Ngb-pt-0364-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བཛྲ་བྷརྙ། སྨྱོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། ཞེས་བརྡེག་གོཁྲག་སྐེམས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།། །།རྩ་བའི་རྒྱུད་རྫོགས་སོ། ། རྒྱ་གར་སྐད་དུ། མ་ཧྭ་བོ་དྷི་ཙིསྟ་གུ་རྒྱ་ཏནྟྲ། བོད་སྐད་དུ།མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་མངོན་རོལ་ནས། ཡབ་ཀྱི་སྐུ་ཆེ་བའི་ཡོན་ཏན་གྱི་དགྲ་བགེགས་མནན་ཅིང་གཟིར་བའི་ཕྱིར། འབྱུང་བ་ལྔའི་དབྱིངས་ལས་བསྐྱེད་པའི་བུད་མེད་བཞི་དང་། ཐུགས་ལས་བསྐྱེད་པའི་མ་མོ་དང་། དབྱིངས་ལས་བསྐྱེད་པའི་མ་མོ་དང་། མཁའ་ལས་བསྐྱེད་པའི་མ་མོ་དང་། ཡི་དམ་བསྒོམ་ལེགས་མ་མོའོ། །འདས་པ་དང་མ་བྱུང་བའི་ལེའུ་སྟེ་ཞེ་དགུ་པའོ།། །།རི་རབ་རྩེ་ལ་གཡུང་དྲུང་གི་གནས་ནས། ཐིག་ལེ་ཆེན་པོའི་ཚུལ་དུ་བཞུགས་སུ་གསོལ། ཡབ་མངོན་རྫོགས་ཀྱི་རྒྱལ་པོས་འབྱུང་བ་ལྔ་སྲིད་པའི་རྒྱུར་བཤིག་ནས་སྐྱེ་འགྲོ་ཐམས་ཅད་དེ་ལས་ཤར་བར་མཁྱེན་ཏེ། ཡབ་མངོན་རྫོགས་ཀྱི་རྒྱལ་པོས། ཐིག་ལེ་ཆེན་པོ་ཡེ་ནས་མཉམ་པ་ལས། ཡེ་ནས་མཉམ་པའི་སླད་བཞིན་དུ། འབྱུང་བ་ལྔ་ཡེ་ནས་སངས་རྒྱས་པར་མཁྱེན་ཏོ། །འབྲས་བུ་བྱང་ཆུབ་སེམས་སུ་ལ་བཟླའོ། །བྱང་ཆུབ་སེམས་སུ་ལ་བཟླ་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།ཀུན་གཞི་ཡོངས་སུ་གཏན་ལ་དབབ་པ་ནི།མ་མོ་ལྟ་བ་བྱང་ཆུབ་ཀྱི་སེམས་དང་། མ་མོ་སྤྱོད་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་བསྒྲུབ་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་བསྒོམ་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་རྒྱུ་བྱང་ཆུབ་ཀྱི་སེམས་དང་། མ་མོ་འབྲས་བུ་བྱང་ཆུབ་ཀྱི་སེམས་དང་། མ་མོ་རྒྱུ་འབྲས་རྟོགས་པའི་བྱང་ཆུབ་ཀྱི་སེམས་དང་། མ་མོ་ཐུགས་རྗེ་འབྱུང་བ་བྱང་ཆུབ་ཀྱི་སེམས་དང་། མ་མོའི་འབྲས་བུ་གཞན་དུ་ ་འགྱུར་བ་བྱང་ཆུབ་ཀྱི་སེམས་དང་། མ་མོ་རིག་པ་བརྙེས་པ་ཡང་དག་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་སྙིང་རྗེས་སྒྲོལ་བ་བྱང་ཆུབ་ཀྱི་སེམས་དང་། མ་མོ་གནས་ཐ་དད་པའི་བྱང་ཆུབ་ཀྱི་སེམས་དང་། མ་མོའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཆོས་ཐམས་ཅད་རང་བཞིན་གྱི་སེམས་ས་འདུས་ཏེ། སེམས་ཅན་ལ་དོན་བཅུས་བསྟན་ཏེ། མ་མོ་སེམས་ཀྱི་རང་བཞིན་བསྟན་པ་དང་། མ་མོ་སེམས་ཀྱི་འབྲས་བུ་བསྟན་པ་དང་། མ་མོ་སེམས་ཀྱི་ཡུལ་བསྟན་པ་དང་། མ་མོ་སེམས་ཀྱི་རྣམ་གྲངས་བསྟན་པ་དང་། མ་མོ་སེམས་ཀྱི་རྩ་བ་བསྟན་པ་དང་། མ་མོ་སེམས་ཀྱི་ཡོན་ཏན་བསྟན་པ་དང་། མ་མོ་སེམས་ཀྱི་སྐྱོན་བསྟན་པ་དང་། མ་མོ་སེམས་ཀྱི་གོལ་ས་བསྟན་པ་དང་། མ་མོ་སེམས་ཀྱི་གཞག་ཐབས་བསྟན་པ་དང་། མ་མོ་སེམས་ཀྱི་ངོ་བོ་ཉིད་བསྟན་པ་དང་བཅུའོ། །མ་མོ་ཀློང་ཡངས་པའི་ཐིག་ལེ་དང་། ཐམས་ཅད་རང་གི་རིག་པའི་ཡེ་ཤེས་འཕྲོས་ཤིང་འདུས་པའོ། །ཀུན་གཞི་ལྟ་བས་ཐག་བཅད་པའི་ལེའུ་སྟེ་ང་གཅིག་པའོ།། །།འགྲོ་བ་འཚམས་པར་འདུལ་བའི་ཆེད་དུ་རི་བཟང་པོ་བྲག་ཆོལ་ཟངས་འདྲ་བ། སྒོ་ཆུང་ལ་ཕུགས་རིང་བའི་ནང་དུ་དཀྱིལ་འཁོར་ཞལ་དབྱེ་སྟེ། ས་བསླང་བ་དང་། ས་བརྟག་པ་དང་། ས་སྦྱང་བ་དང་། སའི་ལྷ་མོ་སྦྲན་ནོ། །ས་ནི་བྱང་ཤར་མཚམས་ལས་བླང་ངོ་། །རྩིགས་པའི་ཆུ་ནི་སྙོ་དྲང་པོ་ནས་བླང་ངོ་། །སྐྱེས་བུ་སྔགས་མཁན་ནི་ནུབ་དྲང་པོར་བཞུགས་སོ། །ཁྲོ་བོ་བཅུ་ལ་སོགས་པས་མཚམས་དྲག་ཏུ་བཅད་དོ། །འབྱུང་བ་ཆེན་པོ་ལྔ་ཡེ་ནས་སངས་རྒྱས་པའི་སླད་བཞིན་དུ་བྱང་ཆུབ་ཡེ་ནས་མ་གཡོས་པས་དངོས་གྲུབ་རང་བཞིན་འབྱུང་བར་འགྱུར་རོ། །ཡང་དག་རྨད་བྱུང་དཀྱིལ་འཁོར་དུ། །ནུབ་ཏུ་རཀྟའི་ཆག་ཆག་གདབ། །བཀའ་གསང་དམ་པའི་གནས་མཆོག་ཏུ། །དབུས་སུ་དྲི་ཆེན་ཆག་ཆག་གདབ། །བཀའ་གསང་མཆོག་གི་གནས་འདི་སྲ ཁྲར་དུ་བྱང་ཆུབ་སེམས་ཀྱི་ཆག་ཆག་གདབ། །ཡོན་ཏན་རིགས་ཀྱི་གསང་མཆོག་ཆེན་པོ་སྟེ། །དམོད་གཟུགས་ལྷོ་རུ་མྱ༷་སའི་ཆག་ཆག་གདབ། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །བྱང་དུ་དྲི་ཆུའི་ཆག་ཆག་གདབ། །ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་དུ། །གཟི་བྱིན་བསྐྱེད་ཕྱིར་ཚིལ་ཆེན་ཆག་ཆག་གདབ། །དེ་ནས་གནམ་ཐིག་གདབ་པར་བྱ་སྟེ། དམོད་གཟུགས་ཚོན་སྐུད་འཁེལ་དུ་གཞུག །འཁོར་ལོ་རྩིབས་བཞི་ཐིག་ཏུ་གདབ། །ཐིག་རས་བོར་ལ་ས་ཐིག་ནི། །འཁོར་ལོ་རྩིབས་བཞིའི་ཐིག་ཏུ་གདབ། །ལྟེ་བ་ཟླུམ་པོར་བསྐོར་ལ་ཟླ་གམ་བྱ། །ཕྱི་རིམ་སོར་གསུམ་ཐོད་པས་བསྐོར། །འཁོར་ལོ་རྩིབས་བཞི་ཟླུམ་པོར་བསྐོར། །ཐོདརློན་ཕྲེང་བ་གདབ་པར་བྱ། །གྲུ་ཆད་བཞི་དང་ལྡན་པར་བྱ། །ཕྱི་རིམ་སྣམ་བུ་སེར་པོ་གྲུ་བཞི་ལ། །སོར་གསུམ་བཅད་ལ་རྡོ་རྗེ་བཏང་། །དེ་ཡི་ཕྱི་རིམ་སྣམ་བུ་གྲུ་བཞི་ལ། །སྒོ་ཁྱུད་བཞི་དང་ལྡན་པར་བྱ། །ཚོན་ཕྱི་བྱིན་བརླབ་བྲི་བར་བྱ། །དབུས་ཀྱི་ཟླ་གམ་དམར་པོ་ལ། མངོན་རྫོགས་རྒྱལ་པོ་དགོངས་པའི་ཁྱད་པར་བཞུགས་སུ་གསོལ། གཡོན་གྱི་ཟླ་གམ་དམར་པོ་ལ། ཡུམ་ཀུན་བཟང་དབྱིངས་ཀྱི་ཆོས་བདག་མོ་བཞུགས་སུ་གསོལ། འཁོར་ལེའི་རྩིབས་བཞི་ལ་རྒྱལ་མོ་བཞི་བཞུགས་སུ་གསོལ། དེ་ནས་ཟླ་གམ་དཀར་པོ་ནི་ཆོས་ཀྱི་སྐུའི་རང་བཞིན་ནོ། །དམར་པོ་ནི་ལོངས་སྤྱོད་རྫོགས་པའི་རང་བཞིན་ནོ། །ཚོན་ཚོགས་སུ་ནི་སྣང་བ་ནི།སྤྲུལ་པའི་སྐུའི་རང་བཞིན་ནོ། །བྷརྙ་བརྒྱད་དམ་ལྔའམ་གསུམ་བཀོད་དེ། །རྒྱལ་མོ་བཞིའི་སྐུ་གསུང་ཐུགས་ཕྱོགས་བཞིར་དགོད་དོ། །སྤྱང་ཀའི་ཁྲག་ཐིགས་གཅིག་དང་། མཚལ་ཆེན་གྱི་ཐིགས་གཅིག་གིས་ནི།ཆགས་ཤིང་འཇིག་ཅིང་འཐོར་བར་འབྱུང་ངོ་། ཁྲག་སྣ་གཞན་དང་བསྲེས་ལ་བྷརྙའི་ནང་དུ་བླུག་གོ །རིན་ཆེན་གསེར་ཕྱེ་མེ་ལོང་བཞི་དང་། བུད་མེད་མཚན་དང་ལྡན་པའི་ནུ་ཞོ་དང་། སྐྱེས་བུའི་བྱང་ཆུབ་སེམས་སུ་སྦྱར་བས་འཕགས་པ་དང་མ་མོའི་ཐུགས་དམ་བསྐང་ངོ་། །ཡེ་ཤེས་ཀྱི་ལྷ་གསལ་བར་བསྒོམ་མོ། །ཡེ་ཤེས་ཁྲག་སྣ་མང་པོའི་རྟེན་བཅའ་ཞིང་གཡང་གཞི་དང་མ་བྲལ་བ་ཡང་དགྲམ་མོ། །དཀྱིལ་འཁོར་བཅའ་གཞིའི་ལེའུ་སྟེ་ང་གཉིས་པའོ།། །།ཧུ༷་དམིགས་མེད་དབྱིངས་ཀྱི་རང་བཞིན་ནི། །དམིགས་མེད་ཡུམ་གྱི་དབྱིངས་སུ་གསལ། །སྙིང་རྗེ་ནམ་མཁའི་ངོ་བོ་ལས། །རིག་པའི་ཡེ་ཤེས་བདེ་ཆེན་མཁའ། །དམིགས་སུ་མེད་པའི་མཁའ་དབྱིངས་ལས། །ཡི་གེ་ཧུ༷་གཅིག་གསལ་བར་བསྒོམ། །ཨེ་ཏ༷་མ༷་ལ༷་བ༷་྅༷་བྷརྙ་ཙྭ་ན་ཙཀྲ་ཧུ༷། ཕྱི་ནི་རིན་པོ་ཆེ་ལས་གྲུབ་པ། ནང་བྷརྙའི་གཞལ་ཡས་ཁང་། གནམ་ལྕགས་ཀྱི་གཟེར་ཆེན་བཏབ་པ། ཕྱི་ནང་སྣང་ལ་རང་བཞིན་མེད་པ། དབུས་གྲུ་གསུམ་ཟླ་གམ་དམར་པོ་གསུམ་གྱིས་བསྐོར་བ། འཁོར་ལོ་རྩིབས་བཞི་གྲུ་ཆད་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན༷་ཏུ་ཡང་ནང་དུ་གྱུར་པ། ཐོད་པ་སྐམ་རློན་གྱི་ཕྲེང་བས་བརྒྱན་པ། སྦྲུལ་ནག་གི༷ ་ཆུན་འཕྱང་གིས་བརྒྱན་པ། ཉི་ཟླའི་གདན་བཏིང་བ། དེའི་སྟེང་དུ་ལྟ་ ་ལྷ་ཀུ ཆེན་དང་། ཁྱུ་མཆོག་གདན་དུ་བཏིང་བ། དེའི་སྟེང་དུ་ཨོ་ཤི་ཧེ་རུ་ཀུ་ཧྭ༷། ཞེས་བརྗོད་པས། དབུ་དགུ་ཕྱག་བཅོ་བརྒྱད་པར་བསྒོམ། ཨོ་ཀྲོ་དྷི་ཤྭ་རྡི་ཧུ༷། ཞེས་བརྗོད་པས་ཡུམ་ཡང་བསྐྱེད། དེ་ནས་ཡབ་ཡུམ་རོལ་ཏེ། ཨབླུ་ཤ་ཛ༷༷ པྲ་ཝེ་ཤ་ཕཊ། བཱ་ཤ་ཧུ༷། མ་ཧྭ་སུ་ཁ་སྒྲོ་ཊ་བ༷། བཛྲ་བྷལྐོཧོ༷ སེམས་ལས་བསྐྱེད་པའི་མ་མོ་བཅུ་གསུམ་དང་། ཡེ་ཤེས་མ་མོ་བཅུ་བཞི་དག །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་རྫོགས། །ཡང་དག་ཐུགས་ཀྱི་མ་མོ་བཞི། །དང་པོ་བསྐྱེད་ཀྱང་ཐུགས་ལས་བསྐྱེད། །ཕྱོགས་བཞི་དབུས་དང་ལྔ་རུའོ། །དབང་ཆེན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ང་གསུམ་པའོ།། །།ད་ནི་ཡུམ་ཆེན་མོ་སྤྱན་དྲང་ངོ་། །མ་གཅིག་ཀུན་བཟང་དབྱིངས་ཀྱི་ཆོས་བདག་མོ། །སྤྱན་འདྲེན་མཆོད་ཀྱི་གཤེགས་སུ་གསོལ། །དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཡ་མཚན་འཕྲུལ་གྱི་དངོས་གྲུབ་སྩོལ། །དང་པོ་སེམས་ལས་བསྐྱེད་པ་སྟེ། ཁ་བློན་ཆེན་མོ་སྤྱན་དྲང་ངོ་། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་མྲཁ་བློན་ཆེན་མོར་ཞལ་བཞེས་ཀྱི། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །མི་ནུབ་རྒྱལ་མཚན་ཞེས་ཀྱང་བྱ། །དེ་ནས་སྒོ་བློན་ཆེན་མོ་སྤྱན་དྲང་ངོ་། །སྔོན་ཚེ་དཔལ་ཆེན་སྤྱང་སྔ་སྲ །སྒོ་བློན་ཆེན་མོར་ཞལ་འཆེས་ཀྱི། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །དེ་ནས་ཕྲིན་ལས་ཆེན་མོ་སྤྱན་དྲང་ངོ་། །སྔོན་ཚེ་དཔལ་ཆེན་སྦྱན་སྔ་སྲ །ཕྲིན་བློན་ཆེན་མོར་ཞལ་བཞེས་པའི། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །ད་ནི་དུར་ཁྲོད་བདག་མོ་སྤྱན་དྲང་སྟེ། །དུར་ཁྲོད་བདག་མོ་ཐྲི་ཛ་མུན་ཏི། །དཔལ་ཆེན་ཐུགས་ཀྱི་སྲས་མོ་སྟེ། །མཐིང་ནག་རླུད་ཤོན་ཛ་མུརྙི། །སྔོན་ཚེ་ངཔལ་ཆེན་སྤྱན་སྔ་སྲ །སྲས་མཆོག་དམ་པར་ཁས་བླངས་ཏེ། །ཐུགས་དམ་རྒྱུདབསྐུལགཤེགསསུགསོལ། །ཡུམ་གྱི་སྙིང་པོ་ས་ནཱ་ཛ། ཁ་བླན་གྱི་སྙིང་པོ་སྤྱི་དྲི་སྤྱི་དྲི་མ་སྙིང་ཁ་རག་ཛ་ཛ། སྒོ་བློན་གྱི་སྙིང་པོ། རསྒ་མ་སྙིང་ཁ་རསྒ་ཛ་ཛ། ཕྲིན་བློན་གྱི་སྙིང་པོ་རཀ་མོ་རསྒ་སྙིང་ཁ་རག་ཛ་ཛ། ཛ་མུདྷིའི་སྙིང་པོ། ཧུ༷་ཤི༷༷ ཛ་མུརྙི་བར་དྷ་ཡི་ཏིགི་ཛ་ལ་ནི་ཧུ༷་ཕཊ་ཛ༷༷། གོང་གི་མ་མོ་དེ་རྣམས་ནི། རྩ་ཆེན་པོ་བཞི་ལས་བསྐྱེད་པའོ། །འབྱུང་བ་ལྔ་ལས་རྟག་པའི་རྒྱལ་མོ་སྤུན་ལྔ་བསྐྱེད་དོ། །འགྲི་ས་མུ་ཧཱུཾ་ཧ། ཛ་ལ་པ་རེ་ཧ། བི་ཤྭ་སི་ཏི་ཧ། ཀྲོ་དྷི་ཤྭ་རྡི་ཧ། བི་ཡ་ཡ༷་ཏེ་ཧ། ཀྲོ་དྷི་ཤྭ་རྡི་ཧི་ཀ་མ་ལ་ཤྭ་རྡི་ཧ། ཀ་མ་དེ་ལ་ཧེ་སི། སོ་སོའི་གནས་ནས་བསྐྱེད་པར་བྱ། །བྱེད་པ་པོ་དང་བྱ་བ་མོ། །ཕ་མ་མེད་པའི་བུ་མོ་གཉིས། །སྲིད་པ་སྔོན་དུ་བྱུང་བ་ཡིན། །སངས་རྒྱས་བས་ཀྱང་ཤིན་ཏུ་བགྲེས། །ལྔ་ལས་བྱུང་བའི་བུད་མེད་ལྔ། །གཉིས་མེད་ཀྱང་། གཉིས་མེད་སྲིད་པའི་གཡུང་དྲུང་ཡིན། །བསྐྱེད་པའི་ཁྲོ་མོ་བཅུ་གསུམ་ནི། །ཅིར་མི་འོང་བའི་སྨུན་དྲུག་ཡིན། །མཚོན་དུ་མེད་པའི་ནམ་མཁའ་ལས། །གཟའ་སྐར་མང་པོ་འཆར་བ་ལྟར། །སྐྱེ་འགག་མེད་པའི་དབྱིངས་སུ་ཐིམ། །ཆོས་ཐམས་ཅད་བསྒྲུབ་པ་ལ་གཅད་པའི་ཕྱིར། །དཀྱིལ་འཁོར་གྱི་སྤྱན་དྲང་བའི་ལེའུ་སྟེ་ང་བཞི་པའོ།། །།འདིར་ནི་རྩ་ཆེན་པོ་བཞི་ལས། །སུམ་བརྒྱ་དྲུག་ཅུར་གྱེས་པ་ནི། །མ་མོ་སུམ་བརྒྱ་དྲུག་ཅུའོ། །དེ་ཡང་ཡང་གབ་བཞི་ནི་རྩ་ཆེན་པོ་བཞི་ལ་གནས་སོ། །དེ་ནི་ཡོན་ཏན་གྱི་རྩ་བཞི་དང་། སྐྱོན་གྱི་རྩ་བཞིའོ། །འཆི་བར་བྱེད་པའི་བདུད་ཀྱང་ཡིན། །འཚོ་བར་བྱེད་པའི་སྨན་ཀྱང་ཡིན། །རྣམ་པར་ཤེས་པ་གཞེར་འདེབས་ཞེས་ཀྱང་བྱ། །འོད་ཀྱིརངབཞིནདུགནསསོ། །རྒྱུ་ཆོས་ཀྱི་དབྱིངས་དང་། འབྲས་བུ་རིག་པའི་ཡེ་ཤེས་གཉིས་སུ་མེད། འབྱུང་བ་ཆེན་པོ་ལྔ་ནི་རྒྱུ་ཆོས་ཀྱི་དབྱིངས་སོ། །ཡེ་ཤེས་འབྱུང་བ་ལྔ་ནི་འབྲས་བུ་ཡིན་ཏེ། །བདེ་བ་ཆེན་པོ་འཇིག་རྟེན་གྱི་མ་མོ་ཐམས་ཅད་ནི། །ཚིག་དང་དོན་འདིར་འདུས་སོ། །འདི་བཞི་ནི་ཡང་གབ་དབང་གི་རྒྱལ་མོ་བཞི་ཞེས་བྱའོ། །སེམས་ལ་བསྐྱེད་པའི་མ་མོ་བཞི་དང་། དམ་ལ་གནས་པའི་སྲིང་མོ་བཞི། །ཡིད་ལ་གཞུང་པའི་མཛའ་མོ་བཞི། །ལུས་ལ་བསྐྱེད་པའི་མ་མོ་བཞི། །བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞི། །ཕུར་བུ་སྒྲུབ་པའི་བློན་མོ་བཞི། །མ་མོ་ཀུན་གྱི་གཙོ་མོ་བཞི། །མ་མོ་ཐུན་གྱི་བདག་མོ་བཞི། །ལས་ལ་གཤིན་པའི་བྲན་མོ་བཞི། །དགྲ་བོའི་སྙིང་འཕྲོག་ལྷ་མོ་བཞི། །ཐམས་ཅད་ཡང་གབ་ལྷ་མོ་བཞི་རུ་འདུས། ཉིས་བརྒྱ་དང་ནི་ནུབ་བོ། །ཐུགས་རྩ་བའི་མན་ངག་གི་ལེའུ་སྟེ་ང་ལྔ་པའོ།། །།ཡང་གབ་དབང་གི་རྒྱལ་མོ་བཞི་ལ་སོགས་པ། མ་མོ་རྣམས་སྤྱན་དྲང་བའི་སྔགས་ནི། ཏྲག་རསྒ་མུ་ཏྲ། ཁ་མུན་ཏྲ་རག་མོ་ཛ་ཛ་ཏེ་ཁུམ་ཁ་ལ་མ་ཏི་སྦྱོ་སྨྱོ། རྒྱུན་མ་ཆད་པར་དེ་བཟླས་པས་ནི། རང་དབང་མེད་པར་ནམ་མཁའ་ལ་སྤྲིན་འདུས་པ་བཞིན་ཐམས་ཅད་ཀྱང་ཚོགས་སོ། །རྦད་པའི་སྙིང་པོ་ནི། ཏྲག་རསྒ་མུ་དྲ་སྙིང་ཁ་རག་རྦད། ཆུམས་ཐུམ་རིལ་ལི་རྦད་སྨྱོ། མ་མ་ར་ཙ་ཡ་ཡུ་ཐུན་སྨྱོ། སྙིང་པོ་སྔགས་ཀྱི་ལེའུ་སྟེ་ང་དྲུག་པའོ།། །།བྷརྙའི་ནང་དུ་ཁྲག་སྣ་སྟོང་རྩ་བརྒྱད་དང་། ཤ་སྣ་སྟོང་རྩ་བརྒྱད་དང་།སྙིང་སྣ་སྟོང་རྩ་བརྒྱད་བླུགས་ལ་དེ་ནས་སྦྲིངས་ཤིང་བསྐུལ་ལོ། །དམ་རྫས་ཙིལྟི་བརྒྱད་དང་། རཀྟ་བརྒྱད་ཀྱང་དབུལ་ལོ། །མ་རྙེད་ན་འབྱོར་ཚོད་དེ། ཁྲག་གཅིག་དང་། མངལ་ཁྲག་གཅིག་སྦྲེངས་ཤིང་ཐུགས་དམ་བསྐུལ་བ་ནི། གླིང་གཞི་མུན་པའི་གཡུང་དྲུང་འདས་པའི་ཕ་རོལ་ན། །གསེར་གྱི་རི་བདུན་འདས་པའི་ཕ་རོལ་ན། །ལྕགས་མཚོ་ནག་པོ་འཁྱིལ་བའི་ཕ་རོལ་ན། །གསེར་གྱི་ཁྲི་ལ་གཡུ་ཡི་གདན་འདིང་མ། །སྣང་སྲིད་ཐམས་ཅད་དབང་དུ་སྡུད་མཛད་མ། །སྐྱེ་འགྲོ་མཐའ་ལ་ལེགས་ཉེས་སྟངས་འཛིན་མ། །ཐོག་གི་རྒྱལ་མོ་གློང་ཕྲེང་མ། །སྲིང་གཅིག་ཆེན་མོ་ཀླུ་ཡི་རྗེ། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། ཐ་མ་གཡུ་ཡི་རྡོ་རྗེས་གཏམས། །བུད་མེད་གསེར་གྱི་གོ་ལྕོག་ཅན། །སྤྱན་མིག་གཡས་པ་ཟླ་བ་འཁྱིལ་བ་ཙམ། །གཡོན་པ་ཉི་མ་འཁྱིལ་བ་ཙམ། །བཞུགས་ནི་ཉི་མ་ལྷོ་ན་བཞུགས། །མཚོ་སྨན་ཆེན་མོ་ལེགས་ཉེས་སྟངས་འཛིན་མ། །སྐུ་ནི་མི་བསྐྱོད་དབྱིངས་ན་བཞུགས། །ཕྱག་ན་འཕྲུལ་གྱི་མེ་ལོང་བསྣམས། །རྣམ་པར་ཐར་པའི་ལམ་སྟོན་མ། །སངས་རྒྱས་རྣམས་དང་དགོངས་པ་མཐུན། །དབང་ཕྱུག་ཕྲ་མེན་རྣམས་ཀྱི་དགོངས་སྤྱོད་ཅན། །སྲིད་པ་གསུམ་གྱི་ལེགས་ཉེས་སྟངས་འཛིན་མ། །གླིང་བཞི་སེམས་ཅན་ཚེ་ཚད་གཏན་ལ་འབེབས། །རྒྱལ་རིགས་རྣམས་དང་ལས་སྟབས་གཅིག །ལེགས་ལྡན་ནག་པོ་ཕོ་ཉར་འགྱེད། །ཀླུ་ཡང་ཕོ་ཉར་ཕྱོགས་བཅུར་འགྱེད། །ཀླུ་རྣམས་ཀུན་ལ་དབང་བསྒྱུར་མ། ཁམས་གསུམ་མ་ལུས་དབང་དུ་སྡུད། །གནས་ནི་མ་པང་མཚོ་ལ་གནས། །ཐུགས་རྗེ་མཚོ་ནི་ཆོས་ཀྱི་དབྱིངས། །སྲིད་པ་གསུམ་གྱི་མཚོ་ཆེན་ཡང་། །དབྱར་ནི་མི་སྐྱེ་རྒུན་མི་འཁྱག །མ་པང་མཚོ་ལ་དཔལ་གནས་སོ། །གཡས་ན་སྲིད་པའི་འཁོར་ལོ་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་བསྣམས། །ཚེ་ཡི་བུམ་པ་ཕྱག་ན་བསྣམས། །ལེགས་ཉེས་རྣམས་ཀྱི་སྟངས་འཛིན་མ། །རྣལ་འབྱོར་དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ད་ནི་དཀར་མོ་དབུ་ལྔ་མ་བསྐུལ་ཏེ། །དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མོ་སྟེ། །གནས་ནི་རོལ་མཚོ་བདུན་ལ་གནས། །ཆིབས་སུ་འཇིགས་པའི་མགོ་དགུ་བཅིབས། །སྐུ་ནི་ཤེལ་སྒོང་དྭངས་པ་འདྲ། །ཉི་མའི་ཟེར་བས་ཤིན་ཏུ་འཚེར། །ཟླ་བའི་འོད་ལས་དཀར་ལ་དྭངས། །སྐུ་ཡི་འོད་ཀྱིས་སྟོང་ཁམས་ཁྱབ། །ཞལ་ནས་འཇིགས་པའི་སྐར་མདའ་འཕྲོ། །དགུ་ཚིགས་གཞུང་དུ་བརྡུང་བ་མོ། །སྐར་ཆེན་མདའ་རུ་འཕེན་པ་མོ། །དགྲ་སྙིང་ཕུར་གྱིས་འདེབས་པ་མོ། །ཆེ་ཞེ་མོན་མོ་དབང་ཕྱུག་མོ། ཁྲ་ཁྲག་དམར་གྱི་དྲི་སྣོམ་མོ། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་མ། །དམ་ཚིག་ཅན་གྱི་རྗེས་གཅོད་མོ། །ཐོག་དང་སེ་བར་ཞལ་ནས་འཕེན། །སྦྲུལ་ནག་སྟོང་གི་ཞགས་པ་འདེབས། །ཟླ་བ་ཚེས་པའི་སྤྱན་ཟུར་གཟིགས། ཁམས་གསུམ་མ་ལུས་ས་ལེར་མཁྱེན། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །དགྲ་བོ་དམ་ཉམས་གཤེད་དམར་ཞལ་གྱིས་བཞེས། །རྣལ་འབྱོར་དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །ད་ནི་གུ་རྒྱ་མ་བསྐུལ་ཏེ། །གངས་དཀར་རྩེ་ལ་གནས་པ་མོ། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །ཕྱག་ན་གསང་བའི་མཆོག་ཕུར་བསྣམས། །དགྲ་བགེགས་སྙིང་ལ་གཟེར་འདེབས་མ། །སྐུ་ལ་བཙོས་ཀྱི་ལའུ་ནག་གསོལ། །ཞལ་ནས་སྒྲ་ཆེན་འབྲུག་ལྟར་སྒྲོགས། །ཕྱག་ནས་ཐོག་འཛག་དགྲ་སྙིང་སྐྲག །ཐུགས་ནི་དགྲ་བོའི་ཙིསྟ་རློམ། །སྤྱན་གྱིས་སྟོང་ཁམས་ཁྱབ་པར་གཟིགས། །སྨུག་ནག་ཆེན་མོ་དབུ་ལྔ་མ། །ཙིརྟི་སྟོང་གི་མངའ་བདག་མོ། །ནམ་མཁའི་ཁམས་ལ་དབང་སྒྱུར་མ། །སྟོན་ཟླ་གསུམ་ལ་མངའ་མཛད་མ། །འབྲས་བུ་ལོ་ཐོག་བཅུད་ལེན་མ། །དབྱར་ཟླ་གསུམ་ལ་མངའ་མཛད་མ། །ཐོག་དང་སེར་བའི་སྣ་འདྲེན་མ། །མེ་ཏོག་ཀུན་གྱི་དྭངས་ལེན་མ། སེམས་ཅན་ཀུན་གྱི་སྲོག་གཅོད་མ། །དགུན་ཟླ་གསུམ་ལ་སྡོམས་མཛད་མ། །ཐེའུ་བྲང་ཧས་པོ་དབང་སྒྱུར་མ། །དཔྱིད་ཀྱི་ཟླ་གསུམ་མངའ་མཛད་མ། །རླུད་དང་འཅོ་མའི་སྣ་འདྲེན་མ། །སྲིད་པའི་བུ་མོ་ཐུགས་དམ་ཅན། །ཐུགས་དམ་དུས་ལ་བབ་ཀྱིགཤེགས སུགསོལ། །ད་ནི་ཁྲག་ གས་མའི་བདག་མོ་བསྐུལ་ཏེ། ༷། དུར་ཁྲོད་བདག མོཤི ཛམྲདྷི། སྐུམདོག་དམརསྨུག ཆེན མོལ། །ཕྱག་ན མི་ཐོད་ཕྲེང་བ་རྣམས། །ནུ་མའི་བཤལ་ཁས་གསུམ་པ་ཁེབས། །ཡར་བལྟས་གནམ་གྱི་ལྷ་རྒྱལ་མོ། །མར་བལྟས་ས་ཡི་ཀླུ་རྒྱལ་མོ། །ཆིབས་སུ་མགྱོགས་པ་རླུད་ལ་ཆིབས། །ན་བཟའ་གོ་ཟུ་ནག་པོ་མནབས། །ཞལ་ནས་རྫི་བ་འབུད་པ་མོ། །ཕྱག་ན་ཟངས་ཀྱི་རྒྱུ་ཞགས་ཐོགས། །གཡོན་ནི་འཛིན་འགུགས་བྱེད་པའི་ཕྱག །སྡང་བའི་དགྲ་བོ་ཁུགས་ལ་སྒྲོལ། །རླུད་གི་ཕྱོགས་ནས་ཕོ་ཉ་འགྱེད། །སྤྲུལ་པ་ཤ་ཤོན་མང་པོ་གཏོང་། །སྡང་བའི་དགྲ་བོ་དྲོངས་ཤིག་ཁུག །ཅེས་བརྗོད་ལ། ཐུགས་དམ་བསྐང་བའི་རྫས་ཤེལ་སྨུག་པོ་དང་། ཀུ་ཀུ་རྭ་ཙ་དཀར་པོ་ཤེལ་མིག་དང་། རྨ་བྱའི་མདོངས་དང་། རཀྟ་མང་པོ་སྤྲོངས་ ་སྦྲེངས་ཀུཤིང་ནམ་གྱི་གུང་ལ་ཐུགས་དམ་བསྐང་ན་ཟློག་པར་འགྱུར་རོ། །དམ་ཚིག་ཉམས་ན་མི་བཟློག་གོ །སྲིད་པའི་མ་མོ་དང་། འཇིག་རྟེན་གྱི་མ་མོ་དང་། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ལ་དཔང་གཟུག་གོ །མཚང་ཚིག་བསྐང་བའི་ལེའུ་སྟེ་ང་བདུན་པའོ།། །།ཞིང་ལྤགས་གཡང་གཞི་དང་མ་བྲལ་བ་བདུན་ཡང་བླ་རེར་གདགས། ཞིང་གི་གུས་ཐབས་དང་། ཞིང་གི་རྦད་ཕུར་དང་། མཆོག་ཕྲན་ཡང་དགྲམ་མོ། །ཙིསྟེའི་ཕོ་ལོང་དང་། མི་དབང་གི་འབྲས་བུ་དང་། མཚལ་ཆེན་བཏབ་པའི་རཀྟ་དང་། སྣེལ་གྲིར་ཤི་བའི་མདོང་མོ་དང་། སྦྲུལ་དཀར་ནག་ལ་སོགས་པས་བརྒྱན་ནོ། །བྱང་ཆུབ་སེམས་དང་ཙིརྟི་ཕྲུག་པར་བྱ། ལྷོ་ཕྱོགས་ཀྱི་བྷརྙར་གླང་པོ་ཆེའི་འབྲས་བུ་གཅིག་དང་། ཙིསྟ་གཅིག་གིས་རཏྣ་སམ་བྷའི་ཐུགས་དམ་བསྐང་ངོ་། །ནུབ་ཕྱོགས་ཀྱི་བྷནྟྲར་རྨ་བྱའམ་བྱ་མཚལ་བུའི་འབྲས་བུ་དང་། །བུད་མེད་སྐྲ་སེར་ལ་ལི་བའི་རཀྟ་གཅིག་གིས་པདྨ་ཧེ་རུ་ཀའི་ཐུགས་དམ་བསྐང་ངོ་། །བྱང་ཕྱོགས་སུ་ཤང་ཤང་ངམ། ཕ་ཝང་གི་འབྲས་བུ་དང་། ཅི་ཡང་རུང་བའི་འབྲས་བུ་ཙིསྟ་གཅིག་གིས་དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་། ཤར་ཕྱོགས་སུ་བྷརྙར་གླང་པོ་ཆེ་འམ། རྟ་སྔོན་པོ་གཅིག་གི་འབྲས་བུ་གཅིག་གིས། རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་ངོ་། །དབུས་ཀྱི་བྷརྙར་དྲི་ཆེན་དང་། ཁྱི་དཀར་པོ་གཅིག་གི་འབྲས་བུའམ་ཙིསྟས་རྣམ་པར་སྣང་མཛད་ཀྱི་ཐུགས་དམ་བསྐང་ངོ་། །གཟུགས་དང་མིང་རུས་ལྡན་པར་བརྟགས། །རྩིབས་ཆ་ལྔ་དང་དབུས་ལ་དགོད། །ཙིསྟ་དཔེའུ་ཆུང་གི་ལེའུ་སྟེ་ང་བརྒྱད་པའོ།། །།བྷནྟྲ་བཅོ་བརྒྱད་མེད་དུ་མི་རུང་། ཁྲག་སྣ་སྟོང་རྩ་བརྒྱད་མ་རྙེད་ནའང་། བཅོ་བརྒྱད་མེད་དུ་ཡིད་ ཡང་ མི་རུང་ངོ་། ཁྲ་སྣ་སྟོང་རྩ་བརྒྱད་མེད་ནའང་བརྒྱ་རྩ་བརྒྱད་མེད་དུ་མི་རུང་། སྨན་སྣ་སྟོང་རྩ་བརྒྱད་མེད་ན་ཡང་། བརྒྱ་རྩ་བརྒྱད་མེད་དུ་མི་རུང་གསུར་ཆེན་གྱི་དུད་པ་ཡང་རྒྱུན་མི་གཅད་པར་བཏང་ངོ་། །གཟུངས་མ་མཚན་དང་ལྡན་པ་བརྒྱད་མ་རྙེད་ནའང་། བཞི་མེད་དུ་མི་རུང་ངོ་། །དགོངས་པ་མཁན་གཅིག སྐྱེས་བུ་སྔགས་མཁན་ངར་ཅན་གཅིག་དགོས་སོ། །དལ་གྱི་གྲྭ་བཞིར་ཁམ་རྒྱ་ཆེན་མོའི་སྙིང་པོ་བྲི། དཀྱིལ་འཁོར་གྱི་མུ་རན་ལ་ལོང་བརྒྱབ་སྤྲེལ་བྲིའོ། །ཡང་སྤྲུལ་དང་བཅས་པར་བྱ། ཕུར་བུ་བརྒྱ་རྩ་བརྒྱད་ཀྱིས་དཀྱིལ་འཁོར་མཐའ་མ་བསྐོར། མདའ་བཞི་ཡང་ཁྱམས་སུ་གཟུག བྷརྙ་བཞི་དགོད་དེའི་བར་ཁྱམས་བཞི་རུ་གསེར་ཕྱེ་མེ་ལོང་བཞི་དགོད་དོ། །དཀྱིལ་འཁོར་བཞི་རྒྱན་གྱིས་བརྒྱན་ནོ། །དཔལ་ཆེན་པོ་རྩ་བཞི་ལས་བསྐྱེད་དེ། ནང་རྟགས་ཕྱིར་ཕྱུང་བས་སྨེ་བ་དཀར་ནག་ཏུ་ཕྱུང་སྟེ། སྨེ་བ་མདངས་ཀྱི་མ་མོ་ཞེས་ཀྱང་བྱའོ། །དྲག་པོ་ཕུར་བུ་ལ་སྔགས་པ་ནི།མ་མ་ཏྲག་ཨེ་ཀ༷་རུ་ལུ་ཞེས་གདབ་བོ། །གུ་རྒྱ་གཏེར་གྱི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་ཡུམ་སྦས་ལ་མཚམས་བཅད། །ཡུམ་རྣམས་བདུད་རྩིའི་ཆུས་བཀྲུས་ལ། མདེའུ་སྦྲང་མ་ལ་དར་ལེའུ་བརྒན་གྱིས་མགུལ་ཆིངས་བྱས་ལ། ཡུམ་གྱི་དཔུང་ཀ་ནས་གཟུང་ལ། ཐེ་ཚོམ་རྨ་ཡང་སྤང་སྟེ་བཅོམ་ལྡན་འདས་དང་དགོངས་སྤྱོད་གཅིག་ཏུ་བཞུགས་སོ། །མ་ལྟར་དབང་མ་བྱེད། དབྱིངས་ལས་ཡེ་ཤེས་འབྱོར། སྲིང་ལྟར་ལྷས་མ་དམ།གྲོགས་ལྟར་ཕྲག་མ་དོག མཛའ་མོ་ལྟར་གཞུང་མ་ངན། བྲན་ལྟར་སྙིང་མ་རིང་། དེ་ནས་དཀྱིལ་འཁོར་གྲྭ་བཞིར་དབང་བསྐུར་ལ་བཞག དང་པོ་ནུབ་མོ་བཤགས་པ་བྱ། །དེའི་ཕྱི་དེའི་ནུབ་མོ་བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར། ཕུར་པ་བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ། དེའི་ཕྱི་དེའི་ནུབ་མོ་ནམ་མཁའ་ལྡིང་གཅིག་གིས་ཐུགས་དམ་བསྐང་། དེའི་ཕྱི་དེའི་ནུབ་མོ་ཙ་རས་བཟློག