Ngb-pt-0347-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བའི་སྔགས་རྒྱུད་ལས་གསང་བའི་ཕྲིན་ལས་རྫོགས་པ་འབྱུང་པོ་ཀུན་འདུལ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་གུ་རྒྱ་ཏནྟྲ་ཨུ་པ་དེ་ཤ །བོད་སྐད་དུ། རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད། བཅོམ་ལྡན་འདས་དཔལ་བཛྲ་ཀི་ལ་ཡ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བདག་ཉིད་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་ཅན་དེ། ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས། །འབར་བའི་ཁྲོ་བོ་ཤིན་ཏུ་མི་བཟད་པ། སྐུ་ཡི་དབྱིག་ཏུ་གྱུར་པར་བཞེངས་ཏེ། ཡེ་ཤེས་༄༅ འབར་བའི་གཞལ་ཡས་ཁང་། རང་སྣང་གསལ་བའི་དཀྱིལ་འཁོར་གྲུ་གསུམ་ཨེའི་དཀྱིལ་འཁོར་ན། ཀེང་རུས་གསར་རྙིང་བརྩེགས་པའི་རི་རབ་ཀྱི་སྟེང་། མེ་རི་འབར་བའི་ཀློང་། རྡོ་རྗེ་བྲག་ཆེན་གཏམས་པའི་མཎྜལ་ན། རྒྱུ་རིན་པོ་ཆེ་དང་ཐོད་པ་གསར་རྙིང་ལས་གྲུབ་པ། དྲག་པོ་འབར་བའི་གཞལ་ཡས་ཁང་། རྩིབས་བརྒྱད་ལ་སྒོ་བཞི་པ་དུར་ཁྲོད་ཀྱི་རྒྱན་རྣམ་པ་སྣ་ཚོགས་པས་བཀླུབས་པར། བདུད་དང་ཕྱོགས་སྐྱོང་དང་ཉི་ཟླའི་གདན་ལ་རབ་ཏུ་བཞུགས་ཏེ། ཐུགས་ཀྱི་སྲས་མཆོག་བཛྲ་འདུས་པ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཟ་བྱེད་དང་། གསོད་བྱེད་དང་། སྤྲུལ་པ་དང་། ཡང་སྤྲུལ་བརྗོད་ཀྱིས་མི་ལང་བ་དང་།གཞན་ཡང་དུར་ཁྲོད་ཀྱི་ཅེ་སྤྱང་དང་། །ཟངས་ཀྱི་ཝ་མོ་དང་། ལྕགས་ཀྱི་སྤྱང་མོ་དང་། དུར་ཁྲོད་ཀྱི་ཁྱི་དང་། རྡོ་རྗེ་ལྷ་མོ་ཡ་བྱིན་དང་། དེ་བྱིན་དང་། ཆུ་བྱིན་དང་། ཕག་བྱིན་དང་། ནག་མོའི་ཚོགས་རེ་མ་ཏི་དང་། རེ་མ་ཛི་དང་། རེ་མ་ཛ་དང་། རེ་མ་ཛུ་དང་། གཞན་ཡང་དུར་ཁྲོད་ཀྱི་མ་བདུན་དང་། སྲིང་མོ་བཞི་དང་། །སྐྱེས་མཆོག་ཕོ་མོ་དང་། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དང་། རིན་པོ་ཆེ་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཚོགས་རབ་ཏུ་མང་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ཐུགས་ཀྱི་སྲས་མཆོག་བཛྲ་ཀི་ལ་ཡ་འདིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། །གུ་རྒྱ་བྷ་ག་ལྷུན། ཤི་བཛྲཀུ་མྱ་ར་ན་མ༷༷ སརྦ་བིསྣན་བ༷་ཧུ༷་ཀི་ལ་ཡ་ཛ་ཧུ༷་བ༷་ཧོ༷༷། ཨ་ལ་ལ་ཧོ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་དྲག་པོ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྲིད་པ་ཐམས་ཅད་རྡོ་རྗེར་གྲུབ་པར་མཛད་དེ། འབར་བའི་ཁྲོ་བོ་ཤ་སྟག་པས། །གཏུམ་པ་དང་། རྔམ་པ་དང་། བརྟུལ་ཞུགས་ཀྱིས་གདུག་པའི་ཚོགས་རྣམས་དབང་དུ་བསྡུ་བ་དང་། ཚར་བཅད་ནས་སླར་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་དོ། །རྡོ་རྗེ་ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་བཛྲ་ཀི་ལ་ཡས། བཅོམ་ལྡན་འདས་ལ་མཆོད་ཅིང་བསྟོད་ནས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་དཔལ་ཆེན་གྱིས། །གདམས་ངག་གསང་བའི་རྒྱུད་ཆེན་པོ། །མ་འོངས་པ་ཡི་དོན་ཆེད་དུ། །འཁོར་རྣམས་ལ་ནི་བཤད་