་བུ་ཀོ་ནུ་འདི། །བཞག་ན་ཡུལ་ཕྱོགས་སྨེ་བས་ན། །མ་ཡི་རོ་མཆན་གཞུག་པར་བསྒོས། །དུག་ཤིང་ནལ་བྱའི་རྩ་རུ་བསྐྱལ། །བུ་དེས་མ་ཡི་ནུ་མ་དྲངས། །དེ་ནས་ཁྲག་དང་ཆུ་སེར་དྲངས། །དེ་ནས་མ་རོ་ཟད་པར་ཟོས། །རང་རྒྱུད་ཁྲོ་བོ་འཇིགས་པར་བསྒོམ། །མ་ཡི་པགས་པ་གོས་སུ་གྱོན། །དེ་ནས་པ་ཏྲ་ལུས་ཆེན་བརྟས། །དུར་ཁྲོད་རོ་ཡི་ཤ་ཁྲག་ཟོས། །ཐོད་ཕྲེང་སོར་ཕྲེང་རྒྱན་དུ་བྱས། །རོ་ཡི་པགས་པ་གོས་སུ་གྱོན། །དུར་ཁྲོད་གནས་པའི་མཁའ་འགྲོ་རྣམས། །ཆུང་མ་སླས་དང་བྲན་དུ་བྱས། །མ་ཟན་རྭ་ཏྲ་དེ་ཡི་ནི། །ཁ་ནས་ཚ་བའི་དབུགས་བྱུང་བས། །ནད་དང་རིམས་ཀྱིས་ཐམས་ཅད་གསོད། །སྣ་ནས་གྲང་བའི་དབུགས་བྱུང་བས། །ཕྱོགས་བཅུ་ཀུན་ཏུ་མས་འཁྲུག་བྱེད། །མིག་གི་དུག་གིས་ཐམས་ཅད་གསོད། །སྔགས་ཀྱི་ཟེར་མས་ཐམས་ཅད་སྒྲོལ། །རང་ལུས་ཐལ་ཁ་འཇིགས་པ་ལ། །མགོ་གསུམ་ལག་དྲུག་གཤོག་པ་ཅན། །མིག་གསུམ་སྐྲ་ནི་མེ་ལྟར་འབར། །གནམ་ལ་བྱ་བཞིན་ས་ལ་བྱི། །ཆུ་ལ་ཉ་བཞིན་འཕྱོ་བར་བྱེད། །སེན་མོ་ཀང་ཀའི་མཆུ་སྡེར་གྱིས། །གང་ཟིན་ཤ་རུས་མྱགས་པར་བྱེད། །རང་གི་ང་རྒྱལ་ག་་སྐད་སྒྲོགས། །དེ་ཚེ་འགྲོ་བ་ཐམས་ཅད་ཀྱང་། །ལོག་ལྟ་སྣང་བཅུའི་ལམ་ལ་བཙུད། །ང་རྒྱལ་ཆེ་བའི་མཐུས་སྙེམས་པས། །ལང་ཀའི་ཡུལ་གྱི་གྲོང་རྡལ་བཅོམ། །ཀོ་ཀ་ཐང་དམར་མཚོ་ཡི་དོ། །བྱན་ལག་མཆོང་རི་མ་ལ་ཡ། །གནམ་ལྕགས་ཡོད་པའི་རྩེ་མོ་སྲ །སྲིན་པོའི་རྒྱལ་པོ་དབང་དུ་བསྡུས། །རུ་ཏྲ་མ་ཏྲ་མུ་ར་ཏྲ། །རང་གི་ག་་སྐད་དྲག་ཏུ་བསྒྲགས། ཁྲེན་པོའི་རྒྱལ་པོ་ཆེན་པོ་དེས། །མངོན་ཤེས་གསང་སྔགས་འབྱུང་བར་མཐོང་། །ཀུན་ཀྱང་འཁོར་དང་གཡོག་རྗེ་བྱས། །དེད་དཔོན་མ་ཏ༷་ཀ་རུ་ཏྲ། །རང་གི་ང་རྒྱལ་ཆེ་བ་རྩོམ། །ལྷ་ཡི་དེད་དཔོན་ཀ་རུ་ཎ། །ངན་ཐབས་ཚ་བའི་དབུགས་ཀྱིས་བསད། །རོ་དེ་འཛམ་བུའི་གླིང་དུ་བོར། །དགེ་གནས་མཆོད་རྟེན་བརྒྱད་དུ་སྣང་། །འཁོར་རྣམས་གཡོག་བཞི་གཙོ་མོ་དང་། །བྱི་དང་བྲན་སླས་ཕོ་ཉ་འཁོར། །གཡོ་འགུལ་ཐམས་ཅད་དབང་དུ་བྱས། །བམ་རིལ་ཐོད་པའི་མཁར་བརྩིགས་ནས། །བདུད་ཀྱི་རྒྱལ་མཚན་ཕྱོགས་སུ་བཙུགས། །བདུད་ཀྱི་རུ་མཚོན་རྩེ་ལ་ཕྱར། །འདམ་གྱི་ཕྲུ་བས་ཡོངས་སུ་བསྐོར། །རྫུའཕྲུལ་སྟོན་ཅིང་ཧུ༷་སྐད་སྒྲོགས། །ཨེ་མ་ཧོ། །སྔོན་གྱི་གཙང་མ་འཕགས་པས་ཀྱང་། །བདག་ལ་བཀའ་ཉོན་ཟེར་བ་ལ། །མི་ཉན་སླར་ལ་གནས་སུ་ལོག །ངག་གི་དབང་ཕྱུག་དེ་བཞིན་བྱས། །འགྲན་ཟླ་མེད་ཅེས་དེ་བཞིནསྒྲོགས། །དུཏྲནག་པོ་སྨིན་པར་གྱུར། །དེ་ནས་དེ་ཡི་དུས་ཉིད་ན། །ཐུབ་དཀའ་རྡོ་རྗེ་སྙིང་པོར་སྨིན། །དན་ཕགརྩལཆེནརྫོགསཔརགྱུར། །དེབཞིནགཤེགསཔཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་ཉིད་དུ་འདུས། །སྟོང་ཉིད་ངང་དུ་སྟོང་པའི་སྒྲ། །སངས་རྒྱས་མཛད་པ་མ་རྫོགས་པར། །མངོན་པར་སངས་རྒྱས་ཅི་ཕྱིར་ཡིན། །དེ་བཞིན་ཉིད་དང་ཀུན་སྣང་དང་། །ཡི་གེའི་རང་བཞིན་སྐུལ་བར་མཛད། །སྟོང་ཉིད་མེ་ལོང་མི་རྟོགས་ལས། །མ་སྐྱེས་མི་སྣང་འགག་གཟུགས་སྣང་། །མཁའ་ལ་སྣང་མཛད་ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱའི་སྐུར་སྣང་བཞེངས། །གོ་འབྱེད་ཕྱག་རྒྱས་ཀུན་བསྡུས་ནས། །བདེ་གཤེགས་དགོངས་པ་མཐུན་པར་བགྲོས། །རྣམ་བཞི་ལས་ཀྱིས་བསྐོས་བཏབ་ནས། །བཅོམ་ལྡན་ཤཱཀ་ཐུབ་ཅན་དུ་གཤེགས། ཁུ་འབྲས་ལས་ཀྱི་དགེ་སྡིག་བརྗོད། བརྟུལ་བས་མ་ཐུལ་ཁོ་ན་རེ། །མི་ཐུབ་པ་ཡི་ངག་སྨྲས་ཏེ། །བུ་ཆུང་རང་གི་གནས་སུ་དེངས། །སྔོན་ཁྱོད་ལྟ་བུས་ང་མ་ཐུལ། །དེ་བས་རང་གི་དཀའ་ཐུབ་ཀྱིས། །ཟེར་བས་གཙང་རིགས་སླར་ལོག་གོ །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །རྟ་མགྲིན་དབང་བསྐུར་ཐད་དུ་གཤེགས། །རྡོ་རྗེ་རྟ་ཐབས་ཁོ་ན་ཡིས། །ཁོ་རང་ཉིད་ཀྱི་གཏམ་སྒྲ་བསྒྲགས། །མགྲིན་བུ་རང་གི་ཟས་ཟོ་དང་། །དེས་ནི་རྟ་མཆོག་སླར་ལ་གཤེགས། །ཁ་ནས་ཁོང་དུ་རྟ་མཆོག་མེད། །དཔལ་གྱིས་བཞེངས་ཏེ་ཧུ༷་སྒྲ་བསྒྲགས། །ཁོ་ཡིས་སྐད་ངན་གདུངབ བཏོན། །གཉེནཔོ་རྡོ་རྗེ་ཧུ༷་བསྒོམས་པས། །དེ་ལ་སྐྱབས་ཉིདཚོལ་ཅིག་གསུངས། །རྟ་མཆོག་སྤྱི་གཙུག འཐོན ཏེགཤེགས། །དེ་ནས་འདུསཔ ཆེནཔོཀུན། །དབང་དྲག་གཉིས་ཀྱིས་འདུལ་བར་དགོངས། །དེ་དག་ཐམས་ཅད་ཀུན་འདུས་ནས། །དུར་ཁྲོད་གར་གྱི་ཕྱག་རྒྱར་བཞེངས། །ཁྱོད་ཀྱི་རྒྱུ་རྐྱེན་འབྲས་བུ་དང་། །སྐྱོན་དང་ཡོན་ཏན་ཀུན་དྲིས་པས། །སངས་རྒྱས་ཀུན་གྱིས་འདི་སྐད་གསུངས། ཁུ་ནི་སྨུག་པོའི་རོ་ལས་བྱུང་། །རྐྱེན་ནི་ལོག་པའི་དཀའ་ཐུབ་ཀྱིས། །འབྲས་བུ་སྡུག་བསྔལ་ངོ་བོར་སྨིན། །རིགས་ནི་དམན་རིགས་འཁོར་བའི་རིགས། །ངོ་བོ་ཡི་དྭགས་སྲིན་པོ་དེ། །མ་བ་་འཁོར་བའི་མཐའ་འཕེལ་བས། །བདུད་རྣམས་བ་་ན་བསྟན་པ་དར། །ལས་ངན་འཕྲོ་བཅད་དམྱལ་ཡུན་ཐུང་། །ཐུགས་རྗེས་བཟུང་ན་བསོད་ནམས་ཚང་། །སྟོང་གསུམ་མ་ལུས་བཏོན་པ་བས། །འབུམ་གྱི་ཆར་ཡང་མི་ཕོད་གསུངས། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །ང་ལ་ཐུལ་ཅིག་བ་རུ་བསྐུལ། །ཁམས་གསུམ་རྡོ་རྗེ་བྱ་སྒྲོན་མངག །དབང་གི་ཁྲོ་བོས་བར་སྣང་དགང་། །བམ་རོལ་ཐོད་པ་མཁར་གྱི་ཕྱི། །བཤུལ་་་ཀྱང་བའི་འོབས་ཆེན་བརྒྱད་ཀྱིས་བསྐོར། །སྔོན་དུ་བཤད་པའི་འཁོར་ཚོགས་དང་། །ཁོ་བདག་ལིངས་ལ་ཡོངས་ནས་ནི། །འཁོར་ནི་ཕལ་ཆེར་ལས་ལ་གྲམ། །སྐབས་སུ་དངོས་མིན་སྤྲུལ་པའི་སྲས། །རྡོ་རྗེ་གཞོན་ནུ་སྨེ་བ་བརྩེགས། །མཐིང་ནག་འཇིགས་པའི་ཁྲོ་བོ་དེ། །བླང་དོར་མེད་པའི་མཛད་སྤྱོད་ཀྱིས། །བཤང་བ་ཐམས་ཅད་བདུད་རྩིར་བསྒྱུར། །ཐམས་ཅད་སྟོང་ཉིད་བདུད་རྩི་སྦྱངས། །ཉེ་གནས་བུ་མོ་ལ་སོགསཔ། །མ་ཆགས་ཐབས་ཀྱི་སྦྱོར་བ་ཡིས། །རིགས་དང་མཐུན་པའི་སྲས་དེ་མཐོང་། དེ་བཞག་གཞན་རྣམས་རིང་དུ་སྤྲད། །ཡེ་ཤེས་སྤྲུལ་པའི་འཁོར་དུ་ལྡན། །འདོད་པའི་དབང་མོ་བསྐམས་མ་ལ། །འདོད་པས་ཞེ་སྡང་ཐེ་ཚོམ་སྐྱེས། །དཔལ་གྱིས་སྲིན་སྐད་གསུངས་བསྒྲགས་པས། །ཐེ་ཚོམ་ཆོད་དེ་སྐུ་ལ་འཁྲིལ། །འཇིག་རྟེན་དྲེགས་པའི་སྲོག་སྔགས་དེ། །ཡེ་ཤེས་ལྷ་ཡི་སྙིང་པོར་བརླབས། །ལྷུམས་སུ་རྡོ་རྗེ་སྲིན་པོ་བཞག །དཔལ་ཆེན་གཤེགས་ནས་ཁོ་འོངས་པས། །གནས་དང་འཁོར་ཀུན་མེད་བཞིན་འཇིགས། །བདག་གི་དབང་མོ་འཁོར་རྣམས་ཀུན། །སྔོན་དང་མི་འདྲ་ངེས་སྙམ་པས། །ཆགས་པའི་དབང་མོས་འདི་སྐད་བརྗོད། །ཨེ་མ་དཔའ་བོ་སྒེག་པོ་ཁྱོད། །བདག་གི་མངལ་ནི་མི་བདེ་བས། །ཁྱོད་ཀྱི་དངོས་པོ་ཕྱིན་པ་ལས། །འཁོར་གྱི་ནང་དུ་འདི་གསུང་ངམ། །བརྗོད་པས་མདངས་ལ་ཆགས་གྱུར་ཏེ། །དགའ་བའི་ཐབས་ཀྱིས་གཉིས་མེད་འཁྲིལ། །དེ་ནས་བུ་ཏྲ་འཐོན་བྱུང་ནས། །ཁོ་རང་ལྟ་བུའི་རིགས་སུ་བྱུང་། །ནག་པོ་དཔོན་གཡོག་ཡི་རང་དགའ། །མྱུར་བར་བུ་ཏྲ་ལུས་བལྷམ་སྟེ། །སྲིན་སྐད་ཐང་གསུམ་བསྒྲགས་པ་ལས། །དཔལ་གྱི་རྔམ་སྒྲ་དྲག་ཏུ་གྱུར། །དྲག་པོ་དྲག་མོ་འཁོར་ཚོགས་བརྒྱལ། །སངས་ནས་བལྟས་པས་ཆ་ལུགས་འགྱུར། །སྔོ་ནག་དབུ་དགུ་བཅོ་བརྒྱད་ཕྱག །སྔོན་དུ་བརྗོད་པ་ཉིད་དུ་གྱུར། །ནག་པོའི་སྟོབས་དང་དབང་ཐང་ཕྲོགས། །དེ་ནས་རྭ་ཏྲ་ནག་པོ་དེས། །རང་གི་ང་རྒྱལ་ཧུ༷་སྐད་ཀྱིས། །རང་གི་བདུད་ཀྱི་དམག་ཚོགས་བསྡུས། །འདུ་འདུ་གྲམ་གྲམ་འདི་ལ་ཐུང་། །མཛའ་བཤེས་རྟག་པར་མ་བྱུང་ན། །སྐྱིད་པའི་གྲོགས་ཀྱིས་མི་ཕན་པས། །གང་འདར་ལས་རྣམས་དུས་ལ་བབ། །བརྗོད་པས་བདུད་དམག་བྱེ་བ་འདུས། །མཚོན་ཆའི་དཔལ་ནི་སྤྲིན་ལྟར་གཏིབས། །བསོ་དང་ཆོ་ཡི་སྒྲ་བསྒྲགས་ཏེ། །མ་ལ་ཡ་ཡི་རྩེ་ལ་ཆས། །དེ་ནས་རྡོ་རྗེ་རྟ་གདོང་གིས། །རྡོ་རྗེ་འགྲོས་བུའི་སྟངས་སྟབས་མཛད། །གར་དགུའི་འབར་བའི་གླུ་བླངས་པས། །ཁྱོ་བོ་སྒྲོལ་ལ་ཆུང་མ་དྲོངས། །ཕྱོགས་རིས་མེད་པའི་སྙིང་རྗེས་བསྐུལ། །རྡོ་རྗེ་རྟ་གདོང་གཟི་བརྗིད་ཀྱིས། །བདུད་དམག་ཐམས་ཅད་ཟིལ་གྱིས་མནན། །རུ་མཚོན་སྤྲིན་ཕུང་སྟོང་ཉིད་སངས