དེའི་ཕྱི་དེའི་ནུབ་མོ་ལུག་སྨུག་ནག་གིས་ཐུགས་དམ་བསྐང་། ཡུམ་གྱི་དཔུང་ཀ་ནས་བཟུང་ལ་ཐེ་ཚོམ་རྨའོ། ཁར་སང་ཁར་ཉིན་སྔོན་མ་རུ་ངོ་མ་ཤེས། སྲིང་དུ་ངོ་མ་ཤེས། གྲོགས་སུ་ངོ་མ་ཤེས། མཛའ་མོར་ངོ་མ་ཤེས། བྲན་ལྟང་ངོ་མ་ཤེས། མ་རུ་ངོ་ཤེས་ན། དབྱིངས་དང་ཡེ་ཤེས་ལྡན། གྲོགས་ལྟར་ངོ་ཤེས་ན། བརྩེ་བའི་གཞུང་དང་ལྡན། མིང་པོར་ནི་ངོ་ཤེས་ན། གཟི་བརྗིད་ནི་མཛེས་དང་ལྡན། རྗེ་རུ་ནི་ངོ་ཤེས་ན། དབྱིངས་སུ་ནི་འབངས་སུ་འཆི། དེ་ནས་ཡབ་མངོན་རྫོགས་ཀྱི་རྒྱལ་པོས་སྲིན་ལག་ནས་བཟུང་སྟེ། ཡུམ་གྱི་བྷ་ག་དབང་དུ་བསྡུས་ལ་སྤྱན་དྲངས་ཏེ། དགུང་བཞིའི་ནུབ་མོ་ཤེལ་དཀར་པོ་ཡ་སངས་ཀྱིས་དཀར་མོ་རྣམས་ཀྱི་ཐུགས་དམ་བསྐང་།ཁྱི་ནག་པོ་ཤེལ་མིག་གིས་མཚོ་སྨན་དང་ཀླུ་རྣམས་ཀྱི་ཐུགས་དམ་བསྐང་། པྲ་དབབ་པ་ཡབ་ཡུམ་བདུད་རྩིའི་ཆུས་བཀྲུས། རཀྟའི་ཐིག་ལེ་གདབ། སྲིན་ལག་ལ་སྐུད་པ་ནག་པོ་གཅིག་གིས་གདགས། གུང་མོ་ནས་སྐུད་པ་དཀར་པོས་བཏགས་ལ་བཟུང་པྲ་དབབ་པའི་ཡུམ་མཚམས་བཅད། དེ་ནས་ཉུང་དཀར་ལ་བསྔགས་ལ་སྤྱི་བོ་ནས་པྲ་དབབ་པའི་སྙིང་པོ་འདི་ཡང་བཟླས་སོ། །ཏྲག་རསྒ་མུ་ཏྲ་མུ་ཏྲ་རུ་ལུ་རུ་ལུ་རག་མོ་ཛུ་ཛུ། ཁ་ལ་མ་ཏི་༷་སྙིང་ཁ་རག་སྨྱོ། རུ་ལུ་རུ་ལུ་ཁ་ར༷་རསྒ་ནི་ཐུམ་རི་ལི་ལི་ཤུ་ཏིགི་རྦ་ཧུ༷། གཞུང་ལས་བྱུང་བའི་མ་མོའི་སྙིང་པོ་མཆེད་ཕྱོགས་སུ་ལྷ་ཕོབ་ལ་འཛབ་དབོག་གོ །པྲ་དབབ་པའི་ཡུམ་པདྨའི་སྟེང་དུ་བཞག་ལ། ཕྱོགས་ཕྱོགས་ནས་དབང་བསྐུར་རོ། །དེ་ནས་པྲ་དབབ་པ་དང་། དངོས་གྲུབ་ལུགས་བཞིན་བཤམས་ལ། བདུད་རྩིའི་བདག་མོ་ཡིན་པས་བསྙེ༷ན་བསྒྲུབ་བདུད་རྩིའི་འཛབ་དྲང་ངོ་། །དེ་ནས་ཡང་སྲིན་ལག་ནས་བཟུང་སྟེ་པྲ་དབབ་བོ། །འཇིག་རྟེན་སྔ་མའི་གཏམ་ཁྱེར་ནས་འོང་བ་ནི། རལ་གཅིག་མ་ཡིན་པས་སྙིང་པོ་དྲང་ངོ་། །ཏྲག་རག་ཤུ་ཏྲ་མོ་རུ་ལུ་རྒྱུ༷། ཨོ་ཤི་མཉུ་དིསྟ་ཙཀྲ་རྒྱུ༷། དེ་ནས་སྔགས་མཁན་གྱི་ཞབས་གཡོན་པའི་མཐེ་བོང་ལ་བཏགས་ལ། ལུང་གིས་ཟིན་པར་བྱས་ལ་ལྷ་སྲིན་སྡེ་བརྒྱད་གང་ལ་བཀོལ་ཀྱང་འགྲུབ་བོ། །པྲ་དབབ་པའི་ལེའུ་སྟེ་དྲུག་ཅུ་པའོ།།་ །།ཏ་ན་སྒྲོལ་བའེ་ལུང་གིས་མ་མོ་རྣམས་ཀྱི་ཐུགས་དམ་བསྐང་། ག་ཎ་སྦྱོར་བའི་ལུང་གིས་འཕགས་པ་རྣམས་ཀྱི་ཐུགས་དམ་བསྐང་ངོ་། །སྦྱོར་སྒྲོལ་གཉིས་སུ་མེད་པར་བལྟ། སྦྱོར་སྒྲོལ་གྱི་ལེའུ་སྟེ་རེ་གཅིག་པའོ།། །།དབང་དུ་བསྡུ་བ་ལ་ཡང་གསུམ་སྟེ། ནམ་མཁས་འབྱུང་བ་དབང་དུ་བསྡུ་བ་དང་། ཆོས་ཉིད་ཀྱིས་ཆོས་ཅན་དབང་དུ་བསྡུ་བ་དང་། སེམས་ཅན་སྲིད་པས་དབང་དུ་བསྡུ་བ་དང་། སྤྱོད་པས་དབང་དུ་བསྡུ་བ་དང་། ལྟ་བས་དབང་དུ་བསྡུ་བའོ། །དབང་དུ་གང་བསྡུ་ན། མ་མོ་དོན་གྱི་ལྷ་དགུ་དབང་དུ་བསྡུའོ། །མ་མོ་འཁོར་ལ་མི་གཟན་པར་དབང་དུ་བསྡུ་བ་དང་། བདག་མ་མོའི་དབང་དུ་མི་འགྲོ་བ་དང་། མ་མོ་བདག་གི་དབང་དུ་འདུ་བར་བསྡུ་བའོ། །དབང་དུ་བསྡུ་བའི་ལེའུ་སྟེ་རེ་གཉིས་པའོ།། །།ཆོས་དང་ནམ་མཁའ་གཉིས་སུ་མེད་དེ། ནམ་མཁའ་འབྱུང་བ་བཞི་ལ་ཤིས་བསྟན་པ་དང་། བྱང་ཆུབ་ཀྱི་སེམས་བདག་དཔལ་ཆེན་པོས་སྲིད་པ་གསུམ་ཤིས་བསྟན་པ་དང་། དེ་གཉིས་ནི་ལྟ་བས་ཤིས་བསྟན་པའོ། །སྤྱོད་པས་ཤིས་བསྟན་པ་ནི། ཧེ་རུ་ཀ་ཉིད་ཀྱི་སྨེ་བ་དཀར་ནག་ལས་བ༷སྐྱེད་ནས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་བསྟན་པ་བསྲུང་བར་དམ་བཅས་པའི་ཆེད་དུ། འཇིག་རྟེན་གྱི་མ་མོ་བཀའ་སྲུང་དུ་བཞག་གོ །ཕྲིན་ལས་ཀྱི་ཤིས་བསྟན་པ་ནི། བདག་ཉིད་ཏིང་ངེ་འཛིན་ལས་གནས་ཏེ། ཨོ་བཛྲ་ཤི་ཧེ་རུ་ཀ་མ་མ་ཧུ༷་ཕཊ། ཅེས་བརྗོད་པས། སྐུ་ཆེ་ལ་ཡན་ལག་རགས་པ། ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་ལྷག་གི་སྐྱེས་པས། དེའི་ཞལ་ནས། མ་མ་རསྒ་མ་ལེ་ཐུ༷་རྦད་ཛ་ཛ༷༷ ཞེས་བརྗོད་པས། ཡང་གསང་གི་མ་མོ་དྲུག་དང་། ཡང་གབ་དབང་གི་རྒྱལ་མོ་བཞི་པོ་དེ་བྱ་མདུན་དུ་ནམ་མཁའ་ལས་འབབ་པ་བཞིན་ནམ། ཉ་བྱེ་ཚན་ལ་བསྒྱུར་བ་བཞིན་དུ་གྱུར་ཏེ། ཅེས་བཀའ་སྩལ། འཇིག་རྟེན་ན་ཉམས་པ་དང་འཁྲུག་པ་ཅི་མཆིས་ཟེར་རོ། །དེ་ལྟར་སྐྲ་གཅིང་སྔངས་པ་ནི། འཆི་ས་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།། །།དཔལ་ཆེན་པོའི་བྱང་ཆུབ་སེམས་རིན་པོ་ཆེའི་སྒྲོམ་ལས། །ཐུགས་ཀྱི་རྩ་བཞི་ཕྱོགས་བཞིར་གྱེས་པ་ལས་དར་དཀར་གྱི་སྐུད་པ་གསེར་གྱི་སྦུ་གུ་ནས་ཙམ་གནས་པ་ལས། །སྙིང་ཁ་རག་རྦད་ཛ་ཛ། །ཅེས་བྱས་པས་ཐུགས་ཀྱི་རྩ་ནས་ཕྲིན་ལས་ཀྱི་དོན་མཛད་པ། སྲིད་པའི་མ་མོ་སྐུ་མདོག་དཀར་མོ་གངས་རི་ལ་ཉི་མ་ཤར་བ་འདྲ་བ་ཕྱག་གཡས་ན་སྙིང་དང་ཁྲག་བསྣམས་པ། གཡོན་ན་མདའ་གཞུ་ཐོགས་པ། མདུན་དྲང་པོར་བན་་བ་ཀུགླང་དཀར་པོ་བཅིབས་ཏེ་ཉི་ཟེར་འབུམ་གྱིས་བརྒྱན་པ། ཟླ་བ་སྟོང་གིས་བརྒྱན་པ་གཅིག་བྱུང་བས། ཅི་བཀའ་སྩལ་ཟེར་ནས་མདུན་དུ་འདུག་གོ །སྲིན་མོ་དུང་ལོ་ཅན་ཞེས་བྱའོ། །ལྷོ་ཕྱོགས་རྩ་བི་ཌབྱ་འདྲ་བ་རྩའི་སྒོ་ནས་སྐུ་ནས་ཙམ་ལས། མ་མོ་སྙིང་འདུན་ཡིད་སྲོག་རྩ་སྨྱོ། ཞེས་བརྗོད་པས། དེའི་གཡོན་དུ་སྐུ་མདོག་སྔོན་མོ་ཆུ་གླང་འབར་བ་ལ་བཅིབས་པ་སྐུ་དང་ཕྱག་སྦྲུལ་ནག་འབར་བས་ནི་བརྒྱན། ཟངས་ཀྱི་དྲ་བ་མིག་མངས་གཅིག་ན་བཅིབས་ཀྱི་ཕྱི་གོང་ལ་བཏགས། ཕྱག་གཡས་ན་ལྕགས་ཀྱི་བསེ་གབ་ཆེན་པོ་གཅིག་ཐོགས། གཡོན་ན་འཕྲུལ་གྱི་མེ་ལོང་གཅིག་བསྣམས། སྐུ་ལ་རྨ་བྱའི་ཐུལ་བ་གཅིག་མནབས། ཡིད་ཀྱི་དྲ་བ་བརྒྱ་སྟོང་གིས་འཇིག་རྟེན་གྱི་ཁམས་གཡོགས་པ། སྤྱན་གཡས་གཡོན་དུ་ཉི་ཟླ་འཁྱིལ་བ་ཙམ། ཅེས་བཀའ་སྩལ་ཞེས་ཟེར་ནས་བདུན་དུ་འདུག་གོ །ནུབ་ཕྱོགས་ཀྱི་རྩ་དར་ལེའུ་བརྒན་གྱི་ལྕེ་འདྲ་བ། སྐུ་ནས་ཙམ་ལས། དྷར་མ་རསྒ་ཛ་ཛ༷༷ ཞེས་བརྗོད་པས། སྐུ་མདོག་དམར་པོ་མེ་ལྕེ་ཆད་པ་འདྲ་བ། ཟངས་ཀྱི་དྲེའུ་རྟ་སྨུག་པོ་ལ་རྔ་རྗོག་ལྕགས་ཀྱིས་བྱས་པ། ཆེ་ཆུང་གི་ཚད་དཔག་ཚད་བརྒྱད་ཁྲི་བཞིསྟོངལཤོནནསསྐུལལེའུ་བརྒན་དམར་པོ་གསོལ་བ། ཟངས་ཀྱི་ཞགས་པ་འདོམ་དགུ་བརྒྱ་བཞི་སྟོང་ཡོད་པ་སྔ་གོང་ལ་བཏགས། ཡིད་ཀྱི་དྲ་བ་བརྒྱ་སྟོང་གིས་འཇིག་རྟེན་གྱི་ཁམས་གཡོགས་པ། སྐུ་རགས་སྦྲུལ་གྱི་ཞགས་པ་བཅིངས་ཤིང་།ཕྱག་ན་དུང་གི་གའུ་གཅིག་བསྣམས་པ། ཅི་བཀའ་སྩལ་ཞེས་ཟེར་ཞིང་མདུན་ན་ཡེ་རེ་འདུག་པ། བྱང་ཕྱོགས་ཀྱི་རྩ་ལྗང་གུ་ནས་སྐུ་ནས་ཙམ་ལས། རུ་ཏྲ་མ་མ་ཐུམ་ཛ་ཛ༷༷ ཞེས་བརྗོད་པས། སྐུ་མདོག་ལྗང་སེང་རལ་པ་སྤྱི་བོར་བཅིངས་པ། །སྤྱན་འབར་བ་སྐུ་ཁྲོ་མོར་བཞུགས་པ། སྐུའི་ཆ་ལུགས་འབར་བ་སྐྱེས་བུའི་ཆས་སུ་ཞུགས་པ། ཟབ་སླག་དམར་བཀྲ་ལ་ལྕགས་ཀྱི་སྟག་རལ་གྱིས་བརྒྱན་པ། ལྕགས་ཀྱི་དྲེའུ་རྟ་ནག་གུ་ལ་རྔ་རྔོག་ཟངས་སུ་འདུག་པ། ཟབས་སུ་ཆག་གང་ཁྲུ་བཞི་ཡོད་པ་མགྱོགས་པ་གློག་པས་མྱུར་བ་གཅིག་ལ་ཞོན་ནས། བསེ་སྒ་བསྟད་པ། ལག་པ་གཡས་ན་སྐྲུ་གྲི། གཡོན་ན་སྦྲུལ་ཞགས་དུག་དང་ཁྲག་བསྣམས་པ་གཅིག་བྱོན་ནས། ཅི་བཀའ་སྩལ་ན། ཟེར་ནས་མདུན་ནས་འདུག་གོ །མ་མོ་ལས་ལ་གཟུད་པའི་ལེའུ་སྟེ་རེ་བཞི་པའོ།། །།མ་མོ་མཚན་གྱི་རྣམ་གྲངས་དང་བཟླས་པ་ལས་གྱི་སྔགས་སོ། །ཡུམ་ཆེན་མོ་སེམས་ཀྱི་བུ་གཅིག་མ་ནི། ཡུམ་རྡོ་རྗེ་རྫོགས་མ་བྱ་སྟེ་ཡུམ་ཆེན་མོ་ཉིད་དོ། །དཀར་མོ་དབུ་དགུ་མའི་མཚན་གསོལ་པ།། །།རྒྱ་གར་སྐད་དུ། དཀར་མོ་རེ་མ་ཏི། སྭ༷་སྒྲོ་ཏའི་སྐད་དུ། མ་ས་ར་དབང་ཕྱུག་མ། །རྡོ་རྗེ་དབང་ཕྱུག་མ། རྡོ་རྗེ་ས་མརྫི་ཞེས་བྱའོ། །བོད་སྐད་དུ། དཀར་མོ་དབུ་དགུ་མ་ཞེས་བྱའོ། །གསང་བའི་མཚན་གསོལ་པ། རྡོ་རྗེ་ལྕམ་གཅིག་པདྨའི་སྲིང་ཞེས་བྱའོ། །བཟླས་པའི་ལས་ཀྱི་སྔགས་ནི། ཏྲག་ཁ་མུནྟྲ་སྨྱོ་རུ་ལུ་ཧེ་མོ་ཨ་ལོ་ཙིརྟི་ན་མ་ལ་སྨྱོ་རུ་ལུ་ཧེ་མོ་ཡ་སྨྱོ་རུ་ལུ། ནཱ་ག་དན་ཧ་མོ་ཡ་སྨྱོ་རུ་ལུ། ཡ་མ་ཤ་ཀ་ཀྲོ་ཏ་སྨྱོ་རུ་ལུ། སྙིང་ཁ་རག་སྲོག་ཐུན་སྨྱོ་རུ་ལུ། མ་མོ་སྨྱོ་སྲིང་སྨྱོ་ཐུན་སྨྱོ། མཚོ་སྨན་རྒྱལ་མོའི་མཚན་གསོལ་པ། །རྒྱ་གར་སྐད་དུ།ཨུབྱ་རེ་མརྙི་ཞེས་བྱའོ། །ས༷་སྐྲི་ཏའི་སྐད་དུ། འོ་དེའི་སྲིང་མོ་ཞེས་བྱའོ། །བོད་སྐད་དུ། མཚོ་སྨན་ཆེན་མོ་དཔལ་ལྡན་ཞེས་བྱའོ། །གསང་བའི་མཚན་གསོལ་པ། གཉེན་གྱི་ལྷ་གཅིག་ཀླུ་འབུམ་བསིལ་ཞེས་བྱའོ། །བཟླས་པ་ལས་ཀྱི་སྔགས་ནི། བཛྲ་སྙིང་གོད་ཆོད། ཏི་ཁ་ལ་ཟ་མུན་ཟ་མུན་ལོང་ཏེསྒྲི་རྦད། ཡུན་ཏན་ཏི་རྦད། ད་ར་རྔ༷་རྦད། ཐིམ་རྔམ་རྦད། ཤ་ཁུག་ཐིག་ན་རྦད། སྲིད་པའི་བུ་མོའི་མཚན་གསོལ་བ།། །།རྒྱ་གར་སྐད་དུ། གུ་ཧ་རེ་མ་ཏི་ཞེས་བྱའོ། །ས༷་སྐྲི་ཏའི་སྐད་དུ། སྨུག་ནག་དབུ་ལྔ་མ་ཞེས་བྱའོ། །བོད་སྐད་དུ། སྲིད་པའི་བུ་མོ་ཞེས་བྱའོ། །གསང་བའི་མཚན་གསོལ་པ། ནམ་མཁའ་མཁའ་འགྲོ་དབྱིངས་རུམ་བསིལ་ཞེས་བྱའོ། །བཟླས་པ་ལས་ཀྱི་སྔགས་ནི། ཚལ་པ་དུམ་བུ་ཁྲག་ཏི་རྦད། སྣང་ན་ནི་རྦད། ཤག་ཏི་ཤག་ཏི་རྦད། རྦ་ན་རྦར་རྦ་ཐ་རྦད། དུམ་བུ་དུམ་བུ་ཚལ་པ་རྦད། རསྒ་རསྒ་རུ་་་རྦད། སྙིང་ནག་སྙིང་ནག་སྲོག་རྩ་རྦད། ཚལ་པ་ཚལ་པ་ཏེ་ནི་རྦད། བ༷་རིམ་དམ་པ་ད་མ་འུ་དིསྟ་ཙཀྲ་རྦད། དུར་ཁྲོད་ཀྱི་མ་མོ་ཛ་མུདྷིའི་མཚན་གསོལ་པ། རྒྱ་གར་སྐད་དུ། གིང་ཀ་ར་མོ་ཞེས་བྱའོ། །ས༷་སྒྲི་ཏའི་སྐད་དུ། ཤི་ཛ་མུདྷི་ཅེས་བྱའོ། བོད་སྐད་དུ། རྡོ་རྗེ་རླུད་སྒྲོན་མ་ཞེས་བྱའོ། །གསང་བའི་མཚན་གསོལ་པ། རྡོ་རྗེ་སྒྲོལ་མ་མཁའ་འགྲོ་མཆོག་ཅེས་བྱའོ། །བཟླས་པ་ལས་ཀྱི་སྔགས་ནི། ཤི་ཛ་ཙ་ཏུ་ཐུན་ལིང་གྲ༷་ཐུན་ལིང་། གྲུམ་ཐུན་རྦད།ཤཱ་རྦ་རྐུག་ཚར་མི་མུགས་རྦད། མྱོས་ཙར་ལིང་། ན་མ་རསྒ་རུ་ཏྲ་རྦད། ཅེས་བརྗོད་དོ། མཚན་དང་བཟླས་པ་ལས་སྔགས་ཀྱི་ལེའུ་སྟེ་རེ་ལྔ་པའོ།། །།བུད་མེད་སྣེལ་གྲིར་ཤི་བའི་དོར་རྟ་དང་། མོན་པ་རབས་ཆད་ཀྱི་ཐོད་པ་དང་། སྤྱང་ཐོད་ཕག་ཐོད། གུ་གུལ་ནག་པོ་དང་། དུག་སྣ་ཚོགས་དེ་རྣམས་དགྲ་བོའི་ཁྱིམ་གྱི་སྒོ་ནས་རྐང་འདོམ་བཅུ་གསུམ་བཅལ་བའི་ས་དེར་གཟའ་མིག་དམར་གྱི་ནུབ་མོ། ནམ་གུང་ཕྱེད་ཤིང་ཕྱེད་ན། མགོ་སླེ་རལ་གྱིས་ཕུར་ལ་ཁང་སེལ་དུ་སྦས་ནས། ནང་དུ་མིང་རུས་བཅུག་སྟེ་སྙིང་པོ་གོང་མ་ཀུན་བཟླས་ལ། ཁང་ཁྱིམ་བསྐོར་ན། རྟ་གཡག་འཐབ་པ་བཞིན་དུ་རྟགས་མོད་ལ་འོང་ངོ་། །ཟླ་གསང་ནག་པོ་མན་ངག་གི་ལེའུ་བཅུད་ཀྱི་སྙིང་ཁུའོ། །གོང་གི་འཇུག་སྡུད་འོག་གི་འགོ་འདྲེན་པའོ། །ཟླ་གསང་གི་མན་ངག་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ།། །།རྟགས་ནི་ནམ་མཁའི་དབྱིངས་ནས་སྐུ་མདོག་དཀར་མོ་དབུ་དགུ་མར་སྟོན་ཏེ། དེ་ལྟར་ངོ་མ་ཤེས་ན་ཡང་རང་གི་མདངས་དཀར་ལ། མིག་སྤྲིན་དཀར་དུ་བདུག་མ་ཆགས་པ་གཡོན་གྲུབ་པའི་རྟགས་ཡིན་ནོ། །སེམས་སྨྱོ་འདྲེ་དང་འབོག་འདྲེ་དང་། སྙིང་འགས་པར་བྱེད་པ་དང་།དབང་པོ་སྡོམ་པ་དང་། ཡན་ལག་ཟ་རུ་འཇུག་པ་དང་། ཡིད་འགས་པར་བྱེད་པ་དང་། ཡང་ཤི་དང་ཡང་སོས་ནད་ཡིན་ཏེ། འཇིག་རྟེན་སྔ་མ་ལ་དམྱལ་བའི་རྡོ་རྗེ་བྱེད་པ་དང་། ཐིག་ལེའི་སྤྱོད་པ་ཉམས་པ་ཡིན་པས།དེའི་གཉེན་པོ་རང་རང་གི་སེམས་ཀྱི་ཆད་པ་བྱུང་བ་ཡིན་པས། ཐོད་ཕྲད་ཅན་དང་། ཚངས་ཕོ་ཉར་གཏོང་བ་ཡིན་པས་དེའི་ནད་ཀྱི་གཏན་ཚིགས་དེ་ཡིན་ནོ། །གྲུབ་རྟགས་དམ་ཚིག་དམྱལ་བའི་ལེའུ་སྟེ་རེ་བདུན་པའོ།། །།འཇམ་དཔལ་ཡ་མ་རྭ་ཙའི་གསང་ཐུན་འདི་ཡང་། རྣལ་འབྱོར་པ་ཤེས་རབ་ཟབ་མོ་རྣམས་ཀྱི་དོན་ཆེད་དང་། དཔལ་དང་བརྗིད་པ་བསྒྱེད་པ་དང་། ཕྲིན་ལས་བཅོལ་བ་དང་། དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་པ་དང་། གཙུག་ལག་ཁང་དང་། དབེན་གནས་བསྲུང་བ་དང་། བསྟན་པ་བསྲུང་བའི་དོན་དང་། གསང་བ་ཐུགས་ཀྱི་རེག་ཆོད་དོ། ཅོཏོ་ཤི་མརྙོ་ཡ་མ་རྭ་ཙ། ཨེ་ཀ་ཛ་ཏི་ཏྲག་རསྒ་མུ་ཏྲ་ཁ་མུན་དྲ་རུ་ལུ་སྨྱོ། དཀར་མོ་ཛུ་ཛུ། ཨེ་ཀ་མ་ཁ་ལ་མ་མ་ཏི་སྨྱོ། དགྲ་བོ་ཐྲོ་མུ་ར་ཡ་ཛུ་ཛུ༷༷ དུ་མུ་ར་ཡ། ཤཱ་ར་ཡ་དུ། ཡ་མ་སྙིང་ཡ་མ་ཁྲག་ཡ་མ་དུ། ཡ་མ་རྦད། ཚལ་བ་བ༷་རིལ། ད༷་པ་དུམ་བུ་མུ་ར་ཡ་ཧུ༷་ཕཊ། བརྗོད་དོ། ཙིཉིའི་ཡང་སྙིང་མཚོ་སྨན་གྱི་ཐུན་འདི་ལ། ཡས་སྟགས་ནི་ཐོད་པ་བྱ་རོག་རྗེས་དྲུག་པར་དུག་སྣ་ཚོགས་དང་། དམེ་ཁྲག་རྣམ་གསུམ་དང་། ཁྱི་ནག་པོ་ཤེལ་མིག་གི་ཁྲག་བསྩལ་ཉུང་དཀར་ལ་བསྔགས་ཤིང་། ས་མ་ཡ་དགྲ་བོའི་སྙིང་ལིང་རྦུད། ས་མ་ཡ་དགྲ་བོའི་སྙིང་དུ་ནང་ལི་རྦད། ས་མ་ཡ་མ་ཡ་དགྲ་བོའི་སྙིང་ཀ་ལི་རྦུད། ས་མ་ཡ་དགྲ་བོའི་སྙིང་རསྒ་ཙིསྟ་རྦུད། ས་མ་ཡ་དགྲ་བོའི་སྙིང་ཁྲག་ཚལ་པ་རྦུད། ས་མ་ཡ་དགྲ་བོའི་སྙིང་ཧུར་བུ་རྦུད། ས་མ་ཡ་དགྲ་བོའི་གནས་ནས་ཐིབས་ཐིབས་རྦུད། ས་མ་ཡ་དགྲ་བོའི་སྙིང་ཙིསྟ་རྦུད། ས་མ་ཡ་དགྲ་བོརྣ་སོད་མུ་ར་ཡ་ཙིསྟ་བ༷་རི་ལི་ལི་རྦུད། ཅེས་བཟླས་སོ། །འདིས་ཟིན་པའི་ནད་ནི་བྱིང་ནད་དང་མཛེ་དང་། ཕོལ་མིག་དང་སྨྱོ་ཞིང་འབོག་པར་འགྱུར་རོ། །དཀར་མོ་དབུ་དགུ་མའི་ཐུན་ནི། དམེ་ཁྲག་རྣམ་གསུམ་ཐོད་པའི་ནང་དུ་སྩལ། སྒག་རསྒ་མུ་ཏྲ་སྙིང་ཁ་རག་རྦད། ཆུམ་ཐུམ་རི་ལི་སྨྱོ། ཏྲག་རསྒ་མུ་ཏྲ་སྙིང་ཁ་རག་གོ་རོ་ཙ་ར་རྦད། སྙིང་རྩ་སྲོག་རྩ་རྦད་མ་མ་སྙིང་རཀྟ་ཐུན་སྨྱོ། མ་མ་ར་ཙ་ཡ་ཐུན་སྨྱོ་དྲི་སོད་རྦད། ཆུམ་ཐུམ་རི་ལི་ལི་དུ་ན་ཡ་མ་སྙིང་ཡ་མ་སྙིང་བཱ་ར་ཡ་ཧུ༷་ཕཊ། ནད་ཀྱིས་སྙིང་འགས་པ་དང་གཟེར་བ་དང་། ཡན་ལག་འབྲལ་བར་བྱེད་དོ། སྲིད་པའི་བུ་མོའི་ཐུན་ནི་བྷནྟྲ་ལ་ཨེ་ཁང་བརྒྱ་རྩ་བརྒྱད་བྲིའོ། །གླང་པོའི་མཆེ་བ་དང་། དམེ་ཁྲག་གསུམ་དང་ས་ལས་སྐྱེས་པའི་དུག་སྣ་ཚོགས་བྷནྟྲར་སྩལ་ལ། དྷ་ར་མ་ཤང་ཀ་རི་ཨུ་སྙིང་ཀུ་རུ་ཧཱུཾ་ཕཊ། ཏབ་པ་ལིང་མུ་ལིང་དུ་རུ་དུ་རུ་ཧུ༷་ཕཊ། །ཀརྨ་ཙཎྜ་མུ་ཏིང་དུ་རུ་དུ་རུ་ཧུ༷་ཕཊ། དུག་སྔགས་སོ། །རསྒ་མུ་རུ་མུ་སྲ རུ་ལུ་རུ་ལུ་ཧཱུཾ་ཕཊ། རྩ་བ་བ་ལ་ནི་ཤིང་དགྲ་བོ་ལ་གྲྭ་ཧྭ། པདྨ་ནི་ར་ཏ་ར་ཏི་རུ་ཏི་ནི་མ་ཏི་སྨྱོ། ཨོ༷་ཏབྱ་ཐུ། ཏུ་ཧུ་ཏུ་ཧུ་བེ་ཙི་ཏི་བ་ཏི་སོ་རེ་ར་ཧུ༷་རོ། དུ་རུ་དུ་བེ་གྲྭ་ཧྭ། ཨེ་བེ་ཤ༷ པྲ་བེ་ཤ༷ བེ་ཤ༷་རུ་བེ་ཤ་ཀ་ཁ་ཐུན་སྨྱོ། འདིས་ཟིན་པ་ནི་འགག་ནད་དང་། ཆུ་འགག་པ་དང་། སྦོས་ནད་དང་སྐྱིགས་ཀྱང་སྐབས་སུ་འདྲེན་པ་ལྟར་འོང་ངོ་། །ཙ་མུརྙིའི་ཐུན་གྱི་ཡས་སྟགས་ནི། ཁྲག་སྣ་ལྔ་དང་། བོང་ང་ནག་པོ་དང་། སྦྱང་ཀིའི་ཁྲག་དང་། བུ་མོ་གཤོན་པའི་མངལ་ཁྲག་དང་སྙིང་སྣ་ཚོགས་སྩལ། བྲ་བོ་སྲན་མ་ལ་ཟན་ཟུར་གསུམ་བྱས་ལ། དེའི་ནང་དུ་དགྲ་བོའི་མིང་རུས་བཙུག་ལ་དེར་སྩལ། སྔགས་ནི། རུ་རུ་རྦད། རསྒ་རྦད། མ་མ་སྙིང་རྦད། ཙིསྟ་རྦད། ཁ་ཐུན་རྦད། མུ་ར་ཡ་རྦད། བལ་ཕྱུག་བལ། མ་མ་ཐུན་ཐུན་བུར་སོད་སྣ་ཏིབྱུ་ཏུ་ན་རྦད། ནད་ནི་ཀླད་གཟེར་དང་རྒྱུ་གཟེར་དང་། རྒྱུ་འཁྲིལ་དང་མྱོས་ནད་འོང་། ནམ་གུང་དང་ཉིན་གུང་དང་གནམ་སྟོང་ལ་བཟླས་སོ། །སོ་སོའི་དགྲ་བོའི་གཟུགས་ལ་གནས་བཞིར་ཕུར་བུས་བཏབ་ལ་ཐུན་སྦྲེང་ངོ་། ཁེན་ཏུ་རྒྱུད་ཀྱི་ངན་སྔགས་ཞེས་ཀྱང་བྱའོ། །ཐུགས་ཀྱི་རེག་ཆོད་ཅེས་བྱ་སྟེ། ཉུང་དཀར་གྱིས་བྲབ། གུ་གུལ་གྱིས་བདུག་གོ །ཐུན་བསྒྲུབ་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་ཐོད་པར་ཁྲག་དཀར་དམར་དུ་འདྲེས་ན་ཡབ་ཡུམ་གཉིས་སུ་མེད་པའི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཐོད་པའི་ཁྲག་བོ་ན་སྒྲིབ་པ་ཡིན་ནོ། །བཤགས་པ་བྱ། ཐོད་པ་འགུལ་ཞིང་ལྡེག་ན་ཕོ་ཉ་རྣམས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། ཁོལ་ཞིང་རླངས་པ་བྱུང་ན་ཁྲོ་བོ་ཞེ་སྡང་ཅན་གྱི་དངོས་གྲུབ་ཐོབ་པ་འབྱུང་བ་ཡིན་ནོ། །དེ་ལས་ནག་པར་གྱུར་ན་ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཐུན་གྲུབ་རྟགས་ཀྱི་ལེའུ་སྟེ་རེ་དགུ་པའོ།། །།རབས་ཆད་ཐོད་པ་གསུམ་པོ་གང་ཡང་རུང་།གཟུགས་བཅུག་ལ་ཁ་བཅད་རྒྱས་བཏབ་བོ། །མཚལ་གྱིས་སྲུབས་སུ་རི་བདུན་བྲི།སྙིང་པོ་འབོད་རྦད་བྲིའོ། །སྤྱི་བོར་མུ་ཁ་ལེ་བྲིའོ། །དེ་གར་འཇུག་པར་ཉུང་དཀར་བསྔགས་ཤིང་རས་སུ་ཕུར། །ལམ་རྒྱ་ གྲམ་ དུ་མནན་ན་གྲིར་འཆིའོ། །བང་སོའི་ཟུར་རམ་དུར་མ་ཆད་དམ། བྲག་གམ་ལ་བཙས་གང་ཡང་རུང་སྟེ། ཀླུ་འམ་དུག་པ་ཅན་ཡོད་པའི་ཆུ་མིག་བྲམ་ཅན་དུ་སྦས། དུས་ཉི་མ་ཕྱེད་ན་བྱ། དེ་ལྟར་བྱས་ན་རྟགས་ཀྱང་མྱུར། །དེས་ཀྱང་འགྲུབ་པར་མ་གྱུར་ན། ཕྱུང་ལ་བརྟན་པའི་སྟེང་དུ་བཞག །ས་ཕུག་ནང་དུ་རེ་བ་གདེང་། །ཆུ་ཡིས་བྲན་ལ་སྙིང་པོ་བཟླ། །སོ་དང་སེའུ་དང་ཡུག་བོར་ན། །བསྲེས་ལ་ཞིབ་ཏུ་བརྡུང་བར་བྱ། །ཕག་པའི་ཐོད་པར་བླུག་ནས་ནི། །རྒྱ་མཚོ་ཆེན་པོའི་ནང་དུ་བསྒྱུར། །ནམ་ཡང་ཐར་བར་མི་བྱའོ། །ཕྲིན་ལས་རྦོད་གཏོང་མནན་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྐྱེ་མེད་རྣམ་དག་མཁའ་དབྱིངས་དག་པ་ནས། །སྣང་ལ་མ་འགགས་སྣ་ཚོགས་གཟུགས་སུ་ཤར། སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་པ། །ཧུ༷་ལས་བསྐྱེད་པའི་དཔལ་ཆེན་ཧེ་རུ་ཀ །ཡེ་ཤེས་ཐུགས་ཀྱི་ཁྱད་པར་ཆེན་པོ་ལས། །འཇིག་རྟེན་ཁམས་ནི་རབ་འབྱམས་མ་ལུས་ཀུན། །ར༷་ཡ༷་ཁ༷་འཕྲོས་མ་དག་བསྲེས་་བསྲེག་ཀུ སྦྱངས་བཀྲུས། །སྟེང་འོག་ཕྱོགས་མཚམས་འཁོར་ལོ་པདྨ་གནས། །ཨོ་པདྨ་སརྦ་ཡང་ཏ་ཐུ་ག་ཏ་བུརྙ་གརྙེ་ལ༷། །པད་མ་དྷ་ར་ཨ། ཨ་སྙི་ཁིརྩི་ཡ། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལས། །འཐོར་བྱེད་རླུད་ནག་ཚོགས་ཀྱི་རྒྱ་གྲམ་གཏམས། །ཆགས་བྱེད་རཀྟའི་ཚོགས་ཀྱི་རྦ་ཀློང་འཁྱིལ། །ཀེང་རུས་འབར་བའི་རི་རབ་མི་བཟད་བརྩེགས། །ས་གཞི་རྡོ་རྗེ་རྒྱ་གྲམ་གཅལ་བཀྲམ་སྟེ། །ཞིང་ཆེན་གསར་རྙིང་གཏམས་པས་མཐའ་དབུས་བརྡལ། །ཨེ་ཡ༷་ཁ༷་སུ༷་་༷། །མི་བཟད་སྨུག་ནག་འབར་བའི་གཞལ་ཡས་ནི། །ཆུ་སྲིན་བྱེ་བ་ས་ཡའི་ཐོད་པ་ལ། །མི་བཟད་དུར་ཁྲོད་འབར་བའི་རྩིགས་རྨང་བྱས། །དྲེགས་པའི་ཐོད་དགུ་འབར་བས་རྩིགས་པ་བརྩིགས། །གནམ་ལྕགས་ངུར་མོ་འབར་བས་གཟེར་ཆེན་བཏབ། །རིན་ཆེན་མཆོག་གིས་ཟུར་བཞི་མཛེས་པར་བརྒྱན། །གཡུ་འོད་སྔོན་པོ་འབར་བའི་ཁ་བད་ཅན། །མུ་ཁྱུད་གནམ་ལྕགས་འབར་བའི་རི་ཡིས་བསྐོར། །༷་བི་ཤཱ་བི་ཤུརྙེ་ཙྭ་ན་ཙཀྲ་༷། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར། །ཟླ་གམ་དབང་ཆེན་འབར་བའི་མཎྜལ། །གྲུ་ཆད་གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཐོད་ཕྲེང་རྡོ་རྗེ་ར་བ་མེ་དཔུང་འབར། །རྙོ་ན་བཛྲ་ཛ་ལ། མཎྜལ་ཧུ༷་རྒྱུ༷། ཞིང་ཆེན་ཞིང་ཆུང་མང་པོ་གཅལ་དུ་བཀྲམ། །མཆོག་ཆེན་མཆོག་ཕྲན་མང་པོ་གདན་དུ་བཏིང་། །ཐེ་རང་དགུ་བརྒྱ་མང་པོའི་གབ་ཙེ་ལ། །ལྷ་སྲིན་སྡེ་བརྒྱད་མང་པོའི་ནང་སྟན་ཅན། །སྤོ་ཏི་ར་བ༷། ཨིནྟྲ་ཏི་ར་བ༷། དེ་རྦེ་ཏི་ར་བ༷། རསྒ་ཏི་ར་བ༷། རྭ་ཏྲ་མཎྜ༷ལ་ལ་ཧུ༷། །དུར་ཁྲོད་དབྱིངས་ནས་ཕྱག་རྒྱའི་སྐུར་གསལ་བ། །མདོག་བཟང་ནག་མོ་རལ་པའི་ཟར་བུས་བརྒྱན། །རྒྱན་དང་ཆ་ལུགས་སྣ་ཚོགས་འཇིགས་པས་བརྒྱན། །རླུད་འ་་ནང་ན་སྐུ་ཡི་ཕྱག་རྒྱར་གསལ། །ཨོ་རུ་རུ་རོ་རུ་ཙ་པ་ལ།ཨ་ཤུག་མེ་མ་ཧུ༷་མ་སྦྱོ་ཛ་ཛ། ཏིང་ངེ་འཛིན་དང་གཞལ་ཡས་ཁང་གི་ལེའུ་སྟེ་དོན་གཅིག་པའོ།། །།དཔལ་དང་ལྷ་མོ་འགྲོ་ཀུན་བྱམས་པ་མོ། །སེམས་ཅན་ཀུན་ལ་བྱམས་པ་མ་དང་འདྲ། །མི་སླུ་དམ་ཚིག་རྗེས་སུ་དགོངས་མཛོད་ལ། །བདག་ལ་བརྩེ་དགོངས་གནས་འདི་ཉིད་དུ་སྤྱོན། །ཛ༷༷ཧུ༷་བ༷་ཧོ༷ །ཨེ་གྱེ་ཧི་མ་མ་་ག་དུ་ཏྲ། མ་མ་ཡ་སྨྱོ་རུ་ལུ་རུ་ལུ་ཧུ༷་ཛ༷༷ དད་པ་དང་ནི་དམ་ཚིག་གིས། །མ་གཅིག་ལྷ་མོ་སྤྱན་འདྲེན་ན། །བྱང་ཤར་མཚམས་ནས་སྤྱན་འདྲེན་ནོ། །འཇིགས་བྱེདཆེནམོགཤེགསསུགསོལ། །སྤྱོད་པ་རླབསཆེནགཤེགསསུགསོལ། ཁུགས་དྲགམཐུཆེནགཤེགསསུགསོལ། ཁྱབ་འགྲོརྩལཆེནགཤེགསསུགསོལ། །དགྲ་བགེགས་འདུལ་བྱེད་གཤེགས་སུ་གསོལ། །ཡོན་བདག་འཆི་བདག་བཟློག་ཏུ་གསོལ། །ཁྲག་འཐུང་ཆེན་མོ་གཤེགས་སུ་གསོལ། །འཇིག་རྟེན་འཁྲུགས་ཆེན་གཤེགས་སུ་གསོལ། །བདུད་ཀྱི་ཡུམ་གཅིག་གཤེགས་སུ་གསོལ། །གཤིན་རྗེའི་ལྕམ་གཅིག་གཤེགས་སུ་གསོལ། །འདོད་ཁམས་དབང་ཕྱུག་གཤེགས་སུ་གསོལ། །འ་་མ་སྟོང་འཁྱིལ་ནང་ནས་གཤེགས་སུ་གསོལ། །གཡས་ཀྱི་ཕྱག་ན་རླུང་འ་ས་བསྣམས་པ་ནི། །རླུང་ནག་ནང་ནས་རལ་གྲི་ཕྱུང་བའི་ཚུལ། །དགྲ་བོ་ཆེ་གེ་མོ་ཡི་རྩད་ཆོད་ལ། །དམ་ཚིག་བཞིན་དུ་གཤེགས་སུ་གསོལ། །གཡོན་ན་ནེའུ་ལེའི་རྐྱལ་པ་ཐོགས་པ་ནི། །མི་མགོ་བཅད་པ་སྦས་པའི་སྣོད། །དགྲ་བོ་ཆེ་གེ་མོ་ཡི་དྲུངས་འབྱིན་མ། །དམ་ཚིག་བཞིན་དུ་གཤེགས་སུ་གསོལ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པས། །མ་རུ་རྩེ་ཡི་སྒོ་འགྲམ་དུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན།ཁས་བླངས་མནས་བོར་ད་བསྐུལ་གྱི། །དམ་ཚིག་བཞིན་ལ་གཤེགས་སུ་གསོལ། །ཛ༷༷ཧུ༷་བ༷་ཧོ༷༷ ཨེ་གྱེ་ཧི་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧུ༷་མ་སྨྱོ་ཛུ་ཛུ། །ཨུ་གསྣྲོ་ཡ་ཨུ་གསྣྲོ་ཡ་ཧུ༷་ཛ༷༷ ཁྱོད་ནི་འདོད་ཁམས་འཁྲུལ་མོ་ཆེ། །ང་ནི་རྣལ་འབྱོར་སྒྲུབ་པ་པོ། །ཟས་ངན་མུ༷་ས་ཟ་ཟ་ཡི། །སྐོམ་ངན་ཁྲག་ཏུ་འཐུང་འཐུང་གི །སྣོད་ངན་བྷརྙ་ཐོགས་ཐོགས་ཀྱི། །གནས་ངན་བྲག་ཕུག་རྒྱུ་རྒྱུ་ཡི། །གོས་ངན་གཡང་གཞི་གོན་གོན་གྱི། །མཚོནངནཕུར་པ་འདེབས་འདེབས་ཀྱི། །ལས་ངན་དགྲ་བོ་སྒྲོལ་བར་གྱིས། །དམ་ཚིག་དུས་ལ་བབ་ཀྱི་གཤེགས་སུ་གསོལ། །ཛ༷༷ཧུ༷་བ༷་ཧོ༷༷ ཨེ་གྱེ་ཧི། ཏབྱ་ཐུ། རུ་རུ་བི་ཏིཁྱི་བ་ཏོ་སི་རུ་རུ་རོ་རུ་པི་ཏིཁྱི་བ་ཏོ་སི་ཧུ༷་ཛུ་ཛུ༷༷ འཁོར་བ་མྱ་ངན་འདས་པ་གཉིས་ལ་དབང་བསྒྱུར་ཞིང་། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །རྣལ་འབྱོར་བདག་གི་ལས་རྣམས་སྒྲུབ་པར་མཛོད། །ནག་མོ་རེ་མ་ཏི་ལ་ཕྱག་འཚལ་ལོ། །མ་མོ་ཁྱོད་ལ་མཆོད་པ་འབུལ་བ་ནི། །དགྲ་བོ་ཆེ་གེ་འདི་ལགས་ཏེ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། ཁམས་དང་སྐྱེ་མཆེད་བཅས་པ་འདི། །མ་ལུས་བཞེས་ནས་བསྣམ་དུ་གསོལ། །མ་མོ་འདིར་སྤྱོན་དམ་ཅན་རྣམས་ལ་སྤྱོད། །འབྱུང་པོ་འབྱུང་མོའི་ཤ་ནི་ཟན་པས་ཞིམ། །མ་མོ་དམ་ཅན་འདིར་སྤྱོན་ཁྲག་ལ་སྤྱོན། །འབྱུང་པོ་འབྱུང་མོའི་ཁྲག་ནི་ཆང་བས་ཞིམ། །མ་མོ་དམ་ཅན་འདིར་སྤྱོན་རུས་ལ་སྤྱོན། །འབྱུང་པོ་འབྱུང་མོའི་རུས་པ་མར་བས་ཞིམ། ཁྲ་ཁྲག་རུས་པའི་དམ་རྫས་འདི་གསོལ་ལ། །བདག་གིས་བཅོལ་བའི་ལས་འདི་མཐར་ཕྱུང་ཞིག རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧུ༷་སྨྱོ་ཧུ༷་ཛ་ཛ་ཁ་ད༷་བ་ལ་ཏ༷། བ༷་མ་བ༷་མ་མ་ཁུ་ཧི་མ་ཁུ་ཧི།དགྲ་བོ་སྙིང་ཙིརྟི་ཁུ་ཧི། རཀྟ་ཁུ་ཧི། ནི་རི་ཏི་ཁུ་ཧི། བ་སུ་ཏ་ཁུ་ཧི། གཟུགས་ཕུང་དང་དབང་པོ་ལྔ་གསོལ་ཅིག རོལ་ཅིག་མངོན་དུ་མཛོད། མ་སྨྱོ་རུ་རུ་ཁུ་ཧི། མའོ་མའོ། །སྤྱན་དྲང་བ་དང་ཕྱག་འཚལ་བའི་ལེའུ་སྟེ་དོན་གཉིས་པའོ།། །།མ་མོ་ཁྱོད་ལ་མཐོལ་༷བཤགས་གསོལ་བ་ནི། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །ཐོག་མ་མེད་པའི་དུས་མཐའ་ནས། །མཚམས་མེད་ལྔ་དང་མི་དགེ་བཅུ། །མདོར་ན་སྡིག་པ་ཅི་བགྱིས་པ། །དེ་དག་བདག་གིས་སོ་སོར་བཤགས། །ཨོ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་བཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ་ཏིམོ དྲི་རྙོ་མེ་བྷ་ཝ། སུ་ཏོསྨོ་མེ་བྷ་ཝ། ཨ་ནུ་རལྟོ་མེ་བྷ་ཝ། །སུ་པོསྩོ་མེ་བྷ་ཝ། སརྦ་སིརྙི་སྨེ་པྲ་ཡསྒོསརྦ་ཀརྨ་སུ་ཙ་མེ། ཙིཏི༷་གྲེ་ཡ༷༷ཀུ་རུ་ཧུ༷། ཧ་ཧ་ཧ་ཧ་ཏོ༷། བྷ་ག་ལྷུན་སརྦ་ཏ་ཐུ་ག་ཏ་བཛྲ་བཱ་མེ་མུལྒ བརྡོ་བྷ་ཝ། མ་ཧྭ་ས་མ་ཡ་ས་ཏྭ་ཨུ། སོགས་དང་། ཨེ་རཀ་ཏི། མ་མོ་ཁྱོད་ལ་དངོས་གྲུབ་སློང་པ་ནི། དགྲ་བོ་ཆེ་གེ་མོ་འདི་ལགས་ཏེ། དུས་བཏབ་ལྟུང་ལ་ཚེ་ཡི་འདུ་བྱེད་སྐུལ། །གཟུགས་ཕུང་ཆོམས་ལ་ཡིད་ཕུང་ཆིངས། འཁོར་ཤིགས་ཚངས་དཀྲུགས་ལས་མཛོད་ཅིག །ང་ཡང་དམ་ལས་མི་འདའ་འོ། ཁྱོད་ཀྱིས་དམ་ལས་མ་འདའ་ཞིག མའོ་མའོ། མ་ཤོད་མ་ཤོད། ཙ་པ་ལ་ཙ་པ་ལ། ཧི་ལི་ཧི་ལི། རུ་རུ་སྨྱོ་སྤྱོ། གསོལ་ལོ། །རོལ་ཅིག མངོན་དུ་མཛོད་ཅིག །དུས་བཏབ་སྟུང་ལ་ཚེ་ཡི་འདུ་བྱེད་སྐུལ། ས་མ་ཡ་ས་མ་ཡ། རཏྣ་ཧ་ན་ཧ་ན་སྟུ༷། གིང་ཀ་ར་གིང་ཀ་ར་ལས་མཛོད་ཅིག མ་མོ་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །དགྲ་བོ་ཆེ་གེ་མོ་འདི་ལགས་ཏེ། །ཀྱེ་མའོ་ནད་ཀྱི་བདགམོཆེནམོསྟེ། །གཤིནརྗེའིཁམས་ནས་སྲིང་གཅིག་མ། །འཇིགས་པའི་ལན་བུ་གཅིག་མ་སྟེ། །རོ་ཉེ་མཛེས་པས་རྣམ་པར་བརྒྱན། །ཆ་ལུགས་མ་ལུས་འཆད་བྱེད་པ། །རྐང་སྒྲོག་ལྕགས་ཀྱིས་རབ་ཏུ་དཀྲིས། །ཕྱིན་ཕྱོགས་དྲེའུའི་ཕ་ལ་ཤོན། །འབྱུང་པོ་ཕལ་ཆེན་ཀུན་གྱིས་རྗེ་མོར་མཐོང་། །འབྱུང་པོ་ཕལ་ཆེན་ཤ་ལ་ཆེམ་ཆེམ་ཟ། །མི་ཁྲག་ཆང་གི་སར་རོ་མྱོས། །མཚན་མོ་རྦད་པས་དཔག་ཚད་དགྲ་རྣམས་ཟ། །ལོངས་ཤིག་དེ་ནི་དགྲ་རྣམས་ལོངས རལ་པ་འབར་བ་སྟོང་ཁམས་སྔངས། །དགྲ་རྣམས་ཁྲག་གི་སྐོམ་གྱི་རྒྱ་མཚོར་བསྐྱིལ། །དགྲ་རྣམས་ཤ་ནི་ཁྱོད་ཀྱིས་རྒྱག་མིད་ཅིག །ཕོངས་པས་དགྲ་ཡི་སེམས་འདྲེན་མ། །དུས་ལ་བབས་ཀྱིས་ད་ཟོ་ཞིག །ཀྱེ་མ་རིམས་ཀྱི་རྐྱེན་མོ་ཆེན་མོ་སྟེ། །འ་་མ་སྟོང་འཁྱིལ་བྱེད་པ་མ་མོ་ཁྱོད་ཀྱི་མཐུ། ཤིང་ལོ་རླུང་ཁྱེར་ས་ལ་མ་རེག་ང་ལ་ཡོད། །སྙིང་རྩ་མ་ཉམས་སྐམ་པ་ང་ལ་ཡོད། །མི་དབང་འབྲས་བུ་སྐམ་པ་ང་ལ་ཡོད། །འཆི་ཀའི་མཚལ་ཐིག་སྐམ་པ་ང་ལ་ཡོད། །མ་མོ་རྟོག་པའི་དབང་གིས་ཐང་གཅིག་མི་བཀྲེས་སམ། །འཛར་བའི་སྣོད་དུ་བྱས་པའི་དགྲ་བོ་ཁྲིདདེ་ཤོག །མ་མོ་ཁྱོད་ཀྱི་མཐུ་ཡིས་ཁྱད་པར་ནི། ཁེག་ཤིག་གཏོགས་སྤྱོད་བཤིག་པ་བྱང་ཆུབ་ལམ། །ག་ས་ཤིག་དམྱལ་བ་སྒྱུ་མ་ཁྱད་པར་གྱིས། །གཏུབས་ཤིག་མ་མོ་ཁྱོད་ཀྱི་མཐུ་དང་དབལ་སོ་ནི། །ཐབས་མཆོག་སྙིང་རྗེའི་བྱིན་རླབས་ཀྱིས། །རི་མཆོག་རྩ་བའི་བྲག་ཕུག་ཏུ། །ཀ་ར་བྲི་རའི་རྒྱ་ལྕགས་ཀྱིས། །རུས་པ་ཕུང་བར་བཤིག་པར་མཛོད། །མ་མོ་དམ་ལས་མ་འདའ་ཞིག །ཨོ༷་ཏབྱ་ཐུ། རུ་རུ་བེ་རི་སྟ་བ་ཏོ་སོ་རུ་རུ་རོ་རུ་བི་ཏི་སྟ་བ་དེ་སོ་སྭཧྭ། ཏབྱ་ཐུ། དུ་རུ་བ་ཏོརྟི་བ་དོ་མ། རུ་རུ་རོ་རུ་ཏིགི་བ་ཏོ་ཧུ༷་ཛ། སྙིང་པོ་འདི་ལན་དྲུག་ཅུ་བརྗོད། རལ་ཆེན་ལན་བདུན་གདབ། གདུང་བའི་ང་རོ་དབྱུང་། བོད་པའི་བརྡས་འབོད་པའོ། །ཡུན་གྱིས་མ་མོ་ཁྱོད་ལ་གསོལ་འདེབས་ན། །བདག་གིས་བཅོལ་བའི་ལས་རྣམས་ཀུན། །བསམ་པ་ཙམ་གྱིས་འགྲུབ་པར་མཛོད། །མ་མོ་ཁྱོད་ཉིད་བདག་གིས་གྲུབ་པར་གྱུར་ཅིག །ཕྲིན་ལས་བཅོལ་ཞིང་ཐུགས་དམ་བསྐང་བའི་ལེའུ་སྟེ་དོན་གསུམ་པའོ།། །།ཆོ་ག་འདིའི་ཐབས་ནི་བྱ་རོག་དང་འུག་པའི་གུང་རུ་ལ། ཤོག་ཤོག་གྲུ་བཞི་ཚོན་རེ་བ་གཉིས་ལ། གཅིག་ལ་མིང་བྲི། གཅིག་ལ་དགྲ་བླ་བྲིས། ཁྱི་ཁྲག་དང་ར་ཁྲག་གིས་བླན། བར་དུ་ཤོག་བུ་གྲུ་ བཞི་པ་གཅིག་ལ། ཨ་དྲི་རཀ་ཤ་པྱེ། བྱ་བ་བྲིས་ལ་བར་དུ་གཞུག རྩ་བ་ཚོན་སྐུད་ཀྱིས་དཀྲི། ཡང་ཤོག་བུ་གསུམ་ཀ་ཐི་གུས་བཏགས་ལ་སྔགས་བར་དུ་གཞུག མ་མ་་ག་རསྒ་མ་ར་ཕྱེ། ཞེས་བརྗོད་ལ། ཉུང་དཀར་ལ་སྔགས་ཏེ་གདབ། རླུང་ཆེན་པོ་ལ་ཕྱར་རོ། །ལས་བྱང་ལས་འབྱུང་བ་བཞིན་དུ་བསྐུལ་ཞིང་ལས་བཅོལ་ལོ། །ལྷ་དང་དབྲལ་བར་ཡང་བྱེད་དོ། །ནང་འཐབ་ཏུ་གཞུག་ནའང་འགྲུབ་བོ། །ཡང་ན་ཤོག་ཤོག་གཅིག་ལ་དགྲ་བོའིམིངབྲི། གཅིགལལྷའདྲེ་གང་གཉེན་པའི་མིང་བྲིས་ལ་བར་དུ་སྔགས་གཞུག ཤིང་རིང་པོ་ལ་བཏགས་ཏེ། རླུད་ཆེན་པོ་ལ་ཕྱར་ན་མཐའ་ཕུང་བར་འགྱུར་རོ། ་༑ག་ཤོག་ཚོན་གང་གྲུ་བཞི་པ་གཉིས་ལ། གཅིག་ལ་ར་རོག་པོའི་ཁྲག་གིས་དགྲ་བོའི་མིང་བྲིས། སྙིང་པོ་ནི་མ། ཤོག་ཤོག་ཚོན་གང་བ་གཅིག་ལ། ཁྱི་རྒྱ་བོའི་ཁྲག་གིས་དགྲ་བོའི་དགྲ་བླ་བྲིའོ། །སྐྱེར་མདའ་ཟུང་གཅིག་ལ། གཅིག་ལ་བྱ་རོག་གི་སྒྲོས་བསྐྱོན། གཅིག་ལ་འུག་པའི་གུང་རུའི་སྒྲོས་བསྒྲོན། འུག་པའི་སྒྲོས་བསྐྱོན་པའི་མདའ་ནི་སེར་བཀྲར་བྲིའོ། །བྱ་རོག་གིས་བསྒྲོན་པའི་མདའ་ནི་ནག་པོ་ལྡིང་ནག་ཏུ་བྲིའོ། །མདའ་དེ་གཉིས་ལ་བྱ་རོག་གིས་བསྒྲོན་པའི་མདའ་ལ། བྱ་རོག་གི་གུང་རུ་མདའ་ཚད་མ་གཅིག་གདགས་སོ། ་༑ག་ཤོག་ཚོན་གང་བ་གཅིག་ལ་ཁྲག་གིས་བྲིས་ལ་བྱ་རོག་གི་གུང་རུ་ལ་གདགས་སོ། །འུག་པའི་གུང་རུ་ལ་བྲིས་པ་ནི་མདའ་ཁྲ་བོ་ལ་གདགས་སོ། ་༑ག་ཤོག་ཚོན་གང་བ་གྲུ་བཞི་པ་གཅིག་པ། ཁྱི་ཁྲག་གིས་བྲིས་པ་ནི་འུག་པའི་གུང་རུ་ལ་གདགས་སོ། །གཉིས་པོ་འཐབ་ཏུ་གཞུག་པའི་སྔགས་ནི། ཨོ་བཱ་མུ་་ག་རུ་ཏྲ་མུ་ར་ཡ། མ་མ་ཁྲག་མཁའ་ལྡིང་། ་ག་སྦྱོ་རུ་ལུ་རུ་ལུ་ལུ། ས་སེར་དང་། ཡུངས་དཀར་དང་། ས་ནག་བསྲེས་པ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ།ཤོག་ཤོག་གུང་རུ་གཉིས་ལ་དྲག་ཏུ་བརྡེག་གོ །དེ་ནི་དགྲ་དང་དགྲ་བླ་ཕྲལ་བའི་སྔགས་ཡིན་ནོ། །མཁའ་ལྡིང་ནང་འཐབ་ཏུ་གཞུག་པའི་སྔགས་ཀྱང་ཡིན་ནོ། །གནས་ནི་ལྷ་འདྲེ་མི་སྲུན་པའི་བྲག་ཕུག་དགོན་པར་བྱའོ། །བསྙེན་པ་ཞག་བདུན་གྱི་བར་དུ་ཚུགས་ན་ཇི་ལྟར་དགྲ་བླ་བཟང་པོ་ཡང་འོང་ངོ་། །རྟགས་དང་སྦྱར་ལ་བསྲེག་རྫས་ལྔས་ཀྱང་བདུག་ཅིང་དབྱེའོ། །དབྱེ་བ་གསུམ་གྱི་ལེའུ་སྟེ་དོན་བཞི་པའོ།། །།ཡང་རྣམ་པ་གཅིག་ལ། དོང་ཁྲུ་གང་གྲུ་གསུམ་པ་གཅིག་བརྐོས་ལ། ནང་རྒྱ་སོལ་གྱིས་བཀང་ལ་ལྷང་ཚེར་ལ་དགྲ་བོའི་མིང་དང་རུས་དང་། གཟུགས་བྲིས་ནས་མི་ཤི་བའི་ལག་པ་གཡས་པར་བཅུག་ལ། དོང་གི་དཀྱིལ་དུ་བཅུག་ལ། ཤ་རུས་ཟ་བའི་སྙིང་པོ་ཉུང་དཀར་ལ་བཟླས་ཏེ། ཞག་གསུམ་བསྙེན་པ་བཙུགས་ཏེ། སྲིན་མོ་ཏི་སྟ་ལྕགས་ཀྱི་རྐང་གསུམ་མ་རྦད་ཅིང་། དོང་མཚོན་རྣོན་པོས་ཁ་བཅད་དོ། །ཕོ་ཉ་རྣམས་ཀྱི་སྙིང་པོ་དྲག་ཏུ་བཟླས་ཤིང་། ཉུང་དཀར་གྱིས་བྲབ་ཕོ་ཉ་ཡང་བཏང་ལྕགས་ཀྱི་ཕུར་བུ་སོར་གསུམ་པ་གཅིག་སྙིང་གར་བརྡེག་དོན་མ་འགྲུབ་ཀྱི་བར་དུ་མ་བྱུང་ཞིག་པར་བསྒོའོ། །ནམ་ཕྱེད་ཚུར་ཕྱེད་ན་དོང་ཁ་བསུབས་ལ། དམོད་གཟུག་ལ་མནན་པའི་ལས་བྱའོ། །རྡོ་རྗེ་སྐྲུན་ཡིན་ཡང་གདོན་མི་ཟ་བར་ངེས་སོ། །དཀོན་མཆོག་གསུམ་གྱིས་བསྟན་པ་འཇིག་ངེས་པ་ལ་བྱའོ། །བབ་ཆོལ་དུ་མི་བྱའོ། །བྱས་ན་སྡིག་ཆེའོ། །ཡང་ན་གཡམ་པ་སྔོན་པོ་ལ་དགྲ་བོའི་མིང་རུས་དང་གཟུགས་བྲིས། ཤིང་སྲེག་ཤའི་ལྕགས་ཀྱིས་བྲབ་དགྲ་བོའི་གཟུགས་ལ་གདབ་ཅིང་། མ་མོ་རྡོ་རྗེ་དཔུང་སྒྲོལ་མ་ཞེས་བྱ་བ་མདོག་ནག་མོར་འདུག་པ། སེར་བུ་ལུ་ཞོན་པ་གཅིག་བསྒོམ་མོ། །ཏྲག་རསྒ་པུ་རུ་མུ། རུ་ལུ་རུ་ལུ་ཧུ༷་སྨྱོ། ཧུ༷། ཞེས་བརྗོད་ཅིང་། བརྡེག་ན་ཞག་བདུན་ནས་རྟགས་འོང་ངོ་། །ཡང་ན་མི་ཁོག་སྐམ་པའི་ནང་དུ་གཏོར་མ་བཤམ། གཏོར་མ་བཤམ་པའི་ཐབས་ལ། དཔྱིད་བྱ་ནག་པོའི་མིག་ལ་གཏོར་མ་བྱ། དབྱར་མེ་ཏོག་སྣ་ཚོགས་དང་ཁྲག་བསྲེས་ལ་གཏོར་མ་བྱ། སྟོན་འབྲུ་སྣ་ཚོགས་དང་ཁྲག་བསྲེས་ལ་གཏོར་མ་བྱ། དགུན་ཤིང་སུར་བུའི་ཐལ་བ་དང་ཁྲག་བསྲེས་ལ་གཏོར་མ་བྱ། དུས་བཞི་དང་སྦྱར་བའི་གཏོར་མའི་ནང་ནང་དུ་ཞིང་ལྤགས་དང་དགྲ་བོའི་མིང་རུས་དང་གཟུགས་བྲིས་ལ་གཞུག ཤ་རུས་ཟ་བའི་སྙིང་པོ་འདི་བཟླས་སོ། །སྙིང་ཟ་བ་ཙིསྟ་མ་མ་ཤ རོལ་ཁྲག་འཐུང་། ཀང་ཀང་ཤ་ཟན།ཡང་ཏང་པ་ར་དོ་ཤལ་ཁྱི་སྦྱང་། གྲང་སྟེང་། གྲ་ཧེ་བཛྲ་བྷནྟྲ་སྨྱོ་རུ་ལུ་རུ་ལུ། ཞེས་བཟླས་ཏེ། དམེ་ལག་ལ་ཁྲག་ཕྱུང་བ་རང་གི་དཔྲལ་བའི་དབྱེས་སུ་བྱུགས་ཏེ། དབང་ཆེན་གྱི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་ཏེ།བསྒོམས་ཤིང་བསྐུལ་ནས་ཉི་མ་ནུབ་ཁར་བཏང་ན་རྒྱུན་ཆད་པར་གྱུར་ཏོ། །དུས་བཞི་དཔུང་སྒྲོལ་གྱིས་བསད་པའི་ལེའུ་སྟེ་དོན་ལྔ་པའོ།། །།ཡང་ན་རབས་ཆད་ཀྱི་ཐོད་པར་ཆུ་གཙང་མ་དང་ཁྲག་བསྲེས་ལ་བླུག་སྙིང་པོ་ནུས་ཚད་བཟླས་ནས། ཁྱིམ་མམ་མཁར་ལ་གཏོར་ལ་ཞག་བདུན་ན་རྟགས་འོང་ངོ་། །ཡུལ་ཕྱོགས་སུ་གཏོང་ན་ཡུལ་དུ་མི་དགེ་བ་སྣ་ཚོགས་འོང་ངོ་། །ཏྲག་རསྒ་མུ་ཏྲ་ཤ་མུ་ཏྲ་སྙིང་ཁ་རག་མ་སྨྱོ་སྨྱོ། ཞེས་བརྗོད་དེ། ཐོད་པ་འཕང་ངོ་། །ཡང་ན་རབས་ཆད་ཀྱི་ཐོད་པའི་ནང་དུ་ཁྲག་སྣ་ཚོགས་པ་དང་དུག་སྣ་ཚོགས་ཉུང་དཀར་དང་བསྲེས་ཏེ་བླུགས་ལ་བག་ཟན་གྱིས་ཁ་བཅད་ནས་མིག་ངོས་ནས་མཚོན་སྐུད་ཀྱིས་བཏགས་ལ།བདག་ཨེ་ཀ་ཛུ་ཏིའི་ཏིང་འཛིན་དུ་ཞུགས་ལ། ཚོན་སྐུད་བདག་གི་སོས་བཟུང་སྟེ་དགྲ་བོའི་ཡུལ་ཕྱོགས་སུ་ཁ་བལྟས་ཏེ་སྔགས་འདི་དྲག་ཏུ་བཟླས་སོ། །མ་མ་སྒག་རསྒ་མུ་ཏྲ་མ་སྨྱོ་རུ་ལུ་རུ་ལུ་སྨྱོ། ཞེས་བརྗོད་ལ། གང་ལ་དམིགས་པའི་ཁྱིམ་དང་། ཡུལ་དང་མཁར་ལ་བརྒྱབ་ན་མཐའ་ཕུང་ངོ་། །ཆོ་ག་འདི་གཉིས་ནི་དཀོན་མཆོག་གསུམ་གྱི་སྐུ་དགྲར་དར་བའི་དགྲ་བོའམ་རྒྱལ་ཁམས་ཡོངས་སུ་ཕུང་བར་བྱེད་པའི་ལྷ་འདྲེ་མི་སྲུན་པའམ། བསྟན་པ་འཇིག་པ་སྨད་ཅིང་སྤྱན་མིག་འཛེར་བའི་རུ་ཏྲ་ལ་བྱའོ། །ཐོད་པ་དཀར་ནག་གིས་བསད་པའི་ལེའུ་སྟེ་དོན་དྲུག་པའོ།། །།ཡང་ན་ཕུད་གཙང་མ་བྱས་ལ། ལྷ་བཤོས་ཟུར་གསུམ་པ་བྱས་ལ་དཀར་པོ་གཅིག་དམར་པོ་གཅིག་ནག་པོ་གཅིག་བྱས་ལ། མདོག་དང་སྦྱར་ཏེ་ཕུར་བུ་སེན་གང་བ་གསུམ་གཞུག་གོ །གཞོང་སྒོ་ལ་གཅིག་གི་ནང་དུ་སྲན་མ་ཕུལ་གང་བྲའོ་ཕུལ་གང་། སོ་བ་མཆུ་རིང་ཕུལ་གང་སྟེ་ཕུལ་གསུམ་བླུགས་ལ། དེ་རེ་རེའི་སྟེང་དུ་ལྷ་བཤོས་རེ་རེ་བཞག །ཏིང་ངེ་འཛིན་རྣམ་གསུམ་རིམ་གྱིས་བསྐྱེད་དེ། ལས་ཀྱི་ལྷ་ཧ་ཡ་རྒི་ཝ་གསལ་བར་བསྒོམ། སྲིང་མོ་བཞི་དབང་དུ་བསྡུས་ལ་ལས་ལ་གཏོང་ངོ་། །ཕོ་ཉ་ཕྱི་མ་ཡང་གཏོང་ངོ་། ཕོ་ཉ་བཏང་བའི་རྗེས་སུ་རྒྱས་པའི་ལྷ་བཤོས་ཡང་བཏང་ངོ་། །ཆོས་འཁོར་འཇིག་པའི་དགྲ་བགེགས་དང་། །ཕ་ཚན་ཆེན་པོ་ཤི་ཁ་དབྱེ་བ་ལ་བྱའོ། །མདོས་ཕུར་སོར་དྲུག་གིས་བསད་པའི་ལེའུ་སྟེ་དོན་བདུན་པའོ།། །།སྦས་པའི་འཕྱང་བསྐུལ་བའི་ལེའུ་ལྷག་མ། སྣང་སྲིད་ཐམས་ཅད་ཡུམ་གྱི་མཁའ་ལས་སྦས། རྒྱལ་མོ་བཅུ་གསུམ་སྐུ་གཡས་སུ་སྦས། དབྱིངས་ཀྱི་ཡུམ་དགུ་སྐུ་གཡོན་དུ་སྦས།མཚན་མར་སྣང་བ་ཐམས་ཅད་སེམས་སུ་སྦས། སེམས་ཡེ་ཤེས་སུ་སྦས། ཡེ་ཤེས་ཆོས་ཀྱི་དབྱིངས་སུ་སྦས། མན་ངག་སྟོན་པའི་ཕྱིར་ཡང་འཔྱོང་། དོན་སྟོང་པའི་ཕྱིར་ཡང་འཕྱོང་། ལུང་བརྒྱུད་པའི་ཕྱིར་ཡང་འཕྱོང།རྒྱུད་དང་ལུང་དང་མན་ངག་གསུམ། རྒྱུད་དུ་བསྟན་པའི་ལེའུ་བརྒྱ་ཉི་ཤུ་རྩ་གཉིས། ལུང་དུ་བསྟན་པའི་ལེའུ་བརྒྱ་ཉི་ཤུ་རྩ་གཉིས། མན་ངག་ཏུ་བསྟན་པའི་ལེའུ་བརྒྱ་ཉི་ཤུ་རྩ་གཉིས་ཏེ། སུམ་བརྒྱ་དྲུག་ཅུ་རྩ་ལྔའི་དབུ་ལས་སྤྱན་བཀོལ། ཀུན་གྱི་དོན་བཀོལ་བའི་ཕྱིར་ན་བཀོལ། ལས་དང་དཀྱིལ་བསྒྲུབ་པའི་བཀོལ་བས་བཀོལ། དོན་ཚང་བར་སྟོན་པས་ལེའུ་ལགས། སྐུ་གསུང་ཐུགས་ཀྱི་འཕྱོང་བཀོལ་བའི་ལེའུ་ལགས་ཏེ་དོན་བརྒྱད་པའོ།། །།རྣལ་འབྱོར་ཆགས་པའི་ཆོ་གའི་རྒྱུད་ལས་བྱུང་བའི་ལུང་། །ཡབ་ཡུམ་གཉིས་མེད་དོན་གྱི་རྣལ་མ་ལ། །ཏིང་འཛིན་ཕུན་སུམ་ཚོགས་པར་འབྱོར་ཏེ་གནས། །ཆོ་ནི་ཤེས་རབ་མ་ཆགས་དབྱིངས། །ག་ནི་ཐབས་མཆོག་གནོད་མེད་མཐའ། །གཉིས་སུ་མེད་པས་ནང་ཞེས་བྱ། །སྤྲུལ་པ་འབྱུང་བས་རྒྱུད་ཅེས་བྱ། །མངོན་སངས་རྒྱས་པས་ལུང་ཞེས་བྱ། །རྡོ་རྗེ་སྦས་པའི་ཕྱིར། གསང་བ་ལས་ཀྱི་ཐིག་ལེ། ཕྱི་སྣོད་ཀྱི་བསྡུས་པས་ཡུམ་གྱི་རྡོ། ནང་བཅུད་བསྡུས་ཡབ་ཀྱི་རྗེ། གཉིས་མེད་གཅིག་པས་རྡོ་རྗེའི་དོན། རང་བཞིན་གསང་བའི་མཚན། །སྦས་པའི་གསང་དང་མན་ངག་གསང་། །ཡིད་བཞིན་འབྱུང་བས་བ་ཞེས་བྱ། །ཐབས་རྣམས་སྟོན་པས་ལས་ཞེས་བྱ། །ཀྱི་ནི་གོང་འོག་འབྲེལ་བའོ། །ཐིག་ནི་མ་ནོར་བྱང་ཆུབ་སེམས། །ལེས་ནི་མ་ཁྱབ་མེད་པའོ། །དོན་གྱི་བབ་རྣམས་འབྱུང་བས་འཕྱོང་གི་མདོ། སྐུ་གསུང་ཐུགས་ཀྱི་བ་་ཀྱི་འཕྱོང་སྟེ་ལེའུ་སྟེ་དོན་དགུ་པའོ།། །།དད་པ་དང་བརྩོན་འགྲུས་སུ་ལྡན་པས། སྣོད་དང་སྐལ་བར་ལྡན་པས་གནས་གཞུང་དང་མཐུན་པའི་ཁྱད་པར་ཅན་དུ། གསང་བའི་དཀྱིལ་འཁོར་གཞུང་བཞིན་དུ་བཤམས་ལ། སྒྲུབ་པའི་དཀྱིལ་འཁོར་གང་ཡང་རུང་བ་བཞེངས་སུ་གསོལ། བདུད་རྩི་སྣ་ལྔའི་ཆག་ཆག་བཏབ། སྤྱན་དྲང་བ་ལ་སོགས་གཞུང་བཞིན་བྱ། འབྲས་བུ་ཆེན་པོ་ལྔ་ལ་སོགས་པ་རྩ་བ་ལྔ་སྩལ། བྱིན་གྱིས་བརླབས་པ་དག་པའི་ཞིང་ལྔ་ནི། རྟ་དཀར་པོ་ཤེལ་མིག་ཁྱི་དཀར་པོ་སྣ་དམར། གླང་དཀར་པོ་ལྟེ་དམར། བྱ་དཀར་པོ་ཟེ་དམར། མི་ཤེལ་མིག་ཏུ་འདུག་པའོ། །བྱིན་གྱིས་མ་བརླབས་པའི་ཞིང་ལྔ་ནི། རྟ་ཁྱི་མི་སོགས་མདོག་ནག་པོར་འདུག་པ་ལྔའོ། །འབྲས་བུ་ལྔ་ནི་ཤིང་ལ་གནས་པའི་ནེ་ཙོ། ནགས་ལ་གནས་པའི་སྤྲེལྭ ས་ལ་གནས་པའི་དྲེད་མོ། ནམ་མཁའ་ལ་གནས་པའི་ཤང་ཤང་། ཆུ་ལ་གནས་པའི་སྦལ་པ། སྣང་ཞིང་སྲིད་པས་བསྡུས་པ་ཀུན་ལ་བྱའོ། །སློབ་མ་སྣོད་དང་ལྡན་མི་ལྡན་དང་རྫས་ཀྱི་ལེའུ་སྟེ་བརྒྱད་ཅུ་པའོ།། །།ཏ་ན་ཞེས་པས་སྒྲོལ་བའི་མན་ངག་སྟོན་ཏེ། བཀྲ་ཤིས་དག་པའི་ཞིང་བཅུ་དང་། སྨོན་ལམ་འབྲེལ་པའི་ཞིང་བཅུ་དང་། ཐུགས་རྗེས་སྤྲུལ་པའི་ཞིང་བཅུའོ། །མི་བསྒྲལ་དུ་མི་རུང་བའི་ཞིང་བཅུའོ། །མི་བསྒྲལ་དུ་མི་རུང་བའི་ཞིང་བཅུ་ལ་ནི། ནམ་མཁའ་ལ་རླུད་ལྟར་འཕྱོ་བ་དང་། ཕུག་ན་སྟམ་སྐྲམས་ལྟར་ཐེམས་པ་དང་། བཅུ་དྲུག་ཚགས་ ་ཚང་ཀུ ན་ཉལ་བ་དང་། ཨུ་མ་ཚང་ན་སྡོད་པ་དང་། རྔམ་པའི་དྲག་ཤུལ་བྱེད་པ་དང་། བདག་སྐྲུན་སྤྱི་ལ་གནོད་པ་དང་། །དམྱལ་བའི་རྡོ་རྗེ་བྱེད་པ་དང་། །ཐིག་ལེ་སྤྱོད་པ་ཉམས་པའོ། །འདི་རྣམས་ནི་མི་བསྒྲལ་མི་རུང་ངོ་། །ཐབས་རྣམ་པ་བཞིས་བསྒྲལ། གནས་གང་དུ་བསྒྲལ། ཐབས་གང་གིས་བསྒྲལ་བའོ། །ག་ཎ་ཞེས་པས་སྦྱོར་བའི་མན་ངག་སྟོན་ཏེ་བཞི་པའོ། །སྦྱོར་བ་ནི་ཡུལ་ཆོས་ཉིད་དུ་སྦྱོར་བ་དང་། རིག་པ་ཡེ་ཤེས་སུ་སྦྱོར་བ་དང་། ཐབས་ཤེས་རབ་ཏུ་སྦྱོར་བ་དང་། དབྱིངས་དང་ཡེ་ཤེས་སྦྱོར་བ་དང་། །འདོད་ཆགས་དང་ཞེ་སྡང་གཏི་མུག་རྣམས། །རྒྱུ་ལ་ཆགས་པའི་འབྲས་བུ་ཡིན། དྲང་པོར་རྟོགས་པ་སྐུ་གསུང་ཐུགས། །ལོག་པར་རྟོག་ན་འཁོར་བའི་རྒྱུ། །འདོད་ཆགས་རྒྱུ་ནི་ཁྲག་ལས་བྱུང་། ཁྲག་ནི་འཁོར་བའི་གཞི་ཡིན་པས། །དང་པོ་བསྐྱེད་ཀྱང་ཁྲག་ལས་བསྐྱེད། །ཐ་མ་འཇིག་ཀྱང་ཁྲག་ལས་འཇིག །གཞུང་ལས་མཆོད་པ་དང་། མཐུན་པའི་རྫས་བསགས་པ་དང་། ཕྱི་ནང་གསང་བའི་མཆོད་པ་དང་། མཆོད་པའི་ཡོན་ཏན་གཞུང་བཞིན་གྱིས། པད་མ་ཅན་དང་སྡུག་པོ་བཀོད་པ་དང་། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་གནོན་ནོ། །ཏ་ན་ག་ཎ་སྤྱོད་པའི་ལེའུ་སྟེ་གྱ་གཅིག་པའོ།། །།ད་ནི་མ་མོ་དབང་དུ་བསྡུ་བའི་ཐབས་བཤད་དོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འོག་གི་དབང་ཆེན་མ་མོ་རྣམས། །དབང་དུ་བསྡུ་ན་ཇི་ལྟ་བུ། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་གཟིགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་གསུང་པ་ལ་གདོན་མི་ཟ། །ང་ཡིས་བཤད་པ་གང་ཞེ་ ན། །ཡུལ་དང་དྭངས་མ་རྩ་རྣམས་ལ། །རིམ་གྱིས་མ་མོ་ལ་སོགས་ཏེ། །གུ་ཡ་གསང་བའི་ཡུམ་བཞི་དང་། །རྒྱན་གྱི་མ་སྲིང་ཤེས་པར་བྱ། །དེས་ནི་མ་མོ་དབང་དུ་སྡུད། །དབང་དུ་བསྡུ་བའི་ལེའུ་སྟེ་གྱ་གཉིས་པའོ།། །།དབང་ནོད་པ་དང་ཡོན་དབུལ་བ་སྟོན་ཏེ། དབང་ལ་གསུམ་སྟེ། ཕྱི་ཡི་དབང་ནི་རྫས་ལྔ་བཅུ་རྩ་ལྔ་དང་། ཡོ་གའི་དབང་བཅུ་ལ་སོགས་པར་བསྐུར་རོ། །ནང་དབང་བསྒྲུབ་རྫས་ཟབ་མོ་ལ་སོགས་པས་བསྐུར་རོ། །གསང་བའི་དབང་ནི་ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བསྐུར། །དབང་བསྐུར་བདེ་གཤེགས་སོ་སོའི་དངོས་གྲུབ་ཐོབ། དབང་ཡོན་འབུལ་བ་ནི། བུ་དང་ཆུང་མ་འཁོར་བཅས་དབུལ། ཟང་ཟིང་ལོངས་སྤྱོད་ཨ་ཅང་ཞེས། །རབ་འབྲིང་ཐ་གསུམ་དངོས་གྲུབ་ཐོབ། །སྣང་སྲིད་ཀྱི་མ་མོ་ནི་མའམ་ཆུང་མའམ། སྲིང་མོའམ་བྲན་བཞིན་དུ་ལས་བྱེད་དོ། །དབྱིངས་ལྡན་ཁྱབ་གསལ་ཡེ་གནས་མ། །གདོད་ནས་ཡོད་པས་ཡེ་གནས་མོ། །མཁའ་སྣང་དག་བྱེད་ཡེ་གནས་མ། །དག་པ་ཆེན་མོ་ཡེ་ནས་མོ། །ཡུམ་དུ་སྣང་བ་གདོད་ནས་མོ། །དབང་ནོད་ཅིང་དབང་ཡོན་དབུལ་བའི་ལེའུ་སྟེ་གྱ་གསུམ་པའོ།། །།དོན་འདི་ལ་སྤྱི་དོན་རྣམ་པ་ལྔས་སྟོན་ཏེ། ཐབས་རྣམ་པ་ལྔ། དེ་ཁོ་ན་ཉིད་རྣམ་པ་ལྔ། དགོས་ཆེད་བཅོ་ལྔ་དང་། མཇུག་ཏུ་མན་ངག་གསུམ་དང་། ཐིག་ལེ་ཆེན་པོ་གསུམ་བསྡུའོ། །ཐབས་ཀྱིས་སྣ་ཚོགས་འབྱུང་བར་བྱེད། དེ་ཟེར་ན་སྐུ། ཁོ་ཟེར་ན་གསུང་། ན་ཟེར་ན་ཐུགས། ཉིད་ནི་མན་ངག་དོན་ལ་བྱའོ། །ཐུགས་ཀྱི་དགོངས་པ་ཡིན་པས་དགོས་ཆེད། ལས་ཀྱི་མན་ངག་ཡིན་པས་དགོས་ཆེད། དགོས་འབྲེལ་གྱི་མཇུག་བསྡུས་པས་མཇུག དོན་ཐམས་ཅད་ཀྱི་མཇུག་སྡུད་པས་མཇུག སྣང་སྲིད་སེམས་ལས་བཟློག་པས་མཇུག ཐིག་མ་ནོར་བ། ལེ་གདལ་བ་མ་ནོར་བ་གདལ་བས་སེམས་ཉིད་ཡངས་པའི་ཀློང་། གསེར་གྱི་སྲོག་རྩའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ལ་ཐབས་རྣམ་པ་ལྔ་གང་ཞེ་ན། བདག་མ་མོའི་དབང་དུ་མི་འགྲོ་བར་འདོད་པའི་ཐབས་དང་། དབང་མ་སྐྱེས་པའི་ཆོས་ཀྱི་དབྱིངས་ལ། ཐབས་ཤེས་རབ་གཉིས་སུ་མེད་པས་མ་མོ། དངོས་པོ་དང་མཚན་མར་སྣང་བ་ཐམས་ཅད་ཆོས་ཉིད་དུ་རྟོགས་པས་དབང་དུ་བྱའོ། །བྱང་ཆུབ་ཀྱི་སེམས་མ་བཙལ་བར་ལྷུན་གྱིས་གྲུབ་པར་རྟོགས་པས་མི་འགྲོ་བའོ། །མ་མོ་བདག་གི་དབང་དུ་བྱ་བ་ལ་གཉིས་ཏེ། ལྟ་བས་དབང་དུ་བསྡུ་བ་དང་། བསྒོམ་པས་དབང་དུ་བསྡུ་བའོ། །དང་པོ་ནི་ཕྱི་སྣང་སྲིད་ཀྱིས་བསྒྲུབ་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་སངས་རྒྱས་པར་རྟོགས་ཙམ་ན་སྣང་སྲིད་ཐམས་ཅད་དབང་དུ་འདུ་ན་གཞན་ལྟ་ཅི་སྨོས། བསྒོམ་པས་དབང་དུ་བསྡུ་བ་ནི། ཏིང་ངེ་འཛིན་རྣམ་གསུམ་རིམ་གྱིས་བསྐྱེད། །དེ་ནི་མི་རྟོག་རྟོག་ལས་འདས། །ཀུན་སྣང་ཡིད་བཞིན་ནོར་བུ་ལྟར། ཁུ།་ཡི་ཆོས་ཉིད་དབྱིངས་ཉིད་ལས། །དབང་ཆེན་དཀྱིལ་འཁོར་རིམ་གྱིས་བསྐྱེད། །སྤྲོ་བསྡུ་རྣམ་གཉིས་བ་ཐག་གཟིངས། །ཧུ༷་ཨེ་ཏ༷་མ༷་ལ༷་སུ༷་ལྷུ༷་བཛྲ་ཙྭ་ན་ཙཀྲ་ཧུ༷། གཞལ་ཡས་ཁང་རྒྱ་ཁྱོན་དཔག་ཏུ་མེད་པ། ནམ་མཁའི་ཁམས་དང་མཉམ་པ་ཞིག་ལམ་གྱིས་བསྐྱེད་དོ། །དེའི་དབུས་སུ་པ༷་པདྨ་མཎྜལ་ལ་མ་སྲུརུ་མཎྜལ་ལ། དེའི་སྟེང་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་་བ་ལ་ལ་བཏིང་། དེའི་སྟེང་དུ་ལྷ་བརྒྱད་བཏིང་། །དེའི་སྟེང་དུ་ཀླུ་བརྒྱད་བཏིང་། དེའི་སྟེང་དུ་གཟའ་བརྒྱད་བཏིང་། དེའི་སྟེང་དུ་ཕྱོགས་སྐྱོང་རྒྱལ་ཆེན་ཚངས་པ། བརྒྱ་བྱིན་བསྣོལ་བ་བཏིང་། དེའི་སྟེང་དུ་ཧུ༷་ལས་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་བསྐྱེད་དེ། ཞབས་གཡས་ཀྱིས་ཚངས་པའི་སྙིང་བརྫིས་པ། གཡོན་གྱིས་བརྒྱ་བྱིན་བརྫིས་པ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་གྱིས་གསེར་གྱི་དྲིལ་བུ་དཀུར་བརྟེན་པ། དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བསྐྱིལ་བ། ཐོད་པ་སྐམ་རློན་གྱིས་སེ་རལ་ཁར་བརྒྱན་པ། ཞིང་ཆེན་གྱི་གཡང་གཞི། སྟག་ལྤགས་ཀྱིས་ཤམ་ཐབས་བྱས་པ། སྦྲུལ་གྱི་ཆུན་འཕྱང་གིས་སྐུ་ལ་བརྒྱན་པར་བསྒོམ་མོ། །ཡབ་ཀྱི་སྐུ་མདོག་གསལ་བར་བསྒོམས་ལ། །མ་མོ་དབང་དུ་སྡུད་པའི་ལེའུ་སྟེ་གྱ་ལྔ་པའོ།། །།གཡོན་དུ་གདན་ཉི་ཟླ་ལས། བརྟན་མ་བཅུ་གཉིས་བཏིང་ངོ་། །དེའི་སྟེང་དུ་དབང་མོ་ཉི་ཤུ་རྩ་བརྒྱད་བསྣོལ་ལ་གདིང་། དེའི་སྟེང་དུ་འདོད་ཁམས་གཙོ་མོ། གཤིན་རྗེ་ནག་པོའི་བུ་མོ་གདུག་པ་ཚེ་འཕྲོག་མ། སྲིད་པ་ཆགས་འཛིན་བསྣོལ་ལ་གདིང་། དེའི་སྟེང་དུ་མ་བདུན་བསྣོལ་ལ་གདིང་། དེའི་སྟེང་དུ་སྲིད་བཞི་བསྣོལ་བ་གདིང་། དེའི་སྟེང་དུ་བློན་མོ་བཞི། རྒྱལ་མོ་བཞི་འཇུག་སྒྲོལ་དྲུགཤུགས་སྒྲོལ་མ་དྲུག སྒྲོལ་གིང་མ་དྲུག ཚེ་བདག་མ་ཆེན་མོ། དེའི་སྟེང་དུ་སྤྲུལ་བདག་མ་ཆེན་མོ་གདིང་ངོ་། །དེའི་སྟེང་དུ་རོ་ལང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་བསྒོམ། རྒྱན་དང་ཆ་ལུགས་གཙོ་དང་མཐུན། གོང་མ་ལྟར་བཀྲ་ས་ལེ་བསྒོམས་ན། མ་མོ་བདག་གི་དབང་དུ་འགྱུར་རོ། །གཡོན་དུ་ཉིད་བཞི་བསྒོམ་པས་མ་མོ་དབང་དུ་འགྱུར་རོ། །འཁོར་ལོ་ཞལ་གྱིས་བཞེས་པའི་ལེའུ་སྟེ་གྱ་དྲུག་པའོ།། །།མ་མོ་སྲོག་འཛིན་པའི་ཐབས་ལ་དྲུག་སྟེ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་སྲོག་ནི་མ་མོས་འཛིན། མ་མོའི་ཕྲོག་ནི་དམ་ཚིག་གིས་འཛིན། དམ་ཚིག་གི་སྲོག་ནི་ལུང་གིས་འཛིན། ལུང་གི་སྲོག་ནི་མན་ངག་གིས་འཛིན། མན་ངག་གི་སྲོག་ནི་བསྒོམ་པས་འཛིན། སྒོམ་པའི་སྲོག་ནི་ལྟ་བས་འཛིན། མ་མོ་ལྟ་བས་མྱ་ངན་ལས་འདས་པའི་ཐབས་ནི། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་བརྟན་མ་བཅུ་གཉིས་སུ་ལ་བཟླ། བཅུ་གཉིས་ལྷོའི་སྐྱི་འཐིང་གཡའམ་སྐྱོང་དུ་ལ་བཟླ། དེ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་ལ་བཟླ། དེ་ལྟར་རིམ་བཞིན་དུ་ཡུམ་མུ་ཁ་ལེ་ལ་ལ་བཟླ། མུ་ཁ་ལེ་སེམས་ཉིད་དུ་ལ་བཟླ། སེམས་ཉིད་རྒྱུ་རྐྱེན་མེད་པའོ། །མ་མོ་སྲོག་འཛིན་པའི་ལེའུ་སྟེ་གྱ་བདུན་པའོ།། །།དེ་ཁོ་ན་ཉིད་རྣམ་པ་ལྔ་ལ། མ་མོ་དེ་ཁོ་ན་ཉིད་དང་། དངོས་གཞི་དེ་ཁོ་ན་ཉིད་གཉིས་ཏེ་གང་ཞེ་ན། སྣང་སྲིད་ཆཀུས་པར་བྱེད་པ་ཀུན་གཞི་སྣང་སྲིད་འབྱུང་བར་བྱེད་པ་ཡང་ཀུ༷ན་གཞི། སྙིང་པོ་དེ་ཁོ་ན་ཉིད་དང་། སྙིང་པོ་ལ་བཞི་སྟེ། རྒྱུའི་སྙིང་པོ་དང་། རྒྱུའི་ཆོས་ཉིད་ལས་ཡི་གེ་གང་རུང་གིས་བསྐྱེད་པའོ། །རྩ་བའི་སྔགས་ལ། ཨོ་ཨུ༷༷ཧུ༷། གང་བྱུང་བར་སྐུ་བསྐྱེད་དོ། །རྩ་བའི་སྔགས་ལ། ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷།སྲོག་གི་སྙིང་པོའོ། །རྩ་བའི་སྔགས་ལ། ཁ་རག་སྙིང་ཁ་རག་ཙིསྟ་རྦད། ཐུན་སྨྱོ་བྱ་བ་ནི་བརྡེག་པའི་སྔགས་སོ། །དེ་ཁོ་ན་ཉིད་རྣམ་པ་ལྔའི་ལེའུ་སྟེ་གྱ་བརྒྱད་པའོ།། །།རྫས་ཀྱི་དེ་ཁོ་ན་ཉིད་ལ་གསུམ་སྟེ། སྒྲུབ་པའི་རྫས་དང་། བསྙེན་པའི་རྫས་དང་། མཆོད་པའི་རྫས་དང་གསུམ། བསྙེན་སྟངས་ཀྱི་དེ་ཁོ་ན་ཉིད་ལ་བདུན་ཏེ། ཚོགས་ཀྱི་རྗེ་མོ་ལྟར་བསྙེན། ཡུམ་ལྔ་མའི་ཚུལ་དུ་བསྙེན། སྐྲོལ་གིང་མ་མ་མོ་བཞིཕྲ་མེན་རྒྱ་མཚོ་མ་དང་ལྔ་ནི་ཆུང་མ་ལྟར་བསྙེན་ནོ། །འཇུག་སྒྲོལ་མ་མཛའ་མོ་ལྟར་བསྟེན་ནོ། །དངོས་གསང་བའི་ཡུམ་བཞི་སྟེང་འོག་གི་སྒྲོལ་བྱེད་མ་གཉིས་ཏེ་དྲུག་བྱི་མོ་ལྟར་བསྙེན་ནོ། ་།གས་སྒྲོལ་མ་བཞི། རྒྱལ་མོ་དང་བློན་མོ་རྣམས་ནི་སྲིང་མོ་ལྟར་བསྟེན་ནོ། །དྲག་ཤུལ་གྱི་ཚུལ་དབང་དུ་བསྡུ་བ་མན་ཆད་བྲན་མོ་མངགས་པའི་ཚུལ་དུ་བསྟེན་ནོ། །གསེར་གྱི་སྲོག་རྩ་དགོས་ཆེད་ཀྱི་ལེའུ་སྟེ་གྱ་དགུ་པའོ།། །།དགོས་ཆེད་བཅོ་ལྔ་དང་། དང་པོ་མ་མོ་གང་ནས་བྱུང་ཤེས་པར་བྱ་བ་དང་། གང་ནས་བྱུང་བའི་ལོ་རྒྱུས་འོག་མ་ཁོ་ནར་ཞིག་ཐིག་ལེའི་བཞེངས་ནས་མར་བྱུང་ངོ་། བྱུང་ནས་སྲོག་གིས་འཛིན་པ་ལ་གསུམ་སྟེ། མ་མོ་ལུས་ཀྱི་སྲོག་ནི་རྒྱས་བཟུང་སྟེ། ངག་གི་སྲོག་ནི་སྔགས་ཀྱིས་བཟུང་། སེམས་ཀྱི་སྲོག་ནི་ཏིང་ངེ་འཛིན་གྱིས་བཟུང་། སྲོག་ཟིན་ནས་ཇི་ལྟར་བཀོལ་བ་ལ་གསུམ་སྟེ། སྲོག་བཟུང་ནས་བཀོལ་བ་དང་། རྟེན་སྟངས་བཞིན་དུ་བཀོལ་བ་དང་། གོང་དུ་བསྔན་པ་བཞིན་དུ་ཏིང་ངེ་འཛིན་དང་། དབང་ཆེན་གྱི་དཀྱིལ་འཁོར་དུ་བསྒོམ་ལ་བཀོལ་བའོ། །མ་མོ་ཤ་ས་བསྟན་པར་བྱ་བ་ལ་གསུམ་སྟེ། དམ་ ག་མ་བསྲུངས་པས་འ ་བ་དང་། ལས་གཞུང་བཞན་མ་བསྒྲབས་པས་ཇོཆི་བ་དང་། ཏིང་ངེ་འཛིན་ལ་ལེ་ལོ་བྱས་པས་འཆི་བའོ། །མ་མོའི་དཀྱིལ་འཁོར་བསྟན་པ་ལ་གཉིས་ཏེ། དཀྱིལ་ཆོས་ཀྱི་དབྱིངས་ལ་འཁོར་རང་རིག་པས་བསྐོར་བས་དཀྱིལ་འཁོར། དཀྱིལ་ཚོགས་ཀྱི་རྗེརྨི་ ་ལ་འཁོར་སྣང་སྲིད་མ་མོས་བསྐོར་བས་དཀྱིལ་འཁོར་གཞན་དཔེ་ཆུང་ཞིབ་ཏུ་བརྟག་གོ །གསེར་གྱི་སྲོག་ཐིག་བསྟན་པའི་ལེའུ་སྟེ་དགུ་བཅུ་པའོ།། །།མ་མོ་བསྒྲུབ་པར་བྱ་བའི་ཚད་བསྟན་པ་དང་།དང་པོ་ས་ཆོག་དང་། མཚམས་དང་། གཟུངས་མ་དང་། ཐིག་སྐུད་དང་། ཚོན་དང་། ཞལ་ཟས་ལ་སོགས་པ་བྱིན་གྱིས་བརླབ་བོ། །དེ་ནས་སྒྲུབ་པའི་དཀྱིལ་འཁོར་རྣམས་གཞུང་བཞིན་དུ་བྱ་ལ་བྲིའོ། །སྒྲུབ་པ་ལ་གཉིས་ཏེ་རང་བཞིན་གྱི་སྒྲབ་པ་དང་། གཟུགས་བརྙན་གྱི་བསྒྲུབ་པའོ། །རང་བཞིན་ལ་གཉིས་ཏེ། ཕྲ་མེན་རྒྱ་མཚོ་དང་། དབྱིངས་ཀྱི་ཡུམ་ལྔའོ། །འོ་ན་ཕྲ་མེན་རྒྱ་མཚོ་ལ་བསྒྲུབ་ཏུ་མེད་ཟེར་ཏེ། བསྒྲུབ་ཏུ་ཡོད། སྐད་ཅི། ་ཀྱང་འངའི་ངང་ལས༄་འངར་མི་རུང་བས་ ་ ་བ བས་པའི་ ་ཡིན་ནོ། བ་རྫས་གང་ཞེ་ན། ལུས་སེམས་ཚགས་སུ་བཅུག་ལ། རིག་པ་སྐད་ཅིག་མ་དེ་ཡིན་ལ། མ་ཡེངས་པའི་དོན་སྟོན། སྒྲུབས་པའི་རྟགས་གང་ཞེ་ན། ཆོས་ཐམས་ཅད་བྷ་ག་དགྱེས་པའི་གནས་དེར་ལྷུན་གྱིས་གྲུབ་ཅིང་། སངས་རྒྱས་པས་རང་གི་རིག་པ་ལྷངས་ཀྱིས་རྟོགས་པས་དེ་ཁོ་ན་འགྲུབ་པའི་རྟགས་ཡིན་ནོ། །ཡུམ་ལྔ་བསྒྲུབ་ཏུ་མེད་ཟེར་ཏེ་ཡོད། ཡུམ་ལྟར་སྣང་བ་ཆོས་ཀྱི་དབྱིངས་ཡིན། ཆོས་འཇུག་རིག་པའི་ཡེ་ཤེས་ཡིན། །ལྔ་ལྔ་ལྟར་སྣང་བ་ནི་བསྒྲུབ་པའི་རྫས་ལྟ་བུ་ཡིན། རིག་པ་དང་དབྱིངས་ཀྱི་ངང་དུ་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་འགྲུབ་པའི་རྟགས་ཡིན། འགྲོ་ཉལ་འདུག་སྡོད་སྤྱོད་ལམ་རྣམ་བཞིར་སྐད་ཅིག་ཀྱང་མ་ཡེངས་པ་ནི་རང་བཞིན་གྱིས་གྲུབ་པའོ། །མ་མོ་གཉིས་རང་བཞིན་གྱིས་བསྒྲུབས་པའི་ལེའུ་སྟེ་གོ་གཅིག་པའོ།། །།གཟུགས་ཅན་གྱི་སྒྲུབ་པ་ལ་བཅུ་དགུ། དེ་ལ་ཁྲོས་པའི་དབང་མོ་ཆེ་བཞིའི་དཀྱིལ་འཁོར་སྒྲུབ་པ་ནི། གསང་བའི་དཀྱིལ་འཁོར་གཞུང་བཞིན་བཞེངས་སུ་གསོལ། རིགས་བཞིའི་སྒྲུབ་རྫས་ཡང་བསག རྒྱུ་བཞི་ཡང་བསོགས་ཏེ་དགོངས་པ་ཏིང་ངེ་འཛིན་གཞུང་བཞིན་བསྒྲུབ། ཞག་གཅིག་ནུབ་མོ་གསང་བའི་ཡུམ་དུ་དམ་བཅའོ། །གྲུབ་རྟགས་ནི་འོད་དང་སྒྲ་མངོན་དུ་འབྱུང་ངོ་། །གྲུབ་ནས་ཆེ་མཆོག་གི་ཏིང་ངེ་འཛིན་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཀྱི། མ་ཧྭ་དེ་བ་ལ་སོགས་པའི་མཐུ་ཆེན་བརྫིས་ཤིང་ཕྱག་ན་འཇིགསཔའིམཚོནཆསྣཚོགསབསྣམས་པ། །སྐུ་རྒྱན་དང་ཆ་ལུགས་གསལ་བར་བསྒོམ། དེ་ནས་བདག་གི་མ་མོར་སྦྱོར་རོ། །བྱང་ཆུབ་སེམས་དྲོད་ལ་དབབ་པ་དང་རཀྟ་སྦྱར་སྣ་ལ་བདག་མཆོད། དེ་ནས་སྒྲུབ་ཟླ་ལ་སྤྱིན་སྒྲུབ་པའི་ཡོན་ཏན་ནི་བསམ་པ་ཡིད་བཞིན་འགྲུབ་བོ། །སྟེང་འོག་གི་མ་མོ་སྒྲུབ་པ་ནི་དཀྱིལ་འཁོར་གཞུང་བཞིན་བཤམས་ལ་གསེར་ཆ་ལ་སོགས་པ་ལ་བསྒྲུབ་བོ། །རྟགས་འོད་དང་སྒྲ་སྙན་མེ་ཆེན་འབྱུང་། དཔའ་བོ་སྒེག་པོའི་ཏིང་ངེ་འཛིན་དུ་འཇུག་པས་པདྨ་དབང་དུ་བསྡུས་ལ་བྱི་མོར་དམ་བཅའོ། །གྲུབ་པའི་ཡོན་ཏན་དགྲ་ལ་དྲག་ཅིང་བྱང་ཆུབ་ས་སེམས་ཡིད་བཞིན་དུ་འགྲུབ་བོ། ཁུགས་སྒྲོལ་མ་བཞིའི་སྒྲུབ་ཐབས་ནི། བྷརྙ་ཚལ་བུ་བཞིའི་ནང་། བྱང་ཆུབ་སེམས་ཤ་ཆེན་རཀྟ་བ་སུ་ཏ་སོགས་པ་བླུགས་ལ་བསྒྲུབ་བོ། །རྟགས་སྤྲིན་ག་རྟ་སྐད་འབྱུང་། པདྨ་བསྡུ་ཞིང་ཆུང་མར་དམ་བཅའོ། །གྲུབ་པའི་ཡོན་ཏན་དགྲ་ལ་འདེབས། ཁྲོས་པ་ཤུགས་སྒྲོལ་གྱི་ལེའུ་སྟེ་གོ་གཉིས་པའོ།། །།ཨེ་ཀ་ཛ་ཏིའི་སྒྲུབ་ཐབས་ནི། །སྟེགས་བུ་འདོམ་གང་གྲུ་བཞི་པ་གཅིག་བྱས་ལ་དབུས་ཟླ་གམ་གཅིག་པར་བྲིས་ཏེ། དམ་ཚིག་གཙང་མའི་གཏོར་མ་བཤམས་ལ་དར་དམར་པོས་ཁ་བཅད་ལ། ཁ་ནུབ་ཕྱོགས་སུ་བལྟས་ཏེ། སྒྲུབ་རྟགས་ཀུན་གོང་མ་བས། ནུབ་མོ་ཨེ་ཀ་ཙ་ཏི་བསྒྲུབས་ཏེ། སྟེགས་བུ་འདོམ་གང་གྲུ་བཞི་གཅིག་ལ་དབུས་སུ་ཟླ་གམ་གཅིག་བྲི། བྷརྙ་མཚན་དང་ལྡན་པ་གཅིག་གི་ནང་དུ་བྱང་ཆུབ་སེམས་ཀྱི་དངོས་གཞི་སྩལ་ལ། ཁ་ནུབ་ཏུ་བལྟས་ལ་དར་དཀར་གྱིས་ཁ་བཅད་དཀྱིལ་འཁོར་བསྒྲུབ་བོ། །བྷ་ག་དབང་དུ་བསྡུ་བ་ཀུན་གོང་མར་འགྲེའོ། །འཇུག་སྒྲོལ་མ་སྒྲུབ་པ་ནི། སྟེགས་བུ་ཁྲུ་གང་བ་གཅིག་ལ་ཟླ་གམ་གཅིག་པར་བྱས་ལ། པདྨ་རིགས་ཀྱི་བྷརྙ་མཚན་དང་ལྡན་པ་གཅིག་གི་ནང་དུ། པདྨ་རཀྟ་ལ་ཁ་གནམ་ལ་བསྟན་དབུས་སུ་བཞག་ཅིང་བསྒྲུབ་བོ། །ཡོན་ཏན་སྣང་སྲིད་ཀྱི་བདེ་བ་ཀུན་དུས་གཅིག་ལ་སྙེམས་པར་མཛད་དོ། །བྷ་ག་སྲུང་མར་ས་བདག་ཆེན་མོ་སྒྲུབ་པ་ནི། སྟེགས་བུ་གྲུ་གསུམ་གཅིག་ཟླ་གམ་གཅིག་བྲིས་ལ། མཚན་དང་ལྡན་པ་གཅིག་ཏུ་སྲོག་མེད་པའི་དབུགས་ཏེ། བ་སུ་ཏ་དབུགས་ཀྱིས་བཀང་ལ་བདུད་རྩི་སྣ་ལྔ་ཟླ་གམ་སྟེང་དུ་བཞག དེའི་སྟེང་དུ་སྟེགས་བུ་ཟླུམ་པོ་མཐོ་གང་གཅིག་ལ་རིན་ཆེན་ཟུར་བརྒྱད་བྲིས་ལ། རིན་པོ་ཆེ་གང་ཡང་རུང་བ་ཅིག་གི་ཕོར་པ་མྲ རིན་པོ་ཆེ་སྣ་ཚོགས་དང་འབྲུ་སྣ་ཚོགས་དང་། ཟབ་དར་ཀུན་ནང་དུ་སྩལ་ལ་བསྒྲུབ་བོ། །ཀླུ་དང་ས་བདག་བྲན་མོ་བཞིན་དུ་འཁོལ་ལོ། །ཕྱོགས་བཞིར་འཇུག་སྒྲོལ་མ་བཞི་སྒྲུབ་པ་ནི། །དཀྱིལ་འཁོར་རྩིབས་བཞི་པ་གཅིག་བྱས་ལ་ཟླ་གམ་བཞི་བྲི། །མཚན་དང་ལྡན་པ་བཞི་ལ་ཕྱོགས་བཞིར། བོ་དྷི་མུ༷་ས་མ་རཀྟ་དྲི་ཆུ་བསྟེན་ཅིང་བསྒྲུབ་བོ།ཁམས་གསུམ་སྒྲོལ་བའི་དངོས་གྲུབ་ཐོབ་བོ། །སྨན་མོ་རྣམས་ཀྱི་སྒྲུབ་ཐབས་ཀྱི་ལེའུ་སྟེ་གོ་གསུམ་པའོ།། །།ཚེ་བདག་ཆེན་མོའི་སྒྲུབ་པ་ནི། དཀྱིལ་འཁོར་ཟླུམ་པོ་ཁྲུ་གང་བ་གཅིག་བྱས་ལ་ཟླ་གམ་གཅིག་པར་བྲིས་ལ། བྷརྙམཚན་དང་ལྡན་པ་གཅིག་གི་ནང་ལ་ཙིསྟ་སྣ་ཚོགས་དང་རཀྟས་བཀང་ལ་ཁ་ཤར་དུ་བསྟན་ལ་ཤིང་ཤུན་གྱིས་ཁ་བཅད་ལ་བསྒྲུབ་ན་ཞག་བདུན་ནས་ཟླ་བ་ལྟུང་ངོ་། །བཅུ་བཞིན་ཉི་མ་ལྟུང་། ཉི་ཤུ་ན་བྷནྟྲ་མཚན་དང་ལྡན་པའི་ནངདུ་སྙིང་དང་རཀྟ་བསྲེས་པ་འབྱུང་། ཡོན་ཏན་གཞནལྟ་ཅི་སྨོས། ཁྲོས་པའི་མ་བཞི་དང་ཐུགས་ཀྱི་དགྱེས་སྡེ་མོ་བཞི་ཡང་མ་སྲིང་བཞིན་དུ་ལས་བྱེད་དོ། །ཧེ་རུ་ཀས་དྲི་མན་ཆད་སྐུ་བསྐྱེད་པ་ཙམ་གྱིས་འདར་ལྕུག་ལྕུགལས་བྱེད་དོ། །ཡིད་བཞིན་དུ་འགྲུབ་སྟེའོང་ངོ། །རྒྱལ་མོ་བཞི་སྒྲུབ་པ་ནི། དཀྱིལ་འཁོར་རིན་ཆེན་མཁར་ཐབས་སུ། །ཐིག་གདབ་ཟླ་གམ་བཞི་བཀོད་དེ། །བྷནྟྲ་མཚན་ལྡན་བཞིར་རྫས་བཀྲམ། ཤར་དུ་བོ་དྷི་དང་དྲིཆེནདང་། ལྷོརཤ་དང་མྱ༷་ས། ནུབཔདྨ་རཀྟ། བྱང་དུ་དྲི་ཆུ་དང་རྒྱུའི་དྲི་ཆུ་བཞག་གོ །ཨ་མ་ལ་དེ་ཝ་ཤ་སྨྱོ་རུ་ལུ། ནུས་ཚད་བཟླས་དཔོན་ཆེན་ཟེར་ནས་ཟླ་གམ་འབུལ་དུ་འོང་ངོ་། །དམ་བསྲེ་སྤྲོ་བསྡུ་བྱའོ། །དེཕན་ཆད་བྲན་བཞིན་ལས་བྱེད་དོ། །བྲན་བཞིན་སྒྲུབ་པ་ནི་དཀྱིལ་འཁོར་པདྨ་འདབ་མ་བཞིའི་ཐིག་ཏུ་གདབ། དེ་ལ་དབུས་སུ་ཟླ་གམ་དགོད། མཚན་དང་ལྡན་པའི་བྷརྙར་གོང་མ་དང་མཐུན་པའི་རྫས་གཞག འོད་དང་དྲི་དང་གཟུགས་ཀྱང་སྟོན། ཕོ་ཉ་བཞིབསྒྲུབ་པ་ནི་སྟེགས་བུ་གྲུ་བཞི་པ་གཅིག་ལ་ཐོད་པ་དར་མ་བཞིའི་ནང་དུ་འབྱོར་ཚད་དམ་རྫས་སྩལ་ལ་ཤིང་ཤུན་གྱིས་ཁ་བཅད་ལ་དེས་བསྒྲུབ་བོ། །རྟགས་ཀུན་གོང་མར་བས་ཡོན་ཏན་ནི་ཀུན་དབང་དུ་སྡུད་དོ། །ཐོད་ཕྲེང་རྒྱལ་མོ་བཞི་བྲན་མོ་བཞིའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་གོ་བཞི་པའོ།། །།གནོད་སྦྱིན་སྟོབས་བཟང་གི་སྒྲུབ་པ་ནི།དཀྱིལ་འཁོར་ཟླུམ་པོ་ཁྲུ་གང་བ་གཅིག་ལ་ཟླ་གམ་གཅིག་བྱས་ལ། ཟླ་གམ་སྟེང་དུ་ཡསྒ་ཀྲོ་དྷི་ཤྭ་རི་ཞེས་བརྗོད་པས། གནོད་སྤྱིན་གྱི་རྒྱལ་མོ་སྟོབས་བཟང་སྐུའི་རྒྱ་ཁྱོན་ནི་འཇིག་རྟེན་འཁྲུག་དོགས་ཙམ་ཡོད་ལ་སྐུ་མཐིང་ནག་འབར་བ་ལ་སྤྱན་ཉི་ཟླ་སྟོང་གིས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་གདེངས་པ་བསྣམས་པ། གཡོན་ན་བྷརྙ་འབར་བ་བསྣམས་པ། གཡས་འོག་མ་ན་སྦྲུལ་ནག་སྟོང་གི་ཞགས་པ་འཕེན་པ། གཡོན་འོག་མ་ན་བདུད་རྩི་བཅུད་ཀྱི་བུམ་པ་བསྣམས་པ། སྐུ་ཡེ་ཤེས་ཐུ་ལུམ་འབར་བའི་ནང་ན་བཞུགས་པ། ཡེ་ཤེས་ཀྱི་མེ་རིས་ཉོན་མོངས་པའི་རྟོག་པ་རྨང་ནས་བསྲེག་པ། འཁོར་གནོད་སྤྱིན་མང་པོས་བསྐོར་བ། སངས་རྒྱས་པས་མཐུ་ཆེ་རྐང་མགྱོགས་པས་བང་མགྱོགས་པ་སྲིད་པའི་འཇིག་རྟེན་ཐམས་ཅད་ཀྱང་འཁྲུག་པར་ནུས་པ། ཤར་ཕྱོགས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་གི་ཡུམ་མཛད་པ་བདུད་རྩི་བུམ་པ་ལས་ལོངས་སྤྱོད་རྒྱུན་ཏུ་མཛད་པ།རྣལ་འབྱོར་པ་ཐམས་ཅད་ཀྱི་གྲོགས་སུ་འགྲོ་བ་རྒྱུན་ཏུ་མཛད་པ། སྒྲུབ་པ་པོ་རྣམས་ཀྱི་དངོས་གྲུབ་སྒྲུབ་པ་གནོད་སྤྱིན་ཕོ་མོ་ཐམས་ཅད་དབང་དུ་སྡུད་པ། འཇིག་རྟེན་དམག་ཐམས་ཅད་ཀྱི་དཔུང་གནོན་པ་ཉི་ཟླ་ཕྲུགས་གཅིག་ཕོ་ཉར་འགྱེད་པ། གཟའ་ཆེན་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ་དེས་ནི་བདུད་རྩིའི་རྒྱ་མཆོ་ཆེན་པོ་ནས། ཟངས་ཀྱི་ལྷུང་བཟེད་ཀྱིས་རྒྱལ་པོ་བཞིའི་ཞལ་དུ་བདུད་རྩིའི་སྐྱེམས་སྟོབ་པ་གང་སུ་ཞིག་དང་དུ་ལེན་པའི་སྒྲུབ་པ་པོས་དེ་ཉམས་སུ་བླངས་ཤིང་བསྒྲུབས་ན། རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་ཡིན་བཞིན་དུ་སྟེར་རོ་ཆར་ཆུ་ཡང་དུས་སུ་འབེབས་སོ། །དགོས་འདོད་རེ་བ་སྐོང་ངོ་། །དངོས་གྲུབ་ཀྱང་དུས་སུ་སྟེར་རོ། །འཇིག་རྟེན་གྱི་མཐུ་ཐམས་ཅད་ཀྱང་འགྲུབ་བོ། །ལས་ཐམས་ཅད་ཀྱང་ཟློག་པར་བྱེད་དོ། །རྫུ་འཕྲུལ་གྱི་མཐུ་མང་པོ་ཡང་མངོན་པར་སྟོན་ནོ། །འཇིག་རྟེན་གྱི་དགོས་པ་ཐམས་ཅད་ཀྱང་མངོན་དུ་སྟེར་རོ། །རིང་ན་གནས་པའི་དངོས་གྲུབ་ཀྱང་ལེན་པར་ནུས་སོ། །གཞན་གྱི་དམག་དཔུང་ཐམས་ཅད་ཟློག་པར་བྱེད་དོ། །གནོད་པ་ཐམས་ཅད་ཀྱང་འཇིགས་པ་བྱེད་དོ། །གཞན་གྱི་མཐུ་དང་རྫུ་འཕྲུལ་ཡང་ལེན་པར་ནུས་སོ། །འཇིག་རྟེན་གཞན་དག་ན་གནས་ཀྱང་བདག་གི་གནས་སུ་འོངས་ནས་ཅི་བྱ་ཟེར་རོ། །ཅི་སྒྲུབ་ཅེས་ཟེར་རོ། དེ་ལྟར་སྟོབས་བཟང་གི་དངོས་གྲུབ་ཐོབ་ན་གནོད་སྦྱིན་གྱི་འཁོར་ཐམས་ཅད་ཀྱིས་བསྐོར་ནས་བདག་ཅག་གིས་ཅི་བགྱི་ཞེས་བཀའ་ཉན་ནོ། །ཨ་ལ་ལ་ཧོ། བཅོམ་ལྡན་འདས་བདག་ཅག་ལ་ལས་ཀྱི་དངོས་གྲུབ་སྩོལ་ཅིག རྣལ་འབྱོར་རྣམས་ཀྱི་དམ་བསྲིས་ཤིག བདག་ཀྱང་བཀའ་ཡི་རྫས་སུ་བསྒྲུབ་པར་བགྱིའོ་ཞེས་དམ་བཅའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ལས་ཐམས་ཅད་ཡོངས་སུ་སྒྲུབས་ཤིག །རྫ་བྷ་ལ་སོགས་ཏེ་གནོད་སྦྱིན་གྱི་སྟོབས་ཐམས་ཅད་ཕྱུང་ཞིག་ཅེས་བསྒོའོ། །དེ་ལྟར་བསྒྲུབས་ན་དགོས་པ་ཐམས་ཅད་ཀྱང་སྟེར་རོ། །རྫས་དང་ཡོ་བྱད་ཀྱང་ལིང་ལིང་སྦྱོད་པར་འགྱུར་རོ། །ཡོན་ཏན་ཀྱང་མངོན་དུ་འཆར་རོ། །བརྒྱ་བྱིན་སྲིན་མོ་སྒྲུབ་པ་ནི་དཀྱིལ་འཁོར་གྲུ་གསུམ་པ་གཅིག་བྱས་ལ་དབུས་སུ་ཟླ་གམ་གཅིག་པར་བྲི། ཁམ་ཕོར་གཅིག་གི་ནང་དུ་གངས་ཀྱི་ཆུ་དང་བྱ་རྒོད་ཀྱི་ཤ་དང་། ཤེལ་དང་ནས་དཀར་མོ་འབྲུ་དགུ་བླུགས་ལ། ཨ་པྲ་བེ་ཤ་བྱའི་འཛབ་དྲང་ངོ་། །གཞན་ཀུན་གོང་བས་ཚངས་པའི་ཆུང་མ་སྒྲུབ་པ་ནི།མ་ཏྲང་གི་ཐོད་པ་བརྩེགས་པ་ལ་དཔྲལ་བར་ཟླ་གམ་བྱས་པ་ལ། མཚན་ལྡན་གཅིག་གི་ནང་དུ་བདུད་རྩི་སྣ་ལྔ་སྩལ་ལ་ཁ་ཤིང་ཤུན་གྱིས་བཅད་ལ། བྲདྨ་ཁེའ་ཞེས་བཟླས་སོ། །ཡོན་ཏན་ནི་སྲིད་མོ་བརྒྱད་འདུལ་ལོ། །ཕོ་ཉ་དྲུག་ཅུའི་གཙོ་མོ་སྟེ་རྡོ་རྗེ་ཁྱུང་མགོ་ཅན་སྒྲུབ་པ་ནི་ཐོད་པའི་དབུས་དཔྲལ་བར་ཟླ་གམ་བྲི་བྷརྙ་མཚན་དང་ལྡན་པ་གཅིག་ཏུ་རཀྟ་དང་དྲི་ཆུ་བསྲེས་ཏེ་ནང་དུ་ཨ་སྲི་ཏ་ཡང་བླུགས་ལ་སྙིང་པོ་བཟླས་ཤིང་བསྒྲུབ་བོ། །ཡོན་ཏན་ནི་འོག་མ་ཀུན་འཁོལ་ལོ། །ཨེ་ཀ་ཛ་ཏི་རལ་གཅིག་མགོ་དགུ་མ་བསྒྲུབ་པ་ནི་གོང་མ་དང་མཐུན་ནོ། །སྲིད་པ་ཆགས་བྱེད་མ་སྒྲུབ་པ་ནི་སྟེགས་བུ་ཁྲུ་གང་ལ་པདྨ་འདབ་མ་བཞི་པར་བྱས་ལ་ཁམ་ཕོར་གྱི་ནང་དུ་རྒོད་ཀྱི་ཚིལ་ལམ་ག་ནུས་བུའམ་མཚལ་སྦོས་གསེར་གཡུ་ལ་སོགས་པ་བླུགས་ལ་བསྒྲུབ་བོ། །ཡོན་ཏན་ནི་སྨན་མོ་ཐམས་ཅད་དབང་དུ་སྡུད་ཅིང་འཁོལ་ལོ། །བརྟན་མ་བཅུ་གཉིས་སྒྲུབ་པ་ནི་ས་གཙང་མར་གྲ་ཕྱིང་ལ་སོགས་པ་བཏིང་ལ་འབྱོར་ཚད་བསོག་པས་བསྒྲུབ་བོ། །སྙིང་པོ་བཟླས་ཤིང་བསྟེན་ན། ཀུན་མཐུན་གྲུབ་པའི་ཡོན་ཏན་དགྲ་འཇོམས་སོ། །རང་བཞིན་གཉིས་བསྒྲུབ་པའི་དཀྱིལ་འཁོར་དགུ་བཅུ་རྩ་གཉིས་པའི་གསང་བའི་དམ་ཚིག་བསྒྲུབ་པའི་ལེའུ་སྟེ་གོ་ལྔ་པའོ།། །།མ་མོའི་གསང་མཚན་བསྟན་པ་ནི། ཡུམ་ལྔ་ནི་ཀུན་ཏུ་རྒྱུ་ཞིང་ཁྱབ་པའོ། །རྡོ་རྗེ་དབྱིངས་ཀྱི་ཡུམ་མཆོག་མ། སྒྲོལ་གིང་མོ་བཞི་ལ་རྡོ་རྗེ་བདེ་མཆོག་མ། རྡོ་རྗེ་འོད་གསལ་མ། རྡོ་རྗེ་བདེ་སྦྱོར་མ། རྡོ་རྗེ་བདུད་རྩིའི་རྒྱལ་མོ། སྟེང་འོག་གི་སྒྲོལ་གིང་མ། རྡོ་རྗེ་བདེ་འདེགས་མ། རྡོ་རྗེ་བདེ་སྒྲུབ་མའོ། ཁུགས་སྒྲོལ་མ་དྲུག་ནི་རྡོ་རྗེ་གསང་བའི་གཟུགས་འཛིན་མ།རྡོ་རྗེ་བདེ་སྐྱོང་མ། རྡོ་རྗེ་བདེ་བརྩེགས་མ། རྡོ་རྗེ་གཟུགས་མཛེས་མ། རྡོ་རྗེ་དཔལ་གྱི་ཡུམ་གཅིག་མ། རྡོ་རྗེ་འཁོར་སྐྱོང་མའོ། །འཇུག་སྒྲོལ་མ་དྲུག་ལ། རྡོ་རྗེ་དབྱིངས་ཀྱི་གཏེར་ལྡན་མ། རྡོ་རྗེ་བདེ་ལྡན་དཔལ་གྱི་མཆོག རྡོ་རྗེ་བདེ་བ་རྒྱས་འདེབས་མ། རྡོ་རྗེ་བདེ་བ་ཟ་བྱེད་མ། རྡོ་རྗེ་བདེ་བ་རྨོངས་བྱེད་མ། རྡོ་རྗེ་བདེ་བ་ཚེ་འཕེལ་མ། རྡོ་རྗེ་གསངབའིཡུམགཅིགམ། རྡོརྗེ་བདེ་སྦྱོར་མ། རྡོ་རྗེ་ཡུམ་གཅིག་མ། རྡོ་རྗེ་གྲགས་མ།རྡོ་རྗེ་རྒྱན་གཅིག་མ། རྡོ་རྗེ་མེ་ཏོག་གཟུང་གཅིག་མ། རྡོ་རྗེ་གསང་བའི་དབྱིངས་ཕྱུག་མ། རྡོ་རྗེ་ཐོགས་མེད་མ། རྡོ་རྗེ་གར་གྱི་དབང་ཕྱུག་མ། ཐུགས་རྗེ་ནམ་མཁའི་དབྱིངས་ཕྱུག་མ། རྡོ་རྗེ་ཀུན་ཏུ་བཟང་མོ། རྡོ་རྗེ་ཀུན་ཏུ་གྲགས་མ། རྡོ་རྗེ་ཀུན་གསལ་མ། རྡོ་རྗེ་གསལ་འཕྲོ་མ། བདེ་འགྲོ་མ། རྡོ་རྗེ་འོད་གསལ་མ། རྡོ་རྗེ་འོད་ཆགས་མ། རྡོ་རྗེ་སྡེར་མོ། རྡོ་རྗེ་ཐོ་བ། རྡོ་རྗེ་འཇིགས་བྱེད་མ། དབང་སྡུད་མ། གསང་བ་རྡོ་རྗེ་ཡུམ། རྡོ་རྗེ་འཇིགས་བྱེད་གཟུགས་འཛིན་མ། རྡོ་རྗེ་གྲགས་མ། རྡོ་རྗེ་གཡུ་སྒྲོན་མ། རྡོ་རྗེ་དཔལ་འགྱུར་མ། རྡོ་རྗེ་ལས་བྱེད་མ། རྡོ་རྗེ་གློག་མ། རྡོ་རྗེ་དཔལ་འབར་མ། རྡོ་རྗེ་རེ་རྣམས། རྡོ་རྗེ་ཡེ་ཤེས་འོད་འཕྲོ་མ།རྡོ་རྗེ་དོན་གྲུབ་མ། རྡོ་རྗེ་ཀུན་གྲུབ་མ། བསམ་འཕེལ་གསང་མཚན་གྱི་ལེའུ་སྟེ་གོ་དྲུག་པའོ།། །།དམ་ཚིག་དབོགས་པར་བྱིན་པ་དང་། དབང་དུ་བསྡུ་བའི་ལེའུ་ལས། །ཨ་སྤོ་ཏ་ནི་ཁར་བླུགས་ལ། །དེ་ནི་བསྡིག་པ་ལྟ་བུའོ། །མ་མོ་ཞགྲུག་པའི་སྐོང་ཐབས་བསྟན། །མི་བདེ་སྣ་ཚོགས་གང་བྱུང་འཕྲོ་ཡང་ཡང་། །བསྐང་རྫས་བཞིན་དུ་རིམ་པས་བཅོས། །གོང་མ་སྐོང་པས་འོག་མ་བདེ། །དེ་ནས་ལས་ལ་གཟུད་པ་ལ་གསུམ་སྟེ། མ་མོ་གསང་བའི་ལས་ལ་གཟུད་པ་དང་། དམ་བཅས་པས་ལས་ལ་གཟུད་པ་དང་། བཅོལ་པས་ལས་ལ་གཟུད་པ་དང་། མན་ངག་རྣམ་པ་གསུམ་ལས་དང་པོ་གང་ནས་བྱུང་བའི་མན་ངག་ནི། གང་ནས་མ་བྱུང་བདག་ཉིད་ལས་བྱུང་། ཕུང་པོ་ལྔ་ལ་ཡབ་ལྔ་འབྱུང་བ་ལྔ་ཡུམ་ལྔ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀོའུ་རི་བརྒྱད། །དེའི་ཡུལ་བརྒྱད་ལ་སིང་ཧ་མ་བརྒྱད། ཡན་ལག་བཞི་ལྷ་མོ་བཞི་ཚེའུ་སག་ནེའུ་སག་ཁྲོ་བོ་ཁྲོ་མོ། སྒལ་ཚིགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། བདག་གི་ཀུན་གཞི་རྣམ་པར་ཤེས་པ་ལས། ཚེ་བདག་ཆེན་མོ་གསང་བའི་གཟུངས་མ་གཉིས་བསྐྱེད། ཁྲག་གི་དྭངས་མ་དབུགས་ཀྱི་དྭངས་མ། དྲོད་ཀྱི་དྭངས་མ་རྣམ་པར་ཤེས་པའི་དྭངས་མ་ལས། འཇུག་སྒྲོལ་མ་བཞི་བསྐྱེད། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་དངས་མ་ལས། སྒྲོལ་གིང་མ་བཞི་ཤུགས་སྒྲོལ་མ་བཞི་སྟེ་བརྒྱད་བསྐྱེད། བདག་གི་བྱང་ཆུབ་སེམས་ལས། སྲིད་པ་ཆགས་འཛིན་མ་སྨུན་གཉིས་བསྐྱེད། བདག་གི་སྒལ་ཚིགས་ལས་ཨེ་ཀ་ཙ་ཏི་སྤུན་དྲུག་བསྐྱེད། བདག་གི་སྲོག་རྩ་ལས་འདོད་ཁམས་མ་མོ་སྤུན་གཉིས་བསྐྱེད། བདག་གི་ལྟེ་བ་ལས། སྟེང་འོག་སྒྲོལ་གིང་མ་གཉིས་བསྐྱེད། བདག་གི་ཡིད་ཀྱི་རྣམ་པར་ཤེས་པ་ལས། སྲིན་མོ་བརྒྱད་བསྐྱེད། རྐང་ལག་གཡས་གཡོན་བཞི་ལས། དམག་གི་རྒྱལ་མོ་སྤུན་བཞི་བསྐྱེད། སྟེང་འོག་བཤང་ལམ་སྒོ་བཞི་ལས། ལས་ཀྱི་སྲིན་མོ་བཞི་བསྐྱེད། བདག་གི་མཁལ་མ་གཡས་གཡོན་གཉིས་ལས། པདྨ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་གཉིས་བསྐྱེད། མཁྲིས་པ་ལས་ནག་མོ་ཁྲག་འཛག་མ་བསྐྱེད། ལག་མགོ་རྐང་མགོ་གཉིས་བཞི་ལས། ཕོ་ཉ་ཆེན་མོ་བཞི་བསྐྱེད། བདག་ཉིད་ཉོན་མོངས་པའི་ཡིད་ལས། བརྟན་མ་བཅུ་གཉིས་བསྐྱེད་དོ། དང་པོ་གང་ནས་མ་མོ་བྱུང་བ་ནི་བདག་ཉིད་ལས་བྱུང་ངོ་། དེ་ལྟར་བྱུང་བས་མན་ངག་གོ །མ་མོ་བྱུང་བའི་རྒྱུད་དང་གསང་བའི་ལས་ལ་གཟུད་པའི་ལེའུ་སྟེ་གོ་བདུན་པའོ།། །།དང་པོ་གསང་བའི་ལས་ལ་གཟུད། དུར་ཁྲོད་ཞིང་ལ་ཕོ་ཉར་བཏང་ཞིང་གཟུད། བར་དུ་དམ་བཅའ་ཞིང་ལས་གཟུད་པ་དང་། ཇོ་མོར་གཟུང་ན་རྫ་་་མོ་གཟུད་དོ། །ཐ་མར་བཅོལ་བའི་ལས་ལ་གཟུད་པ་ནི། དགྲ་བོའི་ལུས་ལ་གཟུད་པ་ཡིན་ནོ། །ཀུན་གཞི་སྤྲུལ་བདག་དང་། ཚེ་བདག་ཆེན་མོ་གཉིས་ལས་ལ་གཟུད་དོ། །དེས་ཀུན་གཞི་ཉམས་སུ་གཞུག་གོ ཐ་མར་མཇུག་བསྡུ་བའི་མན་ངག་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་ཉོན་མོངས་པའི་ཡིད་ལ་བསྡུའོ། །དེ་ལས་རིམ་གྱིས་ཀུན་གཞི་ལ་བསྡུའོ། །ཀུན་གཞི་སྐྱེ་འགག་མེད་པའི་ངང་ངོ་། །ཐིག་ལེ་རྣམ་པ་གསུམ་ལས།དབྱིངས་དང་རིག་པ་གཉིས་མེད་དང་། ཐབས་དང་ཤེས་རབ་གཉིས་མེད་དང་། དེ་ནི་མ་མོའི་ཐིག་ལེའོ། །གྲུབ་པའི་ཐིག་ལེ་ནི་ཆོས་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པ་ནི་རྩལ་སེམས་དང་བྲལ་བ་སྟེ། ཡེ་ནས་བཅོས་སུ་མེད་པའི་ཀློང་ཆེན་པོ་ཡིན་ནོ། །ལེན་པའི་ཐིག་ལེ་ནི། ཐིག་ནི་བདག་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ལེ་ནི་རང་རིག་གི་ཡོན་ཏན་ཡིན། གཉིས་སུ་མེད་པའི་ངང་ལས་འཇིགས་བྱེད་འབར་བའི་སྐུདུར་ཁྲོད་ཀྱི་ཆས་ཀྱི་གདུག་པ་ཅན་འདུལ་བ་དང་། རྒྱན་དང་ཆ་ལུགས་སུ་སྣང་བ་ལས། རྡོ་ཁབ་ལེན་གྱིས་ལྕགས་རྣམས་སྡུད་ཚུལ་དུ། མ་མོ་ཐམས་ཅད་འདར་ཞིང་འདུད། ཐམས་ཅད་ནི་ སྐུ་ལ་འཁྲིལ། རྒྱལ་མོ་བརྒྱད་ཅུ་རྩ་བཞི་བྲན་དུ་ཁོལ། བློན་མོ་དགུ་ནི་དམིགས་པ་བཞིན་དུ་འགྱེད། འཇིག་རྟེན་གྱི་ཆོས་ཐམས་ཅད་གསལ་བར་སྟན། མ་མོ་འབུམ་ལ་སོགས་པ་ནི་ཅི་བགྱི་ཟེར་ཞིང་བཀའ་སྡོད། མ་མོ་བཀོལ་བའི་ལུགས་ཀྱིས་ནི། ཚོགས་ཀྱི་རྗེ་མོ་ཇོ་མོ་བཞིན་དུ་བཀོལ། མ་མོ་བཅུ་གསུམ་ཆུང་མ་བཞིན་དུ་བཀོལ། བྷ་གའི་ཁ་སྲུང་མ་ལ་སོགས་པ་དྲུག་ནི་ཁོལ་མོ་བཞིན་དུ་བཀོལ། ཚེ་བདག་ཆེན་མོ་ལ་སོགས་པ་བུ་མོ་བཞིན་དུ་བཀོལ།བརྟན་མ་བཅུ་གཉིས་གསུམ་བཀྲ་བཞིན་དུ་བཀོལ། དྲག་ཤུལ་གྱིས་དབང་དུ་བསྡུས་པའི་མ་བདུན་ནི་བྱི་མོའི་ཚུལ་དུ་བཀོལ་ལོ། །འཇིག་རྟེན་འདས་པ་ཆེན་མོ་ལས་ནི་བྱུང་། འཇིག་རྟེན་ལ་ནི་གནས་ཏེ་དེ་གང་ནས་བྱུང་ན། མ་མོའི་ལེའུ་སྟོང་ཕྲག་དྲུག་ཅུ་རྩ་ལྔ་ལས། མན་ངག་གི་ལེའུ་འཇིག་རྟེན་ལས་འདས་པའི་ལེའུ་བརྒྱ་ཉི་ཤུ་རྩ་གཉིས་འབྱུང་བའོ། །མ་མོ་དབང་དུ་བསྡུ་ཞིང་། བཀོལ་ཐབས་བསྟན་པའི་ལེའུ་སྟེ་གོ་བརྒྱད་པའོ།། །།ཏིང་འཛིན་རྣམ་པ་གསུམ་བསྐྱེད་པ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི་བསྐྱེད་ལ། །དེ་བཞིན་ཉིད་ཀྱིརངབཞིནནི། །དམིགས་མེད་ཡུམ་གྱི་ངང་དུ་གསལ། ཁྱབ་གདལ་དོན་ནི་རྫོགས་པར་ལྡན།མ་ཧྭ་ཤཱ་རྒྱ་ཏྭ་ཙྭན་མཎྜལ་ཧུ༷། ཀུན་སྣང་གི་ཏིང་ངེ་འཛིན་ནི། །དག་པའི་ཡེ་ཤེས་བདེ་ཆེན་མཁལ ་མཁའཀུ ། །ཀུན་ཏུ་སྣང་སྲིད་ཁྱབ་པར་གསལ། །གཉིས་མེད་ལྷུན་གྱིས་གྲུབ་པའི་མཆོག །དྷརྨ་དྷ་ཏུ་མཎྜལ་ཧུ༷། དེ་ནས་རྒྱུ་ཏིང་ངེ་འཛིན་གྱིས། །དབང་ཆེན་ཡུམ་གྱི་དཀྱིལ་འཁོར་བསྐྱེད། །གཉིས་སུ་མེད་པའི་མཁའ་དབྱིངས་ལས། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་གཏིབས། །བདེ་མཆོག་ཡིད་བཞིན་ཆར་དུ་འབེབས། །ཐམས་ཅད་མ་ལུས་བསྐྱེད་པའི་རྒྱུ། །རིན་ཆེན་འབར་བའི་འོད་ཟེར་ལས། །དབང་ཆེན་དཀྱིལ་འཁོར་འབྱུང་བའི་རྒྱུ། །ཨེ་ཏ༷་མ༷་ལ༷་རྒྱུ༷། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལས། །འཐོར་བྱེད་རླུང་ནག་ཚོགས་གྱིས་རྒྱ་གྲམ་གཏམས། །ཆགས་པའི་རྒྱ་མཚོ་རཀྟ་རྦ་ཀློང་བསྐྱིལ། །ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་བ༄རྡལ། །ཀེང་རུས་འབར་བའི་རི་རབ་གཞལ་ཡས་ནི། །ཆུ་སྲིན་བྱེ་བ་ས་ཡའི་ཐོད་པ་ལ། །མི་ཟད་དུར་ཁྲོད་འབར་བའི་རྩིགས་རྨང་བྱས། །ཐོད་དགུ་འབར་བའི་རྩིགས་པ་མཁར་དུ་བརྩེགས། །གནམ་ལྕགས་དུར་མོ་འབར་བའི་གཟེར་ཆེན་བཏབ། །རིན་ཆེན་མཆོག་གིས་ཟུར་བཞི་མཛེས་པར་བརྒྱན། །གཡུ་འོད་སྔོན་པོ་འབར་བའི་ཁ་བད་ཅན། །མུ་ཁྱུད་གནམ་ལྕགས་འབར་བའི་མེ་རིས་བསྐོར། །སུ༷་བྷརྙ་བྷནྟྲ་རསྒ་རསྒ་ཏི་ར་བ༷། ད་ནི་གདན་ཁྲི་བསྐྱེད་དེ། མཐིང་ནག་འབར་བའི་གཞལ་ཡས་འདིར། །ཞིང་ཆེན་ཞིང་ཆུང་གཅལ་དུ་བཀྲམ། །མཆོག་བྲན་མང་པོ་གདན་དུ་བཏིང་། །ཐེ་བྲང་དགུ་བརྒྱའི་གབ་ཙེ་ལ། །ལྷ་སྲིན་ཀུན་གྱི་ནང་སྟན་བྱ། །དྲི་ཏི་ར་བ༷། ཨ་ཀྲ་ཏི་ར་བ༷། རཀྟ་ཏི་ར་བ༷། ཞེས་བསྐྱེད་དོ། །ད་ནི་ཕྱག་བྱ་སྟེ། མི་མངོན་མཁའ་དབྱིངས་སྨུག་མོའི་དཀྱིལ་འཁོར་དང་། །སྐུ་ལ་ཉག་གཅིག་སྤྲུལ་པ་དྲུག་ལ་བཀའ་ཉན་སྟོང་། །བཀའ་ཉན་སྟོང་ལ་ཕྱག་བརྙན་འབུམ། །སྣང་སྲིད་བདག་ལ་ཕྱག་འཚལ་ལོ། །དབྱར་ཞིང་ནམ་མཁའི་ཁམས་ན་རྒྱུ། །འབྲུག་དང་གློག་གི་བདག་མོ་མཛད། །ལྕེ་དང་བུ་ཡུག་འབེབས་མཛད་མ། །གློག་མ་སྲིན་ལ་ཕྱག་འཚལ་ལོ། །དཔྱིད་ཅིང་ཀུན་ལ་དྲོད་མཛད་མ། །ཆུ་བོ་ཀུན་གྱི་སྣ་འདྲེན་མ། །ཆུ་བོ་ཀུན་གྱི་གཞུང་འབྱམས་མ། །ནག་མོ་གཙོ་ལ་ཕྱག་འཚལ་ལོ། །སྟོན་ཞིང་འབྲས་བུ་སྨིན་མཛད་མ། །སྤང་པོ་དེ་ནི་ཁ་སེར་ལ། །འབྲུ་དང་ལོ་ཡི་བཅ་ལེན་མ། །མི་རྣམས་ཀུན་གྱི་དཔལ་འཕྲོག་མ། །གློག་འགྱུ་མ་ལ་ཕྱག་འཚལ་ལོ། །དགུན་ཞིང་རྒྱ་མཚོའི་གཏིང་ན་བཞུགས། ཁམས་གསུམ་ཀུན་གྱི་རྒྱས་འདེབས་མ། །ཀླུ་འབྲུག་ཀུན་གྱི་དགྱེས་སྡེ་མོ། །གློག་འགྱུ་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དྲི་ཆུ་བདུད་རྩིའི་མཆོག །པརྩི་ཨ་མྲི་ཏ་དང་སྦྱར། །དམ་རྫས་སྙིང་གི་ཁྲག་ཆེན་པོ། །བསྲེབའིམཆོགསྟེཁྲགགིསྙིང་། །མ་ཧྭ་ཀུ་ཀུ་ལ་ས་མ་ཡ། པ྅་ས་མ་ཡ། མ་ཧྭ་ཨ་མྲི་ཏ་ས་མ་ཡ། ཏིང་ངེ་འཛིན་གྱི་ལེའུ་སྟེ་གོ་དགུ་པའོ།། །།ད་ནི་མཆོད་པ་འབུལ་ཏེ། སྨུག་ནག་འཇིག་རྟེན་རྒྱལ་མོ་བཞེས་སུ་གསོལ། །ནག་མོ་མི་བཟད་རྒྱ་མཚོ་བཞེས་སུ་གསོལ། །ཕྱག་བརྙན་རྐང་དྲུག་མཛེས་མ་བཞེས་སུ་གསོལ། །མདོག་བཟང་ནག་མོ་མཐུ་ཆེན་བཞེས་སུ་གསོལ། །ཨེ་གྱེ་ཧི་ཚུར་སྤྱོན་འཁོར་དང་བཅས། ཛ༷༷ཧུ༷་བ༷་ཧོ༷༷ སྤྱན་འདྲེན་མ་ལུས་གཤེགས་སུ་གསོལ། །མ་གཅིག་ཆེན་མོ་འདིར་སྤྱོན་ཤ་ལ་སྤྱོན། །འབྱུང་པོ་འབྱུང་མོའི་ཤ་ནི་ཟན་བས་ཞིམ། །མ་གཅིག་ཆེན་མོ་འདིར་སྤྱོན་ཁྲག་ལ་སྤྱོན། །འབྱུང་པོ་འབྱུང་མོའི་ཁྲག་ནི་ཆང་བས་ཞིམ། །མ་གཅིག་ཆེན་མོ་འདིར་སྤྱོན་རུས་ལ་སྦྱོན། །འབྱུང་པོ་འབྱུང་མོའི་རུས་ནི་མར་བས་ཞིམ། །བདག་གི་བརྣག་པའི་ལས་འདི་མཐར་ཕྱུང་ཞིག །ད་ལྟ་ཉིད་དུ་རྟགས་དང་མཚན་མ་ཕྱུང་། ཁ་ཁ་དུར་མ་ཏི་རུ་ལུ་སྨྱོ། ད་ནི་སྨན་མཆོད་བྱ་སྟེ། རང་བྱུང་བདུད་རྩི་དམ་རྫས་ལྔ། །གདོད་ནས་དག་པ་བདུད་རྩིའི་མཆོག །རྩ་བ་བརྒྱད་ལ་ལོ་མ་སྟོང་། །སངས་རྒྱས་སྟོང་གི་དངོས་གྲུབ་ལེན། །དམར་ཆེན་མཚོ་དང་མུ༷་ས་དྲི། །ག་པུར་ཤེལ་དང་སྤོས་ཕོར་དྲི། །སངས་རྒྱས་སྟོང་གི་ཐུགས་དམ་སྟེ། །རྣལ་འབྱོར་ཡོངས་ཀྱི་དམ་ཚིག་མཆོག །དམ་ཚིག་སྤྱིན་པ་ཆེན་པོ་འདི། །སྦྱིན་ནོ་བལྟབ་བོ་བསྐུལ་ལོ་གསོལ། །དམ་རྫས་བདུདརྩི ཆེནཔོའདི། །མ་ཚོགས་སྟོང་གི་འཁོར་ལ་མཆོད་པ་འབུལ། །འདུལ་བའི་ལྷ་མོ་མཐུ་མོ་ཆེ། །དུས་ལ་རྔུབ་ཅིང་དམ་ལ་འཕྲེང་། །དབངཕྱུག ཆེན མོཀུན གྱིསྲིང་། །རྣལ་འབྱོར་ཀུན་གྱི་མ་གཅིག་མ། །མཚན་བཟང་ནག་མོ་རེ་མ་ཏི། །མ་ཚོགས་སྟོང་གི་འཁོར་ཚོགས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །བར་དེར་མ་མོའི་འཛབ་ནུས་ཚད་བགྲང་ངོ་། །སྤྱན་དྲང་བ་དང་མཆོད་པའི་ལེའུ་སྟེ་བརྒྱ་ཐམ་པའོ།། །།ད་ནི་རྔ་བརྡུང་བ་དང་མ་མོའི་ཐུགས་དམ་བསྐུལ་བ་ནི། མ་གཡེལ་མ་འདའ་སྲིང་གཅིག་མ། །མ་ཡི་ནང་ནས་མ་གཅིག་མ། །དམ་ཉམས་ཀུན་གྱི་བདུད་གཅོད་མ། །དམ་ལ་གནས་པའི་ཚེ་འཛིན་མ། །སྟོང་ཁམས་ཀུན་གྱི་ཉུལ་ལེ་མ། །ནད་བདག་ཆེན་མོ་རིམས་བདག་མོ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །དྲ་བ་དགུ་ཡི་ལྟེ་ལེན་ཅན། །བྱེ་རུ་དམར་པོའི་རྒྱན་སྲབ་ཅན། །ཉིན་བཞིན་ཁྱོ་དགུ་བསྐུངས་ན་སྦེད། །མཚན་མོ་དུར་ཁྲོད་ཁྱབ་པར་ཉུལ། །རྣལ་འབྱོར་མཐའ་དག་ཚོགས་ཁང་འགྲིམ། །རྣལ་འབྱོར་དམ་ཚིག་གཙང་མི་གཙང་། །མཆེད་ལྕམ་བརྩེ་གདུང་ཆེའམ་ཆུང་། །སློབ་དཔོན་ཏིང་འཛིན་དྲོད་ཉུལ་མ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཉིད་ཀྱི་སྐུ་མདོག་མཐིང་ནག་ལ། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །ཞལ་ནས་མི་ཁྲག་རྟ་ཁྲག་འཛག །མིག་ནས་ཁྲག་འཛག་ཟུ་ལུ་ལུ། །ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བསྐྱོད་པའི་ཚེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་གཅོད། །རྣལ་འབྱོར་ཆེན་མོ་ཨ་ལ་ལ། ཁྱོད་ཀྱི་ལག་པ་གཡས་པ་མྲ །བདུད་ཀྱི་ཁྲམ་བམ་རེ་རེ་ཐོགས། །སྐྱེ་འགྲོ་དབུགས་སུ་སྣང་བ་ཀུན། །སང་ཕོད་དེང་སང་སུ་འཆི་བ། །དོ་ཅིག་ཤོ་རྡེའུ་ནག་པོ་འགྲེམས། ཁྱོད་ཀྱི་མཆན་ཁུང་གཡས་པ་ན། །བྱང་དམར་དཀྱུས་པའི་བམ་པོ་སྦེད། །སང་ཕོད་དེང་སང་སུ་འཆི་བ། །དོ་ཅིག་བྱང་དམར་དཀྱུས་ལ་འདེབས། ཁྱོད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་བ་སྔོ་དམར་ལ། །སྦྲུལ་ནག་བརྒྱ་ཡི་ཁ་བཅིངས་ཅན། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །དེ་ཚེ་སྲིད་པའི་མ་མོ་འཁྲུག །དེ་ཚེ་ཁྱོད་ཀྱི་རྟགས་བསྟན་པ། ཁྱོད་ཀྱི་ཁ་རླངས་སེར་པོ་ཡིས། །སྟོང་ཁམས་ཐམས་ཅད་འགེངས་བྱེད་ཅིང་། །བུད་མེད་སེར་པོས་ས་གཞི་འགེངས། །ཆེ་ཞེས་མཁྲིས་ཆེན་ཤ་ཡ་གཏོང་། །ནམ་མཁའི་མཐོངས་ན་ཁྱོད་གནས་པ། །ནམ་མཁའི་དབྱིངས་ཀྱི་དཔལ་མོ་བཙན། །སེམས་ཅནཀུན་གྱི་ལམ་སྟོན་མ། །བར་སྣང་མཁའ་ལ་བཞུགས་པའི་ཚེ། །བྷ་ག་ཧྲི་སྟི་མཁའ་ལ་ཆར་འབེབས་མ། །འབྱུང་བ་ལྔ་ཡི་ཆ་སྙོམས་མ། །འཛམ་གླིང་འབྲུ་ཡི་བཅུད་ལེན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །རི་རབ་རྩེ་ལ་བཞུགས་པའི་ཚེ མེ་ཟ་མལབྲག གྱོནམ། །རྣལའབྱོར་ཀུན་གྱི་ཚེ་འཛིན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །འབར་མ་ཉུལ་བྱེད་གཙོ་མོ་ནི། །འབར་མ་ཉི་མའི་ཞགས་པ་ཅན། །ཕུད་ལྷག་ཉུལ་ཞིང་སྒྲུབ་མཆོག་སྐྱོང་། །དེ་ཡང་དཔལ་ལྡན་རེ་མ་ཏི། །ཧུ༷། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནང་ན་བཞུགས་པའི་ཚེ། །མི་སྲིང་གཡག་མགོ་ཐོད་རློན་འཆང་། ཁ་ཆུ་སྙེག་ཅིང་སྒྲུབ་མཆོག་སྐྱོང་། །དེ་ཡང་དཔལ་ལྡན་རེ་མ་ཏི། །མ་བརྒྱའི་གཙོ་མོ་མཛད་པའི་ཚེ། །ཨེ་ཀ་ཛ་ཏི་རལ་གཅིག་མ། །རྣལ་འབྱོར་ཏིང་འཛིན་དྲོད་ཉུལ་མ། །དེ་ཡང་དཔལ་ལྡན་རེ་མ་ཏི། །ཆེ་ཞེ་ཆེན་མོ་མཐུ་མོ་ཆེ། །ཆེ་ཞེ་ཆེན་མོ་དུས་ལ་བབ། །ཕྲིན་ལས་བཅོལ་ཞིང་ངེས་ཚིག་གི་ལེའུ་སྟེ་བརྒྱ་དང་གཅིག་པའོ།། །།བྱང་ཤར་མཚམས་ཀྱི་སྲིང་གཅིག་མ། །བསེ་ཡི་གདོང་ལ་གཡུ་ཡི་སྤྱན། །ཟ་འོག་དཀར་བཀྲའི་སླག་པ་ཅན། །དཔུང་ཟླུམ་རེ་ལྡེའི་སྨད་དཀྲིས་གསོལ། །གཡུ་ཡི་ལྟེ་ཤོ་རྒྱལ་ལ་རྩེ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །ལག་ན་ལྕགས་ཕུར་སྲོད་དྲིལ་མ། །ནད་གཏོང་རིམས་ཀྱི་རྐྱེན་བདག་མོ། །མིང་ནས་བོས་ན་མི་གསན་ནམ། །དམ་ཚིག་བསྲུང་ན་མི་དགེས་སམ། །བདུད་ཀྱི་ཡུལ་དུ་དམག་འདྲེན་མ། །སྲིང་གཅིག་རེ་ཏི་དམ་ལ་འདུ། །དགྲ་བགེགས་མ་ལུས་རྡུལ་དུ་རློགས། །མ་རུང་ད་སྨྱོ། །མ་རུང་ད་སྨྱོ། དེ་ལྟར་བྱས་ན་གང་ལ་དམིགས་པ་༷མི་འགྲུབ་མི་སྲིད་དོ། །རེ་མ་ཏི་བྱང་ཤར་སྲིང་གཅིག་གི་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །།གབ་པོ། །གསང་ངོ་། །མི་སྤེལ་ལོ། །རང་སྒྲོལ་གྱི་གསང་སྔགས་དང་ཕྱག་རྒྱ་ལ། བསྒོམ་ཞིང་དབང་དུ་བསྡུ་བ་ནི། ཨོ་བཛྲ་ས་ཏྭ་ན་ད་ར་ཡ་རྦད། བྱིན་གྱིས་བརླབ་པའི་གསང་སྔགས་ལ། ཨོ༷་བཛྲ་དྷ་ར་རྦད། ག༷་ཤ༷་ད་ར་ཡ་རྦད། ཁྲག་ཏི་རྦད། ཁ༷་རིལ་རྦད། ཨོ༷་བཛྲ་མུག་ཐིག་ཐིག་རྦད། ཨོ༷་པུ་རསྒ་ཤ་ནི་ཐིམ། པུ་ཏི་ཙྭ་ན་ད་ར་ཐིམ། ཨོ༷་བཛྲ་སུན་རིལ་རྦད། པྲ་ཏི་བ་ར་སུ་ཙནྟྲ་རྦད། ཨོ༷་བཛྲ་ད་ར་ལྕིབ། ཨོ༷་བཛྲ་སྙིང་གོང་ཆོད། ཁ་ལ་ཟ་མུ་ལོ་དན་ཏི། ཡོ་ཏི་དན་ཏིང་དྷ་ར་ཡ་རྦད། དབང་པོ་ལྔ་ལ་དེ་སྐད་བརྗོད་ལ། སྒོ་བཞི་དབྱེ་བའི་ཕོ་ཉ་བཏང་སྟེ། ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྤྲིན་གྱི་སྙིང་པོ་དུ་རུ་ཀ །དབུ་སྟོང་འབུམ་ཕྲག་ཞབས་བརྒྱ་ལ༷། །ཕྱག་གཡས་རྒྱུ་དྲུག་ཙིསྟ་བསྣམས། །གཡོན་ན་རྡོ་རྗེ་སྣ་ཚོགས་བསྣམས། །མཆན་ཁུང་གཡས་ཀྱི་སྒོ་ཕྱེ་ལ། །ཙིསྟ་ཕྱུང་བའི་དུས་ལ་བབ། །དམར་འབྱིན་ཆེན་མོ་ད་ཚུར་སྤྱོན། །ཐར་ལམ་སྟོན་པའི་དུས་ལ་བབ། ཨོ་བཛྲ་ཁྲག་ཏི་ཏི་རྣ་ར་མ་རྦད། །ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ཆུ་ཡི་སྙིང་པོ་ན་ཚེ་མ། །ཆུ་སྲིན་འབར་བའི་ཁ་ནས་ནི། །འོད་ཟེར་མང་པོ་སྟོང་འཕྲོས་པས། །འོད་ཟེར་མང་པོའི་འཕྲོ་འདུ་ཡིས། །མཆན་ཁུང་གཡོན་གྱི་སྒོ་ཕྱེ་ལ། །ཙིཀྟ་ཕྱུང་བའི་དུས་ལ་བབ། །དམར་འབྱིན་ཆེན་མོ་ད་ཚུར་སྦྱོན། །ཐར་ལམ་སྟོན་པའི་དུས་ལ་བབ། །ཨོ་བཛྲ་ཙཀྲ་རུད་ར་རྦད། སྙིང་རྩ་ཆོད། ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ནག་མོ་མཁའ་ལ་དབང་ཕྱུག་འཕྱོ། །རི་རབ་ངོས་ལ་སྐུ་རྟེན་འཆའ། །རྒྱ་མཚོའི་གཏིང་དུ་རྐང་བརྐྱང་ནས། །ཕྱག་གིས་སྟོང་ཁམས་ཡོངས་སུ་ཉུལ། །ནུབ་ཕྱོགས་དབུགས་ཀྱི་སྒོ་ཕྱེ་ལ། །ཙིཏི་དབྱུང་བའི་དུས་ལ་བབ། །དམར་འབྱིན་ཆེན་མོ་ད་ཚུར་སྤྱོན། །ཐར་ལམ་སྟོན་པའི་དུས་ལ་བབ། །ཨོ༷་བཛྲ་ཀྱུ་ཧྭ་བྷ་ར་ཧྲི་ད་ཡ་བཛྲ་ཧྭ༷་ཕཊ། །བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །དབང་དྲག་རལ་པ་འཇོམས་མཛད་མ། །རལ་པ་མང་པོ་གཏིབས་འཕྲོས་པར། །རལ་པ་མང་པོའི་འཕྲོ་འདུ་ཡིས། །བྱང་ཕྱོགས་ལྕགས་ཀྱི་སྒོ་ཕྱེ་ལ།ཙིརྟི་དབྱུང་བའི་དུས་ལ་བབ། །དམར་འབྱིན་ཆེན་མོ་ད་ཚུར་སྤྱོན། །ཐར་ལམ་སྟོན་པའི་དུས་ལ་བབ། །བཛྲ་པ་རི་ཤུ་པ་རུ་ཀ་ར་ཁྲག་པ་ར་རྦད། ལག་པ་གཡས་ཀྱི་སོར་མོ་གསུམ་ལྕགས་ཀྱི་སྤྱང་མོ་མགོ་དགུ་གཅིག་ཏུ་བསམ་ལ། མཆན་ཁུང་གཡས་པའི་རྩིབ་མ་ཡར་གཉིས་མར་གཉིས་བར་དུ་བཙུགས་ལ་གདབ། ལག་པ་གཡོན་པའི་སོར་མོ་གསུམ་ལ་འཛིན་པའི་ལྕགས་ཀྱུར་བསམ་ལ། མཆན་ཁུང་གཡོན་མའི་འོག་ཏུ་བཙུགས་ལ།སྔགས་གདབ། ལྗགས་ཀྱི་སྟེང་ནས་རྡོ་རྗེ་ལྕགས་ཀྱུ་གྲངས་མེད་པ་ཞིག་འཕྲོས་པས་ཕུང་པོ་བསྒྱེལ་བའི་ཕོ་ཉར་གྱུར་ཏེ། ལྗགས་ཀྱི་སྟེང་དུ་དགྲ་བོའི་ཙིཏི་དམར་པོ་སུལ་གསུམ་དྲང་ངོ་། །དེའི་འཕྲོས་པས། ཧ་དམར་པོ་གཅིག་ཏུ་གྱུར་ཏེ། ཡེ་ཤེས་ཀྱི་གཞལ་ཡས་ཁང་ལས། བྷ་གའི་དཀྱིལ་དུ་ཙིརྟི་ཟུར་གསུམ་དྲང་བར་བསམ་མོ། །དུར་ཁྲོད་ཀྱི་སྒོ་བཞི་པྱེ་བས། དབང་པོ་ལྔ་དབྱུང་བའི་སྔགས་ནི། བཛྲ་ཀ་མྲ གློ་བ་མ་ལྔ་བུ་ལྔ་གྲོལ།སྙིང་ཁ་ཁྲག་རྦད། ཆུ༷་ཐུ༷་རི་ལི་ལི། འབྲུ་སི་ཏི་ས་མརྫི་ཆོད། དར་དབྱུགས་དར་ཁུམས་ད་ར་ཆོད། སྣང་སྲིད་རང་གྲོལ་གྱི་ལེའུ་སྟེ་བརྒྱ་གསུམ་པའོ།། །།མ་མོ་སྨྱོ། རུ་ལུ་རུ་ལུ། སྙིང་ཁ་རག མ་རག་ཤ རསྒ་རག་མོ། སྙིང་ཁྲག་མ་ཐུན་ཐུན། ་ག་རག་ཤ མ་སྙིང་ཏ་ཀེ མ་མ་སྨྱོ། རུ་ལུ་རུ་ལུ་སྨྱོ་སྨྱོ། སྙིང་ཁ་རག ས་མ་ཡ་ད༷་ད༷། ཛ་ཛ། ཀྲོ་མ་ཙ་ལ། ཀྲོ་མ་ཙ་ལ། དགྲ་བོའི་དྲི་ནཱ་ར་ཡ་ཛ། མ་མོ་ནི་སྙིང་རྩ་ལ་ཐུན་ཐུན།སྙིང་ཁྲག་མ་ཐུན་ཤ་ཏི་ཏ༷་མ་མ་སྙིང་ལ་ལྭ་ལྭ་སྨྱོ། མ་མ་ཤ་ཤ མ་མ་ཧྲིང་ཧྲིང་། སྭ་ནཱ་ཡུ། སྭ་མྱ་ཡུ། དགྲ་བོ་དྲི་བཱ་ར་ཡ་སོད་སོད། མ་ཙིསྟ་ལ་ཛ་ལ་ར༷། སྙིང་ལ་ཙིསྟ་མ་རིལ། ཆུ༷་ཐུ༷་རིལ་སྨྱོ། རག་མོ་སྙིང་རྩ་ལ་སྨྱོ། རག་མོ་རག་མ། རུ་རུ་རོ་དུ་ཙ་པ་ལ། དགྲ་བོའི་སྙིང་ཁ་རག་མ་སྨྱོ། ཙ་པ་ཙ་པ་མ་སྨྱོ། ཁྲག་ལ་མུ་ཤ་མ་སྨྱོ། རུ་སྙིང་ཁྲག ཁ་ལ་རག་ཤ་ནི་བོད། ཐུ༷་རི་ལི་ལི་རྦད། སྙིང་ལ་རག་ཤ་ན། ཤ་ཏི་ཏ་རྦད། ཐུ༷་རི་ལི་ལི། ནི་ཤང་ཀུ་རུ་རསྒ་ཏ་ཁ་ར༷། ཀུ་ནི་ཀུ་རུ་ཁ་ར༷། སྒག་རག་ཤ་མུ་ཏྲ། སྙིང་ཁ་རག་མ་སྤྱོ། ལི་པ་ཏི་ནན་ཡུང་ཏི་མ་ནན། ཤལ་མ་ཏི་ནན། ཁུངས་བུ་ནི། ཨ་མ་ཏི་ནན། རཀྟ་ཙ་དྲ་མ་ནི་ཧུ༷། རཏྣ་ཙཀྲ་ཡ་ནི་ཧུ༷། ཀརྨ་ཙ་ན་ཧུ༷། ཧུ༷་ཧུ༷་ཧུ༷་ཧུ༷།མྱ་མྱ་མུ་སྨྱུ། ལི་ལི་ལི་ལི། དྲུང་དྲུང་། རུང་རུང་། སྨྱོ་སྨྱོ། སྨྱོ་སྨྱོ། དིསྟ་ཙཀྲ་ནི་ཧུ༷། བ༷་ནིརྟི། བ་ཡ་དིསྟ་ཙཀྲ་ནི་ཧུ༷། ར་བ་ཏ་ས་ཏ་ནི་བྱི་ལེ་ན། ཁ་ཁྱུད་ཆོ། པྲ་ཕུད་སེ་ནེ་ཚོ། ལྟི་མ་ཐུ་སེ་ནེ་ཚོ། མ་མ་ལི་ཐུང་ཁུ་་ཚོ། ཤ་བ་རི་ནི་རུ་ཆོད། ཤ་བ་རི་ནི་རུ་ཆོད་ན༷་སུ་ཏི་ནི་སྨྱོ། སྙིང་ཁ་རཀ་སྨྱོ། སུ་ཏི་ཁ་རཀ་སྨྱོ། སྙིང་ཁ་རཀ་སྨྱོ། མ་མོ་སྟོང་རྩ་བརྒྱད་ཀྱི་སྤྱིར་བསྒྲུབ་པའི་ལེའུ་སྟེ་བརྒྱ་བཞི་པའོ།། །།དཔལ་རི་རབ་ཕྱི་བ༷་ནིརྟི་ཧུ༷། ལ༷་ནི་རྟ་ཡ་ཧུ༷། ཙིསྟ་ནི་རྟ་ཡ་ཧུ༷། མ་ཤུན་ནི་རྟ་ཡི་ཧུ༷། ལིང་གས་ཏིང་སང་། རུ་པ་སི་ཏི་ཏི་སང་། ཤན་ཏིང་བ་ར་སད། ས་སྙིགས་ཏི་སང་ར་ཤ་ཏིང་ནི་རུབ། མུ་ར༷། ས་ཏི་རུབ། ཉག་ཏི་མ་ཤ་ལྗོ་མ་ཏིས་ཤ༷། མྱོས་ཏི་བཱ་ར༷། ཁ་ར༷་ཏི་ར༷། རོ་ཏི་མ་ཤ༷ ཤི་ལི་གི་ཧུ༷། མ་ལིང་གི་ནི་ཧུ༷། ཁ་ར་གྭ་ནི་ཧུ༷། ཤ་ཀ་ནི་ཧུ༷། སྲ་བ་གིར་ནི་ཧུ༷། ཙིསྟ་གྭ་ནི་ ཧུ༷། ཡ༷་ཡ༷་ཡ༷་ཡ༷། ཡ༷་ཡ༷་གི་ན་ལུ༷་པོ་རི་ཏི་ཡ༷། ས་རོག་མ་ཏི་ཡ༷། བྱི་ལི་མ༷་ཡ༷། ཀྲ་ཀྲི་མ༷་ཡ༷། ཁ་དུབ་ཏི་ཡ༷།གུང་གུང་། གུང་གུང་། མ་གུང་མ་གུང་། མ་གུང་མ་གུང་། སྣ་རོ་ག་སྲ་ཏི་ར༷། ཤ་རོག་སྲ་ཏི་ར༷། དམུག་ཡོ་ས་མ་རྭ༷། ལེ་བ་ཏེ་མ་ར༷། ཤིང་ཁ་རུབ་ཏི་ར༷། ཤ་ཁ་ལ་ར༷། སྤྱི་ཟླུ༷་པ་ར༷། གྲི་ཐོག་མ་ར༷། ལ༷་ལ༷། ལ༷་ལ༷། བ༷་བ༷བ༷་བ༷ ཛ་མ་རེ་མ་ར༷། སྨ༷་ནི་རྟ་རིན་ཡ་བ༷་བ༷། གང་ཤུ་ཏི། བ༷་བ༷༷། སྲུ༷་ཛ་ཏི་བ༷་བ༷། ཀྲོ་ཏ་ཛ་ཏི་བ༷་བ༷། གྲི་ན་བ་ཏི། བ༷་བ༷། རུལ་རུལ། རུལ་རུལ། ཧུ༷་ཧུ༷། ཧུ༷་ཧུ༷། སྨྱོ་སྨྱོ། སྦྱོ་སྨྱོ། གིང་ན་ཏི་བ༷། ཛ་ལ་ནི་བ༷་ཀུར་བ་ནི་བ༷།མ་གུར་བ་ནི་བ༷། ཕྱི་ཙྭ་རལ་ཏི་བ༷་བ༷། གྲ་གྲི་ལི་ལི། རུང་རུང་ཨོ།་བ་ཡུ་ས་ལ་ཡེ་མ། ཏ་ཏེ་ད་ཉ་ར་ར༷་ར༷། ཤང་ལ་ལ་ར༷་ར༷། མ་ཀུ་མ་མན་མ་དྲི་ལན། མ་ལ་ཀུ་ནན། བྱི་སྒེམ་མོ་རོ་ཁ༷། ཀས་ན་ཀེས་མ། ཤི་མ་ལ་ཀྟ་ཏྭ།སྨྱོ་སྨྱོ་སྨྱོ་སྨྱོ། སྙིང་ཁྲག་ཚལ༷་པ། སྙིང་ཁྲག་ཚལ་པ། ཀང་ཀ་སྨྱོ། ལི་བ་ཏི་སྨྱོ། མ་ནི་སྨྱོ། སིང་ཁ་རོ་སྨྱོ། སྒ་རོག་མ་སྨྱོ། ཕྱག་གཡོས་མ་སྨྱོ། ཤརྙིང་མ་སྨྱོ། གྲུབ་ཏིང་མ་སྨྱོ། སྲུ༷་ཏིང་བ༷་བ༷། དུརྙི་དབུགས་འཕྲོག་མ་སྨྱོ། ་་་ན་མ་སྣ་བ༷་བ༷་སྨྱོ། ཡོ་་ཏུ་ཧུ༷་ཙ་ར་ཕཊ་དུ། སྐྱེ་འགྲོ་ཀུན་ལ་མངའ་མཛད་མ། དུང་དུང་མ་མོ་དུང་། སྔགས་འདི་འཛབ་ཏུ་བཟླས་སོ། །མ་མོ་བསད་པ་དུག་སྔགས་ཀྱི་ལེའུ་སྟེ་བརྒྱ་ལྔ་པའོ།། །།མཚན་གྱི་རྣམ་གྲངས་བསྟན་པ་ནི། །ཐམས་ཅད་སྒྲོལ་བས་ན་སྒྲོལ་བའི་ལེའུ་ཞེས་བྱ། ཐོད་པའི་ལས་ཀྱིས་ཐམས་ཅད་གསོད་པས་ན་སྒྲུབ་པའི་ཐོད་མདའ་ཞེས་བྱ། མ་མོ་ཐམས་ཅད་ཀྱིས་ལས་ཐམས་ཅད་ཁྲག་གིས་བྱེད་པས་མ་མོའི་ཁྲག་མདའ་ཞེས་ཀྱང་བྱ། དུག་དང་ཁྲག་ཏུ་བསྲེས་ནས་ལས་བྱེད་པས་ཁྲག་ཟོར་ནག་པོ་ཞེས་ཀྱང་བྱ། མ་མོ་སྟོང་རྩ་བརྒྱད་འབུམ་དུ་སྤྲུལ་ནས་ལས་ལ་གཏོང་བས་རྦད་པའི་ཕོ་ཉ་ཞེས་ཀྱང་བྱ། སྔགས་ཀྱིས་ལས་ཐམས་ཅད་བྱེད་པས་གསོད་པའི་ངན་སྔགས་ཞེས་ཀྱང་བྱ། ཆོས་ཉིད་ལས་མ་གཡོས་པས་གསང་བའི་ཐིག་ལེ་ནག་པོ་ཞེས་ཀྱང་བྱ། མ་མོ་རྣམས་ཀྱི་སྲོག་འཛིན་པས་ན་མ་མོ་རྣམས་ཀྱི་སྲོག་ཅེས་ཀྱང་བྱ། མ་མོ་རྣམས་ཀྱི་ཐབས་རྫོགས་པར་སྟོན་པས་ན་མ་མོ་འབུམ་གྱི་ཏི་མ་ཞེས་ཀྱང་བྱའོ། །མ་མོ་འབུམ་གྱི་ལས་ཐམས་ཅད་ཀྱི་མཚན་བསྟན་པའི་ལེའུ་སྟེ་བརྒྱ་དྲུག་པའོ།། །།མ་མོ་སྟོང་རྩ་བརྒྱད་ཀྱི་སྲོག་གི་སྙིང་པོ་བསྟན་པ་ནི། མ་མོ་སྙིང་ཁ་རག་སྙིང་ཁ་རག་སྙིང་ཁ་རག་ཤམ་རག་ཤ །རག་མོ་འབུམ་སྙིང་ཁྲག་མ་དུན་དུན། སྒག་རག་ཤ་མ་སྙིང་ཏེ་ཀེ མ་མ་རུ་ལུ་རུ་ལུ་སྨྱོ་སྨྱོ། སྙིང་ཁ་རག་ས་མ་ཡ། ད༷་ད༷་ཛ་ཛ། མ་མོ་སྟོང་རྩ་བརྒྱད་རྦད་པའི་སྔགས་བསྟན་པ་ནི། མ་མོ་ནི་སྙིང་ཙིརྟི་ཐུན་ཐུན། སྙིང་ཁྲག་མ་ཐུན། ཤ་ཏ་ས་མ་སྙིང་ལ་ཡ་ཡ་མ་སྨྱོ། མ་མོ་སྟོང་རྩ་བརྒྱད་ཀྱི་བསད་པའི་སྔགས་ནི། མ་མོ་ཤག་མ་མ་ཧྲེང་ཧྲིང་། མ་མ་ས་མ་ཡ། དགྲ་བོ་ནི་མ་ར་ན་སོད། མ་ཙ་ཏ་ཛ་ལ་ར༷། སྙིང་ལ་ཙིསྟ་མ་རོལ། ཐུ༷་ཐུ༷་རིལ་ལ་སྨྱོ། མ་མོ་ལས་མྱུར་དུ་མཛོད་ཅིག མཇུག་ལ་བསྐུལ་བའི་ཚིག་དེ་བར་བར་དུ་བཏང་། སྔགས་ཀྱི་ཚིག་གསུམ་གྱིས་ཐམས་ཅད་འགྲུབ་པར་བྱེད་པ་གསང་བའི་ཡང་ཐིག་ཐུགས་ཀྱི་བརྣག་པའོ། །མ་མོ་སྟོང་རྩ་བརྒྱད་ཀྱི་བསྡུས་པའི་ངན་སྔགས་བསྟན་པའི་ལེའུ་སྟེ་བརྒྱ་བདུན་པའོ།། །།དེ་གསུམ་གཅིག་ཏུ་དྲིལ་ནས་བཟླས་པའི་ཐབས་བསྟན་པ་ནི། དུས་ནམ་ཡང་རུང་སྟེ་གསུམ་གཅིག་ཏུ་འབྲེལ་ནས་ཟུར་མ་ཆག་པར་གྲངས་མང་དུ་བཟླས་ཏེ། ཡུངས་ཀར་ལ་བསྔགས་ཤིང་ཁྲག་གི་ནང་དུ་གདབ་བོ། །རྒྱུན་མི་འཆད་པར་བྱའོ། གང་ལ་བྱ་བ་ལ་བརྡེག་པའི་དུས་སུ་མཇུག་ལ་གདགས་པའི་སྔགས་བསྟན་པ་ནི། དགྲ་བོའི་ཡུལ་མཁར་དང་དུར་མཆད་དང་དགྲ་ཕས་འོང་བའི་མདུན་དུ་བརྡེག་པ་དང་། དེ་གསུམ་གྱི་སྔགས་འདྲ་སྟེ། དགྲ་བོ་ཀླད་པ་ལ་ཡ། སྙིང་ལ་ཡ། དབང་པོ་ལ་ཡ། མ་མ་སྙིང་ཟན་མ་སྨྱོ། ཁ་འདར་ཁ་འདར་སྨྱོ། བྱ་བ་འདིས་སྔགས་གོང་མ་གསུམ་གྱི་མཇུག་ལ་གདགས་ཏེ། ཁྲག་དང་ཡུངས་ཀར་བསྲེས་པ་དེ་གཏོར་ཞིང་གཡབ་མོས་གཡབ་བོ། །ཀླུ་ཁ་བརྡེག་ན། ནཱ་ག་ནཱ་ག་ཤིག་དུ༷་པ་ཧུ་ཡ་ཤིག ནཱ་ག་ས། ནཱ་ག་ལས་མྱུར་དུ་གྱིས་ཤིག བྱ་བ་མཇུག་ལ་བཏགས་ལ་བརྡེག་གོ །བཙན་ལ་བརྡེག་ན། བཙན་སྟེམ་དམུ་སྟེམ། སྨན་ཀྲི་མ་རག་ཤ ཛ་ལ་ཆོམ་ཏྲི་མ་ཛ། བཙན་གྱིས་ལས་མྱུར་དུ་གྱིས་ཤིག་བྱ་བ་མཇུག་ལ་བཏགས་ཏེ་བརྡེག་གོ །གནོད་པའི་འདྲེ་ལ་བརྡེག་ན། ཀྲི་ལིང་ཤ་ཁྱུང་ཁྱུང་ཏྲི་ཙ་པ་ལ་ཤིག་ཁྱུང་ཁྲི་ཚོ་མམ། དུར་ཁྲི་ཀམ་མ་ལས་དྲག་ཏུ་མཛོད་ཅིག །བྱ་བ་འདིས་མཇུག་ལ་བཏགས་ཏེ་བརྡེག་གོ །ངན་སྔགས་བཟླས་པའི་ཐབས་དང་གཟེར་སྔགས་བསྟན་པའི་ལེའུ་སྟེ་བརྒྱ་བརྒྱད་པའོ།། །།བསྒྲུབ་པའི་དུས་བསྟན་པ་ནི། བཅུ་བཞི་བཅོ་ལྔ་ཉ་གསུམ་ལ་བསྒྲུབ་བོ། ཚེས་བརྒྱད་དང་ཉི་ཤུ་གཉིས་དང་། གནམ་སྟོང་ལ་བསྒྲུབ་བོ། །བརྡེག་པའི་དུས་བསྟན་པ་ནི། ཉ་གསུམ་ལ་བསྒྲུབ་ལ་བཅུ་བདུན་གྱི་ནངས་པར་ཉི་མ་ཕྱེད་ནས་བརྡེག །གནམ་སྟོང་ཚེས་བརྒྱད་ཉི་ཤུ་གཉིས་ལ་བསྒྲུབ་ལ་པྱེ་དེ་ནུབ་མོ་བརྡེག་པར་བྱའོ། །བརྡེག་པའི་དུས་བསྟན་པའི་ལེའུ་སྟེ་བརྒྱ་དགུ་པའོ།། །།བསྒྲུབ་པའི་གནས་བསྟན་པ་ནི། དབེན་པའི་དུར་ཁྲོད་དམ། ས་ཕུག་གམ། རི་བྲག་ཉམ་ང་བའི་བྲག་ཕུག་གམ་ཆུ་གླིང་དང་ནགས་ཚལ་སྟུག་པོའི་གནས་སུ་བསྒྲུབ་པར་བྱའོ། །བསྙེན་པ་བྱ་བ་ནི་རྣལ་འབྱོར་པ་རང་ཉམས་གར་བདེ་བའི་གནས་སུ་བྱའོ། །བརྡེག་པའི་གནས་ནི་ཀླུ་ཡོད་པའི་ཆུ་མིག་ཏུ་བརྡེག་པ་དང་། བཙན་གནས་པའི་རྟེན་ལ་བརྡེག་པ་དང་། དགྲ་བོའི་དུར་མཆད་ལ་བརྡེག་པ་དང་། གྲོང་ཁྱེར་སྤྱིར་བརྡེག་པ་དང་། དགྲ་གང་ཡིན་པའི་ཁྱིམ་ལ་བརྡེག་པ་དང་། ཡུལ་གྱི་ཕྱོགས་སུ་བརྡེག་པ་དང་། གནོད་ནས་ཆགས་པའི་འདྲེ་ཆེན་པོ་ལ་བརྡེག་པ་དང་། དགྲ་ཕས་འོང་བའི་མདུན་དུ་བརྡེག་པའོ། །གནས་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་པའོ།། །།བརྡེག་པའི་ཐབས་བསྟན་པ་ནི། གང་ལ་བརྡེག་པའི་གནས་སུ་རྒྱ་བཀྲོལ་ལ། མི་ཤི་བའི་ལག་པ་གཡས་པར་བླུག་ལ་གཏོར་རོ། །གདུག་པའི་སྔགས་བཟླས་མིའི་གཡང་གཞིའམ། ཁྱི་ནག་པོའི་གཡང་གཞི་གང་ཡོད་པས་གཡབ་ཅིང་བརྡེག་གོ །གྲོང་ཡུལ་རང་ས་ལ་གཏོར་ན་ཕྱིན་ཕྱོགས་སུ་བསྐོར་ཞིང་ཁྲག་གཏོར་གཡབ་མོ་ནག་པོས་བརྡེབ་བོ། །དུར་མཆད་ལ་བརྡེག་ན་གོང་མའི་སྟེང་དུ་བུད་མེད་ཀྱི་ཞབས་མ་རྙིང་པས་བརྡེག