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །ཉོན་ཅིག་བཛྲ་ཀི་ལ་ཡ། །སྙིང་རྗེ་བསྒྲལ་བའི་དམ་ཚིག་སྟེ། །བསད་ཅིང་མནན་པ་མ་ཡིན་ཏེ། །རྣམ་ཤེས་གནས་སུ་དག་ཕྱིར་བཤད། །ཅེས་གསུང་སོ། །དེ་ནས་ཡང་བཀའ་སྩལ་པ། ཁུད་འདི་དམིགས་པའི་ཡུལ་དང་ནི། །སྒྲུབ་པའི་ཐབས་ཀྱི་རིམ་པ་དང་། །གྲུབ་པའི་འབྲས་བུ་དག་དང་གསུམ། །མན་ངག་བདག་གི་བཤད་ཀྱི་ཉོན། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་གདམ་ངག་གི་རྒྱུད་ལས་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །དེ་ཡི་དོན་ཉིད་ཡང་དག་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རང་བཞིན་མ་བཅོས་གནས་པ་དེ། །མ་རྟོགས་གདུལ་བྱའི་ཞིང་དུ་དམིགས། །སྙིང་རྗེ་དམིགས་པར་བྱ་བ་ཡིན། །བསྒྲུབ་པར་བྱ་བའི་ཐབས་ལ་ཡང་། །གཞི་དང་དོན་གྱི་ཁོག་ཉིད་དང་། །སྲོག་དང་ཡེ་ཤེས་དབང་དང་ནི། །སྤྱན་འདྲེན་མཆོད་བསྙེན་དངོས་གྲུབ་བླང་། །མཇུག་སྡུད་ལས་ཀྱི་ཁ་བསྐང་བའོ། ཁྲུབ་པའི་འབྲས་བུ་ཆོས་སྐུ་དང་། །གཟུགས་སྐུ་རྒྱུན་གྱི་ཏིང་ངེ་འཛིན། །གཞི་ནི་ཕུན་སུན་ཚོགས་པ་སྟེ། །བདག་ཉིད་གནས་དང་རྫས་དུས་ཏེ། །འཁོར་རྣམས་ཕུན་སུམ་ཚོགས་པའོ། །དཀྱིལ་འཁོར་རྣམ་པ་གསུམ་དག་ལས། །སྔོན་འགྲོའི་ལས་རྣམས་བྱ་བ་དང་། །དངོས་ལ་རྟེན་དང་བརྟེན་ནས་ཏེ། །འབྱུང་བ་ལྔ་དང་གཞལ་ཡས་ཁང་། །བདག་ཉིད་རྩ་བའི་ཕྱོགས་བ་་ཁྲོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་རོ། །ཁམས་གསུམ་སྲོག་ལ་དབང་བསྐུར་དང་། །དེ་ཡི་སྲོག་ཀྱང་ཡེ་ཤེས་ཏེ། །བདག་གིས་དཀྱིལ་འཁོར་གཉིས་ལ་བསྐུར། །དེ་ཡིས་འགྲོ་དྲུག་དག་ལའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་སུ་དབང་བསྐུར་བའི། །སྤྱན་དྲང་མཆོད་དང་བསྙེན་པ་དང་། །དངོས་གྲུབ་བ་་ནི་བླང་བ་སྟེ། །ཕྱགདངམཆོདཔགཏོརམདང་། །བདུད་རྩི་རཀྟ་སྦྱོར་སྒྲོལལོ། །ཚོགསདངལྷགམའི་ཆོ་ག་ བརྒྱད། །བསྙེན་པ་ལྷ་དང་དམ་ཅན་དང་། །ངན་སྔགས་ཉེ་བར་བསྙེན་པའོ། །དངོས་གྲུབ་ཡེ་ཤེས་ལྷ་དང་ནི། །དགྲ་ལ་ཚེ་ལུང་ཁྲུས་ལུང་དང་། །སྒོ་བཞིའི་ཕུར་པ་མཚོ་བཞི་སྟེ། །ཡུམ་བརྒྱད་ལུས་ཀྱི་རྟེན་བརྒྱད་དང་། །ཚ་ཁྲོ་བཅུ་ཚོགས་བརྒྱད་ཞར་བྱུང་གཉིས། །གཉིས་ཀྱིས་དགེ་སྡིག་མ་མཉམ་གདབ། །མཚོན་གྱིས་ག་་དང་ཐུན་གྱིས་བྲབ། །གནས་སྐབས་དག་ནི་ཤེས་པར་བྱ། །མནན་པ་སྦྱིན་སྲེག་ཐུན་དང་གསུམ། །ལས་ཀྱི་མཇུག་ནི་བསྡུ་བར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལས་གདམས་ངག་གི་ཁོག་གདོན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ན་ཐུག་ཀྱི་སྲ་མཆོག་དེས། །དཀྱིལ་འཁོར་རྣམ་གསུམ་རིམ་པར་ཞུས། །བཅོམ་ལྡན་འད་ཀྱི་བཀའ་སྩལ་པ། །རྡོ་རྗེ་ཁྲོ་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྙིང་གི་གོ་རུ་བསྒོམ་པར་བྱ། ཧུ༷་སྤ་ར་ཎ་ཕཊ། ས༷་ཧ་ར་ཎ་ཧུ༷། བཛྲ་ཨེ་ཡ༷། ར་སུ༷་ཀེ་ར༷་རྒྱུ༷། ཟློ༷་བི་ཤྭ་བི་ཤུརྙེ་ཙྭ་ན་ཙཀྲ་མཎྜལ་ཨེ་སྒྱུ༷། ཛ༷༷ཧུ༷་བ༷ཧོ༷། ཧུ༷་སྤ་ར་ཎ་ཕཊ། ས༷་ཧ་ར་ཎ་ཧུ༷། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་༄བྱས༄་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ཧུ༷རྡོརྗེགཤོནནུའིརིགའཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲི་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཧུ༷་ཧུ༷། ཨོ་བཛྲ་ཀྲོ་དྷ་ཧུ༷་ཀྭ་ར་ཧུ༷། གརྫགརྫ་ཧུ༷་ཕཊ། ཨོ་བཛྲཀྲོ་དྷ་བི་ཛ་ཡ་ཧུ༷ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧྭ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཡ་མརྙ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཨུརུ་ཨ་ཙ་ལ་ཧུ༷། བྷསྒོ་བྷརྙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཧ་ཡ་གི་བ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧུ༷། ཏིཁྱི་ཏིཇི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜ་ལི་ཧུ༷། སྣྲིསྡོ་སྦྱིནྟྲ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧུ༷། སྟིརྙ་སྟིརྙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧུ༷། སྤྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། །ཛ༷༷ཧུ༷་བ༷་ཧོ། །སྟིརྙ་ཡ་བིང་བིང་ཧུ༷་ཕཊ། །ན་མ༷༷ས་མརྙ་ཧྲིང་ཧྲིང་ཧུ༷་ཕཊ། །སུ་རུ་སུ་རུ་པྲ་སུ་རུ་ཧུ༷་ཕཊ། མུ་ར་ཡ་བཱ་ར་ཡ་ཧུ༷་ཕཊ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ་། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག ། ཧུ༷་ས་མ་ཡ་ཏིཁྱི་ལྷན། ཨོ་བྲརྙ་ཀི་ལི་ཀི་ལ་ཡ་བཛྲ ཛ་ལ་ཛ་ལ་པྲ་ཛ་ལ་སརྦ་ན་པ་ན་པ་ཡ་ཧུ༷་ཕཊ། །ཨོ་པདྨ་ཀི་ལི་ཀི་ལ་ཡ་བཱ་ཀ་བཛུ་ནཱན། སརྦ་དུ་་ཧྲི་ཤོ་དྷ་ཡ་ཧུ༷་ཕཊ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཙིསྟ་བཛྲ་ནཱན། ཙིསྟ་ཙིསྟ་ཧུ༷་ཕཊ། བེ་ཏ་སྙི་ས་མན་ཏ་ལ་རཀྟ་ཧུ༷་ཕཊ། །མ་གུ་ཏ་ལ་ཏ་ལ་ནི་ཧུ༷་ཕཊ། མ་ཧྭ་རཀྟ་ཛ་ལ་ནི་ཧུ༷་ཕཊ། །རྡོ་རྗེ་ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལས་དཀྱིལ་འཁོར་རྣམ་གསུམ་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །སྲོག་དང་ཡེ་ཤེས་དབང་བསྐུར་ཞུས། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་འདིར་གསོལ་ཅིག །ཧུ༷་སྤ་ར་ཎ་ཧུ༷་ཕཊ། །ཧུ༷་ས༷་ཧ་ར་ཎ་ཧུ༷། ཨརྣ་སུ་ཏྲི་པྲེ་དུ། ས༷་སྤ་ར་ཎ་ཕཊ། ས་ཧ་ར་ཎ་ཧུ༷། ཨོ་སྤ་ར་ཎ་ཧུ༷། ཨུ་སྤ་ར་ཎ་ཕཊ། ས༷་ཧ་ར་ཎ་ཧུ༷། ཧུ༷་སྤ་ར་ཎ་ཕཊ། ས༷་ཧ་ར་ན་ཕཊ། ཞེས་གསུངས་སོ། རྡོ་རྗེ་ཕུར་པ་གསང་བ་མན་ངག་གི་རྒྱུད་ལས་ཁམས་གསུམ་སྲོག་ལ་དབང་བསྐུར་བ་དང་སྲོག་ཡེ་ཤེས་སུ་དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་བཛྲ་ཀི་ལ་ཡས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྤྱན་དྲང་མཆོད་པའི་རིམ་པ་སོགས། །བདེ་བར་གཤེག་པ་བཤད་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། ཀི་ལ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། ཛ༷༷ཧུ༷་བ༷་ཧོ༷། ཨ་ཏི་པུ་ཧོ། པྲ་ཏི་སྣྲོ་ཧོ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་པྱུ་ཛ་མེ་བྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧུ༷། པུསྤྲོ རྙུ་པེ། ཨུ་ལོ་ཀེ། བྷརྙེ། དམ་ཚིག་ཆེན་པོའི་དུས་ལ་བབ། །བ་ལི་གཏོར་མ་བཞེས་སུ་གསོལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །བ་ལི་གཏོར་མ་བཞེས་སུ་གསོལ། །ཕྱག་བབ་ཆེན་པོའི་དུས་ལ་བབ། །བ་ལི་གཏོར་མ་བཞེས་སུ་གསོལ། ཁྲ་ན་མུ་ཁའི་དུས་ལ་བབ བ་ལི༷་གཏོར་མ་བཞེས་སུ་གསོལ། །ས་བདག་ཆེན་མོའི་དུས་ལ་བབ། །བ་ལི་གཏོར་མ་ཞེས་སུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །བ་ལི་གཏོར་མ་བཞེས་སུ་གསོལ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བ་ལི༷་་གཏོར་མ་བཞེས་སུ་གསོལ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །བ་ལི་གཏོར་མ་བཞེས་སུ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། ཁྲ་ན་མུ་ཁའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །ས་བདག་ཆེན་མོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །བདག་ཉིད་ཆེན་མོའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །བདུད་རྩི་སྨན་གྱི་མཆོད་པ་བཞེས་པ། །དངོས་གྲུབ་བར་ཆོད་བྱེད་པའི་བགེགས། །དངོས་གྲུབ་བར་ཆོད་བྱེད་པའི་དགྲ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལསྨྲརཆུགགཅིག །ཕོགཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་པས་ན། །བསྒོ་བའི་བཀའ་འདི་ཉན་པར་གྱིས། །མ་ཧྭ་རཀྟ་ཁ་ཧི། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་བ་ཇི་བཞོ་དམ་་ས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧྭ་རཀྟ་ཁུ་ཧི། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་བ་བྱེད་པ་རྣམས། །མཐུ་དང་རྫུའཕྲུལ་མེད་པར་གྱིས། །མ་ཧྭ་རཀྟ་ཁུ་ཧི། །ཁྲོ་མོ་་ར་བའི་ག་་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། །ཁ་ཐམ། ཁ་ཐམ།དམ་ཚིག་གོ་པོའི་དུས་ལ་བབ། ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །སྤྲུལ་པ་ཞོ་པོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཕྱག་བ་་ཞོ་པོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། ཁྲ་ན་མུ་ཁའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ས་བདག་ཞོ་མོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །བདག་ཉིད་གོ་མོའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། ཁྲ་ན་མུ་ཁའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་བ་བསྲུང་དུ་གསོལ། །ས་བདག་ཞོ་མོའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ལྷག་མའི་གཏོར་མ་བཞེས་སུ་གསོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བར་ཆད་བསྲུང་དུ་གསོལ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལ་སྤྱན་དྲངས་ཤིང་མཆོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ན་ཐུག་ཀྱི་སྲས་མཆོག་དེས། །བསྙེན་པའི་དོན་རྣམ་ཞུ་པ་ལས། །བཅོམ་ལྡན་འད་ཀྱི་བཀའ་སྩལ་པ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིབྷ་ནཱན་བ༷་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཛ༷༷ཧུ༷་བ༷་ཧོ། །ཀ་ཏ༷་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏི་ཨ་པ་ར་ཙི་ཏི་མ་ར་ས་ན་པྲ་མརྙ་ན་ཡ་ཧུ༷་ཕཊ། ཧ་ས་ཡ་རགྲི་ད་ཡ་ན་ཧྭ༷་ཕཊ། ཨུ་བེ་ཤ་ཡ། ཨུ་བེ་ཤ་ཡ་ཧུ༷་ཕཊ། ཤི་ཀྲིན་ཨུ་ན་ཡ་ཧུ༷་ཕཊ། ཛ་ལ་པ་ཡ་ཛ་པ་ཡ་ཧུ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། བིརྙ་ཡ་བིརྙ་ཡ་ཧུ༷་ཕཊ།རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཅེས་གསུང་སོ། །རྡོ་རྗེ་ཕུར་པ་གསང་བ་མན་ངག་གི་རྒྱུད་ལས་བསྙེན་པ་རྣམ་པར་གསུམ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ན་ཐུགས་ཀྱིསྲ་མཆོགདེས། །སྒྲུབ་པཆེན་པོའི་དུ་རྣམ་ཞུས། །བཅོམ་ལྡན་འད་ཀྱི་བཀའ་སྩལ་པ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། ཁུ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབ་ཀྱིས། །ཡུད་ཙམ་ཀྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོ་ལ༷་ཧུ༷་བ༷་སྟ༷་བྷ་ཡ་ནན། མོ་ཧ་བྷ་ཡ་བྷ་ག་བཱན་ཤི་ཀྲི་བི་ཀྲི། བཛྲ་ཧུ༷་ཀྭ་ར་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཛ༷༷ཧུ༷་བ༷་ཧོ། སརྦ་བིསྣྲུན། བཛྲ་ཀི་ལ་ཡ་ཧུ༷་ཕཊ། བཛྲ་ཧུ༷་ཀྭ་ར་ཨ་ཨ། ཨུ་ཝེ་ཨ་ཡ་ཨ་ཨ། ཞེས་གསུངས་སོ། །རྡོ་རྗེ་ ཕུར་པ་གསང་བ་གདམས་ངག་གི་རྒྱུད་ལས་ཚེ་ལུང་ཁྲུས་ལུང་གི་དགོངས་པ་ཕུལ་ཏུ་བྱུང་སྟེ་གདབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཐུག་ཀྱིསྲསམཆོག དེས། །ཕྲིན་ལས་རྣམ་བཞིའི་དོན་རྣམ་ཞུསླ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྲར་ནས་ཞི་བའི་ཕྲིན་ལས་མཛད། །སྐྱེ་ཀའི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་རུས་པའི་མཚོ། །ཀླད་པའི་རྒྱས་སུ་ཀི་ལ་ཡ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སྟིརྙ་ཡ་བིང་བིང་ཧུ༷་ཧུ༷་ཕཊ། །ལྷོ་ནས་རྒྱས་པའི་ཕྲིན་ལས་མཛད། །སྲིན་བྱའི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་དབུགས་ཀྱི་མཚོ། །གློ་བའི་དཀྱིལ་དུ་ཀི་ལ་ཡ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་མ༷༷ས་མརྙ་ཧྲི་ཧྲི་ཧུ༷་ཧུ༷་ཕཊ། །ནུབ་ནས་དབང་གི་ཕྲིན་ལས་མཛད། །ཁྲ་ཡི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་ཁྲག་གི་མཚོ། །མཆིན་པའི་དཀྱིལ་དུ་ཀི་ལ་ཡ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། །སུ་རུ་སུ་རུ་ཟ་སུ་རུ་ཧུ༷་ཕཊ། བྱང་ནས་དྲག་པོའི་ཕྲིན་ལས་མཛད། །པུ་ཤུད་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་ཤ་ཡི་མཚོ། །མཁལ་མ་གཉིས་ལ་སྨྱུ་ར་ཡ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། མྱ་ར་ཡ་མྱ་ར་ཡ་ཧུ༷་ཕཊ། རྡོ་རྗེ་ཕུར་པ་རྩ་བ་མན་ངག་གི་རྒྱུད་ལས་ཕྲིན་ལས་རྣམ་བཞིའི་ཕུར་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །ལུས་ཀྱི་རྟེན་ལ་གདབ་པ་ཞུསླ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དངོས་གྲུབ་བར་ཆོད་བྱེད་པའི་བགེགས། །དངོས་གྲུབ་བར་ཆད་བྱེད་པའི་དགྲ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་བྱོས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་འདི་ཉན་པར་གྱིས། །ཧུ༷་པ་ར་བིད་ཏན། ཚིརྙ་ཚིརྙ་ཧུ༷་ཕཊ། སྟིརྙ་སྟིརྙ་ཧུ༷་ཕཊ། གྲི་ཏྣ་གྲི་ཏྣ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བྷརྙ་བྷརྙ་ཧུ༷་ཕཊ། །རྡོ་རྗེ་ཕུར་པ་རྩ་བ་གདམ་ངག་གི་རྒྱུད་ལས་ཁྲོ་མོ་བརྒྱད་ཀྱིས་གདབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །ཚོགས་བརྒྱད་དག་ལ་གདབ་པ་ཞུསླ། །རྦཅོམ༷་ལྡན་འདས་ཀྱིས་བཀའ་སྩལ་པ། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཅི་བཞིན་དམ་བཅས་པས། །མངོན་སྤྱོད་ཕྲིན་ལས་མྱུར་བར་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ མ་ཐ་མ་ཐ་བཛྲ ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་རྭ་ཙི་ཏི། མ་ར་སེ་ན་པྲ་མརྡ་ན་ཡེ་ཧུ༷་ཕཊ། རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས་ཁྲོ་བོ་བཡི་ཕུར་པ་གདབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ན་ཐུག་ཀྱི་སྲ་མཆོག་དེས། །དགེ་སྡིག་མ་སྙོམས་གདབ་པ་ཞུསླ། །རྦཅོམ་ལྡན་འད་ཀྱི་བཀའ་སྩལ་པ། །གདུག་ཅིང་སྡང་སེམ་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་དྲ་་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། སརྦ་ཨུ་ན་ཡ་ཧུ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས་ཡུམ་གྱིས་གདབ་པའི་རིམ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཐུག་ཀྱི་སྲས་མཆོག་དེས། །ཐུན་གྱིས་བྲབ་པའི་ལས་རྣམ་ཞུསླ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་གསང་བའི་བཀའ་ལ་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧུ༷་མ་མ་པ་ཤ༷་ཀུ་རུ་མ་ཏང་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཀརྨ་ཐྲི་ཀྲང་ཀ་ར་ཡེ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཧུ༷་ཀྭ་ར་ཧུ༷་གརྫ་གརྫ་ཧྭ༷་ཕཊ། ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཏཱ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཡ་མརྙ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཨུརུ་ཨ་ཙ་ལི་ཧུ༷། བྷསྟོ་བྷསྟོ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཧ་ཡ་རྒི་བ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧུ༷། ཏིཛི་ཏིཁྱི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜལི་ཧུ༷། སྣྲིནྟྲ་སྤྲིཇི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷཏྲེ་ ་ལོ་ཀྱ་བི་ཛ་ཡ་ཧུ༷། །སྟིརྙ་སྟིསྟོ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧུ༷། སྒྲོ་ཊ་སྒྲོ་ཊ་ཧུ༷་ཕཊ།རྡོ་རྗེ་ཕུར་པ་རྩ་བ་གདམ་ངག་གི་རྒྱུད་ལ་ཐུན་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ན་ཐུག་ཀྱི་སྲ་མཆོག་དེས། །མན་ངག་གབ་པའི་དོན་ཞུས་པས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ད་ལྟར་དེ་ལྔ་དག་ལ་ཡང་། །དང་པོ་ལྷ་དང་དབྲལ་བ་དང་། །གཉིས་དང་གསུམ་དང་བཞི་རྣམས་ནི། །ཀུན་གྱི་མགོ་ལ་གདགས་པར་བྱ། །ལྔ་པ་རྡུལ་དུ་བརླག་པ་དང་། །མཚོན་གྱིས་ག་་དང་ཐུན་གྱིས་བྲབ། །ཀུན་གྱིས་ཁོང་ཁྲག་གདགས་པར་བྱ། །མཇུག་ཏུ་ཞལ་དུ་གདབ་བྱ་བ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ནི་ཉན་པར་གྱིས། །བིསྟོ་ཡ་བིརྙ་ཡ་ཧུ༷་ཕཊ། བཛྲ་ཡཀྟ་ཀྲོ་དྷ་ཁུ་ཧི་ཧ་ཧ། ཆོས་ཉིད་ཀྱི་བདེན་པའོ། །ཆོས་ཉིད་ཀྱི་བྱིན་གྱིས་བརླབས་སོ། །གསང་སྔགས་ཀྱི་མཐུའོ། །ཨ་སྟི་ཙྭརུའི་དུས་ལ་བབ་པ་རྣམས་ཀྱིས་བརྣག་པའོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས་སོ། །ཧུ༷་ཧུ༷་ཞེས་པ་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །དཀར་ནག་གི་མཚམས་སུའོ། །ཀི་ལི་ཀི་ལ་ཡ་ཞེས་པ་རྒྱ་རྩ་བརྒྱད་བཟླས་པ་བྱའོ། །དཀར་ནག་གི་མཚམས་སུའོ། །ཧུ༷་ཧུ༷་ཕཊ་ཕཊ། ཅེས་བཟླས་པ་བྱའོ། །ཞེ་གསུང་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམ་ངག་གི་རྒྱུད་ལ་གབ་པའི་དོན་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ན་ཐུག་ཀྱི་སྲ་མཆོག་དེས། །དབང་རྣམས་བསྐུར་བའི་རིམ་པ་ཞུསླ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་སློབ་དཔོན་རབ་མཆོག་གིས། །བཀྲ་ཤིས་གཞུང་མཐུན་ཉམས་དགའི་གནས། །བཤགས་སྐོང་ལ་སོགས་ས་ཆོག་དང་། །དཀྱིལ་འཁོར་མཆོད་བུམ་ལ་བརྟེན་པའི། །གཞུང་བསྲང་བསྙེན་པའི་ཆོ་ག་བྱ། །སྟ་གོན་ལྷ་བསྐྱེད་ཆོག་གཞུང་བསྲང་། །གསོལ་གདབ་གནང་ཞིང་མཎྜལ་འབུལ། །སོ་ཤིང་དོར་ནས་ཆོས་བཤད་ཅིང་། །སྲུང་སྐུད་གདགས་དང་ཀུ་ཤ་རྨི་ལམ་བརྟག །དེ་ནས་ཐིག་དང་ཚོན་བྲི་ཞིང་། །རྒྱན་དང་རྫས་དགོད་ལས་གཞུང་བསྲང་། །གདོང་གཡོག་གསོལ་གདབ་འཇུག་པར་ཞུ། །ལྷ་ལ་གསོལ་གདབ་མེ་ཏོག་དབུལ། ཁྲིས་ལན་ཡོན་ཀྱང་ཁས་སུ་བླང་། །དཀྱིལ་འཁོར་བསྐོར་ལ་བགེགས་བསྐྲད་ཅིང་། །དམ་ཆུ་བླུད་ནས་དམ་ཚིག །མེ་ཏོག་དོར་ལ་ལྷ་དབོག་ཅིང་། །གསང་བའི་མཚན་གདགས་དྲི་བ་བྱ། །བསྟིམ་དང་ཡེ་ཤེས་དབབ་དགྲོལ་བསྟིམ། །དབང་གི་སྟེགས་འདུག་གུས་དང་ལྡན། །དབང་བསྐུར་བ་ནི་བུམ་པ་དང་། །དབུ་རྒྱན་རྡོ་རྗེ་དྲིལ་བུ་སྟེ། །སངས་རྒྱས་ཡབ་ཡུམ་ལ་སོགས་ལྷ། དུར་ཁྲོད་ཆས་བརྒྱད་འདོད་ཡོན་ལྔ། །ཡེ་ཤེས་དབང་བསྐུར་བྱིན་གྱིས་བརླབ། །བཀྲ་ཤིས་བརྗོད་ཅིང་སྨོན་ལམ་གདབ། །ཡོན་དབུལ་དགེ་བའི་རྩ་བ་བསྔོ། །དབང་དང་བྱིན་རླབ་འདིར་སྩོལ་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས་རིན་ཆེན་དབང་གི་ཕྲེང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཐུགས་ཀྱི་སྲས་མཆོག་དེས། །མཛབ་དགོང་རྒྱུན་གྱི་ཏིང་འཛིན་ཞུས། །བཅོམ་ལྡན་འད་ཀྱི་བཀའ་སྩལ་པ། །ཀི་ལ་ཡ་ཡི་བསྙེན་པ་དང་། །མཚན་མ་རྟག་ཀྱི་བསྙེན་པ་སྟེ། །བསྐྱེད་དང་རྫོགས་པའི་རིམ་གཉིས་ལས། །རྫོགས་པའི་རིམ་པ་རྣམ་བཞིའི་དོན། །རྨུགས་ན་ཆོས་ཉིད་ཨ་དཀར་ལ། །གཏད་ལ་རང་སེམས་བཟུང་བས་བཟླས། །དེས་ནི་ཏིང་འཛིན་ཟིན་པར་འགྱུར། །རྒོད་ན་སྐྱེ་མེད་བདེ་བ་ཆེ། །དབུགས་དང་ཤེས་པ་ཡིག་འབྲུར་འགྲོགས། །ཕར་འཕྲོས་ཡུལ་སྟོངས་འདུས་