Ngb-pt-0350-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། ཀ་མ་ལ་དེ་བྲི་སིརྙི་མ་ཧྭ་ཏནྟྲ། བོད་སྐད་དུ། ཡུམ་གཟུངས་མའི་དངོས་གྲུབ་ཆེན་པོའི་རྒྱུད། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། རི་རབ་རིའི་རྩེ་ལྷ་གཡུང་དྲུང་གི་གནས་ན། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། དཔལ་ཧེ་རུ་ཀས། སྲིད་པ་ཐམས་ཅད་ཡུམ་གྱི་བྷ་ག་ལ་ཤར་བར་མཁྱེན་ནས། ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེའི་མཁའ་བདེ་བ་ཆེན་པོའི་ཀློང་ནས། ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་ཏེ། རྡོ་རྗེ་གསང་བའི་ཐུགས་ཀ་ནས། ཧུ༷་དཀར་པོ་ཞིག་ལས། གསང་བ་དགྱེས་པའི་འཕྲོ་འདུ་རྒྱུན་མི་འཆད་པར་བཀྱེ་བ་ལས། ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེའི་བྷ་ག་ལདགྱེསཔཆེནཔོརཐིམཔར་མཛདདོ། །ཡུམཆེནམོཉིདབཞིམུ་ཁ་ལེ་དགྱེས་པ་ཆེན་པོར་ཐིམ་ནས། །པདྨའི་འདབ་མ་རྒྱས་པར་མཛད་དོ། །པདྨའི་འདབ་མ་རྒྱས་པར་མཛད་པས་སྟོང་གི་འཇིག་རྟེན་གྱི་ཁམས་ཁེབས་པར་མཛད་དོ། །སྟོང་གིཇིརྟེང་་དེསྲིའིཇིརྟེང་རྗེ་རྗེང་ཏེ་འ ག་ ན་གྱ་ཁམས་ན། རཀྟར་ཆགས་པ་ཐམས་ཅད་གཡས་པར་གྱུར་ཏ། ། ས་ ད་པ ་འ ག་ ན་གྱ་ཁམས་ན། རྡ་ ར་གྱུར་པ་ཐམས་ཅད་རྡ་ འ་རྩ་བ་བཏགས་པར་གྱུར་ །ངསེ་ང་ཚསྐྱེངངངཞི་དེ་་་ངང་འིཆགས་པའ་ མས་གཡས་ནས། ཤན་ཏུ་ང་མ ར་ ས་ནས། །རྫུ་འཕྲུལ་གྱ་ཤུགས་ཀྱས་ཆགས་པའ་ག ་མ་ག་ལ་བ ར་དང་ང་། །དང་ནས་བྷ་གའ་དཀྱལ་འཁར་ཆགས་པ ་ནང་དུ་ཕྱིན་ཏེ། སྡངས་ལྡང་ཡང་ནས་གུས་པས་བསྐོར་ཏེ་ཕྱག་འཚལ་བ་ནི། གཡུང་དྲུང་ལྷའི་གཙོ་བོ། གནོད་འདུལ་ལྷའི་རྒྱལ་པོ་ལ་སོགས་པ། ལྷ་གཡུང་དྲུང་གི་ཚོགས་དང་། གཡུང་དྲུང་ལྷའི་རྒྱལ་མོ། སྲིད་པའི་ཕྲ་མེན་རྒྱ་མཚོ་ལ་སོགས་པ། མ་མོ་བཅུ་བཞིའི་དཀྱིལ་འཁོར་དང་། སྲིད་པ་སྨན་མོའི་རིགས། ལྷ་མོ་ཚོགས་ཀྱི་རྗེ་མོ་ལ་སོགས་པ། སྨན་མོའི་ཚོགས་ཐམས་ཅད་དང་། གཞན་ཡང་པདྨ་བྷ་ག་ལ་སོགས་པ་ཐམས་ཅད་ཆགས་པའི་མདངས་བྱུང་ནས་བསྐོར་ཞིང་ཕྱག་འཚལ་བ་དང་། བསྟོད་པ་བགྱིས་པ་ལས་ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེའི་བྷ་ག་ལས། རྟག་པའི་རྒྱལ་མོ་རྣམ་སྣང་གསལ་ལ་སོགས་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྔའི་དཀྱིལ་འཁོར་ཐོན་པར་གྱུར་ཏོ། །དེ་ནས་ཡུམ་ཆེན་མོས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་གཟིགས་ཏེ། སྤྱན་གྱིས་བརྡ་ཞིག་མཛད་ནས་ཞལ་འཛུམ་པ་ཕྱུང་བ་དང་། དེ་ནས་བཅོམ་ལྡན་འདས་ཡུམ་གྱི་བྷ་ག་ལ་སྐུ་ཕྱེད་ནུབ་ཙམ་དུ་བཞེངས་ཏེ། རྣམ་པར་ཐར་པའི་དབུས་གསུམ་དུ་ཕྱུང་ནས། གཡུང་དྲུང་ལྷའི་རྒྱལ་པོ་ལྷ་གནོད་འདུལ་ལ་གཟིགས་ནས། འཛུམ་པར་མཛད་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས། ལྷ་གནོད་འདུལ་སྟན་ལ་འདུག་པར་འགྱུར་ཏེ། དེ་ནས་ཆགས་པའི་ཡིད་ཅན། དེ་དག་ཐམས་ཅད་ཕྱོགས་ཕྱོགས་སུ་གནས་པར་གྱུར་ཏོ། །དེ་ནས་ཡུམ་ཆེན་མོའི་ལྷ་གནོད་འདུལ་ལ་གཟིགས་ནས། ལྗགས་ཀྱིས་བརྡ་ཞིག་མཛད་པ་ལས། དེ་ནས་ལྷ་གནོད་འདུལ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་ལན་སྟོང་དུ་བརྐྱང་ཕྱག་འཚལ་ཞིང་། བག་བཞི་ས་ལ་བརྡབས་ནས་གསོལ་པ། འབྱུང་ལྔ་ལ་སོགས་པ་ཡི། །མེ་ལ་སོགས་པ་ཇི་ལྟར་འབྱུང་། །སྲིད་པའི་འཇིག་རྟེན་ཐམས་ཅད་ན། །ཕོ་དང་མོ་ཡི་མཚན་ཉིད་ནི། །ཐབས་དང་ཤེས་རབ་སུ་ལས་གྱིས། །སེམས་ཉིད་རྟག་ཆད་ཅི་ལ་བགྱི། །ཡེ་ཤེས་ལྔ་ཉིད་གང་ནས་ཤར། །སྤྲུལ་པ་མང་པོ་གང་ནས་ཤར། །སྐྱེ་མེད་ཆོས་དབྱིངས་ཅི་ལ་ཟེར། །ཡུམ་གྱི་མཁའ་ཞེས་ཇི་ལྟ་བུ། །མངལ་ལ་སོགས་པ་མི་འཚལ་ན། །བླང་དོར་མེད་པ་གང་གིས་སྐྲུབ། །སྲིད་པའི་བཅའ་གཞི་ཇི་སྙེད་ཀུན། །རབས་རྒྱུད་རྩ་བ་ཅི་ལྟར་ལགས། །དམ་ཚིག་ལུང་ནོད་མཆི་བའི་ཚེ། །སྲོག་ལས་དྲང་ན་ཇི་ལྟར་ལགས། །འཇིག་རྟེན་འདིར་སྒྲུབ་ཇི་ལྟར་བསྐུལ། །དུས་མིན་འཆི་བ་གང་གིས་བསྐང་། །ཡང་དག་རྫོགས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིཀུ་གནོད་འདུལ་ལྷ་ཡི་གཙོ། །རྣལ་འབྱོར་རྣམས་ཀྱི་ལས་དབང་མཆོག །མ་མོ་རྣམས་ཀྱི་གཏན་ཚིགས་སུ། །སྲིད་པ་ཀུན་གྱི་བཅའ་གཞི་རྣམས། །ཡང་དག་ཉིད་དུ་བཤད་པར་བྱའོ། །དེ་ལ་ད་ནི་མ་མོ་བཅུ་བཞིའི་རྗེ་མ་བཤད་པར་བྱ་སྟེ། །ཡུམ་ཟིན་མོ་ཉིད་བཞི་མུ་ཁ་ལེ་ཞེས་བྱ་བ་སྐུའི་ཁྱོན་ད་ལྟརི་གྱི་རི་རབ་གླིང་བཞི་ཙམ་ཡོད་པ། དབུ་གཅིག་ལ་ཞལ་རྣམ་པ་ལྔར་སྣང་བ། ཕྱག་བཞི་པ་ཞབས་རྣམ་པ་བརྒྱད་དུ་བསྟན་པ། ཙིསྟ་རྩ་བ་གཅིག་ལ་རྩེ་མོ་རྣམ་པ་ལྔར་འབར་བ། ཤར་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན་གསང་བའི་མཁའ་གྲང་ལ་འདྲེད་པ། ཤེལ་གྱི་བྷ་ག་ལ་རྡོ་རྗེའི་གེ་སར་ཅན་ནོ། །ལྷོ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན། གསང་བའི་མཁའ་དྲོ་ལ་འཇམ་པ། ཀེ་ཀེ་རུའི་བྷ་ག་ལ་རིན་པོ་ཆེའི་གེ་སར་ཅན་ནོ། །ནུབ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན། གསང་བའི་མཁའ་གཤེར་ལ་རླན་པ། པདྨའི་བྷ་ག་ལ་བྱི་རུའི་གེ་སར་ཅན་ནོ། །བྱང་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན། གསང་བའི་མཁའ་རྩུབ་ལ་གྲང་བ་སྟེ། གེ་སར་གྱི་དཔལ་ཅན་ནོ། །དེ་ལྟར་མཁའ་བཞིས་སྐུ་ལ་བརྒྱན་པ། མཁའ་བཞིས་ཀློང་སྐུ་གཏིང་ཁུང་དུ་སྡུད་པ་ནི་གཡུའི་བདེ་ཀློང་ལ་ཆགས་པའི་གེ་སར་ཅན་ནོ། །ཟངས་ཀྱི་པདྨ་འདབ་མ་སྟོང་དང་ལྡན་པ་གཅིག་ཡོད་དེ། དེ་ལ་ཞལ་རྣམ་པ་ལྔ་ལ། ཤར་ཕྱོགས་ཀྱི་ཞལ་དཀར་ལ་འཚེར་བ མཆེ་བ་གཙིགས་པའི་ནང་ནས། ཤེལ་གྱི་རྡོ་རྗེ་རྩེ་དགུ་འཛིན་པས། འབྱུང་བ་སར་བྱིན་གྱིས་བརླབས་ཏེ།རྡོ་རྗེའི་རིགས་སུ་གྱུར་ཏོ། །ལྷོ་ཕྱོགས་ཀྱེ་ཞལསྔོལགདངས་པ། མཆེ་བ་གཙིགས་པའི་ནང་ནས། ཀེ་ཀེ་རུ་འབར་བ་དགུ་འཛིན་པས། འབྱུང་བ་མེད་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་རིགས་སུ་གྱུར་ཏོ། །ནུབ་ཕྱོགས་ཀྱི་ཞལ་དམར་ལ་གདངས་པ། མཆེ་བ་གཙིགས་པའི་ནང་ནས། པདྨ་དགུ་བརྩེགས་བཟུང་བས། འབྱུང་བ་ཆུར་བྱིན་གྱིས་བརླབས་པ་པདྨའི་རིགས་སུ་གྱུར་ཏོ། བྱང་ཕྱོགས་ཞལ་ལྗང་ལ་གདངས་པ། མཆེ་བ་གཙིགས་པའི་ནང་ནས། རྡོ་རྗེ་རྒྱ་གྲམ་དགུ་བརྩེགས་བཟུང་བས། འབྱུང་བ་རླུ་་དུ་བྱིན་གྱིས་བརླབས་ཏེ། ལས་ཀྱི་རིགས་སུ་གྱུར་ཏོ། དཀྱིལ་གྱི་ཞལ་ཅིར་ཡང་འགྱུར་བ། མཆེ་བ་གཙིགས་པའི་ནང་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བཟུང་བས། ནམ་མཁར་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པའི་རིགས་སུ་གྱུར་ཏོ། འབྱུང་བ་ལྔ་ཡང་དེ་ལྟར་བསྐྱེད་དོ། །རིགས་ལྔའི་སངས་རྒྱས་དེར་བྱུང་ངོ་། །ཞལ་སོ་སོ་ཡིན་པས་ན་རལ་པ་སོ་སོའི་རིགས་དང་ལྡན་པར་སྣང་ངོ་། །ཙིསྟ་གཅིག་ལ་རྩེ་མོ་ལྔར་སྣང་བ་ཡང་། རྩེ་མོ་ལྔ་ལས་རིགས་ལྔའི་ཡེ་ཤེས་ལྔ་ཡང་དེ་ལས་ཤར་ཏོ། །རྩ་བ་གཅིག་ལ་ཆོས་སྐྱེ་བ་མེད་པའི་དབྱིངས་ཀྱང་དེ་ལས་འདུས་ཏེ། མི་ནུབ་པའི་རྒྱལ་མཚན་ཞེས་ཀྱང་གྲགས་སོ། །རྩེ་མོ་ལྔར་འབར་བ་ལས་སྲོག་གིས་བསྡུས་པའི་ཀུན་གཞི་ལ་སོགས་པའི་དྲན་པ་ཐམས་ཅད་ཀྱང་དེ་ལས་བྱུང་བའོ། །རྩ་བ་གཅིག་ལས་སེམས་ཅན་གྱི་སེམས་རྟག་པ་ཆེན་པོ་ཡང་དེ་ལས་བྱུང་ངོ་། །དེ་ལ་མཁའ་བཞི་ལས་ཤར་ཕྱོགས་ཀྱི་གསང་བའི་མཁའ་གྲང་ལ་འདྲེད་པས། དགུན་དུ་བྱིན་གྱིས་བརླབས་སོ། །བྱང་ཕྱོགས་ཀྱི་གསང་བའི་མཁའ་རྩུབ་ལ་གྲང་བས། དཔྱིད་དུ་བྱིན་གྱིས་བརླབས་སོ། །ནུབ་ཕྱོགས་ཀྱི་གསང་བའི་མཁའ་གཤེར་ལ་རླན་པས་དབྱར་དུ་བྱིན་གྱིས་བརླབས་སོ། །ལྷོ་ཕྱོགས་ཀྱི་གསང་བའི་མཁའ་དྲོ་ལ་འཇམ་པ་ནི། སྟོན་དུ་བྱིན་གྱིས་བརླབས་སོ། །དུས་བཞི་ཡང་དེ་ལྟར་ཆ་བསྙམས་སོ། །སྐུ་སྟོད་ཀྱི་ཞལ་ནས་འབྱུང་བ་རིགས་ལྔའི་སངས་རྒྱས་རྣམས། སྐུ་སྨད་གསང་བའི་བྷ་ག་ལ། སྦྱོར་བའི་ཚུལ་དུ་སྐུ་ཕྱེད་ནུབ་ཙམ་དུ་བཞུགས་པས། སྐྱེ་བ་རིགས་སོ་སོ་ཡང་དེར་འདུས་སོ། ཕྱག་བཞི་ལ་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་ཁོལ་མོ་བཅུ་བཞིའི་གཙོ་མོ་སྲིད་པ་བདེ་འགྲོ་མ་དང་། ཉི་ཟླ་ཐོད་ཕྲེང་མ་གཉིས་ཀྱི་ཙིསྟ་བཟུང་བ། གཡས་གཡོན་ཐ་མ་གཉིས་ཀྱིས་ཁྲོས་པའི་དབང་མོ་ཆེ་བཞིའི་སྙིང་ནས་བཟུང་བ། སྦས་པའི་ཕྱག་གཉིས་ཀྱིས་བདུད་རྩི་རྣམ་པ་ལྔ་ལ་ལོངས་སྤྱོད་མངོན་དུ་མཛད་པ། ཞབས་བརྒྱད་ཀྱིས་དབྱིངས་ཕྱུག་མ་བཞི་དང་། ཐུགས་ཀྱི་དགྱེས་སྡེ་ཆེན་མོ་བཞིའི་སྙིང་ག་ནས་བརྫིས་པ། དབུས་ཀྱི་ཞལ་དཔྲལ་བའིདབྱེསནས། མི་གཟུར་གསུམ་པ་གཅིག་གིས་བལྟས་པས། མ་མོ་བཅུ་བཞིའི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། ཤན་ཤན་ནེའུ་དང་། ཨེ་ཀ་ཙ་ཏི་ལ་སོགས་པ་འདར་ལྕུག་ལྕུག་བྱེད་པ། དཀྱིལ་གྱི་ཞལ་ནས་རྐན་སྒྲ་བརྡབས་པས། ཧེ་རུ་ཀ་སྣིལ་སོགས་པ་སྟེ། སྲིད་པའི་དམན་མོ་ལ་སོགས་པའི་སྙིང་རྩར་གྱིས་འབྱིན་པ་སྟེ་མ་མོ་དབང་དུ་ཡང་དེས་སྡུད་དོ། །དབུས་ཀྱི་ཞལ་གྱི་ནི་མཁའ་ཡེལ་ཡེལ་བར་རྫོགས་པས། སྲིད་པ་གསུམ་གྱི་གཙོ་མོ་ཡང་དེར་རྫོགས་སོ། །སྐུ་གསང་བའི་བྷ་ག་ལ། །ཡུམ་གྱི་མཁའ་བདེ་བ་ཆེན་པོའི་ཀློང་ཞེས་བྱའོ། །སྐུ་རྟག་པ་ཆེན་པོ་གཡུང་དྲུང་དུ་བཞུགས་པས། སྐྱེ་ཤི་ལས་འདས་པ་ཞེས་ཀྱང་དེ་ལ་བྱའོ། །དེ་ལ་སྡུག་བསྔལ་མི་འབྱུང་བས་མྱ་ངན་ལས་འདས་པ་ཞེསཀྱང་དེ་ལ་བྱའོ། །དེ་ལ་བླང་དོར་མེད་པས་ཀུན་ཏུ་བཟང་མོ་ཞེས་བྱའོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱི་བཅུད་ལེན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱའོ། །འབྱུང་བ་ལྔ་སྐུ་ལརྫོགས་པས། འབྱུང་བའི་རྒྱལ་མོ་ཞེས་ཀྱང་བྱའོ། །དུས་བཞི་དབྱིངས་ལས་ཤར་བས་དུས་བཞི་ཆ་སྙོམས་མ་ཞེས་ཀྱང་དེ་ལ་བྱའོ། །སྐུ་སྟོད་ནས་འབྱུང་བ་རིགས་ཀྱི་སངས་རྒྱས་རྣམས། སྐུ་སྨད་གསང་བའི་བྷ་ག་ལ་རྡུབས་བཞུགས་པས། རིགས་ཀྱི་ཡུམ་ཞེས་ཀྱང་བྱའོ། །སྦས་པའི་ཕྱག་གཉིས་ནས་བདུད་རྩི་རྣམ་པ་ལྔའིབཅུད་འཛག་པ་མངོན་སུམ་དུ་མཛད་པས། བདུད་རྩིའི་རྒྱལ་མོ་ཞེས་ཀྱང་བྱའོ། །སྣང་སྲིད་ཐམས་ཅད་གཏན་ཡང་ཆོམ་ལ་འབེབས་པས། སྲིད་པའི་རྒྱལ་མོ་ཞེས་ཀྱང་བྱའོ། །སྐུ་ལུས་གཅིག་ལ་མཚན་དགུ་མ་ཞེས་བྱའོ། །དེ་ལ་ཐུགས་ལས་དྲངས་པའི་སྙིང་པོ་ནི། ཉིད་བཞི་མུ་ཁ་ལེ། ཀྲོ་དྷི་ཤྭ་རྡི། བྷ་ག་པདྨ་བྱ། བདེཀློང༢དུས་འདུས་ན་སྙིང་ཛ་ཤ་ཡུ་ཏི་ཧུ༷་སྨྱོ། ཞེས་བྱའོ། །དེ་ལྷརབདག་ཉིད་བསྒོམསཔནི། དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གསལ་བར་བསྒོམ་ལ་ཐུགས་ཀ་ནས་ཡི་གེ་ཨོ་དཀར་པོ་གཅིག་ལ། ཡེ་ཤེས་ལྔའི་གཞལམེད་ཁང་། ཆོས་ཀྱི་དབྱིངས་ལྟར་ཁྱབ་བརྡལ་བའི་དབྱིངས་སུ། བདག་ཉིད་བླ་ན་མེད་པའིཏིང་ངེ་འཛིན་དུ་ཞུགས་ལ། སྙིང་གར་མུ་ཁ་ལེ་ལས། ཡེ་ཤེས་ཚོགས་ཀྱི་རྗེ་མོ་བསྒོམ་མིག་གཡས་པར་ཧ་ལས་མཁའ་འགྲོ་མ་རྣམ་སྣང་གསལ་སྒོམ། མིག་གཡོན་པར་ཧ་ལས་མཁའ་འགྲོ་མ་འོད་གསལ་འབར་བསྒོམ། །རྣ་བ་གཡས་པ་ལ་ཧ་ལས་མཁའ་འགྲོ་གཉེན་གསལ་འབར་མ་བསྒོམ། རྣ་བ་གཡོན་པ་ཧ་ལས་མཁའ་འགྲོ་མ་ཡང་གསལ་གཡོས་བསྒོམ། སྣ་ལ་ཧ་ལས་མཁའ་གྲོ་མ་བཀྲག་གསལ་མཉམ་བསྒོམ། སྐུ་མདོག་ཕྱག་མཚན་ནི་འོག་གི་ཚིག་བཤད་དང་སྦར་རོ། །ཡང་མ་མོ་ཞེས་བྱ་བ་ནི། །མ་ནི་རྒྱལ་བ་ཀུན་གྱི་ཡབ། །མོ་ནིསྣང་སྲིད་ཀུན་གྱིས་མ། །མ་ནི་སྐྱེ་བ་མེད་པའི་དབྱིངས། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཐབས་མཆོག་འདོད་མེད་མཁའ། །མོ་ནི་ཤེས་རབ་ཆོགས་མེད་ཀློང་། །དེ་ལྟ་བུ་ཡི་ཡུམ་ཆིན་མོ། །སྐུ་སྟོད་ཞལ་ནས་འབྱུང་བའི་སངས་རྒྱས་དང་། སྐུ་སྨད་ཀྱི་བྷ་ག་སྦྱོར་བ་མཛད་པའི་བུ་མོ་ལྔ་ཡོད་དེ། གཅིག་ནི་རྟག་པའི་རྒྱལ་མོ་རྣམ་སྣང་གསལ་ཞེས་བྱ་སྟེ།མདོག་དཀར་མོ་ལ་ཤེལ་གྱི་རལ་པ་ཅན། གསང་བའི་མཁའ་ཤེལ་གྱི་གའུ་འཁྱིལ་བ། མ་ཆགས་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་འོད་གསལ་འབར་ཞེས་བྱ་སྟེ། སྐུ་མདོག་སྔོན་པོ་ལ་རིན་པོ་ཆེའི་རལ་པ་ཅན་ནོ། །གསང་བའི་མཁའ་ལ་རིན་པོ་ཆེའི་གའུར་འཁྱིལ་བ། མི་ལེན་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་གཉེན་གསལ་མ་ཞེས་བྱ་སྟེ། སྐུ་མདོག་དམར་པོ་བྱི་རུའི་ལན་ཕྲན་ཅན།གསང་བའི་མཁའ་བྱི་རུའི་ག་འུར་བསྐྱིལ་བ། གཉིས་སུ་མེད་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་ཡང་གསང་གཡོས་ཞེས་བྱ་སྟེ། སྐུ་མདོག་ལྗང་གུ་ལ་རྡོ་རྗེའི་ལེན་ཕྲན་ཅན་ནོ། །གསང་བའི་མཁའ་རྡོ་རྗེའི་ག་འུར་བསྐྱིལ་བ། གྲུབ་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ་ཞེས་བྱ་སྟེ། སྐུ་མདོག་ཅིར་ཡང་འགྱུར་བ་ལ་གཡུའི་རལ་པ་ཅན་ནོ། །གསང་བའི་མཁའ་གཡུའི་ག་འུར་བསྐྱིལ་བ། གཉིས་མེད་བརྟེན་པའི་ཐབས་ལ་རོལ་པའོ། །འདི་ལྔ་ནི་མཁའ་བཞི་དབྱིངས་དང་ལྔ་ཞེས་བྱ་སྟེ། རིགས་ཀྱི་ཡུམ་ལྔ་ཞེས་བྱ་བ་འདི་ལྔ་ཡིན། སེམས་ཅན་དུས་ཆེན་པོ་ལ་འབབ་ཡང་འདི་ལྔས་དབང་བྱེད་དེ། ཚེའི་བདག་མོ་ཆེན་མོ་ཡང་འདི་ལྔ་ཡིན་ནོ། །སྲོག་ལས་དྲངས་པའི་སྙིང་པོ་ནི། ལྷི་ས་མུ་རན་ཧུ༷་ཧ། ཏྲ་ལ་པ་ར༷་ཧ། བི་ཤ་སན་ཏི་ཧ། བི་ཡ༷་ཡ༷་ཏི་ཧ། མ་ཧྭ་ལ༷་ཏེ་ཧ། མ་མོ་རྣམས་ཀྱི་གཙོ་མོའི་ཡང་གཙོ་མོ། གཏན་ཚིགས་ཀྱི་ལེའུ་སྟེ་དང་པོའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དཀྱིལ་འཁོར་བསྒོམ་པ་དང་། །བདག་ཉིད་ཕྱག་རྒྱར་བསྐྱེད་བྱ་བ། །འབྱུང་དང་འཇུག་པའི་མཚན་ཉིད་ལས། །ཇི་ལྟར་བདག་གིས་ནན་ཏན་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ། །འབྱུང་དང་འཇུག་པའི་མཚན་ཉིད་ལས། །ཇི་ལྟར་དཀྱིལ་འཁོར་ལྷ་བསྐྱེད་པ། །ངས་བསྟན་པ་ལ་གདོན་མི་ཟ། །ཉོན་ཅིག་གདོན་འདུལ་ལྷ་ཡི་གཙོ། །འབྱུང་བ་སྤྲོ་བའི་ངོ་བོ་དང་། །འཇུག་པ་བསྡུ་བའི་མཚན་ཉིད་ནི། །ས་བོན་གྱིས་ནི་བསྟན་པར་བྱ། །བདག་ཉིད་ཐིག་ལེ་མཉམ་སྦྱར་ནི། །རྣམ་གསུམ་རིམ་གྱིས་ཏིང་འཛིན་བསྒོམ། །དམིགས་མེད་ཏིང་འཛིན་རྣམ་དག་ཅིང་། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །དམིགས་མེད་མ་ཆགས་ས་བོན་གྱིས། །དེ་བཞིན་ཉིད་དུ་རྣམ་པར་གྲགས། །སྙིང་རྗེ་ནམ་མཁའི་ངོ་བོ་ལ། །བླང་དོར་མེད་པར་སྣང་བ་ནི། །མཚམས་སུ་སྦྱོར་བའི་ས་བོན་གྱིས། །ཀུན་ཏུ་སྣང་ཞེས་གྲགས་པ་ཡིན། །བདག་ཉིད་རླུད་ལས་གྱུར་པ་ཡི། །འོག་གི་ཕྱོགས་སུ་ས་བོན་བརྟན། །བདག་གི་ཆུ་ལས་གྱུར་པ་ཡི། །དེ་ཡི་སྟེང་དུ་ས་བོན་བརྟན། །བདག་གི་ས་ལས་གྱུར་པ་ཡི། །ས་བོན་ལས་ནི་སྤྲིས་མར་བརྟན། །བདག་གི་མེ་ལས་གྱུར་པ་ཡི། །ས་བོན་ལས་ནི་དྲོད་དུ་ལྡན། །བདག་གི་ནམ་མཁའི་ངོ་བོ་ལ། །ས་བོན་ལས་ནི་སྣང་སྲིད་བསྒོམ། །དབྱིངས་ལས་འབྱུང་ལྔས་རྒྱུ་བསྐྱེད་དེ། །མཁའ་ལ་རླུད་བརྟེན་འགྲོ་ལྔར་ལྡན། །བདག་ཉིད་ཧུ༷་དུ་གསལ་བ་ལས། །ས་བོན་གྱིས་ནི་དཀྱིལ་འཁོར་བསྒོམ། །འཁོར་ལོའི་ས་བོན་གྱིས་སྦྱངས་ནས། །རྩིབས་བརྒྱད་པ་རུ་རྣམ་པར་གསལ། །གདན་གྱི་ས་བོན་གྱིས་སྦྱངས་ནས། །རྩིབས་བརྒྱད་སྟེང་དུ་བཅུ་བཞི་བསྐྱེལ། །དཀྱིལ་དུ་རྒྱ་མཚོར་ཐོད་ཕྲེང་གཉིས། ཁྲར་དང་ནུབ་ཏུ་མགོ་བསྣོལ་པའོ། །སྒྲོལ་བྱེད་དཀར་མོ་མིག་གཅིག་གཉིས། །བརྒྱ་བྱིན་ཕྱོགས་སུ་མགོ་བསྣོལ་པའོ། །དབང་སྡུད་ནག་མོ་རལ་གཅིག་གཉིས། །གཤིན་རྗེའི་ཕྱོགས་སུ་མགོ་བསྣོལ་བའོ། །བདུད་རྩི་བྱེད་དང་མ་མོ་གཉིས། །ཆུ་བདག་ཕྱོགས་སུ་མགོ་བསྣོལ་པའོ། །གནས་སྦྲུལ་སེར་མོ་ལས་མཁན་གཉིས། །གནོད་སྤྱིན་ཕྱོགས་སུ་མགོ་བསྟན་པའོ། །རྒྱན་གྱི་རྒྱལ་མོ་མེ་ལྷའི་ཕྱོགས། །དབྱིངས་ཕྱུག་མ་ནི་བདེན་བྲལ་ཕྱོགས། བདག་ཉིད་མ་ནི་རླུད་ལྷའི་ཕྱོགས། །གཅིག་པུ་མ་ནི་དབང་ལྡན་ཕྱོགས། །རིམ་གྲོ་སྐྱེ་ཕྱིར་འཁོར་རྣམས་བསྒྱེལ། །བྷ་ག་བཅུ་བཞིའི་གདན་སྟེང་ནས། །བདག་ཉིད་བྱང་ཆུབ་ཐིག་ལེ་ལས། །སྙིང་པོ་ཡེ་ཤེས་མངོན་དུ་ཤར། །བྱེད་པ་པོ་ནི་ཀུན་ཏུ་བཟང་། །རྣམ་པར་ཐར་པའི་དབུར་ལྡན་ཞིང་། །ཡེ་ཤེས་དྲུག་གི་ཕྱག་རྒྱ་ཅན། །མཚན་དང་དཔེ་བྱད་ཡང་དག་ལྡན། །རྫུ་འཕྲུལ་བཞི་ཡི་ཞབས་ཀྱིས་བཞུགས། །བདག་གི་གཟུགས་ཀྱི་ངོ་བོ་ལ། །རྣལ་འབྱོར་ཉིད་གཞི་བདེ་མཆོག་མ། །བྱ་བ་མོ་ནི་ཆོས་ཀྱི་དབྱིངས། །ཆོས་ཉིད་རྟག་པ་ཐུགས་ཀྱི་དཀྱིལ། །འོད་ཟེར་ལྔ་པོ་རྩེ་ནས་འཕྲོ། །འབྱུང་བ་ལྔ་ཡི་ཞལ་མངའ་ཞིང་། །ཡེ་ཤེས་དྲུག་གི་ཕྱག་རྒྱ་ཅན། །ཕྱོགས་མཚམས་གནོན་པའི་ཞབས་བརྒྱད་ཀྱིས། །མ་གཤེགས་པར་ནི་སྲིད་པར་བྱོན། །དུས་བཞི་འཆར་བའི་བྷ་ག་ལས། །སྐྱེ་བ་མེད་པའི་ཀློང་དུ་ཐིམ། །སྲིད་པ་གསུམ་གྱིས་སྐུ་བརྒྱན་ཅིང་། །སྤྱི་དཔལ་མཆོག་ལ་འདི་སྐད་གསུངས། །ཧུ༷་ཡེ་ཤེས་སྙིང་པོ་བླ་ན་མེད། །བླ་མེད་ཁྲག་འཐུང་དཔལ་གྱི་དཔལ། །འཇིགས་བྱེད་གསང་བའི་རྡོ་རྗེ་ནི། །མཁའ་ཀློང་ཀུན་གྱི་གཏེར་ལགས་ཀྱི། །མཁའ་ཀློང་བདེ་བའི་ལམ་མཆོག་ནི། །སྐྱེ་འགྲོ་ཡོངས་ཀྱི་ཐར་པའི་ལམ། །སངས་རྒྱས་ཡོངས་ཀྱི་རེ་སྐོང་ཕྱིར། །ཐར་ལམ་བདེ་བའི་ལམ་མཆོག་ནི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགྱེས་པའི་རྡོ་རྗེ་གསོར་ནས་ཀྱང་། །རེ་སྐོང་བདུད་རྩིའི་ཆར་ཆེན་ཕོབ། །ཧོ། །ཧུ༷་མཉམ་བཞག་ཡེ་ཤེས་པདྨའི་དབྱིངས། །འབྱུང་གནས་སྐྱེ་འགྲོ་ཐར་པའི་ལམ། །རིན་ཆེན་དཀྱིལ་འཇམ་ཀློང་ཡངས་སུ། །སྤྱི་དཔལ་རྡོ་རྗེ་གསང་བའི་གཏེར། །རེ་སྐོང་བདུད་རྩིའི་ཆར་ཆེན་ཕོབ། །ཧོ། །ཧུ༷་བྷ་ག་པདྨའི་དཀྱིལ་འཁོར་འདིར། །འདབ་བརྒྱད་ས་ཡི་དཀྱིལ་འཁོར་ལྡན། །ཕྱི་ལྕགས་ནང་རྟེན་སྒོ་འཕར་བཅས། །རིན་ཆེན་དཀྱིལ་འཇམ་གདན་སྟེང་ནས། །བླ་མེད་འཕྲུལ་གྱི་ལྡེ་མིག་གིས། །ལྕགས་དཀྲོལ་གདན་ཕྱེ་གདན་ལ་བཞུགས། །རིན་ཆེན་བརྩེགས་པའི་གའུ་སྲ །བླ་མེད་ཁྲག་འཐུང་སྐུ་བསིལ་ནས། །བདུད་རྩི་ཆེན་པོའི་བུམ་པ་ཡིས། །སྲིད་གསུམ་འགྲོ་བའི་བག་ཆགས་བཀྲུས། །ཧུ༷་མི་དམིགས་པ་ལ་དམིགས་པ་ཆེ། །མ་ཆགས་པ་ལ་ཆགས་པ་བདེ། །ཐར་ལམ་བདེ་བ་བྷ་གའི་དབྱིངས། །བླང་དོར་མེད་པའི་ཀློང་ཡངས་སུ། །སྲིད་པའི་བག་ཆགས་བཀྲུ་བའི་ཕྱིར། །སྤྱི་དཔལ་བླ་ན་མེད་པ་ཡིས། །གསང་བའི་དོན་ལྡན་ལྡེ་མིག་གིས། །རྣམ་པར་ཐར་པའི་སྒོ་ཕྱེ་ནས། །ཡེ་ཤེས་ཆུ་བོས་ཁྲུས་ཆེན་མཛོད། །ཨཱོཾ༷་ཐབས་ལས་དབྱིངས་བྱུང་ཐར་པའི་ལམ། །དབྱིངས་ལས་ཐབས་བཞེངས་བླ་མེད་སྐུ། །བླ་མེད་དབྱིངས་དང་ཡེ་ཤེས་སྦྱོར་བ་ན། །བདུད་རྩི་ཆེན་པོའི་ཆར་ཆེན་སྲིད་པར་སྤྲོ། །ཕྱོགས་བཅུའི་རྒྱལ་བ་མཉེས་པའི་མཆོད་པར་སྤྲོ། །རྣལ་འབྱོར་མཁའ་འགྲོ་སྐོང་བའི་ཚོགས་སུ་སྤྲོ། །འགྲོ་བ་རིགས་དྲུག་སྒྲིབ་བ་སྦྱོང་བའི་ཕྱག་རྒྱ་ཆེན་པོར་སྤྲོ། །མུ་སྟེགས་བདུད་འདུལ་ཁྲོ་རྒྱལ་ཚོགས་སུ་སྤྲོ། །སྡུག་བསྔལ་ཟ་བྱེད་བདུད་རྩིའི་ཆར་ཆེན་སྤྲོ། །དབང་པོ་གསལ་བྱེད་ཡེ་ཤེས་སྒྲོན་མར་སྤྲོ། །འདོད་ཆགས་ཚིམས་བྱེད་གསང་བའི་སེམས་སུ་སྤྲོ། །ཧོ། །ཧུ༷་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །མ་བཀག་ལྷུན་གྱིས་རྫོགས་པ་ན། །ཐམས་ཅད་ཐིག་ལེ་ཉིད་ཀྱི་ངང་། །ཞེས་གླེངས་ཏེ། །གཉིས་སུ་མེད་པར་གྱུར་ཏོ། །གཉིས་མེད་སྦྱོར་བའི་ཐིག་ལེ་ཆེ། །གཉིས་མེད་སྦྱོར་བའི་འོད་ཟེར་ལས། །འབྱུང་བ་ལྔ་ཡི་འཕྲོ་འདུ་བྱུང་། །བདག་གི་ས་ཡི་ངོ་བོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་བརྟན་འབར་སེམས་མའི་མཆོག །མི་འཇིགས་པ་ཡི་དབུ་གསུམ་གྱིས། །དུག་གསུམ་དབྱིངས་སུ་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལ། །དཀར་ལ་དང་བའི་ན་བཟའ་གསོལ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །ས་བདག་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་རླུད་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་ཡང་གསལ་སེམས་མའི་མཆོག །ཐོགས་པ་མེད་པའི་དབུ་གསུམ་གྱིས། །ཁམས་གསུམ་ཐིག་ལེར་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་ལྗང་གུ་བི་ཌརུ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །གནོད་སྤྱིན་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་ཆུ་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་གཉེན་གསལ་སེམས་མའི་མཆོག །རོལ་པ་ཆེན་པོའི་དབུ་གསུམ་གྱིས། །དུག་གསུམ་དབྱིངས་སུ་སྒྲོལ་བྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལ། །དམར་པོ་དབང་གི་ན་བཟས་བརྒྱན། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །ཆུ་བདག་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་མེ་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་འོད་གསལ་སེམས་མའི་མཆོག །སྟོབས་ལྡན་མཆོག་གི་དབུ་གསུམ་གྱིས། །སྲིད་གསུམ་ཐིག་ལེའི་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལ། །རིན་ཆེན་སྔོན་པོའི་ན་བཟས་བརྒྱན། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །གཤིན་རྗེ་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་བསྲེག་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་བཀྲག་གསལ་སེམས་མའི་མཆོག །མི་འགྱུར་བ་ཡི་དབུ་གསུམ་ལ། །སྐྱེ་འགྲོ་མཁའ་ལ་སྒོ་འབྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །མི་བཟད་པ་ཡི་སྦྱིན་པ་གཏོང་། །ཅིར་ཡང་འགྱུར་བའི་སྐུ་མདོག་ལ། །བཙོ་མ་གསེར་གྱི་ན་བཟའ་གསོལ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །བརྒྱ་བྱིན་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་གསང་བའི་ཐིག་ལེ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །བླ་ན་མེད་པའི་ཡབ་ཡུམ་གཉིས། །སྦྱོར་བའི་གདན་དུ་དྲུག་པོ་འདིང་། །བདག་གི་འོད་ཆེན་སྣ་ཚོགས་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །དཔལ་འབར་ཁྲོ་མོ་ཉིད་ཀྱི་སྐུ། །བདག་གི་དངས་མ་བཞི་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །གསང་བའི་ཡུམ་བཞི་ཉིད་ཀྱི་སྐུ། །བདག་གི་དངས་མ་བརྒྱད་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཁམས་གསུམ་བརྡར་གཅོད་ཉིད་ཀྱི་སྐུ། །བདག་གི་བདེ་ཆེན་གསང་བ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །དུག་གསུམ་དབང་སྡུད་ཉིད་ཀྱི་སྐུ། །བདག་གི་དཔག་བསམ་ཤིང་བུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །སྐྱེ་ཤི་རྩད་གཅོད་ཉིད་ཀྱི་སྐུ། །བདག་གི་ཟངས་ཀྱི་སྦུ་གུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །པརླེ་ཤྭ་རྡི་དབང་གི་སྐུ། །བདག་གི་སྲིད་པའི་མདོ་བསྡུས་པའི། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཡག་ཤ་ཁྲོ་མཆོག་ཉིད་ཀྱི་སྐུ། །བདག་གི་དབང་མོ་མདོ་བསྡུས་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །རག་ཤ་ཀྲོ་ཏི་ཤྭ་རྡིའི་སྐུ། །གཡས་གཡོན་ཐབས་དང་ཤེས་རབ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཀྲོ་ཏི་ཤྭ་རྡི་ས་མ་ཡ། །བདག་གི་སྲིད་པ་འཇུག་བྱེད་པའི། །་བོན་ལས་ནི་སྐུར་བསྐྱེད་པ། །སྒུ་ཡ་ཀྲོ་ཏི་ཤྭ་རྡིའི་སྐུ། །དེ་ལྟར་རྟག་ཏུ་བསྒོམ་པ་ནི། །བྱེད་པ་པོ་དང་བྱ་བ་མོ། །ཕ་མ་མེད་པའི་ཕོ་མོ་གཉིས། །སྲིད་པའི་སྔོན་དུ་བྱུང་བ་ཡིན། །སངས་རྒྱས་ཉིད་ལས་ཤིན་ཏུ་བགྲེས། །ལྔ་ལས་གྱུར་པའི་བུད་མེད་ལྔ། །གཉེན་མེད་སྐྱིད་པའི་གཡུང་དྲུང་ཡིན། །བསྐྱེད་པའི་ཁྲོ་མོ་བཅུ་གསུམ་ནི། །ཅིར་མི་འོང་གི་སྤུན་དྲུག་སྟེ། །རུས་མེད་སྤུན་དྲུག་བཅུ་གསུམ་ཡིན། །མཚོན་དུ་མེད་པའི་ནམ་མཁའ་ལ། །གཟའ་སྐར་མང་པོ་ཤར་བ་ལྟར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །རོལ་པའི་ཕྱག་རྒྱ་ཅིར་ཡང་སྣང་། །སྐྱེ་འགག་མེད་པའི་དབྱིངས་སུ་ཐིམ། །གསང་ཆེན་བདེ་བའི་ཐིག་ལེ་ལས། །བྷ་གའི་སྟེང་དུ་ལིསྐོ་སྤྲོ། །རྩེ་ནས་ཐིམ་ཞིང་དཀྱིལའཁོར་སྤྲོ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དཀྱིལ་འཁོར་བསྐྱེད་པའི་བཅའ་གཞི། སྦས་པའི་ཐིག་ལེའི་ལེའུ་སྟེ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུན། །རྣམ་རྟོག་ནད་ཀྱི་ཟིན་པ་ལ། །བདུད་རྩིའི་སྨན་ཆེན་ཇི་ལྟར་གཏོང་། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །བླ་མེད་དཔལ་གྱིས་བཀའ་སྩལ་པ། །རྟོག་པའི་ནད་གཞིལ་སྨན་ཆེན་པོ། །ངས་གསུངས་པ་ལ་གདོན་མི་ཟ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། ཁུ་གཅིག་དང་ནི་རྐྱེན་གཉིས་ལས། །ས་བོན་ལས་ནི་རྣམ་སྦྱངས་པ། །སྤྲོ་བསྡུ་བྱས་པས་དྲི་མཆོག་འགྱུར། །དུག་གསུམ་ནད་ཀྱི་གཉེན་པོ་ཡིན། ཁུ་གཉིས་དང་ནི་རྐྱེན་གསུམ་ལས། །ས་བོན་གྱིས་ནི་རྣམ་སྦྱངས་པ། །སྤྲོ་བསྡུ་དུ་བར་འཐུལ་བས་ནི། །ཉོན་མོངས་ལྔ་ཡི་ནད་རྣམས་འབྱང་། །རྒྱུ་གསུམ་དང་ནི་རྐྱེན་ལྔ་ལས། །ས་བོན་གྱིས་ནི་ཡང་དག་སྦྱངས། །སྤྲོ་བསྡུ་གཡོས་པར་འགྱུར་པ་ལ། །རྣམ་ཤེས་བརྒྱད་ནི་ཀུན་ཏུ་རྒྱུ། །འཇུག་པའི་ནད་རྣམས་ཞི་བར་བྱེད། །བདག་གི་དྲི་མ་ཆེན་པོ་ལ། །ས་བོན་གྱིས་ནི་རྣམ་སྦྱངས་པ། །ཟོས་ན་ཡོན་ཏནརྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་གཏི་མུག་ཡིན། །བདག་གི་མྱ༷་ས་ཆེན་པོ་ལ། །ས་བོན་གྱིས་ནི་རྣམ་སྦྱངས་པས། །ཟོས་ན་ཡོན་ཏན་རྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་ང་རྒྱལ་ཡིན། །བདག་གི་ཁྲག་ལས་གྱུར་པ་ཡི། །ས་བོན་གྱིས་ནི་རྣམ་སྦྱངས་པ། །ཟོས་ན་ཡོན་ཏན་རྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་འདོད་ཆགས་ཡིན། །བདག་གི་དྲི་ཆུ་ལས་གྱུར་པ། །ས་བོན་གྱིས་ནི་རྣམ་སྦྱངས་པ། །ཟོས་ན་ཡོན་ཏན་རྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་ཕྲག་དོག་ཡིན། །བདག་གི་གསང་བའི་ས་བོན་ལ། །ས་བོན་གྱིས་ནི་རྣམ་སྦྱངས་ཏེ། །ཟོས་ན་ཡོན་ཏན་རྣམ་གཉིས་ལྡན། །དངོས་གྲུབ་ཆེན་པོ་ཞེ་སྡང་ཡིན། །ཀུན་འདུས་གཅིག་ཏུ་གྱུར་པ་དང་། །ཕྲ་མོ་སྟོང་དང་སྤོམ་པོ་བརྒྱད། །བསྡུས་ལ་གོང་བུར་དྲིལ་བ་ལས། །བསྡུ་བའི་སྔགས་ཀྱིས་རྣམ་སྦྱངས་ཏེ། །སྤྲོ་བསྡུས་འོད་དུ་འབར་བ་ནི། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །ཟོས་ན་དཔལ་ཆེན་དངོས་གྲུབ་ཐོབ། །མཁའ་འགྲོ་མ་རྣམས་བཀུར་སྟིར་བྱེད། ཁུ་གསུམ་རྐྱེན་ལྔའི་བདུད་རྩི་ཆེན་པོ་སྟེ། །སྣང་བ་ཆེན་པོ་སྣང་སྲིད་འཆར་བའི་རྒྱུ། །དུས་གསུམ་རྒྱལ་བ་ཀུན་གྱི་འབྱུང་གནས་ཏེ། །མཁའ་འགྲོ་དམ་ཅན་ཀུན་གྱི་སྲོག་གི་རྒྱུ། །རང་བྱུང་བདུད་རྩི་ཆེན་པོའི་འབྱུང་གནས་ཡིན། །རང་བྱུང་རྣམ་དག་ཉིད་ཀྱི་སྐུ་གསུང་ཐུགས། །བདུད་རྩི་ཆེན་པོ་སྟོང་པ་ཉིད་བཞུགས་པས། །དུག་གསུམ་རྣམ་རྟོག་གོནད་ཀྱི་གཉེན་པོ་ཡིན། །ཐེག་ཆེན་ས་གཞི་ཆེན་པོ་ལས། །རྩི་མཆོག་མང་པོ་ཀུན་སྐྱེས་ཏེ། །སྐྱེ་འགྲོའི་གསོས་སུ་གྱུར་པ་ལྟར། །བདག་ཉིད་བདུད་རྩིའི་དཀྱིལ་འཁོར་ལས། །སྲོག་གིས་བསྡུས་པའི་སེམས་ཅན་ཀུན། །རྣམ་རྟོག་ནད་ཀྱི་གསོས་སུ་ཆེ། ཁུ་གསུམ་རྐྱེན་ལྔའི་བདུད་རྩི་སྟེ། །མ་རིག་བརྒྱལ་བའི་དོང་ཞེས་བྱ། །དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་དང་ལྷ་གནོད་འདུལ་ལ་སོགས་པ་དང་། འཁོར་དེར་འདུས་པ་རྣམས། བདུད་རྩིའི་དཀྱིལ་འཁོར་གྱིས་གཏན་དུ་ཚིམ་ནས། ལང་ཚོའི་དངོས་གྲུབ་ཐོབ་བོ། །གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་སེམས་ཅན་ཐམས་ཅད་ཀུན། །འདོད་ཆགས་ཀྱིས་ནི་ཁམས་གསུམ་འཁོར། །ཞེ་སྡང་གིས་ནི་ངན་སོང་ལྷུང་། །དེ་ལས་ནན་ཏན་ཇི་ལྟར་བགྱི། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ཇི་ལྟར་ཆགས་སྡང་རྣམ་པ་གཉིས། །དངོས་གྲུབ་ཆེན་པོར་ངས་བཤད་ཀྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས། །ཕ་དང་ཕུ་བོ་མེས་པོ་དང་། །ལྷ་དང་བྲམ་ཟེ་མུ་སྟེགས་དང་། །བྲན་དང་གཡོག་པོ་ལ་སོགས་པའི། །ཞིང་བབྱུརྟག་ཏུ་ལྡན་པ་ལ། །ཕུང་པོ་བསད་དེ་སྙིང་ཕྱུང་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །མ་དང་སྲིང་མོ་བུ་མོ་དང་། །ལྷ་མོ་ཀླུ་མོ་རིགས་ངན་མོ། །བྲན་མོ་གཡོག་མོ་ལ་སོགས་ཏེ། །གདོལ་པ་མོ་དང་ཕྱལ་བ་དང་། །ཚུལ་དགུར་སྦྱར་ན་དངོས་གྲུབ་ཐོབ། །ཅེས་བཀའ་སྩལ་པ་དང་། ལྷ་གཡུང་དྲུང་ལ་སོགས་པ་ཡ་མཚན་དུ་གྱུར་ནས། དངངས་ཏེ་ཅང་མི་སྨྲ་བ་དང་། འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ། །ཡེ་ཤེས་བཞིའི་བརྐྱང་ཕྱག་ཕྱོགས་བཞིར་བཙལ་ནས། བག་བཞི་ས་ལ་བརྡབས་ཏེ། ལུས་བརྐྱང་ནས། རྒྱལ་བ་རྫོགས་པའི་ཞབས་སྤྱི་བོར་བླངས་ཏེ། དངོས་གྲུབ་མྱུར་དུ་འདོད་པའི་ཕྱིར། ཕྱག་རྒྱ་བཅས་ནས་གསོལ་བ། ཕ་དང་ཉེ་བའི་ཞིང་བཅུ་དག །བསད་ན་དངོས་གྲུབ་ཐོབ་པ་ཡི། །ཞེ་སྡང་ཆེན་པོའི་ཏིང་འཛིན་དང་། །མ་དང་ཉེ་བ་ཕྱལ་པ་དག །སྦྱར་ན་དངོས་གྲུབ་ཐོབ་པ་ཡི། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །དངོས་གྲུབ་ཆེན་པོ་བདག་འཚལ་ན། །སྤྱི་དཔལ་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་ཏེ། །ལུས་ས་ལ་ལན་སྟོང་དུ་བརྡབས་པ་དང་། །སྲིད་པ་དུས་ཐམས་ཅད་གཅིག་ཏུ་གཡོས་ཏེ། །འཁོར་ཐམས་ཅད་དུས་གཅིག་ཏུ་ཁམས་ཞབྲུགས་ནས་ཐམས་ཅད་བག་བཞི་ས་ལ་རྡེབས་ཤིང་ཡ་མཚན་ནོ། །སྤྱི་དཔལ་ཆེན་པོ་ཡ་མཚན་ནོ། །རྡོ་རྗེ་སེམས་དཔའ་ཡ་མཚན་ནོ། །ཞེས་མགྲིན་གཅིག་ཏུ་སྨྲས་ནས། པདྨ་ཁ་འབུས་པ་ལྟར་སོར་བཅུ་སྤྱི་བོ་ལ་བླངས་ཏེ། མིག་མི་ལྡོག་པར་མངོན་རྫོགས་རྒྱལ་པོ་ལ་རྟོག་གོ །དེ་ནས་དེ་ལྟ་བུའི་སྤྱོད་པ་ཐུགས་སུ་གསོལ་ནས། འཁོར་ཐམས་ཅད་ལ་དགྱེས་པའི་ཡེ་ཤེས་ཀྱི་མདངས་ཀྱིས་གཟིགས་ཏེ་བཀའ་སྩལ་པ། །རྡོ་རྗེའི་འཁོར་གདུང་བ་དང་། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །རྡོ་རྗེ་སེམས་དཔས་ཞུས་པ་ལེགས། །ཀུན་ཀྱང་དྲན་པ་གནས་སུ་སྡུས། །སྲིད་པ་ཐམས་ཅད་བདེ་ལ་བཀོད། །ངས་ཀྱང་བདུད་རྩིའི་སྙིང་པོ་སྤྱིན། །འདུ་ན་ས་མ་ཡ་ལྷན་སྟུ༷། །ཞེས་གསུང་པ་ལས། །འཁོར་ཐམས་ཅད་སེམས་རྣལ་དུ་ཕེབས་སོ། །སྲིད་པ་ཐམས་ཅད་དུས་གཅིགཏུབདེ། རྣ་བའི་དབངཔོ་བླགས་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་རྗེས་སུ་ཞུགས་ནས་འཁོར་ཀུན་ཉན་ཏོ། །དེ་ནས་སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། གཉེན་སྡུག་དང་ནི་ཞིང་བཅུ་ལ། །བསད་པའི་ཕྱིར་ན་ཞེ་སྡང་བསྒོམ། །སྦྱང་བ་གསུམ་གྱི་ས་བོན་གྱིས། །སྦྱངས་ན་སྲིད་པའི་བག་ཆགས་འབྱང་། །ལྔ་ཡི་ཚོམ་བུའི་ས་བོན་གྱིས། །སྒོ་ལྔ་བཅད་ན་འཆོར་བ་མེད། །སྙིང་བརྩེ་བ་ཡི་ཤུགས་དག་གིས། །བསྡུས་ནས་རྒྱལ་བའི་རིལ་བུ་སྤྱིན། །སྒོ་འབྱེད་པ་ཡི་ས་བོན་གྱིས། །སྙོ་དྷི་ཙིསྟའི་སྒོ་ཕྱེས་ནས། །རྣ་བརྒྱུད་བྱིན་པས་སེམས་བཞུ་སྟེ། །མ་མས་ཡང་ཀྱང་ཤར་བཟློག་པའི་ས་བོན་གྱིས། །སྤྲོས་ཏེ་འབྲུ་བཅུའི་སྙིང་པོ་སྤྱིན། །ཆུ་དང་འོ་མ་བསྲེས་པ་བཞིན། །མྱ་ངན་ཟློ་བའི་ཕྱག་རྒྱ་ཡིས། །བཅིངས་ནས་བདེ་སྐྱིད་གཡུང་དྲུང་སྤྱིན། །རྐྱེན་ལྔའི་སྒོ་འབྱེད་ས་བོན་གྱིས། །རི་རབ་ཆེན་པོའི་སྒོ་ཕྱེ་སྟེ། །ལྷ་མོ་ལྔ་ཡི་ཕྱག་རྒྱ་ཡིས། །ལྕགས་ཀྱུའི་ཕྱག་རྒྱས་བསྡམས་ནས་སུ། །རྒྱུ་གཅིག་དབྱིངས་ནས་བྱུང་ནས་ནི། །མཚམས་སུ་སྦྱོང་བའི་ས་བོན་གྱིས། །ཡེ་ཤེས་གཡུང་དྲུང་བརྡལ་བ་ལས། །སྤྱི་དཔལ་ཆེན་པོས་མཚམས་སྦྱར་ནས། །གསེར་དང་དངུལ་དུ་བསྲེས་པ་བཞིན། །སྡིག་པ་བྱས་ཀྱང་ཡེ་ཤེས་འབར། །ཡང་ན་དཀྱིལ་འཁོར་གསལ་བཀྲམ་སྟེ། །ཕུང་པོ་མངོན་སྤྱོད་ལྷ་ལ་མཆོད། །རྩ་བ་གསང་བའི་བྷ་ག་ལ། །མཚམས་སུ་སྦྱོར་བའི་ས་བོན་གྱིས། །སྲས་སུ་བསྐྱེད་ན་བསོད་ནམས་མཆོག །བསྐལ་པའི་མེ་དཔུང་འབར་བ་ཡིས། །སྲིད་པའི་བུད་ཤིང་སྲེག་པ་ལྟར། །ཡེ་ཤེས་མེ་དཔུང་འབར་བ་ཡིས། །འགྲོ་བ་ཀུན་གྱི་བག་ཆགས་བསྲེག །མེ་ལ་ཤིང་ནི་བསྣན་པ་ལྟར། །སྡིག་པ་བྱས་ཀྱང་ཡེ་ཤེས་འབར། །མ་དང་སྲིན་མོ་ཕྱལ་པ་དང་། །སྦྱོར་བའི་ཕྱིར་ནི་འདོད་ཆགས་བསྒོམ། །ལྔ་ཡི་ས་བོན་རྣམ་ལྔ་ལས། །གཅིག་ལ་ལྔ་ལྔར་ཚོམ་བུར་སྦྱོར། །ལམ་དུ་བདེ་བའི་ས་བོན་གྱིས། །བྷ་ག་ལ་ནི་འདབ་མ་བརྒྱད། །གདན་དུ་བདེ་བའི་ས་བོན་གྱིས། །ཀློང་ལ་འཁོར་ལོ་རྩིབས་སུ་བཅས །ལས་ཀྱི་ས་བོན་གཡས་གཡོན་གྱི། །དབུ་ལ་མཁའ་འགྲོ་ལྔ་པོ་ཉིད །དྲིལ་བུའི་ས་བོན་རྐང་མཐིལ་ལ། །ཞགས་པའི་ས་བོན་ལག་གཉིས་ལའོ། །བདག་ཉིད་སྙིང་པོའི་བརྟན་པའི་སྐུ། །གནས་ལྔ་རལ་གྲིའི་ས་བོན་ལྔ། །གཅིག་ལ་མཁའ་འགྲོ་ལྔ་ལྔས་བསྐོར། །འདྲེན་པའི་ས་བོན་སྒལ་ཚིགས་ལ། །དགྱེས་པའི་ས་བོན་གཡས་དང་གཡོན། །བསྟིམ་པའི་ས་བོན་གསང་བ་ལ། །ལྕགས་ཀྱུའི་ས་བོན་རྐང་གཉིས་ལ། །ལྕགས་སྒྲོག་ས་བོན་ལག་གཉིས་ལ། །བསྐྱོད་པའི་ས་བོན་མཚམས་སུ་སྟེ། །སྤྲོས་ནས་གཉིས་སུ་མེད་པའི་ཚེ། །སྤྲོས་ནས་མཚམས་སུ་སྤྲོས་བསྟིམ་སྟེ། །མཆོད་པ་བཞི་ཡི་ས་བོན་གྱིས། །སྟོང་ཁམས་བཀང་སྟེ་མཉེས་མཆོད་ལ། །རིགས་དྲུག་འགྲོ་བའི་སྡིག་སྦྱོངས་ནས། །འཇུག་པའི་ས་བོན་ཆེན་པོ་ཡིས། །བསྡུས་ནས་ཀུན་བཟང་མཁའ་ལ་བསྟིམ། །གཏིང་དཔག་མེད་པའི་རྒྱ་མཚོ་ལས། །ཆུ་བྲན་མཐའ་དག་འདུ་བ་ལྟར། །བྱ་བྱེད་གཉིས་ཀྱི་ཀློང་དཀྱིལ་དུ། །མ་སྲིང་ལ་སོགས་ཀླུ་མོ་དང། །གདོལ་པ་རིགས་ངན་ཕྱལ་པ་ལ། །ཚུལ་དགུར་སྦྱར་ན་བསོད་ནམས་མཆོག །ཅེས་བཀའ་སྩལ་པས། འཁོར་ཐམས་ཅདཆགས་སྡང་གི་དངོས་གྲུབ་ཐོབ། །ཏ་ན་ག་ཎའི་བཅའ་གཞིའོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །མངོན་སྤྱོད་མཆོད་པ་ཆེན་པོ་སྟེ། །ཇི་ལྟར་བདག་གིས་ནན་ཏན་བགྱི། །སྤྱི་དཔལ་མཆོག་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྒྱལ་པོ་བདེ་བས་བཀའ་སྩལ་པ། །དེ་ཕྱིར་ཉོན་ཅིག་རྡོ་རྗེ་སེམས། །མངོན་སྤྱོད་མཆོད་པ་སྣ་ཚོགས་ཏེ། །བདག་ཉིད་མཁའ་འགྲོའི་དཀྱིལ་འཁོར་ལྡན། །རྒྱན་དང་བགོ་བའི་ལོངས་སྤྱོད་ལ། །འདོམ་གང་འོད་ཀྱི་ས་བོན་གྱིས། །སྦྱངས་ན་དཀྱིལ་འཁོར་མཉེས་པ་ཡི། །བཟའ་དང་བཅའ་བའི་ལོངས་སྤྱོད་ལ། །སྲེག་པའི་ས་བོན་མཐར་བཞག་ལ། །བདུད་རྩིའི་ས་བོན་མཆོད་སྦྱངས་ཏེ། །མཉེས་ཤིང་དགྱེས་པའི་ལོངས་སྤྱོད་ཀྱིས། །མཆོད་ཅིང་ཟོས་ན་དཀྱིལ་འཁོར་མཉེས། །བཏུང་བས་ཚིམ་པའི་ལོངས་སྤྱོད་ལ། །སྲེག་པའི་ས་བོན་གྱིས་སྦྱངས་ཏེ། །ཆུ་ཡི་ས་བོན་ཆེན་པོ་ཡིས། །སྦྱངས་ཏེ་འཐུང་ན་དཀྱིལ་འཁོར་མཉེས། །ཕར་བཏབ་པ་དང་ཚུར་ལེན་པ། །ཕོ་དང་མོ་ཡི་ས་བོན་གྱིས། །སྦྱངས་ན་ཐབས་དང་ཤེས་རབ་ཐོབ། །མཆོད་པ་འོད་ཀྱི་ས་བོན་སྤྲོ། །རྟགས་ཀ་དང་ནི་ཏ་ཏོ་ཏ་ལོ་ལ།དང་། །ཐབས་དང་ཤེས་རབ་ས་བོན་གྱིས། །སྦྱངས་ན་སྡིག་སྦྱང་ཉེས་པ་མེད། །འདི་ལྟར་བྱས་ན་འཕགས་པ་མཉེས། །མངོན་སྤྱོད་མཆོད་པ་ཆེན་པོ་ཡིན། ཆོས་ཀྱི་རང་བཞིན་དངོས་མེད་སྟེ། །དངོས་མེད་ཡི་གེ་སྟོང་པས་སྦྱངས། །སྟོང་ཉིད་སྟོང་པ་ཡེ་ནས་དབེན། །སྤྲོས་པའི་སྣོད་ཀྱང་དངོས་ཀྱིས་སྟོང་། །རྣམ་པར་སྨིན་པ་སྟོང་པས་མེད། །བྱེད་པ་པོ་དང་བྱ་བ་མོ། །གདོད་ནས་སྟོང་པའི་འབྲས་བུ་ལེན། །རྟོགས་པས་སྟོང་པའི་འབྲས་བུ་ལེན། །ལེགས་དང་ཉེས་པ་གཉིས་སུ་མེད། །ཐིག་ལེ་ཆེན་པོ་ལེན་པ་མེད། །གདོད་ནས་ལེགས་པའི་རྒྱལ་པོ་ཡིན། །དེ་སྐད་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་འཁོར་དང་བཅས་པ། འཁོར་ཀུན་ཕུན་སུམ་ཚོགས་པ་ཀུན། སྟོང་པའི་འབྲས་བུ་ལ་སེམས་མི་ཡེངས་པར་རྟོགས་སོ། །དེ་ནས་ལྷ་གདོད་འདུལ་སྟན་ལས་ལངས་ཏེ། སྤྱི་དཔལ་ཆེན་པོའི་ཞབས་ལ་འཇུས་ནས། མོས་པ་ཆེན་པོས་གསོལ་པ། དགོངས་ཤིག་ཡེ་ཤེས་བདེ་ཆེན་ལྷ། །སྲིད་པ་ལུབྲུག་པའི་རྟོག་པ་ཡིས། །སེམས་ཀྱི་འཁྲུལ་པ་ཅི་མཆིས་པ། །ཞབས་ལ་སྤྱི་བོས་གལ་གྱུར་ནས། །སྟོང་པ་ཆེན་པོར་བཟོད་པར་གསོལ། །འབྲས་བུ་ཆེན་པོར་བཟོད་པར་གསོལ། །བྱང་ཆུབ་ཆེན་པོར་བཟོད་པར་སྔསོལ། །ཐིག་ལེ་ཆེན་པོར་བཟོད་པར་གསོལ། །དེ་ནས་མི་དམིགས་པའི་ཚངསཔཆེནཔོཐོབབོ། །དེ་ནས་རྡོ་རྗེ་སེམས་དཔའ་དེ་ལངས་ནས་སྐུ་ལསྦྲུལབཞིནའཁྲིལཏེ། མཛེས་པཆེནཔོས་མཆོད་པ་བྱས། །ཕྱ་དབང་ཆེན་པོ་བདག་ལ་སྩོལ། །ནང་དབང་ཆེན་པོ་བདག་ལ་སྩོལ། །གསང་དབང་ཆེན་པོ་བདག་ལ་སྩོལ། །ཞེས་ཞུས་པ་དང་། སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཕྱི་དང་ནང་དང་གསང་བ་ཡི། །ང་ཡི་གསང་རྒྱུད་ཆེན་པོ་འདི། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ལ། གསང་བ་འདི་ལས་མི་མངའ་བས། །གསང་བའི་གསང་ཆེན་གསང་བའི་གཏེར། །གསང་བ་མཆོག་གི་སྤྱོད་པ་འདི། །རྡོ་རྗེ་སེམས་དཔའ་ཁྱོད་ལ་གཏད། །འགྲོ་བ་ཀུན་ལ་སྙིང་བརྩེའི་ཕྱིར། །ང་ཡི་སྤྱོད་པ་མཐའ་དག་དང་། །ང་ཡི་བྱིན་རླབས་ཆེན་པོ་རྣམས། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུང་། །དེ་ནས་རྡོ་རྗེ་སེམས་དཔའ་ཁྱོད། །གསང་བ་ཀུན་གྱི་བྱེད་པ་པོ། །གསང་བའི་གསང་ཆེན་གསང་བའི་བདག །སྐུ་དང་གསུང་དང་ཐུགས་གསང་བའི། །གསང་བའི་དཔལ་དུ་དབང་བསྐུར་རོ། །སངས་རྒྱས་ཀུན་གྱི་དགོངས་པ་སྟེ། །རྣལ་འབྱོར་ཀུན་ལ་བདེ་སྦྱིན་པ། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུང་། །སྟུ་ཡ་མ་ཧྭ་རྭ་ཛ་ས་མ་ཡ་ཨ་ལ་ལ་ཧོ། །ཞེས་གནང་བ་དང་། དེ་ནས་རྡོ་རྗེ་སེམས་དཔའ་དེས། རྒྱན་དང་ཆ་ལུགས་ཀུན་བཀྲོལ་ཏེ། །སྤྱི་དཔལ་མཆོག་ལ་མངོན་པར་གཏོར། །གསང་དབང་ཆེན་པོ་སྩོལ་བའི་ཕྱིར། །སྙིང་དང་སྙིང་གི་གྲོགས་མོ་དེ། །སྤྱི་དཔལ་མཆོག་ལ་ཡོན་དུ་འབུལ། །རྒྱན་དང་ཆ་ལུགས་མང་པོ་ཀུན། །གསང་དབང་གནང་ནས་ཡོན་དུ་བཞེས། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ས་མ་ཡ་ཞེས་བགྱི་བ་གང་། །ས་མ་ཡ་ལ་དུ་ཞིག་མཆི། །ས་མ་ཡ་ཡི་དོན་རྣམས་གང་། །དེ་སྐད་ཞུསླ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ས་མ་ཡ་ཞེས་བྱ་བ་ནི། །འདའ་བར་དཀའ་བའི་དམ་ཚིག་གོ །དམ་ཚིག་གྲངས་ལ་བསམ་མི་ཁྱབ། །བསྡུ་ན་རྣམ་པ་གསུམ་ཡིན་ནོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ས་མ་ཡ་ཞེས་བཀའ་སྩལ་པ། །ཇི་ལྟར་བདག་གིས་ནན་ཏན་བགྱི། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །དེ་སྐད་ཞུས་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །སྟོན་པ་བདེ་གཤེགས་ཀུན་གྱི་དཔལ། །སྐུ་ཡི་ཕྱག་རྒྱ་མི་སྤང་ཞིང་། །བསྒོ་བའི་ཚིག་རྣམས་ཉན་པར་བྱ། །རྡོ་རྗེ་སྐྲུན་ལ་གདུང་བ་བསྐྱེད། །འདི་ནི་ལུས་ཀྱི་ས་མ་ཡ། །བསྐྱེད་རྫོགས་ས་བོན་རྒྱུན་མི་གཅོད། །རྒྱལ་པོའི་ཕྱག་རྒྱ་གསལ་བར་བསྒོམ། །འདི་ནི་ངག་གི་ས་མ་ཡ། །གསང་བའི་སྙིང་པོ་ངེས་པའི་དོན། །སྣོད་ངན་རྣམས་ལ་སྤེལ་བ་མིན། །འདི་ནིཙིསྟའི་ས་མ་ཡ། །ག་ན་ཏ་ནའི་འབྲས་བུ་ལྔ། །སྤང་བར་མི་བྱ་སྤྱད་པ་ཡིན། །འདི་ནི་ཡན་ལག་ས་མ་ཡ། །དམིགས་མེད་སྤྱོད་པ་མཐའ་དག་ཀུན། །འགྲོ་དོན་རྫོགས་པའི་ས་མ་ཡ ས་མ་ཡ་ནི་རྡོ་རྗེ་ཆེ། །འདའ་བར་མ་མཛད་རྡོ་རྗེའི་དམ། །བཅོལ་བའི་ལས་རྣམས་བྱེད་པ་ཡིན། །མཁའ་འགྲོ་རྣམ་གསུམ་ས་མ་ཡ། །ཞེསདཔལཆེནཔོསབཤདདོ། །དེ་སྐད་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་དང་རིགས་ཀྱི་སངས་རྒྱས་རྣམས་ནི་གསང་བའི་བདག་པོར་གྱུར། འཁོར་མང་པོ་ནི་གཡུང་དྲུང་གི་དངོས་གྲུབ་ཐོབ་ནས། གསང་བ་དགྱེས་པའི་དམ་ཚིག་ཅན་དུ་གྱུར་ཏོ། །རྣལ་འབྱོར་གྱི་རྒྱུད་ལུང་ཆེན་པོ། ཀ་མ་ལ་དེ་བྲི་སིརྙི་མ་ཧྭ་ཏན་ཏྲ་ལས། བདུད་རྩི་ཆེན་པོའི་བཅའ་གཞི་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི་བཅའ་གཞི། རིན་པོ་ཆེ་གཏེར་གྱི་ལེའུ་སྟེ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་དབང་ཆེན་འདི་རྣམས་ཀུན། །བསྐུལ་བའི་ཆོ་ག་ཇི་ལྟར་ལགས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡངདག་པ། །ངས་གསུངས་པ་ལ་གདོན་མི་ཟ། །འཇིག་རྟེན་དབང་ཆེན་འདི་རྣམས་ཀུན། །འཇིག་རྟེན་འདིར་བསྐུལ་འདི་སྐད་དོ། །ཧུ༷་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ཡི་ངང་། །སྐྱེ་འགྲོ་མ་ལུས་འབྱུང་བ་ལྔ་ལ་རྫོགས། །འདས་དང་མ་བྱོན་འབྱུང་བ་ལྔ་ཡི་དབྱིངས། །འབྱུང་བ་ལྔ་ཉིད་ཡུམ་གྱི་བྷ་གའི་ཀློང་། །བདེ་ཆེན་ཡུམ་གྱི་ཀློང་ལ་ཕྱག་འཚལ་ལོ། །ཧུ༷་ཁམས་གསུམ་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། བརྒྱན་ཡང་། སྣང་སྲིད་ཐམས་ཅད་འཁོར་ལོ་རྩིབས་བཞི་པོ། །གྲུ་ཆད་སྒོ་བཞི་བྷ་གའི་ཚུལ་དུ་བརྒྱན། །འབྱུང་བ་ལྔ་ཡི་རྒྱལ་མོ་སྐུ་བསྐྱོད་ཅིག །ཧུ༷་འཁོར་ལོ་འབར་བའི་ལྟེ་དབུས་སུ། །ཡ་བདུད་བསྒྱེལ་བའི་གདན་སྟེང་དུ། །ཡུམ་གྱི་རྒྱལ་མོ་སྤྱན་དྲངས་ཏེ། །བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན། །མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལ། །མཁའ་ལ་དུས་བཞིའི་ཆ་སྙོམས་མ། །དབུ་གཅིག་ཞལ་ལྔ་སྲིད་པ་གསལ། །ཞལ་ནས་འབྱུང་བ་ལྔ་འཆར་མ། །ཕྱག་དྲུག་ཕྱག་རྒྱ་སྣ་ཚོགས་བསྣམས། །དང་པོ་རྡོ་རྗེ་དྲིལ་བུ་དང་། །བར་མ་དྲིལ་ཞགས་བྷརྙ་དམར། །ཐ་མ་བདུད་རྩི་གཡང་གཞི་ལྡན། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སྣ་ཚོགས་ཤིན་ཏུ་འབར། །འཁོར་ལོ་འབར་བའི་ལྟེ་བ་ལ། །ཚོགས་ཀྱི་གཙོ་མོར་གཤེགས་སུ་གསོལ། །ཧུ༷་ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ས་བདག་བསྒྱེལ་བའི་གདན་སྟེང་དུ། ཁྲར་གྱི་མཁའ་འགྲོ་སེདྷིའི་གདོང་། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་དཀར་པོ་ཤེལ་ལྟར་དཀར། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད །དང་པོརྡོ་རྗེ་བྷསྟོ་འབར། །བར་མ་དགྲ་སྟུ་ག་་ཤིང་བརྡེག །ཐ་མ་སེརྙེའི་མཆོག་ཆེན་སྙོད། །འབྱུང་བ་ས་ཡི་མངའ་བདག་མོ། །འགྲོ་བའི་རུས་ལ་མངའ་མཛད་མ། །རུས་པའི་བདག་མོར་གཤེགས་སུ་གསོལ། །ཧུ༷་བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གནོད་སྤྱིན་བསྒྱེལ་བའི་གདན་སྟེང་དུ། །བྱང་གི་མཁའ་འགྲོ་ཁྱུང་ཆེན་གདོང་། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་ལྗང་གུ་ཤིན་ཏུ་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་བྷརྙ་རྒྱ་གྲམ་བསྣམས། །བར་མ་དབྱུག་ཆེན་རྒྱུ་ཕྲེང་འདྲེན། །ཐ་མ་སྤྱང་མོའི་ཞིང་ཆུང་སྙོད། །འབྱུང་བ་རླུང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་དབུགས་ལ་མངའ་མཛད་མ། །དབུགས་ཀྱི་བདག་མོར་གཤེགས་སུ་གསོལ། །ཧུ༷་ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཆུ་བདག་བསྒྱེལ་བའི་གདན་སྟེང་དུ། །ནུབ་ཀྱི་མཁའ་འགྲོ་སུད་ཀའི་གདོང་། །རྟག་པའི་རྒྱལ་མོ་གཉན་གསལ་མ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་དམར་མོ་དབང་གིས་མཛེས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་པུང་ཀ་བྷན་དམར་འབར། །བར་པ་ཞགས་པ་ཏྲི་ཤཱ་ལ་དྲིལ་བུ་ཡང་། །ཐ་མ་ཞིང་ཆུང་ཅེ་སྤྱང་སྙོད། །འབྱུང་བ་ཆུ་ལ་དབང་སྒྱུར་ཞིང་། །འགྲོ་བའི་ཁྲག་ལ་མངའ་མཛད་མ། །ཁྲག་གི་བདག་མོར་གཤེགས་སུ་གསོལ། །ཧུ༷་ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གཤིན་རྗེ་བསྒྱེལ་བའི་གདན་སྟེང་དུ། །ལྷོ་ཡི་མཁའ་འགྲོ་བན་གླང་གདོང་། །རྟག་པའི་རྒྱལ་མོ་འོད་གསལ་འབར། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སྔོན་པོ་བིཌབྱ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དངཔོརིན ཆེན བྷནྟྲདམར། །བར་མ་མེ་སྦལ་དབྱུག་ཏོ་བསྣམས། །ཐ་མ་སྟག་མོའི་ཞིང་ཆུང་སྙོད། །འབྱུང་བ་མེ་ལ་དབང་སྒྱུར་ཞིང་། །འགྲོ་བའི་དྲོད་ལ་མངའ་མཛད་མ། །དྲོད་ཀྱི་བདག་མོར་གཤེགས་སུ་གསོལ། །ཧུ༷་དཀྱིལ་འཁོར་འཁོར་ལོའི་ལྟེ་བ་ལ། །བརྒྱ་བྱིན་བསྒྱེལ་བའི་གདན་སྟེང་དུ། །ནམ་མཁའི་མཁའ་འགྲོ་རྡོ་རྗེ་མཆུ། །རྟག་པའི་རྒྱལ་མོ་བཀྲག་གསལ་མཉེན། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སེར་པོ་བཙོ་མ་གསོལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་འཁོར་ལོ་བྷརྙ་དམར། །བར་མ་རྒྱལ་མཚན་སྐྲུ་གྲི་བསྣམས། །ཐ་མ་འུག་པའི་ཞིང་ཆུང་སྙོད། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་བཀྲག་ལ་མངའ་མཛད་མ། །བཀྲག་གི་བདག་མོར་གཤེགས སུགསོལ། །ཀུན་ཀྱང་ཡེ་ཤེས་མཁའ་འགྲོ་མ། །མཆེ་བ་ཅན་ལ་གཙིགས་ཤིང་བཞད། །འཇིགས་ཚུལ་ཅན་ལ་སྙིང་རྗེར་ལྡན། །ཡེ་ཤེས་དྲུག་དང་ལྡན་པ་སྟེ། །ཕ་རོལ་ཕྱིན་པ་དེ་བཞིན་གཤེགས། །སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར། །འགྲོ་ལ་ཕན་ཕྱིར་གཤེགས་སུ་གསོལ། །ད་ནི་མ་མོ་དབང་དུ་བསྡུ་བ་དང་བཀོལ་བའི་ཐབས་འཆད་དེ། ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །གཙོ་མོ་ལ་སོགས་དྲུག་པོ་ནི། །བདག་ཉིད་ཆེན་པོར་བསྒོམ་པར་བྱ། །བཅུ་བཞི་མན་ཆད་གདན་དུ་གདིང་། །བདག་ཉིད་ཆེ་བར་བསྒོམ་པར་བྱའོ། །མ་ནི་དགྱེས་ཆེན་རྟག་པའི་མཁའ། །མོ་ནི་བདེ་ཆེན་ལོངས་སྤྱོད་རྫོགས། །མ་ནི་རྟག་ཆེན་གཡུང་དྲུང་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་སྐུ་གསུང་ཐུགས་ཀྱི་མཁའ། །མོ་ནི་ལུས་ངག་ཡིད་གསུམ་ཀློང་། །མ་ནི་རྒྱལ་བ་ཀུན་གྱི་མཁའ། །མོ་ནི་སྣང་སྲིད་ཀུན་གྱི་ཀློང་། །མ་ནི་སྐྱེ་བ་མེད་པའི་མཁའ། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཐབས་མཆོག་འདོད་པའི་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་ནམ་མཁའི་དབྱིངས་ཉིད་མཁའ། །མོ་ནི་སེམས་ཀྱི་སེམས་ཉིད་ཀློང་། །མ་ནི་ཆོས་ཀྱི་དབྱིངས་ཉིད་མཁའ། །མོ་ནི་བྷ་གའི་དབྱིངས་ཉིད་ཀློང་། །མ་ནི་ཀུན་གཞི་བདེ་ཆེན་དབྱིངས། །མོ་ནི་རྣམ་ཤེས་ཧུ༷་ཆེན་འབར། །མཁའ་ཀློང་དབྱིངས་སུ་བདག་བསྒོམ་ཞིང་། །ཐིག་ལེ་ཆེན་པོར་ཀློང་བརྟན་ནས། །ལུས་ལ་མ་མོ་དབང་དུ་བསྡུ་ཞེས་འབྱུང་སྟེ། དེ་ལ་མ་མོ་དབང་དུ་ཇི་ལྟར་བསྡུ་ན་ཚིག་དང་དོན་འདི་སྐད་དོ། །ཡེ་ཤེས་ཐིག་ལེ་ཆེན་པོ་ཡི། །གསང་ཆེན་བདེ་བའི་ལམ་མཆོག་དང་། །མན་ངག་རྫོགས་པའི་དཀྱིལ་འཁོར་ལ། །ཡང་གསང་མ་མོ་དྲུག་པོ་དེ། །ཆགས་པའི་གདན་དུ་གདིང་བར་བྱ། །འོད་ཆེན་ཁ་དོག་སྣ་ཚོགས་ཀྱིས། །སྲིད་པ་བདེ་འགྲོ་ཆེན་མོ་དང་། །ཉི་ཟླ་ཐོད་ཕྲེང་གདན་དུ་བཏིང་། །ཐིག་ལེ་ཆེན་པོའི་རྒྱན་བཞི་ཡིས། །ཁྲོས་པའི་དབང་ཆེན་བཞི་པོ་དག །ཆགས་པའི་གདན་དུ་གདིང་བར་བྱ། །སྲིད་པའི་དྭངས་མ་བརྒྱད་པོ་ལས། །སྦས་པའི་མ་མོ་བཞི་པོ་དང་། །ཐུགས་ཀྱི་དགྱེས་སྡེ་བཞི་རྣམས་དག །མངོན་སུམ་གདན་དུ་གདིང་བར་བྱ། །བདེ་ཆེན་གསང་བའི་དཀྱིལ་འཁོར་གྱིས། །སྲིད་པ་ཆགས་བྱེད་སྐྲུན་གཉིས་ནི། །མངོན་སུམ་གདན་དུ་གདིང་བར་བྱ། །སྲིད་པ་རང་ལུགས་ག་་མ་ཡིས། །ཨེ་ཀ་ཙ་ཏི་སྐྲུན་དྲུག་མནན། །ཆགས་པའི་དབང་ཆེན་དམར་པོ་ཡིས། །འདོད་ཁམས་གཙོ་མོ་སྤུན་གཉིས་མནན། །སྲིད་པ་སྤྱི་ཡི་མདོ་སྡུད་ཀྱིས། །ནམ་མཁའ་རྒྱལ་མོ་སྤུན་གཉིས་མནན། །དབང་མོ་སྤྱི་ཡི་མདོ་གསལ་གྱིས། །སྲིན་མོ་ཆེན་མོ་བདུན་རྣམས་མནན། །གཡས་གཡོན་ཐབས་དང་ཤེས་རབ་ཀྱིས། །དམག་གི་རྒྱལ་མོ་སྤུན་བཞི་མནན། །སྲིད་པ་འཇུག་བྱེད་ཕྲ་མོ་ཡིས། །ཉི་ཤུ་རྩ་བརྒྱད་གན་རྐྱལ་མནན། །དེ་ལྟར་གདན་དུ་གདིང་བྱ་བ། །སྙིང་འདྲེན་ཕྱག་རྒྱ་བཅས་ནས་སུ། །དྲག་པོ་སྔགས་ཀྱིས་གནན་པར་བྱ། །ཧུ༷་མུ༷་ཁ་ལ་ཧ་ཧ་ཧ་ཧ་བྷ་ད་ནན་ཀྲོ་ཏི་ཤྭ་རྡི་ནན། །སུརུ་པདྨ་ཁ་རག་སྲིང་འགྲོ་ནན་ནན། མུ་ཏིང་ཤན་ཏིང་དུན་ཏྲི། དན་ཏྲི་ནན༷། ཏ་ཀེམ་ཏ་ཀེམ་ནི་ལ་ཏན་ཏྲ་ནན། མ་མ་ཀ་སྨྱོ་ཧུ༷་ནན། མ་མ་དུ་་ནན། མ་མ་དུ་་པདྨ་རཀྟ། པྲ་བི་ཤ་ནན་ཕཊ། ཞེས་བརྗོད་པ་ཡིས། སྟན་གྱི་རྒྱུ་རྣམས་བསྒྱེལ་ནས་ནི། །བདུད་རྩི་དམར་ཆེན་ཁར་བླུག་གོ །ཨཱོཾ་བཛྲ་ཨ་མྲི་ཏ་ཨུ་ཊ། ཙིསྟ་ནན། ཏྲ་ཏ་ཕཊ། དེ་ནི་སྲོག་འཕྲོག་པའི་ཐབས་ཡིན་ཏེ། གདན་གྱི་སྙིང་ཁྲག་ཞལ་དུ་རྔུབ། །ལྕེ་ཡི་སྟེང་དུ་གསལ་བར་བཞག །དེ་ནས་གདན་ནས་བཀྱེ་ནས་སུ། །སྒྲུབ་པའི་ལས་རྣམས་བྱེད་པར་བསྒོམ། །ཆེ་བའི་ང་རྒྱལ་འདི་སྐད་བསྐྱེད། །ཧུ༷་ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་སྲིད་གསུམ་སྙིང་རྗེའི་མཆོག །ང་ནི་མ་མོ་ཀུན་གྱི་རྗེ། །ཐམས་ཅད་ཀུན་གྱི་སྙིང་ཁྲག་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་བཅོལ་ཁྱོད་ཀྱིས་སྒྲུབས། །ཛ༷༷ཧུ༷་ཏི་མ༷་སྨྱོ་ར༷་མ་མོ་སྨྱོ་རུ་ལུ་རུ་ལུ་རག་མོ་སྨྱོ། ཡེ་ཤེས་རྩལ་འཕང་ཐིག་ལེ་ཡི། །བསྒོམ་བྱའི་མ་མོ་བཅུ་གསུམ་ལ། །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་རྫོགས། །ཞེས་བྱུང་སྟེ། བདག་ཉིད་བླ་ན་མེད་པའི་ཏིང་ངེ་འཛིན་གསལ་བར་བྱས་ལ། སེམས་ལས་བསྐྱེད་པའི་མ་མོ་བཅུ་གསུམ་དང་། མ་མོ་དྲུག་ཅུ་རྩ་བརྒྱད་ཀྱི་སྲོག་གི་སྙིང་པོ་བསྡུས་ལ་འཁོར་དུ་བཞག་གོ །དེ་ནས་རྣལ་འབྱོར་ཚོགས་ཀྱི་མཆོད་པ་གཞུང་བཞིན་བཤམས་ལ། སྣ་ལ་ཡེ་ཤེས་ལས་བསྐྱེད་པའི་མཁའ་འགྲོ་རྣམས་མཆོད། ཧུ༷་ཐིག་ལེ་དབྱིངས་ལས་བསྐྱེད་པའི་ཁྲོ་རྒྱལ་ཡུམ། །ཡེ་ཤེས་ཐུགས་ལས་སྤྲུལ་ཏེ་ཁྲོ་མོའི་སྐུར་སྟོན་པ། །གཉིས་མེད་ཧ་ཧ་བཞད་ཅིང་རྔམ་པའི་ཧུ༷་སྒྲ་འབྱིན། །མཆེ་བ་དམར་པོ་གཙིགས་ནས་སྙིང་འདྲེན་རྐན་སྒྲ་ཅན། །སྐྱེ་ཤི་རྩ་བ་བཅད་ནས་བདེ་ཀློང་དབྱིངས་ལ་སྡུད། །སྐུ་དང་སྐུ་མདོག་ཁྲོ་མོར་བཞུགས་ཤིང་དབང་ཆེན་དཀྱིལ་འཁོར་རྫོགས། །ཕྱག་ནས་སྤྲུལ་པ་གཏོང་ཞིང་དུག་གསུམ་དབྱིངས་ལ་སྦྱོར། །མ་ཚོགས་འཁོར་དུ་བསྡུས་ནས་བྷ་གའི་མངའ་མཛད་མ། །དྲུག་ཅུ་རྩ་བརྒྱད་ཚོགས་ལ་ཡབ་ཀྱི་རྔམ་པའི་སྒྲ་ཕྱུང་ཞིང་། །ཧུ༷་སྲིད་གསུམ་འཁོར་ལོ་རྫོགས་པའི་ཐིག་ལེ་ལ། །དགྱེས་པའི་བཞད་སྒྲ་རོལ་པའི་ཚུལ་བཞིན་མཛད། །རྒྱུ་ལས་བསྐྱེད་པའི་བདུད་རྩི་ལྔ་པོ་འདི། །རྣམ་རྟོག་གཞོམ་ཕྱིར་སྐུ་ལ་ཐིམ་པར་མཛོད། །ཧུ༷་ཧ་ཧེ་མ་མ་སྨྱོ་རུ་ལུ་རུ་ལུ་ཧུ༷་རུ་ལུ་སྨྱོ་སྤྱོ་ཨ་ལ་ལ་ཨཱོཾ་ཧ་ཧོ། །སྐུ་ལས་བསྐྱེད་ནས་བསྟོད་ནས་སུ། །འཁོར་གྱི་དྲུག་པོ་སྤྱན་དྲང་ངོ་། །ཧུ༷་མ་མོ་ཆེནམོའིདཀྱིལ་འཁོར་ནས། །ཀུན་འབྱུང་དཀྱིལ་འཁོར་མངའ་བདག་མོ། །བཞི་ཟུར་ཞབས་བརྒྱད་ཞལ་ལྔ་འབར། །མཁའ་བཞི་བདེ་ཀློང་དབྱིངས་ལ་གསལ། །མཁའ་ལ་སྲོག་གི་མངའ་མཛད་མ། །དཀྱིལ་འཁོར་གཙོ་མོར་བཞུགས་སུ་གསོལ། །ཧུ༷་མ་མོ་ཆེན་མོ་རྒྱུ་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ཤར་གྱི་མཁའ་འགྲོ་མ། །ཧུ༷་མ་མོ་ཆེན་མོ་དབུགས་ཀྱི་བདག །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་བྱང་གི་མཁའ་འགྲོ་མ། །ཧུ༷་མ་མོ་ཆེན་མོ་རླན་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནུབ་ཀྱི་མཁའ་འགྲོ་མ། །ཧུ༷་མ་མོ་ཆེན་མོ་དྲོད་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ལྷོ་ཡི་མཁའ་འགྲོ་མ། །ཧུ༷་མ་མོ་ཆེན་མོ་བཀྲག་གི་བདག །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནམ་མཁའི་མཁའ་འགྲོ་མ། །ཡང་སྦས་དྲུག་གི་དཀྱིལ་འཁོར་ནས། །ཐུགསདམཆེནཔོརྗེསདགོངས་ཏེ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །དེ་ནས་བཅུ་བཞི་མན་ཆད་དང་། །རང་ལུགསརྒྱུདབཞིནབསྐུལབརབྱ། །མ་མོ་དཀྱིལ་འཁོར་ཐམས་ཅད་དང་།དབང་བསྐུར་བ་དང་ཡང་གསང་ཐུགས་ཀྱི་ཚོགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་མ་མོ་ཕྱག་རྒྱ་རྣམས། །འབྲུ་ལྔའི་དོན་དུ་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཨ་ལ་ལ་ཧོ། །ས་མ་ཡ་ཧུ༷་ཧ་ཧེ་སྟུ༷། ལག་གི་འདུ་བྱེད་བསྒོམ་པ་ནི། །གཡས་གཡོན་ཐབས་དང་ཤེས་རབ་ལས༷། །རྡོ་རྗེ་གར་དུ་བསྒོམ་པ་ལས། ཁྲེས་རབ་མཆོག་གི་སྙིང་གར་བསྟན། །སྦོས་མོ་དབང་མོ་རྩེ་སྤྲད་དེ། །ཐབས་ཀྱི་ཕྱོགས་མཚམས་བསྐོར་བ་ལས། །མ་མོ་ཚོགས་ཀྱི་རྒྱལ་མོའི་རྒྱ། །རྡོ་རྗེ་སྡེར་མོ་དམ་བསྣོལ་ཏེ། །ཨཱོཾ་བསྒྲེང་སྦྱི་བོར་རྒྱ་བཅིངས་པ། །མ་མོ་རྡོ་རྗེ་རུས་པའི་རྒྱ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལས། །ཧུ༷་དང་ཧ་གཉིས་རྩེ་བསྡུས་ནས། །འབྲུ་གསུམ་བརྒྱད་ནས་གཤོག་པའི་ཚུལ། །ན་ར་ཧ་སར་བཟུང་བ་ནི། །མ་མོ་རྡོ་རྗེ་དབུགས་ཀྱི་རྒྱ། །རྡོ་རྗེ་ཁུ་ཚུར་བཅངས་པ་ལ། །༷ཨཱོཾ༷་དང་ཧ་གཉིས་རྒྱབ་བསྣོལ་འཁྱུད། །འབྲུ་གསུམ་རྩེ་སྤྲོད་སྐུ་གསུང་ཐུགས། །བཞད་པའི་ཐད་ཀར་བཟུང་བ་ནི། །མ་མོ་རྡོ་རྗེ་ཁྲག་གི་རྒྱ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །ཧ་གཉིས་རྩེ་སྤྲད་གྱེན་དུ་བསྒྲེང་། །ཨཱོཾ་གཉིས་རྩེ་སྤྲད་ཐད་ཀར་བརྐྱང་། །སྭ་གཉིས་རྩེ་སྤྲད་ཐུར་དུ་བརྐྱང་། །འབྲུ་གཉིས་སོ་སོར་དམ་བསྣོལ་ནས། །འགུ་ཡའི་ཐད་ཀར་བཟུང་བ་ནི། །མ་མོ་རྡོ་རྗེ་མེ་ཡི་རྒྱ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལས། །ཨོ་གཉིས་རྒྱབ་བསྣོལ་ལུ་གུ་རྒྱུད། །འབྲུ་གསུམ་སོ་སོར་རྩེ་མནན་ཏེ། །ཧུ༷་གཉིས་དྲག་ཏུ་གཡོབ་པ་ནི།༷།མ་མོ་རྡོ་རྗེ་བཀྲག་གི་རྒྱ། །རྡོ་རྗེ༷་ཐལ་མོ་བརྐྱང་བ་ཡི། །ཐབས་ཀྱི་ཨོ་དང་ཧ་གཉིས་ལས། ཁྲེས་རབ་ཧུ༷་གིས་བསྟེན་པར་བྱ། ཁྲེས་རབ་ཨཱོཾ༷་དང་ཧ་གཉིས་ལས། །ཐབས་ཀྱི་ཧུ༷་གིས་བསྟེན་པར་བྱ། ཁྲེས་རབ་ཨཱོཾ་དང་ཧུ༷་བརྐྱང་བ། །ཐབས་ཀྱི་ཨཱོཾ་དང་སྭ་བཀན་ནས། །སེམས་ཀྱི་དཀྱིལ་འཁོར་མནན་བཀན་པ། །མ་མོ་ཡེ་ཤེས་མཁའ་འགྲོ་ཡི། །རྡོ་རྗེ་ཚོགས་ཆེན་རྫོགས་པ་ཡི། །ཕྱག་རྒྱ་ཡིན་ཞེས་དཔའ་བོས་བཤད། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཉིད་འཇིག་རྟེན་ཟླ་བ་ཡི། །ཕྱག་རྒྱ་ཆེན་པོ་ཇི་ལྟར་ལགས། །དབང་ཕྱུག་༷གཙོ་ལ་བདག་ཉན་འཚལ། །རྫོགས་པའི་སངས་རྒྱས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི༷་གཙོ། །ཐིག་ལེ་ཆེན་པོའི་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་ཁ་སྤྲད་དེ། ཁྲེས་རབ་མཆོག་གི་ཕྱོགས་གནས་སུ། །ཨཱོཾ་ཨ༷་ཧ་རྩེ་སྤྲད་ནས། །རྣམ་པར་ཐར་པའི་སྒོ་གསུམ་རྒྱ། །ཐབས་མཆོག་སྦྱོད་པའི་ཕྱོགས་ནས་སུ། །ཨཱོཾ་ཨ༷་ཧ་གསུམ་རྩེ་སྤྲད་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྒྱ། །ཐབས་ཀྱི་ཧུ༷་གི་སྒོ་གསུམ་ནི། །རང་རིག་ཡེ་ཤེས་ཕྱག་རྒྱ་ཡིན། ་ས་རབ་སྭ་ཡི་སྐུ་གསུང་ཐུགས། །ཐིག་ལེ་བྱང་ཆུབ་སེམས་ཀྱི་རྒྱ། ཁྲེས་རབ་ཧུ༷་གི་རྩེ་མོ་སྲ །ཐབས་གྱི་སྭ་ཡི་སྦྱོར་མནན་ནས། །ཐབས་དང་ཤེས་རབ་ཕྱག་རྒྱ་ཞེས། །ཡང་དག་རྫོགས་ཀྱིས་ངེས་པར་བཤད། །ཐིགལེཆེནཔོའིརྒྱབཅིངས་ནས། །མ་ཧྭ་སུ་ཁར་བསྡམས་ནས་སུ། །བླ་ན་མེད་པར་གསལ་གྱུར་ན། །དུས་གསུམ་ཉེས་དམིགས་སེལ་བར་ངེས། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དུས་གསུམ་མགོན་པོས་དེ་སྐད་བཤད། །དཀྱིལ་འཁོར་བསྒོམ་པ་དང་། སྐུ་མདོག་ཕྱག་མཚན་བསྟན་པ་དང་། ཕྱག་རྒྱ་སྒྲུབ་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་འདི་ན་དབང་བགྱིད་པའི། །རིམ་པ་གང་དང་གང་ལགས་པ། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་བསྒྲུབ་པས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །འདི་ལྟར་འཇིག་རྟེན་གང་བྱེད་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །འབྱུང་བ་ལྔ་ལས་བསྐྱེད་པ་ནི་ཀུན་ཏུ་བཟང་མོ། །དབང་བསྒྱུར་བ་ནི་བུ་མོ་སྐྲུན་ལྔ། །ཆ་སྙོམ་མ་ནི་སྲིད་པ་བདེ་འགྲོ་མ། འབྱུང་བ་ལྔ་ཡི་ཉུལ་ལེན་མ་ནི་ཆགས་འཛིན་སྐྲུན་གཉིས་སོ། །དུས་བཞི་རྫོགས་པར་བྱེད་པ་ནི་ཀུན་ཏུ་བཟང་མོ། དུས་བཞི་ལ་དབང་བྱེད་པ་ནི་བུ་མོ་སྐྲུན་ལྔ་དང་ཉི་ཟླ་ཐོད་ཕྲེང་ཅན་ནོ། །ཆ་སྙོམས་མ་ནི་ཁྲོས་པའི་དབང་མོ་ཆེན་མོ་བཞི་དང་ཐུགས་ཀྱི་དགྱེས་སྡེ་བཞིའོ། །དུས་བཞི་ཉུལ་ལེན་མ་ནི། ཕྱག་ཡ་བདུད་ཀྱི་ཆུང་མའོ། །མ་མོ་རང་རང་བཀོལ་ཐབས་ནི། ཡུམ་ཆེན་མོ་མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། དབྱིངས་ལས་ཤར་བའི་མ་མོ་གསུམ་དང་། ཡི་དམ་བསྒོམ་ལེགས་མ་དང་བདུན་འཁོལ་ལོ་དེས་སྲིད་པ་བདེ་འགྲོ་མ་འཁོལ་ལོ། །དེས་རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་སྲིད་པ་ཆགས་བྱེད་མ་འཁོལ་ལོ། །དེས་ཨེ་ཀ་ཙ་ཏི་ལ་སོགས་པ་དང་མ་མོ་བདུན་འཁོལ་ལོ། །དེས་འདོད་ཁམས་ལྷ་ཡི་གཙོ་མོ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་གཉིས་འཁོལ་ལོ། །དེས་ནི་ནམ་མཁའི་རྒྱལ་མོ་དང་གླིང་བཞི་སྤྱི་ཕུད་གཉིས་འཁོལ་ལོ། །བུ་མོ་སྐྲུན་ལྔ་ནི་སྲིད་པ་ཐམས་ཅད་ལ་དབང་བྱེད་དེ། རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ་གྱིས་ནི། །ཉི་མ་ཐོད་ཕྲེང་ཅན་འཁོལ་ལོ། །དེས་ནི་སྲིད་པ་ཆ་སྙོམས་མ་འཁོལ་ལོ། །དེས་ནི་ས་བདག་པདྨ་ཐོད་ཕྲེང་མ་འཁོལ་ལོ། །དེས་ནི་ཨེ་ཀ་ཙ་ར་འདུལ་ལོ། །འདི་རྣམས་ནི་དབུས་ཀྱི་ཉུལ་ལེ་མ་སྟེ། །ནམ་གྱི་གུང་ལ་རྒྱུའོ། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ་གྱིས་ནི། ཁམས་གསུམ་ཁྲོས་པའི་དབང་མོ་ཆེ་འདུལ་ལོ། །དེས་ནི་དཀར་མོ་མིག་གཅིག་མ་འཁོལ་ལོ། །དེས་ནི་རྒྱན་གྱི་རྒྱལ་མོ་འཁོལ་ལོ། །དེས་ནི་གྲུ་འདེགས་མ་ཧ་ར་ཏིང་དཀར་མོ་འཁོལ་ལོ། །དེས་ནི་དམག་གི་རྒྱལ་མོ་མཆེ་བ་ཅན་འཁོལ་ལོ། །དེས་ནི་སྲིང་མོ་བཞི་སྟེ་གླིང་བཞི་སྤྱི་འགྲོ་མ་འཁོལ་ལོ། །དེ་རྣམས་ནི་ཤར་གྱི་ཉུལ་བྱེད་མ་སྟེ་སྲོད་ལ་རྒྱུག་གོ །རྟག་པའི་རྒྱལ་མོ་འོད་གསལ་མས་ནི། སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ནི་ཐུགས་ཀྱི་དགྱེས་སྡེ་ནག་མོར་རལ་པ་གཅིག་མ་འཁོལ་ལོ། །དེས་ནི་དབང་ཕྱུག་མ་འཁོལ་ལོ། །དེས་ནི་གྲུ་འདེགས་མ་དུན་ཏིང་ནག་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་ནག་མོ་ཁ་ཡལ་མ་འཁོལ་ལོ། །དེས་སྲིང་མོ་ནག་མོ་མཁའ་ལ་ཁྱུང་ལྡིང་མ་འཁོལ་ལོ། །འདི་རྣམས་ནི་ལྷོའི་ཉུལ་བྱེད་མ་སྟེ། ནམ་གྱི་དབྱིངས་ལ་རྒྱུག་གོ །རྟག་པའི་རྒྱལ་མོ་གཉེན་གསལ་མས་ནི། རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ཐུགས་ཀྱི་དགྱེས་སྡེ་མ་མོ་དབང་བསྒྱུར་མ་འཁོལ་ལོ། །དེས་བདག་ཉིད་མ་འཁོལ་ལོ། །དེས་གྲུ་འདེགས་མ་ཤན་ཏིང་དམར་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་དཀར་མོ་མཆུ་འཇིབ་མ་འཁོལ་ལོ། །དེས་སྲིང་མོ་དཀར་མོ་གཡག་ཐོད་འཁོལ་ལོ། །འདི་རྣམས་ནི་ནུབ་ཀྱི་ཉུལ་བྱེད་མ་སྟེ། ནམ་གུང་ལ་རྒྱུག་གོ །རྟག་པའི་རྒྱལ་མོ་ཡང་གསལ་གཡོས་ཀྱིས་ནི། པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ཐུགས་ཀྱི་དགྱེས་སྡེ་སེར་མོ་ལས་མཁན་མ་འཁོལ་ལོ། །དེས་གཅིག་པུ་མ་འཁོལ་ལོ། །དེས་གྲུ་འདེགས་མ་གྲུབ་ཏིང་སེར་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་སེར་མོ་རྐང་ལྡག་མ་འཁོལ་ལོ། །དེས་སྲིང་མོ་ནག་མོ་སྡེར་ཆེན་མ་འཁོལལོ། །འདིརྣམས་ནི་བྱང་གི་རྒྱུག་བྱེད་མ་སྟེ། ནམ་གྱི་ཐོ་རངས་རྒྱུག་ག །ཡུམ་ཆེན་མོ་ནི་ཉིན་མཚན་མེད་པར་གཟིགས་ཏེ། ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་མངའ་མཛད་དོ། །སྤྱི་དཔལ་ནི་ཡུམ་ཆེན་མོ་རྟག་པའི་རྒྱལ་མོ་ལྔ་ལ་སོགས་པའོ། །མ་མོར་གྲགས་པ་ཀུན་ལ་མངའ་མཛད་དོ། །རྟག་པའི་རྒྱལ་མོ་ལྔས་མ་མོ་ཆེན་མོ་བདུན་འདུལ་ལོ། །དེས་སྲིད་པ་བདེ་འགྲོ་མ་དང་ཉི་མ་ཐོད་ཕྲེང་ཅན་གཉིས་འདུལ་ལོ། །དེས་ཁྲོས་པའི་དབང་མོ་ཆེ་འདུལ་ལོ། །དེས་ཐུགས་ཀྱི་དགྱེས་སྡེ་མོ་བཞི་འདུལ་ལོ། །དེས་སྦས་པའི་མ་མོ་བཞི་འདུལ་ལོ། །དེས་སྲིད་པ་ཆགས་བྱེད་མ་དང་ཆ་སྙོམས་གཉིས་འདུལ། དེས་སྲིན་མོ་བདུན་འདུལ། དེས་ཨེ་ཀ་ཙ་ཏི་སྐྲུན་དྲུག་འདུལ། །དེས་འདོད་ཁམས་ལྷ་མོའི་གཙོ་མོ་ནེ་མཚན་སྐྲུན་བདུན་འདུལ། དེས་རྡོ་རྗེ་གར་གྱི་དབང་ཕྱུག་སྤུན་བདུན་འདུལ། དེས་དམག་གི་རྒྱལ་མོ་སྐྲུན་བཞི་འདུལ། །དེས་སྲིང་མོ་བཞི་འདུལ། དེ་ལྟར་ནང་འཁྲུག་ན་ཡང་། །ཐ་མ་ནས་ནི་རིམ་བཞིན་ཏེ། །གཙོ་མོ་བཅོས་ན་ཀུན་ཀྱང་བདེ། །དམན་མོ་ལྔ་བཅུ་རྩ་ལྔ་སོ་སོའི་དབང་ཚད་དོ། །སེམས་ལས་བསྐྱེད་པའི་མ་མོ་བཅུ་གསུམ་མནན་པ་དང་། དྲུག་ཅུ་རྩ་བརྒྱད་ཀྱི་ཚོགས་ཞེས་བྱའོ། །མ་མོ་སོ་སོའི་དབང་གི་རིམ་པ་སྟེ་ལེའུ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བཅུ་བཞི་ཞེས་བགྱི་རྗེ་དང་ཁོལ། །རབས་རྒྱུད་རྩ་བ་ཇི་ལྟར་ལགས། །འགུགས་དང་འདྲེན་པའི་སྔགས་རྣམས་གང་། །རྣལ་འབྱོར་མཆོག་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྣལ་འབྱོར་མཆོག་གིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །བཅུ་བཞི་ལ་སོགས་རྗེ་ཁོལ་གྱི། །རབས་རྒྱུད་འགུགས་འདྲེན་སྔགས་རྣམས་ཀུན། །གཏནཚིགསརྩབསྦསཔ་རྣམས། །གཏན་ཚིགས་རྩ་བ་གཏན་ལ་དབབ། །དེ་ལ་རི་རབ་གླིང་བཞི་ནི་གོང་དུ་ཆགས་པ་རང་ལུགས་སུ་ཡོད། ཉི་མ་དགུ་བརྒྱ་རྩ་གཅིག་དང་། །ཟླ་བ་དགུ་བརྒྱ་རྩ་གཅིག་གི །ཉི་ཟླ་སྟོང་དང་རྩ་གཉིས་ཀྱིས། རི་རབ་ཀྱི་ཕྱི་རོལ་གང་ན་གནས་པའི་སྣང་སྲིད་ཐམས་ཅད་རིལ་ཚིགས་ནས་ཅི་ཡང་མི་སྣང་བ་ལས། རི་རབ་ཀྱི་ནང་རིང་ཐུང་དུ་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་ཡོད་པ་ལས། ་རྐོང་གི་རྩེ་མོ་རི་རབ་ཀྱི་བུམ་པའི་ནང་ན། ཡུམ་ཆེན་མོ་སྲིད་པ་བདེ་འགྲོ་ཁམས་གསུམ་ཡུམ་མཆོག་མ་ཞེས་བྱ་བ་སྐུ་མདོག་མཐིང་གར་བཞུགས་ཤིང་། དབུ་དང་ཕྱག་དང་སྤྱན་ཅིར་ཡང་སྟོན་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་ཅན་སྦས་པའི་སྦྱན་གཉིས་ནས།གཡས་ནས་ནི་ཁྲག་གི་མཆི་མ། གཡོན་ནས་བདུད་རྩིའི་མཆི་མ། སྦས་པའི་ཞལ་ནས་འབྲས་བུ་རྣམ་་པ་ལྔའི་བཅུད་འཛག་པ། སྦས་པའི་ཕྱག་གཉིས་ལ་གཡས་པས་སྲིད་པ་ཐམས་ཅད་ཀྱ་རྩེ་ནས་འཛན་པ། གཡོན་པས་འོག་གི་རྡོ་རྗེའི་གདན་འཛིན་པ། སྦས་པའི་ཞབས་གཉིས་ཀྱིས། གཡས་པས་འཇིག་རྟེན་གྱི་དབང་པོ་ཆེ་ཐམས་ཅད་ཀྱི་སྙིང་བརྫིས་པ། གཡོན་པས་འཇིག་རྟེན་གྱི་དབང་མོ་ཆེ་ཐམས་ཅད་ཀྱི་སྙིང་རྩ་མནན་པ།གསང་བའི་མཁའ་གེ་སར་གྱི་དཀྱིལ་ནས། སྣང་སྲིད་ཐམས་ཅད་ཀྱི་འཕེལ་འགྲིབ་མཛད་པ། ཡེ་ཤེས་ཀྱི་གནས་རང་ལས་ཤར་བ་ལས་མ་གཏོགས་པ་ཀུན་ནམ་མཁའི་གཏིང་ཁུང་དུ་སྡུད་པ། སྤྱི་བོའི་གཙུག་ན་ཁྲག་གི་རལ་པ་གཅིག་གིས། སྲིད་པའི་མ་མོ་ཐམས་ཅད་དབང་དུ་སྡུད་པ། རི་རབ་ཀྱི་རྩེ་བུམ་པའི་ནང་ན་བཞུགས་སོ། །དེའི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང། སྲིད་པ་ཆ་སྙོམས་མ་གཉིས་ཤིང་གི་སྐེད་པར་གནས་སོ། །ཡུམ་ཆེན་མོ་འཁོལ་པོ་སྲིད་པ་ཞིག་འཛིན་དང་། སྲིད་པ་བྱན་བྱེད་གཉིས། ཤིང་གི་རྩ་བ་ན་གནས་ཏེ། རི་རབ་ཀྱི་ཕྱི་རོལ་ན་སྣང་ཞིང་སྲིད་པ་རིལ་ཚིགས་ནས་མི་སྣང་བ་ལ། སྲིད་པ་བདེ་འགྲོ་མས་ཉི་ཟླ་དབང་དུ་སྡུད་པའི་ཕྱིར་འབྱུང་བ་ལྔའི་དྲོད་ལས་སྤྲུལ་པའི་བུ་མོ་མདོར་དཀར་ལ་གཡུའི་རལ་པ་ཅན་དཔྲལ་བའི་དབྱེས་ན་མིག་ཟུར་གསུམ་པ་གཅིག་ཡོད་པ། ལྕགས་དང་ཟངས་ཀྱི་གྲི་ཞགས་ལ་སྙིང་བརྒྱུས་པའི་ཞགས་པ་འཕེན་པ་ཞིག་སྐྱེས་པས། དེས་ཉི་ཟླ་སྟོང་ཐོད་དང་ཕྲེང་བར་བཅིངས་ནས། ཉི་ཟླ་ཟུང་གཅིག་བཏང་བ་ལས། གཟོད་སྲིད་པ་ཆ་སྙོམས་སོ། །དེ་ནས་ཡུམ་བདེ་འགྲོ་མས་ཕྱི་རོལ་གྱི་སྣང་སྲིད་ཐམསོཅད་ཕྱུང་ངོ་། །དེ་ནས་དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན་དེ་ང་ཉིད་ནི་གསང་བར་བཟུང་། རབ་ཏུ་གསང་ཞིང་སྦས་པ་ལས། མུ་སྟེགས་ཀྭ་ལ་ཆེན་པོ་ཞེས་བྱ་བ་རི་རབ་ཀྱི་འོག་རྒྱ་མཚོའི་གཏིང་ན་གནས་པས་མཐོང་སྟེ། བྱི་བའི་ལོ་ལ་ཡིད་ཀྱི་སྦྱོར་བ་གཅིག་བྱས་པ་ལས། གླང་གི་ལོ་ལ་བུ་མོ་སྤུན་བཞི་སྐྱེས་པ་དང་། ཁོལ་མོ་སྲིད་པ་ཆ་སྙོམས་མས་ལྟེ་བ་བཅད་དེ། བུ་མོ་སྐྲུན་བཞིའི་མིང་ཡང་མས་བཏགས་ཏེ། དབྱིངས་ཕྱུག་མ་དང་། རྒྱན་གྱི་རྒྱལ་མོ་དང་།བདག་ཉིད་མ་དང་། གཅིག་པུ་མ་དང་གཞིར་བཏགས་སོ། །མིང་ཡང་ཆེས་ཏེ་དེ་བཞིས་སྲིད་པ་ཕུང་བ་དང་འདྲ་བ་ལན་ཅིག་བྱས་སོ། །དེ་ནས་ང་ཉིད་ཡེ་ཤེས་སྤྲུལ་པ་དང་། །སྲིད་པ་བདེ་འགྲོ་རྣམ་གཉིས་ཀྱིས། །ཡིད་ཀྱི་སྤྲུལ་པ་བཀྱེ་ནས་སུ། །འཇིག་རྟེན་ཕུང་བྱེད་དེ་བཞི་ཡི། །མངལ་ལ་སོགས་པ་དབང་དུ་བསྡུས། །ཧུ༷་ལས་སྤྲུལ་པའི་མ་མོ་བཞི། །དེ་བཞི་ལས་ཀྱིས་བསྐྱེད་བྱས་སོ། །དེ་བཞིའི་མ་སྲིད་པ་ཆགས་བྱེད་མས་བྱས་སོ། །ཕྱི་མོ་དང་མས་མིང་བཏགས་ཏེ། རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་པདྨ་ཕྲག་འཐུང་ཁྲོས་པའི་དབང་མོ་ཆེ་དང་། སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་ཁྲག་གསུམ་ཚོགས་བྱེད་ཁྲོས་པའི་དབང་མོ་ཆེ་དང་བཞིར་བཏགས་སོ། །མིང་ལེགས་ནས་བུ་མོ་དེ་བཞི་ལས་མ་བཞི་དབང་དུ་བསྡུས་སོ། །དེ་ནས་སྲིད་པ་བདེ་བ་ལ་བཀོད་དོ། །སྤྲུལ་པའི་བུ་མོ་དེ་བཞི་དང་། རིགས་ཀྱི་འབྱུང་བ་བཞི་པོ་སྲ །དཔག་བསམ་ཤིང་གི་ཡལ་ག་ལ། །འབྲུག་གི་ལོ་ལ་རྩེད་འཇོ་བ། །མུ་སྟེགས་ཀྭ་ལས་ཚོར་ནས་སུ། །སྡིག་ཆེན་དམོད་པའི་མཚོན་ཆ་ཡིས། །མཛའ་ནས་རྒྱུག་པ་ཁྱེད་ཅག་རྣམས། །ནལ་བུ་ལྟོ་རུ་ཆུད་ནས་སུ། །ངོ་ཚའི་བུ་ཡང་སྦེད་པར་་་ག །ཅེས་དམོས་པ་དང་། དམོད་པ་སྡིགས་ཏེ། སྦྲུལ་གྱི་ལོ་ལ་བུ་མོ་སྐྲུན་བཞི་སྐྱེས་པ་དང་། ཡང་ཁོལ་མོ་སྲིད་པ་ཆགས་བྱེད་མས་ལྟེ་བ་བཅད་དོ། །དེ་ནས་མ་བཞི་ངོ་ཚ་ནས། རི་རབ་ཀྱི་ངོས་བཞིར་བསྐུངས་ཏེ་བཞག་པ་ལས། རྟའི་ལོ་ལ་བལྟ་བས་མི་བྲ་བའི་བུད་མེད་རྫུ་འཕྲུལ་ཆེ་ཞིང་མཚན་དངལྡན་པ་བཞི་དཔལ་ཆེན་པོས་གཟིགས་ནས། ཐུགས་ཀྱི་དགྱེས་སྡེ་གསང་བའི་ཡང་ཕྱི་མོར་བཟུང་ངོ་། །དཀར་མོ་མིག་གཅིག་དགྱེས་འདེབས་མ་དང་ནག་མོ་རལ་ཆེན་རྨོངས་བྱེད་མ་དང་། དམར་མོ་དབང་སྒྱུར་ཟ་བྱེད་མ་དང་། སེར་མོ་ལས་མཁན་ཚེ་འཕེལ་མ། ཞེས་ཐུགས་ལས་མཚན་ཡང་བཏགས་སོ། །མ་མོ་བཅུ་བཞིའི་རབས་རྒྱུད་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་དེ་རྣམས་ཀྱི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། ཁོལ་པོ་སྲིད་པ་ཞིག་འཛིན་གཉིས། ཁྱིའི་ལོ་ལ་དཔྱིད་ཟླ་ར་བའི་ཉ་ལ་ཁྱོ་ཤུག་ཏུ་འདུས་པ་དང་།ཕག་གི་ལེའི་དཔྱིད་ཟླ་ར་བའི་ཉ་ལ་བུ་ཁྱེའུ་གཅིག་སྐྱེས་ཏེ། ཇོ་མོ་ཉི་མ་ཐོད་ཕྲེང་གིས་བསྐོས་རྗེ་དྲངས་དཀར་དུ་མིང་བཏགས་ཏེ། བློན་པོར་བསྐོས་སོ། །དེ་ནས་དྲང་དཀར་དང་སྲིད་པ་ཆ་སྙོམས་མ་སྲུ་མཚན་གཉིས་ཁྱོ་ཤུག་ཏུ་འདུས་ཏེ། སྲིད་པ་ཆ་སྙོམས་སོ། །དེ་གཉིས་ལས་བུ་མོ་སྐྲུན་དྲུག་སྐྱེས་ཏེ། བཞི་ནི་ཁྲོས་པའི་དབང་མོ་ཆེ་བཞིའི་བློན་པོ་རྒྱལ་པོ་ཆེན་པོ་བཞིའི་ཆུང་མར་བླངས་ཏེ། རྗེ་མོས་རི་རབ་ཀྱི་གྲུ་བཞི་ནས་འདེགས་སུ་བཅུག་སྟེ། གྲུ་འདེགས་ཆེན་མོ་བཞིར་མིང་བཏགས་སོ། །བུ་མོ་ཆུང་སྐྲུན་གཉིས་ལ་གཅིག་ནི་སྲིད་པ་བྱ་མཁན་གྱི་ཆུང་མར་བླངས་སོ། །ཇོ་མོ་ཉི་མ་ཐོད་ཕྲེང་གིས་ཧེ་རུ་ཀ་མིང་བཏགས་ནས། སྲིད་པའི་བྱ་མཁན་མོ་བྱན་མོ་ཡང་བྱེད་དུ་བཅུག་གོ །དེའི་བུ་མོ་ཐ་ཆུང་ཨེ་ཀ་ཙ་ར་ནི། དབྱིངས་ཕྱུག་མ་སྐྲུན་བཞི་ཡི་འཁོར་ན་གནས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལས་བུ་མོ་སྐྲུན་བཞི་སྐྱེས་ཏེ། དཀར་མོ་མཆེ་བ་ཅནནག་མོ་ཁ་ཡལ་མ། དམར་མོ་ཆུ་འཇིབ་མ། སེར་མོ་རྐང་ལྡག་མ་བཞི་སྐྱེས་ཏེ། དེ་བཞི་ཐུགས་ཀྱི་དགྱེས་སྡེ་མོ་བཞིའི་ཁོལ་མོར་ཐོབསྟེ། དམག་གི་རྒྱལ་མོར་བསྐོས་སོ། །དེ་ནས་ཁྲོས་པའི་དབང་མོ་ཆེ་བཞིའི་ཁོལ་མོ་ཨེ་ཀ་ཙ་ཏི་ཤུགས་ནི་བློན་པོ། ལྷ་ཆེན་མོ་བདུན་གྱི་མ། སྲིང་མོཆེན་མོ་བདུན་གྱིས་འཇིག་རྟེན་དུ་རབ་ཏུ་གནོད་པ་ལས། ཡུམ་ཆེན་མོ་ཐུགས་ལས་སྤྲུལ་པ། དབྱིངས་ལས་ཤར་བའི་མ་མོ་གསུམ་དང་། མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། གསང་བ་བསྡུས་པའི་མ་མོ་གཅིག་སྟེ་ཐུགས་ཀྱི་སྤྲུལ་པའི་མ་མོ་བདུན་གྱིས། སྲིན་མོ་བདུན་བཏུལ་ལོ། །དེ་ནས་གཙོ་མོ་བཅུ་བཞི་ལས། རྒྱན་གྱི་རྒྱལ་མོ་འོད་ཅན་སྐྲུན་བཞི་བྱ་བ་མངགས་ནས། བུ་མོས་མའི་དབང་ཕྲོགས་ཏེ། དབང་ཡང་མེད་མཐུ་ཡང་ཆུང་སྟེ། ཞེ་ངན་ཤ་སྟག་བྱེད་དོ། །དེ་ནས་རྒྱན་གྱི་རྒྱལ་མོ་དང་། ཁོལ་པོ་བྱ་ཡ་བདུད་གཉིས། བྱི་བའི་ལོ་ལ་བྱི་བྱས་པའི་བུ། གླང་གི་ལོ་ལ་ཡར་ལ་་དཀྱི་སྐྱེས་ཏོ་རེ་དང་། འདོད་པ་ཁམས་ཀྱི་གཙོ་མོ་གཉིས་མཚེ་མར་སྐྱེས་སོ། །དེ་ནས་ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་། ཇོ་མོ་ན་ཡང་ཇོ་མོ། སྲུ་མོ་ན་ཡང་སྲུ་མོ། བདག་ཉིད་མ་ཞེས་བྱ་བ་གཉིས། ཤིང་ན་བྱི་ས་ལེའི་རྩེ་མོར། རྟའི་ལོ་ལ་ཚེས་བཅོ་ལྔ་ལ་མཛའ་ན་རྒྱུག་སྟེ། ནང་པར་སོ་སོར་གྱེས་ནས་ཕྱིན་པས་སྲུ་མོའི་རྟིང་པ་ལ་ཁྲག་ཐིག་གཅིག་འདུག་པ་མཐོང་སྟེ། མི་གཙང་བའི་སེམས་སྐྱེས་ནས། མཆིལ་མ་གཅིག་བསྒྱུར་བ་དང་།ཁྲག་གི་སྟེང་དུ་སོང་སྟེ། ཁྲག་དང་མཆིལ་མ་འདྲེས་པས་བུ་ཚ་མིང་སྲིང་གཉིས་མཚེ་མར་སྐྱེས་ཏེ། ལུག་གི་ལོའི་ཚེས་བཅུ་བཞི་ལ་གནམ་གྱིང་ཁྱི་ཡངདཀར་པོ་སྐྱེས། ཚེས་བཅོ་ལྔ་ལ་ས་བདག་པདྨ་ཕྲེང་སྐྱེས། དེ་ནས་ཡང་དབྱིངས་ཕྱུག་མ་དང་། ཡར་ལ་་།ད་ཀྱི་སྐྱེས་ཏོ་རེ་དང་གཉིས་སྤྲེའུ་ལོ་ལ་བྱི་བ་གྱིས་པའི་བུ། བྱའི་ལོ་ལ་མིང་སྲིང་གཉིས་མཚེ་མར་སྐྱེས་ཏེ། མིང་པོ་ནི་ཤར་ཕྱོགས་ཀྱི་ཤེལ་སེང་གེ སྲིང་མོ་ནི་པདྨ་གར་གྱི་དབང་ཕྱུག་མ་ཡིན་ནོ། །དེ་ནས་ཡ་བདུད་དང་། ཨེ་ཀ་ཙ་ཏི་ཁྱོ་ཤུག་གཉིས་ལས། བུ་མོ་སྤུན་གཉིས་སྐྱེས་ཏེ། ཆེ་བ་ནི་འཇིག་རྟེན་སྲིད་འདེགས་ཞེས་བྱ་བ་ནམ་མཁའི་རྒྱལ་མོའོ། །ཆུང་ངུ་ནི་གླིང་བཞི་སྤྱི་ཕུད་མ་ཞེས་བྱ་སྟེ།འཇིག་རྟེན་དབང་སྡུད་མའོ། །སྲིད་པ་ཆ་སྙོམས་མ་ནི་ཧེ་རུ་ཀ་སྣི་ར་ཞེས་བྱ། སྲིད་པ་ཆགས་བྱེད་མ་ནི་ལྷ་མོ་ཚོགས་ཀྱི་རྗེ་མོ་ཞེས་བྱ། ཨེ་ཀ་ཙ་ཏི་ནི་མི་ཡོངས་ཀྱི་བདག་མོ་ཆེ་ཞེས་བྱ། གྲུ་འདེགས་མ་ཆེན་མོ་བཞི་ནི།ཧར་ཏིང་དཀར་མོ་དང་། དུན་ཏིང་ནག་མོ་དང་། ཤན་ཏིང་དམར་མོ་དང་། གྲུབ་ཏིང་སེར་མོ་དང་བཞིའོ། །མ་མོའི་དཀྱིལ་འཁོར་ཆེན་མོ་བརྒྱད་ལ། ཡུམ་སྲིད་པ་བདེ་འགྲོ་མ་ནི། ཡོངས་སུ་རྫོགས་པ་གྲུབ་ལྡན་མཆོག་གི་དཀྱིལ་འཁོར་ཞེས་བྱའོ། །དཀར་མོ་མིག་གཅིག་མ་ནི་ཉི་ཟླ་སྟོང་གི་དཀྱིལ་འཁོར་ཞེས་བྱའོ། །ཁྲོས་པའི་དབང་མོ་ཆེ་བཞི་ནི། སྙིང་རྗེ་བྱམས་མའི་དཀྱིལ་འཁོར་རོ། །དཀར་མོ་མིག་གཅིག་མ་ལ་སོགས་པ་བཞི་ནི། གསང་བ་དགྱེས་པའི་དཀྱིལ་འཁོར་རོ། །དབྱིངས་ཕྱུག་མ་བཞི་ནི། ཕུང་བྱེད་སྦས་པའི་དཀྱིལ་འཁོར་རོ། །ཡང་རྣམ་པ་གཅིག་ཏུ་ཡུམ་ཆེན་མོ་བཞི་དང་། ཉི་ཟླ་ཐོད་ཕྲེང་ཅན་ནི་ཡོངས་སུ་རྫོགས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏོ །དཔལ་ཆེན་པོ་དང་གཉིས་སུ་མེད་དོ། །ཁྲོས་པའི་དབང་མོ་ཆེ་བཞི་ནི། སྐྱེ་འགྲོ་ཡོངས་སུ་སྐྱོང་བའི་དཀྱིལ་འཁོར་རོ། བདུད་རྩི་བུམ་པ་གང་དང་འདྲའོ། །ཐུགས་ཀྱི་དགྱེས་སྡེ་ཆེན་མོ་བཞི་ནི། གེ་སར་ཡོངས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། གསང་བའི་ཆགས་འཛིན་ཀུན་གྱི་བདག་མོ་ཡིན་ནོ། །དེ་རྣམས་ཀྱི་ཁོལ་མོ་མ་ཚོགས་བརྒྱད་དེ། །སྲིད་པ་ཆགས་བྱེད་མ་ནི། ཆགས་འཛིན་མའི་ཚོགས་སོ། །སྲིད་པ་ཆ་སྙོམས་མ་ནི། སྙོམས་བྱེད་ཆེན་མོའི་ཚོགས་སོ། །སྲིད་པ་གྲུ་འདེགས་མ་ནི་གླིང་བཞི་སྤྱི་འགྲོ་མའི་ཚོགས་སོ། །ཨེ་ཀ་ཙ་ཏི་ནི་ཕོ་ཉ་ཀུན་གྱི་ཚོགས་སོ། །དམག་གི་རྒྱལ་མོ་བཞི་ནི་དྲི་ཟ་ལ་སོགས་པ་རིགས་སོ་སོ་ཡོངས་ཀྱི་ཚོགས་སོ། །ཨེ་ཀ་ཙ་ཏི་དང་། འདོད་ཁམས་ལྷའི་གཙོ་མོ་ནི། བུད་མེད་ནག་མོའི་ཚོགས་སོ། །རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་གཉིས་ནི། ཉུལ་བྱེད་ཆེན་མོའི་ཚོགས་སོ། །རིན་ཆེན་སྲིད་འདེགས་མ་དང་། གླིང་བཞི་སྤྱི་ཕུད་མ་གཉིས་ནི། སྨན་ཕྲན་ཀུན་གྱི་ཚོགས་སོ། །དེ་ལ་ཨེ་ཀ་ཙ་ཏིའི་ནུ་མོ་ཨེ་ཀ་ཙ་རས་བསམ་པས། ཇོ་མོའི་ནང་ན་ཡང་བདག་གི་ཇོ་མོ་གུད་སང་དབང་ཆུང་སྟེ་བདག་ཀྱང་ཁོལ་མོའི་ནང་ན་གུད་པ་དབང་ཆུང་བས། ངན་ཐབས་ཤིག་བྱའོ་སྙམ་པ་ལས། ཇོ་མོ་གཅིག་པུ་མས་བྱི་སྣ་བྱས་ཏེ། རྒྱ་མཚོའི་གཏིང་ནས་ཆུ་སྲིན་གྱི་རྒྱལ་པོ། ཀུསྟི་ར་མ་ཀ་ར་ཞེས་བྱ་བ་བཀུག་ནས།དུག་ཤིང་གདུག་པ་ཅན་ཅིག་གི་ཕག་ཏུ། སྟག་གི་འོ་་ལ་ཉལ་པོ་བྱེད་དུ་བཅུག་པའི་བུ། ཡོས་བུའི་ལོ་་ལ་མིང་སྲིང་གཉིས་སྐྱེས་ཏེ། མིང་པོ་དཀར་པོ་མིག་གཅིག་པ་སྐྱེས། སྲིང་མོ་ནག་མོ་ཁྲག་འཛག་མ་སྐྱེས་ནས། ནད་གཏོང་བར་འགྱུར་ཏོ། །དེ་ནས་མིང་པོས་མའི་གཟི་མདངས་ཕྲོགས། འཇིག་རྟེན་ཡོངས་ཀྱི་མཐུ་ཡང་རྐུ་བར་བྱེད་པ་ལས། སྲུ་མོ་ཨེ་ཀ་ཙ་ཏིས་ཚོར་ཏེ། ཇོ་མོ་ཁྲོས་པའི་དབང་མོ་ཆེ་བཞི་ལ་ཞུས་ནས། རྗེ་འབངས་ལྔས་བསྒྲལ་བ་ལས། ལུས་གཅིག་གི་ནང་ནས་ཙིསྟ་བཅུ་ཕྱུང་བ་ལས། གཅིག་ནི་སྙིང་གི་བདག་མོ་ལ་ཕུལ་དགུ་ལས་གསུམ་རྒྱལ་ཐེའུ་ཁྲ་བོ་དང་ཏྲི་ཤ་ཁ་དང་། རྐན་ཐོབ་ཏོ་གསུམ་སྟེ་རྒྱལ་པོའི་སྲིད་ལ་གནོད། གསུམ་པས་བར་ཐེའུ་སྨུག་པོ་དང་། ལེགས་ཐེའུ་ཁྲ་བོ་དང་། ས་ཐེའུ་ནག་པོ་དང་། གསུམ་གྱི་མི་ཡོངས་ལ་གནོད་དོ། །གསུམ་ཕྱོགས་ཕྱོགས་སུ་གྱུར་ཏེ། བྲག་སྲིན་དང་། ཤིང་སྲིན་དང་། ཆུ་སྲིན་དང་གསུམ་དུ་གྱུར། དགུ་ཀའི་རྐང་པ་ཡ་རེ་བཅག་ནས། གནམ་ཁྱི་དཀར་པོ་ཁོལ་དུ་བཅུག་གོ །དེ་ནས་འབྲུག་གི་ལོ་ལ། ཨེ་ཀ་ཙ་ར་མ་མངལ་མི་བདེ་བས་མཉེར་བཙིར་བ་ལས། གདོང་སོག་པོ་ལ། མིག་ལོང་བ། ལུས་སྤྱང་ཀི་ལ་ཁོག་པ་ལ་སྙིང་གསུམ་ཡོད་པ་གཅིག་སྐྱེས་པ་ལས། འདི་ནི་སུ་ལ་ཡང་ཆ་མེད་པས་དགྲའི་སྙིང་འབྱིན་པ། བྱམས་པའི་ལན་ལྡོན་པར་འོངས་ཏེ། ལས་སུ་རུང་ངོ་སྙམ་ནས། དགའ་ཞིང་འདུག་པ་ལས གཙོ་མོ་ཉི་མ་ཐོད་ཕྲེང་ཅན་གྱིས་ཚོར་ཏེ། སྙིང་གཉིས་ཁར་བཅུག་སྟེ། ཤེལ་གེ་ལ་ཁོལ༷་པོར་བྱིན་ཏེ་བཏང་ངོ་། །ཕོ་རྒྱུད་མོ་རྒྱུད་ཀྱི་གཏན་ཚིགས་ཏེ་ལེའུ༷་བརྒྱད་པའོ།། །།འགུགས་ཤིང་འདྲེན་པའི་སྔགས་རྣམས་ནི། །ཡང་དག་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཨཱོཾ་ཀྲོ་ཏི་ཤཱ་རྡི་བྷ་ག་པདྨ་རུ༷་ཧུ༷་ཧུ༷་ཕཊ། བཛྲ་ཤཱསྟི་པདྨ་ཀ་རུ་ཏི་སྨྱོ། ཨཱོཾ་མུ་ཏྲི་ནི། ཨ་ཤན་ཏྲི་ནི། བ་ག་དུན་ཏྲི་ནི། ཁུ་མུད་དུན་ཏྲི་ནི༷། ཨཱོཾ་སྲུབྱ་བི་ཏོ་ཨ་ཏོ་ཡེ། བཛྲ་པདྨ་བིཏུ་ཨ་ཏོ་ཡེ། བཛྲ་ཁ་རག་བི་ཏ་ཨ་ཏོ་ཡེ། བཛྲ་སྲི་འགྲོ་བི་ཏ་ཨ་ཏོ་ཡེ། ཨཱོཾ་བཛྲ་ཀེ་ཀེ བཛྲ་ཏ་ཀེ །བཛྲ་ཏ་ཀེ །བཛྲ་ནི་ལ། བཛྲ་ལན་ཏ། བཛྲ་ལན་ཏ། བཛྲ་ཟ་འགྲམ་མུ་རི་སྒ ཨཱོཾ་བཛྲ་ཁ་རག་སྙིང་ཁ་རག་སྙིང་། ཏྲག་རསྣ་ཁ་མུན་མ་སྒག་རསྒ། ཏྲག་རསྒ་མུ་ཏྲ་བན། །ཁ་མུན་པ་ཏྲ་བན། ཁ་མུན་པ་ཏྲ་པ་ཏྲ་རསྣ། པྲ་བན་པྲ་ཀ་ར་ཏིརྫི་སྨྱོ། །པྲ་བན་ཀ་ར་ཏི་སྨྱོ། པྲ་གི་ཝ༷་གི་ཤ་སྨྱོ། སྨྱོ་ཧུ༷་ཀ་རི་ཀ །བ་རོད་ད་རོད། ནི་ལ་ཆུ་ནི་ཏ་ཁ་ཊ༷་ཀ་ད་ལ་ཙ་པ་ལ། པད་མ་ཙན་ད། མ་གུར་རག་ཏོ། སྡ་ས༷་ད༷་ས༷། ཨེ་ཨ་རྭ་སྨི། ནུ་པི་རུ་ལུ་ནུ་པི་རུ་ལུ་རུ་ལུ་སྨྱོ། ་ག་རསྒ་ཏྲག་རསྒ། ཨཱོཾ༷་ཨི་ཏི་སྨྱོ། བི་ཏི་སྨྱོ། མུན་ཏིང་སྨྱོ། ཨཱོཾ༷་བཛྲ་ཧར་ཏི་སྨྱོ།དུན་ཏིང་སྦྱོ། ཤན་ཏིང་སྨྱོ། གྲུབ་ཏིང་སྨྱོ། ཏེ་བ༷་ཏེ་ཝང་སྨྱོ། ཨ་པ་ར་གན་དྷ་སྨྱོ་སྨྱོ། ད་ལ་དུ་ན་སྨྱོ། དེ་ནི་མ་མ་ཡས་སྨྱོ། ཉི་ཤུ་རྩ་བརྒྱད་གཞན་དང་སྦྱར། །དེས་ནི་མ་མོ་འགུགས་འདྲེན་འགྱུར། དེ་སྐད་དཔའ་བོས་ཡང་དགབཤད། །མ་མོ་གསང་སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ །སྲིད་པའི་དབང་ཆེན་འདི་རྣམས་ཀུན། །བསྙེན་བསྒྲུབ་བརྗོད་ན་ཇི་ལྟར་བགྱི། །མངོན་སངས་རྒྱས་ལ་བདག་ཉན་འཚལ། དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །བསྙེན་བསྒྲུབ་བསྐུལ་བའི་ཚིག་རྣམས་ཀུན། །ངས་གསུང་པ་ལ་ཐེ་ཚོམ་མེད། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཧུ༷་སྲིད་པ་བདེ་འགྲོ་ཁམས་གསུམ་ཀུན་གྱི་ཡུམ་མཆོག་སྟེ། །ཕྲ་མེན་རྒྱ་མཚོ་སྐུ་བསྐྱོད་ཅིག །རྣལ་འབྱོར་ཆེན་མོའི་སྐུ་སྤྲུལ་པ། །སྤྱན་གཉིས་ཁྲོས་པའི་ཚུལ་མངའ་ཞིང། །ཞི་བའི་སྐུ་ལ་སྣང་སྲིད་གསལ། །སྤྲུལ་པའི་སྐུ་ལ་ཞབས་བརྒྱད་འབར། །དྲུག་ནི་རྒྱུ་དྲུག་སྒོ་ཡང་གཅོད། །གཅིག་ནི་ཀླུ་ཡི་ཁམས་སུ་འཆར། །གཅིག་ནི་བདུད་དང་མུ་སྟེགས་གནོན། །རྣམ་པར་ཤེས་པའི་ཡུལ་དྲུག་ལས། །སྤྱན་དྲུག་མངོན་པར་ཤར་བ་ནི། །སྤྱན་གསུམ་གྱེན་དུ་གཟིགས་པས་ནི། །རྣམ་པར་ཐར་པའི་སྒོ་འབྱེད་ཅིང་། །སེམས་ཅན་སྐྱེ་ཤིའི་ལམ་ཡང་སྟོན། །སྤྱན་གསུམ་ཐུར་དུ་གཟིགས་པ་ལས། །སྲིད་པ་གསུམ་ཆར་ཐལ་བར་རློག །དེ་ནས་སླར་ཡང་སྐྱེད་པར་བྱེད། །གཡས་ཀྱི་ཞལ་བཞད་ཐུགས་རྗེ་ཆེ། །གཡོན་གྱི་ཞལ་བཞད་དབང་དུ་བསྡུད། །དབུས་ཀྱི་ཞལ་བགྲད་དྲག་ཤུལ་ཆེ། །རྡོ་རྗེའི་མཆེ་བ་གཙིགས་པ་ཡིས། །སྲིད་པའི་འགྲན་ཟླ་ཆེམ་ཆེམ་གསོལ། །རྣལ་འབྱོར་གསང་བའི་བྷ་ག་ལས། །སྲིད་པ་གསུམ་ཆར་འཆར་བར་བྱེད། །ལྷ་ལ་སོགས་ཏེ་མཐའ་ཡས་མཆོག །བདུད་དང་གནོད་སྦྱིན་ལ་སོགས་ཏེ། །གཤིན་རྗེ་ཕོ་མོ་ཀུན་རྣམས་འདིར། །རྣལ་འབྱོར་སྐུ་ཡི་གཡས་ཕྱོགས་ན། །ལས་ཀྱི་མ་མོ་བཅུ་གསུམ་འཆར། །ཕོ་ཉ་ཕྱག་བརྙན་ཐབས་ཀྱིས་འགྱེད། །གཡོན་གྱི་ཕྱོགས་ནས་འཆར་བ་ནི། །རྣལ་འབྱོར་སྐུ་ཡི་སུམ་ཆ་ལས ངེས་པའི་མ་མོ་དགུ་སྦས་ཤིང་། །ཐམས་ཅད་ཀུན་ལ་ཆད་པར་བརྩོན། །ཡུམ་གྱི་ཞབས་ཀྱི་གཡས་ཕྱོགས་ནས། །འདོད་པའི་མ་མོ་བརྒྱད་མནན་ཏེ། །འཇིག་རྟེན་ཀུན་ལ་སྨན་པར་མཛད། །ཡུམ་གྱི་ཞབས་ཀྱི་གཡོན་ཕྱོགས་ནས། །བཀའ་སྡོད་ཉི་ཤུ་རྩ་བརྒྱད་མནན། །རྣལ་འབྱོར་ཀུན་གྱི་ལས་རྣམས་སྒྲུབ། །སྲིད་པའི་མ་མོ་ཐམས་ཅད་ཀུན། །རྣལ་འབྱོར་སྐུ་ཡི་ཁྱོན་དུ་རྫོགས། །མ་མོའི་ཐུགས་ཀྱི་ཐིག་ལེ་ལས། །རྡོ་རྗེ་ཁ་ཊ༷་གཞུ་བདུངས་ཤིང་། ཁྲེས་རབ་ཡེ་ཤེས་མདེའུ་རྩེ་ལས། །སྤྲོས་པའི་ཐིག་ལེ་དགུ་འཕེན་མ། །ངེས་པའི་བདེ་ཀློང་གཅིག་ཏུ་འཁྱིལ། །ཧེ་རུ་ཧུ༷་སྲས་འཁོར་དུ་བཞག །མཐིང་ནག་འབར་བའི་འཕྲོ་འདུ་ཡིས། །ཐམས་ཅད་འགྲོལ་ཞིང་དབང་དུ་སྡུད། །ཞི་བའི་སྐུ་ལ་ཐུགས་རྗེ་ཆེ། །ཡེ་ཤེས་སྤྲུལ་པའི་ཕྱག་དྲུག་ལས། །གཡས་ཀྱི་དང་པོ་འཁོར་ལོ་བསྐོར། །གསང་སྔགས་བཀའ་རྣམས་སྒྲོགས་པའི་དོན། །གཡོན་པ་རིན་ཆེན་སྲིད་དབང་སྡུད་བསྐུར། །སྲིད་པའི་འཇིག་རྟེན་གནས་ལ་འཕེན། །གཡས་ཀྱི་བར་པས་གཡང་གཞི་རྡེབ། །བདུད་དང་མུ་སྟེགས་རྡུལ་དུ་རློག །གཡོན་པས་བྷན་དྷ་དམར་བསྐྱིལ་ཅིང་། །བུད་མེད་མང་པོ་དབང་དུ་སྡུད། །གཡས་ཀྱི་ཐ་མ་ཚེ་འཛིན་ཅིང་། །རྣུལ་འབྱོར་ཀུན་ལ་དངོས་གྲུབ་འབེབས། །གཡོན་པས་ལྕགས་ཀྱུ་དགུ་བསྣམས་ཤིང་། །དམ་ཉམས་ཀུན་དང་དགྲ་བགེགས་དང་། །བཀའ་ལས་འདའ་བའི་སྙིང་རྩ་འདྲེན། །སྤྱི་གཙུག་སྦྲལ་པའིའཕྲོ་འདུ་ཡིས། །སྟང་གསུམ་འཇོག་རྟེན་སྦྱོ་བཟློག་མཛད། །བདག་ཅག་ཡེ་ཤེས་རྩལ་འཆང་་གིས། །ངེས་པའི་དམ་འཆང་རྟོགས་པའི་མཐུས། །མན་ངག་ཐུགས་ཀྱི་རྒྱུད་བསྐུལ་བས། །སྐད་ཅིག་ཡུད་ཙམ་དསྟུཉིངས་ནས་བཞེངས། །སྲིད་པ་གསུམ་དང་གླིང་བཞི་ཡང་། །ཐང་གཅིག་ཡུད་ལ་འཇིག་པར་མཛད། །ཁྱད་པར་ཡེ་ཤེས་ཉི་ཟླའི་སྤྱན། །གཡས་ཀྱི་སྤྱན་གྱིས་སྲིད་པ་གསལ། །གཡོན་གྱི་སྤྱན་གྱིས་སྦྱོར་བ་མཛད། །རྡོ་རྗེའི་སྨིན་མ་གཡེངས་པ་ཡི། །མུ་སྟེགས་ཡག་ཤའི་སྙིང་ཡང་འདྲེན། །མ་མོ་ཁྱོད་ཀྱི་མཚན་ཉིད་ནི། །བྱང་ཆུབ་སེམས་མ་ཞེས་སུ་གྲགས། །ཡང་དག་གསང་བའི་མཚན་ཉིད་ནི། །སངས་རྒྱས་ཁྲོས་པའི་རྒྱལ་མོ་ལ། །བདེ་ཀློང་ཀུན་གྱིས་གཙོ་ཞེས་གྲགས། །རྣལ་འབྱོར་གསང་བའི་དཀྱིལ་འཁོར་དུ། །གསང་བ་ཐབས་ཀྱི་འཕྲོ་འདུ་ཡིས། །ཡུམ་གྱི་ཐུགས་དམ་དེར་བསྐངས་ལ། །སྐུ་ནི་མི་བསྐྱོད་འདིར་བཞུགས་ལ། །འཁོར་གྱི་བློན་མོ་སྐུ་བསྐྱོད་ལ། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ཅེས་ཚོགས་ལ་སྤྱན་དྲང་པ་ནི། །མ་མོ་ཕྲ་མེན་རྒྱ་མཚོ་མའོ། །གསང་བའི་མཆོད་པ་དང་ལྡན་པར་བྱས་ཏེ། བསྐུལ་བ་ནི། ཧུ༷་ལྷ་མོ་ཆེན་མོ་རྣལ་འབྱོར་མ། །ཀུན་གཞི་ཡོངས་ཀྱི་དབང་ཕྱུག་མ། །སྣང་སྲིད་ཀུན་ལ་དབང་སྒྱུར་ཞིང་། །སྐྱེ་འགྲོ་ཡོངས་ཀྱི་དབུགས་འཕྲོག་མ། །དུང་ཆེན་ཕྱག་ན་བསྣམས་ཤིང་འོ་ དོད་ཆེན་པོས་འདེབས། །གཤིན་རྗེ་བྲན་དུ་འཁོལ་ཞིང་འཇིག་རྟེན་མེ་ཡིས་འགེངས། །འགྲོ་བའི་ཚེ་དཔལ་འཕྲོག་ཅིང་བོ་དྷི་ཙིསྟའིབདག །སྒྲོལ་བ་དོན་དུ་གཉེར་ཞིང་དབང་ཕྱུག་ཀུན་དང་སྦྱོར། །སྲིད་གསུམ་སྤྲུལ་པས་འགེངས་ཤིང་བདུད་དཔུང་རྡུལ་དུ་རློག །གཡང་གཞི་གོས་སུ་གོན་ནས་ཁ་ཊ༷་གཡབ་མོས་འདེབས། །སྐུ་མདོག་ཁྲོ་མོར་བཞུགས་ཤིང་ཁྲག་དང་ཞག་གིས་བརྒྱན། །སྐྲུ་གྲི་ཕྱག་ན་བསྣམས་ཤིང་ཀུན་གྱི་སྙིང་འབྱིན་མ། །ཞིང་ཆེན་གདན་ལ་བཞུགས་ཤིང་རྣལ་འབྱོར་གྲོགས་མཛད་མ། །མྱང་ས་ཟས་སུ་ཟ་ཞིང་ཙིསྟའི་ཞགས་པ་འཕེན། །ཉི་ཟླ་ཐོད་དུ་བཅིངས་ནས་སྟོང་གསུམ་བདེ་ལ་བཀོད། །བདུད་ཀྱི་བུ་སྨད་འཁོལ་ཞིང་ང་རྒྱལ་དྲག་ཤུལ་ཆེ། །དུང་ཆེན་སྣོད་དུ་སྙིང་དང་ཁྲག་ཏུ་སྦྱར་བ་འདི། །ཁྱོད་ཀྱི་སྐུ་ལ་བསྟིམས་པས་བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ཅེས་བྱ་བ་ནི་ཉི་ཟླ་ཐོད་ཕྲེང་ཅན་ནོ། །རྒྱུ་བསྒྲལ་བ་ཀུན་གྱི་ཙིསྟའི་བདག་མོ་ཡང་ཡིན། ཐམས་ཅད་ཀུན་གྱི་སྟིང་ལ་ཡང་དབང་ངོ་། །ཧུ༷་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །ཉི་མ་སྟོང་གི་གཟི་མདངས་ཅན། །སྟོང་གསུམ་འཇིག་རྟེན་གཟི་འཕྲོག་མ། །སྲིད་པ་སྒྲོལ་མ་གཤེགས་སུ་གསོལ། །ཧུ༷་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །པདྨསྟོང་གིས་དབུ་བརྒྱན་ཅིང་། །གེ་སར་འབུམ་གྱི་ཁྲག་འཐུང་མ། །དབང་ཕྱུག་རྒྱལ་མོ་གཤེགས་སུ་གསོལ། །ཧུ༷་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་འཚོ་བྱེད་འདུད་རྩི་སྦྱོར། །འཇིག་རྟེན་སྨྲ་མཆོག་ཀུན་གྱི་གསོས། །བདུད་རྩིའི་རྒྱལ་མོ་གཤེགས་སུ་གསོལ། །ཧུ༷་རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །བྷ་ག་ཡོངས་ལ་མངའ་མཛད་མ། །གནས་ལམ་ཐམས་ཅད་སྟོངས་མཛད་མ། །ཐར་པའི་ལམ་མཆོག་གཤེགས་སུ་གསོལ། །ཞེས་བརྗོད་དེ་རྣལ་འབྱོར་ཚོགས་ལ་མཆོད་པ་འབུལ་བ་ནི་ཁྲོས་པའི་དབང་ཆེན་བཞིའོ། །བྷ་ག་འབུམ་ལ་མངའ་མཛད་མ། །དབྱིངས་ཕྱུག་རྒྱལ་མོ་གཤེགས་སུ་གསོལ། །འཇིག་རྟེན་ཡོངས་ཀྱི་རྒྱན་མཛད་མ། །རྒྱན་གྱི་རྒྱལ་མོ་གཤེགས་སུ་གསོལ། །བདག་ཉིད་ལྷག་ལྷག་བཞད་མཛད་མ། །བདག་ཉིད་ཆེན་མོ་གཤེགས་སུ་གསོལ། །སྟོང་གསུམ་འཇིག་རྟེན་རྒྱུག་འགྲོ་མ། །གཅིག་བུ་ཡུམ་མཆོག་གཤེགས་སུ་གསོལ། །ཞེས་བསྐུལ་བ་ནི་སྦས་པའི་མ་བཞིའོ། །ཧུ༷་རི་རབ་གླིང་བཞིའི་ཤར་ཕྱོགས་ནས། ་།ར་གྱི་དཀར་མོ་མིག་གཅིག་མ། །ན་བཟའ་བྱ་རྒོད་ཐུལ་པ་ལ། །གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །དུང་གི་ལན་ཚར་མཆེ་བ་ལ། །རིན་ཆེན་ཤེལ་གྱི་ཐོད་གདེངས་ཅན། །དཀར་མོ་སྒེག་མ་འབུམ་གྱིས་བསྐོར། །སྲིད་གསུམ་ཤར་ལ་མངའ་མཛད་མ། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །ཧུ༷་རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །ལྷོཡི་ནག་མོ་མཆེ་བ་ཅན། །ན་བཟའ་གཡང་གཞི་གོ་ཟུ་ལ། །གསེར་གྱི་དྲིལ་བུ་འབུམ་གྱིས་བསྐོར། །ལྕགས་ཀྱི་ལན་ཚར་མཆེ་བ་ལ། །གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན། །ནག་མོ་སྒེག་མ་འབུམ་གྱིས་བསྐོར། །སྲིད་གསུམ་ལྷོ་ལ་མངའ་མཛད་མ། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །ཧུ༷་རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །ནུབ་ཀྱི་དམར་མོ་དབང་སྡུད་མ། །ན་བཟའ་ཆུ་སྲིན་གཡང་གཞི་ལ། །སྦྲུལ་ནག་འབུམ་གྱི་གདེངས་ཀ་ཅན། །གཡུ་ཡི་ལན་ཚར་མཆེ་བ་ལ། །བྱེ་རུ་དམར་པོའི་ཐོད་གདེངས་ཅན། །དམར་མོ་སྒེག་མ་འབུམ་གྱིས་བསྐོར། །སྲིད་གསུམ་ནུབ་ལ་མངའ་མཛད་མ། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །ཧུ༷་རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །བྱང་གི་སེར་མོ་ལས་མཁན་མ། །ན་བཟའ་རྨ་བྱའི་ཐུལ་པ་ལ། །མཐིང་གི་གོ་ཅོག་ཡ་བས་བསྐོར། །གསེར་གྱི་ལན་ཚར་མཆེ་བ་ལ། །ཐོད་སྐམ་འབར་བའི་ཐོད་གདེངས་ཅན། །ལྗང་ནག་སྒེག་མ་འབུམ་གྱིས་བསྐོར། །སྲིད་གསུམ་བྱང་ལ་མངའ་མཛད་མ། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །གླིང་བཞི་རྒྱལ་མོ་གསང་བའི་གཟུངས། །ཐུ་བ་གཡས་པ་དམག་གིས་བཀང་། །རྣལ་འབྱོར་ཀུན་གྱི་དགྲ་འདུལ་མ། །ཐུ་བ་གཡོན་པ་རིན་པོ་ཆེ། །སྒྲུབ་པ་པོ་ལ་རྟགས་འབྱིན་མ། །ཕྱག་མ་གཡས་ན་གཡང་བཞི་རྡེབ། །ཁམས་གསུམ་རྡུལ་དུ་བརླབས་ནས་སུ། །བདུད་དང་མུ་སྟེགས་སྙིང་འབྱིན་མ། །ཕྱག་མ་གཡོན་ན་བྷརྙ་བསྐོར། །མ་མོ་ཐམས་ཅད་དང་དབང་དུ་སྡུད། །རལ་པ་ཅན་གྱི་འཁོར་སྐྱོང་མ། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །ཅེས་སྤྱན་དྲངས་ཤིང་འབྱོར་ཚོགས་ཀྱི་མཆོད་པ་འབུལ་ཞིང་། ལས་བསྒོ་ཞིང་བརྣག་པ་བཅོལ་བ་ནི་ཐུགས་ཀྱི་དགྱེས་སྡེ་གསང་བའི་ཡང་ཕྱི་མོ་བཞིའོ། །འདི་བཞི་ནི་ཅི་བཅོལ་བའི་ལས་ཡིད་བཞིན་དུ་འགྲུབ་ལ། ལྷུར་ཡང་ཚེ་དང་སྲིའུ་ལ་མཁས་ཤིང་དགྲ་ལ་འཇེབས་ཤིང་གསང་བའི་འཕྲལ་ལ་རྣའོ། །དེ་ཡན་ཆད་ནི་མ་མོ་བཅུ་བཞི་བསྐུལ་བའི་ལེའུ་སྟེ་བཅུ་པའོ།། །།ད་ནི་སྲིད་པའི་དམན་མོ་རྣམས་བསྐུལ་བར་བྱ་སྟེ། ཧུ༷་སྲིན་མོ་ཆེན་མོ་ཤམ་ཤམ་མོ། །ཨ་ཕྱི་ཆེན་མོ་མི་བཟད་མ། །གོསསུཞིངཆེན ལྤགསརློནགོན། །མཐའ་མ་བྷརྙ་སྟོང་གིས་བསྐོར། །གཡས་ན་ཞིང་ཆེན་སོར་ཕྲེང་བགྲང་། །གཡོན་པས་མི་མགོའི་ཕོར་པ་མྲ །སྙིང་ཁྲག་སྙིང་ཚིལ་ག་་ནས་སུ། །རང་གིས་རང་ལ་ཐིམ་པར་སྟོབ། །གཡང་གཞི་རུ་ཚོན་ཕྱར་ནས་སུ། །བདུད་དང་མུ་སྟེགས་ཐལ་བར་རླག །འཇིག་རྟེན་ཐམས་ཅད་སྒྲོལ་བར་བྱེད། །སྲིད་པ་གསུམ་གྱི་ཕུད་ཉུལ་ཞིང་། །དེ་ནས་གཙོ་མོ་དབྱིངས་སུ་མཆོད། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །ཅེས་བསྐུལ་བ་ནི་ཨ་ཕྱི་ཆེན་མོ་སྟེ་སྲིད་པ་ཆགས་བྱེད་མའོ། །ཧུ༷་ཁྱིམ་བདག་ཆེན་མོའི་རྣལ་འབྱོར་མ། །རྣལ་འབྱོར་ཆེན་མོ་ཁང་བདག་མོ། །ཁྱིམ་བདག་ཆེན་མོ་ཐིག་ལེ་དགུ། །ཡེ་ཤེས་ངང་གིས་རོལ་པ་ལས། །ཕྱག་ན་རྩེ་གསུམ་འབར་བ་བསྣམས། །ཁྲག་འཐུང་ཡབ་ཡུམ་ཀུན་ལ་དབང་སྒྱུར་ཞིང་། །མཐུ་ཆེན་རྣལ་འབྱོར་ཀུན་ལ་གྲོགས་མཛད་མ། །དུང་ཆེན་ཁྲག་གིས་སྐུ་ལ་ཐིམ་པར་མཛོད། ཁྱོད་ཀྱི་འཁོར་ནི་རབ་ཏུ་མི་བསྒྲུངས་ཏེ། །སྒྲ་སྙན་ཡིད་འཕྲོག་བྱེད་པའི་མ་མོ་ཁྱོད། །འདོད་པ་ལྔ་ལ་དད་ཅིང་མཐུ་ཆེན་རབ་ཏུ་བསྐུལ། །ཁྲག་གིས་རླན་པར་འདོད་ཅིང་ཐམས་ཅད་དབང་དུ་སྡུད། །དྲག་ཤུལ་གཏུམ་མོ་རབ་ཏུ་སྡང་བྱེད་མ། །ཀུན་གྱི་ཡིད་ལ་གནས་ཤིང་རབ་ཏུ་མཐུ་ཆེན་བསྐུལ། །མེ་ཡི་བསྐལ་པ་སྟོང་ཞིང་སྙིང་རྗེའི་ལམ་ལ་སྦྱོར། །གསོད་པ་དོན་དུ་གཉེར་ཞིང་ཁྲོ་བོ་ཀུན་དང་སྦྱོར། །བདུད་ཀྱི་བུ་སྨད་འཁོར་ཞིང་ང་རྒྱལ་དྲག་ཤུལ་ཅན། །འོདོད་ཆེན་པོསའདེབས་ཤིང་ཞུལ་གདངས་མཆེ་བ་གྭ་ཙིགས། །དགྲ་སྙིང་ཚལ་པར་འགེམས་པ་མ་མོ་ཁྱོད་ཀྱི་འཁོར། །དམ་ཚིག་དུས་ལ་བབ་ཀྱི་༷གས་སུ་གསོལ། །ཞེས་ལས་གཉེན་པོ་བཅོལ་པ་ནི་སྦས་པའི་མ་མ་སྟེ་སྲིད་པ་ཆ་སྙོམས་མའ། །ཧུ༷་རྣལ་འབྱོར་ཆེན་མ་སྲིད་པའི་བདག །ཨེ་ཀ་ཙ་ཏི་རལ་གཅིག་མ། །མིག་གཅིག་མ་ལ་ཀར་ཤམ་མདོག །རང་ཆས་ ན་དཀར་གོ་ཟུ་ལ། །འཇའ་ཚོན་འབར་བའི་མཐའ་ཆགས་ཅན། །ལག་ན་ཁ་ཊ༷་ག་ཡི་མཚོན་ཐོགས་ཤིང་། །ཟ་འོག་ཞབས་མའི་དབུ་རྒྱན་ཅན། །བསྟན་པ་ཙམ་གྱིས་ཁམས་གསུམ་རྨོངས་བྱེད་མ། །བརྡབ་པ་ཙམ་གྱིས་ཐེའུ་རང་འགོང་པོའི་བླ་གཅོག་མ། །འདིར་བྱོན་དམ་སྐོང་ཕྲིན་ལས་གཉེན་ཛོ་མཛོད། །ཅེས་བྱ་བ་ནི་ཨེ་ཀ་ཙ་ཏི་མའོ། །ད་ནི་མ་མོ་བདུན་བསྐུལ་བར་བྱ་སྟེ། ཧུ༷་རྒྱལ་ཆེན་བདུན་གྱི་ཆུང་མ་སྟེ། །རྒྱ་མཚོ་ཆེན་པོས་དཀྱིལ་འཁོར་ནས། །དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ། །ནག་མོ་ཆེན་མོ་རལ་པ་ཅན། །རི་རབ་སྙིལ་བའི་རྔམས་སྟབས་ཅན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །རྡོ་རྗེ་ཀུན་གྲགས་གཤེགས་སུ་གསོལ། །ཧུ༷་ཁྲོ་མོ་རྔམས་པའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱིས་འོད་འཕྲོ་མ། །འཇིག་རྟེན་འཆི་བདག་གཟི་འཕྲོག་མ། །ཀུན་ཏུ་བཟང་མོ་གཤེགས་སུ་གསོལ། །ཧུ༷་ཕྱག་རྒྱ་འབར་བའི་དཀྱིལ་འཁོར་ནས། །ནམ་མཁའ་སྟོང་ལ་དབང་སྒྱུརཞིང་། །བདུད་དཔུང་དྲེགས་སྙེམས་ཀུན་འདུལ་མ། །རྡོ་རྗེ་གྲགས་སྙེམས་གཤེགས་སུ་གསོལ། །ཧུ༷་དམ་ཚིག་ཆེན་མོའི་དཀྱིལ་འཁོར་ནས། །ཕོ་ཉ་མོ་སྟེ་དྲུག་ཅུའི་གཙོ། ཁྲ་ཆེན་ཁྲག་ལ་ལོངས་སྤྱོད་ཅིང་། །གདུག་པ་མ་ལུས་ཀུན་འདུལ་བ། །རྡོ་རྗེ་ཆེན་མོ་ཡེ་ཤེས་མཆོག །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཧུ༷་ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །ཁྲོ་མོ་གཏུམ་བྱེད་ཟ་བྱེད་མ། །རྡོ་རྗེ་དྲ་བའི་ཕྲེང་ཐོགས་ཤིང་། །བྱང་ཕྱོགས་རང་གི་འཁོར་འདུལ་མ། །རྡོ་རྗེ་འོད་ཚོགས་གཤེགས་སུ་གསོལ། །ཧུ༷་འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གི་གདེངས་ལྡན་ཞིང་། །འབྱུང་པོ་མ་ལུས་འཆིང་མཛད་མ། །རྡོ་རྗེ་གསལ་འཕྲོ་གཤེགས་སུ་གསོལ། །ཧུ༷་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་འབར་བའི་འཕྲོ་འདུ་ཅན། །དམ་ཚིག་ཉམས་རྣམས་སྒྲོལ་བྱེད་ཅིང་། །བཀའ་ལས་འདས་པའི་སྙིང་འབྱིན་མ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །ཞེས་བྱ་བ་ནི་མ་མོ་ཆེན་མོ་བདུན་ནོ། །ཧུ༷་ལྷ་མོ་ཆེན་མོ་རྣལ་འབྱོར་མ། །རིན་ཆེན་སྲིད་འདེགས་མཛེས་པའི་ཟ་མ་ཏོག །མདོག་བཟང་སྔོན་མོ་རལ་པ་ཅན། །རང་ཆས་མུ་ཏིག་གོ་ཟུ་ལ། །གསེར་དང་གཡུ་ཡི་ཕྲ་བཀྱེ་སྟེ། །མཐའ་མ་རིན་ཆེན་འབར་བས་བསྐོར། །གཡས་ན་གཡུ་ཡི་ཟ་མ་ཏོག །གཡོན་ན་དུང་གི་ཟོར་བ་བསྣམས། །ཁྱོད་ནི་སྲིད་པའི་མ་མོ་སྟེ། །ཚེ་གཡང་སྡུས་ཤིག་རིན་ཆེན་སྲིད་འདེགས་མ། །ཧུ༷་སྒྲུབ་པའི་མ་མོ་ཆེན་མོ་སྟེ། །བདུད་ཀྱི་ལྕམ་མོ་གཤིན་རྗེ་མ། །མདོག་བཟང་ནག་མོ་རལ་པ་ཅན། །རལ་པའི་ཟར་བུ་མུན་ནག་གཏིབས། །ལྕགས་ཀྱི་ལུས་ལ་ཟངས་ཀྱི་ཞབས་མ་ཅན། །རྫུ་འཕྲུལ་རྐང་པ་མཆོག་དང་ལྡན། །གཡས་པ་གཤིན་རྗེའི་ཁྲམ་བམ་བསྣམས། །གཡོན་པས་བདུད་ཀྱི་ཤོ་རྡེའུ་དཀར་ནག་འགྲེམས། །མཆན་ན་ནད་ཀྱི་རྐྱལ་པ་སྦེད། །ཁྱོད་ཀྱི་འཇིག་རྟེན་བྱོལ་བཟློག་མཁན། །ཁྲམ་ཁ་ཕྱིས་ལ་ཤོ་རྡེའུ་སྤོས། །ནད་ཁ་ཆིངས་ལ་དལ་ཁ་སྒྱུར། །ཧུ༷་རྣལ་འབྱོར་འཇིག་རྟེན་དབང་ཕྱུག་མ། །མདོག་བཟང་དཀར་མོ་རལ་པ་ཅན། །ཁྱོད་ནི་གླིང་བཞི་སྤྱི་འགྲོ་སྟེ། །རང་ཆས་དར་དཀར་གོ་ཟུ་ལ། །གཡུ་བྲན་འབར་བའི་མཐའ་ཆགས་ཅན། །གསེར་གྱི་གོང་ལེབ་འབར་བ་ལ། །གཡུ་ཡི་ཅོད་པན་འོད་འཕྲོ་མ། །རྫུ་འཕྲུལ་རྐང་པས་ཕྱོགས་བཅུར་ཕྱིན། །གཡས་ཀྱི་ལག་ན་ཐོགས་པ་ནི། །གསེར་གྱི་ལྕག་གཡུ་འབར་བ་ལ། །གཡུ་ཡི་ལྕག་འབྲས་འགྱུར་བ་བཏགས། །གནམ་ལ་བསྐོར་བས་བདུད་དཔུང་འཇོམས། །སྲ་ལ་རྡབ་པས་དགྲ་བགེགས་སྒྲོལ། །གཞན་གྱིས་རྦད་པར་མ་ཉན་པར། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཅེས་ནང་གི་དམ་རྫས་དང་ལྡན་པར་བྱས་ལ་ལས་བཅོལ་ལོ། །ཧུ༷་རྡོ་རྗེ་གར་གྱི་དབང་ཕྱུག་མ། །དབུ་བརྒྱ་མ་ལ་སྤྱན་སྟོང་མ། །འཇིགས་ཚུལ་རྔམས་པའི་ཆ་བྱད་ཅན། །ཕྲིན་ལས་འབྱུང་པོ་ཀུན་འདུལ་མ། །རྡོ་རྗེསྒེགཆེནགཤེགསསུགསོལ། །ཧུ༷་པདྨ་གར་གྱི་དབང་ཕྱུག་མ། །ས་བདག་ཆེན་མོ་པདྨ་ཕྲེང་། །ལག་ན་ཐོད་པ་ཁྲག་གིས་བཀང་། །གྲོང་རྣམས་ཀུན་ལ་འཐོར་བྱེད་མ། །ས་བདག་ཆེན་མོ་གཤེགས་སུ་གསོལ། །ཞེས་ལས་བཅོལ་པ་ནི་རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་པདྨ་གར་གྱི་དབང་ཕྱུག་མའོ། །ད་ནི་རྒྱལ་པོ་ཆེན་པོ་བཞི་ཡི་ཆུང་མ་དང་བུ་མོ་ཡང་བསྐུལ་བར་བྱ་སྟེ། །ཧུ༷་རི་རབ་གླིང་བཞིའི་གྲུ་འདེགས་མ། །ཧར་ཏིང་དཀར་མོ་ཆེན་མོ་སྟེ། །བྱང་ཤར་མཚམས་ཀྱི་གྲུ་འདེགས་མ། །དུན་ཏིང་ནག་མོ་ཆེན་མོ་སྟེ། ཁྲར་ལྷོ་མཚམས་ཀྱི་གྲུ་འདེགས་མ། ་ན་ཏིང་དམར་པོ་ཆེན་མོ་སྟེ། །ལྷོ་ནུབ་མཚམས་ཀྱི་གྲུ་འདེགས་མ། ཁུབ་ཏིང་སེར་མོ་ཆེན་མོ་སྟེ། །ནུབ་བྱང་མཚམས་ཀྱི་གྲུ་འདེགས་མ། །མཚན་ནི་གྲུ་འདེགས་ཆེན་མོ་སྟེ། །རྒྱལ་མཚན་གཟུངས་མས་ལས་མཛོད་ཅིག །ཧུ༷་དམག་གི་རྒྱལ་ཆེན་མོ་སྟེ། །ཤར་གྱི་དཀར་མོ་མཆེ་གཙིགས་མ། །ལྷོ་ཡི་ནག་མོ་ཁ་ཡལ་མ། །ནུབ་ཀྱི་དམར་མོ་མཆུ་འཇིབ་མ། །བྱང་གི་སེར་མོ་རྐང་ལྡག་མ། །རིགས་བཞིའི་དམག་དཔུང་འཁོར་གྱིས་བསྐོར། །དམག་གི་རྒྱལ་མོ་གཤེགས་སུ་གསོལ། །ཧུ༷་གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། ཁྲར་གྱི་མགྱོགས་མ་གཤེགས་སུ་གསོལ། །མཁའ་ལཁྱུངལྡིངགཤིནརྗེའིསྲིང་། །ལྷོ་ཡི་མགྱོགས་མ་གཤེགས་སུ་གསོལ། །དཀར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནུབ་ཀྱི་མགྱོགས་མ་གཤེགས་སུ་གསོལ། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །བྱང་གི་མགྱོགས་མ་གཤེགས་སུ་གསོལ། །ཞེས་བྱ་བ་ནི་ལས་ཀྱི་སྲིང་མོ་བཞིའོ། །འདི་ཡིན་ཆད་གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱི་ལས་བྱང་དང་། བསྐུལ་ཚིག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་དབང་ཆེན་ཇི་སྙེད་ཀུན། །སྲིད་པའི་མི་ལ་སྨན་སླད་དུ། །ཚུལ་བཞིན་སྒྲུབ་པ་ཇི་ལྟར་བགྱི། །རྫས་དང་མཐུན་པ་ཅི་ལ་བརྟེན། །རྟགས་དང་དུས་ཚིགས་ཇི་ལྟར་འབྱུང་། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དབེན་པ་གཉན་ཞིང་ཉམས་དགའ་བར། །ཅི་འབྱོར་ཡོ་བྱད་གཞུང་སོགས་ལ། །པདྨའི་མཚན་དང་ལྡན་པ་ཡི། །རིགས་སུ་གྱུར་པའི་ཡུམ་གསུམ་ཡང་། །སྒྲུབ་པའི་དོན་དུ་གཞག་པར་བྱ། །རྫས་སུ་གྱུར་པའི་ཡོ་བྱད་དག །ཙིཉི་བཅུ་གཅིག་ཡང་དག་ལྡན། །བྷསྟོ་ལྕང་ལོ་ལྡན་པ་མྲ །པདྨའི་རིགས་སུ་གྱུར་པ་ཡི། །མཚན་དང་ལྡན་པའི་རཀྟས་བཀང་། །ཚིལ་ཆེན་མར་མེ་ཁག་ལྔར་བཏང་། །གསུར་ཆེན་དུད་པ་རྒྱུན་མི་གཅད། །གསར་རྙིང་ཞིང་གི་གཤོག་པ་བཀྲམ། །ཅི་འབྱོར་ཡོ་བྱད་ཕུན་ཚོགས་ལ། །བདུན་གསུམ་ཚུལ་བཞིན་བསྒྲིམ་པར་བྱ། །རྒྱན་དང་ཆས་གོས་ལ་སོགས་པ། ཁུནཆེནརལཀགཙོབོ་ལ། །སྲིད་པ་སྤྱི་བླུག་ཞྭ་བགོས་ཏེ། །རྩེ་ལྔ་འབར་བའི་ཕྱག་ཆ་བསྣམས། །ཕྲེང་བ་ཆེན་པོ་དེ་བཞིན་བགྲང་། །ཡུམ་ཡང་གཡང་གཞིའི་སླག་པ་ལ། །རྩེ་གསུམ་འབར་བའི་གཡབ་མོ་ཐོགས། །ཕྲེང་བ་ཆེན་པོ་གཙོ་དང་མཐུན། །དངོས་གྲུབ་ཞལ་བུ་རིན་ཆེན་རིགས། །དར་དཀར་ཁ་བཅད་དེ་བཞིན་བཞག །རྡོ་རྗེ་རིགས་ལྡན་རྟགས་སུ་གསོལ། །བདག་ཉིད་མན་ངག་ཧེ་རུ་ཀ །ཡུམ་ཡང་སྲིད་པ་བདེ་འགྲོ་མ། །གཉིས་སུ་མེད་པར་བསྒོམས་བྱས་ཏེ། །རཀྟ་ལ་ནི་སྲོག་སྙིང་དྲངས། །བཛྲ་ཤཱསྟི་པདྨ་ག་རུ་ཏི་སྨྱོ།སྙིང་གི་དཀྱིལ་ནས་དྲངས་ནས་སུ། །མངོན་སུམ་འོང་བར་བསམ་པ་ནི། །སྐུ་མདོག་དཀར་མོ་ལ་ཉི་མ་ཟླ་བ་འབུམ་གྱིས་ཐོད་དང་ཕྲེང་བར་བྱས་པ། དཔྲལ་བའི་དབྱེས་ནས་མིག་ཟུར་གསུམ་པ་གཅིག་ཡོད་པ། གསང་བའི་ཕྱག་གཉིས་ཀྱིས་སྲིད་པའི་པདྨ་ཐམས་ཅད་ཀྱི་གེ་སར་བཟུང་བ། ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ་སྙིང་བརྒྱུས་པའི་ཕྲེང་བ་ཐོགས་པ། མིག་གཡས་ནས་ཁྲག་གི་མཆི་མ་འཛག་པས། ཐམས་ཅད་དབང་དུ་སྔད་པ། མིག་གཡོན་པ་ནས་བདུད་རྩིའི་ཆུ་མིག་འཛག་པས་སེམས་ཅན་ཐམས་ཅད་ཀྱི་གསོས་བྱེད་པ། མིག་དབུས་མ་ནས་རིན་པོ་ཆེ་རྣམ་པ་སྣ་ཛོགས་ཀྱི་རྫི་མ་འཐོར་བ། གཡུ་ཡི་རལ་པ་ཅན་ནོ། །བཟོད་པ་གཛོལ་ཞིང་བརྟེན་དབྱངས་སྙན་པོས་བསྐུལ་བ་ནི། ཧུ༷་ཆེ་ཞེས་ཆེན་མོ་གསང་བའི་གཟུང་། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་མའི་ཐོད་ཕྲེང་ཅན། །གྲུ་གསུམ་འབར་བའི་མིག་གཅིག་མ། །གཡུ་ཡི་རལཔས་སྲིད་པ་སྒྲོལ། །ཆགས་པའི་ཕྱག་གིས་པདྨ་འཛིན། །རིན་ཆེན་མཆི་མ་སྐྱེ་འགྲོའི་གསོས། །ཙིསྟུའི་ཞགས་པས་མུ་སྟེགས་སྒྲོལ། །ཐིག་ལེ་གསང་བའི་ཡུམ་གཅིག་མ། །སྔོན་ཆད་སྦྱོར་མཛད་ཇི་བཞིན་དུ། །བདག་དང་གཉིས་སུ་མེད་པར་སྦྱོར། །ཞེས་བྱ་ཞིང་གསང་བའི་གཟུངས་མར་བྱའོ་ཞེས་དམ་བཅས་ན་ཞག་བདུན་ན་ཟླ་བ་གཅིག་ལྷུང་ངོ་། །བཅུ་བཞི་ན་ཉི་མ་གཅིག་ལྷུང་ངོ་། །ཞག་ཉི་ཤུ་རྩ་གཅིག་ལ་དངོས་གྲུབ་ཀྱི་བྷརྙར་སྙིང་ག་ས་པ་དང་། རཀྟ་བསྲེས་པས་གང་འོང་ངོ་། །དེ་མིན་པ་གཞན་དག་ཀྱང་འོང་ངོ་། །ཅི་ལྟར་བྱུང་ཡང་མཚན་མ་སྤངས། ཉི་ཤུ་རྩ་གཅིག་ལ་སྐུ་མངོན་དུ་འོང་ངོ་། །དེར་བདག་ཉིད་ཏིང་ངེ་འཛིན་གསལ་བར་བྱས་ལ། གེ་སར་གྱི་རཀྟ་དབང་དུ་བསྡུས་ཏེ། སྦྱོར་བའི་ཕྱག་རྒྱ་བཅིངས་པ་དང་། ཟླ་གམ་འབུལ་ཞིང་སྒྲོར་བའི་ཚུལ་སྟོན་ཏོ། །བདག་ཆགས་པ་མ་སྐྱེས་པ་དང་། །མོ་རྐང་དཀྲིས་བོར་ནས། མཛེས་པ་དང་ཆས་ཏེ་སྦྱོར་བ་འབུལ་ལོ། །དེར་མངོན་དུ་སྦྱར་ཏེ། གསང་བའི་སེམས་དང་དངོས་གྲུབ་ལྔར་འབྱུང་བ་རྣམས་བསྲེས་ལ། སྣ་ལ་བདག་ཉིད་མཆོད་པར་བྱ། །དེ་ནས་སྒྲུབ་པའི་གྲོགས་མོ་ལ་སྦྱིན། དེ་ནས་མ་མོ་གཞན་ལའང་སྦྱིན། དེ་ནས་ཐ་ཚིག་དམ་བསྲེས་ཏེ་གསང་བའི་གཟུངས་མར་དམ་ལུང་སྩལ་ལོ། །དེ་ནས་ཕྲག་དོག་སྤང་བའི་ཕྱིར། །སྒྲུབ་ཟླ་གསུམ་ཆར་སྦྱར་ནས་སུ། སྒྲུབ་ཟླ་སོ་སོའི་དམ་བསྲེའོ། །དེ་ནས་སླན་ཆད་ཅི་བྱ་ཡང་མི་འགལ་ཏེ། བསམ་དགུ་འོང་ངོ་། །གྲུབ་པའི་ཡོན་ཏན་ནི་མ་མོ་གཞན་ལྟ་ཅི་སྨོས་ཏེ། ཁྲོས་པའི་དབང་མོ་ཆེ་བཞི་དང་། ཐུགས་གསང་བའི་ཕྱི་མོ་ཡང་སྲིང་གི་ཚུལ་དུ་ལས་བྱེད་བསྐུལ་ན་བྲན་བཞིན་དུ་བསྒོ་བ་ཉན་ནོ། །ཧེ་རུ་ཀ་སྨིས་སྐུ་མན་ཆད་བསྐྱེད་པ་ཙམ་གྱིས་འདར་ལྕུག་ལྕུག་རྒྱུག་ཏེ་འོང་ངོ་། །འཇིག་རྟེན་འདིའི་བསམ་པ་ནི་ཆེ་ཕྲ་ལ་མི་འགྲུབ་པ་མེད་དོ། །འདི་སྒྲུབ་པའི་དུས་སུ། དང་པོ་གཏོར་མ་རྣམ་གསུམ་གཏང་། །བཤགས་སྦྱང་བྱ། ཚེ་རབས་ཀྱི་ལན་ཆགས་ལ་གཏོར་མ་གཏང་། དམ་བསྐང་བར་བགྱི། འདི་ནི་ཉི་ཟླ་ཐོད་ཕྲེང་ཅན་གྱི་སྒྲུབ་ཐབས་སོ། །སྲིད་པ་བདེ་འགྲོ་མའི་སྒྲུབ་ཐབས་ནི་མྱ་ངན་ལས་འདས་ཏེ། འགྲོ་བའི་དོན་ཐུགས་རྗེའི་འོད་ཀྱིས་མཛད་པས། བསྒམ་པའི་མ་མོ་ཡིན་ནོ། །དབེན་ལ་གཉན་པའི་གནས་སུ་ནི། །རིགས་བཞིའི་ཡུམ་དང་ལྡན་བྱས་ཏེ། །ཡོ་བྱད་བཞི་ཡང་དེ་བཞིན་བཤམ། །གསར་པ་ཞིང་གི་མཆོག་མ་བཤམ། །རིགས་བཞིའི་བྷསྟོ་ཡང་དག་ལྡན། །ཞིང་གི་དུད་པ་རྒྱུན་མི་གཅད། །མཆོག་གི་ཕུར་བུ་བཞི་ཡང་དྲིལ། །དུང་ཆེན་ཕྲེང་བ་ཡང་དག་བགྲང་། །སྟག་ལྤགས་གཡང་གཞི་གོས་སུ་གྱོན། ཁུན་ཆེན་གཡང་གཞི་དེ་བཞིན་གསོལ། །རྒྱུ་མ་དྲིལ་པའི་ཞགས་པ་སྡོག །ཆུ་དང་མ་འདྲེས་དྭངས་མའི་ཁྲག །དམ་རྫས་རྣམ་པ་སྣ་ཚོགས་པའོ། །རྩེ་གསུམ་གཡབ་མོ་ཐོགས་ནས་སུ། །བསྒྲུབ་ཅིང་བརྟེན་པའི་ལྷ་མོའོ། །རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་ནི། རྡོ་རྗེའི་རིགས་ལ་དབང་བྱེད་མ། །སྐུ་མདོག་དཀར་མོ་ལ་གཡུའི་རལ་པ་ཅན། སྤྱན་གསུམ་རྡོ་རྗེའི་མཆེ་བ་གཙིགས་པ། གསང་བའི་མཁའ་ལ་རྡོ་རྗེའི་ག་འུར་འཁྱིལ་བ། མ་ཆས་པའི་སྦྱོར་བས་སྲིད་པ་འཁྱུད་པ། ཕྱག་གཡས་ན་རྡོ་རྗེ་རྩེ་གསུམ་བསྣམས་པ། གཡོན་པ་ན་ཞིང་གི་གཡབ་མོ་བསྣམས་ཤིང་། བདུད་དང་མུ་སྟེགས་དབང་དུ་སྡུད་པ། མ་རྒྱན་གྱི་རྒྱལ་མོ་ལ་ཁྲོས་པའི་ཚུལ་སྟོན་ཅིང་སྦྱོར་བའི་མདངས་ཅན་ནོ། །རྡོ་རྗེ་ཁམས་གསུམ་ཁྲོས་པའི་དབང་མོ་ཆེ་ནི། རིན་ཆེན་རིགས་ཀྱི་དབང་མོ་ཆེ་སྟེ། སྐུ་མདོག་སྔོན་མོ་ལ། ནོར་བུ་རིན་པོ་ཆེའི་རལ་པ་ཅན། སྤྱན་གསུམ་རིན་པོ་ཆེའི་མཆེ་བས་གཙིགས་པས། འོད་ཟེར་སྔོན་པོ་ཕྱོགས་བཅུར་འཕྲོ་བ། གསང་བའི་མཁའ་རིན་པོ་ཆེའི་གའུར་བསྐྱིལ་བ། རྒྱུ་མ་བསྒྲིལ་བའི་ཞགས་པ་འཕེན་པས། བདུད་དང་མུ་སྟེགས་འཆིང་བ། མ་དབྱིངས་ཕྱུག་མ་ལ་འཁྲོས་པའི་ཚུལ་སྟོན་ཅིང་སྦྱོར་བའི་མདངས་ཅན་དེ། རིན་པོ་ཆེ་རིགས་ཀྱི་བདག་མོ་ཡིན་ནོ། །རྡོ་རྗེ་པདྨ་ཁྲོས་པའི་དབང་མོ་ཆེ་ནི། པདྨ་རིགས་ཀྱི་དབང་མོ་སྟེ། སྐུ་མདོག་དམར་མོ་བསེའི་ལན་ཕྲན་ཅན། སྤྱན་གསུམ་བྱེ་རུའི་མཆེ་བ་གཙིགས་པ། གསང་བའི་མཁའ་བྱི་རུའི་ག་འུར་བསྐྱིལ་བ། འོད་ཟེར་དམར་པོ་ནུབ་ཕྱོགས་དབང་དུ་སྡུད་པ། ཁྲག་གི་དངས་མ་འཐོར་ཞིང་བདུད་དང་མུ་སྟེགས་ཀྱི་སྙིང་འབྱིན་པ་གཉིས་སུ་མེད་པའི་སྦྱོར་བས་སྲིད་པ་ལ་འཁྱུད་པ། མ་བདག་ཉད་ལ་ཁྲོས་པའ་ཚུལ་སྟོན་ཅང་སྦྱོར་བའི་མདངས་ཅན་ནོ། །རྡོ་རྗེ་སྲིད་པའི་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ་ན། ལས་ཀྱི་རགས་ཀྱ་དབང་མོ་ཆེ་སྟེ། སྐུ་མདོག་ལྗང་གུ་ལ་རྡོ་རྗེ་དྲལ་བུའི་རལ་པ་ཅན། །སྤྱན་གསུམ་རྡོ་རྗེ་རྒྱ་གྲམ་གྱི་མཆེ་བ་ཅན། འོད་ཟེར་ལྗང་གུས་བྱང་ཕྱོགས་དབང་དུ་སྡུདཔ། ལག་པ་ན་གཡང་གཞི་རྡེབ་པས། །བདུད་དང་མུ་སྟེགས་ཀྱི་མགོ་གཅོད་པ། གསང་བའི་མཁའ་བསེའི་ག་འུར་བསྐྱིལ་བ། གྲུབ་པའི་སྦྱོར་བས་ཁམས་གསུམ་དབང་དུ་སྡུད་པ། མ་གཅིགམལ་ཁྲོས་པའི་ཚུལ་སྟོན་ཅིང་སྦྱོར་བའི་མདངས་ཅན་ནོ། །བཟོད་པ་གསོལ་ཞིང་དབྱངས་སྙན་པོས་བསྐུལ་བ་ནི། ཧུ༷་ཆེ་ཞེས་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དཀར་མོ་གཡུ་ཡི་རལ་པ་ཅན། །སྤྱན་གསུམ་རྡོ་རྗེའི་མཆེ་བ་གཙིགས། །ཞིང་གི་གཡབ་མོས་མུ་སྟེགས་སྒྲོལ། ཁྲེལ་གྱི་ག་འུར་གནས་རིགས་འཆའ། །གཉིས་མེད་སྦྱོར་བས་ཁམས་གསུམ་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོ་ཞིང་སྲིད་པའི་གསོས། །བདག་དང་གཉིས་སུ་མེད་པར་སྦྱོར། །ཧུ༷་ཆེ་ཞེས་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་སེར་མོ་རིན་ཆེན་རལ་པ་ཅན། །སྤྱན་གསུམ་རིན་ཆེན་མཆེ་བ་གཙིགས། །རྒྱུ་མ་མཁལ་བའི་ཞགས་དྲིལ་གྱིས། །བདུད་དང་མུ་སྟེགས་ཐམས་ཅད་འཆིང་། །རིན་ཆེན་ག་འུར་གནས་རིགས་འཆའ། །མི་ལེན་སྦྱོར་བས་སྲིད་པ་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོ་ཞིང་ཀུན་ལ་ཁྱབ། །བདག་དང་གཉིས་སུ་མེད་པར་སྦྱོར། །ཧུ༷་ཆེ་ཞེས་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དམར་མོ་བསེ་ཡི་རལ་པ་ཅན། །སྤྱན་གསུམ་བྱི་རུའི་མཆེ་གགྱོགས་མ། །ཁྲག་ཀྱི་དངས་མས་བདྭད་དཔུང་འཇོམས། །བྱི་རུའི་ག་འུར་གནས་རིགས་འཆའ། །གཉིས་མེད་སྒོར་བས་ཁམས་གསུམ་འཁྱུད། །ཡུམ་ལ་ཁྲོ་ཞིང་རྣལ་འབྱོར་སྐྱོང་། །བདག་དང་གཉིས་སུ་མེད་པརསྦྱར། །ཧུ༷་ཆི་ཞེས་ཁྲས་པའི་དབང་མོ་ཆེ། །སྐུ་མདོག་ལྗང་གུ་སྒེག་མ་ལ། །རྡོ་རྗེ་དྲིལ་བུའི་རལ་པ་ཅན། །སྤྱན་གོསུམ་མཆེ་བ་རྒྱ་གྲམ་གཏམས། །ཁ་ཊ༷་གཡང་གཞིས་མུ་སྟེགས་སྒྲོལ། །རྡོ་རྗེ་ག་འུར་གནས་རིགས་བཅའ། ཁུབ་པའི་སྦྱོར་བས་འཇིག་རྟེན་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོ་ཞིང་སེམས་ཅན་སྐྱོང་། །བདག་དང་གཉིས་སུ་མེད་པར་སྦྱོར། །ཞེས་བསྐུལ་ལོ། །སྒྲུབ་པ་ལ་ཞུགས་པ་དང་རྒྱུ་གཅིག་བསྒྲལ། ཞག་གསུམ་ནས་གཅིག་བསྒྲལ། ཞག་བདུན་ན་གཅིག་བསྒྲལ། ཞག་བཅུ་གཅིག་གི་ནུབ་མོ་གསང་བའི་ཡུམ་དུ་དམ་བཅའ། གསུམ་གྱི་ནུབ་མོ་སྒྲ་ཆེན་པོ་འབྱུང་ཞིང་། མེ་ཆེན་པོ་འབར་རོ། །བདུན་གྱི་ནུབ་མོ་ནམ་མཁའ་ལ་སྣ་ཚོགས་པའི་རལ་པ་ཐིབས་སེ་འབྱུང་ངོ་། །དེ་ལྟ་བུ་དག་བྱུང་བ་དང་། བདག་ཉིད་དཔལ་གྱི་ཏིང་ངེ་འཛིན། །དབུ་དགུ་ཕྱག་ནི་བཅོ་བརྒྱད་སྟེ། །ཞབས་བརྒྱད་ལྷ་ལ་དེ་བཞིན་བརྫིས། །ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །ཞིང་གི་ན་བཟའ་རློན་པ་ལ། །སྦྲུལ་དང་ཐོད་པས་ཡང་དག་བརྒྱན། །དབང་གི་ངང་ལས་བསྙེན་པ་བྱ། །དགུ་ལ་མངོན་དུ་བྱུང་བ་དང་། །བདག་ཉིད་དཔའ་བོ་སྒེག་པ་ཡི། །ཏིང་ངེ་འཛིན་དུ་གསལ་བ་དང་། །འཛུམ་པའི་མདངས་ཀྱིས་པདྨ་བསྡུ། །དེ་ནས་ལྷ་མོས་ཆགས་སེམས་ཀྱིས། །གཉིས་སུ་མེད་པའི་སྦྱོར་བ་འབུལ། །གུས་པའི་ཚིག་གི་སྙན་སྒྲོགས་པ། །དཔའ་བོ་སྒེག་པ་ཡེ་ཤེས་སྐུ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ། །པདྨ་གསང་བའི་མཆོད་འབུལ་གྱི། །དགྱེས་པ་ཆེན་པོའི་ངང་ཉིད་ལས། །ཆགས་པ་ཆེན་པོས་བྱིན་གྱིས་རློབས། །དེ་སྐད་བསྟོད་ནས་སྦྱོར་བ་འབུལ། །དེར་ནི་བདག་དང་མངོན་སྦྱོར་ཏེ། །དྲོད་ཀྱིས་བྱང་ཆུབ་སེམས་ཉིད་དང་། །རཀྟའི་དངས་མ་བསྲེས་ནས་སུ། །སྣ་ལ་བདག་ཉིད་གཙོ་མོ་མཆོད། །དེ་ནས་སྒྲུབ་ཟླ་བཞི་ཆར་སྦྱིན། །དེ་ནས་སྒྲུབ་པའི་མ་མོར་སྤྱིན། །དེ་ནས་དམ་བསྲེ་མནའ་བསྒག་ནས། །རྟོག་པའི་ཕྲག་དོག་སྤང་བའི་ཕྱིར། །སྒྲུབ་ཟླ་བཞི་དང་བདག་སྦྱར་ཏེ། །ཀུན་དང་དམ་བསྲེ་མནའ་བསྒག་གོ །གཏོར་མ་གཞན་ནི་གོང་མ་བཞིན། །འདི་འགྲུབ་ན་འཇིག་རྟེན་གྱི་ཁམས་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ལ། །ལྷུར་ཡང་ཚེ་དང་སྲིའུ་ལ་མཁས་སོ། །མ་མོ་འོག་ནས་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས་མ་མོ་བཞི་ཡང་བྲན་མོར་འཁོལ་ལོ། །དེ་ནི་ཁྲོས་པའི་དབང་མོ་ཆེ་བཞིའི་སྒྲུབ་ཐབས་སོ། །དེ་བཞིའི་མ་བཞི་སྒྲུབ་ཏུ་སྐྱོན་ཅི་སྟེ། །སྤྱིར་བུ་མོ་བཞི་བསྒྲུབ་ན་བུ་མོས་མ་འཁོལ་པས། སྒྲུབ་ལྷག་པར་མི་དགོས་སོ། །ད་ནི་ཐུགས་ཀྱི་དགྱེས་མ་བཞིའི་སྒྲུབ་པ་འབྱུང་སྟེ། དེ་ནི་རྟའི་ལོ་ལ་ཚེས་བདུན་ལ་བཤམ། །བརྒྱད་ལ་འཇུག་སྟེ། །ཉའི་བར་དུ་བསྒྲུབ་པར་བྱའོ། །དེའི་ཡོ་བྱད་བཙལ་བ། །དཀར་མོ་མིག་གཅིག་བྷརྙ་ནི། །ཟླུམ་པོ་པདྨ་ཆགས་པ་དང་། །འཇམ་ལ་རི་མོ་ཉུང་བ་སྟེ། །གཙུག་ཏུ་བུ་ག་བྱུང་བ་དེ། །དཀར་མོ་ཆེན་མོའི་ཕྱག་ན་བསྣམས། །ལྗོན་ཤིང་ལྕང་ལོས་རབ་ཏུ་བརྒྱན། །ལྗོན་ཤིང་ལྟ་བུའི་རྩ་ཡོད་པ། །མ་མོ་ཆེན་མོའི་ཕྱག་ན་བསྣམས། །པདྨ་འདབ་བརྒྱད་རྩར་བྲིས་པ། །ཨ་དཀར་གཙུག་ན་ཡོད་པ་ནི། །མ་མོ་དབང་སྒྱུར་ཕྱག་ན་བསྣམས། །དུམ་བུ་གཉིས་སུ་འདུག་པ་ལ། །རྡོ་རྗེ་རྒྱ་གྲམ་རྩར་བྲིས་པ། །སེར་མོ་ལས་མཁན་ཕྱག་ན་བསྣམས། །གཙུག་སྲུབས་ནང་དུ་རུབ་པ་ལས། །རྩ་རྣམས་གཙུག་ཏུ་བཅིངས་པ་ལ། །ཧུ༷་ཆེན་དགུར་ནི་འབར་བ་སྟེ། །དཔལ་ཆེན་ཉིད་ཀྱིས་ཕྱག་ན་བསྣམས། །ཞེས་འབྱུང་སྟེ། །བྷརྙ་དེ་ལྔ་ལྡན་པ་དང་། ཁྲེལ་གྱི་རྒྱ་བཞི་ཡང་དག་བསོགས། །གཉན་པོ་ཆས་སུ་ཞུགས་པ་དང་། །གཞན་ཡང་དམ་རྫས་སྣ་ཚོགས་པའོ། །སླག་པ་ཆེན་པོ་གཙོ་བོ་སྟེ། །ཞྭ་དཀར་པོས་ཡང་དབུ་བརྒྱན་ནོ། །འཇིག་རྟེན་གཟུངས་བཞིའི་རིགས་བསྟན་པ། ཁྲ་མདོག་དཀར་ལ་མདོག་བཟང་བ། །སོ་ཚགས་དམ་ལ་སྨིན་དཀྱུས་རིང་། །དཀར་མོ་མིག་གཅིག་ཚུལ་དུ་སྣང་། །བརྩོན་འགྲུས་ཅན་ལ་དྲག་ཤུལ་ཆེ། །རལ་པ་ཅན་ལ་ཧ་རིའི་མིག །ནག་མོ་རལ་པ་ཅན་ལྟར་སྣང་། ཁྲ་མདོག་དམར་ལ་མདངས་སྡུག་པ། །སྨྲ་བ་སྙན་ལ་འགྲོ་བ་སྡུག །དམར་མོ་དབང་སྡུད་ཚུལ་དུ་སྣང་། །སུག་བཞི་རིང་ལ་མཆེ་བ་རྣོ། ཁྲ་མདོག་སྔོ་ལ་བརྟུལ་ཞུགས་ཆེ། །སེར་མོ་ལས་མཁན་ཚུལ་དུ་སྣང་། །ཡུམ་བཞིའི་གཟུངས་དང་ལྡན་བྱས་ཏེ། །ཡུམ་བཞིའི་བསྙེན་པ་སོ་སོར་བགྲང་། །བདག་ཉིད་མན་ངག་སེམས་ལྡན་པས། །བཞི་ཆར་བསྙེན་པ་གཅིག་ཏུ་དྲངས། །བརྟན་དབྱངས་སྙན་པོས་བསྐུལ་བ་ནི། །ཧུ༷་ཤར་གྱི་དཀར་མོ་མིག་གཅིག་མ། །ན་བཟའ་ཚིལ་ཆེན་དུད་པ་ལ། །བྷརྙ་རློན་པའི་དྲིལ་བུས་བརྒྱན། །ལན་ཕྲན་ཞག་གིས་འདྲིལ་བ་ལ། །དུང་གི་མཆེ་བ་གཙིགས་པ་ཡིས། ཁྲར་ཕྱོགས་སྲིད་གསུམ་ཕུར་པས་འདེབས། །དུང་ཆེན་འབར་བའི་ཐོད་གདེངས་ཅན། །ཞག་གི་ལན་ཕྲན་བསགས་པ་ཡིས། །སྟེང་དུ་ཡ་བདུད་བཏུལ་ཞིང་འཆིང་། །བར་དུ་བརྒྱ་བྱིན་ཕུང་བར་བྱེད། །འོག་ཏུ་དམྱལ་ཁམས་སྟོངས་པར་བྱེད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཧུ༷་རི་རབ་གླིང་བཞིའི་ལྷོ་ཕྱོགས་ན། །ནག་མོ་ཆེན་པོ་མཆེ་བ་ཅན། །ན་བཟའ་ཞིང་ལྤགས་གོ་ཟུ་ལ། །བྷརྙ་སྐམ་པའི་དྲིལ་བུས་བརྒྱན། །རྡོ་རྗེའི་ལན་ཕྲན་རིན་ཆེན་བརྒྱན། །ལྕགས་ཀྱི་མཆེ་བ་གཙིགས་པ་ཡིས། །ལྷོ་ཕྱོགས་སྲིད་གསུམ་ཕུར་པས་འདེབས། ་ས་རབ་ཐབས་ཀྱི་ཐོད་གདེངས་ཅན། །དྲི་ཆེན་ལན་ཕྲན་བསིགས་པ་ཡིས། །སྟེང་དུ་མ་ཧྭ་དེ་བ་འཆིང་། །བར་དུ་གཤིན་རྗེ་ཕུང་བར་བྱེད། །འོག་ཏུ་བྱོལ་སོང་སྟོངས་པར་བྱེད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཧུ༷་རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །དམར་མོ་ཆེན་མོ་དབང་སྒྱུར་མ། །ན་བཟའ་རཀྟའི་གོ་ཟུ་ལ། །སྦྲུལ་ནག་འཁྲིགས་པའི་ཆུན་འཕྱངས་ཅན། །པདྨ་རཀྟའི་ལན་ཕྲན་ཅན། །མཆེ་བ་དཀར་པོ་གཙིགས་པ་ཡི། །ནུབ་ཀྱི་སྲིད་གསུམ་ཕུར་པས་འདེབས། །མི་ཁྲག་འབར་བའི་ཐོད་གདེངས་ཅན། །རཀྟའི་ལེན་ཕྲན་བསགས་པ་ཡི། །སྟེང་དུ་ཚངས་པ་ཆེན་པོ་འཆིངས། །བར་དུ་ཀླུ་ཡི་ནད་རིགས་འཇོམས། །འོག་ཏུ་ཡི་དྭགས་སྟོངས་པར་བྱེད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཧུ༷་རི་རབ་གླིང་བཞིའི་བྱང་ཕྱོགས་ན། །སེར་མོ་ཆེན་མོ་ལས་མཁན་མོ། །མཛེས་པའི་ན་བཟའ་ཆེན་མོ་ནི། །མུ༷་ས་རློན་པའི་ཐུལ་པ་ལ། །དྲི་ཆུ་ཁོལ་མའི་ཡ་བས་བསྐོར། །ལེན་ཕྲན་དྲ་ཆུ་འབར་བར་འགྱུར། །གསེར་གྱི་མཆེ་བ་གཙིགས་པ་ཡིས། །བྱང་ཕྱོགས་སྲིད་གསུམ་ཕུར་པས་འདེབས། །བཱང་ས་སྐྲུངས་པའི་ཐོད་གདེངས་ཅན། །དྲི་ཆུའི་ལན་ཕྲན་བསིགས་པ་ཡིས། །སྟེང་དུ་ཚོགས་ཀྱི་བདག་པོ་བཅིངས། །བར་དུ་གནོད་སྦྱིན་ཕུང་བར་བྱེད། །འོག་ཏུ་བགེགསརིགས་སྟོངས་པར་བྱེད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །གླིང་བཞི་གསང་བའིགཟུངསགཅིགམ། །བདུད་རྩི་རྣམ་ལྔ་དབུ་ལ་རྫོགས། །གཡས་ན་གཡང་གཞི་རུ་མཚོན་གྱིས། །ཐམས་ཅད་གནམ་ལྕགས་ཆེན་པོས་འདེབས། །མུ་སྟེགས་ནག་པོའི་སྙིང་འབྱིན་མ། །གཡོན་ན་བྷརྙ་ཁྲག་འཛག་པས། །བུད་མེད་ཐམས་ཅད་དབང་དུ་སྡུད། །རལ་པ་ཅན་གྱི་འཁོར་སྐྱོང་མ། །འབུམ་ཕྲག་ཡངས་པའི་འཁོར་མངའ་ཞིང་། །སྒྲུབ་པ་པོ་ལ་བརྩེར་དགོངས་མ། །འདིར་བྱོན་སྒྲུབ་པའི་རྟགས་ཕྱུང་ཤིག །ཅེས་བསྐུལ་བ་དང་། །ཞག་བཞིའི་ནུབ་མོ་དངོས་གྲུབ་ཀྱི་རྟགས་དང་པོ། །རཀྟ་དང་། ཚིལ་ཆེན་དང་། མཆོག་ག་་པ་བྷརྙ་དང་བཞིའོ། །དགུའི་ནུབ་མོ་བྷསྟོ་པདྨ་རཀྟ་དང་། སྣང་སྲིད་སྦྱོར་བའི་བྱང་ཆུབ་སེམས་ལ་སོགས་པ་བདུད་རྩི་རྣམ་པ་ལྔ་དང་ལྡན་ནས་ཡར་འོང་ངོ་། །དགའ་བ་མ་སྐྱེས་པར་མྱུར་དུ་ལོངས་སྤྱད་དོ། །དེའི་ནུབ་མོ་རྒྱུ་བཞི་ཡང་དེར་བསྒྲལ་ལོ། །བདུན་གྱི་ནུབ་མོ་བཞི་ཆར་སྐུ་མངོན་དུ་སྟོན་པ་ནི་རྒྱན་དང་ཆ་ལུགས་སུ་ལྡན་པ། ཤིན་ཏུ་ཡིད་གཅུགས་པ་དང་ལྡན་པའི་ལྷ་མོ་བཞི་འོང་ངོ་། །བདག་མན་ངག་གི་ཏིང་ངེ་འཛིན་གསལ་བར་བསྒོམ། །སྟེགས་པའི་མདངས་ཕྱུང་སྟེ། གེ་སར་གྱི་རཀྟ་དབང་དུ་སྡུད་ལ། །པདྨའི་ནང་དུ་རྡོ་རྗེ་གསོར་བའི་ཕྱག་རྒྱ་བཅས་ལ། །རིམ་པ་བཞིན་དུ་ཟླ་གམ་འབྱེད་ཅིང་སྦྱོར་བ་འབུལ་ལོ། །དེ་ལྟར་སྦྱར་ཏེ་གོངམབཞིནདུབགྱིའོ། །དེནས་ཕྱི་དེ་ནུབ་མོ། །མཆོག་ཕྲན་ཆས་སུ་སྩལ་བ་བསྒྲལ་བ་དང་། ཁམས་གསུམ་བསྒྲལ་བའི་དངོས་གྲུབ་ཀྱང་དེར་སྟེར་རོ། །འདི་བཞིན་ནི་འགོ་ལ་ཕྲག་དོག་ཆུང་། །དབང་ཆེ་ལ་གསང་བ་དམ་ལ་རུབ་སྟེ། །བསམ་དགུ་ཡིད་བཞིན་དུ་འགྲུབ་པ་ཡིན་པས། །གསང་བའི་དགྱེས་སྡེ་མོར་ལུང་སྩལ་ཏེ་བཞག་གོ །དེ་མན་ཆད་ཅི་བྱ་ཡང་མི་དགོས་ཏེ། །སྦྱོར་བ་ཡང་དུས་སུ་འབུལ་ལོ། །ལས་ཀྱང་ཚུལ་བཞིན་དུ་བྱེད་དོ། །སྒྲུབ་པ་ལ་འཇུག་པའི་ཚུལ་ནི་གོང་མ་དང་འདྲའོ། །འདི་ནི་ཐུགས་ཀྱི་དགྱེས་སྡེ་མོ་གསང་བའི་ཡང་ཕྱི་མོ་བཞིའི་སྒྲུབ་ཐབས་སོ། །འདི་ཡན་ཆད་ཀྱི་མ་མོ་གྲུབ་ན། ཚེ་འདིའི་ཡོན་ཏན་གྱིས་ལྟ་ཅི་སྨོས། ཕུང་པོ་འཇིག་པའི་དུས་སུ་ཡང་། གླུ་དབྱངས་དང་རོལ་མོ་ལ་སོགས་པ་འོད་དང་རྟགས་མང་པོས་བསུ་ནས། བདེ་བ་ཅན་གྱི་གནས་སུ་སྒྲུབ་མི་དགོས་པར་སྐྱེལ་ལོ། །འདི་ཡན་ཆད་ཀྱི་མ་མོ་གྲུབ་ན། འདི་མན་ཆད་ཀྱི་མ་མོ་ཐམས་ཅད་རང་བཞིན་གྲུབ་པས་འོག་མ་ལྷག་པར་སྒྲུབ་མི་དགོས་སོ། །འདི་ནི་མ་མོའི་གཙོ་མོ་རྣམས་ཀྱི་སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་མ་བདུན་སྒྲུབ་པར་འདོད་ན། གནས་དུར་ཁྲོད་དུ་སོང་ལ། ཡུམ་རྡོ་རྗེ་རིགས་ཀྱི་མཚན་དང་ལྡན་པ་གསུམ། དབང་རྫོགས་པའི་སློབ་དཔོན་གཉིས་དང་གིང་གཅིག་གིས་བསྒྲུབ་སྟེ།བྷསྟོ་མཚན་དང་ལྡན་པ་སྐམ་པོ་བདུན་གྱི་གསུམ་དུ་བདུད་རྩི་རྣམ་པ་ལྔ་མ་བསྒྲུབ་པའི་སྐམ་པོ་སྩལ། གསུམ་དུ་འཇིག་རྟེན་གྱི་སྨན་སྣ་ཚོགས་པ་སྩལ། གཅིག་ཏུ་བྱང་ཆུབ་ཀྱི་སེམས་དང་རཀྟ་ཉིད་ཚེ་སྩལ། བྷརྙ་རིན་༄༅ པོ་ཆེ་མཚན་དང་ལྡན་པ་གཅིག་ཏུ་བདུད་རྩི་ཨ་མྲི་ཏ་སྩལ། ཤེལ་ལྡིང་དཀར་ནག་གསུམ་ཙ་ར་ནག་པོ་གསུམ། ཤེལ་དཀར་པོ་གཅིག །ཀུ་ཀུ་ར་དཀར་པོ་གཅིག ནམ་མཁའ་ལྡིང་གཅིག །མཆོག་ཆེན་གྱི་སྨན་པ་མ་སྦྲམ་པོ་གཅིག །ཆས་གོས་ཐམས་ཅད་ནག་པོར་བསྒྱུར་ཏེ། གསུར་ཆེན་དུད་པ་རྒྱུན་མི་གཅད་པ་ཕྱུང་ལ། འཛབ་དྲང་བ་དང་། ཞག་བདུན་ན་སྒྲ་ཆེན་པོ་འབྱུང་། དེར་རྒྱུ་ཟུང་གཅིག་བསྒྲལ་ལ་མཆོད་པ་བྱ། མའི་ཚུལ་དུ་བསྙེན། ཞག་དགུ་ན་མི་སྡུག་པའི་ཆོ་འཕྲུལ་སྣ་ཚོགས་འོང་། དེར་ཟུང་གཅིག་བསྒྲལ། ཞག་བཅུ་གཉིས་ན་ཉིན་མཚན་འབྱུང་སྟེ། དེར་ཟུང་གཅིག་བསྒྲལ། སྲིང་མོའི་ཚུལ་དུ་བརྟེན། བཅོ་ལྔ་ལ་མ་མོ་བདུན་ཆར་མངོན་དུ་ཕྱུང་བདག་དམ་མ་ཉམས་ན་མཛེས་པ་དང་ལྡན་པར་འོང་། ཉམས་ན་ནག་མོ་རལ་པ་ཅན་མེས་ཚིག་ཚིག་བྱེད་པ། མཆེ་བ་དམར་ཙར་རེ་འདུག་པར་འོང་སྟེ། བདག་མན་ངག་གི་ཏིང་ངེ་འཛིན་གསལ་ན་དབང་དུ་བསྡུ། མི་གསལ་ན་བཟོད་པར་གསོལ་ཏེ། བསྐང་བར་བྱ། མན་ངག་དང་ལྡན་ན་དང་པོ་མི་སྡུག་པ་ལས་ཀྱང་སྡུག་པའོ། །དང་པོ་ནས་སྡུག་ན་པདྨ་དབང་དུ་བསྡུས་ལ། ང་རྒྱལ་བསྐྱེད་དེ། སྲུ་མོའི་ཚུལ་དུ་བསྟེན་ནོ། །དེར་ཕྱག་འཚལ་ཞིང་འོ་ན་དཔོན་ཟེར་ཞིང་འོ་བྱེད་དོ། །དེ་ནས་པདྨའི་རཀྟ་ཧུ༷་གིས་རྔུབས་པ་དང་། རྒྱན་བོར་ཏེ་གཟུངས་མ་གསུམ་དང་བཅུར་བྱས་ཏེ། མེལ་ཚེ་ཐུན་རེ་ལ་གཉིས་གཉིས་ཀྱིས་སྦྱོར་བ་འབུལ། སྣ་ལ་གཙོ་མོ་དང་སྦྱོར། དེ་ནས་འཁོར་དང་སྦྱར་རོ། །དེ་ནས་ཡོ་བྱད་སྣ་ཚོགས་དང་། སྦྱོར་བའི་བྱང་ཆུབ་སེམས་གཉིས་གཉིས་ཀྱིས་འདོད་པ་བཞིན་དུ་དམ་བསྲེས་ཏེ། ང་ཡི་བརྣག་པའི་ལས་རྣམས་ཀུན། །བཀའ་ཡང་སྒྲུབ་ཅེས་ཕོ་བྲང་སླས། །བྲན་མོ་ཡིན་པས་མནའ་མ་ཟ། །ཞེས་ལུང་སྩལ་ལོ། །དེ་ཕྱིན་ཆད་བྲན་མོ་བཞིན་དུ་ལས་བྱེད་དོ། །ད་ནི་སྦས་པའི་མ་བཞི་བསྒྲུབ་པར་བྱ་སྟེ། ཡོ་བྱད་གོང་མ་ཀུན་གྱི་སྟེང་དུ། ཞིང་གི་གཡང་གཞི། ཞིང་གི་རྒྱུ་ཞགས་སྲིད་པ་སྤྱི་བླུགས་ཀྱི་ཞྭ་རལ་པ་ཅན། དུང་ཆེན་དང་། བྱེ་རུ་དང་། གསེར་གཡུས་བརྒྱན་པ། ཞིང་ཆེན་གྱི་རྫ་རྔ་ཐོགས་ཏེ་བསྒྲུབས་པ་དང་། རྟགས་གོང་མ་དང་མཐུན། སྒྲུབ་པའི་ཐབས་གོང་མ་དང་ཚུལ་གཅིག །ཡོན་ཏན་ནི་མ་བདུན་མན་ཆད་ཀུན་འཁོལ་ལོ། །དེས་བསམ་པ་འགྲུབ། ལྷུར་ཡང་དགྲ་ལ་རྦད་པ་བཟང་ངོ་། །ད་ནི་ཨེ་ཀ་ཙ་ཏི་བསྒྲུབ་པར་བྱ་སྟེ། སྟེགས་བུ་གྲུ་བཞི་པ་གཅིག་གི་སྟེང་དུ། གྲ་ཕྱིང་གཙང་མ་གཅིག་བཏིང་ལ། དམ་རྫས་རྣམ་པ་སྣ་ཚོགས་པའི་དམར་གཏོར་གཅིག་གི་ནང་དུ། །སྨན་ལྷི་ཧ༷་སྩལ། དར་དམར་པོ་ཁ་གཅིག་གིས་བཅད་ལ་ཁ་ནུབ་ཕྱོགས་སུ་བལྟས་ཏེ། ཞག་བདུན་དུ་བསྙེན་པ་བགྱིས་ལ། ཡུམ་མཚན་དང་ལྡན་པ་ལ་དབབ་པོ། །བསྐུལ་བ་ནི། ཧུ༷་སྲིད་པའི་བྱན་མོ་གཡར་དམ་ཅན། །སྐྱེ་འགྲོ་རལ་གཅིག་འཇིག་རྟེན་སྒྲོལ། །མི་གནས་ཁྲག་འཐོར་སྟོང་ཁམས་བསྲེག །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །མ་བྱུང་པ་ཡི་དུས་མཐའ་ནས། །འཇིག་རྟེན་ལས་ཀྱི་དབང་བསྒྱུར་ཏེ། །སེམས་ཅན་དོན་ལ་རབ་ཏུ་བརྩོན། །སྙིང་རྗེ་བྱམས་པའི་དཀྱིལ་འཁོར་དུ། །བརྩེ་བའི་ཤུགས་ཀྱིས་གཤེགས་སུ་གསོལ། །ཞེས་བསྐུལ་བ་དང་། ཡུམ་མཚན་དང་ལྡན་པ་ལ་ཕབ་སྟེ་དྲིས་ན། སྣང་སྲིད་ཀྱི་གཏམ་སྨྲའོ། །ད་ནི་མ་མོ་སྤུན་གཉིས་སྒྲུབ་པ་བསྟན་ཏེ། ཧུ༷་མ་མོ་ཆེན་མོ་ཡལ་གམ་ཅན། །ནམ་མཁའི་དབྱིངས་ཀྱི་དཔལ་མོ་བཙན། །གནམ་ཕྱེད་གོས་སུ་གོན་པ་མོ། །ས་ཕྱེད་གདན་དུ་བཏིང་བའི་བདག །འཁོར་ནི་གནམ་སྨན་འབུམ་གྱིས་བསྐོར། །ཆིབས་སུ་གསེར་གྱི་ཤ་བ་ཆིབས། །མགོ་ལ་གཡུ་ཡི་རྭ་བཅུ་འབར། །ཕྱག་ན་གསེར་གྱི་དྲིལ་ཞགས་བསྣམས། །བདུད་དང་མུ་སྟེགས་དབང་དུ་སྡུད། །ཆེ་ཞེས་སྲིང་གཅིག་མ་གཡེལ་ཞིག །ད་ནི་ནུ་མོ་ཆུང་ངུ་བསྐུལ་ལོ། །ཧུ༷་མ་མོ་ཆེན་མོ་ཡལ་གམ་ཅན། །དུན་ཏིང་གཡུ་ཡི་གོ་ལྕོག་ལ། །གསེར་དང་གཡུ་ཡི་ཅོད་པཎ་ཅན། །གཡུ་ཡི་དྲིལ་ཞགས་འབུམ་གྱིས་བརྒྱན། །ཆིབས་སུ་དུང་ཤ་དཀར་པོ་བཅིབས། །ཁས་བླངས་དམ་བཅའ་བསྙེལ་ལམ་ཅི། །བསྐུལ་ལོ་མ་བཞེངས་ད་ཚུལ་བྱོན། །གསེར་སྐྱེམས་གར་བུ་དེ་ཡི་རྟེན། །བྱེས་ཡུལ་གར་འགྲོ་ཡང་བསམ་པ་འགྲུབ་པོ། །ཧུ༷་ཧེ་དུན་ཏེ་ཧུ༷། འདི་གསུམ་ནང་དུ་མི་བསྟེན་བཅོས་དཀའ། །མ་མོ་ཕྱི་མ་རྣམས་ནི་ཞལ་ནས་གསུངས་པའི་སྒྲུབ་ཐབ་ཡོད་ན་ཕྲག་དོག་ཆེ་ལ་བཅོས་དཀའ་སྟེ། བློ་ཆུང་རྣམས་ཀྱི་དོན་དུ་མི་རུང་སྟེ་འདིར་མ་གསུངས་སོ། །སྒྲུབ་ཐབས་ཐ་མའི་ལེའུ་སྟེ་བཅུ་གསུམ་པའོ།། །།ད་ནི་མ་མོ་དབང་དུ་སྡུད་པའི་ལེའུ་འཆད་དེ། གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཡེ་ཤེས་རང་བཞིན་སྨན་མོ་རྣམས། །རྟོགས་པས་ཇི་ལྟར་དབང་དུ་བསྡུ། །མན་ངག་ངེས་བསྟན་ཇི་ལྟར་ལགས། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཡུལདངདངས་མ་རྩ་རྣམས་ལས། །རིགས་ཀྱི་མ་མོ་ལ་སོགས་ཏེ། །གུ་རྒྱ་གསང་བའི་ཡུམ་བཞི་དང་། །རྐྱེན་གྱི་མ་སྲིང་བསྒོམ་པར་བྱ། །དེས་ནི་མ་མོ་དབང་དུ་སྡུད། །དབང་དུ་སྡུད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་དབང་ཆེན་འདི་རྣམས་ཀུན། །སྲོག་ཆགས་ཀུན་ལ་གནོད་བགྱིད་པས། །བསྐང་བའི་ཆོ་ག་ཇི་ལྟར་ལགས། །འཇིག་རྟེན་མགོན་ལ་བདག་མཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །འཇིག་རྟེན་མགོན་གྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ཡང་དག་པ། །སརྦ་རྭ་པས་ཐམས་ཅད་བསྐང་། །བསྐང་བཟློགཆེནཔོའིལསཞེས་བྱ། །མ་ཧྭ་ཤན་ཏི་མི་གཡོ་རྫོགས། །ཞིརྒྱསཆེནཔོའིལསཞེས་བྱ། །ངས་གསུངས་པ་ལ་གདོན་མི་ཟ། །དེ་ལ་སརྦ་རྭ་པའི་ཐབས་གཉིས་ཏེ། ། ་ཚོགས་པ་ཡི་འབྲུ་སྣ་ལ། །ངར་ཕྱེ་བྲེ་གང་བཏག་ནས་སུ། །སྣང་སྲིད་གཟུགས་སུ་བྱས་ནས་ནི། །དཔའ་བོ་འབྲུ་ལྔའི་བྱིན་རླབས་ཀྱིས། །རྣམ་ཤེས་ཚང་བར་བསྒོམ་བྱས་ཏེ། །སྣ་ཚོགས་སྤྱན་གཟིགས་དཀོར་ཆས་བརྒྱན། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ལུས་ངག་གླུད་དུ་བསྔོས་བྱིན་ཏེ། །ཚེ་དཔལ་ཕོ་ཉས་བཀུག་བྱེད་པ། །དེ་ནི་ཕྱི་ཡི་ཆོ་ག་ཡིན། །ལྷུ་མ་སརྦ་རྭ་པ་ནི། །ཉི་ཤུ་རྩ་གཅིག་འབྲུ་སྣ་ལ། །ངར་ཕྱེ་བྲེ་གསུམ་བཅལ་ནས་ནི། །རིན་ཆེན་སྣ་ཚོགས་ཕྱེ་བདར་ཏེ། །སུམ་ཆ་གཅིག་ལ་རི་རབ་གཟུགས། །རིགས་སུ་མཐུན་པའི་ཁ་དོག་བྱ། །དེ་ནས་ངར་ཕྱེ་གསུམ་ཆ་ལ། །གཅན་གཟན་རྒྱལ་པོ་དྲུག་གི་གཟུགས། །དཀར་ལ་མཛེས་དང་ལྡན་པར་བྱ། །རྩལ་གྱི་རྒྱལ་པོ་དྲུག་པོ་ལ། །མཛེས་ལྡན་གཡེང་གྱི་རྒྱན་གྱིས་བརྒྱན། །སྲོག་ཆགས་གཙོ་བོ་དྲུག་པོ་ཤོན། ཁུགས་ཀྱི་རྒྱལ་པོ་དྲུག་པོ་ལ། །ཁ་དོག་ལྡན་ཞིང་རྒྱན་ཆས་བརྒྱན། །འདོད་ཆགས་གཙོ་བོ་དྲུག་པོ་ཤོན། །འདོད་ཆགས་གཙོ་བོ་དྲུག་པོ་ལ། །སྣ་ཚོགས་རྒྱན་གྱིས་བརྒྱན་པའོ། །སེམས་ཅན་རྒྱལ་པོ་དེ་དག་ཀུན། །སྤྱན་གཟིགས་དཀོར་ཆས་ཡང་དག་ལྡན། །རི་རབ་བར་རིམ་དང་པོ་ལའོ། །གཙོ་མོ་དྲུག་ལ་དབུལ་བར་བྱའོ། །དེ་ནས་ངར་ཕྱེ་སུམ་ཆ་ལ། །གླང་ཆེན་གཟུགས་ནི་བཅུ་བཞི་དང་། །སྟག་གཟིགས་ལ་སོགས་བཅུ་བཞི་དང་། །མདངས་ལྡན་བྱ་ཡི་གཟུགས་ཅན་དང་། །འདབ་ཆགས་རྒྱལ་པོ་བཅུ་བཞི་དང་། །དཀར་མོ་ཀུ་ཀུ་ར་ཙའི་གཟུགས། །སྲོག་ཆགས་གཟུགས་ནི་དེ་དག་ཀུན། །རི་རབ་བང་རིམ་བར་མ་ལའོ། །མ་མོ་བཅུ་བཞིའི་རྫས་ཡིན་ནོ། ཁྱི་ནས་ངར་ཕྱེ་སུམ་ཆ་ལ། །སྣང་སྲིད་སེམས་ཅན་ཀུཟུགས་སུ་བྱས། །སྣ་ཚོགས་ཁ་དོག་ཡང་དག་ལྔན། །རི་རབ་བང་རིམ་ཐ་མར་བཞག །སྣ་ཚོགས་ཟས་དང་གོས་སུ་ལྡན། །སྲིད་པ་ཆགས་བྱེད་ལ་སོགས་ཏེ། །སྨན་མར་གྲགས་པ་ཀུན་གྱི་རྫས། །རི་རབ་བུམ་པའི་རྩེ་མ་ལ། །སྣ་ཚོགས་དར་གྱི་རྒྱལ་མཚན་ལྔ། །གྲུ་བོཞི་དབུས་དང་ལྔ་ལའོ། །དཀྱིལ་དུ་དམརི་པོ་དར་གྱི་གདུགས། །གསེར་སྐྱེམས་ཕྲ་མན་སྐྱོགས་ལྔ་སྟེ། །དབུས་སུ་བསྲེ་ཡི་བྱའོ་གང་། །སྟེགས་བུ་གྲུ་བཞི་དྲི་ཞིམ་ལྡན། །རཀྟ་ཛ་གད་མཎྜལ། །སྣ་ཚོགས་མེ་ཏོག་གཅལ་བཀྲམ་སྟེ། །དེ་ཡི་སྟེང་དུ་གཏོར་མ་བཞག །དེ་ལས་པགས་པའི་མཎྜལ་ལ། །རྫས་དང་ལྡན་པའི་དམར་གཏོར་བཤམ། །དབུས་སུ་དཔལ་གྱི་མཚན་པ་ལ། །མདའ་དང་དར་སྣ་རྒྱུ་ཞགས་ལྡན། །ཕུད་དང་རཀྟ་སྨན་སྦྱར་བའོ། །སྔགས་མཁན་ཆས་སུ་བྱ་བ་ནི། །དམར་པོ་ནག་པོ་སྔོན་པོ་གཟུང་། །ཞག་གསུམ་བསྙེན་པ་བྱས་ནས་ནི། །བླ་མེད་ཏིང་འཛིན་གསལ་བར་བྱ། །ཡང་ན་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་མཐིང་ནག་རལ་པ་ཅན། །དབུ་གསུམ་པ་ལ་ཕྱག་ཀྱང་དྲུག །དབུས་མཐིང་གཡས་དཀར་གཡོན་དམར་ཏེ། །གཡས་ཀྱི་དང་པོ་རྡོ་རྗེ་ལ། །བར་མ་ཞིང་གི་དབྱུག་པ་ལ། །ཐ་མ་སྦྲུལ་གྱི་ཞགས་པ་ཡིས། །ཁམས་གསུམ་མ་མོ་དབང་དུ་སྡུད། །གཡོན་གྱི་དང་པོ་བྷརྙ་ལ། །བར་མ་ཞིང་གི་གཡབ་མོ་ལས མ་མོ་ཐམས་ཅད་འགུགས་འདྲེན་པའོ། །ཐ་མ་དུང་ཆེན་གའུ་ལ། །གནམ་ལྕགས་གཟེར་གྱིས་གདམས་པ་ཡིས། །མི་ཕྱུགས་གཉིས་ཀའི་ཚེ་དང་གཡང་། །ཡི་གེ་ཧུ༷་དུ་སྡུད་པ་སྟེ། །ཡུམ་ཡང་དུག་གསུམ་དབང་སྡུད་མ། །རྒྱན་དང་ཆ་ལུགས་གཙོ་དང་འདྲ། །གཉིས་སུ་མེད་པར་མཆོད་པ་འབུལ། །དཔལ་ཆེ་མཆོག་ཧེ་རུ་ཀ་དང་དབང་མཆོག་ཧེ་རུ་ཀ་ཡབ་ཡུམ་འདུད་པའི་མཆོད་པ་འབུལ་བར་བསམ་ལ། ཕྲ་མེན་ཡན་ཆད་འཁོར་དུ་བཞག་པའི་བསྙེན་པ་ནི། ཧུ༷་ཤི་ཧེ་རུ་ཀ་ཀྲོ་ཏི་ཤཱ་རྡི་སྟུ༷། ཧ་ཧེ་ཕཊ། མ་མ་ཡོ་གི་ནི་རུ་ལུ་རུ་ལུ་སྦྱོ། ཞག་གསུམ་བར་དུ་འབུམ་བཟླས་ཤིང་། །དེ་ནས་བསྐང་བཟློག་གཏོར་མ་གཏང་། །གོང་དུ་ལྤགས་པའི་དམར་གཏོར་ལ། །ཆེ་མཆོག་ཧེ་རུ་ལ་སོགས་པ། །དཔལ་གྱི་འཁོར་ཚོགས་མཆོག་ཏུ་མཆོད། །ཧྭ༷་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །དཀར་ནག་དམར་པའི་ཞལ་མངའ་བ། །ཕྱག་དྲུག་ཕྱག་ཆས་སྐྱེ་ཤི་སྒྲོལ། །སྦྲུལ་ཆེན་ཞགས་པས་མ་ཚོགས་བཀུག །གཡང་གཞི་གཡང་རྨོས་ཐམས་ཅད་འདུལ། །དུག་གསུམ་དབང་དུ་སྡུད་པའོ། །ཡུམ་དང་གཉིས་སུ་མེད་པ་སྟེ། །ཁྲོ་བོའི་ཚོགས་ཀྱིས་མཆོད་པ་སྟེ། །ཐུགས་རྗེས་དབྱིངས་ནས་རོལ་པར་མཛོད། །ཅེས་བསྟོད་པ་ལ་སོགས་པ་དང་དཔལ་གྱི་ཚོགས་གཞུདབཞིནམཆོད། །བཤགས་སྦྱངས་བགྱིས་ནས་ཕྲིན་ལས་བཅོལ་ལོ། །དེ་ནས་མ་མོ་རྣམས་ཀྱི་སྲོག་གི་སྙིང་པོ་བསྡུས་ཏེ། །ཨ་མྲི་ཏ་ལ་བདེན་པ་བདར། བདག་ཉིད་ཆེ་བའི་ང་རྒྱལ་བསྐྱེད། །ཧུ༷་ང་ནི་ཁྲག་འཐུང་ཆེན་པོ་སྟེ། །ཁམས་གསུམ་སྙིང་ཁྲག་ཀུན་གྱི་བདག །ང་ནི་རུས་འཆའ་ཆེན་པོ་སྟེ། །ཁམས་གསུམ་ཀེང་རུས་དུར་ཁྲོད་བདག །ང་ནི་ཤ་ཟ་ཆེན་མོ་སྟེ། ཁམས་གསུམ་མུ༷་ས་ཀུན་གྱི་བདག །ང་ནི་སྐྱེ་འགྲོ་དབུགས་ཀྱི་བདག །ང་ནི་སྐྱེ་འགྲོའི་བཀྲག་གི་བདག །མ་མོ་ཀུན་གྱི་རེ་གནས་ཡིན། །མ་ཚོགས་བསྐང་བཟློག་གཏོར་མ་ལོང་། །ཚེ་དང་དབང་ཐང་མངོན་པར་སྤེལ། །སྤོས་རྒོད་དུད་པ་བཏང་ནས་ཀྱང་། །གཏོར་མ་བསྔོ་བ་འདི་སྐད་དོ། །ཧུ༷་མ་ཚོགས་ནི་གཉན་མཆོད་ཕྱིར། །འབྲུ་སྣ་ནི་མང་པོ་དང་། །རིན་ཆེན་ནི་སྣ་ཚོགས་ལས། །གླིང་བཞི་ཡི་གཏོར་མ་ལ། །སྲོག་ཆགས་ནི་མང་པོས་བསྐོར། །ཀུན་ཀྱང་ནི་རིན་པོ་ཆེའི། །རྒྱན་དང་ནི་ཆ་ལུགས་ལྡན། །འཇིག་རྟེན་ནི་ཟས་ཀྱིས་བསྐོར། །དགོན་པ་ཡི་རྫས་ཀྱི་བརྒྱན། །མུ་མེན་གྱི་སྟེགས་བུ་ལ། །རིན་ཆེན་ནི་གཅལ་བཀྲམ་སྟེ། །བྱི་རུ་ཡི་སྐས་བཙུགས་ནས། །སྤོས་ཀྱི་ནི་ས་གཞི་ལ། །དབང་གི་ནི་དཀྱིལ་འཁོར་ལྡན། །དར་དཀར་གྱི་ཡོལ་བྲེས་ནས། །གསལ་བ་ཡི་མེ་བུས་ནས། །རྒྱལ་མཚན་ནི་སྣ་ཚོགས་བཙུགས། །ལེ་བརྒན་ནི་གདུགས་ཀྱིས་བཀབ། །དུད་པ་ནི་གཉན་ཕྱུང་ཞིང་། །གསེར་གྱི་ནི་སྐྱེམས་བལྟམས་ཏེ། །ཚེ་སྲོག་གི་སྐྱིན་དུ་འབུལ། །ཆུས་སྲིད་ཀྱི་གླུད་དུ་འབུལ། །ལོངས་སྤྱོད་ཀྱི་སྐྱིན་དུ་འབུལ། །འདིར་བྱོན་ནི་གླུད་བཞེས་ཤིག །ཧུ༷་རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །འཇིག་རྟེན་ཡོངས་ཀྱི་མངའ་བདག་མོ། །མ་མོའི་ཚོགས་ཀྱི་རྒྱལ་མོ་སྟེ། །སྲིད་གསུམ་ཡོངས་ལ་མངའ་མཛད་མོ། །སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མ། །ན་བཟའ་སྟོང་གསུམ་གཡང་གཞི་ལ། །ཐོད་རློན་མང་པོའི་ཕྲེང་བ་ཅན། །ལག་ན་སྙིང་གི་ལོངས་སྤྱོད་མོ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་བཞེས་ཤིག །རྡོ་རྗེ་རིགས་ཀྱི་རྒྱལ་མོ་སྟེ། ཁྲར་ཕྱོགས་ཁམས་ཀྱི་མངའ་བདག་མོ། །དཀར་མོ་སྤྲིན་ཆེན་གོ་ཟུ་ལ། །ལག་ན་གསེར་གྱི་སྤུ་གྲི་ཐོགས། །སྲིད་པ་གསུམ་གྱི་རུས་འཆའ་མ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་བཞེས་ཤིག །ཧུ༷་རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ། །ལྷོ་ཕྱོགས་ས་ཁམས་མངའ་བདག་མོ། །ནག་མོ་གཡུ་ཡི་གོ་ཟུ་ཅན། །བསྐལ་པ་མེ་ཡི་འོད་འབར་ཞིང་། །ཕྱག་ན་མེ་ཡི་དཀྱིལ་འཁོར་ཐོགས། །སྲིད་པ་གསུམ་གྱི་དྲོད་འབེབས་ཏེ། །སྐྱེ་འགྲོ་ཀུན་གྱི་ཚེ་འཕྲོག་མ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་བཞེས་ཤིག །ཧུ༷་པདྨ་རིགས་ཀྱི་རྒྱལ་མོ་སྟེ། །ནུབ་ཕྱོགས་ཁམས་ཀྱི་མངའ་བདག་མོ། །དམར་པོ་ཁྲག་གི་གོ་ཟུལ། །ལག་ན་ཐོད་པ་ཁྲག་གིས་བཀང་། །སྐྱེ་འགྲོ་ཀུན་གྱི་ཁྲག་འཐུང་མ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ཞེས་ཤིག །ཧུ༷་ལས་ཀྱི་རིགས་ཀྱི་རྒྱལ་མོ་སྟེ། །བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ། །ལག་ན་ནེའུ་ལེའི་རྐྱལ་པ་ཐོགས། །སེར་པོ་རླུད་གི་གོ་ཟུ་ཅན། །སྐྱེ་འགྲོ་ཀུན་གྱི་དབུགས་འཕྲོག་མ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་བཞེས་ཤིག །ཧུ༷་ནམ་མཁའི་རིགས་ཀྱི་རྒྱལ་མོ་སྟེ། །འཇིག་རྟེན་ཡོངས་ཀྱི་མངའ་བདག་མོ། །མཐིང་ནག་ནམ་མཁའི་གོ་ཟུ་ཅན། །གསེར་གྱི་དྲེལ་ཞགས་བསྡོག་ཅིང་འཕེན། །སྐྱེ་འགྲོ་ཀུན་གྱི་བཀྲག་འཕྲོག་མ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་བཞེས་ཤིག །ཧུ༷་རི་རབ་གླིང་བཞིའི་ཟོམ་རྩེ་ནས། །སྣང་སྲིད་སྲོག་གི་ཕུང་སོགས་བདག །སྐུ་མདོག་མཐིང་ག་ཆེན་མོ་ལ། །དབུ་དང་སྤྱན་ནི་ཅིར་ཡང་སྟོན། །རིན་ཆེན་རལ་པ་སྣ་ཚོགས་ཀྱིས། །སྣང་སྲིད་ཁ་དོག་གསལ་མཛད་མ། །སྤྱན་གཉིས་མཛེས་པའི་མཆི་མ་ཡིས། །གཡས་པས་སྣང་སྲིད་དབང་དུ་སྡུད། །གཡོན་པས་སྐྱེ་འགྲོའི་གསོས་མཛད་མ། །ལྔ་བཅུ་རྩ་བདུན་རྗེ་མོ་སྟེ། །སྐྱེ་འགྲོ་ཀུན་གྱི་མངའ་མཛད་མ། །མ་མོ་ཆེན་མོ་གཤེགས་ནས་ཀྱང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆེ་ཞེས་ཆེན་མོ་དཀར་མོ་སྟེ། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ། །སྙིང་གི་ཞགས་པ་བསྔོག་ཅིང་འཕེན། །སྤྲུལ པ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆེ་ཞེས་དཀར་མོ་ཉི་མའི་མདངས། །སྲིད་པ་གསུམ་ཆར་སྒྲོལ་མཛད་མ། །ལག་ན་ཤེལ་གྱི་སྤུ་གྲི་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆེ་ཞེས་ནག་མོ་ཁྲག་འཐུང་མ། །སྲིད་པ་གསུམ་ཆར་དབང་དུ་སྡུད། །ལག་ན་ཐོད་པ་ཁྲག་གིས་བཀང་། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆེ་ཞེས་དམར་མོ་བདུད་རྩིའི་བདག །སྲིད་པ་གསུམ་གྱི་གསོས་མཛད་མ། །ལག་ན་བདུད་རྩིའི་བུམ་པ་བསྣམས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཞིག །གླུད་བདག་ཆེན་མོ་གླུདབཞེས་ཤིག །ཧྭ༷་ཆེ་ཞེས་ལྗང་ནག་གནས་ཉུལ་མ། །སྲིད་པ་གསུམ་ཆར་གསང་བར་སྒོར། །ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཚེན་་ ༑་གླུད་བཞེས་ཞིག །ཧཱུཾ་མཚན་ནི་སྲིད་པ་རྒྱན་བྱེད་མ། །ལག་ན་སྐྲ་ཡོ་ཞགས་པ་ཐོགས། །ཕུང་བྱེད་ནག་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་་མརྡོས་བཞེས་ཤིག །གླུད་བདག་མོ་ཆེན་མོ་གླུད་བཞེས་ཤིག །ཧུ༷་མཚན་ནི་དབྱིངས་ཕྱུག་ཆེན་མོ་སྟེ། །ལག་ན་མི་ཡི་དབྱུག་པ་ཐོགས། །ཕུང་བྱེད་ནག་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་མཚན་ནི་གཅིག་པུ་ཆེན་མོ་སྟེ། །ལག་ན་མི་ཡི་གཡང་གཞི་རྡེབས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་གླིང་བཞི་མགྱོགས་མའི་དཀྱིལ་འཁོར་ནས། །སྲིད་པ་ཤར་གྱི་མངའ་བདག་མོ། །དཀར་མོ་ཆེན་མོ་མིག་གཅིག་མོ། །ལག་ན་བྷ་་ཟླུམ་པོ་ཐོགས། །སྐྱེ་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་སྲིད་པ་ལྷོ་ཡི་མངའ་བདག་མོ། །ནག་མོ་ཆེན་པོ་མཆེ་བ་ཅན། །ལག་ན་བྷསྟོ་སུལ་མང་ཐོགས། །སྲིད་པར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་སྲིད་པ་ནུབ་ཀྱི་མངའ་བདག་མོ། །དམར་མོ་དབང་གི་རྒྱལ་མོ་ལ། །ལག་ན་བྷརྙ་ལྕང་ལོ་ཅན། །འཆིང་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་སྲིད་པ་བྱང་གི་མངའ་བདག་མོ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །ལག་ན་བྷརྙ་རྒྱ་གྲམ་ཐོགས། །ལེན་པར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ད་དེའི་ཁོལ་མོ་ལ་བསྔོ་བར་བྱ་སྟེ། །ཧུ༷་སྲིད་པ་ཡོངས་ཀྱི་ཟ་བ་མོ། ཁྲན་ཤན་ནེའུ་ལེ་ཚོགས་ཀྱི་རྗེ། །གོས་སུ་མི་ལྤགས་རློན་པ་གྱོན། །མཐའ་མ་མི་མགོ་སྟེང་གིས་བསྐོར། །སྲིད་པ་ཀུན་གྱི་བདག་ཉིད་མ། །ཟངས་སྐོངས་ན་ཚའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག ཁུ༷་ཧ་ལ་ཧ་ལའི་གདོང་བརྒྱ་མོ། །སྲིད་པ་ཀུན་གྱི་ཁྱིམ་བདག་མོ། །སྟག་ལྤགས་གཡང་གཞི་གོས་སུ་རྒྱན། །ཧེ་རུ་ཀ་སྣིའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་འཇིག་རྟེན་ཀུན་གྱི་བྱན་མཁན་མོ། །སྤྲིན་དཀར་མཛེས་པའི་གོ་ཟུ་ཅན། །ལག་ན་མི་ཡི་པགས་པ་ཐོགས། །ཨེ་ཀ་ཙ་ཏི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆ་ཕྱེད་སྔོན་མོ་ཆེན་མོ་ལ། །མུ་ཏིག་ཁུ་འཕང་གོ་ཟུ་ལ། །ཚེ་དང་གཡང་ལ་སྐུ་འཕྲོག་བྱེད། །ནམ་མཁའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆ་བྱེད་ཆེན་མོ་དཀར་མོ་ལ། །ལག་ན་ལྕགས་ཀྱུ་འབར་བ་ཐོགས། །གླིང་བཞི་ཉུལ་བྱེད་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་རི་རབ་གླིང་བཞིའི་གྲུ་འདེགས་མ། །ཆ་བྱེད་དཀར་མོ་སྒེགས་ལ། །ལག་ན་རྡོ་རྗེ་ཁ་ཊ༷་ཐགས། །ཧར་ཏིང་དཀར་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆ་བྱད་ནག་མོ་སྒེག་མ་ལ། །ལག་ན་མེ་ཡི་འཁོར་ལོ་ཐོགས། །དུན་ཏིང་ནག་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆ་བྱད་དམར་མོ་སྒེག་མ་ལ། །ལག་ན་ཆུ་ཡི་འཁོར་ལོ་ཐོགས། ཁྲན་ཏིང་དམར་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ཆ་བྱེད་སེར་མོ་སྒེག་མ་ལ། །ལག་ན་རླུད་གི་འཁོར་ལོ་ཐོགས། །གྲུབ་ཏིང་སེར་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་དམག་གི་རྒྱལ་མོ་ཆེན་མོ་སྟེ། །རིགས་བཞི་དམག་དཔུང་འཁོར་གྱིས་བསྐོར། །ཁ་རྗེ་ཟ་ཁའི་བདག་མོ་སྟེ། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་དངོས་པོ་ཆ་བྱེད་ནག་མོ་ལ། །འཇིགས་སུ་རུང་བའི་རལ་པ་ཅན། །སྐུ་སྟོད་སྟག་ལྤགས་གཡང་གཞི་ལ། །སྐུ་སྨད་ཟངས་ཀྱི་ཞབས་མ་ཅན། །མི་ཕྱུགས་གསོད་པའི་ཁྲམ་བམ་ཐོགས། །ཁྱོད་ནི་འདོད་ཁམས་གཙོམོསྟེ། །གཤིནརྗེམཆེན་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་ལྟ་ཆེན་བརྒྱད་ཀྱི་མ་ཆེན་མོ། །སྲིན་པོ་ཆེན་མོ་རྐམ་མོ་དང་། །སྲིན་མོ་རབ་ཏུ་བསྐུལ་མ་དང་། །སྲིན་མོ་ཆེན་མོ་ཕོར་ཐོགས་མ། །སྲིན་མོ་ཆེན་མོ་དྲི་འདོད་དང་། །སྲིན་མོ་ཆེན་མོ་གཡང་གཞི་མ། །སྲིན་མོ་ཆེན་མོ་གསོད་བྱེད་མ། །སྲིན་མོ་ཆེན་མོ་ཤ་ཟ་མོ། །འཇིག་རྟེན་ཁམས་གསུམ་ནབྲུག་བྱེད་ཅིང་། །སྲོག་ཆགས་ཀུན་ལ་གནོད་བྱེད་ལ། །མཁལ་མ་སྙིང་དང་ནང་ཁྲོལ་གྱིས། །སྙིམ་པ་ཤིན་ཏུ་བཀང་ནས་སུ། །རང་གི་རང་ལ་ཐིམ་པར་སྟོན། །ཟ་ཞིང་རྣམ་པ་ཀུན་ཏུ་རྒྱུག །མ་བདུད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་ཟླུད་བཞེས་ཤིག །ཧུ༷་ཤར་ཕྱོགས་ཁམས་ནས་ཀུན་ཏུ་རྒྱུག །མི་མགོའི་ཕོར་པ་ཁྲག་གིས་བཀང་། །གྲང་སྒོར་འཐོར་ཞིང་ནད་འབེབས་མ། །མ་བདུད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་གླིང་བཞི་ཀུན་ཏུ་རྒྱུག་འགྲོ་སྟེ། །ས་འོག་ཀུན་ནས་སྣོམ་བྱེད་མ། །འཇིག་རྟེན་མི་བཟད་ཟ་བ་མོ། །ས་བདག་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་ཟླུད་བཞེས་ཤིག །ཧུ༷་ནག་མོ་ཆེན་མོ་ཉཔ་ཉཔ་མོ། །ཐབ་དང་གཞོབ་ཀྱི་བསྡོང་ཟླ་མོ། །མ་ཡམས་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷་གླིང་བཞི་ཀུན་གྱི་རྒྱུག་འགྲོ་མ། །ཕྱོགས་བཞི་དག་ན་སྲིང་མོར་གྲགས། །སྲིང་མོ་ཆེན་མོ་ཕོ་ཉའི་ཚུལ། །ཕོ་ཉ་ཆེན་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧཱུཾ་གཞན་ཡང་དབང་ཕྱུག་མ་དང་བརྟན་མ་ཡང་བརྗོད། །གཏོར་མ་ཡང་གཏོང་། །འཁར་རྔ་རྡུང་སྟེ། གླུ་སྙན་པོའི་དབྱངས་ཀྱང་བླངས་ནས་སུ། དུར་ཁྲོད་དང་ནི་རི་རྩེར་བསྐྱལ། །མན་ངག་ལྡན་པས་ཚེ་དཔལ་དྲངས། །དེས་ནི་བསམ་པ་ཡིད་བཞིན་འགྲུབ། །དེ་སྐད་ཅེས་ནི་བཀའ་སྩལ་ནས། །ལྷ་རྣམས་འཆི་བས་འཇིགས་འགྱུར་ཏེ། །རབ་ཏུ་དངས་ནས་སྐྲག་གྱུར་ནས། །གནོད་འདུལ་ལྷ་ཡིས་འདི་སྐད་གསོལ། །ལྷ་ལ་སྲོག་ནི་མཆིས་གྱུར་ན། །འདི་བསྟེན་ཆོ་གའི་ཕན་ཡོན་དང་། །འཇིག་རྟེན་མི་ལ་ཇི་ལྟར་བསྒྲགས། ། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །འདི་བསྟེན་ཕན་ཡོན་བསམ་མི་ཁྱབ། །འཇིག་རྟེན་མི་ལ་སྒྲོགས་པ་ནི། །ལྷ་མོ་ཡོངས་འཁྱུད་བདེ་བའི་སྐལ། །ལྷ་རྣམས་ཁྱེད་ཀྱིས་བསྒྲགས་མི་དགོས། །གླིང་བཞི་སྤྱི་མདོས་ཆེན་མོའི་ལེའུ་སྟེ་བཅོ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཆོ་ག་འདི་བསྟེན་ཕན་ཡོན་གང་། །ཡང་དག་རྫོགས་ཀྱིས་བཤད་དུ་གསོལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ལྷ་རྣམས་སྲོག་ནི་འཇིག་གྱུར་ན། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །སྲིད་གསུམ་དབང་ཆེན་འདི་བསྐངས་ན། །དུས་མིན་འཆི་བ་བཟློག་པརའགྱུར། །དུས་ལ་བབ་པའང་བསྣུར་བར་ངེས། །འཇིག་རྟེན་ལོངས་སྤྱོད་བརྟན་པར་འགྱུར། །རབས་རྒྱུད་ཆད་པའི་ལྷ་དང་མི། །ཆོ་ག་འདི་ལ་རྟེན་བྱེད་ན། །སྤུན་བཞི་བུ་མིས་འདུ་བར་ངེས ཆོ་ག་དི་ལ་རྟེན་བྱེད་ན། །འཆི་བདག་ཞགས་པས་ཟིན་ངེས་ན། །ཞགས་པ་ནག་པོ་ཆད་ནས་སུ། །སྨྱོ་འབོག་ཉིད་ཀྱང་རྣམ་པར་འཇིག །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །འཇིག་རྟེན་འདི་ན་བདེ་སྐྱིད་དེ། །རིག་འཛིན་ས་ལ་དེ་བཞིན་གནས། །ཆོ་ག་འདི་ལ་རྟེན་བྱེད་ན། །བྲན་གཡོག་འགབ་རྣམས་འཕེལ་བར་འགྱུར། །གཞན་མ་རྣམས་ཀྱིས་བཀུར་སྟི་ཞིང་། །རྒྱལ་པོ་ལྟ་བུར་ཆེ་བར་འགྱུར། །ཆོ་ག་འདི་ལ་རྟེན་བྱེད་པ། །དབུལ་པོ་ནོར་ཕྱུགས་འཕེལ་བ་དང་། །སྐྱིད་པ་རྟག་ཅིང་བསམ་པ་འགྲུབ། །དབྱིག་ལ་སོགས་པ་རྟག་ཏུ་རྙེད། །དམངས་པོས་ཕྱོགས་བཞིར་ཡུལ་ཡང་ཟིན། །དེས་ན་མྱ་ངན་སྡུག་བསྔལ་མེད། །ཕ་རོལ་དམག་དཔུང་རྣམ་པར་འཇིགས། །ལོ་ཕྱུགས་རྟག་ཏུ་ལེགས་པར་འགྱུར། །ཆོ་ག་འདི་ལ་རྟེན་བྱེད་ན། །འཇིག་རྟེན་དབང་ཆེན་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་ལྟར་བཀུར་སྟི་ཞིང་། །ཚེ་དང་ཆུས་སྲིད་འཕེལ་བ་དང་། །བསྒོ་བའི་ཚིག་རྣམས་བྲན་བཞིན་ཉན། །འདི་ཡི་ཡོན་ཏན་བསོད་ནམས་ཀྱིས། །ཕྱི་མའི་དངོས་གྲུབ་མཆོག་ཡིན་ཏེ། །བསོད་ནམས་ཉིད་དུ་གོང་ན་མེད། །འདི་ལ་ཡོན་ཏན་བརྗོད་མི་ལང་། །དེ་སྐད་གསུངས་པས་ལྷ་རྣམས་དགའོ། །མདོས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དབང་ཆེན་མོ་རྣམས་བསྐང་བ་ཡིས། །དབང་བྱེད་ཕོ་ལ་མི་འཚལ་ལམ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །འདོད་ཆགས་ང་རྒྱལ་ཆེ་བ་ཡི། །ཞེ་སྡང་བྱེད་ལ་དབང་མོ་ཆེ། །སྲིད་པའི་མོ་ཡིས་འཇིག་རྟེན་བསྐྱེད། །འདི་བསྐང་བསྐང་བཟློག་ཆོ་ག་རྫོགས། །དེ་ནས་ཕོ་རིགས་བཅོས་འདོད་ན། །སྟེགས་བུ་གོང་འཕང་མཐོ་དམན་བྱེད། །ཆོ་གའི་རྫས་ནི་འདི་ལྟར་རོ། །འབྲུ་སྣ་བཅུ་གསུམ་དང་ཕྱེ་ལ། །རིན་ཆེན་སྣ་བརྒྱད་བདར་ནས་ཀྱང་། །རྒྱལ་པོ་ཆེན་པོའི་གཟུགས་སུ་བྱ། །དབང་པོ་ཡན་ལག་རིན་པོ་ཆེ། །གསལ་བྱེད་བརྒྱད་ཀྱང་དེ་བཞིན་བཞག །སྣ་ལྔ་དར་གྱི་ཚོམ་བུ་ལྔ། །ལུས་དང་ཡན་ལག་ཡང་དག་བརྒྱན། །བདུད་དང་དྲང་དཀར་ཆེན་པོ་དང་། །དེ་བ་ནོར་གྱི་བདག་པོ་སྟེ། །གཤིན་རྗེ་རུ་དྲའི་རྫས་ཡིན་ཏེ། །སྐྱེས་ཏོ་རེ་ལའང་དེ་བཞིན་ནོ། །བྲེ་ཆ་གསང་ཕྱེ་བྲེ་བཞི་ལ། །མཁར་ཐབས་མདའ་ཡིས་རྣམ་པར་བརྒྱན། །གླེའུ་དར་དཀར་དགུ་ཡི་རྐྱེན། །དེ་བཞིན་ཤ་དང་རིན་ཆེན་ཆང་། །དཀར་གླུད་རྐྱེན་དང་ཆས་པ་འདི། །དཀར་པོ་དེ་ལ་དེ་བཞིན་ནོ། །བྲེ་ཆ་གསང་ཕྱེ་ཟླ་གམ་ལ། །ཟ་འོག་མདའ་ཡིས་རྣམ་པར་བརྒྱན། །ལེ་བརྒན་ལེབ་བཟང་མདའ་ཡིས་བརྒྱན། །དེབཞིནརིནཆེནཤདང་ཆང་། །བསེ་གླུད་རྒྱན་དང་ཆས་པ་འདི། །བྱང་ཤར་མཚམས་སུ་དེ་བཞིན་ནོ། །ནས་དང་ཡུངས་ཀར་དོན་གྱི་རྒྱན། །སྲིད་པ་ཀུན་ལ་དེ་བཞིན་ཏེ། །འབྱུང་པོ་ཕལ་ལ་རྨེ་གཏོར་བྱེད། །དེ་ཚེ་འདི་སྐད་བརྗོད་པར་བྱ། །ཀྱེ་དཔག་བསམ་ཤིང་གི་སྐེད་པ་ན། །གསེར་མཁར་དེ་ནི་སེར་པོ་ལ། །གསེར་སྒོ་དེ་ནི་ཐིབས་སེ་ཐིབ། །གཡུ་བད་ནི་སྔོན་པོས་བསྐོར། །དེ་ཡི་ནི་བདག་པོ་སྟེ། །སྐོས་རྗེ་ནི་དྲང་དཀར་ལ། །སྐོས་མཁན་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །གསེར་མཁར་ནི་དབུ་རྩེ་ནས། །རིན་ཆེན་ནི་སྟེགས་བུ་ལ། །ལྕགས་ཀྱི་ནི་མུ་ཁྱུད་ཅན། །དེ་ཡི་སྟེང་ན་ནི། །སྲིད་པ་ནི་དྲང་དཀར་བ། །ཞིག་འཛིན་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །རིམ་པ་ནི་བཅུ་གསུམ་ལ། །གནམ་གྱི་ནི་སྟེང་ཤེད་ན། །ལྕགས་མཁར་ནི་སྔོན་པོ་ལ། །གསེར་གྱི་ནི་མཐའ་བསྐོར་ཞིང་། །ཟངས་ཀྱི་ནི་སྒོ་གསལ་བ། །དེ་ཡི་ནི་བདག་པོ་སྟེ། །དབང་ཕྱུག་ནི་ཆེན་པོ་སྟེ། །མ་ཧྭ་ནི་ཤྭ་རིའི་དག །ནག་པོ་ནི་ཆེན་པོ་སྟེ། །ཡ་བདུད་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །དེ་ཡི་ནི་གླིང་ཕྲན་ལ། །ཡར་གྱི་ནི་ཡར་ལ་ཤོད། །བདུད་པས་ནི་ཐབས་མཁས་ཏེ། །བདུད་པས་ནི་ཤུགས་དྲག་སྟེ། །འགྲོ་བ་ནི་ཀུན་གྱི་བདུད། །འགྲོ་བ་ཡི་ཚེ་དཔལ་འཕྲོག །སྐྱེས་བུ་ནི་སྐྱེས་ཏོ་རེ། །ཡ་བདུད་རྒྱལ་ཐེའུ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཀྱེ་ལྷོ་ཕྱོགས་གླིང་ན་གནས་པ་སྟེ། །རུས་མཁར་གླིང་དགུའི་བདག་པོ་སྟེ། །འཆི་བདག་ཀུན་གྱི་ཁྲམ་འདེབས་མ། །གཤིན་རྗེའི་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །གནམ་གྱི་མཐོངས་ན་གནས་པ་སྟེ། །འཛམ་བུའི་གླིང་གི་ནོར་གྱི་བདག །མ་ཧྭ་དེ་བ་ལྷ་ཆེན་པོ། །བཙུན་མོ་ཨུ་མ་དེ་བྲི་བཅས། །ནོར་ལྷ་ཆེན་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བྱང་ཕྱོགས་གནམ་གྱི་མཐོངས་ན་གནས་པ་སྟེ། །དུང་མཁར་དེ་ནི་དཀར་པོ་ལ། །གཡུ་ཡི་ནི་མཐའ་བསྐོར་ཏེ། །བསེ་ཡི་སྒོ་བསྩལ་བ། །དེ་ཡི་ནི་བདག་པོ་སྟེ། །ཁྱབ་འཇུག་དུང་གི་ཐོར་ཚུགས་ཅན། །གནམ་ལྷ་དཀར་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བྱང་ཤར་གྱི་མཚམས་ཤེད་ནས། །བསེ་མཁར་ནི་གླིང་དགུ་ན། །དངུལ་གྱིས་ནི་མཐའ་བསྐོར་ཞིང་། །ལྕགས་ཀྱི་ནི་སྒོ་བསྩལ་བ། །དེ་ཡི་ནི་བདག་པོ་སྟེ། ཁྲར་ཕྱོགས་གནམ་ས་ཕྱེད་ཀྱི་བདག །ཚངས་ཐུར་ལུས་ལ་ཐོར་ཚུགས་ཅན། །བཙན་འགོང་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ས་བཙན་རོལ་པ་སྐྱ་རོལ་པོ། །མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བཙན་ལ་སོགས་པ་དེ་བཞིན་ནོ། །ད་ནི་མ་ཧྭ་ཤན་ཏིང་གི་ཆོ་ག་བཤད་པར་བྱ་སྟེ། །གཙང་ཕྱེ་ཁལ་ཕྱེད་ལ། །ཇི་ལྟར་འདོད་པའི་གཟུགས་བྱས་ཏེ། །དཀོར་ཆ་སྤྱན་གཟིགས་ཡང་དག་ལྡན། །དེ་ནི་ཕྱི་རྒྱུད་ཤརྙི་ངོ་། །དེ་ལ་འཇིག་རྟེན་ཤས་བསྐངས་ཏེ། །དམར་གཏོར་དམ་རྫས་ལྡན་པ་ནི། ཁྲརྙི་གསང་བའི་ཆོ་གའོ། །བསྙེན་པའི་གནས་ནི་དབེན་ས་སྲ །གྲུ་བཞི་སྤོས་ཆུའི་མཎྜལ་ལ། །ཟས་ཀྱིས་སྟེང་དུ་གང་བ་སྟེ། །བསྔོས་ནས་དེ་བཞིན་གཞག་པར་བྱ། །མིང་རྒྱུད་མཐུན་ཏེ་དཀར་པོའི་གོས། །གསང་བ་མཐུན་ཏེ་གཉིས་ཀར་འདྲ། །འདི་བརྩམ་བསམ་པ་མ་གྲུབ་ན། །འཇིག་རྟེན་དབང་ཆེན་ཕུང་བར་འགྱུར། །ལས་རྣམས་ཀུན་ཀྱི་བརྣག་པ་སྟེ།།ཆོ་ག་རྫོགས་ལུང་ཆེན་པོ་སྟེ། །གང་གིས་རྟོགས་པ་དངོས་གྲུབ་སྟེ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དེ་སྐད་ཅེས་ནི་བཀའ་སྩལ་པས། །འཇིག་རྟེན་དབང་ཆེན་མངོན་པར་དགའ། །ལྷ་རྣམས་ཐམས་ཅད་མཐུ་སྐྱེས་ནས། །སེམས་ཅན་ཀུན་ལ་ཕན་པར་བསྒྲུབས། །དམ་ཚིག་མཐའ་ལ་གནས་པར་འགྱུར། །ཕོ་མདོས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འགུགས་དང་འདྲེན་པའི་ལས་རྣམས་དེ། །ཕོ་ཉའི་ལས་རྣམས་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྲིད་གསུམ་བ་་བའི་ཕོ་ཉ་ནི། །བདག་ཉིད་མན་ངག་ལྡན་བྱས་ཏེ། །སེམས་ཀྱི་དཀྱིལ་ནས་བསྐུལ་བ་ནི། །ཧུ༷་དཔལ་གྱི་ཕོ་ཉ་བཀའ་སྡོད་མ། །ཁྱུང་གི་ཁྲ་ཆེན་ལྡིང་བ་ལ། །ལྕགས་ཀྱི་མི་མོ་ཁྱུང་མོ་ཞོན། །མགོ་བོ་གསུམ་ལ་ལག་དྲུག་མ། །གཡས་ན་རྡོ་རྗེ་ཁ་ཊ༷་ག །བར་མ་སྤུ་གྲིས་སྲིད་གསུམ་སྒྲོལ། །ཐ་མ་དྲིལ་ཞགས་མུ་སྟེགས་འཆིང་། །གཡོན་པ་བྷརྙ་རཀྟ་འབར། །བར་མ་འཁོར་ལོ་བསྐལ་པའི་མེ། །ཐ་མ་ལྕགས་ཀྱུའི་འདུ་འཕྲོ་ཅན། །གནས་ནི་དུར་ཁྲོད་དཀྱིལ་ན་བཅས། །བསྐུངས་ནི་ཐུགས་ཀྱི་དབུས་ན་བསྐུངས། །བཏོན་ནི་ལྗགས་ཀྱི་རྩེ་ནས་བཏོན། །འགྱེད་ནི་དམ་ཉམས་དགྲ་ལ་འགྱེད། །དབང་ནི་སྲིད་པ་གསུམ་ལ་དབང་། །ཟ་ནི་སྐྱེ་འགྲོ་ཡོངས་ལ་ཟ། ་་་ནི་གླིང་བཞི་ཀུན་ལ་ཉུལ། །བང་ནི་གློག་པས་ངེས་པར་མགྱོགས། །རྦད་ནི་དངོས་པོ་གཅིག་ལ་རྦད། །རྒྱལ་པོ་ཆེན་པོས་བདུད་དཔུང་འཇོམས ཚམ་རྔམས་ཆེན་པོས་དགྲ་བགེགས་སྒྲོལ། །ང་རྒྱལ་ཆེན་པོས་མུ་སྟེགས་འདུལ། །རྫུ་འཕྲུལ་ཆེན་པོས་རི་རབ་བསྙིལ། །ཁྱོད་ནི་སྲིད་གསུམ་སྒྲོལ་བྱེད་མ། །ལན་འགའ་དྲག་ཏུ་བསྐུལ་བའི་ཚེ། །གང་ལ་བྱ་བ་སྒྲོལ་བར་བྱོས། །དེ་ཡི་ཕོ་ཉ་བཀའ་སྡོད་མ། །དཀར་མོ་ཉི་མའི་ཐོད་ཕྲེང་ཅན། །ཕྱག་དྲུག་གྲུ་གསུམ་སྤྱན་མིག་ལ། །མགོ་ལ་ཚིལ་གྱིཡིབཞུགྱོན། །མཚནནི་སྤྲིན་དཀར་གོ་ལྕོག་ཅན། །ཕྱག་གཉིས་པདྨ་སྟོང་བཟུང་ཞིང་། །མཚན་ནི་འཇིག་རྟེན་དབང་སྡུད་མ། །གཡས་ན་མི་ཡི་རྒྱུ་ཞགས་འཕེན། །བདུད་དང་མུ་སྟེགས་བཅིངས་མཛད་མ། །མཚན་ནི་སྦྲུལ་ཆེན་ཞགས་པ་ཅན། །གཡོན་གྱི་དང་པོ་བསྣམས་པ་ནི། །མི་མགོ་རློན་པའི་ཐོད་པ་མྲ །མི་ཁྲག་དྲོན་མོས་བཀང་ནས་སུ། །རྣམ་ལྔའི་བཅུད་དང་བསྲེས་ནས་འཐོར། །སྒྲུབ་པ་པོ་ལ་དངོས་གྲུབ་འབེབས། །མཚན་ནི་བདུད་རྩི་ལོངས་སྤྱོད་མ། །གཡས་ཀྱི་བར་མས་བསྣམས་པ་ནི། །མི་ཡི་རུས་པའི་ཕུར་བུ་འདྲིལ། །དགྲ་བགེགས་གནོན་པའི་ལས་ལ་བརྩོན། །མཚན་ནི་གསང་བའི་མཆོག་ཕུར་ཅན། །གཡོན་གྱི་ཐ་མར་བསྣམས་པ་ནི། །ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ། །མི་སྙིང་བརྒྱུས་པའི་ཞགས་པ་ཡིས། །སྲིད་པ་གསུམ་ཅར་འཆིང་མཛད་མ། །མཚན་ནི་གསེར་གྱི་དྲིལ་ཞགས་ཅན། །སྤྲུལ་པའི་ཕྱག་བརྙན་རྡེབ་པ་ཡིས། །མི་ལྕགས་རློན་པའི་གཡབ་མོ་ཡིས། །ཁམས་གསུམ་རྡུལ་དུ་བརླག་མཛད་མ། །མཚན་ནི་གཡང་གཞི་རུ་མཚོན་ཅན། །སྐུ་ལ་མི་ལྤགས་རློན་པ་གསོལ། །སྟོང་ཁམས་ཐམས་ཅད་མྱོས་མཛད་མ། །མཚན་ནི་ཞིང་ནི་ན་བཟའ་ཅན། །ཁ་ནས་མི་ཁྲག་རློན་པ་འཐོར། །སྟོང་ཁམས་ཐམས་ཅད་སྲེག་མཛད་དེ། །མཚན་ནི་ཁ་ནས་མེ་འབར་མ། །སྐུ་ལ་མི་མགོ་སེ་རལ་ཁ། །སྐྱེ་འགྲོ་ཐམས་ཅད་བསྐངས་མཛད་མ། །མཚན་ནི་མེ་ཏོག་ཆུན་འཕྱང་ཅན། །འབར་བ་ག་་ཆེན་ཁྲོ་བོ་འདུལ། །ཁྲོ་རྒྱལ་ཆེན་མོ་གཤིན་རྗེའི་གཤེད། །བཀའ་ཡི་ཕོ་ཉ་མགྱོགས་མ་སྟེ། །ང་རྒྱལ་ཅན་རྣམས་དབང་དུ་བསྡུད། །གང་ལ་བྱ་བ་རྡུལ་དུ་རློག །འདི་ནི་ཕོ་ཉའི་གཙོ་མོ་སྟེ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ཕོ་ཉ་ཆེན་མོའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཆེན་འདི་རྣམས་ཀུན། །སྲོག་གིས་བསྐང་ན་ཇི་ལྟར་སྐོང་། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྲིད་པའི་དབང་ཆེན་འདི་རྣམས་ཀུན། །སྲོག་གིས་བསྐང་བ་འདི་སྐད་དོ། །ཧུ༷་གཙོ་མོ་ཡུམ་གྱི་མངོན་སྤྱོད་མ། །སྤྱི་གཙུག་གཡུ་ཡི་རྡོ་རྗེ་རྩེ་དགུ་འབར། །གཡུ་ཡི་རལ་བས་སྟོང་གསུམ་ཁྱབ། །གཡས་ཀྱི་ཕྱག་ན་རིགས་ལྔའི་སངས་རྒྱས་བསྣམས། །གཡོན་གྱི་ཕྱག་ན་བདུད་རྩི་ལྔ་ཡི་ལོངས་སྤྱོད་འབྱེད། །ཡེ་ཤེས་རོལ་པའི་སྤྱན་གྱིས་ཀུན་ཏུ་གཟིགས། །ཁམས་གསུམ་སྲིད་པ་གསུམ་ལ་མངའ་མཛད་མ། །རྟག་ཏུ་དབང་ཕྱུག་ཆེན་མོ་གྲོགས་མཛོད་ཅིག །བལྟས་པ་མི་མཐོང་གཅིག་ཀྱང་མེད། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། ཁྲར་གྱི་ཕྱོགས་ཀྱི་མངའ་བདག་མོ། །འབྱུང་བ་ས་ལ་དབང་སྒྱུར་ཞིང་། །འགྲོ་བའི་རུས་ལ་མངའ་མཛད་མ། །འདི་ཡིས་རུས་པས་ཐུགས་དམ་བསྐང་། །མཐུན་པའི་རྫས་ཆེན་འདི་འབུལ་གྱི། །བཅོལ་པའི་ལས་རྣམས་འགྲུབ་པར་ཛོད། །ལྷོ་ཡི་ཕྱོགས་ཀྱི་མངའ་བདག་མོ། །འབྱུང་བ་ཆུ་ལ་དབང་སྒྱུར་ཞིང་། །འགྲོ་བའི་ཁྲག་ལ་མངའ་མཛད་མ། །འདི་ཡི་ཁྲག་གིས་བསྐང་བྱས་ན། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ནུབ་ཀྱི་ཕྱོགས་ཀྱི་མངའ་བདག་མོ། །འབྱུང་བ་མེ་ལ་དབང་སྒྱུར་ཞིང་། །འགྲོ་བའི་དྲོད་ལ་མངའ་མཛད་མ། །འདི་ཡི་དྲོད་ཀྱིས་བསྐང་བྱས་ན། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། བཅོལ་པའི་ལས་རྣམ་འགྲུབ་པར་མཛོད། །བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ། །འབྱུང་བ་རླུད་ལ་དབང་སྒྱུར་ཞིང་། །འགྲོ་བའི་དབུགས་ལ་མངའ་མཛད་མ། །འདི་ཡི་དབུགས་ཀྱིས་བསྐང་བྱས་ན། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ནམ་མཁའི་རིགས་ཀྱི་རྒྱལ་མོ་སྟེ། །ནམ་མཁའ་སྟོང་ལ་དབང་སྒྱུར་ཞིང་། །འགྲོ་བའི་བཀྲག་ལ་མངའ་མཛད་མ། །འདི་ཡི་བཀྲག་གིས་བསྐང་བྱས་ན། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །རྒྱུ་བསྒྲལ་བའི་ཕུང་པོ་ཡིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྔ་དང་གཙོ་བོ་ཡབ་ཡུམ་བསྐང་ངོ་། །ད་ནི་མདོས་བདག་གི་མ་མོ་རྣམས་བསྐང་བ་ནི། སྲིད་པ་བདེ་འགྲོ་ཁམས་གསུམ་ཀུན་གྱི་ཡུམ་མཆོག་སྟེ། །སྐུ་མདོག་མཐིང་ག་ཆེན་མོ་ལ། །དབུ་དང་ཞལ་གྱིས་སྟོང་ཁམས་ཁེངས། །རིན་ཆེན་རལ་པས་སྣང་སྲིད་གསལ། །ཁྱོད་ནི་འདོད་ཁམས་གཙོ་མོ་སྟེ། །ཕུད་ཀྱི་བདག་མོའི་ཐུགས་དམ་བསྐང་། །ཡེ་ཤེས་ཚོགས་ཀྱི་རྗེ་མོ་སྟེ། །གཉིས་སུ་མེད་པར་ཕུད་ཀྱི་བདག །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །དཔག་བསམ་ཤིང་གི་ཡལ་ག་ལ། །དཀར་མོ་གཡག་ཐོད་རལ་གཅིག་མ། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནས། །ཁྲག་གི་དྲི་སྣོམས་དམར་གྱི་རོ་མྱོང་མ། །རལ་པའི་ཟར་བུ་གཡོན་ནས་གཅིག་ཏུ་འཁྱིལ། །སྲིད་པའི་ས་གཞི་གཡོ་ཞིང་ཁེངས་མཛད་མ། །གཡས་ན་ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ་། །སྙིང་གི་ཞགས་པ་བསྔོག་ཅིང་འཕེན། །གཡོན་ན་བྷསྟོ་མགོ་བཅད་ཁྲག་འཛག་མ། །ཚངས་པ་ལ་སོགས་ལྷ་ཆེན་བརྒྱད་ཀྱི་མགོ་བཅད་མ། །ཉི་ཟླ་སྟོང་གི་དབུ་ལ་བརྒྱན་ཅིང་ཀླུབས། །སྣང་སྲིད་སྙིང་གི་བདག་མོ་སྟེ། །འདི་ཡི་སྙིང་གི་བསྐང་བྱས་ལ། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །ང་ཡིས་ལས་བཅོལ་འགྲུབ་པར་མཛོད། །ཆེ་ཞེ་དཀར་མོ་ཉི་མའི་མདངས། །དཀར་མོ་རལ་གཅིག་ཐུགས་དམ་བསྐང་། །ཆེ་ཞེ་ཉི་མ་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་ཐམས་ཅད་གསལ་མཛད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཆེ་ཞེ་ཁམས་གསུམ་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་གསང་བར་ཐམས་ཅད་སྦྱོར། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ། །སྲིད་པ་ཐམས་ཅད་བདེ་ལ་སྦྱོར། ཆེ་ཞེ་ཁམས་གསུམ་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །ཆེ་ཞེ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ། །སྲིད་པ་ཐམས་ཅད་བདེ་ལ་སྦྱོར། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྣང་སྲིད་ཀུན་གྱི་རྒྱན་མཛད་མ། །རྒྱན་གྱི་རྒྱལ་མོའི་ཐུགས་དམ་བསྐང་། །མཚན་ནི་དབྱིངས་ཕྱུག་རྒྱལ་མོ་སྟེ། །དབྱིངས་ཕྱུག་རྒྱལ་མོའི་ཐུགས་དམ་བསྐང་། །བདག་ཉིད་ལྷག་ལྷག་བཞད་མཛད་མ། །བདག་ཉིད་ཆེན་མོའི་ཐུགས་དམ་བསྐང་། །མཚན་ནི་གཅིག་པུ་ཆེན་མོ་སྟེ། །ལག་ན་ཞིང་གི་གཡང་ཞི་ཐོགས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ད་ནི་ཐུགས་ཀྱི་དགྱེས་སྡེ་མོ། འགྲུབ་པའི་རྟགས་ཕྱུང་། རྟག་ཏུ་དབང་ཕྱུག་ཆེན་མོའི་གྲོགས། །སྲིང་གཅིག་ཤར་གྱི་མངའ་བདག་མོ། །དཀར་མོ་མིག་གཅིག་རལ་པ་ཅན། །འཁོར་ནི་དཀར་མོ་འབུམ་སྡེས་བསྐོར། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྲིད་པ་ལྷོ་ཡི་མངའ་བདག་མོ། །ནག་མོ་ཆེན་མོ་རལ་པ་ཅན། །འཁོར་ནི་ནག་མོ་འབུམ་སྡེར་བཅས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྲིད་པ་ནུབ་ཀྱི་མངའ་བདག་མོ། །དམར་མོ་དབང་གི་རྒྱལ་མོ་སྟེ། །འཁོར་ནི་དམར་མོ་འབུམ་སྡེར་བཅས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །སྲིད་པ་བྱང་གི་བདག་མོ་སྟེ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །འཁོར་ནི་སེར་མོ་འབུམ་སྡེར་བཅས། །ཐུགས་དམ་གཉེན་པོ་བདག་བསྐང་གི །བསྐངས་ལ་འབྲས་བུ་མཆིས་པར་མཛོད། །དེ་ཡན་ཆད་ནི་མ་མོ་བཅུ་བཞིའི་སྐོང་ཐབས་སོ།། །།སྐབས་འདིར་ཨ་ཕྱི་ཆེན་མོ་ཡང་མཆོད་པར་འབྱུང་བའི་དོན་གྱིས་སྦྱར་རོ། །ད་ནི་དེའི་ཁོལ་མོ་རྣམས་ཤ་ཁྲག་དམར་དང་ཨ་མྲི་ཏས་བསྐང་བར་བྱས་ཏེ། སྲིད་པ་ཀུན་གྱི་ཁྱིམ་བདག་མོ། །ཧེ་རུ་ཀས་སྣིའི་ཐུགས་དམ་བསྐང་། །ཧར་ཏིང་དཀར་མོའི་ཐུགས་དམ་བསྐང་། །དུན་ཏིང་ནག་མོའི་ཐུགས་དམ་བསྐང་། ཁྲན་ཏིང་དམར་མོའི་ཐུགས་དམ་བསྐང་། །གྲུབ་ཏིང་སེར་མོའི་ཐུགས་དམ་བསྐང་། །སྲིད་པའི་གྲུ་འདེགས་ཆེན་མོ་བཞི། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །དམག་གི་རྒྱལ་མོ་ཆེན་མོ་བཞི། ཁྲར་གྱི་དཀར་མོ་མཆེ་གཙིགས་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ལྷོ་ཡི་ནག་མོ་ཁ་རླན་མ། །ནུབ་ཀྱི་དཀར་མོ་བཆུ་འཇིབ་མ། །བྱང་གི་སེར་མོ་རྐང་ལྡག་མ། །རིགས་བཞི་དམག་དཔུང་འཁོར་གྱིས་བསྐོར། །ཐུགས་དམ་གཉེན་པོ་བདག་སྐོངས་ཤིག །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ཨེ་ཀ་ཛ་ཞི་དཔལ་གྱི་ཡུམ། །ལྕགས་ཀྱི་སོ་ལ་ཟངས་ཀྱི་སྐྲ། །སྣ་ཚོགས་ཞལ་ལ་ཞིང་སྒྲོལ་མ། །ཐུགས་དམ་གཉེན་པོ་བདག་གིས་བསྐང་། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ཨེ་ཀ་ཛ་ཏིའི་ཐུགས་དམ་བསྐང་། །སྲིད་པའི་མ་མོ་བཞི་ཡི་ཐུགས་དམ་བསྐང་། །སྲིང་མོ་ཆེན་མོ་ཡུམ་གྱི་ཐུགས་དམ་བསྐང་། །མ་མོར་གྲགས་པ་ཀུན་གྱི་ཐུགས་དམ་བསྐང་། །དེ་ལྟར་ནང་གི་དམ་རྫས་དང་ལྡན་པར་བྱས་ཏེ། ཤེལ་སྨུག་པོའམ་ནམ་མཁའ་ལྡིང་ལ་སོགས་པ་རྒྱུ་གང་བསྒྲལ་ཡང་རུང་སྟེ། འབྱུང་བ་ཆེན་པོ་ལྔ་ཡིས་ཡེ་ཤེས་ཀྱི་ཁྲོ་མོ་ལྔ་དང་གཙོ་མོ་བསྐང་ངོ་། ཁྲ་ཁྲག་དམར་དང་ཏིང་ངེ་འཛིན་གྱིས། འཁོར་གྱི་མ་མོའི་ཐུགས་དམ་བསྐང་ངོ་། །སྒྲུབ་པ་པོ་ཡི་བསམ་པ་ཡིད་བཞིན་དུ་འགྲུབ་པར་ངེས་སོ། །ངས་གསུངས་པ་ལ་ཐེ་ཚོམ་མེད་ཅེས་ཧེ་རུ་ཀས་བཤད་དོ། །ལེའུ་སྟེ་བཅུ་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉེན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལ་འགལ་བྱེད་ཅིང་། །སེམས་ཅན་ཀུན་ལ་གནོད་བགྱིད་པའི། །རྟག་ཏུ་གདུག་པའི་སེམས་གྱུར་ལ། །ནན་ཏུར་ལས་རྣམས་ཇི་ལྟར་འཚལ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །རྟག་ཏུ་གདུག་པའི་སེམས་གྱུར་ཏེ། །སེམས་ཅན་ཀུན་ལ་གནོད་པ་ལ། །ནན་ཏུར་ལས་རྣམས་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཇི་ལྟར་ཡིད་འཐད་གནས་སུ་ནི། །དཀྱིལ་འཁོར་མཚན་དང་ལྡན་པ་དང་། །དབང་གི་དཀྱིལ་འཁོར་ཁ་སྤྲོད་ལ། །དབུས་སུ་ཀུན་ཏུ་བཟང་མོའི་མཁའ། །མཛུབ་གསུམ་པ་ལ་དྲག་པོར་བྲིས། །ཟེ་བ་སོར་བཞི་ཆ་སྙོམས་ལ། །འགུགས་དང་སྤར་འཕང་སྔགས་ཀྱིས་བརྒྱན། །དབང་གི་དཀྱིལ་འཁོར་ཁ་རན་ལ། །གནན་དང་འཕང་བའི་སྔགས་ཀྱིས་བསྐོར། །དེ་ནས་ཁ་རན་གྲུ་བཞི་ནི། །སོར་བརྒྱད་པ་ཡི་ཚད་དུ་བྱ། །རྡོ་རྗེ་པདྨ་སྤེལ་མར་བྲི། །དེ་ནས་མཎྜལ་བརྒྱད་པོ་ལ། །འོད་ཕུང་ཐོད་པའི་ཕྲེང་བས་བརྒྱན། །སྒོ་བཞི་མཁའ་བཞིས་བརྒྱན་པར་བསམ། །དེ་ནས་རྫས་ཀྱི་ངོ་བོ་ནི། ཁུ་ཡི་གཙོ་བོ་དགུ་བསོགས་ཏེ། ཁུ།བ་པའི་རྣལ་འབྱོར་དགུ་རྦད་པ། །གཉིས་ལ་ཆགས་འཛིན་སྐྲུན་གཉིས་བྲི། །བདུན་ལ་མ་བདུན་སྔགས་བྲིས་ལ། །དྲག་པོའི་ཁ་རན་བསྐོར་བ་བཞག །དབང་དང་དྲག་པོར་ལྡན་པ་ཡི། །ལྕགས་ཟངས་ཤིང་བུ་གང་ཡང་རུང་། །དབང་དྲག་ཕུར་པ་དགུ་པོ་ལ། །མགོ་ལ་མཁའ་འགྲོ་ལྔ་ལྔ་བཞག །ངོས་ལ་རྣལ་འབྱོར་བཅུ་བཞི་བསྒོམ། །སྐེད་པར་ཆགས་འཛིན་ལ་སོགས་བསམ། །རྩེ་མོར་མ་བདུན་བསམ་ནས་སུ། །དམིགས་པའི་དངོས་པོ་གང་ཡང་རུང་། །དཀར་ནག་དཀྱིལ་དུ་བརྒྱབ་ནས་སུ། །དགེ་སྡིག་ལས་ཀྱི་མཚམས་པྱེ་ནས། །དངས་མའི་དངོས་པོ་ཐམས་ཅད་ཀུན། །གཏུབ་ནས་མ་མོས་ཟོས་པར་བསམ། །དེ་ལྟར་བརྒྱབ་ན་ལྷ་ཡང་འཆི། །དང་པོ་བདག་ཉིད་བསྒོམ་བྱ་བ། །ཕྲ་མེན་རྒྱ་མཚོ་ཉིད་ཀྱི་སྐུ། །དབང་དྲག་སྐུ་མདོག་ནག་མོ་ལ། །དབུ་གཅིག་ཞལ་ལྔ་འཇིགས་པའི་སྐུ། །དབུ་ལ་མཁའ་འགྲོ་ལྔ་བསྒོམས་ཤིང་། །མཆེ་བ་ཅན་ལ་གཙིགས་ཤིང་བཞད། །མ་མོ་ཐམས་ཅད་དབྱིངས་ནས་འགྱེད། །ཕྱག་ན་དབང་དྲག་ཕུར་པ་འདྲིལ། །འདྲེན་དང་མནན་དང་སྤར་འཕང་བའི། །སྔགས་རྣམས་དྲག་ཏུ་བཟླས་ནས་སུ། །རྣལ་འབྱོར་མ་རྣམས་རྦད་ནས་སུ། །གང་ལ་བྱ་བའི་དངོས་པོ་དེ། །དབང་དྲག་དཀྱིལ་དུ་བཟུང་ནས་ནི། །རྣམ་ཤེས་དབྱིངས་སུ་བརྒྱབ་པ་དང་། །དགེ་སྡིག་ལས་རྣམས་སྦྱངས་ནས་སུ། །ལྷུ་གཟུགས་ཕྲལ་ཏེ་ཟོས་བསམ་ན། །རྡོ་རྗེའི་བྲག་ཀྱང་འཇིགས་པར་འགྱུར། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ཅེས་བཀའ་སྩལ་པ་དང་། །དེ་ནས་རིགས་ལྔའི་སངས་རྒྱས་རྣམས་དང་། །འཁོར་དེ་ན་གནས་པ་རྣམས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ་གར་གྱི་བརྡ་ཕྱག་འཚལ་ནས། འདི་སྐདཅེས་གསོལ་ཏོ། །དབང་དྲག་དཀྱིལ་འཁོར་བྱིན་བརླབས་དང་། །དབང་དྲག་ཕུར་པའི་ཆོ་འཕྲུལ་དང་། །འདྲེན་གནོན་འཕང་བ་སྔགས་ཀྱི་མཐུ། །མགོན་པོ་ཆེན་པོས་བསྟན་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཅི་ཡང་མི་གསུང་བར་དབང་དྲག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་ལ་ཞུགས་བཞིན། །བཛྲ་བོ་དྷི་ཛ་ལ་མཎྜ་ལ་བ་ག་རྭ་ཏྲ་བྷ་ག་ཏྲ་ཏ། ཀྲོ་ཏ་བམ་ཀི་ལ་ཡ་ཛ་ཧུ༷། ནན་སྤ་ར་ན་ཡ༷། ཕཊ་ཙིསྟ་སུ་ཁ༷། ཞེས་གསུངས་པས། ཁམས་གསུམ་ཐམས་ཅད་མཁའ་གྲུ་གསུམ་གདེངས་པའི་དཀྱིལ་འཁོར། །གཏིང་དཔག་མེད་པའི་གཞལ་ཡས་ཁང་། དབང་དྲག་གི་དཀྱིལ་འཁོར་གྱུར་ནས། དབང་དྲག་གི་ཕུར་བུ་ཡེཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་བརྒྱབ་པས། སྟེང་ནས་ཆར་དུ་འབེབས་པས། །དབང་དྲག་བདེ་བའི་གཏིང་ཁུང་དུ། །རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། རིགས་ལྔའི་སངས་རྒྱས་དང་། །ལྷ་གནོད་འདུལ་ཁ་སྐྲུབ་ཏུ་བརྒྱལ། དབང་དྲག་གི་དཀྱིལ་འཁོར་གྱི་གདེངས་དཀར། སྲིད་པའི་དབང་ཆེན་མང་པོ་ནི་གན་རྐྱལ་དུ་བརྒྱལ་ཏེ་སྙིང་དཀར་ནག་གི་མཚམས་སུ་ཕུར་བུ་ཕོག་སྟེ། དགེ་སྡིག་གི་ཤན་ཕྱེས་ནས། སེམས་ཀྱི་ཡེ་ཤེས་སུ་བྱིན་གྱིས་བརླབས་སོ། །དེ་ལྟར་ཐམས་ཅད་བརྒྱལ་བ་སངས་པ་དང་། །འདི་སྐད་ཅེས་ནི་གླུ་བླངས་སོ། །དབང་དྲག་དཀྱིལ་འཁོར་ཡུམ་གྱི་མཁའ། །མཁའ་ཡི་དཀྱིལ་འཁོར་བདེ་གཤེགས་གནས། །གཏིང་དཔག་མེད་པའི་གཞལ་ཡས་སུ། །དབྱིངས་ནས་དབང་དྲག་ཕུར་བུ་ཡིས། །རྡོ་རྗེ་སེམས་དཔའ་ལ་སོགས་ཀུན། །རང་རྒྱུད་སྙིང་ནས་དྲངས་ནས་སུ། །དབང་དྲག་མཁའ་ལ་བཞག་ནས་ཀྱང་། །སླན་ཆད་གསང་བའི་དབྱིངས་སུ་སྦྱོར། །གུ་རྒྱ་བྷ་ག་ས་མ་ཡ་སྟུ༷་ལ༷་མ༷་མ་ཧྭ་ཙིསྟ་ཧོ། །ཞེས་གསུངས་པ་དང་། བརྒྱལ་བ་ཐམས་ཅད་དྲན་པ་སླར་རྙེདཞུ་ ས། དབང་དྲག་གི་དཀྱིལ་འཁོར་ན། འདར་ཡེད་ཡེད་འདུག་པ་རང་རང་གིས་ཚོར། དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པས་གསོལ་པ། །དཀྱིལའཁོརཆེནཔོཨལལ། །དབང་དྲག་དཀྱིལའཁོར་བདེ་བའི་མཆག །གསང་སྔགས་ཆེན་པོ་ཨ་ལ་ལ། །འདྲེ་གནོན་སྤར་༄༅ འཕང་ཆོ་འཕྲུལ་ཆེ། །མཚོན་ཆ་ཆེན་པོ་ཨ་ལ་ལ། །དབང་དྲག་ཕུར་བུས་དགེ་སྡིག་སྦྱོངས། །ཁྲག་འཐུང་ཆེན་པོ་ཨ་ལ་ལ། །བླ་མེད་ཁྲག་འཐུང་ཆེ་བཙན་མཆོག མཁའ་འགྲོ་ཆེན་པོ་ཨ་ལ་ལ། །ཡེ་ཤེས་མཁའ་འགྲོ་སྤྲུལ་པའི་མཆོག །ཅེས་སྨྲས་སོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །རྫུ་འཕྲུལ་ཐམས་ཅད་ཀྱི་མཆོག །མུ་སྟེགས་ཐམས་ཅད་ཀྱི་གཉེན་པོ་བདག་ཉིད་ལགས་ཏེ། བདག་གི་མིང་ཡང་རྡོ་རྗེ་སེམས་དཔའ་བཏགས་པ་ལགས་ན་བླ་མེད་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དབང་དྲག་གི་དཀྱིལ་འཁོར་ཆེན་པོ་རུ་ཆུ་འཕྲུལ་གྱིས། བདག་ཀྱང་བརྒྱལ་བར་གྱུར་ན། མི་མཐུན་གཞན་སྨོས་ཀྱང་ཅི་འཚལ། །དབང་དྲག་དཀྱིལ་འཁོར་ཆེན་པོ་འདི། །དུས་གསུམ་དག་ཏུ་མི་འགྱུར་བར། །བསྟེན་པ་ཉིད་དུ་བདག་ཉིད་བགྱིད། །གསང་བ་མཆོག་ཀྱང་དེ་བཞིན་འཛིན། །ཞེས་གསོལ་ཏོ། །དེ་ནས་དབང་དྲག་གི་དཀྱིལ་འཁོར་ཆེན་པོའི་ཆོ་འཕྲུལ་གྱིས། མུ་སྟེགས་ཀྭ་ལ་ཆེན་པོ་གདན་དུ་བཏིང་བར་གྱུར་ཏོ། །སྒྲུབ་པའི་བར་དུ་གཅོད་ཅིང་རྣལ་འབྱོར་གྱི་དགྲ་བགེགས་གནོན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །རྡོ་རྗེ་རྒྱལ་པོས་བཀའ་སྩལ་བའི། །རྒྱུད་ལུང་ཆེན་པོ་འདི་དག་ལ། །སྐྱེ་བོ་གང་ཞིག་ཡིད་རང་སྟེ། །མོས་པས་དངོས་གྲུབ་ཅི་ལྟར་འགྱུར། །གང་ཞིག་འདི་ལ་མ་དད་པའི། །སྐུར་པ་འདེབས་པའི་སྐྱེ་བོ་ལ། །རྣམ་སྨིན་ཆད་པ་ཇི་ལྟ་བུ། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་གསུངས་པ་ཡི་ལུང་འདི་ལ། །སྐྱེ་བོ་གང་ཞིག་བརྩོན་འགྲུས་པ། །ལུས་འདི་ཉིད་ཀྱིས་སྲིད་པ་བརྗེ། །ཚེ་འདི་ཉིད་ལ་དགོང་་ ་རྫོཤས། །རྒྱལ་པོ་བཞིན་དུ་ཆེ་བར་ངེས། །ངས་གསུངས་པ་ཡི་དོན་འདི་ལ། །རྣལ་འབྱོར་གང་ཞིག་དད་མོས་པ། །སྲིད་གསུམ་དབང་ཆེན་ཐམས་ཅད་ལ། ཁྲེས་རབ་མིག་གིས་བལྟས་པའི་ཚེ། །སྲིད་གསུམ་དཀྱིལ་འཁོར་རྫོགས་པར་མཐོང་། །དེ་ལ་རིམ་གྲོ་མཆོད་པར་བྱེད། །བསྒོ་བའི་ཚིག་རྣམས་བྲན་བཞིན་ཉན། །ངས་གསུངས་པ་ཡི་ལུང་འདི་ལ། །གང་ཞིག་སྐུར་པ་འདེབས་པ་དེ། །དམ་སྲི་དམར་པོར་སྐྱེ་བར་ངེས། །དབང་ཆེན་ཀུན་གྱིས་སྡིག་མཐོང་ནས། །ཚེ་འདི་ཉིད་ལ་སྨྱོ་འབོག་ཅིང་། །དུས་མིན་བ་རུ་སྲོག་ཟད་ངེས། །ངས་གསུངས་པ་ཡི་ལུང་འདི་ལ། །དོན་མེད་ཕྱལ་པར་སྒྲོགས་པ་དེ། །དམྱལ་བ་རྡོ་རྗེར་ལྷུང་ནས་ཀྱང་། །ཐར་པའི་དུས་མེད་འོ་དོད་འབོད། །སླན་ཆད་སྡོམ་ཞེས་སྨྲ་བར་ངེས། །ངས་གསུངས་པ་ཡི་ལུང་འདི་ལ། །མི་དད་སྤངས་པའི་སེམས་ཅན་ལ། །གཤིནརྗེའིཞགས་པས་བཟུང་ནས་སུ། །ཉེས་དམིགས་ཁྲམ་ལ་བཏབ་ནས་སུ། །ཚོགས་ཀྱི་བདག་ལ་ཕུལ་ནས་ཀྱང་། །ལྷུ་གཟུགས་ཐམས་ཅད་འབྲེལ་པར་ངེས། །ངས་གསུངས་པ་ཡི་ལུང་འདི་ལ། །སྐྱེ་བོ་གང་ཞིག་དད་མོས་པ། །འཇིག་རྟེན་འདི་ཡི་ཡོན་ཏན་ཡང་། །ཡིད་བཞིན་ནོར་བུ་འབར་བ་བཞིན། །འཇིག་རྟེན་ཕྱི་མའི་དངོས་གྲུབ་དང་། །ཐར་པ་བདེ་བའི་འབྲས་བུ་ཡིས། །རིག་འཛིན་ས་ལ་གདོན་མི་ཟ། །སྐྱེ་འགག་མེད་པའི་དངོས་གྲུབ་ཀྱིས། །མི་འགྱུར་རྡོ་རྗེའི་དངོས་གྲུབ་ཐོབ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དེ་སྐད་ཅེས་བཀའ་སྩལ་པ་དང་། །རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། རིགས་ལྔའི་སངས་རྒྱས་དང་། སྲིད་པ་ཕྲ་མེན་རྒྱ་མཚོ་ལ་སོགས་ཏེ། མ་མོ་སྟོང་གི་ཚོགས་དང་། ལྷ་ཆེན་པོ་གནོད་འདུལ་ལ་སོགས་ཏེ། ལྷ་གཡུང་དྲུང་གི་རིགས་མང་པོ་དང་། རྡོ་རྗེ་གཞོན་ནུ་མོ་ལ་སོགས་ཏེ། རིག་འཛིན་གྱི་བུད་མེད་རབ་ཏུ་མང་པོ་དང་། ཧེ་རུ་ཀ་སྣི་ལ་སོགས་ཏེ། འཇིག་རྟེན་གྱི་མ་མོ་དབང་མོ་ཆེ་མང་པོ་དང་། འཇིག་རྟེན་དབང་ཆེན་རབ་ཏུ་མང་པོ་རྣམས་ཀྱང་། གུས་པས་ཡི་རངས་ཏེ། ཐར་པ་བདེ་བ་ཆེན་པོ་ཐོབ་ནས། ཨ་ལ་ལའི་སྒྲ་བྱུང་སྟེ། རིག་འཛིན་གྱི་དམ་ཚིག་ཅན་དུ་གྱུར་ཏོ། །འཇིགས་བྱེད་དཔལ་གྱི་ཞལ་སྔ་ནས། དམོད་བཙུག་པའི་ལེའུ་སྟེ་ཉི་ཤུ་པའོ།། །།སྲིད་པའི་རྫོང་ལུང་ཆེན་མོ་རྫོགས་སོ། །ཆོ་ག་ལུང་བསྟན་རྫོགས་པ་འདི། །གང་གིས་རྙེད་པ་དངོས་གྲུབ་སྟེ། །མ་ཉམས་དག་ན་བསམ་པ་འགྲུབ། །དམ་ཚིག་གཙང་ན་རྙེད་པར་འགྱུར། །སྲིད་པ་གསང་བའི་རྫོང་ལུང་འདི། །འགྲོ་བའི་དོན་ལ་དགའ་བ་དང་། །ཐེག་པ་ཆེན་པོར་གཙོར་ལེན་ཅིང་། །རྡོ་རྗེ་སློབ་དཔོན་མཆོད་བྱེད་ཅིང་། །ལུ་གུ་རྒྱུད་ལ་བརྩེ་སྡོམ་པའི། །སྐལ་ལྡན་དེ་དང་འཕྲད་པར་ཤོག །རྒྱུད་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འགྲོ་བའི་ཚེ་མཆོག་བསྡུ་བ་དང་། །རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །རྣལ་འབྱོར་པ་ཡི་ཚེ་མཆོག་ནི། །ཡང་དག་ཉིད་དུ་ངས་བཤད་དོ། །དེ་ལ་ཚེ་ལུང་རྣམ་པ་མང་མཆིས་ཀྱང་། །ལུང་ལས་མན་ངག་ཏུ་བསྒྲུབ་པས། མི་འཕྲོགས་པ་རྡོ་རྗེ་ངེས་པའི་ཚེ། འཕེལ་འགྲིབ་རྟེན་གྱི་ཚེ་དང་གཉིས་སོ། །དེ་ལ་མི་འཕྲོགས་པ་རྡོ་རྗེ་ངེས་པའི་ཚེ་ལ། སྒྲུབ་པ་ཆེན་པོའི་དུས་ལ་བབ་མ་བབ་བསྟན་པ་དང་། དུས་ལ་བབ་ན་རིགས་ལྔ་གང་དུ་འགྲོ། །ཡང་སྒྲུབ་པའི་ཐབས་དང་། ཡོན་བདག་ལ་རྒྱས་པར་བྱ་བ་དང་།བསྒྲུབ་ནས་གཏམས་པའི་ས་དང་། སྔགས་མཁན་ཉིད་ལ་སྒྲུབ་པ་དང་ལྔའོ། །དེ་ལ་བསྒྲུབ་པ་ཆེན་པོའི་དུས་ལ་བབ་མ་བབ་བརྟག་པ་ནི། ལུས་གར་ལན་གནས་གང་དུ་འགྲོ་བ་སྒོམས་པས་ཐག་བཅད། དུས་ལ་བབ་ན་སྒྲུབ་པའི་ཐབས་ནི། བདག་ཨུ་ཡུ་ཙྭ་ན་བིརྗུ་ཨ་ཡི་ཐུགས་གསལ་བ་དང་། ཚེ་ཡི་རིགས་ཨུ་ཡུར་ཙྭ་ན་ཛ་ར་གསལ་བ་གཉིས། བིརྗུ་ཡའི་ཐུགས་གསང་བ་བྱང་ཆུབ་སེམས་དཀར་ལ་འཚེར་བ་དང་། བིན་དུ་ཛ་ཏའི་ཐུགས་གསང་བྱང་ཆུབ་ཀྱི་སེམས་དམར་ལ་དངས་པ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་འཕྲོ་འདུ་ལས། གསེར་དངུལ་བསྲེས་པ་ཞུན་བྱས་པའི་ཁ་དོག་འདྲ་བའི། འོད་ཟེར་གྱིས་རིགས་ལྔའི་གནས་སུ་ཁྱབ་པར་བྱས་ཏེ། རིགས་ལྔ་ཐམས་ཅད་ཆགས་པའི་སེམས་བསྐྱེད་དོ། །གསང་བ་དགྱེས་པ་བསྐྱེད་ནས་བདེ་བའི་མཆོད་པ་ཕུལ་ལོ། །རིགས་ལྔ་ཞེས་བྱ་བ་ནི་མཁའ་བཞི་དབྱིངས་དང་ལྔ་སྟེ། དུང་ཅན་གྱི་མཁའ་དང་། བན་གླང་ཅན་གྱི་མཁའ་དང་། པདྨ་ཅན་གྱི་མཁའ་དང་། རི་མོ་ཅན་གྱི་མཁའ་དང་བཞིའོ། །དབྱིངས་ནི་གསང་བ་བདེ་བའི་ཡུམ་གྲོགས་མོའི་རྒྱལ་མོའི། །དུས་ཆེན་མོ་ལ་བབ་ཀྱང་འདི་ལྔའི་མཁར་འགྲོ་བ་ལས་མ་གཏོགས་པ་གཞན་མེད་པས་འདི་ལྔ་ལ་གསང་བ་བདེ་བའི་མཆོད་པ་ཕུལ་ཏེ། ཐུགས་དམ་བསྐང་ལ། ཡེ་ཤེས་ཀྱི་འཕྲོ་འདུ་བསྣུར་བ་ནི། །སྒྲུབ་བསྣུར་བའི་ཐབས་སོ། །དེ་ལ་བསྐུལ་བའི་ཚིག་འདི་སྐད་དོ། །ཨ་ནི་མ་སྐྱེས་སྐུ་ཉིད་ལས། ། གསང་བ་བདེ་བའི་དོན་བྱུང་བ། །རྡོ་རྗེ་ལ་གནས་པརློ་བསྐྱིལ། །མ་ཆགས་མི་ལྡན་འཕྲོ་འདུ་ཡིས། །ཡུམ་གྱི་ཐུགས་དམ་དེས་བསྐངས་ལ། །འགྲོ་བའི་ཚེ་དང་བརྟན་པར་མཛོད། །བདེ་བ་རྒྱས་འདེབས་ཚེ་ནི་རྡོ་རྗེ་བརྟན། །བདེ་བ་རྨོངས་བྱེད་ཚེ་འདི་པདྨར་བསྟེན། །བདེ་བ་ཟ་བྱེད་ཚེ་འདི་ངེས་པར་སྤེལ། །བདེ་བ་ཚེ་འཕེལ་འགྲོ་བའི་རེ་བ་སྐོང། །བདེ་ཀློང་ཡང་པ་སྲིད་པ་ཀུན་གྱི་ཡུམ། །གང་འདིར་དུས་ལ་བབ་ཀྱང་མཁས་པས་སླར་སྒྱུར་ཅིག །དེ་ལ་ཉམས་བསྣུར་ལ་གདགས་པའི་སར་ནི་སླར་མཁའ་དབྱིངས་དང་ལྔ་ཉིད་གསང་བའི་འཕྲོ་འདུ་དབང་གི་དཀྱིལ་འཁོར་བསྐྱེད་ལ་གདམས་སོ། །དེ་ལ་བསྐུལ་ཚིག་ནི། ཤར་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་བསྐུར་ཞིང་། །སྐུ་མདོག་དཀར་མོ་སྒེག་མ་ལ། །སྤྱན་གསུམ་དུང་གི་ལན་ཚར་ཅན། །འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོ། །མ་ཆགས་ཐབས་ལ་མངོན་པར་རོལ། །གསང་བའི་མཁའ་ལ་ཤེལ་གྱི་གའུ་བསྐྱིལ། །གཡས་ཀྱི་ཕྱག་ན་རྡོ་རྗེ་རྩེ་དགུ་བསྣམས། །གཡོན་གྱི་ཕྱག་ནི་གའུ་ཉིད་ལ་བརྟེན། །རྡོ་རྗེ་རྩེགསུམཤར་ཕྱོགས་དབང་དུ་སྡུད། ཁྲེལ་གྱི་ག་འུར་ངེས་པའི་ཚེ་གདམས་སོ། །ལྷོ་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་སྒྱུར་མ། །སྐུ་མདོག་སྔོན་མོ་སྒེག་མ་ལ། །ནོར་བུ་རིན་ཆེན་ལན་ཕྲན་ཅན། །སྤྱན་གསུམ་མཆེ་བ་གཙིགས་མཛད་མ། །འོད་ཟེར་སྔོན་པོ་ཕྱོགས་བཅུར་འཕྲོ། །གཉིས་སུ་མེད་པའི་ཐབས་ལ་རོལ། །གསང་བའི་མཁའ་ལ་རིན་ཆེན་གའུ་བསྐྱིལ། །གཡས་ཀྱི་ཕྱག་ན་ནོར་བུ་རིན་ཆེན་ཀེ་ཀེ་སྲ །གཡོན་པ་གའུ་ཉིད་ལ་བརྟེན། །ནོར་བུ་རིན་ཆེན་ཀེ་ཀེ་སྲ །ལྷོ་ཕྱོགས་འཛམ་གླིང་དབང་དུ་སྡུད། །རིནཆེན གའུརངེསཔའི་ཚེ་གདམས་སོ། །ནུབ་ཕྱོགས་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་དབང་སྒྱུར་མ། །སྐུ་མདོག་དམར་པོ་བསྒྱིངས་པ་ལ། །སྤྱན་གསུམ་བྱི་རུའི་ལན་ཕྲན་ཅན། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོ། །མི་ལེན་ཐབས་ལ་མངོན་པར་རོལ། །གསང་བའི་མཁའ་ལ་བྱི་རུའི་གའུར་བསྐྱིལ། །གཡས་ཀྱི་ཕྱག་ན་པདྨའི་གའུ་བརྩེགས་པ་བསྣམས། །གཡོན་གྱི་ཕྱག་ན་གའུ་ཉིད་ལ་བརྟེན། །པདྨ་གུ་བརྩེགས་ནུབ་ཕྱོགས་དབང་དུ་སྡུད། །བྱུ་རུའི་གའུར་ངེས་པའི་ཚེ་གདམས་སོ། ་བྱང་ཕྱོགས་བདེ་ཀློང་ཕོ་བྲངཀྱོ་ ས། །ངེས་པའི་ཚེ་ལ་དབང་བསྒྱུར་ཞིང་་ །སྐུ་མདོག་ལྗང་གུ་སྒེག་མ་ལ། །སྦན་གསུམ་རྔོ་རྗེའི་ལན་ཕྲན་ཅན། །འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོ། ཁུ།བ་པའི་ཐབས་ལ་མངོན་པར་རལ། །གསང་བའི་མཁའ་ལ་རྡ་རྗེའི་གའུ་བསྐྱིལ། །གཡས་ཀྱི་ཕྱག་ན་རྡ་རྗེ་བསྣམས། །གཡན་པ་གའུ་ཉིད་་ལ་བརྟེན། །རྡོ་རྗེ་རྒྱ་གྲམ་བྱང་ཕྱོགས་དབང་དུ་སྡུད། །རྡོ་རྗེའི་གའུར་ངེས་པའི་ཚེ་གདམས་སོ། །སྟེང་འོག་བདེ་ཀློང་ཕོ་བྲང་ནས། །ངེས་པའི་ཚེ་ལ་མངའ་མཛད་མ། །ཅིར་ཡང་འགྱུར་བའི་སྐུ་མདོག་ལ། །སྤྱན་གསུམ་ལན་ཕྲན་ཅིར་ཡང་འཕྲོ། །ཆེད་འགའ་གཡུ་ཡི་རལ་པ་ཅན། །འོད་ཟེར་སྣ་ཚོགས་གླིང་བཞིར་འཕྲོ། །གཉིས་མེད་བརྟེན་པའི་ཐབས་ལ་ངེས་པར་རོལ། །གསང་བའི་མཁའ་ལ་གཡུ་ཡི་གའུ་བསྐྱིལ། །གཡས་ཀྱི་ཕྱག་ན་རུ་མཚོན་ཤིང་བསྣམས་ཤིང་། །གཡོན་པ་བྷརྙ་རཀྟས་བཀང་ནས་གའུ་ཉིད་ལ་བརྟེན། །རུ་མདུང་ཞིང་གི་གཡང་གཞིས་སྣང་སྲིད་ཐམས་ཅད་དབང་དུ་སྡུད། །གཡུ་ཡི་ག་འུར་ངེས་པའི་ཚེ་གདམས་སོ། །དེ་ནས་པདྨ་དབང་དུ་བསྡུད་ལ། །སྙིང་པོའི་གའུ་ཕྱེས་ཏེ། ངེས་པའི་བྱང་ཆུབ་སེམས་ལ་གདམས་སོ། །དངོས་གྲུབ་ནི་གསང་བར་ནོད་དོ། །དེ་ནི་ཚེ་གདམས་པའོ། །ཚེ་ཡོན་བདག་ལ་རྒྱས་པར་བྱ་བ་ནི།ཕོ་ལ་ཨ་དཀར་པོ། མོ་ལ་ཨ༷་དམར་སྐྱས་བྱིན་གྱིས་བརླབས་ལ། ཐབས་དང་ཤེས་རབ་ཀྱི་འཕྲོ་འདུ་ལྕེ་ལ་དབབ། དེ་ནས་ཚེ་རྟགས་མངོན་པར་བསྟིམ། །དེར་བསྟིམ་ནས་རྟགས་དང་མཚན་མ་སྣ་ཚོགས་སུ་སྣང་། །དེར་སྣང་ཞིང་གསལ་བའི་ངོ་བོར་འབྱུང་། དེ་ལ་འཁོར་ཀྱང་དེ་བཞིན་ཏེ། །ཡི་གེ་བརྒྱད་ཀྱང་འཁོར་བར་བཞག །ལས་ཀྱི་བུམ་པར་སྟིམ་པར་བྱེད། །དེས་ནི་ཕུང་པོ་ཡང་དག་རྒྱས། །གཟུགས་ནི་རྡོ་རྗེ་རི་རབ་པས། །ཆེ་བར་བྱིན་གྱིས་བརླབས་ནས་སུ། །ཅིས་ཀྱང་མི་འཇིགས་བརྟན་པར་བསྒོམ། །དེ་ནི་རྒྱས་པར་བྱ་བའོ། །ཚེ་སྔགས་མཁན་ལ་བསྐུ་བ་ནི། །བདག་ཉིད་ཆེ་བའི་ལྷར་བསམ་སྟེ། །འོད་ཀྱི་འཕྲོ་འདུ་ཡང་བསམ་ལ། །རྒྱུན་མི་འཆད་པར་གྱེས་པ་ཡིས། །དབྱིངས་ལ་སོགས་པའི་ཐུགས་དམ་བསྐང་། །ངེས་པ་ཉིད་དུ་གཉིས་སུ་གསལ་བ་ལས། །ཨ་དང་ཨེ་གཉིས་རྒྱུན་མི་འཆད་པར་གྱེས་པས། མཁའ་བཞི་དབྱིངས་དང་ལྔ་ཡི་ཐུགས་དམ་བསྐང་། །གཅིག་ནས་གཅིག་ཏུ་གནས་གྱུར་ཏེ། །འདྲེན་པའི་ཕྱག་རྒྱས་གསལ་བར་དྲངས། །གསང་བ་ཉིད་དུ་འདུ་བར་བསྒོམས། །བདག་ཉིད་རིན་ཆེན་དཀྱིལ་འཁོར་དུ། །ཐུགས་ཀའི་ངོ་བོ་གསལ་བསྒོམ་སྟེ། ཁྲེས་རབ་དབང་གི་མཆོད་པ་འབུལ། །དངས་མའི་ལམ་དུ་བྱུང་ནས་ནི། །ཡེ་ཤེས་སྲས་སུ་བཞག་ནས་ནི། །ཡེ་ཤེས་སྦས་པའི་ཚེ་ཞེས་བྱ། །ཚིག་ཏུ་ཡང་། ཁྲོ་བོའི་ཐུགས་ལས་བསྐྱེད་པའི་འཕྲོ་འདུ་ནི། །ཨུ་ཡུརྙོ་ན་བིན་དུ་ཨ་ནི་ཐབས་ཀྱི་སྐུ། །ཨུ་ཡུསྐོ་ན་བིན་དུ་ཛ་ནི་ཤེས་རབ་གསལ། །ཐབས་ཀྱི་རང་བཞིན་སྐུ་མདོག་དཀར་བ་ལ། །ཡུམ་གྱི་ཚོམ་དུ་འོད་ལམ་ལམ། །གཡས་ན་རྡོ་རྗེ་ཐུགས་ཀར་གསོར། །གཡོན་པ་མཁའ་ལ་ཆགས་པའི་གཡབ་མོ་འདོར། །ཡུམ་གྱི་སྐུ་མདོག་ལེ་བརྒན་ལ། །དགྱེས་པའི་རྟགས་སུ་གསེར་གྱི་འོད་ཟོར་འཕྲོ། །ཕྱག་གཡོན་རྡོ་རྗེ་གའུ་བསྣམས། །གཡས་ན་ལེ་བརྒྱན་གཡབ་མོ་འདོར། སྲིད་པ་དབང་སྡུད་ཡབ་ཀྱི་ཐུགས་ཀར་སྟིམས་ཤིག་བིན་དུ་ཛ། དེ་ལྟར་ཐུགས་ལ་མཆོད་པ་ཕུལ་ནས། དཔལ་གྱི་འཁོར་ཚོགས་ཀྱིས་བསྐོར་ཏེ་བཞག འཕེལ་འགྲིབ་བརྟན་པའི་ཚེ་ལ་དོན་ལ་རྣམ་པ་ལྔ་སྟེ།བརྟན་པའི་ཚེ་ཉམས་མ་ཉམས་པ་བརྟག་པ་དང་། ཉམས་ན་དགུག་པའི་ཐབས། ཁུགས་ནས་བསྐུར་བ་དང་རྒྱས་པར་བྱ་བ་དང་བརྟན་པར་བྱ་བའོ། །དེ་ལ་ཚེ་ཉམས་མ་ཉམས་བརྟག་པ་ནི། །པྲ་དང་མཚན་མ་ལྟས་དང་མོ་ཕྱུ་ཡན་ཆད་ཀྱིས་བརྟག་གོ །ཉམས་ན་འགུགས་པའི་ཐབས་ནི་བདག་ཉིད་དབང་གི་ཧེ་རུ་ཀར་བསྒོམ་ལ་ཐུགས་ཀར་ཡེ་ཤེས་ཀྱི་འོད་ཟེར་སྤྲོས་ལ། ཚེ་ཡི་མ་མོ་རྣམས་བསྐུལ་ཏེ་དགུག་གོ །དགུག་པའི་དངོས་པོ་ནི་ཡི་གེ་དྲི་ལས་ཧུ༷་དུ་དམིགས་ཏེ། ལྕགས་ཀྱུའི་ཕྱག་རྒྱས་དྲང་ངོ་། །ཧུ༷་ཤར་ཕྱོགས་བྷ་གའི་ཀློང་ཡངས་སུ། །འབྱུང་བའི་ལག་ཏུ་ཚེ་ཉམས་པ། །དྲི་ཟའི་ལག་ཏུ་དཔལ་ཉམས་པ། །དེ་ཡི་ཕོ་ཉ་སྐྱོད་མཛད་དེ། །སྐུ་མདོག་གསེར་སྐྱ་སྤྱན་གསུམ་རལ་པ་ཅན། །ཕྱག་མ་གཡས་ན་ལྕགས་ཀྱུ་དགུས་གཏམས་ཤིང་། །གཡོན་པ་གར་སྟབས་གཡབ་འདོར་མ། །འབྱུང་པོའི་ལག་ནས་ཚེ་དྲོངས་ལ། །དྲི་ཟའི་ལག་ནས་དཔལ་སྐྱོབས་ཤིག །ལྷོ་ཕྱོགས་བྷ་གའི་ཀློང་ཡངས་སུ། །གཤིན་རྗེའི་ལག་ཏུ་ཚེ་ཉམས་པ། །སྲིན་པོའི་ལག་ཏུ་དཔལ་ཕྲོགས་ཀྱང་། །དེ་ཡི་ཕོ་ཉ་བསྐྱོད་མཛད་དེ། །སྐུ་མདོག་སྔོན་མོ་སྤྱན་གསུམ་རལ་པ་ཅན། །གཡས་ཀྱི་ཕྱག་ན་ལྕགས་ཀྱུ་དགུས་གཏམས་ཤིང་། །གཡོན་པ་གར་ཐབས་གཡབ་འདོར་མ། །གཤིན་རྗེའི་ལག་ནས་ཚེ་དྲོངས་ལ། །སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །ནུབ་ཕྱོགས་བྷ་ག་ཀློང་ཡངས་སུ། །ཀླུ་ཡི་ལག་ཏུ་ཚེ་ཉམས་པ། །ཡི་དྭགས་ལག་ཏུ་དཔལ་ཕྲོགས་ན། །དེ་ཡི་ཕོ་ཉ་བསྐྱོད་མཛད་དེ། །སྐུ་མདོག་མཚལ་དུ་སྤྱན་གསུམ་རལ་པ་ཅན། །གཡས་ཀྱི་ཕྱག་ན་ལྕགས་ཀྱུ་དགུས་གཏམས་ཤིང་། །གཡོན་པ་གར་སྟབས་གཡབ་འདོར་མ། །ཀླུ་ཡི་ལག་ནས་ཚེ་དྲོངས་ལ། །ཡི་དྭགས་ལག་ནས་དཔལ་སྐྱོབས་ཤིག །བྱང་ཕྱོགས་བྷ་གའི་ཀློང་ཡོངས་སུ། །གནོད་སྦྱིན་ལག་ཏུ་ཚེ་ཉམས་པ། །བགེགས་ཀྱི་ལག་ཏུ་དཔལ་ཕྲོགས་ན། །དེ་ཡི་ཕོ་ཉ་བསྐྱོད་མཛད་མ། །སྐུ་མདོག་ལྗང་གུ་སྤྱན་གསུམ་རལ་པ་ཅན། །གཡས་ཀྱི་ཕྱག་ན་དྲིལ་བུ་དགུས་གཏམས་ཤིང་། །གཡོན་པ་གར་ཐསས་གཡབ་འདོར་མ། །གནོད་སྤྱིན་ལག་ནས་ཚེ་དྲོངས་ལ། །བགེགས་ཀྱི་ལག་ནས་དཔལ་སྐྱོབས་ཤིག །སྟེང་གི་བྷ་ག་ཀློང་ཡོངས་སུ། །ཡ་བདུད་ལག་ནས་ཚེ་ཉམས་པ། །རྒྱལ་འགོང་ལག་ཏུ་དཔལ་ཕྲོགས་ན། །དེ་ཡི་ཕོ་ཉ་བསྐྱོད་མཛད་དེ། །སྐུ་མདོག་དམར་པོ་ཁྲག་གི་རལ་པ་ཅན། །ཉི་ཟླ་སྤྱན་དུ་མཛད་པའི་མཐུ་མོ་ཆེ། །གཡས་ཀྱི་ཕྱག་ན་ཞིང་གི་གཡང་གཞི་བསྣམས། །གཡོན་ན་ཚངས་པའི་མགོ་བཅད་ཁྲག་འཛག་བསྣམས། །ཡ་བདུད་ལག་ནས་ཚེ་དྲོངས་ལ། །བགེགས་ཀྱི་ལག་ནས་དཔལ་སྐྱོབས་ཤིག །འོག་ཕྱོགས་བྷ་གའི་ཀློང་ཡངས་སུ། །ས་བདག་ལ་ནི་ཚེ་ཉམས་པ། །མ་བདུད་ལག་ཏུ་དཔལ་ཕྲོགས་ཀྱང་། །དེ་ཡི་ཕོ་ཉ་བསྐྱོད་མཛད་མ། །ནག་མོ་ཆེན་མོ་རལ་པ་ཅན་། །གཡས་ཀྱི་ཕྱག་ན་ཏྲི་ཤཱལ་རུ་མདུང་བསྣམས། །གཡོན་པས་བྷརྙ་རཀྟས་བཀང་བ་བསྣམས། །ས་བདག་ལག་ནས་ཚེ་དྲོངས་ལ། །མ་བདུད་ལག་ནས་དཔལ་སྐྱོབས་ཤིག །མཚམས་བཞི་བྷ་ག་ཟུར་བཞི་ལ། །བཙན་འགོང་གནས་ནས་ཚེ་ཉམས་པ། །འབྲོག་སྲིན་ལག་ཏུ་དཔལ་ཕྲོགས་ཀྱང་། །དེ་ཡི་ཕོ་ཉ་བསྐྱོད་མཛད་མ། །རིན་ཆེན་སྲིད་འདེགས་མཛེས་པའི་ཟ་མ་ཏོག །གཡོན་ན་དུང་གི་ཟོ་བ་ཐོགས། །གཡོན་ན་གཡུ་ཡི་ཟ་མ་ཏོག །བཙན་འགོང་ལག་ནས་ཚེ་དྲོངས་ལ། །འབྲོག་སྲིན་ལག་ནས་དཔལ་སྐྱོབས་ཤིག །ཨོ་བཛྲ་ཡསྒ་བྷརྙ་རཀྟ་བཛྲ་ཕཊ། ཧུ༷་དྲི་ཧུ༷་དྲི་ཧུ༷་ཧུ༷་དྲི་ཛ་ཕཊ། དེ་ནས་ཉམས་དང་སྦྱར་ཏེ་ཁུགས་པ་དང་། ཚེ་བརྟན་པར་བྱ་སྟེ། འཕེལ་འགྲིབ་གྱི་ཚེ་རྟེན་ལ་བསྡུས་ཏེ། །ཚེ་རྟེན་ཅི་ཡང་རུང་བ་གཅིག་ལ་བསྟིམ། དེ་ནས་བཛྲ་ཤིང་གི་གི་རི་གི་རི་ཞེས་བརྗོད་དོ། །ཚེ་རྡོ་རྗེའི་གུར་དུ་གྱུར་པས་བསྒོམ་མོ། །དེ་ཡི་ནང་དུ་ཚེ་ཧུ༷་མཐིང་སྐྱར་དམིགས་ཏེ། ཁྲོ་བོ་ཧ་ཡ་རྒི་ཝས་བསྲུང་བར་བསྒོམ། གུར་གྱི་ཕྱི་རོལ་དུ་མགོ་བརྙན་མ་བརྒྱད་བསྒོམས་ལ། རྒྱས་གདབ་པའི་ཚིག་བཤད་བྱས་ལ་རྒྱས་གདབ་བོ། །ཚིག་ཏུ་ཡང་། སྲིད་པ་རྒྱས་འདེབས་དབང་ཕྱུག་ང་ཡི་རྒྱ། །དེ་ནས་གཉིས་མེད་རོལ་པའི་བདེ་མཆོག་ཡུམ་གྱི་རྒྱ། །དེ་ནས་མཁའ་འགྲོ་གྲུབ་པའི་རྒྱ། །རང་བྱུང་རྒྱས་གདེབ་ལས་མཁན་རྒྱས་ཐོབ་ཤིག །ཅེས་བརྗོད་ལ་ལས་མཁན་མོས་རྒྱས་གདབ་བོ། །རྒྱས་པར་བྱ་བ་ནི་ཚེ་དཔའ་བོ་འབྲུ་ལྔར་དམིགས་ལ་ཕུང་པོ་ལྔ་ལ་བསྡུས་ཏེ། དེ་ནས་རྒྱ་གྲམ་གྱིས་གོ་བགོ། །དེ་ནས་རྡོ་རྗེ་རྐྱང་པས་བཀའ་ནན་བྱ། དེའི་སྔགས་ནི། སརྦ་མི་ཏྲི་ཏྲི་ཀྭ་བཱ་ཙི་ན་བ༷། དུང་པུར་ཏེ་རོ་ཏ་རག་ཧུ༷་ཧུ༷། བསྐུལ་བ་ནི་ངེས་པའི་ཚེ་དང་མཐུན་ནོ། །རྡོ་རྗེ་ཚེའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཆེན་ཐབས་ཀྱི་ནི། །དགྲ་བགེགས་ཐུན་ལ་དབབ་པའི་ལས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དགྲ་བགེགས་ཐུན་ཟོར་དབབ་པ་དང་། །དེ་ཡི་བསྐུལ་ཚིག་འདི་སྐད་དོ། །ཧུ༷་གསེར་གྱི་ནམ་མཁའ་སེར་པོ་ཕྱུང་དཀྱིལ་ན། །གསེར་མཚོ་ཡེ་མོ་ཕྱུང་དེ་བྱང་ཞིག་ནས། །གསེར་མཁར་སེར་པོ་ཕྱུང་དཀྱིལ་ནས། །མངའ་དག་རྗེ་མོ་སུ་བཞུགས་ན། །གནམ་གྱི་གཙོ་མོ་གསེར་གྱི་རྒྱལ་མོ་བཞུགས། །ཕྱག་ན་གསེར་ཕུར་སེར་པོ་བསྣམས། །ནན་ཏུར་དགྲ་ལ་འཕེན་པའི་ཚེ། །གསེར་གྱི་ཕུང་བུ་བདུན་བདུན་འཕེན། །གཅིག་ནི་དཔྲལ་བའི་མཚམས་སུ་བརྡེག །ཚེ་དང་སྲོག་གི་རྟེན་ཕྲལ་མ། །གཅིག་ནི་མིག་གི་དཀྱིལ་དུ་བརྡེག །ལྟ་བ་ཀུན་གྱི་བབ་འཕྲོག་མ། །གཅིག་ནི་ལྕེ་ཡི་དཀྱིལ་དུ་བརྡེག །སྨྲ་བ་ངག་གི་དབང་སྡུད་མ། །གཅིག་ནི་དཔུང་མགོ་གཉིས་ལ་བརྡེག །སྟོབས་ཆེན་ཀུན་གྱི་རྩལ་འཕྲོག་མ། །གཅིག་ནི་སྙིང་གི་དཀྱིལ་དུ་བསྡེག །ཚེ་སྲོག་གཉིས་ཀྱི་དབང་སྡུད་མ། །གཅིག་ནི་ཕོ་མཚན་དཀྱིལ་དུ་བརྡེག །སྐྱེ་ཤི་གཉིས་ཀྱི་རབས་གཅོད་མ། །གཅིག་ནི་པུས་མོའི་དཀྱིལ་དུ་བརྡེག །འགྲོ་བ་ཀུན་གྱི་དབང་སྡུད་མ། །གཡུ་ཡི་ནམ་མཁའ་སྔོན་པོ་ཕྱང་ངེ་ཕྱང་། །མངའ་བདག་རྗེ་མོ་སུ་བཞུགས་ན། །ནམ་མཁའ་གཡུ་ཡི་གཡུ་སྐུ་བཞུགས། །ཕྱག་ན་གཡུ་ཡི་ཟོར་བ་སྔོན་པོ་བསྣམས། །དངུལ་གྱི་ནམ་མཁའ་དཀར་པོ་ཕྱང་ངེ་ཕྱང་། །མངའ་བདག་རྗེ་མོ་སུ་བཞུགས་ན། །དངུལ་གྱི་བཙུན་མོ་མ་བླ་བཞུགས། །ཕྱག་ན་དངུལ་ཟོར་དཀར་མོ་བསྣམས། །ཟངས་ཀྱི་ནམ་མཁའ་དམར་པོ་ཕྱང་ངེ་ཕྱང་། །མངའ་བདག་རྗེ་མོ་སུ་བཞུགས་ན། །ཟངས་ཀྱི་རྡོ་རྗེ་དམར་པོ་བཞུགས། །ཕྱག་ན་ཟངས་ཟོར་དམར་པོ་བསྣམས། །ལྕགས་ཀྱི་ནམ་མཁའ་སྔོན་པོ་ཕྱང་དཀྱིལ་ན། །དུག་མཚོ་ནག་པོ་ཕྱང་དཀྱིལ་ན། །མངའ་བདག་རྗེ་མོ་སུ་བཞུགས་ན། །སྲོག་གི་བདུད་མོ་ཆེན་མོ་བཞུགས། །སྡེར་མཆུ་མང་པོས་རྩ་རྒྱུས་འདྲེན། །སྙིང་གི་རྩ་ཆེན་དཀྲུག་ཅིང་ཟ། །མ་མོ་མཁའ་འགྲོ་ལས་ཀྱི་དུས། །སྟག་གི་མགོ་ཅན་མ་མོ་ནི། །རུས་མགོ་སུམ་བརྒྱ་དྲུག་ཅུ་འདྲལ། །འཐོག་ཅིང་འགྱེད་པའི་མ་མོ་ཡིན། །ལས་མཁན་ཆེན་མོ་ལས་མཛོད་ཅིག །རྒྱུད་བདག་ཆེན་མོས་རྒྱུད་བསྐུལ་ཅིག །མ་མོ་ཟོར་མཁན་ཆེན་མོ་ནི། །ཙིསྡོ་མ་ནིའི་སྔགས་ཟློ་ཞིང་། །མུ་སྟེགས་ཕུང་པོ་་ཤིག་བྱེད་མ། །འཇོམས་མ་ཆེན་མོ་ཡིད་འཕྲོག་ཡིན། །འདོད་ཆགས་ཁྲག་གི་དཀྱིལ་འཁོར་ནས། །མ་མོ་ཟོར་མཁན་སྟོང་གིས་བསྐོར། །ནན་ཏར་གཡོས་པའི་དུས་བྱུང་ན། །ཡ་བླ་བདུད་ཀྱང་མི་ཆེའོ། །མ་བླ་བདུད་མོ་མི་ཆེའོ། །བཙན་ལ་ཁ་བཞི་ག་ལ་ཆེ། །མགྱོགས་མ་སྡེ་བརྒྱད་ག་ལ་ཆེ། །གནམ་ཐེའུ་དཀར་པོ་ག་ལ་ཆེ། །གྲི་བོ་གྲི་མོ་ག་ལ་ཆེ། །མ་མོ་མཁའ་འགྲོ་ལས་ཀྱི་དུས། །རུས་པའི་ཕུར་བུ་བདུན་བདུན་འཕེན། །ཡ་བླ་བདུད་ཀྱང་མི་ཆེའོ། །འཐབ་བྲལ་གནས་ནས་ཞགས་ཐོགས་མ། །སུམ་བརྒྱ་སྤྲུལ་པས་འགྱེད་པ་ཡི། །ཕོ་ཉ་སུམ་བརྒྱ་དྲུག་བཅུ་ལ། །མངག་པ་རྡོ་རྗེ་ལས་མཛོད་ཅིག །གཞན་འཕྲུལ་དབང་བྱེད་གནས་སུ་འཕེན། །རྣལ་འབྱོར་དམ་སྲི་དམ་བྲལ་གྱི། །ཡ་བླ་བདུད་ཀྱང་མི་ཆེའོ། །མ་བླ་བདུད་ཀྱང་མིཆེའོ། །གནམ་ཟོར་ཆེན་མོ་བཅུ་གསུམ་གྱིས། །བགེགས་ཀྱི་ཁོང་ཁྲག་དཀྱུག་ཅིང་ཟ། །ས་ཟོར་ཆེན་མ་བཅུ་གསུམ་གྱིས། །དགྲ་བོའི་སྙིང་ཁྲག་དཀྲུག་ཅིང་འཐུང་། །དེ་ལྟར་ཟོར་གྱི་བདག་མོ་དང་། །མི་ནད་རིམས་ཀྱི་བདག་མོ་དང་། །རྟ་ཡི་ཁྲག་དང་བོང་བུའི་ཁྲག །ར་ཡི་ཁྲག་དང་གསེར་བརྡར་པའི། །གཡུ་བརྡར་འཆང་དང་ཕུད་ཀྱི་ནས། ་་་དཀར་བླངས་ལ་སྔགས་འདི་བཟླས། །ཧུ༷་སྙིང་སྦྱོ། །སྙིང་ངན་པ་རུ་ཏ༷། ཁོང་ཁྲགཏུ་བི་ར་རྟ་སརྦ་ན་སྲུ་ཧྭ། །ཡང་བརྒྱ་བདུན་བཟླས། །ཡང་ན་ཉི་ཤུ་རྩ་བདུན་བཟླས། །ཡང་ན་བཅུ་བདུན་བཟླས་པར་བྱ། །ཆོ་ག་འདི་བསྟེན་ཕན་ཡོན་གང་། །སྲིད་པ་གསུམ་ཡང་ཐལ་བར་རླག །ལྷ་རྣམས་ཀུན་ཀྱང་འདར་ཞིང་གཡོ། །བདུད་དང་སྲིན་པོ་ཐལ་རླག་ན། །མ་ལུས་དགྲ་བགེགས་སྨོས་ཅི་དགོས། །མ་མོ་གསེར་ཟོར་གྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྒྲུབ་ལ་བར་ཆད་བྱེད་པ་དང་། །བསྟན་པ་གཉེན་པོ་བཤིགས་པ་དང་། །དགེ་བའི་བཤེས་གཉེན་སྐུ་དགྲ་ལ། །མ་མོའི་ཁྲག་ཟོར་བཏང་བ་ནི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །བསྟན་པ་འཇིག་དང་བར་ཆོད་ལ། །སྐུ་དགྲ་གྱུར་པ་བསྒྲལ་བ་ནི། །ཡང་དག་ཉིད་དུ་ངས་བཤད་དོ། །དེ་ལ་དང་པོ་ཁྲག་ཟོར་ཇི་ལྟར་བཏང་བ་ནི། །དངུལ་སྐྱོགས་དཀར་པོར་ཤ་རུས་སྦྱར་བ་བཞག །གཡུ་སྐྱོགས་སྔོན་པོར་དབུགས་དང་དྲི་ཆུ་བཞག །ཟངས་སྐྱོགས་དམར་པོར་རཀྟ་སྣ་ལྔ་སྦྱར་ལ་བཞག །ལྕགས་སྐྱོགས་སྔོན་པོར་དྲོད་དང་མུང་ས་དྲི་དང་བཞག །གསེར་སྐྱོགས་སེར་པོར་བཀྲག་དང་མདངས་དང་ཤ་ཆེན་བཞག །སྐྱེ་ཚེ་དང་ལན་ཚྭ་དང་། ཉུང་ནག་ལ་སོགས་པ་གང་བྱ་བ་སྨོད་ཅིང་སྩལ་ལོ། །དེ་ལ་བསྐུལ་བའི་ཚིག་འདི་སྐད་དོ། །ཧུ༷་དངུལ་སྐྱོགས་དཀར་པོ་སྲ །བདུད་རྩི་སྐྱེམས་སྦྱར་ནས། །དམར་ཆེན་ཁྲག་བླུགས་ཤིང་། །ཟོར་མོ་ཤར་དུ་ཟོར། །འཕང་ངོ་ཤར་དུ་འཕང་། །མ་མོ་ཤར་གྱི་མངའ་བདག་མོ། ཁྲར་བདུད་ཆོམས་ཤིག་རྣམ་སྣང་གསལ། །བཙན་ལ་སྒྱུར་ཅིག་རྡོ་རྗེ་དབང་མོ་ཆེ། །དགྲ་བོ་ཆོམས་ཤིག་སྦས་པའི་མ་མོའི་ཚོགས། །གཡུ་སྐྱོགས་སྔོན་པོ་མུ །བདུད་རྩི་ཆུ་སྦྱར་ཅིང་། །དམར་ཆེན་ཁྲག་བླུགས་ཏེ། །ཟོར་རོ་བྱང་དུ་ཟོར། །འཕང་ངོ་བྱང་དུ་འཕང་། །བྱང་གི་མ་མོ་སྨྱོ། །བྱང་བདུད་ཆོམས་ཤིག་ཡང་གསལ་གཡོལ། །བཙན་ཁ་སྒྱུར་ཅིག་ལས་ཀྱི་དབང་མོ་ཆེ། །དགྲ་བོ་ཆོམས་ཤིག་སྦས་པའི་མ་མོ་ཚོགས། །ཟངས་སྐྱོགས་དམར་པོ་མྲ །བདུད་རྩི་རཀྟ་སྦྱར། །དམར་ཆེན་ཁྲག་བླུགས་ཤིང་། །ཟོར་རོ་ནུབ་ཏུ་༄༅། ཟོར། །འཕང་ངོ་ནུབ་ཏུ་འཕང་། །མ་མོ་ནུབ་ཀྱི་མ་མོ་སྨྱོ། །ནུབ་བདུད་ཆོམས་ཤིག་གཉེན་གསལ་མ། །བཙན་ཁ་སྒྱུར་ཅིག་པདྨ་དབང་མོ་ཆེ། །དགྲ་བོ་ཆོམས་ཤིག་སྦས་པའི་མ་མོའི་ཚོགས། །ལྕགས་སྐྱོགས་ནག་པོ་སྲ །བདུད་རྩི་བཱ༷་ས་སྦྱར། །དམར་ཆེན་ཁྲག་བླུགས་ཏེ། །ཟོར་རོ་ལྷོ་རུ་ཟོར། །འཕང་ངོ་ལྷོ་རུ་འཕང་། །མ་མོ་ལྷོ་ཡི་མ་མོ་སྨྱོ། །ལྷོ་བདུད་ཆོམས་ཤིག་འོད་གསལ་འབར། །བཙན་ཁ་སྒྱུར་ཅིག་རིན་ཆེན་དབང་མོ་ཆེ། །དགྲ་བོ་ཆོམས་ཤིག་སྦས་པའི་མ་མོའི་ཚོགས། །གསེར་སྐྱོགས་སེར་པོ་སྲ །བདུད་རྩི་ཆེན་པོ་སྦྱོར། །དམར་ཆེན་ཁྲག་བླུགས་ཏེ། །ཟོར་རོ་འོག་དང་སྟེང་དུ་ཟོར། །འཕང་ངོ་སྟེང་དང་འོག་ཏུ་འཕང་། །མ་མོ་སྟེང་འོག་མ་མོ་སྨྱོ། །ཡ་བདུད་ཆོམས་ཤིག་བཀྲགས་གསལ་མཉམ། །མ་བདུད་ཆོམས་ཤིག་རྒྱ་མཚོ་མ། །བཙན་ཁ་སྒྱུར་ཅིག་ཉི་ཟླ་ཐོད་ཕྲེང་ཅན། །དགྲ་བགེགས་ཆོམས་ཤིག་རྩ་བརྒྱད་མ། ཁྲར་དུ་ཟོར་བཏང་རྒྱལ་རིགས་དགྲ་བོ་བསད། །བྱང་དུ་ཟོར་བཏང་རྗེ་རིགས་དགྲ་བོ་བསད། །ནུབ་ཏུ་ཟོར་བཏང་དམངས་རིགས་དགྲ་བོ་བསད། །ལྷོ་རུ་ཟོར་བཏང་གདོལ་པའི་དགྲ་བོ་བསད། །སྟེང་དུ་ཟོར་བཏང་མུ་སྟེགས་དགྲ་བོ་བསད། །གཞན་ཡང་མ་མོར་གྲགས་པ་ཀུན་བསྐུལ་ལོ། །དུག་སྣ་ཚོགས་དང་སྦྱར་བ་རིམས་ནད་དུ་འགྱུར་རོ། །དམར་དང་སྦྱར་ན་དམར་ནད་སྣ་ཚོགས་སུ་འགྱུར་རོ། །འཇིག་རྟེན་དབང་ཆེ་བ་མཐུ་ཆེ་བ་ཡང་སྒྲོལ་བར་ངེས་ན། མ་ལུས་དགྲ་བགེགས་ལ་སྨོས་ཀྱང་ཅི་དགོས། མ་མོ་ཁྲག་ཟོར་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།ད་ནི་མ་མོའི་ཐུན་ཟོར་བྱུང་སྟེ། །དཀྱིལ་འཁོར་ལེའུ་ཚེ་དགུ་རུ་བྱས་ལ། དེ་ལ་འཁོར་ལོ་རྩིབས་བརྒྱད་བྲིའོ། །ཕུར་བུ་བཅུ་གཅིག་རྫས་སུ་འགོད་དོ། །ལྕགས་ཕུར་བཞི་ཡང་འགོད་དོ། །དེ་ལ་ཁྲག་ཆེན་དགུ་ཡི་ནང་དུ་ཟན་ཟུར་གསུམ་པ་བཅུ་གསུམ་བྱས་ལ། ཟན་གྱི་ཚད་ནི་སོར་གཉིས་པར་བྱས་ལ། དེ་ལ་རྩེ་མོར་ཉུང་ནག་རྩེ་མོ་མ་ཉམས་པ་རེ་རེ་གཟུག་གོ །དེ་ནས་བསེ་ཁབས་ཀྱི་ནང་དུ་ཤིང་ཙསྡོན་གྱི་རིགས་ནི་ངོས་སུ་བཞག ཤུག་པའི་རིགས་ཀྱི་ཤུན་པ་ལ། །དགྲ་བོའི་རུས་སམ་གཟུགས་བཅས་ལ། བསེ་ཁབས་ཀྱི་ནང་དུ་སྩལ། དེའི་ནང་དུ་བྱིའི་སྙིང་ཀླད་པ་དང་། ཁྲའི་མཆུ་བསེ་ཁབས་ཀྱི་ནང་དུ་བསྩལ་ལོ། །དེའི་ནང་དུ་ར་དུག་བ་དང་སྦྱང་ཚེར་བ་ཡང་བསྩལ་ལོ། །དུག་སྦྲུལ་དང་གཡབ་མོ་མགོ་སྦ་ཀུན་ཀྱང་བླུགས་སོ། །བདག་ཉིད་ཆེ་མཆོག་ཧེ་རུ་ཀར་བསྒོམ། སྐུ་ལ་ཐོད་པ་སྐམ་རློན་སེ་རལ་ཁར་བརྒྱན་པ། ཞབས་སྟོང་བགྲད་པ་སྟག་ལྤགས་ཀྱི་ཤམ་ཐམས་ཅན། སྦྲུལ་ནག་སྟོང་གིས་ལྷུ་ཚིགས་བརྒྱན་པ། ཕྱག་སྟོང་གདེངས་པ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ། མཆེ་བ་གཙིགས་པ་རྐན་སྒྲ་རྡེབ་པ། ལྗགས་འདྲིལ་བ། ག་་ག་་རྔམ་རྔམ་འདྲ་བ་གཅིག་ཏུ་རང་བསྒོམ་མོ། །དེ་བསྐུལ་ཚིག་འདི་སྐད་དོ། །ཧུ༷་ཁྲོ་མཆོག་ཡབ་ཀྱི་རྒྱལ་པོ་ནི། །ཐོད་ཕྲེང་འབར་བའི་སྲེ་རལ་ཅན། །ཞབས་ནི་རྒྱ་མཚོའི་གཏིང་དུ་བགྲད། །བརྒྱ་ཚར་ཅིག་གིས་ཚངས་པ་ཕོ་མོ་གནོན། །བརྒྱ་ཚར་གཅིག་གིས་ལྷ་ཆེན་ཕོ་མོ་གནོན། །བརྒྱ་ཚར་གཅིག་གིས་གནོད་སྤྱིན་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་ཁྱབ་འཇུག་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་བརྒྱ་བྱིན་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་སྲིན་པོ་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་བརྟན་མ་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་དབང་ལྡན་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་གྲི་སྲིད་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་ཚར་བའི་ཕོ་མོ་གནོན། །བརྒྱ་ཚར་གཅིག་ནི་ལྕགས་ཀྱུ་ཐོགས། །བརྒྱ་ཚར་གཅིག་ནི་རལ་གྲི་ཐོགས། །བརྒྱ་ཚར་གཅིག་ནི་ཚོན་གྱི་རྒྱལ་པོ་འཁོར་ལོ་ཐོགས། །བརྒྱ་ཚར་གཅིག་ནི་རྡོ་རྗེ་ཕུར་པ་འདྲིལ། །བརྒྱ་ཚར་གཅིག་ནི་ལྕགས་སྣ་ལྔའི་ཕུར་པ་འདྲིལ། །བརྒྱ་ཚར་གཅིག་ནི་བྷརྟོ་བསྣམས། །བརྒྱ་ཚར་གཅིག་ནི་རཀྟ་ལྕང་ལོ་བསྣམས། །བརྒྱ་ཚར་གཅིག་ནི་ཤ་ཆེན་ཞལ་དུ་བསྟབ། །བརྒྱ་ཚར་གཅིག་ནི་རྡོ་རྗེ་མགོ་ཕུར་དྲིལ། །བརྒྱ་ཚར་གཅིག་ནི་ཙསྡོན་བིང་ཆེན་གསོར། །དེ་ལ་དམར་གྱི་ཨསྙེ་སྦྲེང་ཞིང་སྩལ་ལ། སྙིང་པོ་འདི་སྐད་བརྗོད་དོ། མ་མ་རུ་རུ་སྒག་ཤིགམ་མ་རུ་རུ་སྨྱོ། རུ་རུ་མ་གུར་ལེན་སྨྱོ། མ་མོའི་སྙིང་པོ་དེ་སྐད་བརྒྱ་རྩ་བརྒྱད་བཟླས། ཞལ་བརྒྱ་ནས་སྔགས་བཟླས་པ་ནི། གནམ་རྨུགས་ན་ས་ཡང་རྨུགས། ཞལ་བརྒྱ་ནས་སྔགས་བཟླས་པ་ནི། ཀུན་ཏུ་འུར་འུར་ཆེམ་ཆེམ་རབ་ཏུ་ཆེམ། བསེ་ཁབ་རང་གི་རྡོག་པས་མནན་ལ། ཞབས་སྟོང་དུ་བསམ་ལ་མནན་ནོ། དཀར་དམར་གཡབ་འདོར་རས་ཁབ་ལ་བཀལ་ལ། བརྟེན་ཅིང་བསྐུལ་ལོ། བུད་མེད་ཁ་རལ་མའི་སྐྲས་དྲང་ཞིང་བསྒུལ་ལོ། ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ། ཨཱོཾ༷་ཨཱོཾ༷་ཨཱོཾ༷་ཨཱོཾ༷། ཨཱོཾ༷་ཨཱོཾ༷་ཨཱོཾ༷་ཨཱོཾ༷། ཨཱོཾ༷་ཨཱོཾ༷་ཨཱོཾ༷་ཨཱོཾ༷། ཨཱོཾ༷་སྦྱོ་རི་ཨོ་ཟློ་རི། ཨའུ་ཨའུ་ཨལྭ ཨའུ་ཨའུ་ཨལྭ ཨཱོཾ༷་བི་ར་ཤ་ཧོ༷། ཨོ་བི་ར་ཤ་ཧོ། ཨོ་བི་ར་ཤ་ཧོ།ཨོ་བི་་ར་ཤ་་ཧོ།་ཨོ་སྦེ་ར་ཤང་ཧོ།ངཨོ་བིང་ར་ཤེ་ཧོ། རྨོ་བི་་ར་ཤང་ཧོ།་ཨོ་སྣར་ནི། ཨོ་སྣར་ནི། ཨོ་སྣར་ནི། ཨོ་སྣར་ནི། ཨོ་སྣར་ནི། རྨོ་སྣར་ནི། ཨོ་སྣར་ནི། ཨོ་པྲ་ལ་ནི། ཨོ་པྲ་ལ་ནི། ཨོ་པྲ་ལ་ནི། ཨོ་པྲ་ལ་ནི། ཨོ་པྲ་ལ་ནིཨོ་པྲ་ལནི། ཨོ་པྲ་ལ་ནི། ཨོ་པྲ་ལ་ནི། ཨོ་པྲ་ལ་ནི། པྲ་མོ་ཁ། པྲ་མོ་ཁ། པྲ་མོ་ཁ། ཧབ་ཧབ་ཏ་། ཧབ་ཧབ་ཧབ། ཧབ་ཉབ། ཧུབ་ཧུབ་ཧུབ། ཧུབ་ཧུབ་ཧུབ། ཧུབ་ཧུབ། ཚོཔ་ཚོཔམོལ ཚཔཚམམོཔ། ཤིཁྲམཤི་ཁྲམ་ཤི་ཁྲམ་ཤི་ཁྲམ་ཤི་ཁྲམ། ཀུར་ཤ་ཀུར་ཤ ཕྲོམ་རྒྱལ་ན། ཕྲོམ་བརྒྱལ་ན། ཕྲོམ་རྒྱལ་ན། ཕྲོམ་བརྒྱལ་ན། གཟེར་ན། གཟེར་ན། གཟེར་ན། ཨ་ན་ཡོད། ཨ་ན་ཡོད། ཨ་ན་ཡོད། ཨ་ན་ཡོད། དུ་བན་ཙ་དུ། དུ་བན་ཙ་དུ། དུ་བན་ཙ་དུ། ཨ་སུ་པུ་སྲ ཨ་སུ་པུ་སྲ ཨ་བུན་ཏ། ཨ་བུན་ཏ། ཨ་བུན་ཏ། ཨ་བུན་ཏ། ཨ་བུན་ཏ། ག་སའི་མཆུ། ག་སའི་མཆུ། ག་སའི་མཆུ། ཕག་མོའི་མཆེ་བ་ཅན། ཕག་མོའི་མཆེ་བ་ཅན། སྒྱུང་ཀའི་མཆུ་ཅན་མ། སྒྱུང་ཀའི་མཆུ་ཅན་མ། མ་མོའི་ཐུན་ཟོར་གྱི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉེན་པོ་བཤིགས་པ་དང་། །དགེ་བའི་བཤེས་གཉེན་སྐུ་དགྲ་ལ། །བསྒྲལ་བའི་ལས་རྣམས་མ་བསྟན་པ། །སངས་རྒྱས་བཀའ་འདི་མི་བཙན་ཞིང་། །མུ་སྟེགས་ལོག་པ་མཐུ་དར་བས། །རྣལ་འབྱོར་སྒྲུབ་པོ་དམན་པར་ངེས། །འདི་དག་རྣམས་ལ་ཕན་གདགས་ཕྱིར། །དགྲ་བོ་བསྒྲལ་བའི་ལས་བྱ་ན། །དང་པོ་ལྷ་དང་ཇི་ལྟར་འབྲལ། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་པས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫ་གས་རྒྱལ་པོས་བཀའ་སྩལ་པ། །སྒྲུབ་ལ་བར་ཆོད་བྱེད་པ་དང་། །རྣལ་འབྱོར་དགྲ་དང་དམ་འདྲལ་ལ། །དགྲ་བ་་ལྷ་དབྲལ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དྲག་པོའི་ལས་འདི་མ་བསྟན་ན། །ལོག་པའི་ལམ་ལ་བློ་འཇུག་པས། །དོན་དམ་ཉིད་དུ་ངས་བསྟན་གྱི། །དང་པོ་དབང་བསྐུར་བཀའ་འཐོབ་ཅིང་། །ལུང་འདི་ཉན་ཞིང་བསྒོམ་བསྒྲུབ་སྟེ། །འདི་ཡི་རྟགས་དང་དངོས་གྲུབ་དང་། །ལས་ལ་བྱ་བ་དབང་ཐོབ་ནས། །ཐུགས་རྗེའི་དཔྱང་ཐག་ཆད་པ་དང་། །ངན་སོང་གནས་སུ་སྐྱེ་ངེས་ལ། །ཆོ་གའི་ལས་འདི་བྱ་ཐབས་ནི། །བྱ་རོག་དང་རུ་གཡས་པ་དང་། །འུག་པའི་དང་རུ་གཡོན་པ་ལ། ་༑ག་བུ་གྲུ་བཞི་ཚོན་གང་གཉིས། །གཅིག་ལ་དགྲ་བོའི་མིང་རུས་བྲི། །གཅིག་ལ་དགྲ་བོའི་ཕོ་ལྷ་བྲི། །དང་རུ་གཉིས་ལ་གྲོ་གས་གླན། །བྱ་རོག་སྒྲོ་ཡི་རྩེ་ལ་གདགས། །དགྲ་བོ་ནང་འཐབ་ཏུ་གཞུག་པ་ནི། །སྔགས་མིང་རྣམས་ནི་བྲི་ལ་བཞག །དགྲ་བོའི་མིང་འོག་འུག་པས་གནོན། །བྱ་རོག་གིས་ནི་ཕོ་ལྷ་གནོན། ་༑ག་ཤོག་ཚོན་གང་གྲུ་བཞི་ལ། །འོག་ནས་འབྱུང་བའི་སྔགས་བྲིས་ལ། །བྱ་རོག་འུག་པའི་བར་དུ་གཞུག །ཚོན་སྐུད་སྣ་ལྔས་བཅིང་ནས་ནི། ཁེང་རིང་རྩེ་ལ་བཏགས་ནས་ནི། །རླུད་པོ་ཆེ་ལ་འཐབ་ཏུ་གཞུག །བདག་ཉིད་ཆེ་མཆོག་སྐུར་བསྒོམ་ལ། །ཁར་ནི་སྔགས་ནི་ཅི་མང་བཟླས། །མ་མ་ཏྲག་ར་མ་ར་ཁྱེད་མ་ཏྲག་ར་མ་ར་ཡ། ཡུངས་ཀར་སྐྱེ་ཚེ་ཏིལ་ནག་ལ། །སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ནི། །སྒྲོ་གཉིས་ཀྱི་ནི་སྟེང་དུ་གཏོར། །དེ་ལ་བསྐུལ་ཚིག་འདི་སྐད་དོ། །ཁ་ཁ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་རལ་པ་ཅན། །རྟག་པར་ཟས་སུ་ཤ་ཟ་ཞིང་། །རོལ་ཅིག་ཁུག་གཅིག་ཕྲ་མེན་མ། །ཉིན་གྱི་ལས་མཛད་བྱ་རོག་མ། །བྷརྙ་གྲི་ཐོད་རོལ་རྔམ་མ། །ཕྲིན་ལས་མྱུར་མགྱོགས་དྲག་ཤུལ་ཆེ། །གཞན་གྱིས་མི་ཚུགས་སྐུ་མདོག་གནག །ཉིན་གྱི་ལས་མཛད་རྣལ་འབྱོར་མ། །ཉིན་གྱི་ཚེ་ཡི་ཕུང་པོ་ཆོམས། །དམ་ཉམས་དགྲ་བོ་འདི་དག་གི །ཕྲག་པ་གཡས་ཀྱི་ཕོ་ལྷ་ཕྲོལ། །མཚན་གྱི་ལས་མཛད་འུག་པ་མ། །སྙིང་འབྱིན་གྲི་ཐོགས་གསོད་ལ་རྔམས། །ཕྲིན་ལས་མྱུར་མཛད་དྲག་ཤུལ་ཆེ། །ཡོན་ཏན་མཐའ་རྒྱས་སྐུ་མདོག་སེར། །ཕྲིན་ལས་བདུད་འདུལ་གནས་རིགས་སྟོང་། །མཚན་གྱི་ལས་མཛད་རྣལ་འབྱོར་མ། །མཚན་གྱི་ཚེ་ཡི་ཕུང་པོ་ཆོམས། །དམ་ཉམས་དགྲ་བོ་འདི་དག་གི །ཕྲག་པ་གཡོན་པའི་ཕོ་ལྷ་ཕྲོལ། །རྩངས་པ་འཐབ་པའི་གྱོད་བར་ལ། །ཆུ་ཡི་ཉ་རྣམས་གཏོར་བ་བཞིན། །ཐུགས་རྗེའི་ཚམ་རྔམས་དྲག་ཤུལ་གྱིས། །འཛིན་རྟོག་ངང་ལས་འཐབ་བར་དུ། །དགྲ་བོའི་ལུས་ཀྱི་ཕོ་ལྷ་གཏོར། །གཅིག་ལ་གཅིག་གཤེད་དེ་གཤེད་གཉིས། གཤེད་ཀྱིས་གཤེད་རྒྱོབ་ཁ་ཁ་མ། །གཉེན་པོར་རྟགས་ཕྱུང་ཧུ་ལུ་མ། །གཉིས་མེད་འཐབ་པའི་སྤྲུལ་པ་ལས། །ཧ་ཧའི་ང་རྒྱལ་བདུད་དཔུང་བསྒྲལ། །རྒྱོབ་རྒྱོབ་ཚམ་རྔམས་ལྷ་ཆེན་བརྒྱལ། །སྲིད་པ་མེས་སྲེགས་དམ་ཚིག་ཉམས་པ་འདི། །མ་འདའ་ལས་ཀྱིས་སྒྲོལ་ཅིག་བྱ་རོག་མ། །སྟོང་གསུམ་ཆུས་བཀྲུས་བཀའ་ལས་འདའ་བྱེད་འདི། །མ་བཏང་ཕོ་ལྷ་ཕྲོལ་ཅིག་འུག་པ་མ། །རླུད་ནག་རྫུ་འཕྲུལ་སྟོབས་ཀྱིས་ཐུགས་དམ་བསྐུལ། །ཕྲ་མེན་མཁའ་འགྲོ་འཐབ་པའི་འགྱོད་བར་དུ། །རབ་ཏུ་དགྲ་བགེགས་གཏན་ནས་རློགས། །ཕུང་པོ་དུར་ཁྲོད་བརྒྱད་ཀྱི་སྣུམ་རྩི་མཛོད། །ནང་གྲོལ་མཐར་བྱེད་ཡུམ་གྱི་ནན་བཞུགས་གྱིས། །ཕོ་ལྷ་གནམ་དུ་འཕོངས་ལ་ཐུགས་སུ་འཕོ། །ཚེ་དཔལ་རྟག་རུ་སྡུས་ལ་དངོས་གྲུབ་བླངས། །ཞིང་ལྤགས་རྟགས་སུ་གསོལ་ལ་དཔའ་མཚན་མཛོད། །མ་ཚོགས་འབར་བ་ཀུན་ཀྱང་ཆེས་འདར་ནས། །དང་པོ་ཞི་བས་འདུལ་བའི་གཏམ་སྨྲས་པ། །དམ་ཉམས་དགྲ་བོ་སྲུང་བའི་ཕོ་ལྷ་གང་། །ཡེ་ཤེས་ལྷ་ཞིག་ཡིན་ན་འདི་བསྒྲལ་དགོས། །འདི་ལ་བསྒྲལ་བའི་ལས་རྣམས་མ་བྱས་ན། །དམ་ཚིག་ཉམས་པས་རྡོ་རྗེ་དམྱལ་བར་འགྲོ། །དམ་ཉམས་དགྲ་བོ་བསྲུང་བའི་ཕོ་ལྷ་གང་། །འཇིག་རྟེན་དྲེགས་པ་ཡིན་ན་ཤིན་ཏུ་ལེགས། །འདི་ལ་ཆགས་ཤིང་བསྲུངས་ན་གཉིས་ཀ་བསྒྲལ། མ་མ་སྒག་ཏྲ། ཁ་ཁ་ཁ་ཁུ་ཧི་ལ། ས་མ་ཡ་ད༷ལྒ ས་མ་ཡ་ད༷ལྒ ཞེས་བརྗོད་ཅིང་རང་བཞིན་གྱི་མ་མོའི་བསྐུལ་ཚིགས་བརྗོད་དོ། རྔམས་པ་དང་། མཆོངས་པ་དང་། བྲང་བརྡུང་བ་དང་། ཡན་ལག་བརྡབ་པ་ལ་སོགས་པ་བྱས་ན་དགྲ་བོ་ལྷ་དང་ཕྲལ་བར་འགྱུར་རོ། །དགྲ་བོ་ནང་འཐབ་གཞུག་ན་ཡང་དེ་དག་འདྲའོ། །དེ་ལས་ཡང་མཐའ་ཕུར་དུ་ཞུག་ན། ལྷ་འདྲེ་གང་མི་སྲུན་པ་གཅིག་གི་མིང་ཤོག་་།ག་ཚོན་གང་བ་གཅིག་ལ་བྲིས་ལ་བྱ་རོག་དང་རུ་ལ་གདགས། དགྲ་བོའི་མིང་རུས་ཤོག་ཤོག་ཚོན་གང་བ་གཅིག་ལ་བྲིས་ལ། འུག་པའི་དང་རུ་ལ་གདགས། དང་རུ་དེ་གཉིས་ཤིང་རིངས་ལ་བཏགས་ལ་འཐབས་སུ་གཞུགས་པའི་སྔགས་དང་། ཆོ་ག་གོང་མ་བཞིན་དུ་བྱས་ན་མཐའ་ཕུང་དུ་མཛུད་དོ། །སྔགས་གྲྭ་ཟུར་ཆག་ཏུ་མི་རུང་ངོ་། །དགྲ་བོ་ལྷ་དང་འབྲལ་བའི་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ཡང་མ་མོའི་ཐུན་རྣམ་པ་མང་པོའི་ལེའུ་ལས། གཡའ་མ་སྔོན་པོ་ཆགས་གང་ལ། དགྲ་བོའི་མིང་དང་གཟུགས་བྲིས་ལ། །ཕོ་ཉ་གཏོང་ཞིང་དེར་བསྟིམས་ལ། །འབྲུག་ཤིང་དག་གམ་ལྕགས་ལ་ནི། །མ་མོ་རྡོ་རྗེ་ཕུང་སྒྲོལ་ལ། །སྐུ་མདོག་ནག་མོ་ཆེན་མོ་ལ། །ཆིབས་སུ་སེ་རུ་ཞོན་པ་གཅིག །ཏིང་ངེ་འཛིན་གྱིས་གསལ་བར་བསྒོམ། །འོག་ནས་འབྱུང་བའི་སྔགས་བཟླས་ཤིང་། །དགྲ་བོའི་གཟུགས་ལ་བརྡེག་ནས་ནི། །བསྙེན་པ་བཞག་བདུན་བཙུགས་ནས་ནི། །བསྐུལ་ཚིག་གཞུང་བཞིན་བསྐུལ་ནས་ནི། །རྟགས་ཀྱང་ཞག་བདུན་ཉིད་ཀྱིས་སོ། །སྙིང་པོ་རཀྟ་ལས་ནི་དྲངས། །ཏྲག་རཀྟ་མུ་ཏྲ་མྱུར་སྨྱོ། །རུ་ལུ་རུ་ལུ་ཧུ༷་སྨྱོ་ཞེས་དེ་བཟླས་ཏེ། དེ་ནི་སྲོགགི་སྙིང་པོའོ། །སྲོག་ཤིང་མོ་ཡི་དམ་རྫས་ཡིན། །སྔགས་ཟུར་མ་ཆགས་པར་བཟླས་ན། །མཐའ་ཕུང་སྟེ་འོང་ངོ་། །དེ་ཡི་བསྐུལ་ཚིག་འདི་སྐད་དོ། །མཐིང་ནག་ཆེན་མོ་རལ་པ་ཅན། །ཟ་བྱེད་ཆེན་མོ་ལྕེ་འབེབས་མ། །རླུད་དང་བུ་ཡུག་ཆིབས་སུ་བཅིབས། །སྐུ་གཅིག་མི་བཟད་རལ་པ་ཅན། །ཟས་སུ་སེམས་ཅན་གསོན་ཟ་མ། །ཆེ་ཞེ་ཆེན་མོ་སྐུ་གཅིག་མ། །ནང་ཡང་སེམས་ཅན་འབུམ་ཟ་མ། །སྲིད་པ་ཟ་བར་བྱེད་པ་སྐྱེ་བའི་རྒྱུན་གཅོད་མ། །ཁམས་གསུམ་སྒྲོལ་མཛད་སྟོང་ཁམས་རབས་གཅོད་མ། །གང་ལ་དམིགས་པའི་དགྲ་བོ་ལ། །མ་མོ་ལས་ཀྱི་ཐུན་ཅིག་དབབ་ཏུ་གསོལ། །མ་མོའི་ཐུན་གྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ཡང་མ་མོའི་ཐུན་ལེའུ་གསུམ་པ་ལས། ཆུ་གཙང་མ་དང་ཁྲག་བསྲེས་ལ། །མོན་ནམ་རབས་ཆད་ཀྱི་ཐོད་པར་བླུགས་ལ། རང་བུད་མེད་ནག་པོ་རལ་པ་ཅན་དུ་བསྒོམ། བག་ཕྱེ་དང་ཁྲག་བསྲེས་པས་དེའི་ཁ་བཅད་ལ། ཚོན་སྐུད་ཀྱིས་ཁ་བཅིངས་ལ། སྙིང་པོ་འདི་བརྒྱ་རྩ་བརྒྱད་བཟླ་ཞིང་། ཞག་བདུན་དུ་བསྙེན་པ་བཙུགས་ཏེ།་ག་རཀ་ཤ་མུ་ཏྲ་སྙིང་ཁ་རག་སྨྱོ། །རུ་ལུ་ཞེས་བྱ་སྟེ། དགྲ་བོའི་མཁར་གྱི་སྤེའུ་དང་། །ཁྱིམ་ལ་གཏོར་ན་ཞག་གསུམ་གྱིས་འཇིག །གང་ལ་དམིགས་པའི་ཡུལ་ཕྱོགས་སུ་གཏོར་ན་མཐར་ཕུང་སྟེ་འགྲོའོ། །དེའི་བསྐུལ་ཚིག་འདི་སྐད་དོ། །ལྕགས་ཁང་ཆེན་མོ་ཁ་འབར་མ། །ལྕགས་ཀྱི་རལ་པ་བསིག་པ་ཡིས། །མཚམས་ཀྱི་འབྱུང་པོ་ཀུན་འདུལ་མ། །དབུ་ནི་ཕྲ་མེན་འབར་བའི་དབུ། །དེ་ཡི་སྒྲ་སྐད་ཆེན་མོ་ལ། །མི་སྙན་སྒྲ་ཡི་ང་རོ་འབྱིན། །དཔྲལ་བ་གཡས་ནས་དབུ་བྱུང་བ། །མེ་ཤིང་བསྐལ་པ་རི་བོའི་དབུ། །གུང་མོ་གཡས་ནས་དབུ་བྱུང་བ། །རྫུ་འཕྲུལ་སྟོང་གིས་གཏམས་པའི་དབུ། །ལྟག་པའི་བདུད་སྒོར་དབུ་བྱུང་བ། །ཆུ་བོ་ཀློང་ཆེན་འདྲིལ་བའི་དབུ། །གུང་མོ་གཡོན་ནས་དབུ་བྱུང་བ། །རོ་སྟོད་རླུད་གི་དབུ་ལ་རོ་སྨད་མེ་ཡི་དབུ། །ནུ་མ་གཡས་ནས་དབུ་བྱུང་བ། །ལྕགས་ཀྱི་སྤྱང་མོ་ཁ་གདངས་མ། །ནུ་མ་གཡོན་ནས་དབུ་བྱུང་བ། །རྔམ་པའི་སེང་གེ་སྟབས་མཆོངས་ཅན། །ལྕགས་ཀྱི་དྲེད་མོ་ང་རོ་གདོང་། །ལྕགས་ཀྱི་འབྲུག་ནི་མཆེ་བ་གཙིགས། །རེ་འགའ་འབྲུག་ཀྱང་ཚལ་ཚལ་བྱེད། །གང་དུ་མངགས་པར་རྒྱུག་སྟེ་འགྲོ། །ཡིད་ལ་བརྣག་པའི་དགྲ་བོ་ལ། །ལས་ཀྱི་ཐུན་ཅིག་ད་བྱ་ཡིས། །སྙིང་གི་དཀྱིལ་དུ་ཐོད་མདའ་ཡ། །ནོར་གྱི་དབྱིག་ཏུ་ཐོད་མདའ་ཡ། །ཡུལ་མཁར་ཁྱིམ་ལ་ཐོད་མདའ་ཡ། །ཞེས་བརྗོད་ལ་སྔགས་གོང་མ་ཡང་བཟླས་སོ། །མ་མོའི་ཐོད་ཐུན་གྱི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ཡང་མ་མོ་ཐུན་གྱི་ལེའུ་བཞི་པ་ལས། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ པདྨ་ཧེ་རུ་ཀ་ཁྲོ་བོ་གང་ཡང་རུང་བ་གཅིག་ཏུ་བསྒོམ་ལ། མི་མགོ་སྐམ་པོ་གཅིག་གི་ནང་དུ་གཏོར་མ་བླུགས་ལ།དཔྱིད་བྱ་ནག་མོའི་མིག་དང་ཁྲག་བསྲེས་ལ་གཏོར་མ་བྱ། དབྱར་མེ་ཏོག་དང་ཁྲག་བསྲེས་ལ་གཏོར་མ་བྱ། སྟོན་འབྲུ་སྣ་ཚོགས་དང་ཁྲག་བསྲེས་ལ་གཏོར་མ་བྱ། དགུན་ཤིང་ཟི་རིའི་མར་མེ་དང་ཁྲག་བསྲེས་ལ་གཏོར་མ་བྱ། དེ་ལ་བསྐུལ་ཚིག་འདི་སྐད་དོ། །ཧུ༷་དཔྱིད་ཀྱི་རྒྱལ་མོར་གཤེགས་པའི་ཚེ། །ག་ཤ་དེ་བའི་དུར་ཁྲོད་གནས་ཉུལ་མ། །དབྱར་གྱི་རྒྱལ་མོར་གཤེགས་པའི་ཚེ། །བྷ་ག་ཧྲི་ཏི་མཁའ་ལ་ཆར་འབེབས་མ། །སྟོན་གྱི་རྒྱལ་མོར་གཤེགས་པའི་ཚེ། །ཨེ་ཀ་ཙ་ཏི་རལ་གཅིག་མ། །ཕྱག་ན་གསེར་གྱི་ཟོར་བ་བསྣམས། །འབྲས་བུ་ལོ་ཐོག་བཅུད་ལེན་མ། །དགུན་གྱི་རྒྱལ་མོར་གཤེགས་པའི་ཚེ། །མེ་ཟ་བྲག་རྒྱན་རྒྱ་མཚོ་གཏིང་སྐེམས་མ། །ཁམས་གསུམ་མ་ལུས་དབང་དུ་བསྡུད། །དགྲ་བགེགས་ལུས་དམྱལ་ཐག་གཅོད། །གང་ལ་བྱ་བ་རྟགས་ཕྱུང་ལ། །དཀྱིལ་འཁོར་གཉེན་པོ་འདི་བསྟན་གྱིས། །འགལ་བྱེད་དགྲ་བགེགས་རྡུལ་དུ་རློག །ཅེས་བྱས་ལ་དུས་སུ་བསྐུལ་ཞིང་བསྒྲུབ་སྟེ། །ཞིང་ལྤགས་ལ་དགྲ་བོའི་མིང་དང་གཟུགས་བྲིས་གཏོར་མའི་ནང་དུ་དཀྲུག་ཅིང་བཅུག་ལ། ་་རུས་ཟ་བའི་སྙིང་པོ་འདི་བཟླས་སོ། །སྙིང་ཟའི་ཚེ་ལ་མ་ཤ་རོ་ལ་ཁྲག་འཐུང་ཀ་ཤི་གི་ཤ་ཤ་ཀྲི་ཁྲིང་རོ་ལ་ཁྲག་འཐུང་། ཀང་ཐིང་ཀང་ཤ་ཡ། ཡ༷་ཏར་བར་ཧ༷་ཤ་ལ་ཀྱེ་ཀྱང་། ཁྲ་ཧེ་ཁྲ་ཧེ། རུ་ལུ་རུ་ལུ་སྨྱོ། འདི་ཤ་རུས་ཟ་བའི་སྙིང་པོའི་སྔགས་སོ། །གྲྭ་ཟུར་མ་ཆག་པར་བཟླས་ལ། རང་གི་སྲིན་ལག་གཡོན་པ་ལ་ཁྲག་བྱུང་སྟེ་དཔྲལ་བའི་དབྱེས་སུ་བྱུགས་ལ། དགྲ་བོའི་གཟུགས་ཀྱང་གཏོར་མར་བསྲེས་ཤིང་ཉི་མ་ནུབ་ཁར་བཏང་ན་རྒྱུད་ལ་འཆད་དོ། །མ་མོའི་ཐུན་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཡང་ཐུན་ལེའུ་ལྔ་པ་ལས། བདག་ཁྲོ་བོ་ཆེན་པོའི་བདག་ཉིད་དུ་བསྒོམ་ལ། བྱི་ལ་བྲ་བའི་མཇུག་སྐྲུ་དང་། དགྲ་བོའི་མིང་བྱང་ར་རོག་པོའི་རྭ་རུ་བླུགས་ལ། ཁྲག་སྣ་ཚོགས་དང་བསྲེས་བཞིན་རེ་མ་ཏི་ལ་གཉེར་དུ་གཏད་དོ། །དེ་ལ་སྔགས་ནི། རེ་མ་ཏི་རཀྟ་སྦྱོ་རུ་ལུ་རུ་ལུ་ཞེས་མང་དུ་བཟླས་ལ། སྔགས་འདི་གྲྭ་ཟུར་མ་ཆག་པར་བཟླས་ལ། བསྐུལ་ཚིག་འདི་སྐད་བརྗོད་དོ། །ཧུ༷་སྲིད་པ་གསུམ་གྱི་རྩེ་མོ་ནས། འཁོར་ལོ་ཆེན་པོ་དྲེད་གདོང་མ། །ཆིབས་སུ་སེམས་ཅན་གང་བཅིབས་ན། །ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བཅིབས། །སྐྲུ་ནི་ལྕགས་ཀྱུ་བསྒྲིལ་མར་གཏིབ། །ལུསཔོགཅིགལདྲེདམགོ་དགུ། །སྤོ་ནི་རལ་གྲི་བརྒྱ་བརྒྱ་འབར། །བྲང་ནི་ཆུ་གྲི་གཞིབས་པས་གཏམས། །གང་ལ་མངགས་པར་རྒྱུག་ཅིང་འགྲོ། །སྟེང་གི་ཕྱོགས་སུ་མངགས་པའི་ཚེ། །གནམ་གྱི་སྟེང་གི་ལྷ་བྲན་ཀྱང་། །གཅིག་ཀྱང་མ་ལུས་དམྱལ་ཐག་གཅོད། །དྲེའུ་སྐད་ཐང་གཅིག་གནམ་དུ་བཏོན་པས་ནི། །སྲིད་པའི་མེས་པོ་ཚངས་པ་ཡང་། །ཐལ་བ་བཞིན་དུ་དཔྱད་ཁོང་མེད། །དྲེའུ་སྐད་ཐང་གཅིག་ས་ལ་བཏོན་པ་ནི། །རྒྱ་མཚོ་ཀུན་ཀྱང་གཏིང་ནས་སྐེམས། །དྲེའུ་རྗོག་ཐང་གསུམ་ས་ལ་བརྡབ་པ་ནི། །སྲིད་པ་གསུམ་ཡང་རྩེ་ནས་བསྙིལ། །རི་རབ་ཀུན་ཀྱང་རྨིང་ནས་འཇིལ། །ཁྱོད་ནི་དཔལ་གྱི་ཕོ་ཉ་སྟེ། །རྡུངས་ཤིག་ལྷོགས་ཤིག་རྡུལ་དུ་རློག །ཅེས་བརྗོད་ལ་ཉིད་ཀྱང་ཆེ་བའི་ང་རྒྱལ་བསྐྱེད་ལ། ཞེ་སྡང་དྲག་པོས་སྙིང་རྗེ་མ་བསྐྱེད་པར་ཞག་གྲངས་མང་དུ་བསྙེན་པ་བཙུགས་ན། ལས་མྱུར་བར་འགྲུབ་བོ། །མ་མོའི་ཐུན་ལེའུ་སྟེ་སུམ་ཅུ་པའོ།། །།ཡང་མ་མོའི་ཐུན་ལ་ལེའུ་དྲུག་པ་ལས། འབྲུ་ནག་པོ་ལ་སྦྲུལ་གྱི་གཟུགས་བྱས་ལ་དགྲ་བོ་གང་ཡིན་པའི་སྙིང་པོ་དང་། ཀླུ་ནག་པོའི་སྙིང་པོ་གཉིས་བསྲེས་ལ། སྦྲུལ་གྱི་ཁོག་པར་བཅུག་ལ། དེ་དགྲ་བོའི་ཕ་མྱེས་ཀྱི་ཐོད་པའི་ནང་དུ་བཅུག་ལ། ཀླུ་ནག་པོ་གནས་པའི་ཆུ་མིག་ཏུ་བསྐྱལ་ན། དགྲ་བོ་མཐའ་རླག་སྟེ་འགྲོའོ། །སྙིང་པོ་ནི། ནཱ་ག་བེ་ནི། ནཱ་ག་བེ་ནི། ནཱ་ག་རྭ་ཛ་ཚ་ཧ་ཧ་ཧུ༷་ཕཊ། བདག་ཉིད་ཀྱང་སྔགས་བཟླས་ཤིང་ལུས་བསྲུང་། མོན་ནམ་རབས་ཆད་ཀྱི་ཐོད་པར་དགྲ་བོའི་དུར་དུ་ཞུགདགྲ་བོའི་ཕ་མྱེས་ཀྱི་རོ་རྙེད་ན་མགོ་བོཆུ་མིག་ཀླུ་ནག་པོ་གནས་པའི་ས་རུ་བསྐྱལ། རྗེ་ངར་གཉིས་ཀྱང་སྨད་ཀྱི་ཤ་རུས་གཅིག་སྡེབས་ལ་རླུ་་ཆེན་པོའི་སར་ཕྱརན་ལེགས། དེ་མིན་ན་དེརསྦས་ནརབས་ཆདཔརངེས་སོ། །དེ་ལ་བསྐུལ་ཚིག་འདི་སྐད་དོ། །ཞབས་ཀྱི་འཁོར་ལོ་ལས་ནི་གསེར་གྱི་རྒྱལ་མོ་སྟེ། །གཡུ་ཡི་མེ་ཏོག་ནལ་ནལ་འཕྲོ། །རྟ་བྲོ་དང་ནི་ཆེམ་སྒྲ་དང་། །གནམ་གྱི་མཐོངས་ཀུན་སྒྲ་ཡིས་གང་། །ཕྱོགས་བ་་འཇིག་རྟེན་ཀུན་ཀྱང་ཁྱབ། །སྙིང་པོ་དུང་དང་ཧ་ཡིན་ཏེ། །འདི་ལྟ་བུ་ཡི་སྐུ་བྱུང་སྟེ། །ལས་མ་གྲུབ་པར་ཀུན་ཀྱང་རྒྱུག །ཀླུ་རྒྱལ་ཀུན་གྱི་གཤེད་བཞི་མ། །སྐུ་ལ་ན་བཟའ་ཅི་གསོལ་ན། །ཀླུ་རྒྱལ་འབྲུག་གི་སླག་པ་གསོལ། །ཆུསྲིན་འབུམ་གྱི་ཤམ་ཐབས་གསོལ། །ཕྱག་ན་ལྕགས་ཀྱུ་འབར་བ་བསྣམས། །ཀླུ་རྒྱལ་ཀུན་གྱི་སྙིང་ནས་འདྲེན། །ཟས་སུ་ཀླུ་ཡི་ཤ་ལ་ཟ། །སྐོམ་དུ་ཀླུ་ཡི་ཁྲག་ལ་འཐུང་། །གོས་སུ་ཀླུ་ཡི་ལྤགས་པ་གོན། །གལ་ཏེ་ལས་འདི་མ་བྱ་ན། །ཀླུ་རྣམས་ཀུན་ཀྱང་ཐལ་བར་རློགས། །སྙིང་པོ། །ཨ་ཙ་ལ་སྦྱོ་རུ་ལུ་ཧུ༷། ཞེ་བརྗོད་ལག་པའི་སོར་མོ་གདེང་ལ། བྱ་བཞིན་འདབ་མ་ཅན་དུ་བྱས་ནས། ལུང་པ་ཁ་བྱང་དྲང་པོར་བལྟས་པ་ལ་ཆུམིག་ཀྱངཁ་བྱང་དྲང་པོར་བལྟས་པར་ཆུ་མདོག་ནག་ལ་གཏིང་རིང་བར་རྐང་པ་གཉིས་བཅུག་སྟེ། ཁ་བྱའི་མཆུ་སྐྱེས་པ་བཞིན་དུ་བྱས་ལ། གོང་ནས་འབྱུང་བ་བཞིན་དུ་ཐོད་པ་ཁ་རུ་བཟུང་ལ་ལག་པས་མ་རེག་པར་ཆུ་མིག་ཏུ་བོར་ན་ལས་ལྡོག་མི་སྲིད་དོ། །ནད་ནི་འཛིན་ནད་ཀྱིས་འཛིན་ཏོ། །མ་མོའི་ཐུན་ལེའུ་སྟེ་སུམ་ཅུགཅིག་པའོ།། །།ཡང་མ་མོ་ཐུན་ལེའུ་བདུན་པ་ལས། གྲོ་གའམ་ཤིང་ཤུན་ལ་དགྲ་བོའི་མིང་བྱང་བྲིས་ལ། །བདགཉིདཀྱང་ཁྲོ་བོ་ཆེན་པོའི་སྐུར་བསྒོམས་ལ་ཀླུ་སྲིན་གནས་པའི་ས་རུ་བཅུག་ལ། རྐང་པས་མནན་ལ། སྔགས་ནི། །གོང་དུ་མ་སྨྱོ་རྭ་ཙ་ཏ་རུལུརུརུ་ལུ་ཞེས་བརྗོདལ།གྲངས་མང་དུ་བཟླས་ལ། ཚིག་ཏུ་ཡང་དམ་ཉམས་པ་འདིའི་མཆན་གྱི་བུ་ཕྲོགསཤིག་ཡན་ལག་སྐུམས་ཤིག་ཅེས་བརྗོད་ལ་བསྐུལ་ཚིག་འདི་བརྗོད་དོ། །གཡུཡི་འཁོར་ལོའི་རྩིབས་སྟེང་ནས། མི་བཟད་འབརབའི་སྐུ་བྱུང་བ། །སྲིདཔ་ཆེན་མོ་རྒྱ་མཚོ་བཞིན། །དེ་ལ་ཞབས་ནི་དགོད་པར་བྱེད། །དེ་ཡི་སྐུ་རྒྱན་བཤད་པ་ནི། །བ་སྐྲུ་ཉག་མ་རེ་རེ་ལ། །སྐུ་ཡི་དཀྱིལའཁོར་ཡིན་པར་བཤད། །སྤྱན་གྱི་རྫིམ་རེརེལས། །མ་མོའི་སྤྲུལ་པ་འབུམ་འབུམའགྱེད། །ཞབས་ཀྱིས་ལྷ་སྲིན་ཀུན་མནན་ཏེ། །ཕྱག་དང་ཞབས་ཀྱི་སྤྲུལ་པ་ལས། །རལ་གྲི་དམར་པོ་རེ་རེ་བྱུང་། །ཕྱོག་བཅུ་མ་ལུས་ཐམས་ཅད་ནི། །རིན་ཆེན་གཏེར་གྱི་ཀུན་བཀང་སྟེ། །སྲིདཔའི་སེམས་ཅན་པ་ལུས་པ། །ཐམས་ཅད་ཀུན་གྱི་སྙིང་ནས་འདྲེན། །དེ་ནས་བྱངཆུབ ལམ ཆེནཔོ། །བཅོལ་པའི་ལ་དེར་འགྲོ་བར་ངེས། །གང་ལ་བྱ་བ་གྲུབ པར་བྱས། །མ་མོའི་ཐུན་ལེའུ་སྟེ་སུམཅུ་གཉིསཔའོ ཡང་མ་མོའི་ཐུན་ལེའུ་བརྒྱད་པ་ལས། ཆོ་ག་འདིའི་དཔྱད་ལ་འབྲས་ཆང་གྲོ་ཆང་ཆུ་ཆང་དང་། ས་ལ་སྐྱེས་པའི་དུག་སྣ་ཚོགས། གླང་པོ་ཆེན་པོའི་མཚན་མ་དང་། །འདི་རྣམས་ཆང་གི་ནང་དུ་བླུག །བསེ་གཞོང་ཁ་བཅད་ཀྱི་ནང་དུ་བླུགས་ལ། ཡི་གེ་བརྒྱ་རྩ་བརྒྱད་བྲིས་ལ་བླུགས་ལ། དེའི་ནང་དུ་རྩི་སྨན་སྦྱར་བ་སྣ་ཚོགས་བླུགས་ལ། །ཞག་གསུམ་བསྙེན་པ་བཙུགས་ལ། །དགྲ་བོ་དངོས་ཡོད་ན་ཁང་པ་ལ་ཕོག་པར་བྱ། ཐག་རིང་ན་ཡུལ་ཕྱོགས་སུ་གཏོར་ལ་བཏང་། སྙིང་པོ། ཤ་ར་མ་པེ་ཤ་རུ་སོ་པ༷་ཤ་ཧུ༷་ཕཊ། ཅེས་རྗོད་ཅིང་གྲངས་མང་དུ་བཟླས་ལ། བསྐུལ་ཚིག་འདི་སྐད་དོ། །ནག་མོ་གསུམ་མིག་རྡོ་རྗེ་གདོང་། །གཡང་གཞི་གོས་སུ་གོན་པའི་རྫུ་འཕྲུལ་ཅན། །མཆེ་གཙིགས་རྐན་སྒྲས་སྲིད་གསུམ་ཟ། །ནད་ཀྱི་རྐྱལ་པ་གཡས་ན་ཐོགས། །ཚོན་གྱི་གྲུ་གུ་གཡོན་ན་ཐོགས། །མ་ཚོགས་རྔམ་པས་སྲིད་གསུམ་འཇིག །ཐམས་ཅད་མ་ལུས་རླག་པར་མཛོད། །ཅེས་བརྗོད་ན་ལས་ནུས་སོ། །ལས་འདི་ལན་གཅིག་མ་བཀྲོལ་ན། །རང་རྒྱུད་མེད་པར་འོང་ངོ་། །མ་མོའི་ཐུན་ལེའུ་སྟེ་སུམ་ཅུ་གསུམ་མོ།། །།ཡང་མ་མོ་ཐུན་ལེའུ་དགུ་པ་ལས། དགྲ་བོ་བསད་པའི་ཆོ་ག་རྣམ་པ་གཅིག་ལ། དོང་ཆག་གང་གྲུ་གསུམ་པ་གཅིག་བརྐོས་ལ། ནང་དུ་རྒྱ་སོལ་གྱིས་དགང་། སྤྱང་ཚེར་བ་ལ་དགྲ་བོའི་མིང་དང་གཟུགས་བྲིས་ལ། །མི་ཤི་བའི་ལག་པ་གཡས་པའི་ནང་དུ་བཅུག་ལ་དོང་གི་ནང་དུ་གཞུག ཁྲ་རུས་ཟ་བའི་སྔགས་ཚིག་ནི། མ་ཤ་བྱ་བ་བཟླས་ལ་ཉུང་དཀར་ལ་ཞག་གསུམ་བསྙེན་པ་བཙུགས། བསྐུལ་ཚིག་འདི་བརྗོད་པར་བྱ་སྟེ། སྲིན་མོ་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་མམ། །རྩུབ་ཅིང་གཏུམ་ལ་གཏུམ་ཁྲོ་ཆེ། །དབུ་གསུམ་གཙུག་ཕུད་གཅིག་ཏུ་བསྡུས། །གཡུ་ཡི་འཁོར་ལོ་རྩིབས་སྟོང་འབྱུང་། །དེ་ཡི་སྐུ་རྒྱན་ཡོད་པ་ནི། །གསེར་གྱི་གོ་ཟུ་གཡུ་ཡི་ཐིགས་གདབ་པས། །བ་སྤུ་ཉག་མ་རེ་རེས་ཟད་མཛད་དེ། །ལྕགས་ཀྱི་མཆེ་བ་ཐགས་བཟངས་ཅན། །གསེར་གྱི་ཕུར་པ་ལ་སོགས་པས། །ཞབས་ནི་རྒྱ་མཚོའི་གཏིང་དུ་བསྐྱོད། །ཕྱག་ཀུན་སྤྱི་བོའི་གཙུག་ཏུ་འབྱུང་། །ཞབས་ནི་རེ་རེ་འབྱུང་བ་ཡང་། །ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་པོ། །རྐང་པ་གསུམ་པོས་སྲིད་གསུམ་གནོན། །ཕྱག་ཆར་སྲིན་པོའི་ཐགས་བཟངས་ཐོགས། །རྒྱན་དུ་མི་ཡི་པགས་པས་བརྒྱན། །ཟས་སུ་དམ་ཉམས་ཤ་ལ་ཟ། །སྐོམ་དུ་དམ་ཉམས་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོ་རྒྱན་དུ་བྱས། །བན་དེ་བཤེས་གཉེན་དགེ་བསྙེན་དང་། བུད་མེད་ཕྲེང་ཐོགས་གང་ཡང་རུང་། །བདག་ལ་དགྲ་བྱ་དམྱལ་ཐག་གཅོད། །ཅེས་བསྐུལ་ན་ལས་ཆུད་མི་ཟའོ། །མ་མོའི་ཐུན་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།ད་ནི་མ་མོ་ཁྲག་སྐེམས་ཀྱི་ཆོ་ག་བཤད་པར་བྱ་སྟེ། ཡོ་བྱད་ལ་བྱ་ཤ་ཟན་སྣ་ཚོགས་ཀྱི་མགོ་བོ་དང་སྡེར་མོ། གཅན་གཟན་སྣ་ཚོགས་ཀྱི་མགོ་བོདང་སྡེར་མོ། སྐམ་ལ་གནས་པ་དང་། གཤེར་ལ་གནས་པའི་ཁྲག་སྣ་ཚོགིས་ཚང་བ། །མི་གྲིར་ཤི་བའི་བམ་ཚོགས་ཚགས་བྱས་ལ། །དང་པོ་གནས་བརྟག་པར་བྱ་སྟེ། །དུར་ཁྲོད་གནས་དང་ཤིང་གཅིག་དྲུང་། །བྲགནག་རྨོག་མགོ་མགུལ་ཆད་དང་། །ཆུ་བོའི་འགྲམ་མམ་རོལ་མཚོའི་ངོགས། །བྱ་རྒོད་འུག་པ་ཕོ་རོག་དང་། ་་ཟན་བྱ་ཡི་ཚང་ཡོད་པར། ཀང་ཀ་དུར་ཁྲོད་བྱ་གནས་པར། །གནས་ཁང་བཟང་པོ་ཡོད་ན་ལེགས། །མེད་ན་ཁང་བཟངས་སྦྲ་ཕུབ་ལ། །གཞུང་ནས་འབྱུང་བའི་དཀྱིལ་འཁོར་བརྩིག །དུར་ཁྲོད་འབར་བའི་ཐིག་གདབ་ལ། །ཁ་དོག་སྣ་ལྔའི་ཚོན་རྩི་བཀྱེ། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། །དབུས་ཀྱིམཐིང་ནག་གྲུ་གསུམ་ལ། །མ་མོ་བསྣོལ་བའི་གདན་སྟེང་ན། །ཆེ་མཆོག་ཡབ་ཡུམ་བརྩེགས་མར་འགོད། །མཐའ་མ་ཧེ་རུ་མ་བདུན་འགོད། །ཐོད་པའི་ཕྲེང་བས་མཐའ་མ་བསྐོར། །རྒྱན་དང་ཆས་གོས་ནག་པོར་བསྒྱུར། །དུར་ཁྲོདརྒྱན་དངབྷརྙ་བཀྲམ། །ཡུམ་ཡང་མཐིང་ག་མདངས་མདོག་ཕྱེད། །གཉེར་མ་གྱེན་འགྲེང་ཡོད་པ་བཙལ། །སྣོད་ཀྱང་་བར་གཤོང་ཟངས་གཞོང་དང་། །ལྕགས་ལ་སོགས་པ་གང་ཡོད་པར། །འབྲུ་ཁལ་གཅིག་ལ་གཏོརམ་བྱ། །ནང་དུ་དབང་པོ་རྣམ་ལྔ་དང་། །བ་སུ་ཏ་ཡིས་མཐའ་མ་བསྐོར། །ཁྲགསྣ ཚོགསཔདེརབླུགས་ལ། །ངརཕྱེགཅིགཟནལསོགས་པར། །དམ་ཉམས་དགྲ་བོའི་གཟུགས་བྱས་ལ། །མིང་རུས་སྙིང་གར་བསླན་ནས་ཀྱང་། །གཏོར་མའི་དབུས་སུ་གཞག་པར་བྱ། །དེ་ནས་དཀྱིལ་འཁོར་འཁོར་ལོ་ཡི། །ཕྱོགས་སུ་རང་གཞན་གནས་བྱས་ནས། །རྫས་རྒོད་སྨན་བརླབས་གཞན་བཞིན་བྱ། །སྒྲུབ་པ་ནང་ལ་བཞུགས་ནས་ཀྱང་། །བདག་ཉིད་དཀྱིལ་འཁོར་གསལ་བསྒོམས་ཏེ། །ལས་ཀྱི་གཞུང་བསྲང་འཛབ་བཟླས་ནས། །མཆོད་པ་དུས་དྲུག་དབུལ་བར་བྱ། །ཐུགས་དམ་ཤེལ་དང་བྱ་ཡིས་བསྐང་། །ཙ་ར་རོག་པོས་སྨོན་བཙུགས་ཏེ། །ཀུ་ཀུ་ར་ལ་དབང་ཐང་བསྒྲལ། །བསྐུལ་ཅིང་ཕོ་ཉ་བཏང་ནས་ནི། ཁྲེས་པ་དགུག་ཅིང་གཟུགས་ལ་བསྟིམ། །མ་མོ་མཁའ་འགྲོ་དབང་ཕྱུག་མ། །ཅི་བགྱི་བཀའ་ཉན་ལ་སོགས་པས། །དེ་ཡི་ཤ་ཁྲག་ཟོས་པར་བསྒོམ། །གཡབ་ནག་བརྡབ་ཅིང་སླེ་འུས་བརྡབ། །དམར་གྱི་ཨསྙེ་རྒྱུན་མེད་སྦྲེང་། །བཅོལ་དང་བཤགས་པ་ནུས་ཚད་བྱ། །འཛབ་དང་བསྙེན་པ་ཚང་བར་བཟླས། །ཉེས་པ་མེད་པའི་འོ་དོད་འབོད། ཁྲ་ལག་ཟ་བའི་སྔགས་ཀྱང་བཟླས། །ཡང་ན་དུས་གསུམ་རུབ་པར་བཟླས། །བཅོལ་ཅིང་བསྐུལ་བ་གོང་མ་བཞིན། །ཕོ་ཉ་བཏང་བ་གོང་བཞིན་བྱ། །དགུག་ཅིང་འགུགས་འདྲེན་སྔགས་ཀྱིས་བྱ། །དེབཞིནལནགྲངསཅི་མང་དུ། །ཟླ་བ་ཕྱེད་དུ་ལས་བྱས་ན། །འབབ་འགྱུར་འདི་ལ་གདོན་མི་ཟ། །གཏོར་མ་ཆུ་དང་མེ་ལ་བཏང་། །ཞི་ནསདམཚིགགཞུངདུབསྲུང་། །འདིས་ནི་ཤ་ཁྲག་སྐེམ་པར་བྱེད། །མ་མོ་ཤ་ཁྲག་སྐེམ་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།རིམས་ནད་བཏང་བའི་ཆོ་ག་ལ། དང་པོ་གནས་བརྟག་པར་བྱ་སྟེ། རིའི་རྩེ་མོ་བྱུང་རྒྱལ་དུ་ཡོད་པ། རིའི་ཁ་ནས་བལྟས་ན་ཀུན་མཐོང་བ། སྟོད་རལ་པ་བརྙིལ་པ་འདྲ་བ། བར་སྟག་རིས་བཏོད་པ་འདྲ་བ། ཞོལ་གྱི་བྲག་མཚོན་ཆ་ཐོགས་པ་འདྲ་བ། ཆུ་ མཚམས་ནས་བབ་ན་ཡང་ལེགས་སོ། །ཞབས་ན་ཡི་དྭགས་ཀྱི་གནས་ཡོད་པ། །དེ་ལྟ་བུར་སོང་ལ་ཡུམ་སྐྲ་ལྕང་ལོར་ཡོད་པ། ཡིད་ཙམ་སེར་པ། མདོག་དམར་བ་སྤོ་རྣོ་བ། བལྟས་པས་བྱང་ཆུབ་ཀྱི་སེམས་རིག་པ། གཟུགས་བརྗིད་བག་ཏུ་འགྲོ་བ་ཞིག་ཁྲིད་ལ། དཀྱིལ་འཁོར་གཞུང་ནས་འབྱུང་བ་བཞིན་དུ་བརྩེགས་ལ།བདག་ཉིད་ཆེ་མཆོག་ཏུ་བསྒོམས་ལ། ལས་དང་ཆོ་ག་ཚང་བར་བྱས་ལ། མ་མོ་དབང་ཚད་རིམ་པར་སྐུལ་ཞིང་རིམས་ནད་ཐོང་ཅིག་པར་བསྒོས་ན་ནད་སྣ་ཚོགས་པ་འབྱུང་ངོ་། །ཡང་ན་བདག་ཆེ་མཆོག་གིས་ཡེ་ཤེས་ཀྱི་མ་མོ་བསྐུལ། །ཡེ་ཤེས་ཀྱི་མ་མོས་རང་བཞིན་གྱི་མ་མོ་བསྐུལ། རང་བཞིན་གྱི་མ་མོས་སྲིད་པའི་མ་མོ་བསྐུལ། སྲིད་པའི་མ་མོས་ཨེ་ཀ་ཙ་ཏི་རྦད་དེ། ཨེ་ཀ་ཙ་ཏིས་ནག་མོ་རེ་མ་ཏི་བསྐུལ་ནས། ཨེ་ཀར་ཤ་ནག་མོ་རག་མོ་ཡསྒ་སྨྱོ། །རུ་ལུ་རུ་ལུ་སྨྱོ། མ་མོ་་ག་རསྒ་མུ་ཏྲ་མ་ཏྲ་མ་སྨྱོ། །ཞེས་གྲངས་མང་དུ་བཟླས་པས་གླིང་བཞིའི་ཡུལ་གང་ཡིན་པར་གླང་རིམས་དང་། ལྒབྲུ་བག་གི་རིམསསྣཚོགསཡོདདོ། །དེ་ནས་ཡང་བདུད་ཀྱི་བུ་མོ་དམར་སྐྱ་སྐེམ་བྱེད་མིག་གཅིག་མ་རྦད་དེ། རལ་ནག་བསིགས་ཤིག་དེ་རིང་ལྷ་མོ་ཨུ་མ། དེ་རིང་ས་མ་ཡ་སྨྱོ། སྙིང་ཟ་བ་ཙི་ལ་མ་ཤ་རོ་ལ་ཁྲག་འཐུང་ཀང་ཀ་ཤ་ཡ། ཏར་བར་ལ་ཧོ། ཤ་ལ་ཀ་ལ་ཀ་ཀིང་གྲང་དེ་རུ་ལུ་སྨྱོ། ཞེས་རྦད་པས། །མི་ཡུལ་གླིང་བཞི་གང་ཡིན་པར་འཁྲུ་བག་གི་ནད་དང་གླང་ཐབས་ཀྱི་ནད་སྣ་ཚོགས་འོང་ངོ་། །དེ་ནས་ཕྱུགས་ནད་སྣ་ཚོགས་བཏང་བ་ནི། རལ་གཅིག་མར་བསྒོམས་ལ། ལྷ་མོ་ནམ་གྲུ་མ་རྦད་ཅིང་བསྐུལ་ཚིག་འདི་སྐད་དོ། །ནམ་གྲུ་ཁྱོད་ཀྱི་ཆོ་དང་འབྲང་། །མཚན་ནི་ཡང་དག་བཤད་བྱ་བ། །ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས། རྒྱབ་ནི་འཛམ་བུ་ཆུ་བོའི་གསེར། །ཁྱོད་ཀྱི་གདོང་པ་དངུལ་ཡིན་ཏེ། །ལྟོ་བའི་ངོས་ནི་རྡོ་རྗེ་མཁྲེགས། །མིང་ནི་མཛོད་དང་མཛོད་སྲུང་བྱེད། །ཁྱོད་ཀྱི་མ་ནི་ཀུན་ཏུ་འགྲོ། །ཁྱོད་ཀྱི་ཕ་ནི་རླུད་ཞེས་བྱ། །བྷ་ག་ཧྲི་ཏྲི་ནད་ཀྱིས་བདག །ལྷ་ཡུལ་དག་ཏུ་འཁྲུངས་པ་ཡིན། །ན་མོ་བཛྲ་བཱ་ཁེ་ནི་སི། །ཙི་ལི་ཙི་ལི། །སྟིན་དྷི་སྟིན་དྷི། མུན་ཙ་མུན་ཙ། །ཧི་པ་ལ་ཏེ་ན་གྲྭ་ཧྭ། ཞེས་བརྗོད་ཅིང་བསྐུལ་ན་ཕྱུགས་ནད་སྣ་ཚོགས་འོང་ངོ་། །དེ་ནས་ཕ་རོལ་པོའི་གནོད་ཚུལ་ལ་ནད་སྣ་བཅད་པར་བྱེད་ན། །བཛྲ་བཱ་ཁེ་རད་ན་པ་ཡ་ཏི་གྲྭ་ཧྭ། །དེ་བ་ས་མརྙ་བ་ཡ་ཏི་སྲུ་ཧྭ། ཤི་ཤ་ཡ་ས་མན་ཏ་བ་ཡ་ཏི་གྲྭ་ཧྭ། ཞེས་བརྗོད་ཅིང་ནམ་གྲུའི་མཚན་དང་ཆོ་འབྲང་ནོད་ཅིང་། གྲོ་ག་ལ་བྲིས་ནས་དགྲ་བོ་ལ་བཏབ་ན། ཡུལ་དེར་ཞི་བ་དང་བཀྲ་ཤིས་པར་འགྱུར་རོ། །མི་ནད་ཕྱུགས་ནད་ལ་སོགས་ཏེ། ནད་ཐམས་ཅད་མི་འོང་ངོ་། དེ་ནས་ཀྱང་བཛྲ་ཧེ་རུ་ཀར་བསྒོམས་ལ། །ཨེ་ཀ་ཛ་ཏི་རལ་གཅིག་མ་རྦད་དེ། །སྒག་རག་ཤ་ཁ་མུན་ཏྲ་ཛ་ཏིག་སྣ་ས་མ་ཡ་སྨྱོ། བམ་རིལ་ཤན་ཤོག་དུན་སྨྱོ། །སྙིང་ཁ་རག་སྙིང་ཁ་རག་རམ་སྲོག་བམ་རིལ་སྨྱོ་རྦད་པས་དགྲ་བོ་བརྒྱལ་ནད་ཀྱིས་འདེབས་པར་འགྱུར་རོ། །ཡང་ཁྲོ་བོ་དེ་བསྒོམ་ལ། རི་རབ་གླིང་བཞིར་དབང་བསྒྱུར་བ། བཛྲ་དུར་ཁ་ཏི་གླིང་བཞི་མ་རྦད་དེ། །གྲུ་མ་གུམ་བུའི་བ༷་བ་རི་བུར་པ་གོ་ཧྲི། འུ་ཤིག་དགྲ་དགྲུད་འདི་ལིང་པྲ་ཤིང་གློ་སྙིང་ཕྱུང་། ཀྲུམ་ལ་ཀང་ཀ་རང་ཕྱོད་རྣོལ་ཐིམ། པྲ་ལིང་ཙ་ཚར་བུ་ཤིང་རྡུམ་བུ་བཅད་པར་བྱའོ། །ཞེས་གྲོ་གའམ་ཤིང་ལ་རི་མོ་བྲིས་ཀྱང་རུང་སྟེ། དུར་ཁྲོད་ཀྱི་ས་ལ་གཟུགས་སྨུག་ནག་ཏུ་བྱས་ལ་རྦད་ན། དགྲ་བོ་ལ་རིམས་ནད་ཀྱི་ཀླད་གཟེར་དང་ཡན་ལག་བཅིངས་པར་འགྱུར་རོ། །དེ་ནས་ཡང་ཁྲོ་བོ་བསྒོམས་ཏེ། །རྫོང་གི་ལྷ་མོ་རལ་པ་དགུ་བ་རྦད་དོ། །ཀྲོང་ཀྲོང་བ་ཏི་བར་ཀློང་ཁུ་ཁུ་ཐ་ཏ་ཐ་ཏ། ཁ་ཁ་དུར་དུར་དུར། མོ་ཁ༷་ཁ༷་ཁ༷་རུ་ཁ༷། བདུད་ཀྱིས་ཁ༷་ལ་རུ་སྲ དམ་དམ་ཤ །བདུད་ཀྱི་སྲོག་ལེ་ཡ་ར༷་ཡ་ར༷་ཞེས་རྦད་པས། བདུད་ཉིད་ཀྱང་འཆི་བར་འགྱུར་ན་དགྲ་ལྟ་ཅི་སྨོས། དེ་ནས་ཡང་ཁྲོ་བོར་བསྒོམས་ནས། གངས་རིའི་བུ་མོ་སྤྱན་གཅིག་མ་རྦད་ན། ཨ་ལི་དུ་དུ་ན་ཀི་རུ་ཀ་ལིང་དབུགས་ལོང་། ཕྱུང་ཤིག་ཤིག །སྲོག་བ༷་པ་ཏི་བ༷་ཞེས་རྦད་པས། དགྲ་བོའི་ཡུལ་ཕྱོགས་སུ་ནད་བཏང་ངོ་། །ཡང་ཁྲོ་བོ་བསྒོམས་ལ། རྡོ་རྗེ་ཤུགས་སྒྲོལ་མ་རྦད་དོ། །ནཱ་ནཱ་ནཱ་ཤུན་རྩི་ན་འདུ་ཤེད་ཤེད་ཏིས་ཏུ་རྦད་དམ་་༷་རིལ་རིལ། ལི་ལི་སྨྱོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧུ༷། དགྲ་བོ་ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་རོ། །མན་ངག་དེ་དང་ལྡན་པ་ཡང་ མ་ཡེངས་བསྒོམས་པས་སྒྲུབ་བརྩོན་པ། །དམ་ཚིག་མ་ཉམས་ཡོ་བྱད་ལྡན་། །དམ་རྫས་མཆོག་དང་གཞུད་བཅུག་པས། །རིམས་དང་ནད་རྣམས་ཅི་གར་གཏོང་། །སྟོང་གསུམ་ཉམས་པ་ཕུང་བར་འགྱུར་། །བསྐུལ་ཚིག་གཞུད་ན་ཡོད་པ་བཏང་། །རིམས་ནད་བཏང་བའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ལས་རྣམས་དྲག་པོ་འདི་བརྩམ་པ། །ཀུན་ལ་བྱ་བ་འབྱུང་ལགས་སམ། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །ལས་རྣམས་བརྩམས་པའི་དམིགས་བསྟན་པ། །ཡང་དག་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །བསྒྲལ་བའི་ལས་འདི་བརྩམས་པ་ཡང་། །ཀུན་ལ་བྱ་བར་མ་གསུངས་ཏེ། །མཚན་དང་ལྡན་པའི་སྐྱེས་བུ་ཡང་། །གཞུང་དང་ལྡན་པའི་སྐྱེས་བུ་དང་། །དོན་དང་ལྡན་པའི་དགེ་འདུན་དང་། །ལུང་དང་ལྡན་པའི་མཁན་སློབ་དང་། །ཆོས་དང་ལྡན་པའི་རྒྱལ་པོ་དང་། །ཁྲིམས་དང་ལྡན་པའི་བྲམ་ཟེ་དང་། །རྟགས་དང་ལྡན་པའི་བུད་མེད་ལ། །ལས་འདི་བརྩམ་པར་ཡོངས་མ་གསུངས། །བརྩམས་ཀྱང་མོ་གྲུབ་བདག་ཉིད་ཕུང་། །གཞན་གྱི་དོན་ནི་གཉེར་བ་དང་། །རོགས་འབྲེལ་དོན་དུ་བརྩམ་པ་དང་། །རང་ནོར་རང་གིས་བླང་བ་དང་། །རིངས་པར་ཟ་བར་བསྐོས་པ་དང་། །ཉམ་ཐག་ཕོངས་པར་གྱུར་པ་དང་། །མ་རྟོགས་གླེན་པའི་མཚན་ཉིད་ལ། །ལས་འདི་བརྩམས་པར་ངས་མ་གསུངས། །བརྩམས་ཀྱང་སྡིག་སྒྲིབ་ཆེ་བར་འགྱུར། །ལེན་པ་རང་གིས་ཆེ་བ་དང་། །མཁན་འཁོན་ཕྲན་ཚེགས་ཡོད་པ་དང་། །ཁ་སྙད་ཆགས་པ་ཕྲ་མོ་དང་། །ཆད་དབང་གདོན་བསླུས་བཀའ་སྩལ་པར། །ལས་འདི་བརྩམ་པར་ངས་མ་གསུངས། །བརྩམས་ཀྱང་སྡིག་སྒྲིབ་ཆེ་བར་འགྱུར། །ལེན་པ་རང་གིས་ཆེ་བ་ལ། །བརྩམས་ན་ངན་སོང་གསུམ་དུ་ལྷུང་། །འདི་དག་བརྩམས་པའི་མཚན་ཉིད་ནི། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཐེག་པ་ཆེན་པོ་སྨོད་པ་དང་། །བསྟན་པ་གཉེན་པོ་བཤིགས་པ་དང་། །སྔ་རབས་ཚད་མའི་སྐུ་དགྲ་དང་། །བཀའ་རྐུན་འགལ་བར་བྱེད་པ་དང་། །ཆ་ཡོད་བཞིན་དུ་འཇོམས་ཆེ་དང་། །རང་ཆོག་ཡོད་ཀྱང་གཞན་ལ་འཕྲོག །མ་ཉེས་ཡོངས་ཀྱི་གཉའ་བ་གནོན། །ཉམ་ཐག་ཀུན་ལ་སྙིང་རྗེ་མེད། །སྡིག་པའི་ཕྱོགས་བསྟོད་དགེ་བ་སྨོད། །ཡོན་ཏན་ཅན་དང་མཁས་པ་གསོད། །རྣལ་འབྱོར་བར་ཆོད་རྐུ་འཕྲོག་བྱེད། །ཕུད་དང་སྒྲུབ་པའི་ལོངས་སྤྱོད་ཟ། །སྙིང་ནས་ཟ་བར་ཤོམས་པ་དང་། །ཁྲེལ་འཛེམ་ངོ་ཚ་བྲལ་བ་དང་། །རྒྱལ་ཁམས་ནག་པོར་བྱེད་པ་དང་། །བདག་དང་ཡོངས་ལ་འཛུགས་པ་དང་། །ཞི་བར་སྨས་ཀྱང་མི་ཉན་པ། །བདེན་པར་བཀྲོལ་ཀྱང་མི་གོ་བ། །འདི་དག་བསྒྲལ་བའི་རྒྱུ་ཡིན་པས། །ཕྲིན་ལས་དུས་ལ་བབ་པ་ཡིས། །བསྒྲལ་བའི་ཞིང་བཅུར་གྱུར་པ་སྟེ། །ཞེ་སྡང་མེ་ལྟར་འབར་ཏེ་གཅིག །ཕྲག་དོག་རླུད་ལྟར་འཚུབས་ཏེ་གཉིས། །འདོད་ཆགས་ཆུ་ལྟར་གཏམས་ཏེ་གསུམ། །གཏི་མུག་རི་ལྟར་སྤུངས་ཏེ་བཞི། །ང་རྒྱལ་བསེ་ལྟར་ཁེངས་ཏེ་ལྔ། །སེར་སྣ་རྩི་ལྟར་འབྱར་ཏེ་དྲུག །ག་་ཁྲོ་ཁྲོ་ཆུ་འདྲ་སྟེ་བདུན། །གསོད་གཅོད་སྲིན་པོ་འདྲ་སྟེ་བརྒྱད། །འཕྲོག་རློམ་སྲིན་པོ་འདྲ་སྟེ་དགུ །ཆོས་ལོག་ཁ་དཔོན་བྱེད་དང་བཅུ། །འདི་དག་བསྒྲལ་བའི་དམིགས་ཡིན་ཏེ། །འདི་དག་བསྒྲལ་བར་མ་བརྩམས་ན། །སྙིང་རྗེའི་དམ་ཚིག་ཉམས་པར་འགྱུར། །ངན་སོང་སྐྱེ་ཞིང་དམྱལ་བར་འགྱུར། །བླ་མེད་ཐར་ལམ་སྟོངས་པར་འགྱུར། །འདི་དག་བསྒྲལ་བའི་ལས་བརྩམས་ན། །རྣལ་འབྱོར་མཐུ་སྟོབས་མཐུ་དཔུང་བཙན། །སྒྲུབ་ལ་བར་ཆད་བྱེད་པ་མེད། །ལས་ངན་འཕྲོ་བཅད་དམྱལ་ཡུན་ཐུང་། །བླ་མེད་ཐར་པའི་བདེ་སྒོ་ཕྱེད། །ངན་སོང་འཁོར་བ་གཏིང་ནས་སྦྱངས། །བསྟན་པ་སྲུངས་ཤིང་གང་ཟག་བཙུན། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །བསྒྲལ་བའི་དམིགས་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྒྲལ་བའི་ལས་རྣམས་བརྩམས་པ་ཡང་། །རྣལ་འབྱོར་མཐའ་དག་གང་ཟག་གི །ཀུན་གྱིས་བརྩམས་ན་འགྲུབ་མི་འགྱུར། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །རྣལ་འབྱོར་གང་ཟག་མཐའ་དག་གིས། །བསྒྲལ་བའི་ལས་རྣམས་འགྲུབ་མི་འགྱུར། །ངེས་པ་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྣལ་འབྱོར་གང་ཟག་སྣ་དགུ་དང་། །ཀུན་གྱིས་བརྩམས་པར་མ་གསུངས་ཏེ། །ཐོས་པ་ཆུང་ལ་མན་ངག་མེད། །འཛིན་རྟོག་ཆེ་དང་བློ་སྔར་བས། །ལས་འདི་བརྩམས་ཀྱང་མི་འགྲུབ་པས། །རྟོག་པའི་ནད་ཀྱིས་རང་ལ་འཇུག །དམ་ཚིག་ཉམས་དང་བཀའ་གཅོག་པས། །སྡིག་པ་ཅན་དང་བཅས་པ་ཡིས། །འགྲུབ་པ་མེད་པས་མི་བསྒྲུབ་པས། །དེས་ནི་ཕ་རོལ་མི་སོང་སྟེ། །ཡི་མུག་ཆོས་ལ་དད་མི་སྐྱེ། །དམ་རྫས་མ་ཚོགས་རྫས་དང་བྲལ །བསྒོམས་ལ་མི་བརྩོན་རས་ཆོད་བྱེད། །ཀློང་དུ་མ་གྱུར་བསྙོན་ཐབས་བྱེད། །ལས་འདི་བརྩམས་ཀྱང་མི་འགྲུབ་སྟེ། །རང་གི་འབྲས་བུ་རླག་པར་བྱེད། །ཆོས་ཉིད་བློ་ལ་མ་ཞུགས་ཤིང་། །བལྟ་བ་ཆུང་བས་འཁུ་འཕྲིག་ཟོས། །བཀའ་རྟགས་ཕྱག་རྒྱ་མ་བྱིན་ཞིང་། །དབང་བསྐུར་གནང་བ་མ་ཐོབ་པསལས་འདི་བརྩམས་ཀྱང་མི་འགྲུབ་པས། །ཚེ་དང་སྲོག་གི་བར་ཆད་འོང་། །ཉམས་དང་སྡིག་ལ་མི་འཛེམ་པས། །སྙིང་རྗེའི་ལམ་དང་བྲལ་བ་ཡིས། །བརྩམས་ཀྱང་འབྲས་བུ་ཐོབ་མི་གྱུར། །དད་པ་ཆུང་དང་ཐེག་པ་དམན། །སློབ་དཔོན་མེད་དང་བཀའ་བརྟོན་པ། །དེས་ནི་གདོན་རྟོལ་མེད་པ་ཙམ། །ལུབུ་འཕྲིག་ཆེ་དང་ཚོར་རྐྱེན་དང་། །སྐྱོ་རྐྱེན་སུན་རྐྱེན་སུར་ལུད་ཀྱིས། །ལས་འདི་བརྩམས་ཀྱང་མི་འགྲུབ་སྟེ། །སླར་ཡང་ལོག་ཆོས་ཡིན་ཞེས་འདོགས། །གཏིང་ནས་ཐག་བཅད་མི་འགྲུབ་པས། །འབྱོར་དང་སྒྲ་འོད་ཆེ་འདོད་པས། །ལས་འདི་བརྩམས་ཀྱང་མི་འགྲུབ་སྟེ། །སླར་ལ་སྐྱོན་ཅན་ཡོད་ཞེས་བསྐུར། །བསྒོམ་དང་སྒྲུབ་པ་ཡུན་ཐུང་ཞིང་། །ཞག་གྲངས་ལོ་ཟླར་མི་བསྲིང་པས། །བསྙེན་དང་འཛབ་ཀྱི་གྲངས་ཉུང་བས། །བྱས་ཀྱང་ལས་འདི་མི་འགྲུབ་སྟེ། །སླར་ཡང་སྐྱོ་སེམས་སྐྱེ་བར་འགྱུར། །ཕུད་དང་མཆོད་པ་མི་འབུལ་ཞིང་། །དམ་རྫས་གཙོ་རུ་མི་ལེན་པས། །བྱས་ཀྱང་ལས་འདི་མི་འགྲུབ་སྟེ། །སླར་ཡང་སྨན་མོའི་བཀའ་ཆད་འོང་། །ཆོ་གའི་ལས་འདི་རྩམས་པ་ཡང་ ཐོས་པ་ཆེ་དང་མན་ངག་ཐོབ། །འཛིན་རྟོག་ཆུང་དང་བློ་སྟོབས་ཆེ། །བརྟུལ་ཞུགས་ཆེན་པོར་ལྡན་པ་ཡིས། །ལས་འདི་བརྩམས་ན་འགྲུབ་འགྱུར་ཏེ། །རྟོག་པའི་གང་གིས་མི་ཚོགས་ཏེ། །དམ་ཚིག་མ་ཉམས་བཀའ་བརྟན་དང་། །སྡིག་ཅན་མ་ཡིན་གྲིམས་འབྱིན་དང་། །བཅང་ཙམ་མ་ཡིན་ཤུགས་བྱུང་ན། །རྩོལ་ཞིང་བརྩམས་པ་འགྲུབ་པར་འགྱུར། །སྤྱད་ཅིང་བཀོལ་བས་ཉན་པར་འགྱུར། །དེས་ནི་བསྒྲལ་བའི་ལས་འགྲུབ་ཅིང་། །ཡིད་རང་ཆོས་ལ་དད་པ་སྐྱེད། །དམ་རྫས་བདུད་རྩི་སྨན་ཚོགས་དང་། །རྫས་དག་ལག་ཆ་མ་བྲལ་ཞིང་། །བསྒོམ་ལ་བརྩོན་པ་ངང་རིང་ཞིང་། །རས་ཆོད་ཐུག་ཐུབ་མ་ཡིན་པར། །ཡིད་ཆེས་ལག་ལེན་དོན་འབྲེངས་ལ། །ཆོས་ཉིད་མཉམ་པའི་ཀློང་གྱུར་ཏེ། །ལས་དང་བརྩམས་པ་གོ་འབྱེད་པས། །དེ་ནི་བརྩམས་ཀྱང་འགྲུབ་པར་འགྱུར། །རང་གི་འབྲས་བུ་མི་སྒྲིབ་ཅིང་། །བསྒྲལ་བ་དེས་ཀྱང་མཐོ་རིས་ཐོབ། །ཆོས་ཉིད་ཟབ་མོར་བློ་ཞུགས་ཤིང་། །ལྟ་བ་མཐོན་པོས་ས་ཆོད་སྟེ། །སེམས་ཀྱི་ལྒབུ་འཕྲིག་མ་ཚོར་ཞིང་། །རྡོ་རྗེ་སློབ་དཔོན་བློ་ལྡན་ལ། །ཆོས་ལ་དད་པས་ལུང་ཐོབ་བོ། །བཀའ་རྟགས་ཕྱག་རྒྱ་བྱིན་པ་དང། །དབང་བསྐུར་གནང་བ་ཐོབ་པ་ཡིས། །ལས་འདི་བརྩམས་ན་འགྲུབ་འགྱུར་ཏེ། །ཚེ་སྲོག་བར་ཆད་མི་འོང་སྟེ། །ཕ་རོལ་དམིགས་ཏེ་བསྒྲལ་བར་ངེས། །ཉམས་དང་མ་འདྲེས་དམ་ཚིག་གཙང་། །སྡིག་ཆེན་རྣམས་དང་མི་འགྲོགས་ཤིང་། སྙིང་རྗེའི་ལམ་དང་མ་བྲལ་བས། །བརྩམས་ན་འབྲས་བུ་ཐོབ་པ་ཡིནདད་པ་ཆེ་དང་ཐེག་པ་མཐོ། སློབ་དཔོན་རིམ་པས་གཉན་པ་དང་། །དེ་ནས་འགྲུབ་པར་ཐེ་ཚོམ་མེད། །སེམས་ཀྱི་འཁུ་འཕྲིག་ཆུང་བ་དང་། །ཚོར་རྐྱེན་སྐྱོ་རྐྱེན་མི་བྱེད་ཅིང་། །སུན་སྐྱེན་སུར་ལུད་མེད་པ་ཡི། །བྲག་༄༅ ལ་ཕུར་པ་བཏབ་འདྲ་བས། །ལས་འདི་བརྩོན་ན་འགྲུབ་འགྱུར་ཏེ། །ཚེ་སྲོག་བར་ཆོད་མི་འོང་སྟེ། །མན་ངག་ཡིན་ཞེས་འདི་ལ་བསྔགས། །གཏིང་ནས་ཐག་བཅད་སྒྲུབ་པ་དང་། །འཕྱོར་དང་སྒྲ་རུ་མི་གཏོང་བས། །ཆེ་འབྱིན་ཁེངས་པ་སྤངས་ནས་ནི། །གསང་ཞིང་སྒྲུབ་ལ་བརྩོན་པ་དང་། །མ་ཡེངས་མཛབ་བཟླས་བརྩོན་པ་ཡིས། །ལས་འདི་བརྩམས་ན་འགྲུབ་འགྱུར་ཏེ། །རྣལ་འབྱོར་ཀུན་ཀྱང་བཙུན་པར་བྱེད། །བསྒོམ་དང་སྒྲུབ་པ་ཡུན་རིང་ཞིང་། །ཞག་གྲངས་ལོ་ཟླ་གྲངས་མང་བར། །བསྙེན་དང་འཛབ་བཟླས་གྲངས་མང་བ། །བྱས་ན་ལས་འདི་འགྲུབ་འགྱུར་ཏེ། །འགྱོད་སེམས་མེད་ཅིང་བཙུན་པར་འགྱུར། །ཕུད་དང་གཙང་མའི་ཆོད་ཕུལ་ནས། །སོ་སོའི་དམ་རྫས་གཙོར་ལེན་པས། །བྱས་ན་ལས་འདི་འགྲུབ་པར་འགྱུར། །དམན་མོའི་ཆད་པ་མི་འོང་ཞིང་། །གང་ཡིན་བཀའ་བསྒོ་བྲན་བཞིན་ཉན། །སྐྱོན་ཡོན་གཉིས་ཀའི་དོན་འདི་ཡིན། །ཀུན་ལ་བསྟན་པར་མི་བྱ་ཞིང་། །སྣ་དགུས་བྱ་བར་ངས་མ་གསུངས། །རྣལ་འབྱོར་སྐྱོན་ཡོན་གྱི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །གཙོ་རུ་དམ་ཚིག་བསྟན་པ་དང་། །དམ་ཚིག་ཉམས་པའི་སྐྱོན་རྣམས་དང་། །དམ་ཚིག་བསྲུང་བའི་ཡོན་ཏན་དང་། །དམ་ཚིག་བསྲུང་བའི་རིམ་པ་རྣམས། །དེ་ཡི་ཕན་ཡོན་བསྟན་པ་རྣམས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །མངོན་རྫོགས་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་སུ། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །དམ་ཚིག་མཆོག་ཏུ་བསྟན་པ་དང་། །བསྲུང་ཉམས་རིམས་པ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དམ་ཚིག་འདི་ནི་མཆོག་ཏུ་བསྟན། །དམ་ཚིག་དམ་ཚིག་འདི་དག་ལ། །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་འགྲུབ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རྟེན་ནས་འགྲུབ། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་འགྲུབ། །དེ་ཕྱིར་དམ་ཚིག་ཐེག་ཆེན་འདི། །ཕྱི་རབས་སྔགས་འཆང་ངེས་པར་བསྲུངས། །དམ་ཚིག་འདི་ནི་ས་གཞི་འདྲ། །ས་ལ་སྐྱེ་འཁྲུངས་ཀུན་སྐྱེ་ལྟར། །དམ་ཚིག་ས་གཞི་དམ་པ་ལ། །སྐུ་དང་ཡེ་ཤེས་སྐྱེད་པར་བྱེད། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་དམ་ཚིག་ལྔ་རྣམས་ལ། །མ་འདས་བསྲུང་ན་སངས་རྒྱས་ཡིན། །དེ་ལས་འདའ་ན་སེམས་ཅན་ཡིན། །དམ་ཚིག་གཞུད་བཞིན་བསྲུང་བ་ལ། །མ་མོ་རྣམས་ཀྱང་བསྒོ་བ་ཉན། །གལ་ཏེ་བསྒོ་བ་མི་ཉན་ན། །མ་མོ་ཉིད་ཀྱང་རླག་པར་ངེས། །ལྷ་ཡང་འདའ་ན་རྨོངས་འགྱུར་ན། །རྣལ་འབྱོར་འདས་པ་སྨོས་ཅི་དགོས། །དམ་ཚིག་འདི་ནི་གཙོ་ཡིན་ཞེས། །ཀུན་བཟང་ལྷ་ཡིས་ཡང་དག་བཤད། །འདའ་བར་དཀའ་བའི་དམ་ཚིག་གི །དམ་ཚིག་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།འདི་དག་ཉམས་པའི་སྐྱོན་བསྟན་པ། །དམ་ཚིག་ཉམས་པའི་སྔ་རྟགས་ནི། །བྱ་རུ་མི་རུང་སྣ་ཚོགས་བྱེད། །སློབ་དཔོན་བཀའ་བསླུ་སྨོད་བྱེད་དང་། །ལུ་གུ་རྒྱུད་ལ་དབྱེན་བཏང་བ། །འདི་དག་ཉམས་པའི་སྔ་རྟགས་ཡིན། །སྔགས་དང་ཕྱག་རྒྱ་རྒྱུན་བཅད་ནས། །གཞན་ནས་དངོས་གྲུབ་ཐོབ་འདོད་པ། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ལུང་དང་གསང་བའི་མན་ངག་རྣམས། །ཐོས་ནས་ཡིད་ལ་མ་འགྲོགས་ཤིང་། །བློ་ལ་འདུག་པའི་ཡུལ་མེད་པས། །ཡོད་མ་ཐག་ཏུ་སྟོན་ཅིང་འཆད། །འདི་ཡང་ཉམས་པའི་སྔ་སྟགས་ཡིན། །ཟང་ཟིང་ནོར་གྱི་མཐོང་འདོད་ཀྱི། །སྣོད་མེད་ཀུན་ལ་སྤེལ་བྱས་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །རྫས་དང་ལག་ཆ་མངོན་ཐོགས་ནས། །ཕ་རོལ་གཞན་ལ་སྡིག་བྱེད་ན། །དེ་ཡང་ཉམས་པའི་སྔ་རྟགས་ཡིན། ཁྲ་ཁྲག་གཏོར་མ་མངོན་སུམ་དུ། །མི་ནག་མང་པོའི་སར་བསྐྱོད་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དུར་ཁྲོད་དབེན་སར་མི་བསྒྲུབ་པར། །གྲོང་ཁྱེར་ནང་དང་རི་ངོས་སུ། །རྔ་སྒྲ་སྨྱོ་ཡི་སྒྲ་འདོན་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །མན་ངག་གཏིང་ནས་མ་ཐོན་ཞིང་། །རྟགས་དང་མཚན་མ་མ་བྱིན་པར། །ཨག་ཚར་ཁ་ཡིས་ངོམས་སྐྱེན་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དུས་སུ་བྱུང་བ་མ་གཏོགས་པ། །སྣ་ལ་ཁྲག་ཕྱུང་ངོར་བྱུགས་ནས། །མི་ནག་དཀྱིལ་དུ་བྲང་བརྡུང་བ། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །རིག་པའི་ཐབས་དང་མི་ལྡན་པར། །ཁ་ནས་ལྷ་སྲིན་གཉེན་པོ་འབོད། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །མཚན་དང་ལྡན་པའི་གཟུངས་མ་ལ། །འཕྲད་ནས་སྦྱོར་བ་མ་བརྩམས་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ལས་ངན་སྐྱོན་ཅན་མཚངས་ཕོགས་ནས། །བསྒྲལ་བའི་ཞིང་བཅུ་མ་བསྒྲལ་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དམ་ཚིག་ཉམས་པའི་སྐྱོན་རྣམས་ཡིན། །རྩ་བའི་དམ་ཚིག་གསུམ་ཉམས་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །དེ་ལ་སྡུག་བསྔལ་བཟོད་གླག་མེད། །མཆོད་པ་དུས་དྲུག་མ་ཕུལ་ཏེ། །ལས་ཀྱི་ཕྱག་རྒྱ་མ་བསྲུངས་ན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དེ་ནས་བསྐལ་པ་འདོད་མི་སྲིད། །ཡན་ལག་དམ་ཚིག་ལྔ་ཉམས་ན། །འདིར་ཡང་ཉེས་པ་སྣ་བཅུ་འོང་། །ཕྱིས་ཀྱང་ན་རག་དམྱལ་བར་སྐྱེ། །མགོ་ནས་ཐོ་བ་ཐོགས་པས་བརྡུང་། །ལོགས་ནས་སྟུ་རེ་ཐོགས་པས་གཅོད། །ཞབས་ནས་མཚོན་དང་རལ་གྲི་ཐོགས། །སྤྱོད་པའི་དམ་ཚིག་ཉམས་པ་འདི། །འདིར་ཡང་ནད་དང་སྡུག་བསྔལ་ཆེ། །མཛེ་དང་ནད་ངན་སྣ་ཚོགས་འོང་། །མ་ཚོགས་སྟོང་གིས་སྙིང་ཁྲག་ལེན། ཁྲ་ཟན་སྟོང་གིས་ཤ་རུས་འབྲལ། །རང་བཞིན་མ་མོ་བཅུ་བཞི་ཡང་། །དམ་ཚིག་ཉམས་པའི་བདུད་དུ་བབས། །མ་མོཀུནཀྱངགཤེདདུའོང། །ཚེ་དང་སྲོག་གི་བར་ཆད་འོང་། །འཆི་འཕོ་དམྱལ་བའི་གནས་སུ་སྐྱེ། །དམ་ཚིག་འདི་ལ་མ་གནས་ན། །བརྩམ་པ་མི་འགྲུབ་མྱ་ངན་སྣོན། །བསྒྲུབས་ཀྱང་དངོས་གྲུབ་རྟགས་མི་འོང་། །བཀའ་གསང་དམ་ཚིག་གཞུང་བོར་ནས། ཕྱི་ནང་སྡེ་སྣོད་མཐའ་དག་དང་། །རྒྱུད་དང་ཏན་ཏྲ་ཅི་བཤད་ཀྱང་། །དེ་ཡིས་འགྲུབ་པར་ངས་མ་གསུངས། །ལྷར་ཡང་རང་སེམས་བརླག་ཏ་རེ། །དམ་ཚིག་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། །།དམ་ཚིག་བསྲུང་བའི་ཡོན་ཏན་ནི། །ཅི་བསམ་ལས་རྣམས་འགྲུབ་གྱུར་ཏེ། །མཁའ་ལ་འགྲོ་ན་བྱ་བཞིན་འཕུར། །ཆུ་ལ་འཛུལ་ན་ཉ་བཞིན་འཔྱོ། །སྔགས་ཀྱི་དངོས་གྲུབ་ཅི་འདོད་སྟེར། །རིག་འཛིན་རྣམ་གསུམ་གང་བསྒྲུབ་འགྲུབ། །རང་བཞིན་མ་མོ་རང་བཞིན་བྱམས། །སྲིད་པའི་མ་མོ་བྲན་བཞིན་ཉན། །ཅི་བགྱིས་བཀའ་ཉན་འཁོར་བཞིན་འཁོལ། །མཁའ་འགྲོ་མ་ཆེན་འཁོར་བཞིན་འདུ། །དངོས་གྲུབ་རྣམ་གསུམ་རིམ་བཞིན་ཐོབ། །ཚེ་དཔལ་དབང་ཐང་བསོད་ནམས་འཕེལ། །འབྱོར་པ་ཀུན་ཚོགས་ལོངས་སྤྱོད་ལྡན། །མ་སྲིང་ཀུན་ཀྱང་རྗེ་བཞིན་ཁུར། །དགྲ་བགེགས་ཀུན་ཀྱང་གཞོབ་བཞིན་འདུལ། །བསྟན་པ་ཀུན་ཀྱང་རང་བཞིན་རྒྱས། །དམ་ཚིག་འདི་དག་གཙོར་ལེན་པས། །འགྲུབ་པར་འགྱུར་བ་གདོན་མི་ཟ། །ཀུན་ཏུ་བཟང་པོ་ཡང་དག་བཞིན། །སངས་རྒྱས་ཀུན་གྱི་གཙོ་ཆེན་ཡིན། །རྒྱལ་བ་ཀུན་གྱི་ལམ་ཡིན་ཞེས། །ཀུན་ཏུ་བཟང་པོས་ཡང་དག་བཤད། །དམ་ཚིག་བསྲུང་བའི་ཡོན་ཏན་བསྟན་པའི་ལེའུ་བཞི་བཅུ་རྩ་གཉིས་པའོ།། །།དམ་ཚིག་བསྲུང་བའི་རིམ་པ་ནི། །རྡོ་རྗེ་སློབ་དཔོན་བཀའ་ཉན་ཞིང་། །མན་ངག་སྟོན་པ་ཁུར་བྱེད་ཅིང་། །རྡོ་རྗེ་རྒྱལ་པོ་ཕ་ལྟར་ཁུར། །ཡུམ་གྱི་དབང་མོ་མ་ལྟར་བཀུར། །རྒྱལ་ཐེབས་ཀརྨ་བུ་ལྟར་བཀུར། །མཆེད་དང་ལྕམ་དྲལ་བུ་ལྟར་བཀུར། །བསྟན་པ་དོན་བཞིན་གཞུང་སྙོགས་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཉིན་དང་མཚན་དུ་དུས་མེད་པར། །སྔགས་དང་ཕྱག་རྒྱ་རྒྱུན་མེད་པར། །མ་ཡེངས་གསང་བའི་དོན་བརྩོན་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །གསང་ཐུབ་མན་ངག་འཚོ་མཁས་དང་། །ཡུན་དུ་བརྟེན་པ་ངེས་ཆེ་བ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཉན་བསམ་ཐོས་པ་རྒྱ་བསྐྱེད་ནས། །འདུ་འཛིའི་དབང་དུ་མི་གཏོང་བར། །རྟག་ཏུ་སྒྲུབ་ལ་བརྩོན་བྱེད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །གབ་པའི་གསང་བ་གཏིང་ཕྱིན་ཅིང་། །སྦས་པའི་གསང་བའི་གཞུང་ཐུབ་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །སློབ་དཔོན་མཉེས་པ་ཕུལ་བྱས་ན། །དབང་རྣམས་རིམ་པར་ནོད་བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །དམ་རྫས་ཡོ་བྱད་ཚོགས་བྱས་ནས། །གཞུང་བཞིན་མ་ནོར་སྒྲུབ་བྱེད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཕ་རོལ་དམ་ཉམས་དགྲ་བོ་ལ། །ཁ་ཆོས་སྨོན་འཇུག་མི་ཟེར་བར། །གསང་ཞིང་འདུག་ནས་ལས་༄༅ བརྩམ་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །དཀྱིལ་འཁོར་བརྩོན་འགྲུས་ཤུགས་ཕྱུང་ནས། །མི་ནག་བཅའ་མཁར་མི་གཏོང་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །མཚན་དང་ལྡན་པའི་གཟུངས་མ་ལ། །བྱིན་རླབས་སྦྱོར་བ་རྩོམ་བྱེད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །བསྒྲལ་བའི་ཞིང་བཅུར་གྱུར་པ་ལ། །དཔྱང་ཐག་ཆད་པ་བསྒྲལ་བ་ནི། །འདི་ཡང་བསྲུང་བའི་རིམ་པ་ཡིན། །མཆོད་པ་དུས་དྲུག་རྣམས་སུ་འབུལ། །ལས་ཀྱི་ཕྱག་རྒྱ་གཞུང་བསྲང་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །དུར་ཁྲོད་དབེན་སར་སྒྲུབ་བྱེད་ཅིང་། །རྟགས་དང་མཚན་མ་མངོན་སུམ་དུ། །མ་ཕྱིན་བར་དུ་མི་གཏོང་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །གཞན་ལ་ཕྱར་འཚོང་མི་བྱེད་ཅིང་། །གཅོམ་བསྐྱུངས་ཡོན་ཏན་ཚོགས་སྦེད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །གཞན་ཡང་ཡོན་ཏན་འཐའ་དག་པ། །གཞུང་ནས་བསྟན་པ་ཀུན་སྤྱོད་ན། །འདི་ཡང་བསྲུང་པའི་རིམ་པ་ཡིན། དམ་ཚིག་བསྲུང་བའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོའི་སྤྱིན་སྲེག་ཇི་ལྟར་འབུལ། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡི་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །དང་པོ་ཕུན་སུམ་ཚོགས་ལྡན་ནས། །རྫས་དང་ཡོ་བྱད་ཚོགས་བྱས་ཏེ། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །ཕྲིན་ལས་རྣམ་བཞི་གང་བྱེད་པ། །རྫས་དང་ཁ་དོག་དེ་བཞིན་བསྒྱུར། །ཧོམ་ཁུང་ཡུམ་གྱི་གཞལ་ཡས་སུ། །ཧོམ་ཤིང་ཡབ་ཀྱི་མཁའ་བརྫངས་ཏེ། །གཉིས་སུ་མེད་པར་མེ་སྤར་ནས། །ཡེ་ཤེས་རང་བཞིན་དམན་མོ་རྣམས། །ཆོ་ག་གོང་ནས་འབྱུང་བ་བཞིན། །མེ་དཔུང་འབར་བའི་གཞལ་ཡས་སུ། །སྤྱན་དྲང་ཕྱག་འཚལ་བཞུགས་སུ་གསོལ། །རྫས་དང་ཡོ་བྱད་ཀུན་ཐོགས་ལ། །མཆོད་པ་འབུལ་བ་འདི་སྐད་དོ། །ཧུ༷་ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་དབྱིངས་སུ། །ཀུན་ཏུ་བཟང་པོ་ཡབ་ཀྱི་ཤིང་བརྫངས་ནས། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ལ། །ཆེ་མཆོག་ཧེ་རུ་སྤྱན་དྲངས་གདན་ལ་བཞེངས། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འབུལ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་མཆོད་པ་བཞེས། །ཡབ་ཡུམ་གཉིས་སུ་མེད་པའི་མེ་སྤར་ལ། །ཡུམ་གྱི་རྒྱལ་མོ་སྤྱན་དྲངས་གདན་ལ་བཞེངས། །བཞི་ཟུར་ཞབས་བརྒྱད་འབར་བས་ཕྱོགས་མཚམས་གནོན། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །དམ་རྫས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩལ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་བཞེས། །སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་ཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་བཞེས། །དམ་ཉམས་དམ་བསྐང་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྤར་ཏེ། །རྟག་པའི་རྒྱལ་མོ་འདིར་གཤེགས་གདན་ལ་བཞེངས། ཁྲ་རུས་བདག་མོ་རྣམ་སྣང་གསལ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་བཞེས། །འབྱུང་བ་ས་ཡི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་བཞེས། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྤར་ཏེ། །རྟག་པའི་རྒྱལ་མོ་འདིར་གཤེགས་གདན་ལ་བཞེངས། །དབུགས་ཀྱི་བདག་མོ་མ་མོ་ཡང་གསལ་གསོལ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་དམ་རྫས་བདུད་རྩི་མཆོད་པ་བཞེས། །འབྱུང་བ་རླུད་གི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་བཞེས། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྤར་ཏེ། །རྟག་པའི་རྒྱལ་མོ་སྤྱན་འདྲེན་གདན་ལ་བཞེངས། །ཁྲག་གི་བདག་མོ་མ་མོ་གཉེན་གསལ་འབར འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་འབུལ། །འབྱུང་བ་ཆུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྤར་ལ། །རྟག་པའི་རྒྱལ་མོ་སྤྱན་འདྲེན་གདན་ལ་བཞེངས། །དྲོད་ཀྱི་བདག་མོ་མ་མོ་འོད་གསལ་འབར འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །འབྱུང་བ་མེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་སེམས་ཀྱི་མེ་སྤར་ལ། །སྲིད་པའི་རྒྱལ་མོ་སྤྱན་འདྲེན་གདན་ལ་བཞུགས། །བཀྲག་དང་མདངས་ཀྱི་བདག་མོ་བཀྲག་གསལ་མཉམ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །འབྱུང་བ་ནམ་མཁའི་བཀྲག་མདངས་དོངས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། ཁུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་མཁའ་དབྱིངས་འབར་བའི་ཧོམ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །རང་བཞིན་མ་མོ་སྤྱན་འདྲེན་གདན་ལ་བཞེངས། །ཡོངས་ཀྱི་མ་མོ་ཕྲ་མེན་རྒྱ་མཚོ་མ། །འབར་བ་མི་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །སྲིད་པའི་དབང་སྒྱུར་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེ་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་བ་འབར་བའི་ཧོམ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །རང་བཞིན་མ་མོ་སྤྱན་འདྲེན་གདན་ལ་བཞུགས། །དབང་བསྒྱུར་སྤྱན་འདྲེན་གདན་ལ་བཞེངས། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །གླིང་བཞི་དབང་སྒྱུར་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་བའི་ཧོམ་ཁུང་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །ཁྲོས་པའི་རྒྱལ་མོ་སྤྱན་འདྲེན་གདན་ལ་བཞེངས། །རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །མ་བཞི་དབང་སྒྱུར་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡང་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ། །རྡོ་རྗེ་པདྨ་ཁྲོས་པའི་དབང་མོ་ཆེ། །རྡོ་རྗེ་ཁམས་གསུམ་ཁྲོས་པའི་དབང་མོ་ཆེ འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །མ་བཞི་དབང་སྒྱུར་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡང་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་པའི་ཧོམ་ཁུང་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །ཕུང་བྱེད་མ་བཞི་སྤྱན་འདྲེན་གདན་ལ་བཞེངས། །ཕྲ་མེན་སྦས་པའི་མ་མོ་དབྱིངས་ཕྱུག་མ། །ཕུང་བྱེད་སྦས་པའི་མ་མོ་གཅིག་པུ་མ། །ཕུང་བྱེད་སྦས་པའི་མ་མོ་རྒྱན་གྱི་རྒྱལ། །ཕུང་བྱེད་སྦས་པའི་མ་མོ་བདག་ཉིད་མ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་དབྱིངས་དང་འབྲེལ་བ་འབར་བའི་ཧོམ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །གསང་བའི་དགྱེས་སྡེ་སྤྱན་འདྲེན་གདན་ལ་བཞུགས། །དཀར་མོ་མིག་གཅིག་རྒྱས་འདེབས་མ། །ནག་མོ་རལ་གཅིག་རྨོངས་མཛད་མ། །ནུབ་ཀྱི་དམར་མོ་ཕུང་བྱེད་མ། །བྱང་གི་སེར་མོ་ལས་མཁན་མ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །བྱང་ཆུབ་སེམས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐང་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་བའི་ཧོམ་ཁུང་དུ། །སྲིད་པའི་རྒྱལ་མོ་སྤྱན་འདྲེན་གདན་ལ་བཞུགས། །ཨ་ཕྱི་ཆེན་མོ་སྲིད་པ་ཆགས་བྱེད་མ། །སྲིད་པ་ཆ་སྙོམས་མ་མོ་ཤམ་ཤམ་མོ། །སྲིད་པ་ཆགས་བྱེད་ཨེ་ཀ་ཛ་ཏི་མ། །ནམ་མཁའ་དབྱིངས་ཀྱི་རྡོ་རྗེ་དཔལ་མོ་བཙན། །སྲིང་གཅིག་ཆེན་མོ་མ་མོ་འབྲུལ་མོ་ཆེ འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །ཁམས་གསུམ་སྲིད་པ་གསུམ་གྱི་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ་། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་བའི་ཧོམ་ཁུང་དུ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །དམན་མོ་མ་བདུན་སྤྱན་འདྲེན་གདན་ལ་བཞུགས། །རྡོ་རྗེ་ཀུན་གྲགས་སྤྱན་འདྲེན་གཤེགས་སུ་གསོལ། །ཀུན་ཏུ་བཟང་མོ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་ཀུན་གསལ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་ཡེ་ཤེས་མཆོག་མ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་འོད་ཆགས་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་གསལ་འཕྲོ་སྤྱན་འདྲེན་གཤེགས་སུ་གསོལ། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་གཤེགས་སུ་གསོལ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །སྲིད་པ་དམན་མོ་སྤྱན་འདྲེན་གདན་ལ་བཞེངས། །རིན་ཆེན་སྲིད་འདེགས་མ་མོ་མཐུ་མོ་ཆེ། །ནག་མོ་ཁྲག་འཛག་མ་མོ་མཐུ་མོ་ཆེ། །གླིང་བཞི་སྤྱི་འགྲོ་མ་མོ་མཐུ་མོ་ཆེ། །རྡོ་རྗེ་སྒེག་མོ་མཐུ་མོ་ཆེ། །པདྨ་གར་གྱི་དབང་ཕྱུག་མཐུ་ཆེན་མ། །ས་བདག་ཆེན་མོ་པདྨ་ཕྲེང་། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་ཁྱིལ་པའི་ཧོམ་ཁུང་དུ། ཁུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་གཉིས་མེད་འབྲེལ་བ་འབར་བའི་ཧོམ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །གྲུ་འདེགས་བཞི་རྣམས་སྤྱན་འདྲེན་གདན་ལ་བཞུགས། །བྱང་ཤར་ཤན་ཏིང་དཀར་མོ་གཤེགས་སུ་གསོལ། ཁྲར་ལྷོ་དུན་ཏིང་ནག་མོ་གཤེགས་སུ་གསོལ། །ལྷོ་ནུབ་ཧར་ཏིང་དམར་མོ་གཤེགས་སུ་གསོལ། །ནུབ་བྱང་གྲུབ་ཏིང་སེར་ལྗང་གཤེགས་སུ་གསོལ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས་སུ་གསོལ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡབ་ཡུམ་མཁའ་དབྱིངས་འབྲེལ་བ་འབར་བའི་ཧོམ། །གཉིས་མེད་བྱང་ཆུབ་སེམས་ཀྱི་མེ་སྤར་ཏེ། །དམག་གི་རྒྱལ་མོ་སྤྱན་འདྲེན་གདན་ལ་བཞེངས། ཁྲར་གྱི་དཀར་མོ་མིག་གཅིག་མ། །ལྷོ་ཡི་ནག་མོ་ཁ་ཡལ་མ། །ནུབ་ཀྱི་དམར་མོ་མཆུ་འཇིབ་མ། །བྱང་གི་སེར་མོ་རྐང་ལྡག་མ། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །རྒྱུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །སྲིང་མོ་བཞི་རྣམས་སྤྱན་འདྲེན་གདན་ལ་བཞེངས། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་མོ་དང་། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་མོ་དང་། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་མོ་དང་། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་མོ་དང་། །འབར་བ་མེ་ཡི་གཞལ་ཡས་ནང་དུ་བཞུགས། །སྨན་དང་བདུད་རྩི་དམ་རྫས་མཆོད་པ་འབུལ་གྱི། །དམ་ཉམས་དམ་བསྐང་མཐུ་དང་དངོས་གྲུབ་སྩོལ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། ཁུད་ལྔ་བག་ཆགས་མ་ལུས་ཀུན་སྦྱངས་ཏེ། །སྨན་དང་བདུད་རྩི་དམ་རྫས་མཆོད་འབུལ་གྱི། །དམ་ཉམས་དམ་བསྐངས་མཐུ་དང་དངོས་གྲུབ་སྩོལ། །ཉི་ཤུ་རྩ་བརྒྱད་ཀྱི་མཆོད་པ་གཞན་དང་མཐུན་ནོ། །སྤྱིན་སྲེག་མཆོད་པའི་ལེའུ་སྟེ་བཞི་ཅུ་རྩ་ བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོ་སྒྲུབ་པའི་གཟུངས་མ་ལ། །ག་ཎའི་སྦྱོར་བ་ཇི་ལྟར་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །གཟུངས་མ་སྦྱོར་བའི་མཚན་ཉིད་ནི། །ཡང་དག་ཉིད་དུ་ངས་བཤད་ཀྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །གང་བསྒྲུབ་གཟུངས་མའི་མཚན་ཉིད་ལ། །སོ་སོའི་མཚན་ཡོད་རྙེད་ནས་ནི། །དགོན་པ་ཆེན་པོར་བརྩམ་པར་བྱ། །ཆོ་གའི་ལས་རྣམས་རྫོགས་ནས་ཀྱང་། །སྦྱོར་བའི་ལས་རྣམས་བརྩམ་པ་ནི། །གཡོན་ཕྱོགས་དག་ཏུ་ཡུམ་བཞག་ལ། །དང་པོ་སྤྱན་དང་ཞལ་གྱི་བརྡ། །མིག་བཙུམ་མཆུ་སྨེད་བརྡ་བྱས་ལ། །གཞན་ཡང་བརྡའ་སྐད་སྣ་ཚོགས་སྨས། །དེ་ནས་ཡུམ་གྱི་སྤྱན་སྲིངས་ནས། །ཡབ་ལ་ཆགས་པའི་སྙོམ་བག་བྱ། །དེ་ནས་ཡབ་ཀྱིས་གསོལ་པ་བསྐྱེད། །ནུ་མ་མཉེ་ཞིང་མཆན་ཁུང་བརྡེག །ཡུམ་གྱི་ཆགས་པས་ཡིད་གཡོས་ནས། །ཡབ་ཡུམ་མཁའ་དབྱིངས་བྱིན་གྱིས་རླབ། །ཡུམ་གྱི་གནས་ལྔ་དག་ཏུ་ནི། །ཚོམ་བུ་ཉི་ཤུ་རྩ་ལྔ་དགོད། །ཛ༷༷ཞེས་དཔུང་ནས་གཟུང་བར་བྱ། །ཧུ༷་ཞེས་གཉའ་ནས་འཁྱུད་པར་བྱ། །བ༷་ཞེས་སྟོད་སྨད་བསྡམ་པར་བྱ། །ཧོ༷༷ཡིས་ཡབ་ཡུམ་བསྒུལ་བསྐྱོད་ནས། །བཛྲ་དྷིག་གིས་ཕུལ་ནས་ཀྱང་། །ཧུ༷་གིས་བྱང་ཆུབ་སེམས་བསྐྱེད་དེ། །དགྱེས་པའི་རོ་རྣམས་བཏང་ནས་ནི། །དཀར་དམར་འདྲེས་པའི་སེམས་དག་ལ། །དཀྱིལ་འཁོར་ལྷ་ལ་གསལ་མཆོད་ཅིང་། །བདག་ཉིད་དངོས་གྲུབ་དམ་པར་བླང་། །འདི་ནི་སྦྱོར་བའི་ལུང་ཞེས་བསྟན། །ག་ཎ་སྦྱོར་བའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཐུགས་དམ་བསྐང་པའི་རྒྱུ་རྣམས་ལ། །བསྒྲལ་བའི་ལས་རྣམས་ཅི་ལྟར་བགྱི། །མངོན་རྫོགས་ཡ་ བ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མ་ཚར་ལྷ་ཡིས་བཀའ་སྩལ་པ། །ཐུགས་དམ་བསྐང་བའི་སེམས་ཅན་ལ། །ཏ་ན་བསྒྲལ་བ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཁམས་གསུམ་འཁོར་བའི་སེམས་ཅན་འདི། །མ་སྐྱེས་ཕྱིར་ན་བསད་མི་རིགས། །སེམས་ཅན་འཁོར་བ་ཕུང་པོར་འཁོར། །དམྱལ་བར་འ་ས་པ་རྟོག་པས་འ་ས། །ཕུང་པོ་ཆོས་ཀྱི་དབྱིངས་སུ་བསྒྲལ། །ཆོས་ཀྱི་དབྱིངས་ལ་མ་ཞེས་བྱ། །རྟོག་པ་ཡེ་ཤེས་མཆོག་བྱ་བསྒྲལ། །ཡེ་ཤེས་མཆོག་ལ་མོ་ཞེས་བྱ། །མ་མོའི་དཀྱིལ་འཁོར་གསལ་བཀོད་ནས། །བསྒྲལ་ན་སྐྱོན་མེད་བདེ་ཆེན་ཐོབ། །མཐའ་ཡས་སེམས་ཅན་ཐམས་ཅད་ནི། །སྐྱེས་ཀྱང་ཡུམ་ལྔའི་མཁའ་ལ་སྐྱེས། །གནས་ཀྱང་འབྱུང་ལྔའི་མཁའ་ལ་གནས། །འཆི་ཡང་འབྱུང་ལྔའི་མཁའ་ལ་འཆི། །དོན་ལ་བསྒྲལ་དང་མ་བསྒྲལ་མེད། །བསྒྲལ་བར་བསྟན་པ་རོལ་པ་ཡིན། །རོལ་པར་བསྟན་པ་ཕྲིན་ལས་ཡིན། །ཕྲིན་ལས་འབྱུང་པོ་ཚར་བཅད་ནས། །སྐྱེ་མེད་ཆོས་སྐུའི་དངོས་གྲུབ་ལེན། །དེས་ན་བསྒྲལ་བ་གཙོ་ཞེས་བསྔགས། །དང་པོར་སེམས་ཅན་གང་བསྒྲལ་བ། །འཁོར་བར་ཞེ་བཅད་རྒྱས་གདབ་བྱ། །རྒྱས་གདབ་བྱས་ནས་རྣམ་རྟོག་ཁྲལ། །རྣམ་རྟོག་བྲལ་ན་ཆོས་ཉིད་རྟོགས། །དེས་ན་ལུས་ལ་དཀྱིལ་འཁོར་དགོད། །དཀྱིལ་འཁོར་བཀོད་ན་བདེ་ཆེན་ཐོབ། །དེ་ནས་མ་མོའི་ཐུགས་དམ་བསྐངས། །ཐུགས་དམ་བསྐངས་ན་དགྱེས་པ་བསྐྱེད། །དགྱེས་པ་བསྐྱེད་ན་མཉམ་ཉིད་ཐོབ། །དེ་ནས་ཡོངས་ལ་བསྟབ་པ་བྱ། །བསྟབས་པས་བདུད་དང་དགྲ་བགེགས་བཅོམ། །བདུད་བགེགས་བཅོམ་ནས་བསམ་པ་འགྲུབ། །དེས་ན་རྒྱུ་དྲུག་སྲོག་རྩ་གཅོད། །སྲོག་རྩ་བཅད་ནས་འཁོར་བ་སྟོངས། །དེ་ནས་ཙིསྟ་སེམས་བླངས་ནས། །སངས་རྒྱས་སྲས་སུ་ཡ༷་གིས་འཕང་། །སྔགས་ཀྱིས་ངན་སོང་སྒོ་བཅད་ནས། །བྱིན་རླབས་དབང་བསྐུར་སྲས་སུ་བསྐྱེད། །འདི་ནི་བསྒྲལ་བའི་ལུང་ཞེས་བཤད། །ཏ་ན་བསྒྲལ་བའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཡེ་ཤེས་རང་བཞིན་དམན་མོ་ལ། །ཟ་བྱེད་བསྟབ་པ་ཅི་ལྷར་བགྱི། །ངོ་མཚརལྷ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །ཡེ་ཤེསརང་བཞིན་དམན་མོ་ལ། །ཟ་བྱེད་བསྟབ་པ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྣམ་རྟོག་དགྲ་བགེགས་བསྟབ་པའི་ཕྱིར། །དེ་ཡི་བསྐུལ་ཚིག་འདི་སྐད་དོ། །ཧུ༷་ཡེ་ཤེས་མ་མོ་ཞལ་ཕྱེས་ཤིག །རྣལ་འབྱོར་ཚོགས་ཀྱི་རྗེ་མོ་ལ། །ཡུམ་གྱི་རྒྱལ་མོ་མུ་ཁ་ལེ། །འགྲོ་བ་ཡོངས་ཀྱི་སྐྱེ་གནས་ཡིན། །ཐམས་ཅད་ཡོངས་ཀྱི་ཚེ་སྲོག་བདག །བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན། །དབུ་གཅིག་ཞལ་ལྔ་གདེངས་པ་ལ། །རྣལ་འབྱོར་དགྲ་བགེགས་ཞལ་དུ་བསྟབ། །དུག་གསུམ་མ་ལུས་སྟོང་པར་མཛོད། །རྟག་པའི་རྒྱལ་མོ་ཞལ་ཕྱེས་ཤིག ཁྲ་རུས་བདག་མོ་རྣམ་སྣང་གསལ། །དགྲ་བགེགས་ཤ་རུས་འདི་བཞེས་ལ། །རྣལ་འབྱོར་ཤ་རུས་སྐྱེད་པར་མཛོད། །རྟག་པའི་རྒྱལ་མོ་ཞལ་ཕྱེས་ཤིག །དབུགས་ཀྱི་བདག་མོ་ཞལ་ཕྱེས་ཤིག །དགྲ་བགེགས་སྲོག་དབུགས་འདི་བཞེས་ལ། །རྣལ་འབྱོར་སྲོག་དབུགས་བརྟན་པར་མཛོད། །རྟག་པའི་རྒྱལ་མོ་ཞལ་ཕྱེས་ཤིག །ཁྲག་གི་བདག་མོ་གཉན་གསལ་མ། །དགྲ་བགེགས་ཁྲག་རྣམས་འདི་བཞེས་ལ། །རྣལ་འབྱོར་ཁྲག་རྣམས་འཕེལ་བར་མཛོད། །དྲོད་ཀྱི་བདག་མོ་འོད་གསལ་འབར། །དགྲ་བགེགས་རྣམས་ཀྱི་དྲོད་བཞེས་ལ། །བདག་གི་དྲོད་རྣམས་འཕེལ་བར་མཛོད། །རྟག་པའི་རྒྱལ་མོ་ཞལ་པྱེས་ཤིག །བཀྲག་གསལ་བདག་མོ་བཀྲག་གསལ་འབར། །དགྲ་བགེགས་བཀྲག་མདངས་འདི་བཞེས་ལ། །རྣལ་འབྱོར་བཀྲག་མདངས་འཕེལ་བར་མཛོད། །རང་བཞིན་མ་མོ་ཞལ་ཕྱེས་ཤིག །ཕྲ་མེན་རྒྱ་མཚོ་ཞལ་པྱེས་ཤིག །དགྲ་བགེགས་ཕུང་པོ་ཞལ་དུ་བསྟབ། །བདག་གི་ཕུང་པོ་ནད་མེད་མཛོད། །རང་བཞིན་མ་མོ་ཞལ་ཕྱེས་ཤིག །ཉི་ཟླ་ཐོད་ཕྲེང་ཞལ་ཕྱེས་ཤིག །དབང་ཕྱུག་མ་མོ་ཞལ་ཕྱེས་ཤིག །དགྲ་བགེགས་རྣམ་ཤེས་ཞལ་དུ་བསྟབ། །བདག་གི་རྣམ་ཤེས་གསལ་བར་མཛོད། །རང་བཞིན་མ་མོ་ཞལ་ཕྱེས་ཤིག །ཕུང་བྱེད་མ་བཞི་ཞལ་ཕྱེས་ཤིག །དབྱིངས་ཕྱུག་མ་མོ་ཞལ་ཕྱེས་ཤིག །རྒྱན་གྱི་རྒྱལ་མོ་ཞལ་ཕྱེས་ཤིག །བདག་ཉིད་མ་མོ་ཞལ་ཕྱེས་ཤིག །གཅིག་པུ་མ་མོ་ཞལ་ཕྱེས་ཤིག །དགྲ་བགེགས་ཡན་ལག་ཞལ་དུ་བསྟབ། །བདག་གི་ཡན་ལག་བདེ་བར་མཛོད། །རང་བཞིན་མ་མོ་ཞལ་ཕྱེས་ཤིག །ཁྲོས་པའི་མ་མོ་ཞལ་ཕྱེས་ཤིག །རྡོ་རྗེ་ཉི་མ་ཞལ་ཕྱེས་ཤིག །པདྨ་ཁྲག་འཐུང་ཞལ་པྱེས་ཤིག །རྡོ་རྗེ་སྲིད་གསུམ་ཞལ་ཕྱེས་ཤིག །རྡོ་རྗེ་ཁམས་འཚོགས་ཞལ་ཕྱེས་ཤིག །ཁྲོས་པའི་རྒྱལ་མོ་བཞི་ཡི་ཞལ་དུ་བསྟབ། །དགྲ་བགེགས་གཟུགས་བཞི་ཞལ་དུ་བསྟབ། །བདག་གི་གཟུགས་བཞི་བདེ་བར་མཇོད། །རང་བཞིན་མ་མོ་ཞལ་ཕྱེས་ཤིག །ཐུགས་ཀྱི་དགྱེས་སྡེ་ཞལ་ཕྱེས་ཤིག །དཀར་མོ་མིག་གཞལ་པྱེས་ཤིག །ནག་མོ་རལ་གཅིག་ཞལ་ཕྱེས་ཤིག །དམར་མོ་དབང་སྡུད་ཞལ་ཕྱེས་ཤིག །སེར་མོ་ལས་མཁན་ཞལ་ཕྱེས་ཤིག །དགྲ་བགེགས་ཡུལ་གཞི་ཞལ་དུ་བསྟབ། །བདག་གི་ཡུལ་གཞི་བདེ་བར་མཛོད། །སྲིད་པའི་སྨན་མ་ཞལ་ཕྱེས་ཤིག །སྲིད་པ་ཆགས་སྙོམས་ཞལ་ཕྱེས་ཤིག །ཨེ་ཀ་ཛ་ཏི་ཞལ་ཕྱེས་ཤིག །མ་མོ་སྐྲུན་གཉིས་ཞལ་པྱེས་ཤིག །མ་མོ་བདུན་རྣམས་ཞལ་ཕྱེས་ཤིག །རྡོ་རྗེ་ཀུན་གྲགས་ཞལ་པྱེས་ཤིག །རྡོ་རྗེ་ཀུན་གསལ་ཞལ་ཕྱེས་ཤིག །ཀུན་ཏུ་བཟང་མོ་ཞལ་ཕྱེས་ཤིག །རྡོ་རྗེ་ཀུན་གསལ་ཞལ་ཕྱེས་ཤིག །རྡོ་རྗེ་ཡེ་ཤེས་ཞལ་ཕྱེས་ཤིག །རྡོ་རྗེ་འོད་ཆགས་ཞལ་ཕྱེས་ཤིག །རྡོ་རྗེ་འོད་འཕྲོ་ཞལ་ཕྱེས་ཤིག །རྡོ་རྗེ་གཡུ་སྒྲོལ་ཞལ་ཕྱེས་ཤིག །རིན་ཆེན་སྲིད་འདེགས་ཞལ་ཕྱེས་ཤིག །ནག་མོ་ཁྲག་འཛག་ཞལ་ཕྱེས་ཤིག གླིང་བཞི་སྤྱི་འགྲོ་ཞལ་ཕྱེས་ཤིག །རྡོ་རྗེ་སྒེག་མོ་ཞལ་པྱེས་ཤིག །པདྨ་དབང་ཕྱུག་ཞལ་པྱེས་ཤིག །ས་བདག་ཆེན་མོ་ཞལ་ཕྱེས་ཤིག །ཧར་ཏིང་དཀར་མོ་ཞལ་ཕྱེས་ཤིག །དུན་ཏིང་ནག་མོ་ཞལ་ཕྱེས་ཤིག ཁྲན་ཏིང་དམར་མོ་ཞལ་ཕྱེས་ཤིག ཁུ།་བཏིང་སེར་མོ་ཞལ་ཕྱེས་ཤིག ཁུ།་འདེགས་རྒྱལ་མོ་ཞལ་ཕྱེས་ཤིག །དཀར་མོ་མཆེ་གཙིག་ཞལ་ཕྱེས་ཤིག །ནག་མོ་ཁ་ཧལ་ཞལ་ཕྱེས་ཤིག །དམར་མོ་ཆུ་འཇིབ་ཞལ་ཕྱེས་ཤིག །སེར་མོ་རྐང་ལྡག་ཞལ་ཕྱེས་ཤིག །དམག་གི་རྒྱལ་མོ་ཞལ་ཕྱེས་ཤིག །ལྷ་ཡི་སྲིང་མོ་ཞལ་ཕྱེས་ཤིག །གཤིན་རྗེའི་སྲིང་མོ་ཞལ་ཕྱེས་ཤིག །ཀླུ་ཡི་སྲིང་མོ་ཞལ་ཕྱེས་ཤིག །གནོད་སྦྱིན་སྲིང་མོ་ཞལ་ཕྱེས་ཤིག །སྲིང་མོ་ཆེན་མོ་བཞི་རྣམས་ཞལ་ཕྱེས་ཤིག །ཉི་ཤུ་རྩ་བརྒྱད་ཞལ་ཕྱེས་ཤིག །འདི་དག་ཞལ་ཕྱེ་གཞན་དང་མཐུན། །སྨན་མོ་ལྔ་བཅུ་རྩ་བརྒྱད་ལ། །དགྲ་བགེགས་ནང་རོལ་སྒལ་ཚིགས་རྣམས། །སྨན་མོའི་ཚོགས་ཀྱི་ཞལ་དུ་བསྟབ། །བདག་གི་ཕྱི་ནང་བདེ་བར་མཛོད། །རོལ་ཅིག་སྤྲུལ་ཅིག་མ་མོའི་ཚོགས། །ཆིངས་ཤིག་སྡོམས་ཤིག་མ་མོའི་ཚོགས། །ཛུ་ཛུ་ཛུ་ཡིས་དམ་དུ་སྡུས། །ཕཊ་ཕཊ་ཕཊ་ཀྱིས་རོལ་པར་མཛོད །ཁ་ཁ་ཁུ་ཡིས་ཞལ་དུ་བཞེས། །ཁམས་གསུམ་དགྲ་བགེགས་སྟོངས་པར་མཛོད། །སྒྲུབ་ལ་བར་ཆད་བྱེད་པ་རྣམས། །ཐལ་བ་བཞིན་དུ་མེད་པར་གྱིས། །ས་མ་ཡ་མྱ་ར་ཡ་ཁུ་ཧི་ཞེས་བརྗོད་དོ། །ཟ་བྱེད་བསྟབ་པའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།། །།དེ་ནས་ཡབ་མངོན་རྫོགས་ཀྱི་རྒྱལ་པོས། ལྟ་བའི་མན་ངག་གི་ལེའུ་འདི་བཤད་དོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར། །ཀུན་རྫོབ་ཙམ་གྱི་མཚན་མ་སྲ །ཆོས་སྐུ་མཚན་མར་བརྟགས་པ་སྟེ། །ཡེ་ཤེས་རང་གནས་རོལ་པ་ཡིན། །ཕྱི་ནང་སྣོད་བཅུད་མ་ལུས་ཀྱང་། །ཀུན་ཏུ་བཟང་མོའི་དབྱིངས་ཀྱི་རྒྱན། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་རྒྱན། །ཀུན་བཟང་ཡབ་ཡུམ་རོལ་པ་ལས། །ཕྱི་ནང་མ་ལུས་ཐམས་ཅད་སངས་རྒྱས་སོ། །མཐའ་ལ་ཐུག་པ་མེད་པས་དབྱིངས་ལབྲི་བ་མེད། །དབྱིངས་ལ་གཡོ་བ་མེད་པས་ཆོས་སྐུ་འགྱུར་བ་མེད། །དོན་དམ་དབྱིངས་སུ་བལྟས་པས་ལྟས་དགུ་དེ་དག་གསལ། །ཐམས་ཅད་སེམས་སུ་རྟོགས་པས་གང་བསྒྲུབ་ལྷུན་གྱིས་གྲུབ། །རྣམ་རྟོག་མིང་ཡང་མེད་པས་གང་བསྒྲལ་གཅིག་མི་ལྟས། །ཐབས་མཁས་རོལ་པ་ཡིན་པས་འཁོར་བའི་སྐྱོན་མ་གོས། །ཐུགས་རྗེ་བྱང་ཆུབ་ཡིན་པས་ཐརཔབདེཆེན་ཐོབ། །ཀུན་གྱི་བདག་ཉིད་ཡིན་པས་མ་མོའི་རང་བཞིན་འཁོར། །བདེ་ཆེན་རྒྱལ་པོ་ཡིན་པས་འཁོར་གྱི་ཇོ་བོ་ཡིན། །ཐམས་ཅད་བདག་ལ་བྱུང་བས་ཀུན་གྱི་བདག་པོ་ཡིན། །ང་རྒྱལ་གདེང་དུ་ཆེ་བས་འགྲོ་དྲུག་ཐབས་ཀྱིས་འདུལ། །ཐུགས་མཆོག་ཐུགས་སྒྲས་ཁམས་གསུམ་ཡོངས་སུ་ལྡིར། །ཐུགས་རྗེའི་བྱམས་ལྡན་ཉི་མའི་འོད་བཞིན་ཤར། །མི་རྟོགས་གཉེན་པོ་ཐབས་ཀྱི་རྒྱལ་པོ་འབྱུང་། །འཁོར་བའི་གཉན་པོ་རང་བྱུང་སངས་རྒྱས་ཏེ། །བདག་དང་སེམས་ཅན་ཐམས་ཅད་ཆོས་ཀྱི་བྱ་བའི་སྐུ་རུ་གཅིག །མི་རྟོག་ཐབས་ཀྱིས་གཉེན་པོ་འདི་ཡི་དོན་རྟོགས་ན། །མ་མོས་གདུལ་བར་བྱ་བ་གཞན་ན་མེད། །འཁོར་བ་མྱ་ངན་འདས་པའི་དོན་རྟོགས་ན། །དགྲ་བགེགས་བསྒྲལ་ཞིང་ཚར་བཅད་བྱ་མི་དགོས། །ཡེ་འབྱམས་མཚན་མེད་ཀློང་གི་དབང་རྫོགས་ན། །རྒྱལ་བྱེད་རྟགས་ཀྱི་ཕྱག་རྒྱ་སྒྲུབ་མི་དགོས། །ཕྲིན་ལས་བྱ་བཙལ་ཀློང་ཡངས་ཡེ་ནས་འདས། །བསྒོམ་བསྒྲུབ་དཀྱིལ་འཁོར་བྱ་བ་ཅི་ཡང་མེད། །འདི་ལྟར་མན་ངག་རྟོགས་པ་གདེང་གྱུར་ན། །བསྒྲུབས་ཀྱང་སྐྱོན་མེད་མ་བསྒྲུབས་འགལ་བ་མེད། །བསྒོམ་ཀྱང་སྐྱོན་མེད་མ་འགལ་བ་མེད། །བསྒྲལ་ཀྱང་སྐྱོན་མེད་མ་བསྒྲལ་འགལ་བ་མེད། །བསམ་དུ་མེད་དེ་ཆོས་སྐུ་ནམ་མཁའ་འདྲ། །སྒོམ་དུ་མེད་དེ་རང་བྱུང་ཀློང་ནས་ཤར། །བདེ་འབྱམས་དབྱིངས་ཕྱུག་ཡུམ་གྱི་རྒྱལ་མོ་ཡིན། །མ་བཀག་ཅི་བདེར་ཡན་བཀྱེ་ཡབ་ཀྱི་མཁའ། །སེམས་ལ་གང་ཡང་མེ་ཏོག་རང་བྱུང་སྐུ། །ཐབས་ལས་གང་ཡང་མ་འགགས་མ་བཅོས་སྐུ། །དོན་ལ་གང་ཡང་མི་རྟོག་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་སྐྱེ་ཤི་གཡོས་པ་མེད། །འཕོ་འགྱུར་མེད་པའི་ཀློང་ལ་བཙལ་ཞིང་བསྒྲུབ་དུ་མེད། །ཡེ་ཤེས་བྱང་ཆུབ་སེམས་སུ་བདག་རྟོགས་ན། །འདུ་འཛི་བྱིས་པའི་རྩེ་མོས་ཅི་ཞིག་བྱ། །མི་འདའ་ཀློང་གི་དམ་ཚིག་སྲུང་བྱེད་ན། །ཉོན་མོངས་བདེ་སྡུག་མྱ་ངན་ཅི་ལ་སྦྱད། །ཐབས་མཁས་རོལ་པའི་ཏིང་འཛིན་ཤར་བ་ལས། །ཕུང་པོ་འབད་རྩོལ་རྩོལ་བསྒྲུབ་ཅི་ལ་བྱ། །ཕྱི་ནང་སྣོད་བཅུད་ཐིག་ལེར་སངས་རྒྱས་ན། །གཞན་ནས་བཙལ་ཞིང་སྨིན་དུ་གཅིག་ཀྱང་མེད། །ལྷ་བ་མན་ངག་གི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།དེ་ནས་ཡབ་མངོན་རྫོགས་རྒྱལ་པོས། བདེ་ཆེན་བྱང་ཆུབ་སེམས་ཀྱི་ལེའུ་འདི་བཤད་དོ། །འདི་སྐད་ཅེས་གསུངས་སོ། །སྣོད་ཀྱི་འཇིག་རྟེན་མ་བཀག་ཡུམ་གྱི་དབྱིངས། །བཅུད་ཀྱི་འཇིག་རྟེན་མ་བཀག་ཡབ་ཀྱི་མཁའ། །ཡབ་ཡུམ་མཁའ་དབྱིངས་ཡེ་ནས་རོལ་པ་ལས། །བདེ་ཆེན་བྱང་ཆུབ་སེམས་སུ་ཡེ་ནས་སངས་རྒྱས་སོ། །ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ། །མ་མོའི་ཚོགས་ཀྱི་དཀྱིལ་འཁོར་ཡེ་ནས་ཡིན། །ཡོན་པའི་དོན་ལ་རིག་པ་གསལ་དགོད་ན། །བདེ་ཆེན་བྱང་ཆུབ་སེམས་སུ་ཡེ་ནས་སངས་རྒྱས་སོ། །སེམས་དང་ཡེ་ཤེས་དུས་གཅིག་སངས་རྒྱས་ན། །རྟག་པའི་ཡེ་ཤེས་སེམས་ཀྱི་སངས་རྒྱས་ཀུན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །འཁོར་བའི་རྒྱུ་ཉིད་ཐར་པའི་ལམ་གྱི་སྐས། །སྡུག་བསྔལ་རྒྱུ་ཉིད་ཆོས་ཉིད་བྱང་ཆུབ་སེམས། །མ་སྤངས་ལྷུན་གྱིས་གྲུབ་པའི་དོན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཆོས་ཉིད་ཀུན་ཏུ་བཟང་པོའི་རིག་པ་ལ། །འཁོར་དང་ནི་མྱ་ངན་འདས་པ་མཉམ། །སངས་རྒྱས་སེམས་ཅན་སེམས་ཉིད་གཅིག་ཏུ་མཉམ། །རྟོགས་དང་མ་རྟོགས་སྒྱུ་མའི་ངང་དུ་མཉམ། །རིག་དང་མ་རིག་ཆོས་ཀྱི་སྐུ་དང་མཉམ། །མཉམ་ཉིད་རྒྱལ་པོའི་དོན་ལ་མ་ཡེངས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་རུ་སྣང་། །འབྱུང་བ་ལྔ་པོ་ཆོས་ཀྱི་དབྱིངས་སུ་མཉམ། །དབྱིངས་དང་ཡེ་ཤེས་འབྲེལ་བའི་དོན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཡེ་ཤེས་མ་མོ་བཞིན་མ་མོ་དང་། །སྨན་མོ་ལ་སོགས་མང་པོའི་ཚོགས་བརྗོད་ཀྱང་། །བདག་གིས་བྱིན་རླབས་མ་མོར་སྣང་བ་ལས། །གཞན་ནས་མ་མེར་གྲུབ་པ་ཅི་ཡང་མེད། །བདག་སྣང་གཞན་འཁེལ་ཀུན་ཏུ་བདག་ཡིན་ཏེ། །བདག་ཉིད་གཡོས་ན་ཕྱི་ནང་སྣོད་བ་་གཡོས། །ཀུན་གྱི་ཆེ་བཙན་འགྲན་གྱིས་དོ་མེད་པས། །ཡང་ལ་ཐོགས་མེད་བདེ་འབྱམས་རྒྱལ་པོ་ལ། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །བདེ་ཆེན་ངང་ལ་འཛིན་རྟོག་བརྗོད་དུ་མེད། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་པའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །།དེ་ནས་་་། །ཡབ་མངོན་རྫོགས་རྒྱལ་པོས། རྒྱུད་ཡོངས་སུ་བཟུང་བ་འདི་བཤད་དེ། འདི་སྐད་ཅེས་གསུངས་སོ། །གསང་ཐུབ་བཀའ་བརྟན་ངེས་པ་དང་། །བདེན་པར་སྨྲ་ཞིང་ཡིད་མི་འགྱུར། །དེས་ནི་རྒྱུད་འདི་གཟུང་བར་བྱ། །བརྟགས་ཤིང་རྒྱུད་འཆང་བརྩོན་འགྲུས་ཆེ། །དྲང་ལ་སེམས་བྱམས་གཡོ་སྒྱུ་ཆུང་། །དེས་ནི་རྒྱུད་འདི་གཟུང་བར་བྱ། །མཛངས་ལ་ཤོས་པ་གསལ་བ་དང་། །བརྟགས་ཤིང་བྱ་བ་མ་ནོར་བ། །དེས་ནི་རྒྱུད་འདི་གཟུང་བར་བྱ། །གཟུང་ཐུབ་དྲགས་ཐུབ་ཁོངས་ཡངས་ཤིང་། །ལེ་ལོ་བར་ཆད་སྐྱོན་སྤངས་ལ། །དེས་ནི་རྒྱུད་འདི་གཟུང་བར་བྱ། །གཞུང་བླ་མ་དང་ཚིག་འཇོམ་པའི་དོན་གྱིས། །སྤྱོད་པ་ཐོགས་ཆགས་མེད་པ་དང་། །དམ་ཚིག་སྤངས་ལེན་མེད་པ་ཡིས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །ཉན་ཅིང་བསྒྲུབ་ལ་བརྩོན་པ་དང་། །འདུ་འཛིའི་དབང་དུ་མི་གཏོང་བས། །བརྣག་ཐུབ་བཟོད་ཆེ་ངེས་པ་དང་། །ཡོངས་ལ་མི་གནོད་ཚུལ་སུན་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །ལུང་མེད་པས་ཀྱང་མི་གཏོང་ཞིང་། །སློབ་དཔོན་རིག་པ་སྟེང་འདུ་བ། །དེས་ནི་ཡོངས་སུ་གཟུང་བར་བྱ། །རང་ཤེས་མུ་ཅོར་མི་བྱེད་ཅིང་། །བརྟགས་ཤིང་ལས་རྣམས་བརྩོན་བྱེད་པ། །དེས་ནི་རྒྱུད་འདི་གཟུང་བར་བྱ། །རྣལ་འབྱོར་སྨན་དང་མི་འབྲལ་ཞིང་། །རྫས་དང་ལག་ཆ་མ་ཐེགས་པ། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །དད་པ་སྐྱོ་ངལ་མེད་པ་དང་། །སྐྱོ་མེད་དུབ་པ་མེད་པ་ཡིས། །རྒྱུ་འདི་ཡོངས་སུ་གཟུང་བར་བྱ། །དབང་བསྐུར་གནང་བ་ལུང་ཐོབ་ཅིང་། །རྟོགས་ཤིང་ཤེས་པ་ཕྱོགས་འབྱམས་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །བརྟགས་ན་བླ་མའི་ལུང་ཡོད་ཅིང་། །བསྙེན་ན་ནུས་པའི་མཐུ་ཡོད་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །རྒྱུད་ཡོངས་གཟུང་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ལྷ་གནོད་འདུལ་གྱིས་གསོལ་པ། །ཡབ་གཅིག་ལགས། །སྣོད་དེ་དང་མི་ལྡན་པས། །བཟུང་དུ་རུང་ལགས་སམ། ཞེས་གསོལ་པས། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །སྣོད་དེ་དང་མི་ལྡན་པ། །དྷརྨུ་སྣང་འཚོང་བྱེད་པ་དང་། །ཆོས་དཔེའི་ཚོང་པ་བྱེད་པ་དང་། །མན་ངག་ཟང་ཐལ་དུ་སྨྲ་བ་དང་། །ལྟ་བའི་གདེང་མེད་པ་དང་། །སྤྱོད་པས་མ་ཟིན་པ་དང་། །སྒྲུབ་པ་གཞུད་མ་ཚུགས་པས། །རྒྱུད་འདི་བཅངས་ཀྱང་སེང་གེའི་འོ་མ་དང་འདྲ་སྟེ། །བདག་ཕུང་གཞན་རླག་གཉིས་ཀ་འགལ། །མཛེ་དང་རིམས་ཀྱི་བསྐལ་པ་འབྱུང་། །བྱ་རུ་མི་རུང་སྣ་དགུ་བྱེད། །འབྲས་བུ་མནར་མེད་པར་སྐྱེ་བས། །དེས་ན་མ་མོ་སྲིད་པའི་རྒྱུད་ལུང་འདི། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །སྣོད་མེད་རྣམས་ཀྱི་བཅངས་གྱུར་ན། །བདག་དང་འགྲོ་བ་གཞན་ཀུན་བརླག །དེས་ན་འདི་ནི་གསང་བའི་རྒྱུད། ཅེས་བསྟན་ཏོ། །དེ་ནས་ལྷ་གནོད་འདུལ་གྱིས་གསོལ་པ། །མ་མོའི་དཀྱིལ་འཁོར་ཇི་ལྟར་བསྡུ། ཞེས་གསོལ་པ་དང་། ཡབ་མངོན་རྫོགས་ཀྱི་རྒྱལ་པོས་བཀའ་སྩལ་པ། །མ་མོའི་དཀྱིལ་འཁོར་བསྡུ་བ་ནི། །དང་པོ་བསྐྱེད་པའི་རིམ་པ་བཞིན། །རིམ་བཞིན་རིམ་པས་གཙོ་ལ་བསྡུ། །ཞེས་བཀའ་སྩལ་ཏོ། ཁུད་འདི་སྣོད་མེད་ལ་བསྟན་པའི་སྐྱོན་དང་། དཀྱིལ་འཁོར་བསྡུ་བའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།དེ་ནས་མངོན་རྫོགས་ཀྱི་རྒྱལ་པོས། །ལྷ་གནོད་འདུལ་ལ་བཀའ་སྩལ་པ། །བསྟན་པའི་སྙིང་པོ་དམ་པ་འདི། ཁུད་དང་ལུང་དང་མན་ངག་དང་། །ཕྱོགས་དང་གལ་པོར་བསྟན་པ་ཡི། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་འདི། །དེ་བ་གནོད་འདུལ་ཁྱོད་ཀྱིས་བསྡུས། །འཇིག་རྟེན་གསུམ་དུ་གྲགས་པར་གྱིས། །ལྟ་སྤྱོད་སྒྲུབ་པ་ཚང་བ་ཡི། །མ་མོ་སྲིད་པའི་ཏནྟྲ་འདི། །དེ་བ་གནོད་འདུལ་ཁྱོད་ཀྱིས་ཟུང་། །རྩ་བ་གསུམ་དུ་སྦས་པར་གྱིས། །ཞེས་བཀའ་སྩལ་པས། གསེར་གྱིས་གླེགས་བམ་དུ་བྲིས་ནས། ལྷ་གནོད་འདུལ་ལ་གཏད་དོ། །ལྷ་གནོད་འདུལ་གྱིས་རྩ་བ་ཆེན་པོ་གསུམ་དུ་སྦས་སོ། །དེ་སྐད་ཅེས་སྟོན་པས་བཀའ་སྩལ་པས། ཡེ་ཤེས་ཀྱི་མ་མོ་དང་། ཕྲ་མེན་རྒྱ་མཚོ་ལ་སོགས་པ་རང་བཞིན་གྱི་མ་མོ་དང་། ཨ་ཕྱི་ཆེན་མོ་ལ་སོགས་པ་སྲིད་པའི་སྨན་མོ་རྣམས་ཀྱིས། སྐྱེ་བ་མེད་པ་ཆོས་ཀྱི་རོ་མྱོང་ནས། གསང་བ་དགྱེས་པའི་མཆོད་པ་ཕུལ་ནས། རང་རང་གི་དམ་ཚིག་ནོས་ནས། ཞབས་སྤྱི་བོ་ལ་བླངས་སོ། །མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། ལྷ་གནོད་འདུལ་ལ་རྒྱུད་གཏད་པའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།མ་མོའི་སྲིད་པའི་རྫོགས་ལུང་ཆེན་མོ་འབྲས་བུ་ངེས་པར་བསྟན་པའི་མཆོག །ཀུན་བཟང་ཐུགས་ཀྱི་ལུང་ཆེན་འདི། །སྐྱེས་མཆོག་འགའ་ཡི་ལས་ཡིན་ཏེ། །ཀུན་ལ་སྤེལ་བར་མ་གསུངས་