ལྷུམ་གྱི་འབོག་དང་གསུར་ཆེན་དང་གུ་གུལ་སྦྱར་བའི་དུད་པ་གཏང་། ཀླུ་ལ་བརྡེག་ན། ཁྲག་དང་གུ་གུལ་དངཚིལཆེནགྱིདུདཔབཏང་ན། དགྲ་དང་ཀླུ་ནད་དང་ཐོག་སེར་མྱུར་དུ་འོང་ངོ་། །བཙན་ལ་བརྡེག་ན་ཁྲག་དང་གུ་གུལ་དང་རྟ་བོངགིཚིལཆེནབསྲེགསཔའི་དུད་པ་བཏང་ན། བཙན་སེར་དང་ཐོག་མྱུར་དུ་འོང་ངོ་། །དམུ་ལ་བརྡེག་ན་ཁྲག་གི་སྟེང་དུ་ར་ཐུག་ལུག་ཐུག་གི་སྐྲུའི་གཞོབ་བཏང་ན། དམུ་སེར་དང་ཐོག་མྱུར་དུ་ཡོང་ངོ་། །སྨན་ལ་བརྡེག་ན་ཁྲག་གི་སྟེང་དུ་གུ་གུལ་དང་ཚིལ་ཆེན་དང་རྒྱ་ཚིལ་བསྲེགས་ཏེ་དུད་པ་བཏང་ན། སྨན་སེར་དང་ཐོག་མྱུར་དུ་ཡོང་ངོ་། །ཡུལ་གྱི་ལྷ་ལ་བརྡེག་ན་ཁྲག་དང་ར་ཐུག་གི་རྨད་ཁའི་དྲི་མ་དང་རྭ་གཉིས་བསྲེས་པའི་དུད་པར་བདུག་ན་སེར་བ་དང་ཐོག་འོང་ངོ་། །གནོད་པའི་འདྲེ་ལ་བརྡེག་ན། ཁྲག་དང་གུ་གུལ་གྱི་དུད་པ་བཏང་ནས་འདྲེ་དང་བྲལ་ནས་འགྲོའོ། །དགྲ་ཕས་འོང་བའི་གདོང་དུ་ཁྲག་བརྒྱབ་ན་མོད་ལ་རྟགས་འོང་ངོ་། །སྔགས་ཟུར་ཆག་ཏུ་མི་རུང་། དེ་ནས་སླར་ལོག་ནས་གཏོར་མ་ཀུན་ཁ་གཅིག་ཏུ་བསྲེས་ལ་ཕྲིན་ལས་བཅོལ། བྱང་ཤར་གྱི་མཚམས་སུ་མ་མོ་འབུམ་ལ་བསྔོས་ལ་བཏང་ངོ་། །དེ་ནས་ལས་ཀྱི་རྗེས་མི་མངོན་པར་བྱ། རྫས་རྣམས་ཀྱང་མིས་མི་མཐོང་བར་སྦའོ། །བརྡེག་པའི་ཐབས་ཀྱི་ལེའུ་སྟེ་བརྒྱ་བཅུ་གཅིག་པའོ།། །།རྒྱུན་གྱི་ཏིང་འཛིན་བསྟན་པ་ནི། རུ་དོང་ཁ་དམ་པོའམ་སྨྱུག་དོང་དམ་པོའམ། ཤིང་དོང་ཁ་དམ་པོའི་ནང་དུ་གོང་དུ་བླུགས་པའི་རྫས་དེ་རྣམས་བཙལ་ལ། ལུས་ལ་ཡུངས་ཀར་གྱི་སྒྱེའུ་བཏགས་ལ། ཁྱིམ་ན་འདུག་ཀྱང་རུང་འགྲོ་ཡང་རུང་། ཁོམ་དལ་གྱིས་སྔགས་ཟུར་མ་ཆག་པར་ཡུངས་ཀར་ལ་བསྔགས་ལ་ཁྲག་ཏུ་བླུགས་སོ། །ཡུལ་དུ་འདུག་ན་མིས་མི་མཐོང་བར་སྦའོ། །བྱེས་སུ་འགྲོ་ན་ལུས་ལ་བཅང་། དགྲ་བྱུང་ན་སྔོན་དུ་གཏོར། ནུབ་མོ་ཁྱིམ་དང་གྲོང་ཡུལ་དུ་གཏོར་ན་རྟགས་མོད་ལ་འོང་ངོ་། །རྒྱུན་གྱི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་གཉིས་པའོ།། །།བསྐང་བའི་ཆོ་ག་བསྟན་པ་ནི། མདོས་ཆེན་པོ་བཤམས་ལ། ཤ་སྣ་མང་པོ་དང་། བྱ་སྐྲུའི་རྣམ་གྲངས་དང་། གཅན་གཟན་སྣ་ཚོགས་ཀྱི་སྐྲུ་དང་། དར་སྣ་ཚོགས་པས་བརྒྱན་ལ། བྷན་དྷ་གླིང་བཞི་པའི་ནང་དུ་མཐུན་པའི་རྫས་རྣམས་སྩལ་པ། གླིང་གི་ཕྱོགས་བཞིར་བཞག་གོ །དེ་ནས་ཕྲིན་ལས་གཞུང་བསྲངས་ལ། འཛབ་ཤས་གཅིག་བྱས་ལ་བསྐང་བའི་ཆོ་ག་བྱའོ། །གསང་བའི་ཆོ་ག་ནི་སྙིང་པོ་བཞི་གང་ཡིན་པའི་གནས་བཞི་རུ་བཏགས་ལ། དེ་ལས་མ་མོ་བཞིའི་གཞལ་ཡས་ཁང་དུ་བསྐྱེད་དོ། །དེའི་ནང་དུ་མ་མོ་བཞིས་གཙོ་མོ་བྱས་ནས། མ་མོ་འབུམ་གནས་པར་བྱ་ལ། དེའི་ཚེ་སྲོག་བྱིན་གྱིས་བརླབ་པར་བྱས་ཤིང་གསོ་བའི་ལས་བྱའོ། །གསོ་བའི་ལས་གཅིག་ནི་ཆེ་མཆོག་ཧེ་རུ་ཀ་ཡབ་ཀྱི་མཁའ་ཀློང་དུ་ཧེ་རུ་ཀ་རང་བྱུང་གནས་པར་བསྟན་ལ། དེ་ལ་དབང་མ་མོ་རྣམས་ཀྱིས་བཀུར་ལ། འཇིག་རྟེན་གྱི་ཁམས་སུ་འདུ་བའི་ཞིང་ཁམས་སུ་ལས་ལ་གཏོང་ངོ་། །བསྐང་བའི་ལེའུ་སྟེ་བརྒྱ་བཅུ་གསུམ་པའོ།། །།ལས་ཀྱི་བརྣག་པ་མ་མོའི་སྙིང་ཟོར་བྱ་ན། རབས་ཆད་ཀྱི་ཐོད་པའི་ནང་དུ་ནས་སྔོན་མོའི་ངར་ཕྱེ་དང་། ཕ་བོང་གི་དྲེག་པ་ནག་པོ་དང་།ཏིལ་ནག་པོ་དང་། སྐེ་ཚེ་དང་། དེ་རྣམས་ར་ཁྲག་གིས་སྦྲུས་ལ་གཏོར་མར་བྱ། དེ་ལ་ཆང་ཕུད་ཀྱིས་ཀྱང་བྲན་ནོ། །ཞིང་རས་ལ་དགྲ་བོ་གང་ཡིན་པའི་གཟུགས་བྱས་ཏེ། སྙིང་གར་ར་ཁྲག་གིས་མིང་བྲིས་ཏེ། དེ་དྲིལ་ནས་མགོ་ཐུར་དུ་བསྟན་ཏེ། སྙིང་གསར་པའི་ནང་དུ་བཅུག་ལ། སྙིང་གི་ཁ་ངར་ཟན་གྱིས་བཅད་དེ་གཏོར་མའི་ནང་དུ་གཞུག་གོ །མདུན་དུ་དོང་གྲུ་གསུམ་པ་ཕྱག་གང་བ་གཅིག་པོ་བརྐས་ལ། དེའི་ནང་དོང་ཁའི་ཐོ་ཕྱི་ཀུན་མི་རོ་བསྲེགས་པའི་སོལ་བས་བྱུག་སྟེ། དེའི་ནང་དུ་གཏོར་མ་བཅུག་སྟེ། རྣལ་འབྱོར་པ་ཁ་བྱང་ཕྱོགས་སུ་བལྟས་ནས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་དུ་ཞུགས་ལ་ཆེ་བའི་ང་རྒྱལ་བསྐྱེད་དེ། ས་མ་ཡ་དུ་ཡ་དུ་ཞེས་བྱ་སྟེ་མ་མོ་འབུམ་ལས་ལ་གཞུག་པའི་སྙིང་པོ་འདི་སྟོང་རྩ་བརྒྱད་དུ་ཟུར་མ་ཆག་པར་བཟུང་ཤིང་། མི་ཁྲག་ཁྱི་ཁྲག་ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ། དུག་ཀྱི་ལྕེ་བ་ནག་པོ་དང་རེ་ལྕག་པའི་རྩ་བ་དང་། ཆང་ཕུད་དང་ཁ་ཆང་གི་ཆུ་དང་བསྲེས་ཏེ། སྙིང་པོ་ཐོག་ལག་ཏུ་ཐོགས་ནས་མར་སམ་སྒྲོལ་སྔགས་བཟླས་ཤིང་། ལན་གསུམ་བླུགས་སོ། །སྙིང་པོ་འདི་བརྗོད་དོ། མ་མ་ས་ཡ་དུ་ཁ་ཤ་ས༷་་ག་རག་ཤ་མ་སྨྱོ། སྙིང་སྙིང་། ཁྲག་ཁྲག །ཏི་ཐུན་ཐུན་མ་ཐུན་ཛ་བུན། སྨྱོ་སྨྱོ་མ་མ་ཡ་ཡ། ནི་ན་ཁུག་ད༷་ཛ་ཛ་ཞེས་བརྒྱ་རྩ་བརྒྱད་ཐིམ་པ་དང་། རང་གིས་མ་ཉེས་པའི་དཔང་གཟུགས་དོང་གི་ཁ་གཡམ་པས་བཅད་ལ་དེའི་སྟེང་དུ་གདན་བཏིང་ལ་བདག་ཉིད་འདུག་ལ་སྨྱུག་མ་མཐོ་གང་བ་བཞི་ལ་ཞིང་ལྤགས་ཀྱི་སྒྲོས་བསྒྲོན་ལ། སྐྱེར་པའི་མདེའུ་སོར་གསུམ་པ་བཙུགས་ཏེ། ལྟོང་གི་བུ་ག་ནས་མར་ཉུང་ནག་ལ། སྒྲོལ་གིང་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་སྟེ་བླུགས་ནས་སྨྱུག་མའི་ནང་ཁེངས་པ་དང་ཁ་ངར་ཟན་གྱིས་བཅད་ལ། སྐྱེར་པའི་གཞུ་བྱས་ཏེ་གཏོར་མའི་ནང་ན་མོའི་སྙིང་ལ་ཁ་བྱང་ཕྱོགས་སུ་བལྟས་ལ། ཕྱོགས་བཞིར་མདའ་རེ་རེ་བརྡེག་གོ །རྟགས་ཞག་བཅོ་ལྔ་ན་འོང་ངོ་། །དུས་ནི་ཉ་གསུམ་ལ་བྱའོ། །བསྟན་པ་འཇིག་པ་ལ་བྱ་ཕྲན་ཚེགས་ལ་མི་བྱའོ། །སྔགས་ནི་ཡུངས་ནག་ལ་འདི་བཟླས་སོ། །མ་ཏི་རཀློ་ཐུན་སྲོག་ལ་དུན་དུན་མ་མ་སྲོག་ཤ་སྙིང་ཤ་ཟ་མ་དུན་ཡ་ཞེས་བཟླས་སོ། །དེ་ནས་མདའ་ཕྱུང་ལ་གཏོར་མའི་ནང་དུ་སྙིང་དང་གཟུགས་དུམ་བུར་ག་ས་ལ་ཕྱོགས་ཀྱི་ལམ་དུ་གཏོང་ངོ་། །མིས་མ་ཚོར་བར་བྱ། ཞག་བཅོ་ལྔ་ནས་རྟགས་འོང་ངོ་། །དུས་ནི་ཉ་གསུམ་ལ་བྱའོ། །བསྟན་པ་འཛིན་པ་ལ་བྱ་ཡི་ཕྲན་ཚེགས་ལ་མི་བྱའོ། །མ་མོ་སྙིང་ཟོར་གྱི་ལེའུ་སྟེ་བརྒྱ་བཅུ་བཞི་པའོ།། །།དགྲ་བོ་བདུད་ཐམས་ཅད་ལ་གཏད་ན་གནས་དབེན་པར་སོང་ལ་ཁམ་ཕོར་གྱི་ནང་དུ་ནས་ནག་སྲན་མ་གྲོ་ཏིལ་དེ་རྣམས་བཏགས་པའི་གཏོར་མ་བྱས་ལ། ནང་དུ་རིན་པོ་ཆེ་སྣ་བདུན་དང་། ལུག་གི་ཤ་རྗེ་ངར་ག་ས་པ་བླུགས་ལ་གཏོར་མ་བྱ། ཕྱི་ནང་གསང་བའི་སྟེང་དུ་བཞག །ངར་ཟན་ལ་གླུད་སོར་བཅུ་གཉིས་པ་གཅིག་བྱས་ལ། ཁ་སྣ་དང་གཟུགས་ལེགས་པར་བྱས་ལ། ཞིང་ལྤགས་ལ་གང་ཡིན་པའི་མིང་རུས་བྲིས་ཏེ། དེའི་སྙིང་གར་གཞུག དེ་གཏོར་མའི་ནང་དུ་གཞག་གོ །གྲ་ཕྱིང་གི་སྟེང་དུ་དར་མཐིང་ནག་གི་གུར་དབུབ། དེའི་ནང་དུ་གཏོར་མ་གཞུག་བདག་ཉིད་དཔལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་ཞུགས་ལ་ཆེ་བའི་ང་རྒྱལ་བསྐྱེད་དེ་བདུད་ཐམས་ཅད་ལ་གཏད་པའི་སྙིང་པོ་འདི་ཟུར་མ་ཆག་པར་སྟོང་རྩ་བརྒྱད་ཐེམ་པར་བཟླས་སོ། །བདུད་ཏྲི་ནི་ར་ཟུང་། མ་ཏི་ནི་ཟུང་། ཏྲི་ཙ་པ་ལ་ནི་ར་ཟུང་། ཆུམས་ཤིག་ཡམ་ནི་ར་ཟུང་། ཐུན་ཏྲི་པ་ཧྲིང་དུན་ཏྲི། མ་མ་ཏྲི། དུན་ཛ། མ་ར་ཛ་ཛ། ཡ་ཡ་ཏིང་ཏིང་ཞེས་བཟླས་སོ། །དེ་ནས་སྙིང་པོ་ཐེམ་པ་དང་།གཏོར་མ་དང་གླུད་གཉིས་ཀ་བུད་མེད་ཡུགས་ས་མའི་ཞབས་མ་རྙིང་པར་བཏུམས་ལ། ཆུར་བསྐུར་ན་ཆུར་འཆི། གྲོག་པོ་མགོ་རྡུམ་དུ་སྦས་ན་ལུང་པ་སབ་སུབ་ཏུ་འཆི། བྲག་ཆེན་པོའི་སར་སྦས་ན་རི་བྲག་དང་གཡང་སར་འཆི། རེ་རུལ་འདྲེ་ཅན་དུ་སྦས་ན་གྲོང་ཟང་ཟིང་གི་ནང་དུ་འཆི། ལམ་པོ་ཆེའི་བཞི་མདོར་སྦས་ན་མི་མང་པོ་འདུ་བའི་སར་འཆི་བར་འགྱུར་རོ། །དགྲ་བོ་བདུད་ལ་གཏད་པའི་ལེའུ་སྟེ་བརྒྱ་བཅོ་ལྔ་པའོ།། །།ཟླ་བ་ཉ་གསུམ་ལ་གནས་དབེན་པར་སོང་ལ། པྱེ་ཕུད་མ་ཉམས་པའི་གཏོར་མ་གཅིག་བྱས་ལ་ལུག་གི་སྙིང་ཁྲག་རྟའི་སྙིང་ཁྲག་ཁྱིའི་སྙིང་ཁྲག་གསེར་གཡུ་མཆོང་བྱུ་རུ་ཤེལ་དངུལ་དེ་རྣམས་གཏོར་མར་བླུགས་ལ། གྲ་ཕྱིང་གསར་པའི་སྟེང་དུ་བཞག་ལ། བདག་ཉིད་དཔལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་གནས་ཏེ། ཆེ་བའི་ང་རྒྱལ་བསྐྱེད་ལ། སྨྱུག་མ་ཚིགས་གསུམ་པ་ལ་སྲིན་བྱའི་སྒྲོ་བསྐྱོན་ལ། ལྟོང་གི་བུ་ག་ནས་ཉུང་དཀར་བདུད་ཐམས་ཅད་ལ་བསྐུལ་བའི་སྙིང་པོ་འདི་སྟོང་རྩ་བརྒྱད་བཏབ་ལ་བླུགས་ནས་གང་བ་དང་། བུ་གའི་ཁ་བལ་ནག་གིས་དགག་གོ །སྨྱུག་མ་ལ་ལྟས་ངན་སྣ་ཚོགས་ཀྱི་གཟུགས་ར་ཁྲག་གིས་བྲིས་ལ།འཕེན་ཁར་འོམ་བུ་དམར་ཁམ་འདུག་པའི་མདེའུ་བཅུག་ལ། རྭ་གཞུས་དགྲ་གང་ན་ཡོད་པའི་ཕྱོགས་སུ་འཕང་ན། དགྲ་བོའི་ཁྱིམ་དུ་ལྟས་ངན་སྣ་ཚོགས་པ་འབབ་ཅིང་སྨྱོ་འབོག་དང་། བརྒྱལ་ནད་ཀྱིས་འཆིའོ། །འཕེན་ཀར་ཡུངས་ནག་ལ་བཟླས་པའི་སྙིང་པོ་འདིའོ། །ཏྲི་ཁ་ཐུན། ཁུ་ཁུ་སྙི། སྨུག་ཏྲི། བདུད་ཏྲི། བདུད་མ་ཏྲི་སྐྱོལ་སི་བ༷། དུམ་མཚོ་སྐྱོལ། མ་ར་དད་པའི་སེར་ཏ། ཆོ་ཕོབ། ཡ་ཡ་མ་ཡ་ཏྲི་ཏྲི་ཛ་ཛ། ཞེས་བཟླས་ལ་གྲངས་ཐེམས་པར་བྱས་ཤིང་ཟུར་ཆག་ཏུ་མི་རུང་བས་མ་ཆག་པར་བྱ་སྟེ་མདའ་འཕང་ངོ་། །མདའ་འཕང་བའི་རྟིང་ན་ཕར་གཏོར་མ་ཡང་བདུད་ལ་འཕང་བཏང་ངོ་། རང་གིས་མ་ཉེས་པའི་དམོད་གཟུག །དགྲ་བོའི་ཡུལ་དུ་ལྟས་ངན་སྣ་ཚོགས་པ་ཕོབ་ཅིག །ཆོ་འཕྲུལ་སྣ་ཚོགས་པ་སྟོན་ཅིག་ཅེས་བསྒོའོ། །ཐ་ཡ་དུ་རག་ཏུ་མྱགས་ཞེས་བྱས་འཕང་ངོ་། ལྟས་ངན་དབབ་པའི་ལེའུ་སྟེ་བརྒྱ་བཅུ་དྲུག་པའོ།། །།དེ་ནས་ཡང་བསྒོམ་པའི་ཐབས་བསྟན་པ་ནི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་ཞིང་བདག་མེད་པར་བསྒོམ་མོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་རྐྱེན་གྱི་རང་བཞིན་སྣང་ལ་རང་བཞིན་མེད་པར་བསྒོམ་མོ། །རྒྱུའི་ཏིང་ངེ་འཛིན་ནི་སེམས་ཉིད་ཡི་གེ་ཧུ༷་དུ་གསལ་བ། དེའི་ཁྱད་པར་ལས་གཞལ་ཡས་ཁང་ལ་སོགས་པ་གསལ་བར་བྱས་པའི་རྗེས་ལ། ཆེ་མཆོག་ཧེ་རུ་ཀ་གསལ་བར་བསྒོམ་མོ། །གཡོན་དུ་ཡུམ་འདོད་པའི་དབང་མོ་ཡང་ལུས་དང་གྲིབ་མའི་ཚུལ་དུ་གསལ་བར་བསྒོམ་མོ། །ཆེ་མཆོག་ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས་ལས་སྨྱོ་བཞི་འཕྲོས་པ་ལས་སྨྱོ་སྨུག་ནག་གཅིག་ལས་ཁྲམ་ཁ་སྟོང་གི་དབང་མོ་ཆེ་བསྐྱེད་དེ། སྐུ་མདོག་མཐིང་ནག་ཕྱག་གཡས་པ་བརྒྱ་ཡིས་ལྕགས་ཀྱུ་དང་མདུང་བརྒྱ་བསྣམས་པ། ཕྱག་གཡོན་མདའ་གཞུ་བསྣམས་པ། ཞབས་བརྒྱ་ཚར་གཅིག་གིས་ལྷ་ཆེན་རྣམས་གནོན་པ་ཞིག་བསྐྱེད་དོ། །སྨྱོ་གཅིག་ལ་ཐེག་ཆེན་ས་གཞིའི་དབང་མོ་ཆེ་བསྐྱེད་དེ། སྐུ་མདོག་སེར་ནག་ཕྱག་གཡས་བརྒྱན་དར་ནག་འབུམ་བསྣམས་པ། གཡོན་མཚོན་ཆ་སྣ་ཚོགས་བསྣམས་པའོ། །སྨྱོ་གཅིག་ལ་རི་རབ་གླིང་བཞིའི་དབང་མོ་ཆེ་བསྐྱེད་དོ། །སྐུ་མདོག་ལྗང་ནག་ཕྱག་གཡས་པ་བརྒྱ་ན་ལྕགས་ཀྱུ་འབར་བ་བསྣམས་པ། གཡོན་པ་ན་དྷན་དྷ་བསྣམས་པའོ། །སྨྱོ་གཅིག་ལ་རྒྱ་མཚོ་གླིང་གི་དབང་མོ་ཆེ་བསྐྱེད་ལ། སྐུ་མདོག་དམར་ནག་ཕྱག་གཡས་པ་བརྒྱ་ན་མཚོན་ཆ་འབར་བ་བསྣམས་པའོ། །གཡོན་ན་ལྕགས་ཀྱུ་བསྣམས་པའོ། །དེ་རྣམས་ཀྱང་ཞབས་ཐུར་དུ་ཟུགས་པས་གདུག་པ་ཅན་ཐམས་ཅད་བརྫིས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྦྲུལ་ནག་སྟོང་གིས་སྐུ་ལ་བརྒྱན་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། ལྗགས་འདྲིལ་བ། རྐན་རྡེབ་པ་ཐོད་པ་སྐམ་རློན་གྱིས་དབུ་བཅིངས་པ། སྤྱན་དགུ་ཉི་ཟླའི་དཀྱིལ་འཁོར་དུ་འདྲིལ་བ། བསྐལ་པའི་མེ་དཔུང་གི་དབུས་ན་བཞུགས་པར་བསྒོམ་མོ། །དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བརྒྱ་བཅུ་བདུན་པའོ།། །།དེ་ནས་མ་མོ་རྣམས་སྤྱན་དྲངས་ཏེ། ཧུ༷། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འབར་བའི་ཞལ་མངའ་ཞིང་། ཕྱག་དྲུག་ཕྱག་ཆས་སྲིད་པ་སྒྲོལ། །ཡུམ་དང་གཉིས་སུ་མེད་པ་སྟེ། །ཐུགས་རྗེའི་དབྱིངས་ནས་རོལ་མཛོད་གཤེགས། །སྲིད་པ་བདེ་འགྲོ་ཁམས་གསུམ་ཀུན་གྱི་ཡུམ་མཆོག་མ། །གེ་སར་དཀྱིལ་ནས་འཕེལ་འགྲིབ་མཛད། །ཟུར་གསུམ་འཁྱིལ་བས་སྣང་སྲིད་ཟིལ་གྱིས་གནོན། ཁྲ་ཁྲག་དམ་རྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། ཁྲམ་ཁ་རྟོང་གི་དབང་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །ཕྱག་ན་མཚོན་ཆ་འབར་བ་བསྣམས། །ཡབ་དུད་རྒྱལ་པོའི་སྙིང་ཡང་འབྱིན། །དམ་རྫས་བདུད་རྩི་འབར་བ་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། །ཐེག་ཆེན་ས་གཞི་འདེགས་པའི་དབང་མོ་ཆེ། །སྐུ་མདོག་སེར་ནག་འབར་བ་ལ། །ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས། །གནམ་ས་གཉིས་ལ་སྨྱོ་བཟློག་མཛད། །ཀླུ་ཆེན་བརྒྱད་ཀྱི་སྙིང་ཡང་འབྱིན། །དམ་རྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། རྒྱ་མཚོ་གླིང་གི་དབང་མོ་ཆེ། །སྐུ་མདོག་དམར་ནག་འབར་བ་ལ། །ཕྱག་ན་མཚོན་ཆ་འབར་བ་བསྣམས། །ཀླུ་རྣམས་ཀུན་ལ་མངའ་མཛད་མ། །དམ་རྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། །རི་རབ་གླིང་བཞིའི་དབང་མོ་ཆེ། །སྐུ་མདོག་ལྗང་ནག་འབར་བ་ལ། །ཕྱག་ན་རི་རབ་གླིང་བཞི་བསྣམས། །སྣང་སྲིད་ཀུན་ལ་མངའ་མཛད་མ། །དམ་རྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། །མ་མ་སྨྱོ་སྦྱོ་རུ་ལུ་རུ་ལུ། སྙིང་ཁ་རག སྙིང་ཁ་རཀ མ་རསྒ་མ་རསྒ། རག་མོ་སྙིང་ཁྲག་མ་ཐུན་ཐུན། སྒག་རག་ཤ་སྙིང་ཏེ་ཀེམ། མ་མ་མ་སྨྱོ་སྨྱོ་རུ་ལུ་རུ་ལུ། སྙིང་ཁ་རཀ་ས་མ་ཡ་ཛ་ཛ། ཀྲོ་མ་ཛ་ལ། ཀྲོ་མ་ཛ་ལ། ཛ༷༷ཧུ༷་བ༷་ཧོ༷་ ཞེས་སྤྱན་དྲང་བར་བྱའོ། །སྤྱན་དྲང་བའི་ལེའུ་སྟེ་བརྒྱ་བཅོ་བརྒྱད་པའོ།། །།དེ་ནས་ཕྱག་འཚལ་ཏེ། གདུག་པའི་ཚོགས་འཇོམས་ཀུན་བཟང་ཧེ་རུ་ཀ །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་ནས་ཀྱང་། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་མེད་ལས། །ཡབ་ཡུམ་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །དབྱིངས་མ་བཞི་ཡི་ཡུམ་མཆོག་དབང་སྡུད་མ། ཕྱི་ནང་སྣོད་བཅུད་སྐྱེ་འགྲོ་སྐྱེད་མཛད་པ། ཁམས་གསུམ་སྣང་སྲིད་ཡོངས་ཀྱི་ཁ་ལོ་སྒྱུར། །དབངབྱེདཆེནམོབཞིལཕྱག་འཚལ་ལོ། །ཁམས་གསུམ་ཡུམ་མཆོག་ལ་སོགས་སྟོང་དང་འབུམ། །ཀུན་གྱི་མངའ་བདག་ལགས་པས་བྲན་དང་ཆེ་ཡི་ཚུལ། །སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་བཅུད་ལེན་མ། མ་ལུས་སྤྲུལ་པའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་བའི་ལེའུ་སྟེ་བརྒྱ་བཅུ་དགུ་པའོ།། །།མཆོད་ཅིང་ཐུགས་དམ་བསྐུལ་བ་ནི། ཤ་ཁྲག་དམ་རྫས་སུ་སྦྱར་བ་བྷན་དྷའི་ནང་དུ་སྩལ་བ་ཐོགས་ལ། པདྨ་བྷན་དྷ་འཕྲུལ་གྱི་གཞལ་ཡས་སུ། །རཀྟ་དམར་གྱི་རྦ་ཀློང་འཁྱིལ་བ་དང་། ཁམས་གསུམ་སྒྲོལ་བའི་དམ་རྫས་ཤ་ཆེན་དང་། །སྙིང་གསུམ་ཆུ་གསུམ་སྦྱར་བའི་བདུད་རྩི་ཆེན་པོ་འདིས། །དཔལ་ལྡན་ཡབ་ཡུམ་སྐུ་ལ་མཆོད་པར་འབུལ། །ཡེཤེས་འབྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །མ་མོ་མཐིང་ནག་འཁྱིལ་བའི་སྐུ། །གནས་ནི་ནམ་མཁའི་དཀྱིལ་ན་གནས། །དབུ་ཡང་སྟོང་ལ་ཕྱག་ཡང་སྟོང་། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། ཁྲོ་མོ་མི་བཟད་སྐུ་བྱུང་བ། །སྐུ་ནི་རིན་ཆེན་ནམ་མཁའི་སྐུ། །ཕྱག་ན་དར་ནག་རུ་མཚོན་བསྣམས། །བདུད་ཀྱི་དམག་དཔུང་རྡུལ་དུ་རློག །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ །བདག་གིས་བཅོལ་བའི་འབྲས་བུ་མཆིས་པར་མཛོད། །མ་མོ་སེར་ནག་འཁྱིལ་བའི་སྐུ། །བཞུགས་ནི་ས་གཞི་ཉིད་ལ་བཞུགས། །སྣང་སྲིད་ཡོངས་ལ་མངའ་མཛད་ཅིང་། སྲིད་པ་གསུམ་ཆར་དབང་དུ་སྡུད། །གནམ་ས་གཉིས་ལ་སྨྱོ་བཟློག་མཛད། །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །བདག་གིས་བཅོལ་བའི་འབྲས་བུ་མཆིས་པར་མཛོད། །མ་མོ་དམར་ནག་མཐུ་མོ་ཆེ། །བཞུགས་ནི་གླིང་བཞི་ཀུན་ན་བཞུགས། །གླིང་བཞི་ཀུན་འབྱམས་དྲག་མོ་རྒྱལ། །བདུད་ཀྱི་ཡུམ་རྣམས་རྡུལ་དུ་རློག །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །བདག་གིས་བཅོལ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་བརྗོད་ཅིང་དམ་རྫས་རྣམས་སྒྲེངས་ཤིང་ལས་བཅོལ་བར་བྱའོ། །ཐུགས་དམ་བསྐུལ་ཞིང་མཆོད་པ་དབུལ་བའི་ལེའུ་སྟེ་བརྒྱ་ཉི་ཤུ་པའོ།། །།དེ་ནས་སྙིང་ཐིག་བསྟན་ཏེ། མ་མ་ས་མ་ས་མ་ཡ་ཧོ། མ་མ་ས་མ་ས་མ་ཡ་སྟུམ། ཧྭ༷་སྦྱོ་སྤྱོ། རོ་ཧ་ར༷་རྣུ་མི་ཏ། ཁ་ཊ༷་ག་ཛ་ལ་ཛ་ལ། ཏི་ཏ་དང་ཤ༷ ཁ་ར༷་ཁ་ལ་སྨྱོ། ཛ་དུན་ཏིང་སྨྱོ། སྙིང་ཁ་རག སྒག་རག་ཤ ཁ་མུན་ཛ་བཛྲ་དུན་སྨྱོ། རུ་ལུ་རུ་ལུ་ཧུ༷་སྨྱོ། ཞེས་པ་ནི་ཁམས་གསུམ་ཡུམ་མཆོག་མའི་སྲོག་གི་སྙིང་པོའོ། །ཨོ་རུ་སྙིང་ཁྲག་ཁ་ལ་རག་ཤ་ནི་རྦད་ཐུམ་རི་རི་ལི་ལི་སྨྱོ། ཁྲོམ་ཁ་སྟོང་གི་དབང་མོ་ཆེའི་སྲོག་གི་སྙིང་པོའོ། །ནི་ཤ་ཀུ་རུ་རག་ཏ་ཁ་ར༷་ནི། ཀུ་ནི་ཀུ་རུ་ཁ་ར༷་ཁ་རྦད་རི་ལི་ལི་སྨྱོ། ཐེག་ཆེན་ས་གཞི་འདེགས་པའི་སྲོག་གི་སྙིང་པོའོ། །སྙིང་ལ་རག་ཤ་ནི་སྟི་སྟ། རྦད་ཐུ༷་རི་ལི་ལི་སྨྱོ། ཞེས་པ་ནི་རི་རབ་འདེགས་པ་དབང་མོ་ཆེའི་སྲོག་གི་སྙིང་པོའོ། །སྒག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་སྨྱོ། ཞེས་པ་ནི་རྒྱ་མཚོ་གླིང་གི་དབང་མོ་ཆེའི་སྲོག་གི་སྙིང་པོའོ། །སྙིང་ཐིག་གི་ལེའུ་སྟེ་བརྒྱ་ཉེར་གཅིག་པའོ།། །།དེ་ནས་ཡང་ལན་སྟོང་ངམ་ཁྲི་ལ་སོགས་པ་བཟླས་ཤིང་བར་བར་དུ་བསྐུལ་ཞིང་རཀ་ཏ་སྦྲེང་། དེ་ནས་མ་མོ་སྤྱིའི་སྲོག་གི་སྙིང་པོ་དང་། གཙོ་མོ་བཞིའི་སྲོག་གི་སྙིང་པོ་དང་སྦྲེལ་ཏེ་བཟླས་ལ་བྷན་དྷའི་ནང་དུ་རྫས་སྩལ་ཏེ་བསྒྲུབ་ན་རྟགས་འབྱུང་སྟེ། ཚེས་བརྒྱད་ནས་བཙུགས་བཅོ་ལྔ་ལ་རྟགས༷་འབྱུང་ངོ་། །གྲུབ་པ༷འི་རྟགས་འབྱུང་བ་དང་བསྙེན་པ་དབུལ་ལོ། །བཅོ་ལྔ་ལ་དབུ༷་གཙུགས་ན་ཉི་ཤུ་གཉིས་ན་རྟ༷གས་འོང་ངོ་། །དེ་ལྟར་རྟགས་བྱུང་བ་དང་ལས་ལ་སྦྱར་བར་བྱ་སྟེ། གསང་སྔགས་འདི་བཟླས་སོ། །ཨོ་བཛྲ་ད་ར་ལིང་། ཨོ་བཛྲ་སྙིང་གོ་ཆོད། ཛ་ལ་ཛ་མུན་ལོ་དན་ཏིང་ད་ར་ཡ་རྦད། ཨོ་བཛྲ་ཁྲག་ཏི་སྣར་བ་རྦད། ཨོ་བཛྲ་ཙཀྲ་དུ་ཀྲི་ད་ར་ཡ་རྦད། ཨོ་བཛྲ་ག་ཤུད་ཀྲི་ད་ར་ཏི་ཡ་བཛྲ་ཧུ༷་ཕཊ། རྦད་དུ་རྦད་དུ་རྦད་དུ་རྦད་དུ། དུ་ར་ཤ་ཀ་སྟ། བི་ཏ་ས་མ་ཡ། ཞེས་པས་གྲངས་འབུམ་དུ་བཟླས་ཤིང་བསྐུལ་ན་རྟགས་འོང་ངོ་། །དུས་དང་རྟགས་དང་གསང་བའི་སྔགས་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་གཉིས་པའོ།། །།དེ་ནས་མ་མོའི་ཤིས་བསྟན་པར་བྱ་སྟེ། ལས་མ་གྲུབ་ན་ལས་འདིའི་ཐབས་བྱའོ། །རཀ་ཏའི་མཚོ་ལ་གནས་པ་མོ། །དབུ་ཡང་རྡོ་རྗེས་ཚལ་པར་འགེམས། །མགོ་ནས་བརྒྱབ་ནས་མ་འཇུག་ཏུ་འགེམས། །ལུས་ཀྱང་རྡོ་རྗེས་འགེམས་པར་བྱེད། །ཕྱག་ན་གནམ་ལྕགསཨུར་མོ་ཡིས། །མགོ་ནས་བརྒྱབ་ནས་མཇུག་ཏུ་འགེམས། །ངག་ཀྱང་རྡོ་རྗེས་རྡུལ་དུ་རློགཅེས་བསྡིག་སྟེ། བདག་ཉིད་ཀྱི་ཕྱག་ན་གནམ་ལྕགསཨུར་མོའི་རལ་གྲི་བསྣམས་པས། མ་མོ་རྣམས་རང་དབང་མེད་པར་སྲོག་གི་སྙིང་པོ་ནས་དྲངས་ཏེ། འདར་ཡེད་ཡེད་འདུག་པར་བསྒོམ། སྔགས་འདི་བཟླས་སོ། །རག་ཤ་པ་ཙ་རག་ཤ་པ་ཙ་ཚལ་པ་ཚལ་པ། ཀྲོ་མ་ཛ་ལ་ཀྲོ་མེ་ཛ་ལ། །ཞེས་དྲག་ཏུ་བཟླས་ཏེ་ཨ་ཕྲི་ཏ་གཏོར་བས་རང་དབང་མེད་པར་ལས་བྱེད་པར་འགྱུར་རོ། །ཡང་མ་མོ་ལས་བྱེད་དུ་མ་འདོད་ན་བདག་ཉིད་ཆེ་མཆོག་ཧེ་རུ་ཀར་བསྒོམས་ལ་ཕུག་ན་ལྕགས་ཀྱུ་བཙོ་རལ་པོ་ཅན་གྱིས། །མ་མོའི་མགོ་ནས་བརྒྱབ་ནས་མཇུག་ཏུ་འགེམས་པར་བསྒོམ་ཞིང་། སྔགས་གོང་མ་བཟླས་ཤིང་ཨ་མྲི་ཏ་གཏོར་ན་ལས་བྱེད་དོ། །དེས་ཀྱང་ལས་བྱེད་དུ་མ་འདོད་ན། ཚིག་དང་དབྱངས་སུ་བཅས་པས་བསྟོད་དོ། །མ་མོ་ཤིས་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་གསུམ་པའོ།། །།དེ་ནས་ཡང་ཁྱད་པར་དུ་ལས་ལ་གཏོང་ཞིང་མྱུར་དུ་བསད་པའི་ལས་ཐེམས་འདི་དག་གོ། །མར་གྱི་ཚེས་བརྒྱད་ཉི་ཤུ་གསུམ་དང་གནམ་སྟོང་ལ་གསང་བའི་ལས་བྱ་སྟེ། གནས་དབེན་པར་སོང་ལ་ཧེ་རུ་ཀའི་གཏོར་མ་དང་ཁྲག་གིས་བསྐུལ་བར་བྱ། ནུབ་མོ་ཧེ་རུ་ཀའི་འབྲུ་གསུམ་དང་མ་མོའི་འབྲུ་གསུམ་བཟླས་པ་ནི་མ་མོའི་ལས་ལ་བཏང་བའི་འབྲུ་གསུམ་དང་། མ་མོ་བསད་པའི་འབྲུ་གསུམ་དང་། བརྒྱ་རྩ་བརྒྱད་བཟླས་ཏེ་ལས་བྱས་ན་འགྲུབ་བོ། །གྲོ་གའམ་ཤིང་ཤུན་ནམ་ཤོག་ཤོག་ལ་དགྲ་བོའི་གཟུགས་མིང་བྱང་དང་བཅས་ཏེ། བྱ་རྒོད་ཀྱི་ཁྲག་དང་སྦྱར་སྤེལ་ནས། ར་དུག་པ་ལ་མེ་སྦར་ནས་བསྲེགས་ན་ལུས་འདི་མི་གཡོ་བར་འཆིའོ། །སྔགས་ཀྱང་བཟླས་པར་བྱའོ། །བྱ་རོག་གི་ཤ་ཁྲག་སྒྲོ་དང་མིང་རུས་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་བསྲེག་ན་ཚངས་པའི་ཚེ་དང་མཉམ་པ་ཡང་སྐད་ཅིག་གིས་འཆིའོ། །འུག་པའི་ཤ་ཁྲག་དང་སྒྲོ་མིང་རུས་ཀུན་གོང་མ་བཞིན་དུ་བསྲེགས་ན་མྱུར་དུ་སྨྱོ་ནས་འཆི་བར་འགྱུར་རོ། །སྲིན་བྱའི་ཁྲག་དང་སྒྲོ་དང་དགྲ་བོའི་མིང་རུས་བཅས་པས་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་བསྲེགས་ན་ལུས་འདར་ཞིང་འཆིའོ། །རའི་ཤ་ཁྲག་དང་མི་རུས་གོང་མ་བཞིན་དུ་བསྲེགས་ན་སྐད་ངན་འདོན་ཅིང་འཆིའོ། །སྲིན་ཤིང་སྣང་་སྣརཀུ་མའི་འབྲས་བུ་གོང་མ་བཞིན་དུ་བསྲེགས་ན་རེངས་ནས་འཆི་བར་འགྱུར་རོ། །ལྟར་བུའི་འབྲས་བུ་གོང་མ་བཞིན་དུ་བསྲེགས་ན་བྱིང་ནས་འཆི་བར་འགྱུར་རོ། །འདྲེ་ཚེར་མའི་འབྲས་བུས་གོང་མ་བཞིན་དུ་བསྲེགས་ན་ལུས་སྐམས་ནས་འཆི་བར་འགྱུར་རོ། ་།ག་པའི་ཐང་ཆུ་དང་སྐེ་ཚེ་དང་ཏིལ་ནག་པོ་དང་། ལན་ཚྭ་བ་དང་རི་་།་བའི་རྩ་བ་དང་བ་གླང་གི་མཁྲིས་པ་དང་༷དེ་རྣམས་རེ༷་རེ་གོང་མ་བཞིན་དུ་བསྲེགས་ན་ཚ་བའི་ནད་ཀྱིས་འཆིའོ། །སྦྱིན་སྲེག་དྲག་པོའི་ལས་ཀྱི་ལེའུ་སྟེ་བརྒྱ་ཉེར་བཞི་པའོ།། །།གསང་བའི་སྔགས་བསྟན་པར་བྱ་སྟེ། ཧེ་རུ་ཀའི་སྙིང་པོ་འབྲུ་གསུམ་ནི། ཨོ་ཤི་བཛྲ་ཨོ་པདྨ་ཏ་ཀྲི་ཏ་ཧུ༷།བཛྲ་མ་ཧྭ་ཀྲོ་ཏྭ་ཕཊ་བ༷་ཧུ༷། ཨོ་ཨ་ར་ལི་ཧྲི་ཛ། མ་ཧེ་སྲོག་རྩ་ཐུན་སྨྱོ། སྲོག་གི་སྙིང་པོ་འབྲུ་གསུམ་ནི། མ་མ་ཁ་རག