པ་བདེ། །འཕྲོ་ན་བདེ་ཆེན་བསྐོར་ལྡོག་ཅིང་། །བྱ་འཕུར་མཁའ་ལ་བདེ་བ་ལྟར། །ཚུར་བསྟིམས་བསྐོར་ཞིང་ལྡོག་སྟེ་བཟླས། །བྱེད་ན་ཁྲོ་བོའི་བཟླས་པ་ནི། །ཏིང་ངེ་འཛིན་དང་ལྡན་པས་བཟླས། །མཚན་མ་ཅན་གྱི་བཟླས་པ་ནི། །མགལ་མེ་གླད་ལ་བསྐོར་བ་བཞིན། །གསེར་གྱི་བ་ཐག་གཟིངས་པ་དང་། །བུང་ཚང་བཤིག་པ་ཇི་བཞིན་དུ། །མགར་གྱི་ཚྭ་ཚྭ་གདབ་པ་ལྟར། །ཡང་ན་དབྱངས་དང་ཕྲིན་ལས་དང་། །ཆོས་ཉིད་ནུས་པ་ལྡན་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས་མཛབ་ཀྱི་དགོངས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ན་ཐུག་ཀྱི་སྲས་མཆོག་དེས། །མནན་བསྲེག་འཕང་བའི་དོན་རྣམ་ཞུས། །བཅོམ་ལྡན་འད་ཀྱི་བཀའ་སྩལ་པ། །སྦྱིན་སྲེག་ཐབ་ཁུང་གྲུ་གསུམ་དུ། །ཚེར་མ་ཅན་གྱི་ཤིང་རྣམ་བཙེར། །མཆོད་པའི་རྫས་དང་སྲེག་པའི་རྫས། །གཏོར་མ་དག་དང་ལིསྐོར་བཅས། །དྲག་པོའི་ཆ་ལུགས་རྫོགས་བྱས་ཏེ། །མཚམས་གཅོད་དགུག་གཞུག་བསྟིམ་ནས་ནི། །ཧོམ་ཁུང་མཐིང་ནག་གཞལ་ཡས་སུ། །མེ་ལྷ་དམར་སེར་ཕུར་པ་འཛིན། །དགུགཅིངམཆོདདངབསྟོདབྱས་ལ། །ལྟོ་བར་རྩིབས་བརྒྱད་གཞལ་ཡས་ཁང་། །ལྷ་ཚོགས་བསྐྱེད་པའི་ཆོ་ག་གཞུང་། །སྤྱནདྲངམཆོདདངསྲེགརྫསདབུལ། །གཤེགསཤིངམཇུག་གི་ལས་རྣམས་བྱ། །སྦྱིན་སྲེག་དག་གི་རིམ་པའོ། །མནན་པའི་འཁོར་ལོ་བཅས་ན་ནི། །ཏིང་འཛིན་ཆོ་ག་གོང་ལྟར་ཏེ། །ལྷ་རྣམ་ཀུན་ཀྱང་རྟ་མགྲིན་བསྒྱུར། །ཨོ་བཛྲཀི་ལི་ཀི་ལ་ཡ་ཧ་ཡ་རྒི་ཝ་ཧུ་ལུ་ཧུ་ལུ་སརྦ་བིསྣྲུན་བ༷་ཧུ༷་ཕཊ། འོད་འཕྲོས་བསམ་གྱིས་མི་ཁྱབ་པས། །དགུག་དང་བསྟིམ་སྟེ་བཅིང་བྱས་ནས། །མཚན་ངན་ཐོད་པར་བཔ་ལ་བཏབ། །ཐུན་སྔགས་བྲབ་སྟེ་མནན་བྱས་ལ། །རིམ་པར་གཡོགས་ཏེ་སྔགས་ཀྱིས་མནན། །འཕང་བ་ཐུན་གྱི་ལས་རྣམས་ནི། །རྫས་དང་སྔགས་དང་ཏིང་ངེ་འཛིན། །དེ་ལྡན་པས་ནི་བྱ་བར་བཤད། །གཞན་ཡང་ནཱ་ག་ཀླུ་འདུལ་དང་། །ཚེ་དང་བྱིན་རླབ་ལ་སོགས་པ། །ཀུན་ཀྱང་འདི་ཡིས་འགྲུབ་པར་བྱེད། །ཅེས་གསུང་སོ། །རྡོ་རྗེ་ཕུར་པ་རྩ་བ་གདམས་ངག་གི་རྒྱུད་ལས། ལ་ཀྱི་མཇུག་བསྡུབའི་ལེའུ་སྟེ་བབྱུབདུན་པའོ།། །།དེ་ན་འདུ་པའི་ཚོག་ཀྱི་ཀྱང་། །བཅོམ་ལྡན་འད་ལ་རབ་བསྟོད་པ། །ཨེ་མ་ཧོ། །ཆོས་ཀྱི་དབྱིངས་ལས་འབར་བའི་སྐུར་སྣང་ཞིང་། །སངས་རྒྱས་ཀུན་དང་ཡེ་ཤེས་རྫོགས་པའི་སྐུ། །རྒྱལ་བའི་སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་ཅིང་། །དཔའ་སྒེག་འཇིགས་པའི་སྐུ་ལ་ཕྱག་འཚལ་འདུད། །ཅེས་བསྟོད་དོ། བཅོམ་ལྡན་འདས་ཀྱིས་སྡུད་པ་པོ་ལ་བཀའ་སྩལ་པ། །ཉོན་ཅིག་གཟུང་ཞིག་ཀི་ལ་ཡ། །སྙིང་པོ་བསྡུས་པ་མན་ངག་རྒྱུད། །རྡོ་རྗེ་ཕུར་པ་གསང་བའི་དོན། །ཁྱོད་ཉིད་ལ་ནི་གཏད་པར་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བ་མན་ངག་གི་རྒྱུད་ལས་སྟོན་པ་ལ་བསྟོད་པ་དང་། །སྡུད་པ་པོ་ལ་གཏད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །རྡོ་རྗེ་ཕུར་པ་རྩ་བ་མན་ངག་གི་རྒྱུད་གདམས་ངག་གི་བཅ་སྟོན་པར་བྱེད་པ་རྫོག་སོ།། །། རྒྱ་གར་སྐད་དུ། ཀི་་ཡ་དྷ་ཤ་དྭ་ཡ་ཏསྨོམ་ཧྭ་ཡུ་ན།བོད་སྐད་དུ། ཕུར་བུ་བབྱུགཉི་འབྱུང་བའི་རྒྱུད་ཆེན་པོ་བསྟན་པའོ། །བམོལྡན་འད་འཇིག་བྱེད་