། །མི་སྙན་སྒྲ་རྣམས་སྔགས་སྒྲར་བསྒྱུར། །བདུད་ཀྱི་འཁོར་ཚོགས་ཐམས་ཅད་ཀུན། །རྟ་མགྲིན་དམ་ལ་སྐྱབས་སུ་དོང་། །དེ་ནས་རྭ་ཏྲ་ཐབས་ཟད་དེ། །རང་གི་རྫུ་འཕྲུལ་སྔགས་ལྔ་ཡིས། །རྭ་ཏྲ་ལྔ་ཡི་མཐུ་བསྐྱེད་ཀྱང་། །དཔལ་གྱི་དེ་བས་མཐུ་ཆེ་བས། །མཐུ་སྟོབས་མེད་པར་བརྒྱལ་བར་གྱུར། །དཔལ་གྱི་ཐུགས་རྗེའི་གསུང་དུ་བརྗོད། །སྲོག་གི་དབང་པོ་མི་བཟོད་ཀྱང་། །སྔོན་འབྱུང་དུས་ནས་འབྲེལ་པ་ཡིས། །གང་དེར་མདུན་གྱི་ཕྱོགས་ནས་བསྒྲལ། །རྩེ་གསུམ་འབར་བའི་ཕྱག་རྒྱ་བཅས། །དུ་ཏྲོརེ་རི་བོ་བཅོམ་དབང་གིས། །ཕྱག་རྒྱས་རོལ་ཏེ་ཕྱལ་དུ་སྦྱངས། །ཐུགས་དམ་དབང་གིས་མཚམས་སྦྱར་ཏེ། །རང་གི་དམ་པ་རྣམ་གཉིས་དང་། །མཐར་ཐུག་མེད་པའི་སངས་རྒྱས་དང་། །དཔག་ཏུ་མེད་པའི་བྱང་ཆུབ་སེམས། །སྟུག་པོ་བཀོད་པ་མཐོང་བའི་ས། །ཐོག་མ་མེད་པའི་དུས་མཐའ་ཡི། །ཞེན་པའི་མུན་པ་སངས་གྱུར་ཏེ། །སྐྱེ་བ་དུས་མཐའ་མེད་སྙེད་ནས། །ལུས་བླངས་ནས་ནི་ཅི་སྤྱད་དྲན། །སྣམ་དུ་བཏོན་ནས་ཞབས་དྲུང་འཁོད། །རབ་ཏུ་དཀའ་ཡང་ནོངས་ཚུལ་དུ། །གང་དེར་ཤིན་ཏུ་གདུང་ཞིང་རྨོས། །ཐུགས་རྗེས་བསྐུལ་ཞིང་འཁོར་འབངས་ཕུལ། །ཀུན་ལ་རང་ཚིག་གསང་དུ་བྱིན། །མནས་བོར་ནས་ནི་སྐབས་སུ་ཡང་། །གསང་བའི་སྲོག་སྙིང་བྱིན་གྱིས་བརླབས། །རང་སྟོབས་འགྱོད་པ་དྲག་པོ་དང་། །གཞན་གྱི་སྟོན་པས་སྤྱོ་བས་སྦྱངས། །རྡོ་རྗེ་ཐེག་པའི་གསང་སྒོར་བཞག །འཁོར་རྣམས་ཀུན་ལའང་དེ་བཞིན་ཏེ། །དབང་བསྐུར་གསང་བའི་མིང་རྣམས་བཏགས། །བསྐལ་བཟང་བསྟན་པ་རྫོགས་པ་མྲ །དགོངས་པ་མྱ་ངན་འདས་ཀྱི་བར་། །འཇིག་རྟེན་ཚུལ་གྱིས་བསྟན་པ་སྲུང་། །འདི་ཉིད་འདས་པའི་འོག་ཏུ་ནི། །ཞིང་ཁམས་ཐལ་བས་ཁེངས་པ་སྲ །ཐལ་བའི་དབང་པོ་དབྱངས་ཞེས་བྱར། །ལུང་བསྟན་ཐོབ་སྟེ་འཚང་རྒྱའོ། །དེ་ཕྱིར་དཔལ་མགོན་ནག་པོ་ཡི། །རབས་རྒྱུད་གཏན་ཚིགས་རྒྱས་པར་བཤད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལཔམཚོནཆའཁོརལོའི་རྒྱུད་ལས། རབས་རྒྱུད་གཏན་ཚིགས་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་འཁོར་ལ་རྒྱུད་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ་འཁོར་དུ་འདུས་པའི་ཚོགས། །ཆོས་སྐུ་རྣམ་དག་བརྗོད་མེད་པས། །གདུལ་དཀའ་དྲག་པོ་འདུལ་བའི་ཕྱིར། །བདེ་གཤེགས་ལོངས་སྤྱོད་རྫོགས་སྐུར་བཞེངས། །སྤྲུལ་པ་གང་ལ་གང་འདུལ་སྟོན། །གསང་སྔགས་ཐུགས་རྗེ་རོལ་པར་ཤར། །རྟགས་དང་ཐུགས་རྗེ་སྤྱིན་བདག་དཔལ། །དེ་ཡི་ཕྲིན་ལས་འགྲོ་བའི་མགོན། །གནས་ལུགས་རྟོགས་པས་འགྱུར་བ་མེད། །ཆོས་ཉིད་ངང་དུ་མཚན་མ་ཡི། །རྣམ་རྟོག་བསྡུས་བཅོམ་དུར་ཁྲོད་ཡིན། །གནས་ལུགས་མངོན་པར་རྫོགས་སངས་རྒྱས། །ཡེ་ཤེས་རོལ་པ་ཅིར་ཡང་འཆར། །ཞེན་སྣང་རྟོག་པའི་བག་ཆགས་དང་། །ཞིང་བཅུ་གཅོད་པའི་མཚོན་ཆ་ཡིན། །འཁོར་ལོ་རྣམ་པ་གསུམ་ཡིན་ཏེ། །གནས་པ་རྩ་ཡི་ཙཀྲ་དང་། །རྟེན་འབྲེལ་སྲིད་པའི་འཁོར་ལོ་དང་། །ལས་གྲུབ་སྔགས་ཀྱི་འཁོར་ལེའོ། །དང་པོ་བདེ་ཆེན་ལོངས་སྤྱོད་དང་། །ཆོས་དང་སྤྲུལ་པ་སྐྱེ་གནས་ལྔ། །གནས་ལུགས་ཆོས་སྐུའི་འཁོར་ལོའོ། །སེམས་ཀྱིས་དེ་རྟོག་དེ་ཉིད་གྲོལ། །རྟེན་འབྲེལ་སྲིད་པའི་འཁོར་ལོ་ནི། །ནམ་ཟླ་དུས་བཞི་ལོ་ཟླ་ཞག །འཇིག་དང་སྟོང་དང་ཆགས་པ་རྣམས། །སྐྱེ་རྒ་ན་འཆི་བཞི་ལྡན་པས། །མགལ་མེ་ལྟ་བུར་འཁོར་ཞིང་གནས། ཁེང་རྟའམ་ཟོ་ཆུན་ལྟ་བུའོ། །ལས་གྲུབ་འཁོར་ལོ་གསུམ་ཡིན་ཏེ། །བསྙེན་པ་གནས་འགྱུར་ལྷ་ཡི་འཁེར་ལོ་དང་། །སྒྲུབ་པ་གནས་འཀྱུར་སྔགས་ཀྱི་འཁོར་ལོ་དང་། །སྦྱོར་བ་རྗེན་འབྲེལ་རྫས་ཀྱི་འཁོར་ལོའོ། །དང་པོ་ལྷར་གསལ་རྩ་བའི་དྲོད་ཐོབ་ཅིང། །དེབཞིན་ཉིད་དངཕྱག་རྒྱ་དང་། །བྱང་ཆུབ་སེམས་དང་ཚོགས་རྣམས་སོ། །སྔ་།ས་ཀྱི་རྩ་བ་ཡན་ལག་ནི། །བསྙེན་སྒྲུབ་རྩ་བའི་ལས་སྔགས་སོ། །བཀའ་སྡོད་ལས་དང་གནན་པ་ཡི། །བསྙེན་མཆོད་བསྐང