Ngb-pt-0340-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བསྒྲལ། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། ཤྭ་ན་དཀར་ནག་གི་རྒྱུད་ལས་ལས་ཀྱི་བྱ་ཐབས་ཀྱི་ལེའུ་སྟེ་བཞི་པའོ། །རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ། ཀརྨ་ཙཀྲ། གུ་རྒྱ་ཏརྙ་རྭ་ཛ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ། གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། ཞེ་སྡང་གི་རྒྱལ་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཟག་པ་མེད་པར་མཉམ་པར་བཞག་པའི་ཚེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བསྐུལཏེ། །བདེཆེནཞིབཆོསཀྱིམཆོག །སྟོན་པ་རྡོ་རྗེ་ཆོས་ཉིད་ཀྱིས། །ཨེ་མ་འདུལ་བར་གྱུར་མ་ཡིན། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ། །འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ལ། །གདུག་པའི་ཚོགས་རྣམས་འདུལ་དུ་གསོལ། །ཞེས་བསྐུལ་བས། བསྐུལ་བའི་དོན་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ཏེ། ཐུན་མོང་མ་ཡིན་པའི་མཚན་མཆོག་གིས་མངོན་པར་སྤྲས་པའི་སྐུ་དེས། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། འཁོར་སེམས་དཔའ་དང་སེམས་མ་རྣམས་ལ། དམ་ཆོས་བདུད་རྩིའི་ཕུར་པའི་ཆོས་རྣམས་སྐུའི་སྒོ་ནས་འཇལ་བར་བསྟན་ཏེ། འཁོར་བའི་སྤོང་སྒྲིབ་ལས་རྣམས་མངོན་པར་སྤངས་ཏེ། གྲོལ་བའི་ས་ལ་ལེགས་པར་གནས་སོ། །ཐུགས་རྗེའི་སྟོབས་ཀྱིས་ཕྱག་ན་རྡོ་རྗེ་མངོན་པར་སྤྲུལ་ཏེ། ཡང་སྙིང་འབྲུ་དགུའི་ཚུལ་དུ་ཐུགས་ཀར་བསྟན། དེ་ནས་འཁོར་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་འདོད་ཁམས་པ་རྣམས་ཀྱིས་མཐོང་བའི་ལམ་དུ་མ་གྱུར་པ་རྣམས། དེ་མངོན་པར་རྟོགས་པར་བྱ་བའི་ཕྱིར། ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། འདོད་ཁམས་གནས་རིས་ཉི་ཤུའི་སྟོན་པར་གཤེགས་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་འཇིགས་བྱེད་ཆེན་པོའི་གཞལ་ཡས་ཁང་དུ་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ཉིད་ཞེ་སྡང་གི་བདག་པོ་ཞལ་གསུམ་ཕྱག་དྲུག་པར་མངོན་པར་སྤྲུལ་ཏེ། འཁོར་རྣམས་ལ་ཕེམ་ཕཊ་ཅེས་མངོན་པར་སྒྲ་བསྒྲགས་ཏེ། དེའི་ཚེ་ལས་ཀྱི་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་ཆེན་པོ་སངས་རྒྱས་ཤིང་འཁོར་བ་ལས་བསྒྲལ་བར་བྱ་བའི་ཕྱིར། རྣལ་འབྱོར་གྱི་ཆ་རྐྱེན་དུ་བཞག་པ་ལ་དོན་དུ་མཆིས་ལས་ཀྱི་སེམས་དཔའ་ཉོན་ཅིག །ཏིང་འཛིན་དཀྱིལ་འཁོར་བསྒོམ་པ་དང་། །རང་བཞིན་དཀྱིལ་འཁོར་སྒྲུབ་པ་དང་། །ཕྱག་རྒྱ་ཆེ་ལ་གནས་རྣམས་ཀྱིས། །འབྲས་བུ་སྐུ་བཞི་ཐོབ་པར་འགྱུར། །རྣལ་འབྱོར་ཆ་རྐྱེན་རིམ་པའོ། །སེམས་དཔའ་ཆེན་པོ་གཟས་པའི་ཆ་རྐྱེན་དུ་བཞག་པ་ལ་དོན་དུ་ཅི་མཆིས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །ཨེ་མ་ཧོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ་བསྒྲལ་བ་མྱ་ངན་ལས་འདས་པའི་མཐར་བསྒྲལ་བའི་རིམ་པའོ།། །།འཇིག་རྟེན་འདི་ནས་ཕ་རོལ་དུ་བསྒྲལ་བ་ལ། །ལམ་ཡན་ལག་ཅི་ལྟ་བུ་ལགས་བཤད་དུ་གསོལ། སེམས་དཔའ་ཆེན་པོ་ཉོན་ཅིག །བསྙེན་པ་བསྡུས་པའི་ཡན་ལག་དང་། བསྒྲུབ་པ་ཆེན་པོའི་གནས་ཀྱི་རིམ་པ་དང་། དྲག་པོའི་ལས་ལ་སྦྱར་བའོ། །དེ་ལ་དཀྱིལ་འཁོར་དུ་ཞིག་མཆིས། སེམས་དཔའ་ཆེན་པོ་ཉོན་ཅིག དཀྱིལ་འཁོར་རྣམ་པ་བཞི་སྟེ། བསྙེན་པས་བསྡུས་པའི་དཀྱིལ་འཁོར་རྩིབས་བརྒྱད་དང་། སྒྲུབ་པ་སྟེ་གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དང་། སྒྲུབ་པ་ཆེན་པོ་སྟེ་སྔགས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དང་། ལས་ལ་སྦྱར་བ་ཏེ་མ་ར་ཡ་བསད་པའི་དཀྱིལ་འཁོར་དང་བཞིའོ། །སེམས་དཔའ་ཆེན་པོ་དེ་ལྟ་བུའི་དཀྱིལ་འཁོར་འདི་གང་ཟག་ཇི་ལྟ་བུ་ཞིག་གིས་གཟུང་ཞིང་བསྒྲུབ་པར་བགྱི། ཉོན་ཅིག གང་ཟག་རྣམ་པ་ལྔ་སྟེ། ཐེག་པ་ཆེན་པོའི་རིགས་ཅན་དང་། ཐེག་པ་ཆུང་ངུའི་རིགས་ཅན་དང་། གང་ཟག་རིགས་ཆད་པ་དང་། རིགས་མ་ངེས་པ་དང་། གང་ཟག་ཞེ་སྡང་རྡོ་རྗེའི་རིགས་ཅན་ནོ། །འདིར་ནི་གང་ཟག་ཞེ་སྡང་རྡོ་རྗེའི་རིགས་ཅན་གྱིས་བསྒྲུབ་པར་བྱའོ། །སེམས་དཔའ་ཆེན་པོ། འདིའི་ཐིག་སྐུད་ཀྱི་རྒྱུ་རྣམས་ཇི་ལྟར་ལགས། བསྙེན་པ་བསྡུས་པའི་དུས་རས་བལ་གྱི་བཀལ་པ་དང་། བསྒྲུབ་པའི་དུས་སུ་ནི་ཁ་རལ་མའི་རྒྱུད་མས་སོ། །དྲག་པོའི་དུས་སུ་བྲམ་ཟེའི་སྲོག་པ་རྩས་སོ། །མྱ་ར་ཡ་བསད་པའི་དུས་སུ་རྒྱུས་ཆེན་གྱིས་སོ། །འདིའི་ཚོན་གྱི་མཚན་ཉིད་ཅི་ལྟ་བུ་ལགས།བསྙེན་པ་ལ་ནི་རིན་ཆེན་སྣ་ལྔས་བྲི། བསྒྲུབ་པའི་དུས་སུ་འབྲས་ལ་སོགས་པ་ཁ་དོག་བསྒྱུར་ལ་བྲིའོ། །དྲག་པོ་འ།་ཚོན་སྣ་ལྔས་སོ། །བསད་པ་ལ་ལྕགས་སོལ་ནག་པོ་ཡིན། ཚོན་གྱི་མཚན་ཉིད་དེ་ལྟར་ཡིན་ན། བྲིས་པའི་དུས་ཇི་ལྟར་ལགས། བསྙེན་པ་ལ་ཉི་མ་ཤར་ནས་སོ། །བསྒྲུབ་པ་ལ་ནམ་ཕྱེད་ནས་སོ། །དྲག་པོ་ལ་ཉིན་ཕྱེད་ནས་སོ། །བསད་པ་དགོངས་ཀའི་དུས་སུའོ། །དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ། །ཕུར་བུའི་མཚན་ཉིད་དགོད་པ་ཇི་ལྟར་ལགས། །ཉོན་ཅིག་ལས་ཀྱི་སེམས་དཔའ། བསྙེན་པའི་དུས་སུ་རིན་ཆེན་སྣ་ལྔའི་ཕུར་པ་སོར་བཅུ་དྲུག་པ་བྱ་ལ་དགོད། བསྒྲུབ་པའི་དུས་སུ་གདུག་པ་ཅན་གྱི་ཤིང་ལ་སོར་བཅུ་གཉིས་པར་བྱས་ལ་དགོད། དྲག་པོའི་དུས་སུ་རྐང་ཆེན་གྱིས་ཕུར་བུ་སོར་བརྒྱད་པའི་ཚད་དུ་བྱས་ལ་དགོད། མུ་ར་ཡ་བསད་པའི་དུས་སུ་ལྕགས་སྣ་ལྔ་ལས་བྱས་པའི་ཕུར་པ་སོར་བཞི་པའི་ཚད་དུ་བྱས་ལ་དགོད། ཨེ་མ་ཧོ། །སེམས་དཔའ་ཆེན་པོ་དེ་ལྟར་གྱུར་པ་ལགས་ན། དེའི་ཆ་རྐྱེན་ཇི་ལྟར་ལགས། བསྙེན་པ་ལ་མཆོད་རྫས་དང་ཆོ་ག་རྫོགས་པའོ། །བསྒྲུབ་པ་ལ་སྔགས་ཀྱི་འཁོར་ལོ་ཆེ། །དྲག་པོ་ལ་བདེ་གཤེགས་བཀའ་ཉན་བསྐུལ་བའོ། །བསད་པ་ལ་ཟངས་ཕྱེ་ལྕགས་ཕྱེའོ། །དེ་ནི་ཆ་རྐྱེན་མཆོག་ཡིན་ཏེ། །དཀྱིལ་འཁོར་ཆེན་པོའི་རྐྱེན་དུ་བཤད། །གླེང་གཞི་དང་གླེང་བསླང་བ་དང་། གཞལ་ཡས་ཁང་གི་ལེའུ་སྟེ་དང་པོའོ།། །།བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་མྱ་ར་ཡས་བསད་པ་ལ་དོན་དུ་མཆིས་བཤད་དུ་གསོལ། ཨེ་མ་ཧོ། ལས་ཀྱི་སེམས་དཔའ་ཉོན་ཅིག མུ་ར་ཡ་བསད་པ་ལ་དཀྱིལ་འཁོར་གསུམ་སྟེ། མེའི་དཀྱིལ་འཁོར་དང་། བསྟབ་པའི་དཀྱིལ་འཁོར་དང་། །སྨྱུ་ར་ཡ་བསད་པའི་དཀྱིལ་འཁོར་དང་གསུམ་མོ། །དེ་ལ་མེའི་དཀྱིལ་འཁོར་ནི། ཤར་ལྷོ་མཚམས་སུ་རྒྱར་གྲུ་གང་ཟབས་སུ་ཁྲུ་ཕྱེད་དོ། ཁ་ཁྱེར་གསུམ་ལ་རྒྱར་སོར་བཞི་པའོ། །དཔངས་སུ་སོར་བཞི་པའོ། །དེ་ཡང་མ་ཏྲི་ཆེན་པོའི་སྙིང་གརབྲིའོ། །ཚོནབྲིབནི། ནང་དུ་མདའ་གཞུ་བཀང་བ་གསུམ། ཟུར་གསུམ་ལ་ཟ་བྱེད་ཀྱི་ཞལ་གསུམ། བང་རིམ་བརམལམཚོནཆལྔམཛེསཔའི་ཚུལ་དུ་བྲི། བང་རིམ་ཐ་མ་ལ་མེ་རི་སྨུག་ནག་ཏུ་བཏང་བར་བྱའོ། །དེར་གདུག་པ་ཅན་གྱི་ཤིང་རྣམས་ལ། ཁར་ལ་མའི་སྐྲས་བཅིངས་ཏེ། དུག་ཤིང་སྣ་ཚོགས་པ་ལ། སྙིང་དང་གློ་བས་བརྒྱན་པ་ནི། །དྲག་པོ་མེ་ཡི་དཀྱིལ་འཁོར་རོ། །བསྟབ་པའི་དཀྱིལ་འཁོར་ནི་བྱང་ཤར་མཚམས་སུའོ། །དཔངས་སུ་སོར་བཞི་ལ། སྙིང་པོ་དྲི་ཏྲི་དང་བཅས་པའོ། །དེར་བསྒྲལ་བའི་ལིསྐོ་ནི། ར་དང་ཁྱི་དང་མིའི་སོག་པ་ལ་བྲིས་ལ་མཆོད་པ་ཆེན་པོའི་དུས་སུ་བསྟབ་བོ། །མྱ་ར་ཡ་བསད་པའི་དཀྱིལ་འཁོར་ནི། ལྷོ་ནུབ་མཚམས་སུ་ཧོམ་ཁུང་རྒྱར་གྲུ་གང་བ། ཟབས་སུ་ཁྲུ་དོ། ལོགས་གསུམ་དུ་མདའ་གཞུ་བཀང་བ་གསུམ་བྲིས་ལ། ཟུར་གསུམ་ལ་ཟ་བྱེད་ཀྱི་ཞལ་དང་བཅས་པ་བྲི། བང་རིམ་བར་མ་ལ་རྩང་དྲུག་ཅུ་རྩ་གཉིས་སྲིན་མོ་འགྲོས་སུ་འཁོར་བར་གཟུག །བང་རིམ་ཐ་མ་ལ་མཚོན་ཆ་ལྔ་དགོད་པའོ། །བཅོམ་ལྡན་འདས་དཀྱིལ་འཁོར་དེ་ལྟར་ལགས་ན། དེ་བསྒྲལ་བའི་ལིསྐོའི་རྒྱུ་གང་ལགས་བཤད་དུ་གསོལ། སེམས་དཔའ་ཆེན་པོ་ཉོན་ཅིག །དེ་དྲི་བ་ལེགས་སོ། ཁུ་ནི་ཁྲི་དང་ཇུ་ཅེའི་ཕུབ་མ་དང་། །གངས་ཀྱིས་རེག་པའི་ས་རྣམས་དང་། །འབྱུང་བ་ཆུ་ཡི་ཐལ་བ་དང་། །ཏིལ་ནག་པོ་ལ་གཞི་བླང་སྟེ། །གཟུགས་ནི་ཡང་དག་རྫོགས་པར་བྱའོ། །དུག་གི་ཆུ་ཡི་བྱུག་པ་ཡིས། །མདོག་ནི་སྨུག་ནག་པ་རུ་བྱ། །དེ་ནི་རྣམ་ཤེས་རྟེན་ཡིན་ཏེ། །ཚེ་དང་ཕུང་པོ་སྡུད་པའོ། །དེ་ནི་འཕོ་བའི་ལིདྷ་སྟེ། །སྔགས་ཀྱི་འཁོར་ལོ་ཅི་ལྟར་བྱ། །སེམས་དཔའ་ཆེན་པོས་བཤད་དུ་གསོལ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །སྔགས་ཀྱི་འཁོར་ལོ་འགོད་པ་ནི། །དཔྲལ་བ་ཀླད་རྒྱས་འཁོར་ལོ་ནི། །ལྷ་རྣམས་བསྲུངས་པའི་འཁོར་ལོ་སྟེ། །མདོག་ནག་ཟླ་བ་ཁམ་པ་ལ། །ལྷ་དང་དཔྲལ་བའི་སྙིང་པོ་དགོད་པའོ། །ཁྲག་ཆེན་འཁོར་ལོ་རྩིབས་བཞི་བྲི། །སྨྱུ་གུ་རྐང་ཆེན་མཆོག་གིས་བྲི། །སྣག་ཚ་ནིམ་པ་ཀ་ཡི་ཁུ་བས་བྱ། །ཧ་ས་ཡ་ར་དགོད་པ་ཡིན། །དེ་ལ་སྐྱོབ་པའི་ལྟ་དང་འབྲལ། །དབྱེན་སྤྱོ་པ་ཡི་ཡི་གེ་ཡིས། །ལྷ་དང་དབྲལ་བར་བཤད་པ་ཡིན། །གཟུགས་ལ་སྙིང་པོ་བསྡུ་བར་བཤད་པ་ནི། །ལྕུམ་གཞོག་ལྟ་བུའི་ཟུར་བརྒྱད་ལ། །རྩ་ཡིས་དངས་མ་བཞི་གནས་ཏེ། ཀུན་གཞིའི་རྣམ་ཤེས་རྟེན་ཡིན་པས། །གཟུགས་ལ་དབབ་པའི་སྙིང་པོ་དགོད། །ཨུ་བེ་ཤ་ཡི་སྔགས་དགོད་པས། །གཟུགས་ལ་དབབ་པའི་ལས་སུ་འགྱུར། །ཉ་ཡི་དབྱིབས་འདྲ་བཞི་པོ་ལ། །དར་དཀར་སྐུད་པ་ལྔ་ཡོད་དེ། །དབྱིབས་ནི་པདྨ་རྒྱས་འདྲ་ལ། ཁྲེ་གྲན་ཨུ་ན་ཡ་ཡི་སྔགས་བཀོད་པས། །བྱད་དུ་གཞུག་པའི་ལས་སུ་འགྱུར། །དར་ལྕེ་བཀུག་པའི་དབྱིབས་འདྲ་དང་། །རིན་ཆེན་པདྨ་བཞི་པོ་ལ། །སྨྲ་བྱེད་སྙིང་པོའི་མཚན་བཀོད་ཅིང་། །ཛ་ལ་པ་ཡི་སྔགས་དགོད་པས། །སྨྱོ་བར་གཞུག་པའི་ལས་སུ་འགྱུར། །གྲོ་ག་གཅུས་པ་འདྲ་བ་དང་། །ཟངས་ཀྱི་མོ་ཁབ་འདྲ་བ་དང་། །ཟརམའིམེཏོགདབྱིབསའདྲ་དང་། །ཚེས་གཅིག་ཟླ་བའི་དབྱིབས་འདྲ་ལ། །ཏྭ་ཐ་ཡ་ཡི་སྔགས་བཀོད་པས། །རྡུལ་དུ་རློག་པའི་ལས་སུ་འགྱུར། །རྡོ་རྗེའི་དབྱིབས་འདྲའི་འཁོར་ལོ་ལ། །བྱང་ཆུབ་སེམས་ཀྱི་རྒྱུ་སྲང་ལ། །སྟིསྡོ་ཡ་ཡི་སྔགས་བཀོད་པས། །ཞལ་དུ་སྟོབ་པའི་ལས་སུ་འགྱུར། །སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་བཀོད་པ་དེ་ལྟར་ལགས་ན། །གང་ཟག་ཇི་ལྟ་བུ་ཞིག་གིས་བྲི་བར་བགྱི། །ཞེ་སྡང་རྡོ་རྗེའི་རིགས་ཀྱིས་བྲི་བར་བྱའོ། །དེའི་ཁ་དོག་དང་དབྱིབས་ནི་ནག་ལ་སྐྲ་གྱེན་དུ་འཁྱིལ་བ། །མིག་སྤྱིན་དམར་བ། སྨིན་མའི་དབུས་ན་ཁྲོ་གཉེར་གསུམ་ཡོད་པ། མཆེ་བ་གཙིགས་པ། ལག་པ་ཆུ་བྱ་ལག་ཏུ་འདུག་པ། །ཐིག་པ་མཆོག་ལ་དད་པ། མངོན་པར་ཤེས་པ་དེས་བྲི་བར་བྱའོ། །སྔགས་ཀྱི་འཁོར་ལོ་བྲི་བའི་དུས་གང་ལགས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །དུས་ནི་གསུམ་སྟེ། སྨྱུག་གུ་བཙལ་བའི་དུས་དང་། བྲི་བའི་དུས་དང་།སྣག་ཚ་བཙལ་བའི་དུས་དང་གསུམ་མོ། །བྲི་བའི་དུས་ནི་ཉ་ནག་དམར་གྱི་དུས་སོ། །སྨྱུ་གུ་བཙལ་བའི་དུས་ནི། སྨིན་དྲུག་ས་འོག་ཏུ་སོང་བའི་དུས་སོ། །སྣག་ཚ་བཙལ་བའི་དུས་ནི། དཔྱིད་ཟླ་འབྲིང་པོ་ལྷ་མོ་ཨུ་མ་དེ་ལྟི་གསང་བའི་མཁར་འཆར་བའི་དུས་སོ། །བཅོམ་ལྡན་འདས་སྨྱུ་གུ་དང་འཁོར་ལོ་དེ་ལྟར་ལགས་ན། འཁོར་ལོ་ཆེན་པོ་བཅའ་བའི་དུས་གང་ལགས། དུས་ནི་བསྙེན་པ་རྫོགས་པའོ། །ལས་ནི་སྒྲུབ་པའོ། །རྒྱུ་ནི་གྲོ་གའམ་ཤོག་ཤོག་སྟེ། འཕོ་བའི་ཡན་ལག་རྫོགས་པར་བྲི། མདོག་ནི་སྨུག་ནག་དག་ཏུ་བྱའོ། །དྲག་པོའི་ལས་ལ་འཁོར་ལོ་ནག །དབྱིབས་ནི་ཟླ་བ་ཁམ་པ་ལ། །མདོག་ནི་ནག་པོ་ལྕེ་བཞིར་བཅས། །དབུས་སུ་ཨོ་བཛྲ་ཀི་ལི་ཀི་ལ་ཡ། །དབུས་སུ་ཆེ་གེ་མོ་མྱ་ར་ཡ་དགོད། །ལྕེ་བཞིར་ཧྭ་ས་ཡ་ར་བཞི་དགོད། དབུས་ཀྱི་བཛྲ་ཀྱི་ལི་ཀི་ལ་ཡ་དང་པོས་ནི། །བདག་ཉིད་ཕྱག་རྒྱ་ཆེན་པོར་གསལ་བའོ། །ཀི་ལ་ཡ་འོག་མས་ལྷ་ཚོགས་སུ་གསལ་ལོ། །ཆེ་གེ་མོ་ཡིས་དམིགས་པ་གསལ། ཧ་ས་ཡ་ར་ན་བཟླས་པའི་མཆོག །དབྲལ་བའི་འཁོར་ལོ་འདི་བསྐུར་རོ། །དབབ་པའི་འཁོར་ལོའི་དབྱིངས་རྣམས་ནི། །ལྕུམ་གཞོག་འདྲ་བའི་ཟུར་བརྒྱད་ལ། །སྟེང་མ་པདྨ་འདབ་བརྒྱད་མཛེས། འོག་ནི་རིན་ཆེན་ཟུར་བརྒྱད་དོ། །སྟེང་གི་པདྨའི་ལྟེ་བ་ལ། །དབུས་སུ་ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་སྨྱུ་ར་ཡ་ཞེས་པ་བྲི། འཁོར་ལེའི་འདབ་མའི་ཆ་རྣམས་ལ། །ཨུ་བེ་ཤ་ཡ་ཞེས་པའི་སྙིང་པོ་བྲི། །གཟུགས་ལ་དབབ་པའི་འཁོར་ལོའི་རིམ་པའོ། །ཉ་ཡིས་གཟུགས་འདྲ་བཞི་པོ་ལ། །འཁོར་ལོའི་འདབ་མ་རེ་རེ་ལ། །དབུས་སུ་ཨོབཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བཱ་ར་ཡ་ཞེས་པ་བྲི། །ཉ་འདྲ་བ་བཞི་པོ་ལ། ཤི་སྨྲ༷་ཨུ་ན་ཡ་ཡི་སྙིང་པོ་བྲི། །འདིས་ནི་འཆིང་བར་འགྱུར་བའོ། །བྱད་དུ་གཞུག་པའི་འཁོར་ལོའི་རིམ་པའོ། །དར་ལྕེ་ཁུག་པ་འདྲ་བ་དང་། །རིན་ཆེན་པདྨའི་སྡོང་པོ་འདྲ་བ་ལ། །དབུས་སུ་ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཆེ་གེ་མོ་མྱ་ར་ཡ་ཞེས་པ་བྲི། མཐའ་མ་རྣམས་ལ། ཛ་ལ་པ་ཡའི་སྔགས་བཀོད་པས། །ཐམས་ཅད་མྱོས་ཤིང་སྨྲ་བར་འགྱུར། །སྨྱོ་བའི་འཁོར་ལོ་བཅའ་བའི་རིམ་པའོ། །དབྱིབས་ནི་གྲོ་ག་བཅུས་འདྲ་དང་། །ཟངས་ཀྱི་མོ་ཁབ་དབྱིབས་འདྲ་དང་། །ཟར་མའི་མེ་ཏོག་ཁཕྱེ་བ། །ཟླ་བ་ཚེས་པའི་རྣམ་པ་འདྲ། །རེ་རེ་འཁོར་ལོ་ལྡེབ་རེ་ཡིན། །དབུས་སུ་ཨོ་ཀི་ལི་ཀི་ལ་ཡ། །ཆེ་གེ་མོ་ཞེས་པ་བྲི། །ཁོར་ལེའི་འདབ་མའི་ཆ་རྣམས་ལ། །ཏྭ་ཐ་ཡ་ཡི་སྔགས་རྣམས་བྲི། །རྡུལ་དུ་རློག་པའི་ལས་སུ་འགྱུར་རོ། །རྡུལ་དུ་རློག་པའི་འཁོར་ལོའི་རིམ་པའོ། །རྡོ་རྗེའི་དབྱིབས་འདྲའི་འཁོར་ལོ་ལ། །དབུས་སུ་ཨོ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་ཞེས་པ་བྲི། །འཁོར་ལོ་འདབ་མའི་ཆ་རྣམས་ལ། སྟིསྡོ་ཡ་ཡི་སྔགས་བཀོད་པས། །ཞལ་དུ་སྟོབ་པའི་ལས་སུ་འགྱུར། །ཞལ་དུ་བསྟབ་པའི་འཁོར་ལོའི་རིམ་པའོ། །མུ་ར་ཡ་བསད་པའི་འཁོར་ལོའི་རིམ་པ་བསྟན་པ་དང་།འཁོར་ལོ་བཅའ་བའི་རིམ་པའི་ལེའུ་སྟེ་གཉིས་པའོ།། །།སེམས་དཔའ་ཆེན་པོ་འཁོར་ལོ་བྲི་བ་དང་། བཱ་ར་ཡ་བསད་པའི་དཀྱིལ་འཁོར་དེ་ལྟར་ལགས་ན་གཟས་པ་པོ་འཇིག་རྟེན་འདི་ནས་ཕ་རོལ་དུ་བསྒྲལ་བ་ལ་སྔགས་ཀྱི་དོན་དུ་མཆིས་སེམས་དཔའ་ཆེན་པོ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ལེགས་སོ་སྔགས་འདིའི་དོན་རྟོགས་པར་དཀའ་བས་ཞུས་པ་ལེགས་སོ། །ཉོན་ཅིག་དེ་ལ་ཡང་བཞི་སྟེ། ཀི་ལ་ཡ་སྔགས་ཀྱི་ཕྲེང་བ་དང་། ཀི་ལི་ཀི་ལ་ཡ་སྔགས་ཀྱི་འཁོར་ལོ་དང་། ཀི་ལ་ཡ་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་རིམ་པ་དང་། ཀི་ལ་ཡ་ཆོས་ཉིད་ལ་གནས་པའི་རིམ་པའོ། །སེམས་དཔའ་ཆེན་པོ་སྔགས་ཀྱི་ཕྲེང་བ་ལ་དོན་དུ་མཆིས། ལས་ཀྱི་སེམས་དཔའ་ཉོན་ཅིག དེ་ལ་གཉིས་ཏེ། འདྲེན་པར་བྱེད་པ་དང་། ཟིལ་གྱིས་གནོ༷ན་པའོ། །འདྲེན་པར་བྱེད་པ་ནི། སེམས་དཔའ་ཆེན་པོ་སྔགས་ཀྱི་སེམས་དཔའི་ཐུགས་ཀ་ནས་ཙིརྟི་རིན་ཆེན་ཟུར་བརྒྱད། དེའི་ལྟེ་བ་ལ་ཟག་པ་མེད་པའི་གཟུགས་བརྙན་དུ་གྱུར་པའི་རྡོ་རྗེ་རྩེ་དགུ་པ། དེའི་ལྟེ་བར་ཨཱོཾ། ཟུར་བརྒྱད་ལ་ཀི་ལ་ཡ་འབྲུ་བརྒྱད། དེའི་སྔགས་ཀྱི་བདག་པོས། ཨོ་བཛྲ་ཀི་ལ་ཡ་ཛ༷༷ཧུ༷་བ༷་ཧོ༷༷། ཞེས་བརྗོད་པས། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་བཞི་བྱུང་སྟེ། གཟས་པ་པོའི་གནས་མལ་དུ། ཡ༷་ལས་རླུད་གི་དལ་དུ་གྱུར་ཏེ། གནས་མ༷ལ་དང་གཟས་པ་པོར་བཅས་པ་ལྕགས་ཀྱུས་བཀུག