སྙིང་ཁ་རག མ་རག་ཤ་མ་རག་ཤ མ་ཧྭ་ཙིསྟ་མ་ཧྭ་ཙིསྟ། ཛ་ཛ་ཏིང་ཏིང་སྨྱོ། རག་མོ་སྙིང་ཁྲག་མ། མ་རག་ཤ་མ་རཀ་ཤ་མ་སྙིང་ཛ་ཛ། དུན་དུན་རག་མོ་ཏ་ཀེ། མ་མ་མ་སྨྱོ་རུ་ལུ་རུ་ལུ། སྙིང་ཁ་རག་ས་མ་ཡ་དུ་ཛ་ཛ་ད༷་ད༷་ཛ་ཛ། ལས་ལ་བཏང་བ་འབྲུ་གསུམ་ནི། ཙ་ར་ནན། མ་རག་ཤ་ནི་དུ་ཛ། སྙིང་ཙིལྟི་མ་ཐུན་ཐུན། སྙིང་ཁ་རག་མ་ཐུན་ཐུན། མ་ཏིང་ནག་མོ་ཐུན་ཐུན། སྙིང་ཁྲག་མར་ཐུན། ཆེ་གེ་མོ་ཐུན་ཐུན་ཤལ་ཤ་ཏི་རག་མོ་སྙིང་མ་རག་ཏུ་ཆེ་གེ་མོ་ལ་ཐུན། བསད་པའི་འབྲུ་གསུམ་ནི། མ་དུ་སྙིང་ཤ་སྙིང་དུ་ཕྱིག་ཡ༷། ཆེ་གེ་མོ་ས་དུ་དུ་མྱ་ར་ཡ་ཐུན་སྨྱོ། མ་མ་ཏྲག་མོ་ཐུན་སྨྱོ། ཁ་ལ་ཁ་ལ་ཤ་ཁ་ཚེ། སྙིང་དུ་ཕྱིག་ཡ༷། ཆེ་གེ་མོ་ས་དུ་ལིང་དུ་ན་ཕཊ། ཐུན་ཐུན་སྨྱོ། མ་མ་སྒག་མུ་དུད་ཧྲིང་། མ་ར་ཤ་དུ་ཆེ་གེ་མོ་སྙིང་ཟན་མ། ཙིསྟ་རོལ་སྙིང་དུ་ཕྱིག་ཡ༷། ཆེ་གེ་མོ་ས་དུ་མྱ་ར་ཡ་ཐུན་སྦྱོ་ཕཊ། ཐུན་སྨྱོ། ཞེས་པ་བཟླས། ཉི་མ་དམར་ཐག་ཆད་ཀྱི་བར་དུ་བསྲེགས་པ་མིང་རུས་དང་རྫས་རྣམས་སྤེལ་ལ་བྱའོ། །བསྲེག་པའི་ཐལ་བ་གཏོར་མར་བླུགས་ཏེ། ཆུ་མིག་བསྣོལ་བའི་དབུས་སམ། ལམ་རྒྱ་གྲམ་མམ། མི་རོ་བམ་པའི་ཁུད་དུ་སྦས་ལ་བཞག་གོ །གསང་བ་སྦས་པའི་འབྲུ་གསུམ་གྱི་ལེའུ་སྟེ་བརྒྱ་ཉེར་ལྔ་པའོ།། །།གསང་བའི་དཀྱིལ་འཁོར་བསྟན་པ་ནི།ཞིང་གི་སྣམ་བུ་ལ་ཐིག་བཏབ་ལ་གྲུ་བཞི་ཁྲུ་གང་གི་ཚད་དུ་བྱ། གྲུ་བཞི་པ་ལ་མ་མོའི་ཞལ་བྲི། མ་མོ་བཞིའི་དབུས་སུ་གྲུ་གསུམ་བྲི། དེའི་ཕྱི་རིམ་ཟླུམ་པོས་བསྐོར་དབུས་ཀྱི་གྲུ་གསུམ་ར་བར་མི་ཁྲག་ཁྱི་ཁྲག་མི་རུས་བསྲེགས་པའི་སོལ་ཕྱེ་དང་བསྲེས་ལ་དམར་ནག་དུ་བྱུག་ཟླ་གམ་ཁྲག་གིས་དམར་པོར་བྱུག་རེ་ཁ་ཀུན་ཐལ་ཆེན་དང་དུག་དང་རེ་ལྕག་པ་བརྡུངས་པའི་ཁུ་བ་དང་བསྲེས་ལ་དཀར་པོར་བཏང་། མ་མོའི་ཞལ་དམར་པོས་བྱུག་སྤྱན་དཀར་པོར་བྲི། དབུ་ནག་པོར་བྱ། ཕྱི་རིམ་སྣམ་བུ་སོར་གསུམ་པ་གཅིག་བཏབ་ལ་གཞི་ཁྲག་གིས་དམར་པོར་བྱུག་ཐོད་པའི་ཕྲེང་བས་བསྐོར། སྒོ་མི་བཏོད་དོ། །དེ་ནི་བར་སྣང་གི་དཀྱིལ་འཁོར་རོ། །སའི་དཀྱིལ་འཁོར་བསྟན་ཏེ། མདུན་དུ་དཀྱིལ་འཁོར་འདོམ་གང་བ་ཞིག་བྱས་ལ་གཞི་ཁྲག་གིས་དམར་པོར་བྱུག་ལ་དབུས་སུ་གྲུ་གསུམ་བྲི། ཐ་མ་ཟླ་གམ་གསུམ་གྱིས་བསྐོར། དེའི་ཕྱི་རིམ་དུ་འཁོར་ལོ་རྩིབས་བཞི་པར་བྲི། དེའི་ཕྱི་རིམ་ཐོད་ར་ཟླུམ་པོར་བསྐོར། དེའི་ཕྱི་རིམ་གྲུ་བཞིར་བྱ། སྒོ་མི་བཏོད། དབུས་ཀྱི་གྲུ་གསུམ་ལ་དཔལ་ཆེན་པོའི་ཞལ་གཅིག་བྲི། ཟླ་གམ་གསུམ་ལ་ཡང་ཞལ་རེ་རེ་བྲི། འཁོར་ལོ་བཞི་ལ་བྷན་དྷ་རེ་བྲི། དེའི་ཕྱི་རིམ་ལ་མདའ་གཞུ་བྲི། དེའི་ཕྱི་རིམ་ལ་མེ་རེ་བྲི་བར་བྱ། གསང་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་དྲུག་པའོ།། །།གསང་བའི་རྫས་བསྟན་པ་ནི། ས་བདག་རྒྱལ་པོའི་སྙིང་གསར་པ་གཅིག་དགོས། དེ་མེད་ན་བམ་གསར་པས་བྱའོ། །སེང་གེ་དཀར་པོའི་སྙིང་དགོས། དེ་མེད་ན་ཁྱི་དཀར་པོའི་སྙིང་ལ་བྱའོ། །སྟག་དར་མའི་སྙིང་དགོས། དེ་མེད་ན་སྲེ་མོང་གི་སྙིང་ངོ་། །གླང་པོ་ཆེའི་སྙིང་དགོས། དེ་མེད་ན་གླང་ཁྱུ་བའི་སྙིང་ངོ་། །དེའི་སྟོངས་བཞི་ལ། །བྱ་ཕོ་ཚལ་བུའི་སྙིང་དང་། ཉ་མཁར་པའི་སྙིང་། ལུག་ནག་མོ་ཁལ་དཀར་གྱི་སྙིང་དང་། སྲམ་གྱི་སྙིང་བཞིའོ། །གཡོན་ན་ཡང་སྟོངས་སུ་གྱུར་པའི་སྙིང་སྣ་ཚོགས་པ་བསག་པར་བྱའོ། །གཡོན་ཁྲག་གསུམ་ལ། བུ་མོ་གཞོན་ནུའི་མངལ་ཁྲག་དང་། ཕྱི་རུ་སྐྱེས་པའི་ལྟེ་ཁྲག་དང་། མཚོན་གྱིས་ཕོག་པའི་ཁྲག་དང་གསུམ་མོ། །དེའི་སྟོངས་སུ་གྱུར་པའི་མི་ཁྲག་ཁྱི་ཁྲག་རྟ་ཁྲག་གསུམ་མོ། །དེ་ལ་སོགས་པ་ཁྲག་སྣ་མང་པོ་བསག་པར་བྱའོ། །ཆུ་སྣ་གསུམ་ལ་གངས་ཆུ། ཆུ་མིག་ལྐུགས་པའི་ཆུ། ཁ་ཆར་གྱི་ཆུ་དང་གསུམ་མོ། །དེ་ནི་ཕྱིའི་ཆུ་སྣ་གསུམ་མོ། །དེའི་སྟོངས་སུ་གྱུར་པ་ནི་བུད་མེད་བུ་ཁྱེའུ་སྐྱེས་པའི་ནུ་ཞོ་དང་། ནལ་གྱི་མཁྲིས་པ་དང་། །ར་ཐུག་གི་རྨང་ཀའི་དྲི་མ་གསུམ་ནི་གསང་བའི་རྫས་སོ། །དུག་སྣ་གསུམ་ལ་སྤྱང་དུག་ར་དུག་གྱི་ལྕེ་བ་ནག་པོ་དང་གསུམ་མོ། །ལྕགས་སྣ་གསུམ་ལ་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་གསུམ་མོ། །དེའི་སྟོངས་སུ་གྱུར་པ་ལ་ལུག་མིག་ཁྲག་ཐལ་ཆེན་གཞན་བདུད་རྩི་ལྔ་དང་ཆང་ཕུད་ཚིལ་ཆེན་ཤ་ཆེན་གྱིས་གཞི་བཟུང་ནས་ཤ་སྣ་ཚོགས་དང་། གཏོར་གཞོང་ཆེན་པོ་གཅིག་བྷན་དྷ་གཉིས། མེ་མར་གཅིག ཡུངས་ཀར་ཁྲག་གིས་བྱུགས་པ་ཁྱོར་གང་། ཟངས་མའི་རལ་ཐོག་མཐིལ་ནག་སྒྲུབ་པའི་སྣོད་རབས་ཆད་ཀྱི་ཐོད་པ་དུམ་བུ་གསུམ་པ་མ་ཉམས་པ་གཅིག ཞིང་གི་རྒྱུས་པ་བཀལ་བ་ཁྲག་གིས་བྱུགས་པ་དང་། ཞིང་གི་རྒྱུ་མ་བཀལ་བའི་ཐག་པ་ལྤག་པ་ཁྲག་གིས་བྱུགས་པ་དགོས་སོ། །རབས་ཆད་ཀྱི་ཐོད་པ་མེད་ན། ཁམ་སའི་གབ་ཚེ་ཁ་སྦྱར་ལེགས་པ་སྟེང་མའི་དཀྱིལ་དུ་མཐོང་ཁུང་རང་བ་ཞིག་བཏོད་ལ། ར་ཁྲག་ཁྱི་ཁྲག་མི་ཁྲག་གསུམ་གྱིས་ཞན་པར་བསྐུས་ལ་མི་འགོག་པར་བྱུག ཕྱོགས་བཞིར་མི་མགོའི་གཟུགས་ཁ་སྣ་ཚང་བ་ལེགས་པར་བྲི་སྟེ། མི་རོ་བསྲེགས་པའི་སོལ་བས་སོ། །གསང་བའི་རྫས་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་བདུན་པའོ།། །།དེ་ནས་ཡང་གསང་བའི་རྫས་དགྲམ་པ་བསྟན་པ་ནི། མདུན་གྱི་གྲུ་གསུམ་སྟེང་དུ་གཏོར་མ་གཞི་ཆེན་པོའི་ནང་དུ་ར་ཁྲག་ཁྱི་ཁྲག་མི་ཁྲག་གསུམ་དང་། ཤ་སྣ་མང་པོ་དང་སྙིང་སྣ་བཏུབས་པའི་དུམ་བུ། མཆོད་པའི་སྨན་དང་ཚིལ་ཆེན་དང་། ཆང་ཕུད་དང་ཚིལ་ཆེན་ཕྱེ་ཕུད་ལ་ཟན་ཁམ་ས་ལ་ཟུར་གསུམ་དུ་བྱས་དེ་རྣམས་ཀུན་བཀོལ་ལ་ཁྲག་གིས་བྲན་ཏེ། དམར་མེར་རེ་བཞག གཡས་ཕྱོགས་ཀྱི་ཟླ་གམ་ལ་བྷན་དྷ་གཅིག་གི་ནང་དུ་ཟན་ཁྲག་གིས་བྱུགས་པ་ཟུར་གསུམ་པ་བཅུ་གསུམ་བཞག་ལ། ལོགས་གསུམ་དགྲ་བོ་གང་ལ་བྱ་བའི་མིང་རུས་བྲིས་ཏེ་དགོད་དོ། །དེའི་ནང་དུ་ཡང་སྙིང་ག་ས་པ་དང་། ཆང་ཕུད་ཤ་ཡི་དམ་དུམ་དང་། ར་ཁྲག་ཁྱི་ཁྲག་མི་ཁྲག་ཡང་རྩལ་ལ་བཞག་གོ །གཡོན་གྱི་ཟླ་གམ་ལ་བྷན་དྷའི་ནང་དུ་ཡུངས་ཀར་བླུག་ལ་བཞག་གོ །འཁོར་ལོ་དང་མཐུན་པའི་རྫས་བཞག་གོ་མེ་རི་ལ་ཞིང་ཆེན་གྱི་སྒལ་ཚིགས་དང་ལྷུ་དུམ་དང་། ཚིལ་ཆེན་གྱི་མེ་མར་དང་། གསུར་ཆེན་རྒྱུན་མི་འཆད་པར་བཏང་ངོ་། །དབུས་ཀྱི་གཏོར་མའི་ནང་དུ་ལྷ་བཤོས་ཟུར་གསུམ་པ་ཁྲག་གིས་བྱུག་པ་གཅིག་ཀྱང་བཞག་ཟླ་གམ་གྱི་ཕྱི་རོལ་འཁོར་ལོ་བཞིའི་རྩེ་མོ་ལ། སྐྱེར་པའི་རྩང་ཁྲག་གིས་བྱུགས་པ་མདའ་གང་བ་བཞི་གཟུག་གོ །དེ་ལ་ནམ་མཁའི་དཀྱིལ་འཁོར་ལ་ཕྱོགས་བཞིར་བུག་པ་ཕུག་ལ་རྩང་བཞི་ཚོན་སྐུད་ཀྱིས་དུམ་བུས་བཏགས་སོ། །གཏོར་མ་བྱས་ཕྱག་གང་གི་མཐོ་བར་བྱས། དེའི་དབུས་སུ་གྲུ་གསུམ་ཐོད་པ་རབས་ཆད་ཀྱི་ཐོད་པའམ། ཁམ་ཕོར་ཁ་སྦྱར་ཏེ་གཞག་པར་བྱའོ། །དེའི་ནང་དུ་སྙིང་སྣ་གསུམ་དང་གསོན་ཁྲག་གསུམ་དང་། ཆུ་སྣ་གསུམ་དང་། དུག་སྣ་གསུམ་དང་། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཆང་ཕུད་དེ་རྣམས་སྩལ་ཏེ། རྒྱུ་ཞགས་ཀྱི་དམ་དུ་བཅིངས་ལ། ཕྱོགས་བཞི་འོག་དང་སྟེང་དང་ལྔར་རྒྱུར་ཞགས་ཀྱི་ཐོད་དུ་ཁྲག་གིས་སྦྲུས་པའི་ཟན་ལ་ཡི་གེ་ཧུ༷་གི་རྒྱ་སྩལ་ལོ། །དེའི་དབུས་ནས་རྒྱུས་པའི་གཟུངས་ཐག་མ་བཏགས་ལ་གཞག་གོ །དེའི་ནང་དུ་སྐྱེར་པའི་རྩངས་མཐོ་གང་ཙམ་གྱིས་མཐོ་བར་ཞིང་ཆེན་དཀྱིལ་འཁོར་ཁེབས་པར་དར་མཐིང་ནག་གམ་ཞིང་ཆེན་གྱི་གཡང་གཞི་འམ། ཁྱི་ནག་པོའི་གཡང་གཞི་འམ། །དེ་རྣམས་གང་ཡོད་པ་གཅིག་གིས་ཐིབ་བེ་གཡོགས་སོ། །རྫས་དགོད་པའི་ལེའུ་སྟེ་བརྒྱ་ཉེར་བརྒྱད་པའོ།། །།བདག་ཉིད་བསྒོམ་པའི་ཐབས་བསྟན་པ་ནི། པདྨ་ཧེ་རུ་ཀ་འམ། ཆེ་མཆོག་གམ། གཤིན་རྗེའམ་རང་གི་ཡི་དམ་གང་བྱེད་པའི་གཙོ་བོར་བྱས་ཏེ། མན་ངག་གི་སེམས་ལས་མ་གཡོས་པར་བྱ་སྟེ། མཚམས་བཅད། བཤགས། བྱིན་དབབ། མཆོད་པའི་རྫས་རྣམས་དབུལ། ཡི་དམ་གང་བྱེད་པའི་གཞུང་བསྲངས། འཛབ་ཤས་གཅིག་བྱས་ལ། དེ་ནས་མ་མོའི་ཡིད་ཀྱིས་མ་མོའི་ཆས་གོས་རྣམས་གོན་ལ། ཁ་ལྷོ་ཕྱོགས་སུ་བལྟས་ལ། མ་མོའི་དཀྱིལ་འཁོར་བསྐྱེད་ལ།ཆེ་མཆོག་གམ་གཙོ་བོ་གང་ཡིན་པའི་ང་རྒྱལ་དང་ལྡན་པས་གཟུངས་ཐག་བཟུང་སྟེ། ཡུངས་ཀར་ཆང་བར་བླུག་ལ། མ་མོ་སྟོང་རྩ་བརྒྱད་སྤྱིའི་འཛབ་ཟུར་མ་ཆག་པ་བརྒྱའམ་སྟོང་འབུམ་ཇི་ཙམ་ནུས་ཚད་རྒྱུན་མི་འཆད་པར་བཟླས་ཤིང་། བར་བར་དུ་མ་མོ་འབུམ་གྱི་རྗེ་མོ་བསྐུལ་ཞིང་ཡིད་ལ་བརྣག་པའི་ཕྲིན་ལས་གྲུབ་པར་མཛོད་ཅིག །ཅེས་བསྐུལ་ཞིང་སྔགས་ཀྱིས་བཏབ་པའི་ཡུངས་ཀར་ཐོད་པའམ་ཁམས་སའི་གའུའི་མཐོར་ཁུང་ནས་མར་ཁྲག་གི་ནང་དུ་བླུག་གོ །ཡང་ཡུངས་ཀར་ལ་སྔགས་བཟླས་ཤིང་དེ་བཞིན་དུ་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དཀྱིལ་འཁོར་གསལ་བར་བསྒོམ་མོ། །བསྒོམ་པའི་ཐབས་ཀྱི་ལེའུ་སྟེ་བརྒྱ་ཉེར་དགུ་པའོ།། །།གསང་བའི་ཡང་ཏིག་བཀྲོལ་བ་ནི། གཙོ་མོ་བཞིའི་མཆན་བུ་རེ་རེ་བརྡེག་པར་འབྱུང་སྟེ། ཁྲམ་ཁ་སྟོང་གི་བྱ་བ་དང་། མ་མ་སྙིང་ཁ་རག་བྱ་བ་དང་སྦྱོར་རོ། །སྲོག་གི་བཤན་པ་བསྐུལ་བ་ནི། ནམ་མཁའ་སྟོང་གི་དཀྱིལ་འཁོར་ནས། །མུན་པའི་བུ་མོ་གློག་མ་སྲིན། །སྐུ་ཡི་ཆ་བྱད་འབྱུང་བ་ནི། །སྟོང་གི་མུན་ནག་འཐིབས་པ་བྱོན། །མཁའ་བཞིན་ནག་མོ་འཇིགས་པའི་ཚུལ་སྟོན་ཅིང་། །རལ་པ་ཁམ་ནག་བར་སྣང་ཁེབས་པ་བསིག །ཐོག་འབྲུག་ཆེམ་ཆེམ་བསྐལ་པའི་སྒྲ་སྒྲོགས་ཤིང་། །ཞལ་ཆེན་གདངས་ནས་ཁམས་གསུམ་ཞལ་དུ་རྔུབས། ཁ་དགུ་གདངས་ནས་སྲིད་གསུམ་སྐོམ་དུ་འཐུང་། །བར་སྣང་ཁམས་ཀྱི་ཡེ་ཤེས་བོ་དྷི་མ། །སྐུ་ལུས་ནག་མོ་རླུད་གི་འཁོར་ལོ་ཅན། །མགྱོགས་མའི་ཆིབས་སུ་ལྕགས་ཀྱི་སྤྱང་མོ་ཆིབས། །རྔམ་པའི་ཆ་ལུགས་སྟག་གི་མཆེ་བ་གཙིགས། །ཟ་བའི་ཚུལ་སྟོན་མི་ཤ་རློན་པ་ཟ། །སྐོམ་པའི་རྟགས་སུ་མི་ཁྲག་བཤུལ་པོར་འཐུང་། །ཙིསྟ་འདྲེན་པའི་ལྕགས་ཀྱུ་ཕྱག་ན་བསྣམས། །གཡས་ཀྱི་ཕྱག་ན་མི་མགོ་འབུད་དུང་བསྣམས། ཁྱོད་ཀྱི་མིག་རྩ་རིག་རིག་བལྟས་པའི་ཚེ། །མ་མོ་འབུམ་ཡང་ཁྱེད་ལ་རིག་རིག་བལྟ། །བ་སྤུ་སེར་ནག་བསིགས་པའི་སྐྲ་གསེབ་ནས། །སྤྲུལ་པའི་ཕོ་ཉ་ལྕགས་ཀྱི་ཚ་ཚ་འཁྲུག །ལས་སུ་སྲིད་པ་གསུམ་གྱི་སྨྱོ་བཟློག་མཛད། ཁྱོད་ནི་བདུད་དང་སྲིན་པོའི་ཕོ་ཉ་སྟེ། །རྔམ་པའི་ང་རོས་སྟོང་ཁམས་སྒྲོལ་མཛད་མ། །བར་སྣང་ཁམས་ནས་ལྕགས་ཀྱི་གཞུ་བདུངས་ནས། །སྡང་བའི་དགྲ་ལ་གསེར་མདའ་སེར་པོ་འཕེན། །དགྲ་བོའི་རྣམ་ཤེས་བརྒྱད་ལ་གསེར་མདའ་ཡུ། །ཐོད་པ་ཁྲག་གི་རྒྱ་མཚོ་དཀྲུགས་དཀྲུགས་ནས། །དགྲ་བོའི་སྙིང་ལ་ཁྲག་ཟོར་ཡུ། །ལས་སུ་དགྲ་བོ་ཚོལ་ཚོལ་ནས། །དགྲ་རྙེད་ནས་ནི་ཆོ་ངས་འདེབས། །ཡུ་ཡུ་མྱ་མུ། དགྲ་བོའི་སྙིང་ལ་ཐུན་ཐུན། སྙིང་ཙིསྟ་སྙིང་ཙིསྟ། ཁ་ཤ་ཐུན་རིལ་ཡ་མ་སྙིང་ཁྲག་ཤ་མ་མ་སྙིང་དུ་ཕྱིག་ཡ༷། ཡ་ཐིབས་ཙ་ཏེ་བ༷། ཤན་པ་དུ་ཡ་སོད་སོད། །ཅེས་ཁྲག་སྦྲེངས་ཤིང་སྙིང་པོ་བཟླས་ལ་མདའ་ཕུར་བརྡེག་པར་བྱའོ། །བདུད་མོ་ཀུན་གྱི་གཙོ་མོ་དང་། མ་མོ་ཁྲག་ལ་བྱ་བ་དང་སྦྱར་ལ། སྲོག་གི་བཤན་པ་ཆེན་མོ་ནི། །སྐུ་མདོག་ཐིང་ནག་ཆེན་མོ་ལ། ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །རལ་པ་སེར་ནག་ནམ་མཁའི་ཁམས་སུ་གཏིབས། །སྤྱན་གསུམ་ཟློག་ཅིང་ཁ་བཞིན་ནག་མོར་བལྟ། །ཡ་མཁལ་ལྡིང་ཞིང་བར་སྣང་ཁམས་སུ་ཉབ། །མ་མཁལ་བཤལ་ནས་དགྲ་བོའི་ཤ་རུས་ཟ། །མི་སྙིང་བརྒྱུས་པའི་སློག་པ་སྐུ་ལ་གསོལ། །དབུ་གསུམ་རུས་སྦལ་ནག་པོའི་ཐོད་པས་བརྒྱན། །གཡས་ཀྱི་ཕྱག་ན་ཐོད་པའི་ཁྲག་ཟོར་འཕེན། །གཡོན་གྱི་ཕྱག་གིས་དགྲ་ལ་གཡབ་མོ་འདོར། །ཞབས་དྲུག་བགྲད་ཅིང་དགྲ་བོའི་སྙིང་རྩ་གཅོད། །དུར་ཁྲོད་ཀློང་དུ་ལྕགས་ཀྱི་གཞུ་བདུངས་ནས། །བསྐུལ་བའི་གནད་ནས་གསེར་གྱི་མདའ་འཕེན་མ། །དགྲ་བོའི་རྣམ་ཤེས་བརྒྱད་ལ་གཟེར་འདེབས་མ། །དཔལ་གྱི་མ་མོ་སྲིད་པའི་ཁྲག་འཐུང་མ། །མགྱོགས་པའི་ཆིབས་སུ་འཕར་བ་རྐང་གསུམ་ཆིབས། །རག་ཤ་དབུགས་དང་སྲོག་གི་ཤན་པ་མོ། །རེངས་པར་ཁུགས་ལ་དགྲ་བོའི་ཙིཀྟ་ཕྱུང་། །རླུད་ནག་འཚུབ་མ་འཁྱིལ་བའི་དཀྱིལ་འཁོར་ནས། །མཁའ་ལ་རླུད་ལྟར་གཏིབས་ཤིང་དབུགས་ལ་སྨྱོ། །ཁྲག་གི་རྦ་ཀློང་འཁྱིལ་བའི་དཀྱིལ་འཁོར་ནས། །རག་མོ་ཁྲག་འཐུང་ཁོང་གི་སྙིང་ལ་སྨྱོ། །དམ་ཉམས་དགྲ་བོ་སྡང་བྱེད་སྙིང་ལ་ཡུ། །མ་མ་ཏྲཀུ་ཤ་ཀྭ་བཱ་ཙ་ཡ། མུ་ཏི་རི་རྦད། ཤ་ཏ་ནཱ་ར་ཡུ་སོད་སོད། སྙིང་ཁྲག་ཞུས་ལ་སོད། མེ་ས་དུ་སོད་བཱ་ར་ཡ། ཤིག་ཤིག་མ་སྙིང་ལ་དུ་ཛ་ཛ། མ་དུ་མ་ཤམ་ཛ་ཛ་ཅེས་པས་རཀ་ཏ་སྦྲེང་ངོ་། །སྨན་གྱི་ཕྲན་ཀུན་གྱི་གཙོ་མོ་དང་། །མ་མ་པ་ཤ་བྱ་བ་དང་། །སྲོག་གི་བཤན་པ་ཆེན་མོ་ནི། །སྐུ་མདོག་དམར་ནག་ཆེན་མོ་ལ། །སྤྲིན་དམར་གཞའ་ཚོན་གོས་སུ་གྱོན། ཆིབས་སུ་རླུད་ནག་འཚུབས་མ་ཆིབས། །རྔམ་པའི་སྐུ་མདོག་ཟ་ཚུལ་བསྟན། །མི་ལྤགས་གཡང་གཞི་གོས་སུ་གོན། ལག་ན་ཙིཀྟའི་ཕྲེང་བ་བགྲང་། ཁ་དུག་ལྕེ་འབར་བདུད་ཀྱི་བཤན་པ་མོ། །དབུ་དགུ་གསིགས་པས་བསྐལ་པའི་མེ་སྟག་འཕྲོ། ཁ་དགུ་གདངས་ཤིང་ཁམས་གསུམ་ཟས་སུ་ཟ། །ཞལ་དུ་རྔུབས་པས་སྲིད་གསུམ་སྐོམ་དུ་འཐུང་། །སྤྱན་གསུམ་བཟློག་པས་ཁྲག་གི་རྒྱ་མཚོར་འཁྱིལ། ཁ་ནས་མེ་འབར་བདུད་བཞི་སྲེག་པར་མཛད། ཁྲོས་པའི་ཁ་བཞིན་མིག་རྩ་དམར་པོར་སྟོན། །དབུ་དགུ་རལ་པ་ཐུར་དུ་བསིགས་པ་ཡིས། །གནམ་ལྕགསཨུར་མོའི་ཐོག་དང་སེར་ཆེན་འབེབས། །ཕྱག་ན་སྐྲུ་གྲི་མཚོན་ཆ་སྣ་ཚོགས་བསྣམས། །དམ་ཉམས་དགྲ་བོ་རྣམས་ཀྱི་སྙིང་རྩ་ཆོད། །ཞལ་ནས་སྒྱུགས་པའི་བརྡའ་སྐད་ཕྱོགས་བཅུར་འབོད། །སྦྲུལ་ནག་འཁྲིགས་པའི་ཞགས་པས་བཅིངས་ནས་ཀྱང་། །རག་ཤ་མདའ་ཟོར་སྙིང་གི་དཀྱིལ་དུ་རྒྱོབ། །ཚེ་སྲོག་གཅོད་ཅིང་ཀུན་གྱི་ཕུད་ཉུལ་མ། །ལྕགས་ཀྱུ་འབར་བས་སྙིང་གི་དཀྱིལ་ནས་དྲོངས། །དམ་ལས་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །མི་མགོ་སྟོང་གི་ཐོད་ཕྲེང་བསིགས་ཤིང་སྤྱོན། །འོ་དོད་ཆེན་པོ་ཕྱོགས་བཅུར་འབོད་ཅིང་སྤྱོན། །དགྲ་བོའི་ཤ་དང་ཁྲག་ལ་ལོངས་སྤྱོད་མ། །དགྲ་ལ་ཆོ་ངེས་འདེབས་ཤིང་གཤེགས་སུ་གསོལ། །ཡུ་ཡུ་བཱ་མུ་ཧྲི་ཛ་ཛ། ཙིསྟ་བ་ཤིག་ལ། མ་བ༷་ཡ་ཐུ༷་དུར་སྙིང་དུ་བྲུར་ཙིསྟ་ཤ་ཡ། ཙིསྟ་ཤ་ཡ། ཙིཏི་ཤ་ཡ་བ༷་ཙིསྟ་ཤ་ཡ་བྲང་ཤག་མ་མ་ཐུ༷་ཡ། སྙིང་དུན་དུན་ཀེ སྙིང་ཀེ་མ་ར་ཏྲི་ཟོ་ཞིག་གཏོར་མར་སྦྲེང་ངོ་། ་་་ལེ་མ་ཀུན་གྱི་གཙོ་མོ་དང་སྔགས་དང་སྦྱར། བཤན་པ་ནི། གདུག་བྱེད་གསོད་པའི་ཕོ་ཉ་ནི། །སྐུ་མདོག་ཅིར་ཡང་མ་ངེས་ཏེ། །སྤྲུལ་པའི་མངའ་བདག་ཆེན་མོ་སྟེ། །ལྕགས་ཀྱི་སྤྱང་མོ་བརྒྱ་ལ་ཆིབས། །ཤིན་ཏུ་གདུངས་ཤིང་རྦད་པའི་ཚེ། །མེ་ལྕེ་འབར་བའི་འོད་ཟེར་འཕྲོ། །བ་སྐྲུ་ཉག་མ་རེ་རེ་ནས། །སྲིན་མོ་འབུམ་གྱི་གཟུགས་སུ་སྟོན། །གདོང་དང་མིག་ནི་ཁྲོ་ཚུལ་བལྟ། །ཕྱག་ན་ལྕགས་ཀྱུ་འབར་བ་བསྣམས། །དམ་ཉམས་དགྲ་བོའི་སྙིང་ནས་དྲོངས། །མཆི་མ་ཁྲག་གི་ཐིགས་པ་ལས། །ལྕགས་ཀྱི་སྤྱང་མོ་དགུ་བྱུང་སྟེ། །ཟས་སུ་དགྲ་བོའི་རྣམ་ཤེས་ཟ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ཡ་སོ་ལྕགས་ཀྱི་སྤུ་གྲིས་གཏམས། །མ་སོ་གསེར་གྱི་སོག་ལེས་གཏམས། །མཆེ་བ་རྣོ་དཀར་ཟླ་ཚེས་བཞིན། །སེང་གེའི་སྐྲུ་ལྟར་གཅིག་ནས་སྐྱེས་པ་ཡིས། །བ་སྐྲུ་སེར་ནག་བསྐལ་པའི་མེ་ལྟར་འབར། །སྤྱན་གསུམ་བགྲད་པའི་ཁྲོ་ཚུལ་སྟོན། །རྔམས་པའི་ཞལ་ནས་འབྲུག་སྒྲ་དྲག་པོ་སྒྲོགས། །ཆིབས་སུ་ཕག་མོ་མགོ་དགུ་ཆིབས། ཁྱོད་ནི་སྲིན་པོའི་བུ་མོ་སྟེ། །སྲིན་མོ་འབུམ་ཕྲག་བྲན་དུ་ཁོལ། །ཉམས་པའི་སྙིང་འབྱིན་ཆད་པར་བཅུག་ནས་ཟ། །མ་མ་སྙིང་སྨྱུ་ར་ཡ་ཛ་ཛ་སྙིང་ཙིསྟ། ཐུན་ཛ་ཛ། སྙིང་ཤ་ཤ་སྨྱུ་ར་། སྙིང་ཏི་མུ་ར་ཡ། ཤིན་ཏུ་ཡ་ག༷ སྙིང་དུ་བ༷་ཡ༷། སྙིང་ཁ་རག ཤ་པ་ཡ་ནི་སོད་ཡ། ཀྱིས་ཡངས་སོད། ཡ་ག་དུན་ནི་ཤ་སོད། ཅེས་པས་བརྡེག་གོ །ཆོ་ག་ཟིན་པ་དང་ཁྲ་ཟོར་སྤྱན་དྲངས་ལ་མཁར་རམ་དུར་མཆད་ལ་བརྡེག་གོ །དགྲ་བོའི་ཕྱོགས་སུ་འཕེན་ན། མདའ་ལ་བྱ་རྒོད་སྡེར་མོ་མདེའུ་རུ་བཅུག་ལ། མདའ་ཁྲག་གིས་དམར་པོར་བྱུགས་ལ། སྣ་ལ་དམར་གཏོར་འཕང་མ་མོ་རྦད་ལ་མདའ་ཕྱིས་ལ་འཕང་། ཕོ་ཉ་ནི་མ་སྨྱོ་བྱ་བ་བཏང་ངོ་། །ནམ་ལངས་པ་དང་ཕོ་རོག་ཁང་ཐོག་ཏུ་འབབ་བོ། །དེ་ལྟར་བྱུང་ན་ལས་འགྲུབ་པའི་རྟགས་སོ། །ཡུངས་ཀར་དང་ཁྲག་བརྡེག་པའི་སྔགས། རག་མོ་རག་མོ་རུ་རུ་ཚལ་པ་སྙིང་ཁྲག་མ་སྨྱོ། །ཁྲག་ལ་མུ་མུ་ཤ་མ་སྨྱོ། རག་མོ་སེར་བྱེད་སྙིང་ལ་སྨྱོ། རག་མོ་ལྟ་བྱེད་མིག་ལ་སྨྱོ། རག་མོ་ཉན་བྱེད་རྣ་བ་ལ་སྨྱོ། །རག་མོ་སྣོམ་བྱེད་སྣ་ལ་སྨྱོ། །རག་པོ་མྱོང་བྱེད་ལྕེ་ལ་སྨྱོ། །རག་མོ་སྲོག་རྒྱུད་ལུས་ལ་སྨྱོ། །རག་མོ་བམ་རིལ་རག་མོ་ཆེམ་ཆེམ་ཆེམ། རག་མོ་པ་ཤ་པ་ལ་ཛ་ཛ། རག་མོ་སྙིང་རྒྱུད་རྩ་ལ་ཛ་ཛ། རྩ་རྒྱུད་སྲོག་ལ་ཛ་ཛ། སྲོག་རྒྱུད་དབུགས་ལ་ཛ་ཛ། རུ་ལུ་རུ་ལུ་མདའ་དེ་སྨྱོ། དགྲ་བོའི་སྙིང་ལ་ཐུན་སྦྱོ་ཞེས་པས་ལས་འགྲུབ་པ་སྟེ། གསང་བ་ཡང་ཏིག་གི་ལེའུ་སྟེ་བརྒྱ་སུམ་ཅུ་པའོ།། །།དེ་ནས་མ་མོ་བསྐུལ་བ་བསྟན་པ་ནི་ཕོ་ཉ་ཐམས་ཅད་ཀྱི་གཙོ་མོ་ཁྲམ་ཁ་སྟོང་གི་དབང་མོ་ཆེའོ། །དེ་བསྐུལ་བ་ནི། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྐུ་ཡི་ཆ་བྱད་བྱུང་བ་ནི། །སྐུ་ནི་རིན་ཆེན་ནམ་མཁའི་སྐུ། ་༑ན་ཏུ་འབར་བའི་སྐུ་མངའ་བ། །གསུང་ནི་སྟོང་ཁམས་གྲགས་པར་འབྱུང་། །ཕྱག་ཀྱང་འབུམ་ཕྲག་བསམ་ཡས་ཏེ། །ཕྱག་ན་དར་ནག་འབུམ་བསྣམས་ཤིང་། །བདུད་ཀྱི་དམག་དཔུང་རྡུལ་དུ་རློག །ཕྱག་ན་རག་ཤའི་མདའགཞུ་འགེངས། །དགྲ་བགེགས་མ་ལུས་ཐལ་བར་རློག །སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །ཕོ་ཉ་འབུམ་གྱི་གཟུགས་སྣང་བས། །སྲིད་པ་གསུམ་གྱི་མུ་སྟེགས་འདུལ། །བདུད་ཀྱི་ཁྲག་གི་མ་མོ་ངོམས་བྱེད་ཅིང་། །བདུད་ཀྱི་ཁྲག་གི་མ་མོ་སྐུ་རྒྱན་བཞུགས། །ཐུགས་དམ་དུས་ལ་བབ་པོ་ཕྲིན་ལས་མཛོད། །སྲོག་གི་སྙིང་པོ་དམ་ལས་མ་འདའ་ཞིག །བདུད་མོ་ཐམས་ཅད་ཀྱི་གཙོ་མོ་རི་རབ་གླིང་བཞི་དབང་མོ་ཆེའོ། །དེ་བསྐུལ་བ་ནི། །རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །སྐུ་ཡི་ཆ་བྱད་བྱུང་བ་ནི། །སྲིན་མོ་འབུམ་གྱི་ཐོད་པས་བརྒྱན། །ཐོད་པ་རབ་ཏུ་གསིགས་པ་ཡིས། །བདུད་ཀྱི་དཔུང་ཡང་རྡུལ་དུ་རློག །ཞབས་ཀྱང་འབུམ་ཕྲག་ཡངས་པར་འབྱུང་། །ཞབས་ཀྱིས་རི་རབ་གླིང་བཞི་གནོན། །བདུད་ཀྱི་གཡུལ་ཡང་འཇོམས་པར་མཛད། །གཡས་ཀྱི་ཕྱག་ན་བསྣམས་པ་ནི། །སྤུ་གྲི་འབར་བའི་ཞགས་པ་དང་། །ཞིང་གི་དབྱུགས་པ་བསྣམས་པས་ནི། །བཀའ་ལས་འདའ་བ་ཐམས་ཅད་སྒྲོལ། །གཡོན་གྱི་ཕྱག་ན་བསྣམས་པ་ནི། །ལྕགས་མདུང་འབར་བ་འབུམ་ཕྲག་ལ། །དར་ནག་འབར་བ་འབུམ་གྱིས་བཀླུབས། །ལྷ་སྲིན་མང་པོའི་དཔུང་ཡང་བཟློག །སྐུ་མདོག་དམར་ནག་སྒེག་པ་ལ། །དབུ་གསུམ་རབ་ཏུ་འཇིགས་པར་སྣང་། །དབུ་སྐྲ་རལ་ནག་འབར་བ་ལ། །རལ་པ་གྱེན་དུ་གསིགས་པ་ཡིས། །སྟེང་གི་ལྷ་རྣམས་དབང་དུ་སྡུད། །རལ་པ་ཐད་ཀར་གཟིགས་པ་ཡིས། ཁམས་གསུམ་མ་ལུས་དབང་དུ་སྡུད། །རལ་པ་ཐུར་དུ་གསིགས་པ་ཡིས། །མི་ཡུལ་དགྲ་བགེགས་རྡུལ་དུ་རློག །ཐུགས་དམ་དུས་ལ་བབ་ཀྱི་ཕྲིན་ལས་མཛོད། །སྲོག་གི་སྙིང་པོ་དམ་ལས་མ་འདའ་ཞིག །སྨན་ཕྲན་ཀུན་གྱི་གཙོ་མོ་སྟེ། །ས་གཞི་འདེགས་པའི་དབང་མོ་ཆེ། །དེ་བསྐུལ་བ་ནི། ཐེག་ཆེན་ས་གཞིའི་དཀྱིལ་འཁོར་ནས། །སྐུ་ཡི་ཆ་བྱད་བྱུང་བ་ནི། །སྣང་སྲིད་ཀུན་གྱིས་སྐུ་བརྒྱན་ཅིང་། །དབུ་ནི་ལྕགས་མདུང་མེས་བསྲེགས་འདྲ། །བ་སྐྲུ་ཀུན་གྱི་བུ་ག་ནས། །ལྕགས་ཀྱི་མཚོན་ཆ་སྣ་ཚོགས་འཕྲོ། །རབ་ཏུ་འབར་བས་དགྲ་བགེགས་འཇིལ། །ཕྱག་རྒྱ་གཡོན་པ་བཞི་བྱུང་བས། །ལྕགས་ཀྱུ་མེ་འོད་འབར་བ་བསྣམས། །དགྲ་བགེགས་མ་ལུས་སྙིང་ནས་འདྲེན། །ཕྱག་རྒྱ་གཡས་པ་བཞི་བྱུང་བས། །རལ་གྲི་མེ་འོད་འབར་བ་བསྣམས། །དགྲ་བགེགས་མ་ལུས་སྙིང་ཆེན་འབྱིན། །ཞབས་དགུ་ཐུར་དུ་བྱུང་བ་ནི། །རྡོ་རྗེ་ཕུར་བུ་དགུ་དྲིལ་ཞིང་། །དགྲ་བགེགས་མ་ལུས་སྙིང་ལ་འགེམས། ཁམས་གསུམ་སྒྲོལ་བའི་ཞེ་སྡང་གིས། །ཕ་རོལ་གདུག་པའི་ཞེ་སྡང་གཅོད། །ཐུགས་དམ་དུས་ལ་བབ་ཀྱི་ཕྲིན་ལས་མཛོད། །སྲོག་གི་སྙིང་པོ་དམ་ལས་མ་འདའ་ཞིག ་་་ལེ་ཀུན་གྱི་གཙོ་མོ་སྟེ། །རྒྱ་མཚོ་གླིང་གི་དབང་མོ་ཆེ། །དེ་བསྐུལ་བ་ནི། རྒྱ་མཚོ་གླིང་བཞིའི་དཀྱིལ་འཁོར་ནས། །སྐུ་ཡི་ཆ་བྱད་བྱུང་བ་ནི། །སྐུ་ནི་རིན་ཆེན་འབར་བ་ལ། །གཡུ་ཡི་དབུ་ལ་ཤེལ་གྱི་གདོང་། །སྐུ་ལས་འོད་ཟེར་འཕྲོས་པ་ཡིས། ཁམས་གསུམ་མ་ལུས་བདུད་དཔུང་འཇོམས། །དེ་ཡི་ཐོད་པ་དམར་པོ་ནི། །ཡང་དག་གསང་བའི་དཀྱིལ་འཁོར་འདིར། །རྡོ་རྗེ་རལ་པ་གཡེངས་པ་ཡིས། ཁམས་གསུམ་མ་ལུས་དམྱལ་ཐག་གཅོད། །དེ་ཡི་ཞེ་སྡང་ཆེན་པོས་ནི། །རྡོ་རྗེ་མཚོན་ཆ་རབ་ཏུ་འབེབས། །མི་བཟད་གདོན་དང་དགྲ་བགེགས་སྒོལ། །ཕྱག་ན་མདུང་དམར་གཞིབས་པ་ལ། །དར་ནག་འབུམ་གྱིས་བཀླུབས་ནས་ནི། །ཕས་ཀྱི་གཡུལ་ངོ་ཟློག་པར་མཛད། །ཟློག་ཅིག་ཐུགས་དམ་དུས་ལ་བབ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །སྲོག་གི་་སྙེང་པོ་དམ་ལས་མ་འདའ་ཞིག །སྲོག་གི་སྙིང་པོ་རྣམ་གསུམ་དྲངས་ཤིང་བརྣག་པའི་ལས་བཅོལ་ལོ། །བསྐུལ་བའི་ལེའུ་སྟེ་བརྒྱ་སོ་གཅིག་པའོ།། །།དེ་ནས་ཡང་ཕྲིན་ལས་རྫོགས་རྟགས་བྱུང་ནས་དངོས་གྲུབ་བླང་བ་བསྟན་པ་ནི། །བྷན་དྷ་མཚན་དང་ལྡན་པའི་ནང་དུ་བདུད་རྩི་བླུགས་ལ། དམ་བཅའ་བ་དང་དམ་བསྲེ་ བ་བདུད་རྩིས་བྱས་ལ། །དེ་ནས་ཞལ་ཟས་རྣམ་པ་སྣ་ཚོགས་པ་བསགས་ཏེ་བདུད་རྩིས་བསངས