་དང་དམུ་ཐུན་དང་། །དམིགས་པ་རྟེན་གྱིས་རྫས་རྣམས་ཏེ། །རང་རང་རྟེན་འབྲེལ་མཐུ་ཡིས་གྲུབ། །དེ་ལྟར་རྣམ་པ་ཀུན་ཚོགས་པས། །ལས་རྣམས་ཐམས་ཅད་གྲུབ་པ་ནི། ཁྲ་མ་ཏ་ཡི་འཇིག་རྟེན་ན། །མཚོན་ཆའི་འཁོ། ར་ལོ་ལྟ་བུ་སྟེ། ཁུ་དང་རྐྱེན་གྱིས་འཁོར་བར་འགྱུར། །རྒྱུད་ཅེས་བྱ་བར་གང་གསུངས་པ། །རྒྱུ་དང་ཐབས་དང་འབྲས་བུ་དང་། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །སྒྲུབ་དང་ཕྱག་རྒྱ་ཕྲིན་ལས་སྔགས། །དེ་མཚོན་པས་ན་རྒྱུན་མི་འཆད། །བདེ་བར་གཤེགས་པའི་དགོངས་པ་དང་། །རྣལ་འབྱོར་ཤེས་རྒྱུད་འབྲེལ་བས་རྒྱུད། །ཡིད་བཞིན་ནོར་བུ་ལྟ་བུ་འདི། །སྦྱོར་བ་དུ་མ་རྩ་བའི་གནད། །བྱང་ཆུབ་སེམས་དང་ཁྲོ་ཚོགས་དང་། །རིག་འཛིན་ལྔ་དང་མཁའ་འགྲོའི་འཁོར། །གཤིན་རྗེ་བདུད་དང་དམུ་བཙན་རྒྱལ་པོ་དང་། །སྲིན་པོ་དང་ནི་ལྷ་མོ་དང་། །ལྟོ་འཕྱེ་དང་ནི་མིའམ་ཅི། །གཉན་དང་ས་བདག་འཁོར་སྲུན་གཟའ། །གིང་དང་བྱད་སྟེམས་དྲེགས་པའི་འཁོར། །གསང་བའི་བཀའ་རྒྱུད་རོལ་པ་ལས། །སྒྲུབ་དང་འཆང་དང་གཉེར་བ་དང་། །ཁྲག་གི་གསུམ་པ་གཟུང་བར་བཤད། །རྣལ་འབྱོར་སྒྲུབ་པའི་གྲོས་གྱིས་ཤིག །ང་ཡང་དམ་ལས་མི་གཡེལ་སྲུང་། །དེ་ཕྱིར་གསང་བའི་རྒྱུད་དོན་གཏད། །ཅེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །འཁོར་འདུས་པ་ཐམས་ཅད་རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་དོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས།ལས་གདམས་ཤིང་གཏད་པའི་ལེའུ་སྟེ་སོ་དྲུག་པའོ།། །།དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བྲམ་ཟེ་གསལ་བའི་རྒྱན་དང་། །བལ་པོའི་རྒྱལ་པོ་བ་སུ་དྷ་རས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤི་མ་ཧྭ་ཀྭ་ལ་ཏུ་ཏྲ་མ་ཧྭ་ཤཱ་ས་ན་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ནམ་