ཞགས་པས་བཅིང་།ལྕགས་སྒྲོག་གིས་བསྡམ། དྲིལ་བུས་དགྱེས་པར་བྱས་པ་ནི། འདྲེན་པར་བྱེད་པའི་རིམ་པའོ། །ཟིལ་གྱི་གནོན་པའི་སྔགས་ཀྱི་རིམ་པ་ནི། །ཨཱོཾ་ལ༷་ཧུ༷་ལ༷། ཞེས་བརྗོད་པས། གཟས་པ་པོའི་གླད་རྒྱས་སུ། ཡེ་ཤེ་ཀྱི་རི་རབ་རྩེ་མོ་བརྒྱད་པ་གཅིག་ཏུ་གྱུར་ཏེ། སྟུ༷་བྷ་ཡ་ནན་ཞེས་པས་གནོན་པའོ། །མོ་ཧྭ་བྷ་ཡ་ནི་མིང་དང་རུས་སུ་བཅས་པའོ། །སྙི༷ཤོ༑༷༷ཝི་ཏྲི་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའོ། །ལས་ཀྱི་སེམས་དཔའ་དེ་རུ་ཁྲུས་་ལུང་ཇི་ལྟར་ལགས། ཉོན་ཅིག་ཁྲུས་ལུང་གི་རིམ་པ་ལ་ཡང་རྣམ་པ་གཉིས་ཏེ། སྙིང་པོ་སྔགས་ཀྱི་ཁྲུས་ལུང་དང་། སྐུ་ཕྱག་རྒྱ་ཆེན་པོའི་ཁྲུས་ལུང་ངོ་། །སྙིང་པོ་སྔགས་ཀྱི་ཁྲུས་ལུང་ནི། ལས་ཀྱི་སེམས་དཔའི་དབུར་ཟླ་བའི་དཀྱིལ་འཁོར་གྱིས་སྟེང་དུ། །ཡི་གེ་ཨ་ཡི་ཕྲེང་བ་གསང་བའི་མགུལ་དུ་བཏབ་པའོ། །སྔགས་ཀྱི་བདག་པོ་ལ་ཡང་དེར་ལྟར་རོ། །སྒྲོལ་བའི་སྲས་མཆོག་སྟེ། ཐུགས་ཡེ་ཤེས་རྩེ་གཅིག་པའི་རྩེ་མོ་ལ་ཨ་བཀོད་སྟེ། ལས་ཀྱི་སེམས་དཔས་དྲིལ་བས། འོད་དུ་ཞུ་སྟེ་འོད་ཟེར་ཆུ་རྒྱུན་དུ་བྱུང་བས། སྒྲོལ་བའི་བདག་པོ་ལ་ཐིམ་པས། སླར་གཟས་པ་པོ་ལ་ཐིམ་པས། ཀུན་བཞི་ལ་ཡོད་པའི་བག་ཆགས་བསྲེག་པ་ནི།སྙིང་པོ་སྔགས་ཀྱི་ཁྲུས་ལུང་ངོ་། །སྐུ་ཕྱག་རྒྱ་ཆེན་པོའི་ཁྲུས་ལུང་ནི། བདེ་བར་གཤེགས་པ་རྣམས་ཀྱི་དགོངས་པ་ལ་གསལ་བར་འགྱུར་གྱི། ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །སེམས་དཔའ་ཆེན་པོ་ངན་སྔགས་ཀྱི་འཁོར་ལོ་རང་ཤེས་པར་བྱ་བ་ལ། དོན་དུ་མཆིས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག དེ་ལ་རྣམ་པ་དྲུག་སྟེ། དང་པོ་འཁོར་ལོ་ལྷ་དང་ཕྲལ་བ་དང་། འཁོར་ལོ་གཉིས་པས་གཟུགས་ལ་དབབ་པ་དང་། འཁོར་ལོ་གསུམ་པས་བྱད་དུ་བཅུག་པ་དང་། འཁོར་ལོ་བཞི་པས་སྨྱོ་རུ་བཞུག་པ་དང་། འཁོར་ལོ་ལྔ་པས་རྡུལ་དུ་བརླག་པ་དང་། འཁོར་ལོ་དྲུག་པས་ཞལ་དུ་བསྟབ་པའོ། །འདི་ནི་ངན་སྔགས་་ང་ཤེས་པའིརིམཔའོ། །སེམས་དཔའ་ཆེན་པོ་སྐུ་ཕྱག་རྒྱ་ཆེན་པོར་ཤེས་པར་བྱ་བ་ལ། དོན་དུ་མཆིས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་གཅིག དོན་དེ་རྟོགས་པར་དཀའ་ཞིང་གོ་བར་དཀའ་བས་ཞུས་བ་ལེགས་སོ། །ཀི་ལ་ཡ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་ཤེས་པར་བྱ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པའི་ཐུགས་ཀྱི་དཔལ་བེའུ་ལས་སྙིང་པོ་འབྲུ་དགུའི་ཚུལ་དུ་གནས་པ་ནི། སྔགས་ཀྱི་སེམས་དཔའོ། །དེ་ལས་ཀྱི་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། སྨད་ལྕགས་ཀྱི་ཕུར་པ་ཟུག་གསུམ་པར་བྱུང་ནས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྤྱན་སྔ་ན་བཀའ་ནོད་པའི་ཚུལ་དུ་གནས་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་་ལག་ཏུ་ཐུགས་ཡེ་ཤེས་རྩེ་གཅིག་པ་བྱིན་ནས་དབང་བསྐུར་ནས། ཨེ་མ་ཧོ། །ལས་ཀྱི་སེམས་དཔའ་ཆེན་པོ་མ་འོངས་པའི་དུས་ངན་གདུལ་དཀའ་བའི་གང་ཟག་གིས་ཞིང་ཁམས་སུ་རྣམས་སུ་བསྒྲལ་བའི་དོན་གྱིས་ཤིག །ཁྱོད་ནི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་འཚོབ་པ་ཡིན་གྱིས། གང་ཞི་བས་མི་འདུལ་བ་དེ་ལ་མངོན་སྤྱོད་ཀྱི་ཕྲིན་ལས་བྱོས་ཤིག །སེམས་དཔའ་ཆེན་པོ་ཁྱོད་ནི་རྡོ་རྗེ་འཛིན་པའི་གདུང་འཚོབ་པ་ཡིན་ནོ། །ཞེས་གནང་བ་བྱིན་པ་ནི། །ཀི་ལ་ཡ་ལྷའི་སྐུཕྱགརྒྱཆེནཔོརཤེསཔའོ། །སེམས་དཔའ་ཆེན་པོ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གནས་པ་དེ་ལྷར་ལགས་ན། ཀི་ལ་ཡ་ཆོས་ཉིད་དུ་གནས་པའི་དོན་བཤད་དུ་གསོལ། སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཉིད་ཀྱི་དོན་འདི་ནི་སྔར་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་མ་གསུངས། མ་བྱོན་པའི་བདེ་བར་གཤེགས་པ་རྣམས་ཀྱིས་གསུང་བར་མི་འགྱུར། སེམས་དཔའ་ཆེན་པོ་ཉོན་ཅིག །སེམས་དཔའ་ཆེན་པོ་ང་ཉིད་ཀྱིས་ཀྱང་མ་བཤད་པའི་དོན་དེ་ཞུ་བ་ལགས་སོ། །བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ། ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་ཆེ། །དོན་དམ་སྙིང་པོ་སྔགས་ཀྱི་གཟུགས། །དེ་ལ་རྣམ་གཉིས་ཚུལ་དུ་གནས། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །ཅེས་པའི་ཚིག་འདིས་དོན་དམ་པའི་བདེན་པ་སྒྱུ་མ་ཙམ་དུ་བཞག་པ་ནི། ཆོས་ཉིད་ཀྱི་དོན་ཏོ། །ཨོ་བཛྲ་ཀི་ལ་ཀི་ལ་ཞེས་བརྗོད་པས། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནས། རང་བཞིན་མེད་པ་སྒྱུ་མ་ཙམ་དུ་རྟོགས་པ་ནི་ཆོས་ཉིད་ཀྱི་དོན་ཏོ། །བཱ་ར་ཡ་བསད་པའི་དཀྱིལ་འཁོར་བསྟན་པ་དང་། སྔགས་ཀྱི་འཁོར་ལོ་བཅའ་གཞི་བསྟན་པ་དང་། སྔགས་ཀྱི་ཕྲེང་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སེམས་དཔའ་ཆེན་པོ་མྱ་ར་ཡ་བསད་པའི་དཀྱིལ་འཁོར་དང་། སྔགས་ཀྱི་འཁོར་ལོ་བཅའ་བའི་དོན་དེ་ལྟར་ལགས་ན། ངན་སྔགས་ཀྱི་སྙིང་པོའི་དོན་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །ངན་སྔགས་ཀྱི་སྙིང་པོ་འདི། སྔརདེབཞིནགཤེགསཔརྣམས་ཀྱིས་མ་གསུངས་པའི་ངན་སྔགས་ཀྱི་འཁོར་ལོ་འདི། ངས་ལས་ཀྱི་སེམས་དཔའ་ཁྱོད་ཀྱི་དོན་དུ་བཤད་ཀྱི་ཉོན་ཅིག །དེའི་ཚེ་དེ་དུས་སུ་བཅོམ་ལྡན་འདས་དཔུང་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབུའི་འཁོར་ལོའི་གཙུག་ནས་དཔུང་རྣམ་པར་འཇོམས་པའི་ངན་སྔགས་ཀྱི་སྙིང་པོ་འདི་བྱུང་ངོ་། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་མྱ་ར་ཡ་ཧ་ས་ཡ་ར་ན་ཧྭ་ད་ན་ཡ་ཧུ༷་ཕཊ། ཅེས་པའི་སྙིང་པོ་འདི་ཕྱུང་བས།འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ། །དེའི་ཚེ་བདུད་ཀྱི་དཔུང་རྣམས་རབ་ཏུ་ཕམ་པར་བྱས་སོ། །དེའི་ཚེ་སྙིང་པོ་འདིའི་སྔགས་འདི་ལ་ལྷ་དང་དབྲལ་བའི་སྔགས་ཞེས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་ནི་འབྲལ་བར་བྱེད་པའི་སྙིང་པོ་མཆོག་ཅེས་བྱའོ། །དེ་བཞིན་གཤེགས་པ་དེ་ཉིད་དུ་དཔུང་རྣམ་པར་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀྱི་དཔལ་བེའུ་ནས་སྙིང་པོ་ངན་སྔགས་ཀྱིས་སེམས་ཅན་ཐམས་ཅད་དབང་དུ་སྡུད་ཅིང་འགུགས་པར་བྱེད་པའི་སྙིང་པོ་འདི་ཕྱུང་ངོ་། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་མྱ་ར་ཡ་ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧུ༷་ཕཊ། ཅེསཔའི་སྙིང་པོ་འདི་བརྗོད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་དང་། མུ་སྟེགས་ལ་སོགས་པའི་ཤེས་པ་རྣམས་རང་རང་གི་གཟུགས་ལ་མི་གནས་ཤིང་། ཤེས་པ་དབང་དུ་བསྡུས་ནས་ལུས་རྡོ་ཤིང་བཞིན་དུ་གྱུར། དེའི་ཚེ་སྙིང་པོ་འདི་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགུགས་ཤིང་དབང་དུ་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་ལ་འབེབས་པར་བྱེད་པའི་སྙིངཔོ་ཞེས་བཤད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམསཔར་ཞུགས་ནས། ཕྱག་དང་ཞབས་རྣམས་ལས་ངན་སྔགས་ཀྱི་སྙིང་པོའདི་ཉིད་ཕྱུང་ངོ་། །་ཨོ་བཛྲ་ཀི་ལིཀི་ལ་ཡ་ཆེ་གེ་མོ་མྱར་ཡ་ཤི་ཀྟ༷་ཨུ་ན་ཡ་ཧུ༷་ཕཊ། ཅེས་བརྗོད་པས་བདུད་དང་མུ་སྟེགས་ལ་སོགས་པ་ཐམས་ཅད་ལུས་དྲུ་གུ་ཐུལ་དུ་བཅིངས་པར་གྱུར་ཏོ། །དེའི་ཚེ་ཕྱོགས་བཅུ་དུས་གསུམགྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་འཆིང་བར་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདིབྱད་དུ་གཞུག་ཅིང་འཆིང་བར་བྱེད་པའི་སྙིང་པོ་ཞེས་བཤད་དོ། །དེའིཚེ་བཅོམ་ལྡན་འདས་དེ་ཉིད་ཆོས་ཀྱི་འཁོར་ལོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ་གསུང་གི་པདྨ་ལ་ཐུགས་ཀྱི་དཔལ་བེའུ་དང་ལྗགས་ཀྱི་རྩེ་མོ་ནས་ངན་སྔགས་ཀྱི་སྙིང་པོ་འདི་ཕྱུང་ངོ་། །ཨོ་བཛྲ་ཀི་ལི་ཀིལ་ཡ་ཆེ་གེ་མོབཱར་ཡ་ཛ་ལ་པ་ཡ་ཛ་ལ་པ་ཡ ཧུ༷་ཕཊ། ཅེས་བརྗོད་པས། སངས་རྒྱས་ཀྱི་ཞིང་ཁམས་ན་གནས་པའི་ལོག་པ་ཅན་གྱི་སེམས་ཅན་ཐམས་ཅད་ཆེར་སྨྲ་བརགྱུར་ཏོ། །དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱིདེབཞིནགཤེགས་པཐམས་ཅད་ཀྱིས་སྙིང་པོ་འདི་ལསྨྲ་བརབྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ། །དེ་བས་ན་སྙིངཔོ་འདི་ལ་སྦྱོ་ཞིང་སྨྲ་བར་བྱེདཔའི་སྙིངཔོ་ཞེས་བཤད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིསརླག་པརབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིནལ་སྙོམས་པར་ཞུགས་ནས། ངན་སྔགས་ཀྱི་སྙིང་པོ་འདི་ལྟེ་བ་ནས་ཕྱུང་ངོ་། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་མྱ་ར་ཡ་ཏྭ་ཐ་ཡ་ཏྭ་ཐ་ཡཧུ༷་ཕཊ། ཅེས་བརྗོད་པས་སྣོད་བཅུད་ཐམས་ཅདརྡུལ་ཕྲ་རབ་ཙམ་དུ་གྱུར་ཏོ། །དེའི་ཚེཕྱོགས་བཅུདུསགསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞིག་པར་བྱེད་པའི་སྙིང་པོ་ཞེས་པའི་དབང་བསྐུར་རོ། །དེ་བས་ན་སྙིང་པོ་འདི་ལ་རྡུལ་དུ་བརླགཔའི་སྙིང་པོཞེས་བཤད་དོ། །དེའི་ཚེ་བཅོམ་ལྡན་འདས་ཞལ་བཞདཅིང་མཆེ་བགཙིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེའི་ཚེ་གསང་བའི་སྐྲུབས་ནས། ངན་སྔགས་ཀྱི་སྙིང་པོ་འདི་ཕྱུང་ངོ་། །ཨོ་བཛྲཀིལི་ཀི་ལ་ཡ་ཆེ་གེ་མོམུ་ར་ཡ་སྟིནདྷ་སྟིན་དྷཧུ༷ ཕཊ། ཅེས་བརྗོད་པས་སྣོད་བཅུད་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་དུ་གསོལ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་འཇིགསཔརབྱེདཔ་ཟ་བརབྱེདཔའི་སྙིང་པོ་ཞེསདབང་བསྐུར་རོ། །དེ་བས་ན་སྙིངཔོ་འདིནི་ཞལ་དུ་སྟོབ་པཞེས་བཤད་པ་ཡིན་ནོ། །སྙིང་པོ་ངན་སྔགས་ཀྱིལེའུ་སྟེ་བཞི་པའོ།། །།སེམས་དཔའ་ཆེན་པོ་སྙིང་པོ་ངན་སྔགས་ཀྱི་འཁོར་ལོ་དེ་ལྟར་ལགས་ན། གསང་བའི་ཚིག་དྲུག་པོ་བཤད་དུ་གསོལ། །ལས་ཀྱི་སེམས་དཔའ་ཉོན་ཅིག །སྔར་མ་གསུང་པའི་ཚིག་འདི་རྣམས་ཡིན་ཏེ། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །བཛྲ་ཡཀྟ་ཀྲོ་ཏ་བི་ཛ་ཡ་ཁུ་ཧི་ཞེས་བརྗོད་པས། ལས་ཀྱི་སེམས་དཔའ་ཆེར་སྐྲག་པར་གྱུར་ཏེ་ས་ལ་འགྱེལ་བར་གྱུར་ཏོ། །བཅོམ་ལྡན་འདས་རྡོ་རྗེ་གསང་བ་བདེ་བས། ལས་ཀྱི་སེམས་དཔའ་ལེགས་སོ། །དོན་དེ་ལ་སྐྲག་པར་མ་བྱེད་ཅིག སྔོན་གྱི་དུས་གསང་བའི་ཚིག་དྲུག་པོ་འདི། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཀྱང་གསུངས་པས། འཇིག་རྟེན་ཆེར་གཡོས་ཤིང་རབ་ཏུ་གཡོས་པར་གྱུར་ཏོ། །དེ་བས་ན་ཚིག་དྲུག་པོ་འདིའི་བྱིན་གྱིས་བརླབས་ཀྱིས་གཡོ་བར་བྱེད་པ་ཡིན་པས། དོན་དེ་ལ་མ་སྐྲག་པར་དོན་གཞན་ཞུས་ཤིག དེའི་ཚེ་ལས་ཀྱི་སེམས་དཔའ་བཀའ་ནོད་པའི་ཚུལ་དུ་གནས་ཏེ། དྲན་པ་རྙེད་ནས་སེམས་དཔའ་ཆེན་པོ། །སྔགས་ཀྱི་འཁོར་ལོའི་རྫས་སྔར་མ་གསུངས་པ་བཤད་དུ་གསོལ། །ཨེ་མ་ཧོ། ལས་ཀྱི་སེམས་དཔའ་ཉོན་ཅིག །དབྲལ་བར་གུ་གུལ་ཚིལ་ཆེན་འབོབ། ཀུ་ཀུ་རྭཙའིདྲིཆེནཤེསཔར་བཤད། དབབ་ལ་ཉུང་དཀར་རྒྱལ་པོ་མཁར་ནག་སྐུད་པ་དང་།ཨ༷་ཀུ་ཤ་ནི་དཀར་ནག་གོ །བྱད་དུ་གཞུག་པ་ཚོན་སྣ་ལྔ་པོ་དང་། བལ་ཚོན་དྲུབ་དང་བཅས་པའོ། །སྨྱོ་བལ་དུག་གཏོར་སྡིག་ཕུར་རོ། །རྡུལ་དུ་བརླག་ན་ཉུང་དཀར་རྒྱལ་པོ་དང་། །མཚོན་ཆ་རྣམ་པ་སྣ་ཚོགས་དང་། །སྐྱེ་ཚེ་གདབ་ཕུར་ཉི་ཤུ་རྩ་གཅིག །ལྕགས་ཕྱེ་ཟངས་ཕྱེ་ཤེས་པར་བཤད། །བསྟབ་ལ་མེ་ཡི་སྦྱིན་བསྲེག་གོ །ལས་ཀྱི་སེམས་དཔའ་རྫས་དེ་རྣམས་ནི་རང་བཞིན་གྱིས་བྱིན་རླབས་ཆེ་བའོ། །གནོད་སྤྱིན་རྒོད་མ་ཁ་ལ་སོགས་པས་ཀྱང་དབང་བསྐུར་བའི་རྫས་སོ། །ངས་ཀྱང་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱིས་འཁོར་ལོའི་ཆ་རྐྱེན་དུ་བཞག་གོ །སེམས་དཔའ་ཆེན་པོ་འཁོར་ལོའི་ཆ་རྐྱེན་དེ་ལྟར་ལགས་ན། དམོད་པའི་ཐུན་ཅི་ལྟར་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག གུ་གུལ་ལ་སོགས་པའི་རྫས་ཐོགས་ལ། གཙོ་བོ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་སྨོས་ཏེ། ཆེ་གེ་མོ་འདི་ལྷ་དང་ཕྲལ་བར་གྱིས་ཤིག མཁར་ནག་གི་སྐུད་པ་ཐོགས་ལ། ཛ༷༷ཧུ༷་བ༷་ཧོ༷༷འི་ཕྱག་རྒྱ་བྱས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་སྨོས་ཏེ། ཆེ་གེ་མོ་འདི་གཟུགས་ལ་ཕོབ་ཅིག་ཅེས་བརྗོད་ལ། ཚོན་སྣ་ལྔའི་སྐུད་པ་ཐོགས་ལ། བྱད་དུ་ཆུག་ཅིག་པ་དང་། དུག་གི་གཏོར་མ་ཐོགས་ལ། སྨྱོ་རུ་ཆུག་ཅིག་པ་དང་། ལྕགས་ཕྱེ་ཟངས་ཕྱེ་ཐོག་ལ་རྡུལ་དུ་རློགས་ཤིག་པ་དང་མེའི་དཀྱིལ་འཁོར་ཞལ་དུ་བཞེས་ཤིག་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་དམོད་པའོ། །དུག་གི་གཏོར་མ་ལ་རྨ་བྱའི་གདུག་དང་བཅས་པ་ནི་ལས་ཀྱི་སྲིན་མོའི་དམོད་པའོ། །གསང་བའི་ཚིག་དྲུག་པའོ། །ལས་ཀྱི་དམོད་པའི་ལེའུ་སྟེ་ལྔ་པའོ།། །།བཅོམལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ཀྱི་འཁོར་ལོ་ཞི་བར་བྱེད་པའི་དོན་བཤད་དུ་གསོལ། །ལས་ཀྱི་སེམས་དཔའ་ཉོན་ཅིག ཞི་བར་བྱེད་པའི་དོན་འདི་ཡིན་ཏེ། གནོད་སྤྱིན་གྱི་ལགས་པ་ལ་ཤིང་ཀ་ར་བྲི་རའི་མེ་ཏོག་གི་ཁུ་བ་ཉི་མ་གཟས་ཟིན་པའི་དུས་སུ་བྱུག་ལ། ཀ་ར་ཏི་ཀའི་ཁུ་བས་ལྷ་དབང་ལྡན་གྱི་གཟུགས་ལ་འཁོར་ལོ་རྩིབས་བཅུ་གཉིས་པ་མངོན་པར་ལྡན་པ་བྲིའོ། །དེའི་དབུས་ཇུ་་དམག་གི་དཔུང་ངམ་གཏན་འཕོ་བར་བྱེད་པ་ཞི་བར་འདོད་པའི་མིང་བྲིས་ལ། སྟེང་གི་ཆ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཤཱརྙི་ཧ་ས་ཡ་ར་ཎ་ཧ་ད་ན་ཡ་ཧུ༷་ཕཊ། ཅེས་བྲིའོ། །འོག་གི་ཆ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བན་དྷ་ཡ་སྟིན་དྷ་ཡ་ཧུ༷་ཕཊ། ཅེས་བྲིའོ། །འདི་ཕུང་པོ་ཞི་བར་བྱེད་པའི་ལས་ཀྱི་མཆོག་གོ ཁྲར་ཕྱོགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཆ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་ཤིརྙ༷་ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧུ༷་ཕཊ། །ལྷོ་ཕྱོགས་ཀྱི་རྩིབས་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་ཤིརྙ༷་ཤི་ཀྟ༷་ཨུ་ན་ཡ་ཧུ༷་ཕཊ། ནུབ་ཕྱོགས་ཀྱི་རྩིབས་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་ཤཱརྙི་ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། བྱང་ཕྱོགས་ཀྱི་རྩིབས་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་ཤཱརྙི་ཏྭ་ཐ་ཡ་ཏྭ་ཐ་ཡ་ཧུ༷་ཕཊ། རྩིབས་བརྒྱད་ལ། རྡོ་རྗེ་སྲིན་མོ་རྣམས་ཀྱི་སྙིང་པོ་དང་། གཏན་འཕོ་བའི་མིང་སྤེལ་བ་ནི། ཞི་བའི་འཁོར་ལོ་སྟེ། པརྩི་ཀའི་ཉིན་ལ་འཁོར་ལོ་དྲིལ་ལ་རྡོ་རྗེ་བུ་མོའི་ཁྲག་གིས་རྒྱས་བཏབ་པའོ འོ་མ་འཛག་པའི་ཤིང་ལ་ཞི་བའི་ཕུར་བུ་ཟླུམ་པོའི་དབྱིབས་སུ་བྱས་པའི་ལྟེ་བ་ལ་སྔགས་ཀྱི་འཁོར་ལོ་བཅུག་ལ། དམག་གི་དཔུང་གིས་བཅགས་པའི་ས་ལ་གང་ཞི་བར་འདོད་པའི་གཟུགས་བྱས་ལ་རྒྱ་སྣག་གི་ཁུ་བ་ཁ་དོག་དཀར་པོར་བྱས་ལ། ཞི་བའི་ཕུར་བུ་སྙིང་གར་བཏབ་ལ། རས་བལ་གྱི་སྐུད་པ་དཀར་པོས་བཏགས་ལ། ཁ་ཤར་ཕྱོགས་སུ་བལྟས་ཏེ། ཏིལ་ལ་སྔགས་བྱེ་བ་བདུན་འབུམ་དུ་བརྗོད་པས་གྲུབ་པའི་ཚད་ནི།ཕུར་བུ་ལྡེག་པའམ་འཕར་བ་བྱུང་བའི་ཚེ། གྲུབ་པའི་ལས་དང་པོ་ཡིན་ཏེ། མཆོད་པ་ཆེན་པོས་ཞལ་བཞད་པའི་ལིསྐོ་དང་། ཕུར་བུ་བྱས་ལ་དམག་ཆེན་པོ་འདུ་བའི་སར་སྦས་ན་གང་འདྲེའི་གནོད་པ་དེ་ཞི་བར་འཀྱུར་རོ། །ཞི་བའི་ལས་ཀྱི་རིམ་པའོ། །གང་དབང་དུ་བྱ་བར་འདོད་ན། བྲམ་ཟེའི་པགས་པ་ལ་མི་རྒོད་ཀྱི་རཀྟས་བྱུགས་ལ། མཛེས་ལྡན་མའི་གཟུགས་བྲིས་ལ། དེའི་ལྟེ་བར་འཁོར་ལོའི་ལྟེ་བར་ཟླ་གམ་རྩིབས་བརྒྱད་དང་ལྡན་པར་བྲིས་ལ། ལྟེ་བར་གང་དུ་བྱ་བའི་མིང་བྲིས་ཏེ། འཁོར་ལོའི་ཟླ་གམ་གྱི་སྟེང་དུ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བ་ཤ༷་ཀུ་རུ་ཨུ་བེ་ཤ་ཡ་ཧུ༷་ཕཊ། ཅེས་པ་བྲི། ཟླ་གམ་གྱི་ཞབས་སུ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་པ་ར་ཎ་ཧྭ་ས་ཡ་ར་ཧ་ས་དྷ་ན་ཧུ༷་ཕཊ། ཁྲར་ཕྱོགས་ཀྱི་རྩིབས་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བ་ཤ༷་ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། ལྷོ་ཕྱོགས་ཀྱི་རྩིབས་ལ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བ་ཤ༷་ཤི་སྣྲ༷་ཨུ་ན་ཡ་ཧུ༷་ཕཊ། ནུབ་ཀྱི་རྩིབས་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བ་ཤ༷་ཀུ་རུ་ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། བྱང་གི