མཚམས་དྲག་ཏུ་བཅད། བཟླས་པ་མང་དུ་བྱ། དེ་ནས་དངོས་གྲུབ་བླང་སྟེ། འདི་སྐད་དོ། །ཧུ༷། རང་བཞིན་རྣམ་དག་པདྨའི་སྐུ་འཁྲུངས་པ། །རིག་འཛིན་རྩལ་འཕང་ཆོས་ཀྱི་དབྱིངས་ཉིད་ཧུ༷། །ཡང་དག་མཐར་ཕྱིན་བདག་ཉིད་སྨྲེང་ཞིང་གསོལ། །མ་ཡིས་མངོན་སྤྱོད་དངོས་གྲུབ་བདག་ལ་སྩོལ། །ཧུ༷། ཆོས་ཉིད་དོན་རིག་པདྨའི་སྐུ་འཁྲུངས་པ། །སྐྱེ་འགྲོ་འབྱུང་འགྱུར་ཡུམ་ཆེན་དབྱིངས་ཀྱི་ངང་། །ཡུམ་ཆེན་གཟི་ལྡན་པདྨའི་ངང་ཉིད་ཐུགས། །དེ་ཉིད་མཉམ་དགོངས་དངོས་གྲུབ་བདག་ལ་སྩོལ། །ཧུ༷། །ང་ཡི་ཁྱད་པར་རིག་པ་མངོན་པར་བཞུགས། །ཐུགས་རྗེ་རྔམ་འབྱུང་བྷན་དྷ་རྟགས་ཀྱིས་འབོད།་།མ་ཆེན་སྙིང་གི་དངོས་གྲུབ་བདག་ལ་སྩོལ། །ཧུ༷། །མཁའ་དབྱིངས་དག་པའི་ནམ་མཁའི་ཀློང་འཁྱིལ་དུ། །རིགས་མཆོག་དག་པའི་དངོས་གྲུབ་བདག་ལ་སྩོལ། །ཧུ༷། །རབ་འབྱམས་བདེན་མོས་ཡང་དག་གདོན་གྲུབ་མ། །འབྲས་བུ་མི་དམིགས་ཐུགས་རྗེའི་དང་འབྱམས་མ། །མཐའ་ཡས་ཀློང་གི་དངོས་གྲུབ་བདག་ལ་སྩོལ། །ཧུ༷། བཀྲ་ཤིས་བདེན་མོའི་དང་འབྱམས་མ། །ཐུགས་མཆོག་ཡུམ་གྱི་དངོས་གྲུབ་དག་ལ་སྩོལ། །ཧུ༷། ཕྱག་རྒྱ་རིགས་མོ་ཡངས་པས་ཀུན་ཏུ་གསལ། །མ་གཅིག་ཐུགས་རྗེ་ཆེན་པོ་བདག་ལ་སྩོལ། །ཧུ༷། །མྱ་ངན་འདས་པའི་ཆོས་ལ་ཟབ་མོས་པ། །ས་བདག་རྒྱལ་པོའི་དངོས་གྲུབ་བདག་ལ་སྩོལ །ཧུ༷། །མི་མཉམ་བྷ་ག་དག་པ་ཆོས་ཀྱི་སྐུ། །བདག་གི་རྣམ་ཤེས་ཙིསྟ་བེམ་པོ་འདི། །གཏི་མུག་ཤས་བསྡུས་རང་བཞིན་མུན་པའི་ཁམས། །ནང་ཁྲོལ་ཕྱིར་ཤ་རྩ་བརྒྱད་འཁོར་བའི་རྒྱུ། །མ་དག་དག་ཕྱིར་ཡི་དམ་ལྷ་ཁྱོད་ལ། །འབྲས་བུ་ཐོབ་ཕྱིར་བདག་གིས་སྨྲེང་གསོལ་ན། །མ་ལ་ཡེ་ཤེས་སྤྱན་མངའ་བས། །སྤྱན་གྱི་དངོས་གྲུབ་བདག་ལ་སྩོལ། །མ་ལ་ཡེ་ཤེས་ཐུགས་མངའ་བས། །ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཧུ༷། རིགས་མཆོག་ཁྱད་པར་སྤྲུལ་པ་མངོན་འབྱིན་མ། །མ་ལ་སྐུ་མཆོག་ཁྱད་པར་བསམ་ཡས་པས། །སྐུ་མཆོག་ཁྱད་པར་དངོས་གྲུབ་བདག་ལ་སྩོལ། །མ་ལ་རྫུ་འཕྲུལ་རྐང་མངའ་བས། །རྐང་མགྱོགས་དངོས་གྲུབ་བདག་ལ་སྩོལ། །ཧུ༷། མ་ལ་ཡེ་ཤེས་ཞལ་མངའ་བས། །མི་བརྗེད་གཟུངས་གྱི་དངོས་གྲུབ་བདག་ལ་སྩོལ། །ཧུ༷།དུས་འདི་ཐམས་ཅད་གཟུངས་བའི་སྙོམས་པའི་ཁམས། །སྐལ་ལྡན་དད་མོས་བདག་གིས་སྨྲེང་གསོལ་ན། །བྱིན་རླབ་མཐུ་ཆེན་སྩོལ་བའི་དུས་ལ་བབ། །དྲག་ཤུལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དངོས་གྲུབ་བླང་བའི་ལེའུ་སྟེ་བརྒྱ་སོ་གཉིས་པའོ།། །།དེ་ནས་ཡང་སེར་བའི་ཐབས་ལ་སྦྱོར་བར་འདོད་ན་ལས་འདི་བྱའོ། །ཞིང་གི་གཡང་གཞི་ཡན་ལག་བཞི་ལ་སྲོག་ལ་བྱེད་ན་བཤན་པ་མོ་བཞི་བྲིས་ལ་སྦྱར་རོ། །སེར་བ་ལ་སྦྱར་ན་གདོང་མོ་བཞི་སྦྱན་དྲངས་ཏེ། ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། ཁྲར་གྱི་སྟག་སྲིན་ཟེར་བ་གདོང་། །ཐོག་མདའ་ཐམས་ཅད་གཤེགས་ཤིང་གཤེགས། །ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་བམ་སྲིང་དྲེད་མོ་གདོང་། །སྲིང་གཅིག་གཟེར་ཐབས་བདག་མོ་ད་ཚུར་སྤྱོན། །ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ནུབ་ཀྱི་ཀོང་སྲིན་བན་གླང་གདོང་། །སྲིང་གཅིག་གླང་ཐབས་བདག་མོ་ད་ཚུར་སྤྱོན། །བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །བྱང་གི་འཕྲོག་སྲིན་ཆུ་སྲིན་གདོང་། །རི་རབ་རྩེ་ནས་འབྲུག་སྒྲོགས་མ། །འབྲུག་ལྡིང་གློག་འགྱུ་ད་ཚུར་སྤྱོན། །ཞེས་སྤྱན་དྲངས་ལ། །དེ་ནས་སྔགས་ཀྱིས་བརྟན་པར་བཞུགས་སུ་གསོལ་བ་ནི། རག་མོ་རག་མོ་སྙིང་རྩ་ཤ་མ་མ་ས་མ་ཡ་ཏིཁྱི་ལྷན། རག་མོ་རག་མོ་རུ་རུ་རོ་རུ་ཙ་པ་ལ་དགྲ་བོའི་སྙིང་ཁ་རག་ས་མ་ཡ་ཏིརྫི་ལྟན། རག་མོ་རག་མོ་ཙབ་མོ་ཙབ་མོ། ཁྲག་ལ་མུ་ཤ་མ་ས་ཡ་ཏིཛི་ལྷན། རག་མོ་རག་མོ་ཏྲག་མོ་ཏྲག་ཤིག་ཤིག་དགྲ་བོའི་སྙིང་ཁ་རག་ལ་མ་ས་ཡ་ཏིཇི་ལྷན། མ་མོ་རྣམས་དམ་ཚིག་གི་དབང་གིས་ས་མ་ཡ་ཏིཇི་ལྷན། ཞེས་པས་བཞུགས་སུ་གསོལ་བར་བྱའོ། །སྤྱན་དྲངས་པ་དང་བཞུགས་སུ་གསོལ་བའི་ལེའུ་སྟེ་བརྒྱ་སོ་གསུམ་པའོ།། །།དེ་ནས་མཆོད་པ་འབུལ་ཏེ། ཤ་ཁྲག་སྣ་ཆོགས་པ་དང་ར་ཁམ་རོག་གི་ཤ་ཁྲག་གི་མཆོད་པ་དབུལ་བར་བྱ་སྟེ།འདི་སྐད་དོ། ཁྲར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། ཁྲར་གྱི་སྟག་སྲིན་ཟོར་བ་གདོང་། །ནམ་མཁའི་དཀྱིལ་ནས་ཐོག་འབེབས་མ། །འདིར་གཤེགས་རྣལ་འབྱོར་མཆོད་པ་ཞེས། །ལྷོ་ཡི་བམ་སྲིན་དྲེད་མོ་གདོང་། །བར་སྣང་ཁམས་ནས་འབྲུ་སྒྲོགས་མ། །འདིར་གཤེགས་རྣལ་འབྱོར་མཆོད་པ་བཞེས། །ནུབ་ཀྱི་ཀོང་སྲིན་གློག་འགྱུ་མ། །འདིར་གཤེགས་རྣལ་འབྱོར་མཆོད་པ་བཞེས། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །འདིར་གཤེགས་རྣལ་འབྱོར་མཆོད་པ་བཞེས། །ཞེས་པའི་རྟིང་མ་ལ་སོགས་གོང་གི་མཆོད་སྔགས་ཏེ། དེའི་མཐར་གྲྭ་ཧྭ་ཞེས་བཏགས་ལ་གཟར་བུའི་ནང་དུ་རཀྟ་སྦྲེང་ངོ་། །རའི་སྙིང་ནང་དུ་མིང་རུས་དང་༄༅ བཅས་པའི་གཟུགས་བཅུག་ལ་བསྟབ་པར་བྱ་སྟེ། རྣལ་འབྱོར་དམ་ཚིག་ཅན་གྱི་གྲོགས་མཛད་མ། ཁྲ་ཁྲག་དམར་གྱི་ཕོ་ཉ་རྗེས་གཅོད་མ། །ཙ་རའི་སྙིང་དང་ཁྲག་ལ་དགྱེས། །ལེགས་ཉེས་ཀུན་གྱི་སྟངས་འཛིན་མ། །ཤ་ཁྲག་དམར་གྱི་རྗེས་གཅོད་མ། །ཕྲིན་ལས་དམ་ཉམས་གཤེད་དམར་གཤེགས། །དམ་ཉམས་གཤེད་དམར་ཞལ་འཆེས་མ། །མནའ་ཟན་གང་ཡིན་ཁྲིད་ལ་ཤོག །སྔགས་གོང་མ་ལ་ཁ་ར༷་ཁྭ་ཧི་ཞེས་པས་བསྟབ་པར་བྱའོ། །མཆོད་པ་དབུལ་བ་དང་བསྟབ་པའི་ལེའུ་སྟེ་བརྒྱ་སོ་བཞི་པའོ།། །།གསང་བའི་སྔགས་བསྟན་པ་ནི། །གུ་སི་དན་མ་དགྲ་ལ་སྨྱོ། ཨུ་ཙུགྱི་ཤ་དགྲ་ལ་སྨྱོ། །ཁ༷་ཁ་རྦད་ཤ་དགྲ་ལ་སྨྱོ། སྙིང་ཁ་རག་མ་དགྲ་ལ་སྨྱོ། སྦྱོ་སྨྱོ་སྨྱོ་སྨྱོ། འུ་ཡ༷་ལོ་ཐོག་ལ་སྨྱོ། ས་ཤར་པ་བ་ལོ་ཐོག་ལ་སྨྱོ། ནལ་ཆན་ལོ་ཐོག་ལ་སྨྱོ། ཐོར་ཐོག་ལོ་ཐོག་ལ་སྙོ། ཨོ་ཧ་ཡ་རྒི་བ༷་ཧྲི། པདྨ་བ་མོ་ཏ་ཧྲི། ཙ་ན་ད་རག་ཤ་ཧྲི་དབང༷་།ཙིན་ད་ཙི༷ན་ད་ཤ་ད་ཡ་མུན་ཏ་ཀ་ཧུ༷་པ་ཙ་པ་ཙ་ཧུ༷་ཕཊ། ཛ་ལ་ཛ་ལ་ར༷ ཛ་ལ་ཛ་ལ་ར༷་ཧུ༷་ཕཊ། མ་མ་རིལརིལ། ཤར་ཤར་ཏྲ་སྒག་ཏུ་ཙ་ཏུ་ཙ་ཤུ་ཏི་ཕྲོ། ཙ་མུན་དུད་ཕྲོ། ཡ་མྱན་ཏ་ཀ་ཨ་དཀར་དུ་རུ་དུ་མྲ ཕྲ༷་དུད་ཕྲོ།དཀར་ཕྲོ་ཡི་ཏི་སྨིན། ཤར་ཤ་ལ་ལྟ་ཧྲིལ་སྨྱོ། རག་མོ་སྙིང་ཙ་རུ་རུ་ཙབ་མོ་སྙིང་ཁ་རག་གུ་སི་དན་མ་ཤག་མུ་ཤ་མ་སྨྱོ། ཞེས་པ་སྟེ་སྔགས་འདིས་ཐམས་ཅད་འགྲུབ་པའོ། །གསང་བ་སྔགས་ཀྱི་ལེའུ་སྟེ་བརྒྱ་སོ་ལྔ་པའོ།། །།རྫས་སྣ་བསྟན་པ་ནི། ཡུལ་གང་དུ་ལས་བྱེད་པའི་སྔོ་སྣ་ཚང་བར་བླངས་ལ། དེ་རྣམས་བརྡུངས་ལ་ཁྲག་གི་ཟངས་བུ་རུ་མཆོད་པ་དབུལ་ལོ། །ཚིལ་ཆེན་གྱི་དུད་པ་བཏང་། །དེ་ནས་མཐུན་པའི་རྫས་གང་བྱེད་པས་ལྷ་བསང་། གང་ལ་བྱེད་པའི་ཡུལ་ལྷ་ཡང་རུང་སྟེ་གཟུགས་ལ་ཕུར་པས་གདབ། ཕུར་བུའི་ངོས་བཞི་རུ་སྲོག་གི་སྙིང་པོ་ཐི། ཕུར་པ་སེང་ལྡེང་ལ་བགྱི། བདེན་བ་དར་མ་ཉེས་པའི་དཔང་གཟུག ཡམས་ནད་འབེབས་པར་འདོད་ན། དུག་སྣ་ཚོགས་དང་ཁྲག་སྣ་ཚོགས་དང་སྔོ་ཁུར་སྤྱིན་བསྲེག་བྱ། །དེའི་ཐལ་འཇིམ་དེ་ཕྱོགས་སུ་རླུད་ཕྱོགས་མ་ལངས་པ་ལ་གཏོར་ཞིང་སྔགས་བཟླས་ན་ཡམས་ནད་འོང་། ཐལ་འཇིམ་དེ་ཕྱུགས་ལ་གཏོར་ནས་སྔགས་བཟླས་ན། ཡམས་ནད་ལྷོག་རྒལ་འབྱུང་ངོ་། །མི་ལ་གཏོར་ན་ཕོ་གཟེར་དང་གླང་ཐབས་འོང་ངོ་། །མཁར་གྱི་གྲམ་རྩར་སྦས་ན། མཁར་འཇིག་གོ །ལས་འདི་བྱས་ན་ཁྲག་གི་སེར་བ་དགུན་ཡང་འབེབས་ན་སྟོན་ཟླ་གསུམ་ལ་སྨོས་ཀྱང་ཅི་འཚལ། ཞེས་གསུངས་སོ། །རྫས་བསྟན་པ་དང་སྐྱིན་ཐང་དབབ་པའི་ལེའུ་སྟེ་བརྒྱ་སོ་དྲུག་པའོ།། །།དེ་ནས་ཡང་སྲིད་པ་ལས་ཀྱི་མ་མོ་དང་། བདེ་འགྲོ་ལས་ཀྱི་མ་མོ་དང་། མཁས་པ་ལས་ཀྱི་མ་མོ་དང་། རྒྱུའི་བདེ་འགྲོ་ལས་ཀྱི་མ་མོ་དང་། སྲས་ཀྱིས་དབང་དུ་བསྡུས་པ་ལས་ཀྱི་མ་མོ་དང་། གྲགས་པ་ལས་ཀྱི་མ་མོ་དང་། གྲང་ཀྲིད་ལས་ཀྱི་མ་མོ་དང་། ཡང་གསལ་ལས་ཀྱི་མ་མོ་དང་། ཤུ་བ་བན་ཆེན་ལས་ཀྱི་མ་མོ་དང་། འཇུག་པ་ལས་ཀྱི་མ་མོ་དང་། འཕེན་པ་ལས་ཀྱི་མ་མོ་དང་། །རྡོ་རྗེ་དབང་ཕྱུག་ལས་ཀྱི་མ་མོ་དང་། །ལག་པ་གཅོད་པ་ལས་ཀྱི་མ་མོ་དང་། །དོན་ལ་མཁས་པ་ལས་ཀྱི་མ་མོ་དང་། །མཁའ་ལ་འགྲོ་བ་ལས་ཀྱི་མ་མོ་དང་། །དབྱིངས་ལ་ཤར་བ་ལས་ཀྱི་མ་མོ་དང་། །གདུག་པ་འདུལ་བ་ལས་ཀྱི་མ་མོ་དང་། ཁུ།་མ་འདྲེན་པ་ལས་ཀྱི་མ་མོ་དང་། །རོ་ལ་དགའ་བ་ལས་ཀྱི་མ་མོ་དང་། །ནད་ཁ་གཏོང་བ་ལས་ཀྱི་མ་མོ་དང་། ཁྲག་ཚིལ་འཇིབས་པ་ལས་ཀྱི་མ་མོ་དང་། །སྣང་སྲིད་ཉུལ་བ་ལས་ཀྱི་མ་མོ་དང་། །མངལ་ནས་འདྲེན་པ་ལས་ཀྱི་མ་མོ་དང་། །ཕུར་བུ་འཕེན་པ་ལས་ཀྱི་མ་མོ་དང་། །དབུགས་ལ་མངའ་མཛད་ལས་ཀྱི་མ་མོ་དང་། །གཙོ་ལ་བཏབ་པ་ལས་ཀྱི་མ་མོ་དང་། །རག་མོ་ཤ་ཟན་ལས་ཀྱི་མ་མོ་དང་། །དཀར་མོ་ཤ་ཟན་ལས་ཀྱི་མ་མོ་དང་། །སྔོན་མོ་དྲོད་ལེན་ལས་ཀྱི་མ་མོ་དང་། །སྤྱི་འདུལ་ལས་ཀྱི་མ་མོ་དང་། །གླིང་བཞི་རྒྱལ་མོ་ལས་ཀྱི་མ་མོ་དང་། །སྲིན་མོ་འཇིགས་བྱེད་ལས་ཀྱི་མ་མོ་དང་། །གླིང་བཞི་རྒྱལ་མོ་ལས་ཀྱི་མ་མོ་དང་། །གནོད་སྦྱིན་རྒྱལ་མོ་ལས་ཀྱི་མ་མོ་དང་། །རལ་གཅིག་འཇིགས་བྱེད་ལས་ཀྱི་མ་མོ་དང་། །རྔམས་མ་འཇིགས་ཚོགས་ལས་ཀྱི་མ་མོ་དང་། ཁྲ་ཟན་ཁྲག་འཐུང་ལས་ཀྱི་མ་མོ་དང་། །རུས་པ་འཇིགས་ཚོགས་ལས་ཀྱི་མ་མོ་དང་། །དམ་སྲི་འཇིགས་ཚོགས་ལས་ཀྱི་མ་མོ་དང་། །ཕྱག་བརྙན་གཙོ་མོ་ལས་ཀྱི་མ་མོ་དང་། །བུད་མེད་འཇིགས་ཚོགས་ལས་ཀྱི་མ་མོ་དང་། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལས་ཀྱི་མ་མོ་དང་། །མི་མོ་ཡེ་ཤེས་མཁའ་ལྡན་ལས་ཀྱི་མ་མོ་དང་། །ལྕགས་ཀྱི་བྱ་ཁྲ་ལས་ཀྱི་མ་མོ་དང་། །དབང་བྱེད་ཁ་འབར་ལས་ཀྱི་མ་མོ་དང་། །གཤིན་རྗེ་ཁ་འབར་ལས་ཀྱི་མ་མོ་དང་། །རྒྱ་ཡུལ་སྤྱན་ཕྲན་ལས་ཀྱི་མ་མོ་དང་། །གཡུའི་རལ་ཅན་ལས་ཀྱི་མ་མོ་དང་། །གཅེར་བུ་རྒྱུག་པ་ལས་ཀྱི་མ་མོ་དང་། །ཚིག་གི་དོན་བསྲུངས་ལས་ཀྱི་མ་མོ་དང་། །མཆེ་གཅིག་རྩད་གཅོད་ལས་ཀྱི་མ་མོ་དང་། །ཚལ་པར་གཏོང་བ་ལས་ཀྱི་མ་མོ་དང་། །རྐན་རྡེབ་ཕྲིན་ལས་ཀྱི་མཛད་རྩ་ལས་ཀྱི་མ་མོ་དང་། །བུད་མེད་མཛེས་པ་ལས་ཀྱི་མ་མོ་དང་། ཁྲ་རེ་ཛ་ཛ་ལས་ཀྱི་མ་མོ་དང་། །དམག་གི་རྒྱལ་མོ་ལས་ཀྱི་མ་མོ་དང་། །དགྲ་བླའི་རྒྱལ་མོ་ལས་ཀྱི་མ་མོ་དང་། །བག་ཞད་ཐལ་བར་རློག་པ་ལས་ཀྱི་མ་མོ་དང་། །དམ་ཚིག་གཉན་པོ་ཚུལ་བཞིན་བསྲུངས་པ་ལས་ཀྱི་མ་མོ་དང་། །ཐུགས་དམ་བསྐུལ་བ་ལས་ཀྱི་མ་མོ་དང་། །ཆ་ལུགས་བརྟེན་པ་ལས་ཀྱི་མ་མོ་དང་། །གྲུབ་པའི་ལྷ་མོ་ལས་ཀྱི་མ་མོ་དང་། །ཕྲིན་ལས་མཛད་པ་ལས་ཀྱི་མ་མོ་དང་། །མཁའ་ལྡིང་གསེར་ཅན་ལས་ཀྱི་མ་མོ་དང་། །གླེང་ག་ཏྭ་ར་ལས་ཀྱི་མ་མོ་དང་། ཁྲོ་གཉེར་སྲོག་བདག་ལས་ཀྱི་མ་མོ་དང་། ་།་ཁྲག་སྲོག་བདག་ལས་ཀྱི་མ་མོ་དང་། །སྨེ་ཤ་སྲོག་བདག་ལས་ཀྱི་མ་མོ་དང་། །མཁའ་ལྡིང་རོ་ཟ་རྔམ་བྱེད་ལས་ཀྱི་མ་མོ་དང་། །ད་ར་སྲི་བདག་ལས་ཀྱི་མ་མོ་དང་། །ད་ར་དབུགས་ལེན་ལས་ཀྱི་མ་མོ་དང་། །དུ་ར་ཡིད་འཕྲོག་ལས་ཀྱི་མ་མོ་དང་། ཁྱབ་གདལ་ཕོ་ཉ་ལས་ཀྱི་མ་མོ་དག །ལ་ལའི་ལག་ན་རྒྱུ་ཞགས་འཆིང་། །ལ་ལའི་ལག་ན་ཐོད་ཕྲེང་འཛིན། །ལ་ལ་ཞིང་ཆུང་བ་སུ་འདྲེན། །ལ་ལ་མིག་མེད་རྒྱ་མཚོ་སྐེམས། །ལ་ལ་འགུགས་བྱེད་ལྕགས་ཀྱུ་འཛིན། །ལ་ལ་སྦྲུལ་ནག་ཞགས་པ་འཛིན། །ལ་ལ་ཕོ་ཉ་འགུགས་ཤིང་འདྲེན། །སྲིད་པའི་བུ་གཅིག་མ་དང་བརྒྱ་བཅུ་གཅིག་གཤིན་རྗེའི་ལྕམ་མོ་དཔལ་གྱི་ཕྱག་བརྙན་དཔལ་གྱི་དྲི་སྣ་ཚོགས་མ་དང་། གཤིན་རྗེའི་ལྕམ་མོ་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་དང་། ཡ་བཱན་ལྕམ་མོ་ཡེཤེས་མཁའ་ལྡན་མིང་མོའི་དཔལ་དང་། ཡ་མྱན་ལྕམ་མོ་སྲིང་གཅིག་འབར་བ་དང་། ཡ་མྱན་ལྕམ་མོ་བྱིས་པ་ལས་ཀྱི་དུར་བྱེད་མ་དང་། ཡ་མུན་ལྕམ་མོ་སྲིད་པའི་བདེ་འགྲོ་མ་དང་། ཡ་བཱན་སྲིན་མོ་ལས་ཀྱི་བདེ་འགྲོ་མ་དང་། ཡ་ནཱན་ལྕམ་མོ་མཁའི་བདེ་འགྲོ་མ་དང་། ཡ་མུན་ལྕམ་མོ་རྒྱུའི་བདེ་འགྲོ་མ་དང་། ཡ་མྱན་ལྕམ་མོ་སྲས་ཀྱི་བདེ་འགྲོ་མ་དང་། གཤིན་རྗེ་ཀྲང་ཀྲི་ཡང་གསལ་གཡོས་དང་། ཡ་མྱན་ལྕམ་མོ་བམ་ཆེན་ཤུ་བའི་ཡང་གསལ་གཡོསདང། གཤིནརྗེའིལྕམ་མོ་ལས་ལ་འཇུག་པས་ཡང་གསལ་གཡོསདང། གཤིནརྗེའིལྕམ་མོ་ཙིསྟ་འཕེན་པའི་ཡང་གསལ་གཡོསདང། གཤིནརྗེའིལྕམ་མོ་གསང་སྔགས་མ་ཡང་གསལ་གཡོས་དང་།ཡ་མུན་ལྕམ་མོ་མངལ་ནས་འདྲེན་མ་དང་། གཤིན་རྗེའི་ལྕམ་མོ་རོ་ལ་དགའ་བའི་ལེན་མ་དང་། གཤིན་རྗེའི་ལྕམ་མོ་ཁྲག་ཚིལ་ལེན་མ་དང་། གཤིན་རྗེའི་ལྕམ་མོ་མ་མོ་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་རྒྱུ་མ་འདྲེན་མ་དང་། གཤིན་རྗེའི་ལྕམ་མོ་དགྲ་བགེགས་ལེན་དང་། གཤིན་རྗེའི་ལྕམ་མོ་སྣང་སྲིད་ཀྱི་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་མ་མོ་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་གང་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་སྲས་ཀྱི་དབང་དུ་སྡུད་མ་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་གསང་སྔགས་མ་སྤྱི་ཕུད་མ་དང་། མཚོ་སྨན་རྒྱལ་མོ་དང་ཉི་ཤུ་རྩ་གཅིག དབྱིངས་ཀྱི་བཀའ་སྡོད་བློན་མོ་གཅིག་མ། བཀའ་གཉན་བློན་མོ་པྲེ་ཏ་ལི།གཤིན་རྗེའི་ལྕམ་མོ་བཀའ་སྡོད་བློན་མོ་སྣང་སྲིད་སྤྱི་ཕུད་མ་དང་། སེམས་ལས་བསྐྱེད་པའི་བཀའ་སྡོད་བློན་མོ་ཡང་གསལ་གཡོས་དང་། ཐུགས་དམ་བསྐང་བའི་བཀའ་སྡོད་བློན་མོ་བཀྲག་གསལ་མཉམ་དང་།ཤུགས་སྒྲོལ་བཀའ་སྡོད་ཁྲག་འཐུང་མ། དྲེགས་ལྡན་བཀའ་སྡོད་བློན་མོ་དྲུག་ཅུ་གཙོ། གནོད་བྱེད་སྙིང་འཕྲོག་འབར་མ་མེ་ཁྱེར་གློག་ཕྲེང་འཛིན་ཏེ་དགུའོ། །མ་མོ་རྣམས་ཀྱི་ཀུན་གྱི་བློན་མོ་རེ་མ་ཏིའོ།༷།མ༷་མོ་བྱུང་བ་བསྟན་པའི་ལེའུ་སྟེ་བརྒྱ་སོ་བདུན་པའོ།། །།ཨོ་ཏི་ཁྲག་ཤ་ཁྲག་མ་རུ་ལུ། སྙིང་ཕུར་ཏི་སྨྱོ། མུ་ལ་ཤ་གྲ༷། སྙིང་ཀྲ༷་མ་སྨྱོ། །མུརྙི་ཤརྙི་སྙིང་ཁ་རག་ཤུ་ལ་ཙཀྲ་ཁྲ་མ་མུ་ཏི་སྨྱོ། ཁ་ཐུན་ཤིག་ཤིག ཁྲོ་ཁྲོ་ཤིག་ཤིག་རོ་ཟ་མུ་སྨྱོ། ཛུ་ན་མ་ཤིག་ཤིག སྙིང་ལ་ཕུར་སྨྱོ། ཨོ་རོ་ལ་ཤྭ་ཁྲག་མ་མུ་དོ་ཧ་ལ་ཧ་ལ་ཙཀྲ་མ་སྨྱོ། ཨོ་ཏི་ཤི་ཤིག་ཤིན་ཏིང་མ་མོ་སྨྱོ། ཨོ་མུ་ཏི་པྲ་མ་གཟེར་ན་གཟེར་ན་སྦྱོ། ཤིག་ཤིག་མ་མོ་དགྲ་ལ་སྨྱོ།ཨོ་རོ་ཟ་ཤིག་ཤིག་ཏི་སྒ་རྦད་རྦད་སྨྱོ། ཛ་ཛ་ས་མུན་ཛ། རག་ཤ་དུན་དུན་ལི་ལི། གྲ༷་གྲ༷་ཛ། རི་ལུངས་རྨུགས། ས་མ་ཡུ། འགི་ལ་འགི་ལ་ཇེ། ས་མ་ཡ་ཏྲི་རུ་ལུ་ཁ་ཐུན་སྨ་ར་ཀེ་ཛ། གར་དུ་ཛ་ལ་རུ་བས་ཤ་ཁྲག་ལ་དུལ་ཛ་ཏི་ཤ་ཤ་ཕཊ། ཛ་ཛ་ཀྲི་ཟད་ཀྲི་ཟད་གྲི་རི་ལུ་ག༷ ཚལ་དུ་མ་སྨྱོ། ཙིསྟ་ཁྲག་དུག་ཤ་ན་སྨྱོ། ཀྲུག་པ་ར་ལ་ཤ་ཡ། །རུ་པ་ཏེ་ཤ་དུ་ཁྲག་ལ་ཤ་ཤ་བྲབ་ལ་སྨྱོ། བཛ་ཀ་དུན་ཚུར་ཆོད་རྦད། ཤིང་ཤིང་ཏུབ་ཐུ༷་གཞུང་ཀས་ཕཊ་རྦད་ཛ་ཛ། རག་ཤ་དུན་ཕུར་འདྲི་དུ་རག་ཤ་རྦད་རྦད། རག་ཤ་ཁ་ལ་དུན་ཏྲི་ཚུབ་པ་ལི་ཀ་ཤ་ཀ རག་ཕུད་ཏྲག་ཕད། རྦ་ན་རྦ་ན་ཕཊ། ཛ་ཛ་ཕཊ་ཕཊ་རྦད་རྦད། ར་སྒ་གྲི་ར་ཏུ་སི་ནན། དུ་ཏྲི་མོ་རུབ་པ་ཤ་ཁྲག་ལ་རུབ།སུ་ནི་ཁྲག་དུ་དུ་ཛ། ཁ་རསྣ་སྙིང་ལས་ཡང་ཙིབ་མ་ལ་ཤ རོ་ལ་ཁྲག་འཐུང་ཐུ༷་ཛ། ཙི་པ་རསྒ་རྦད་རྦད། གདུག་པའི་ལྷ་མོ་མི་སྲིན་གྱིས་བསད་པའི་ལེའུ་སྟེ་བརྒྱ་སོ་བརྒྱད་པའོ།། །།གི་ལིང་ག་ལ༷་ཏི་ས་ཤ་ལང་ལང་སུ་ར་ཏོ། བ༷་ནི་ར་ཏི་ཡ་གར་བྷ་ཡ། གུར་བ་ས་ཏི་ཡ་པེ་ཧ་མ་ཤན་ཏིང་ནོར་རྡིང་ཡིད། ས་མུན་ཏྲི་ཕཊ་ཕཊ། རབ་ཤིང་ཀ་ས་ནི་ཀི་ན་ཡ་དང་། སྣི་སྣི་ལ་གུ༷་གུ༷་དུན་ཏི་ཡ། གུ༷་གུ༷། པྲ་ཏི་ཡ་རྒུ་གུ༷། པ་ཡ་ཏ་ན། ཨོ་ཤི་ལ་ངན་ཏིང་ཨོ། ཀྲས་ལང་པས་མི་ཨོ། ཨོ་ཨོ་ཨོ། ཧུ༷་ཧཱུཾ། ཛ་ལ་ཛ་ལ་སརྦ་ཛ་ལ་ཀི་ཏ་མ་རྭ་ཡུ་བ༷། ནིརྟི་ཡེ། ཨེ་དན་དན་ནང་གྲི་པ་ལང་། ཧ་ར་ཧ་ར། བ་ར་འབྲེ། ཧྲི་པ་ཆིངས་ཤིག ཀྲང་ཅིང་ཉར་གྲྭ་ཧྭ། ཉུང་དཀར་དང་ཆུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གཏོར་རོ། །ཨོ་ཧ་ར་ཧ་ར་བྲ་མ་ཡུ། ཙང་ཤིག་ཙང་ཤིག་ཧ་ར་གྲྭ་ཧྭ། མ་མོ་སྣང་སྲིད་དབང་དུ་བསྡུ་བའི་ལེའུ་སྟེ་བརྒྱ་སོ་དགུ་པའོ།། །།ཧུ༷། ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །ཕོ་བྲང་འབྱམས་ཀླས་སྤྲིན་གཏིབས་ཤིང་། །ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །རིན་ཆེན་མཛེས་པའི་རྒྱན་ལྷབ་ལྷུབ། ཁྲར་ལྷོ་ནུབ་བྱང་སྒོ་བཞི་ནས། །འཇིགས་པ་བཞི་ཡིས་སྒོ་བཀག་ཀྱང་། །མགྱོགས་མ་བཞི་ཡིས་སྒོ་ཕྱེ་ཞིག ཁམ་གྲུམ་པྲ་བེ་ཤ་ཤག །ཅེས་བརྗོད་ལ་སྒོ་དབྱེའོ། །ཧུ༷། །ཡང་དག་གསང་བའི་དཀྱིལ་འཁོར་དུ། །སངས་རྒྱས་བདེ་ཆེན་ཡང་དག་པ། ཡབ་ཡུམ་སྲས་དང་འཁོར་བཅས་རྣམས། །རིགས་ཀྱི་ལྷར་ནི་རྣམ་རྟོགས་ཤིང་། །གཉིས་མེད་དོན་གྱིས་འབྲེལ་བ་ལ། །མི་ཕྱེད་དད་པས་ཕྱག་འཚལ་ལོ། །ཧུ༷། །ཡང་དག་གསང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་ཡེ་ཤེས་ལྷར། །བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར། །གསང་བའི་ཚུལ་གྱིས་ཕྱག་འཚལ་ལོ། །ཧུ༷། ཡང་དག་གསང་བའི་དཀྱིལ་འཁོར་དུ། །དམ་ཚིག་གཟུང་གིས་འབྲེལ་བའི་མཆེད། །མ་བུའི་འདུ་ཤེས་ཉེར་གཞག་ནས། །གདུང་བའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། །ཞེས་ཕྱག་བྱའོ། །ཧཱུཾ། དགོངས་ཤིག་ཡེ་ཤེས་མངོན་རྫོགས་ལྷ། །ཡབ་ཡུམ་འཁོར་དང་བཅས་པ་རྣམས། །བདག་ཅག་རྣལ་འབྱོར་སྒྲུབ་པ་ལ། །དགྱེས་ཤིང་ཡེ་ཤེས་མདངས་ཕྱུང་ཞིག །བྱམས་པ་ཕྱོགས་མེད་སྤྱན་གྱིས་གཟིགས། །འཁོར་བའི་སེམས་ཅན་བདག་ཅག་རྣམས། །མ་རིག་འཁྲུལ་པའི་རང་དབང་གིས། །གཟུང་འཛིན་གཉིས་སུ་བཟུང་བས་ནོངས། །སྡིག་ལ་མ་འཛེམ་མི་དགེ་སྣ་ཚོགས་སྤྱད། །གྲིབ་མ་ངན་པས་ན་བུན་བཞིན་དུ་གཏིབས་ཤིང་མཆིས། །མི་གསང་མི་འཆབ་ཡེ་ཤེས་ལྷ་ལ་མཐོལ། །ཡེ་ཤེས་ལྷ་ཡིས་བཟོད་པར་བཞེས། །ཨ་ལ་ལ་ཧོ། །བརྡའ་སྒོ་དབྱེ་ཞིང་བཤགས་པ་བྱེད་པའི་ལེའུ་སྟེ་བརྒྱ་བཞི་བཅུ་པའོ།། །།ཧུ༷་རིན་ཆེན་ཨིནྟྲ་ནི་ལའི་བུམ་པ་སྲ །འབྲུ་བཅུད་སྟོང་ལས་སྦྱར་བའི་འཛའ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །འཐུངས་པས་ཚིམས་པའི་ལོངས་སྤྱོད་ཆེན་པོ་འདི། །མཆོད་ནི་ཡེ་ཤེས་ལྷ་ལ་མཆོད། །སྐོང་ནི་མ་མོའི་ཐུགས་དམ་སྐོང་། །འབུལ་ནི་སློབ་དཔོན་ལྷ་ལ་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ་ལོ། །བདུན་དུ་དྲང་ངོ་། །ཧུ༷། གཞོང་པ་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལགཉིསམཐུན་བསྡེབས་སོ། །དཀར་གྱི་ཐིག་དགྱེ་དམར་གྱི་གུར་ཕུབ་པ། །ལོངས་སྤྱོད་མཆོད་པ་ཆེན་པོ་འདིས། །འཕགས་པ་མཆོད་ལ་མ་མོ་སྐོངས། །ཨ་ལ་ལ་ཧོ། །རཀ་ཏ་ཁྲག་གི་རྒྱ་མཚོའི་ཐིག་ལེ་དང་། །སྣང་སྲིད་ཁྲག་གི་རྦ་རླབས་ཆི་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་མཆོད་པས་མ་མོའི་ཐུགས་དམ་སྐོངས། །ཨ་ལ་ལ་བརྗོད་ལ་དྲང་ངོ་། །ཛ་གད་གཏོར་མ་དྲང་བའི་ལེའུ་སྟེ་བརྒྱ་ཞེ་གཅིག་པའོ།། །།རྡོ་རྗེ་རྒྱལ་ཐེབས་ཡབ་ཡུམ་ལངས་ལ། རྡོ་རྗེ་རྒྱལ་པོ་རྒྱན་ཆས་གསོལ་བ་འདི་སྐད་དོ། །ཧུ༷། གསང་བ་ཆེན་པོའི་དཀྱིལ་འཁོར་དུ། །རང་བཞིན་མཚན་མའི་དུས་ནི་འདི་ཉིད་དུ། །རྡོ་རྗེ་རྒྱལ་པོར་མངའ་གསོལ་ལོ། །ཐེག་པ་ཀུན་ལས་དཔགས་པ་དང་། །མ་མོ་དབང་བསྡུ་བའི་ཕྱིར། ཁུན་ཆེན་རལ་ཀ་འདི་གསོལ་བས། །མི་འཁོར་ཆོས་ཉིད་རྒྱན་དུ་ཤོག །ཨོ་གུ་ཡ་སིརྙི་ཧུ༷། ཞེས་སྐུ་ལ་གསོལ་ལོ། །དབུ་རྒྱན་མཆོག་གིས་མངའ་གསོལ་བས། །ཐེག་པ་ཡོངས་སུ་དཔགས་པ་དང་། །སྲིད་གསུམ་དབང་བསྡུ་བའི་ཕྱིར། །སྲིད་པ་སྤྱི་བླུགས་དབུ་ཞྭ་འདི་གསོལ་བས། །སྲིད་པའི་དབང་ཆེན་རྣམས་ལ་དབང་སྒྱུར་ཤོག །ཨོ་གུ་ཡ་ཧེ་ཧེ། ཞེས་བརྗོད་པས་དབུ་ལ་གསོལ་ལོ། །དེ་ནས་ཞིང་གི་སོར་ཕྲེང་དབུལ་བ་འདི་སྐད་དོ། །ཕྲེང་བ་ཆེན་པོས་མངའ་གསོལ་ལོ། །ཐེག་པ་ཡོངས་ལ་འཕགས་པ་དང་། །མ་མོའི་སྲོག་སྙིང་དྲང་བའི་ཕྱིར། །ཞིང་གི་སོར་ཕྲེང་འདི་ཕུལ་བས། །མ་མོ་རྣམས་ལ་དབང་སྒྱུར་ཤོག །ཨོ་གུ་ཡ་མ་མ་རཀྟ་ཧུ༷། ཕྱག་ཏུ་དབུལ་ལོ། །ཕྱག་རྒྱ་ཆེན་པོས་མངའ་གསོལ་ལོ། །བདུད་དང་མུ་སྟེགས་འདུལ་བ་དང་། །མ་མོ་གཡབ་ཀྱིས་གདབ་པའི་ཕྱིར། །རྩེ་ལྔ་འབར་བའི་ཕྱག་རྒྱ་འདི་རྣམས་ལ། །བདུད་དང་མུ་སྟེགས་དབང་དུ་སྡུས། །ཨོ་གུ་ཡ་ཧ་ཧ། ཞེས་བརྗོད་ལ་འབུལ་ལོ། །སྟག་ལྤགས་གཡང་གཞིས་མངའ་གསོལ་ལོ། །བདུད་བཞི་རྡུལ་དུ་རློག་པ་དང་། །ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར། །སྟག་ལྤགས་གཡང་གཞི་འདི་གསོལ་བས། །དཔལ་རྟུལ་ཟ་བྱེད་རྒྱན་དང་ལྡན་པར་ཤོག །ཨོ་གུ་ཡ་བྱུ་ཀྟ་ཧུ༷། ཞེས་བརྗོད་ལ་སྐུ་ལ་གསོལ་ལོ། །དེ་ནས་ཡུམ་ལ་རྒྱན་ཆས་གསོལ་ཏེ། གཙོ་བོ་ལས་དང་མཐུན་ནོ། །དེ་ནས་ལས་ཀྱི་ཀར་མས་རྡོ་རྗེ་རྒྱལ་ཐེབས་ལ་རྒྱན་ཆས་གསོལ་ཏེ་འདི་སྐད་དོ། །ཧུ༷། །བཀའ་གསང་དམ་པའི་གནས་མཆོག་འདིར། །རྡོ་རྗེ་རྒྱལ་ཐེབས་གསན་ཅིང་དགོངས་སུ་གསོལ། །རྡོ་རྗེ་རྒྱལ་པོ་བསྙེལ་ཅིང་བསྙེལ་བའི་ཚེ། །ཐུགས་དམ་འཕྲོ་ནས་གཟུང་ནས་བསྐུལ་བའི་ཕྱིར། །རྒྱན་ཆས་གསུམ་གྱིས་མངའ་གསོལ་ལོ། །ཞྭ་དཀར་ཚིལ་ཆེན་དབུ་རྒྱན་དང་། །མཆོག་གི་ཕུར་བུ་བཅིང་བ་དང་། །དུང་ཆེན་ཕྲེང་བས་དབང་བསྐུར་ཏེ། །རྒྱན་ཆས་གསུམ་གྱིས་དབང་བསྐུར་བས། །བདུད་དང་མུ་སྟེགས་རྡུལ་དུ་རློག །དེ་ནས་མཆེད་བྱིངས་ལ་མཚན་མ་གདབ་པ་འདི་སྐད་དོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང། །ཡེཤེསཆེནཔོའིཀློངདཀྱིལ་ནས། །དཔལ་ཆེན་ཀུན་དང་གཅིག་པ་དང་། །མ་མོ་གཡབ་ཀྱིས་གདབ་པ་དང་། །མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར། །ཐལ་ཆེན་མཚན་མ་དཔྲལ་བར་གདབ། །མཚན་མ་དཔྲལ་བར་མི་གདབ་ཏུ། །དཔལ་ཆེན་ཀུན་དང་རང་རྟགས་གཅིག །པདྨའི་རཀྟའི་མཚན་མ་འདི། །སྨིན་མཚམས་བར་དུ་ཐིག་ལེར་དགོད། །ཞག་གིས་སོར་རིས་ཁ་འགྲམ་