་འཁོར་ལོའི་རྩིབས་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བ་ཤ༷་ཀུ་རུ་སྟིན་དྷ་ཡ་སྟིན་དྷ་ཡ་ཧུ༷་ཕཊ། ཅེས་པ་བྲིའོ། །འཁོར་ལོ་རྩིབས་བཞི་ལ་སྙིང་པོ་རྐྱང་པ་བཞི་དང་མིང་སྤེལ་ལ་བྲི། །མརྒ་ཏའི་ཉི་མ་ཤར་བའི་དུས་སུ་འཁོར་ལོ་བྲིས་ལ་ཙསྡོན་གྱི་ཤིང་ལ་དབང་གི་ཕུར་པ་ཟླ་གམ་དུ་བྱས་ལ་ཕུར་པའི་ལྟེ་བར་འཁོར་ལོ་བཅུག་ལ་རྒྱལ་བའི་ཕྱོགས་ནས་ས་བླངས་ལ་གང་དབང་དུ་བྱ་བའི་གཟུགས་བྱས་ཏེ་མརྒ་ཏའི་པདྨའི་རཀྟས་བྱུག་སྟེ། ཁ་དོག་དམར་པོར་བྱས་པའི་ལྟེ་བར་དབང་གི་ཕུར་པ་བཏབ་ལ།གཟུངས་ཐག་དམར་པོས་བཏགས་ཏེ། ཁ་ནུབ་ཏུ་བལྟས་ལ་ཤང་ཚེ་གཏོར་ཞིང་བྱེ་བ་བདུན་འབུམ་དུ་བརྗོད་ན། གྲུབ་པ་མངོན་དུ་འབྱུང་སྟེ། ཞལ་བཞད་པ་དང་ལུང་སྟོན་པ་འབྱུང་སྟེ། དེའི་ཚེ་ལིདྷ་དང་ཕུར་པར་བཅས་པརྒྱམཚོཆེནཔོའིའགྲམདུ་མནན་ན་གང་དབང་དུ་བྱ་བ་དེ་དབང་དུ་འགྱུར་རོ། །དབང་གི་ལས་ཀྱི་རིམ་པའོ། །རྒྱས་པའི་འཁོར་ལོའི་རིམ་པ་ནི། པ་ཤ་ཀའི་པགས་པ་ལ་ལྡོང་རོས་ཀྱིས་བྱུགས་ལ། རེ་མིག་དགུ་པ་ལ་འཁོར་ལོ་རྩིབས་བརྒྱད་དང་བཅས་པ། རེ་མིག་དགུའི་དབུས་སུ། །ཨཱོཾ༷་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་སྤྲུརྙ་ཅེས་པ་བྲིས་པར་ཧུ༷་གིས་བརྒྱན་པའོ། །འཁོར་ལོའི་རྩིབས་རེ་མིག་བཞི་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བྲེཉི་ཧ་ས་ཡ་ར་ཧ་ད་ན་ཅེས་བྲིའོ། ཁྲར་ཕྱོགས་སུ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་ཚུརྙུ་ཨུ་བེ་ཤ་ཡ་ཧུ༷་ཕཊ། ཅེས་བྱ་བ་བྲི། ལྷོ་ཕྱོགས་སུ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བྲེརྙུ་ཀུ་རུ་ཛ་ཡ་ཧུ༷་ཕཊ། ཅེས་བྱ་བ་བྲི། ནུབ་ཕྱོགས་སུ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བྲེརྨྱི་ཏ་ཐུ་ཡ་ཏ་ཐུ་ཡ་བྱ་བ་བྲི། བྱང་ཕྱོགས་སུ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བྲེརྫི་སྟིན་དྷ་ཡ་སྟིན་དྷ་ཡ་ཧྭ༷་ཕཊ། ཅེས་པ་བྲི། ཕལྷུ་ནིའི་ཉི་མའི་དུས་སུ་འཁོར་ལོ་དྲེལ་ལ་གསེར་གྱི་ཤིང་ལ་རྒྱས་པའི་ཕུར་བུ་ཟུར་བརྒྱད་པ་བྱས་ལ་རྒྱས་པའི་འཁོར་ལོ་ལྟེ་བའི་དབུས་སུ་སྦས་ལ་རྒྱས་བཏབ་ལ། ལམ་རྒྱ་གྲམ་གྱི་དབུས་ནས་ས་བླངས་ལ། ལིདྷ་ཁ་དོག་སེར་པོར་བྱས་ལ། རྒྱས་པའི་ཕུར་པས་མགྲིན་པར་བཏབ་ལ། གཟུངས་ཐག་སེར་པོས་བཏགས་ལ་ཁ་ལྷོར་བལྟ། ཡུངས་ཀར་རྒྱལ་པོ་ལ་བྱེ་བ་བདུན་འབུམ་བཟླས་ལ། དེའི་ཚེ་གྲུབ་པའི་དྲོད་ཚད་འབྱུང་བར་འགྱུར་ཏེ། འཕར་བ་དང་འཁྲོགས་པ་དང་། ལྡེག་པའོ། །དེའི་ཚེ་ལིདྷ་ཕུར་པ་བཅས་གཞལ་ཡས་ཁང་ཆེན་པོའི་དབུས་སུ་མནན་ན་གང་རྒྱས་པར་བྱ་བ་དེ་རྒྱས་པར་འགྱུར་རོ། །རྒྱས་པའི་རིམ་པའོ། །དྲག་པོའི་འཁོར་ལོའི་རིམ་པ་ནི། འཇིགས་པའི་ལག་པ་ལ་བྲིས་ཏེ། རྒྱ་སོལ་གྱིས་ནག་པོར་བྱུགས་པ། ཀ་ཀོ་ཏས་འཇིགས་བྱེད་ཆེན་པོའི་གཟུགས་བྱས་ཏེ། དེའི་སྙིང་གར་གྲུ་གསུམ་བཅུ་དྲུག་པའི་ཐིག་བཏབ་ལ། ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་བཅུ་རྩ་གཉིས་པ་བྲི་བར་བྱའོ། །གྲུ་གསུམ་དྲག་པོའི་དབུས་ཀྱི་ལྟེ་བ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་མྱ་ར་ཡ་ཧ་ས་ར་ཎ་ཧ་ད་ན་ཡ་ཧུ༷་ཕཊ། ཤར་གྱི་འཁོར་ལོའི་རྩིབས་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་མུ་ར་ཡ་ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧུ༷་ཕཊ། ལྷོ་ཡི་རྩིབས་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་མུ་ར་ཡ་ཤི་སྒྲིན་ཨུ་ན་ཡ་ཧུ༷་ཕཊ། ནུབ་ཀྱི་གྲུ་གསུམ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་སྨྱུ་ར་ཡ་ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། བྱང་གི་གྲུ་གསུམ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བཱ་ར་ཡ་ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། སྟེང་གི་ཆ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་བཱ་ར་ཡ་སྟིན་དྷ་ཡ་སྟིན་དྷ་ཡ་ཧུ༷་ཕཊ། གྲུ་གསུམ་བཅུ་ལ་རྡོ་རྗེ་སྲིན་མོ་བཅུའི་སྙིང་པོ་བཅུ་དང་དགྲ་བོའི་མིང་སྤེལ་ལ་བྲིའོ། །ཕྱི་ཡི་འཁོར་ལེའི་རྩིབས་རྣམས་ལ། །མཆེ་བ་ཅན་གྱི་སྙིང་པོ་དང་། །གཤོག་པ་ཅན་གྱི་སྙིང་པོ་དང་། །དགྲ་བོའི་སྙིང་པོ་སྤེལ་ལ་བྲི། དྲག་པོའི་ཕུར་པ་ནི། ཚེར་མ་ཅན་གྱི་ཤིང་ལ།ཕུར་པ་སྨད་ཟུར་གསུམ་རྒྱ་མདུད་དང་བཅས་པར་བྱས་ལ། རྡོ་རྗེ་འཁོར་ལོའི་ཉིན་པར་འཁོར་ལོ་དྲིལ། རོ་བསྲེགས་པའི་སོལ་བས་རྒྱས་བཏབ་ལ། དྲག་པོའི་ཕུར་པའི་ལྟེ་བར་སྦས་ལ་གྲོག་མཁར་གྱི་ས་ལ་ལིདྨ་བྱས་ལ། རྒྱ་སོལ་གྱིས་ཁ་དོག་ནག་པོར་བྱས། དྲག་པོའི་ཕུར་པ་སྙིང་གར་བཏབ་སྟེ། གཟུངས་ཐག་ནག་པོས་བཏགས་ཏེ། ཁ་བྱང་དུ་བལྟས་ཏེ། ཏིལ་ཆེན་པོ་ལ་བདུན་འབུམ་དུ་བཟླས་ནས་བྲབས་པས། གྲུབ་པའི་རྟགས་འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར་ཏེ། དེའི་ཚེ་གནོད་སྤྱིན་གྱི་གྲོང་དུ་སྦས་ན་གང་བསད་པར་འདོད་པ་དེ་ངེས་པར་མུ་ར་ཎའོ། །ཕྲིན་ལས་རྣམ་བཞི་གབ་པའི་འཁོར་ལོའི་ལེའུ་སྟེ་དྲུག་པའོ།། །།སེམས་དཔའ་ཆེན་པོ་འཁོར་ལོ་དེ་ལྟར་ལགས་ན། སྔར་མ་གསུངས་པའི་དེ་བཞིན་གཤེགས་པ་ཉིད་ཀྱི་ཡོན་ཏན་གྱི་འཆར་སྣང་བའི་ཕུར་པ་ཞེས་གདགས་པ་ལ་དོན་དུ་མཆིས། ལས་ཀྱི་སེམས་དཔའ་ཉོན་ཅིག །དོན་དེ་སྔར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མ་གསུངས་སོ། །ཕྱིས་འོང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གསུང་བར་མི་འགྱུར་བས། ལས་ཀྱི་སེམས་དཔའ་ཁྱོད་ཉིད་ཀྱི་དོན་དུ་ངས་བཤད་པར་བྱའོ། །བསྐྲད་པ་མཚམས་ཀྱི་ཕུར་པ་དང་། བཀོད་པ་ལྷ་ཡི་ཕུར་པ་དང་། མངགས་པ་ཕོ་ཉའི་ཕུར་པ་དང་། དབང་དུ་སྡུས་པའི་ཕུར་པ་དང་། གདབ་པ་ཕྲིན་ལས་ཀྱི་ཕུར་པ་དང་། འཛིན་ཅིང་མི་གཏང་བའི་ཕུར་པ་དང་། གནས་བསྲུང་བའི་ཕུར་པའོ། །བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་དོན་དེ་ལྟར་ལགས་ན། དེ་རྣམས་ཀྱི་གསང་བའི་སྙིང་པོའི་ལས་ལ་སྦྱར་བ་གང་ལགས་བཤད་དུ་གསོལ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆེར་བཞད་ནས་ཞལ་འཛུམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཐུགས་ཀྱི་དཔལ་བེའུ་ནས་ཀྱང་པ་ར་བིབྱུན་ཞེས་བྱ་བ་ཐོན་པར་གྱུར་ཏོ། །སྙན་གྱི་འཁོར་ལོ་ལས་ཀྱང་ཧ་ན་ཧ་ན་ཞེས་བྱ་བ་ཐོན་པར་གྱུར་ཏོ། །ཤངས་ཀྱི་དབྱིངས་ནས་ཀྱང་ད་ཧ་ད་ཧ་ཞེས་བྱ་བར་ཐོན་པར་གྱུར་ཏོ། །ལྗགས་ཀྱི་པདྨ་ལས་ཀྱངཔ་ཙ་པ་ཙ་ཞེས་བྱ་བ་ཐོན་པར་གྱུར་ཏོ། །མགུལ་གྱི་མགྲིན་པ་ནས་ཀྱང་བྷན་དྷ་བྷན་དྷ་ཞེས་བྱ་བར་ཐོན་པར་གྱུར་ཏོ། །ཕྱག་གི་དཔུང་པ་གཉིས་ལས་ཀྱང་གྲོ་ཎྜ་གྲོ་ཎྜ་ཞེས་བྱ་བ་ཐོན་ཏོ། །སྐུའི་ལྟེ་བ་ལས་ཀྱང་ཏིཇི་ཏིཛི་་ཞེས་བྱ་བ་ཐོན་པར་གྱུར་ཏོ། །ཞབས་ཀྱི་མཐིལ་གཉིས་ལས་ཀྱང་ཚིན་དྷ་ཚིན་དྷ་ཞེས་བྱ་བ་ཐོན་པར་གྱུར་ཏོ། །དབུའི་གཙུག་ཚངས་པའི་བུ་ག་ནས་ཀྱང་སྟིན་དྷ་སྟིན་དྷ་ཞེས་བྱ་བ་ཐོན་པར་གྱུར་ཏོ། །ཞབས་ཀྱི་བོ་ལ་གཉིས་ལས་ཀྱང་སརྦ་ཨུ་ན་ཡ་ཧུ༷་ཕཊ་ཅེས་བྱ་བ་ཐོན་པར་གྱུར་ཏོ། །དེའི་ཚེ་འཁོར་མཆེ་བ་ཅན་རྣམས་ཀྱིས།སྲོག་གི་སྙིང་པོ་འདི་ཕུལ་ཏེ། སུ་རུ་སུ་རུ་བཛྲ། །གཤོག་པ་ཅན་རྣམས་ཀྱིས། མུ་རུ་མུ་རུ་བཛྲ། ཞེས་མཐོང་བར་ཕུལ་ལོ། །འདིས་ནི་དབྲལ་བའི་ལས་སུ་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟིལ་གྱི་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ། དཔལ་ལྷ་མོ་ནག་མོ་མདུན་དུ་འཁོད་པར་བྱས་སོ། །སེམས་དཔའ་ཆེན་པོ་བདག་གི་རིག་པ་འདི་བཞེས་སུ་གསོལ། ཞེས་ཕུལ་ཏེ། མ་ཐ་མ་ཐ་བཛྲ་ཞེས་ཕུལ་ནས།བདག་གི་རིག་པ་འདི་བཞེས་སུ་གསོལ། བདག་གིས་སངས་རྒྱས་ཀྱི་བསྟན་པ་འདི་བསྲུང་བར་བགྱིའོ། །ཞེས་ཕུལ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་གདུག་པ་ཅན་གྱི་བུ་མོ་བཞིས་ཀྱང་སྲོག་གི་སྙིང་པོ་ཕུལ་ཏེ། ཀ་ཏ༷་ཀ་ཡེ་བཛྲ། ཛ་ཡེ་བི་ཛ་ཡེ་བཛྲ། ཨ་ཛི་ཏེ་ཨ་པ་རྭ་ཛི་ཏེ་མྱ་ར་སེ་ནཱ་པྲ་མརྡ་ན་ཡེ་ཧུ༷་ཕཊ། ཅེས་ཕུལ་ནས་མི་སྣང་བར་གྱུར་ཏོ། །དེའི་ཚེ་ཁྲོ་བོ་རྣམས་ཀྱིས་མཚོན་ཆའི་ཆར་པ་ཕབ་ནས། སྟོབས་ཀྱི་རྒྱལ་པོས་ཀྱང་སྲོག་གི་སྙིང་པོ་ཕུལ་བ། མ་མ་བ་ཤ༷་ཀུ་རུ་མ་ཏ༷་རྙོ་ཀ་ར་ཨི་ད་ན་དྷ་ཏི་མ་མ་ཤི་ཀྟ༷་ཀྭ་ར་ཡ་ཞེས་ཕུལ་ནས། མི་སྣང་བར་གྱུར་ཏོ། །དེའི་ཚེ་ཁྲོ་བོ་དྲག་ཅིང་ག་་པའི་ཐུགས་ཀ་ནས་སྙིང་པོ་འདི་ཐོན་པར་གྱུར་ཏོ། །ཁ་ཐ༷་ཁ་ཐ༷་ཞེས་ཐོན་པར་གྱུར་ཏོ། །སེམས་དཔའ་ཆིན་པོ་རྣམས་ཀྱིས་གདབ་པའི་གནས་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག དཀར་ནག་མཚམས་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལྷོ་བ་དང་། མགྲིན་པ་དང་། དཔུང་པ་དང་། སྤྱི་བོའི་གཙུག་དང་། རྐང་པའི་མཐིལ་གྱི་རྩ་རྣམས་སོ། །སེམས་དཔའ་ཆེན་པོ་རྣམས་ཀྱིས་གདབ་པ་ནི་དེ་རྣམས་ལགས་ན། སྙིང་པོའི་སྔགས་འདི་རྣམས་སེམས་དཔའ་ཆེན་པོ་ཉིད་ཀྱི་སྔགས་ལགས་སམ། འོན་ཏེ་འཁོར་རྣམས་ཀྱི་ལས་ཀྱི་སྔགས་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག འཁོར་གང་ཡིན་པ་དེ་ངའི་ཡིན་ཏེ། ངའི་གང་ཡིན་པ་དེ་འཁོར་རྣམས་ཀྱིས་ཡིན་པར་འགྱུར་རོ། །སོ་སོ་མ་ཡིན་ཐ་མི་དད་དོ། །དེ་བས་ན་སྙིང་པོ་སྔགས་འདི་ཡང་ཁྲོ་བོ་བཅུ་རྣམས་ཀྱི་ལས་ཀྱི་སྔགས་ཡིན་པར་འགྱུར་རོ། །ཡོན་ཏན་གྱི་ཕུར་བུ་བདུན་བསྟན་པ་དང་། སྙིང་པོའི་སྔགས་བསྟན་པ་དང་། གདབ་པའི་གནས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སེམས་དཔའ་ཆེན་པོ་སྔར་མ་གསུངས་པའི་འཁོར་ལོ་རྣམས་ནི། ལས་ཀྱི་གསང་བ་བཀོད་པ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ན། བགེགས་ཟིལ་གྱིས་མནན་ཅིངདཔུང་གཞོམ་པའི་འཁོར་ལོ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །སྔར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ཀྱང་མ་གསུངས་གསུང་བར་མི་འགྱུར་རོ། །ལས་ཀྱི་སེམས་དཔའ་དེ་ཅིའི་ཕྱིར་ཞེ་ན། དོན་ཟབ་ཅིང་རྟོགས་པར་དཀའ་བའི་ཕྱིར་རོ། །དེ་བས་ན་ཁྱོད་ཞུ་བ་ལེགས་ཀྱི་ཉོན་ཅིག གང་བགེགས་ཟིལ་གྱིས་གནོན་པའི་འཁོར་ལོ་ནི། །རིགས་རིམ་ཡང་ཀྱིས་མ་ཟིན་པའི་ཐོད་པ་ལ་དེའི་དཔུང་དང་ཕྲལ་བའི་ཕྱིར། དཔྲལ་བར་ཧྭ་ས་ཡ་ར་ད་ན་ལ་སོགས་པ་བྲིའོ། །བགེགས་ཆེན་པོ་མངོན་པར་དབབ་པའི་ཕྱིར། སྤྱི་བོར་ཨུ་བེ་ཤ་ལ་སོགས་པ་བྲིའོ། །བགེགས་མངོན་པར་བཅིང་བའི་ཕྱིར། ལྟག་པར་ཧི་སྨྲན་ཨུ་ན་ཡ་ལ་སོགས་པ་བྲིའོ། །བགེགས་མངོན་པར་སྨྱོ་རུ་གཞུག་པའི་ཕྱིར། ཡར་རྐན་དང་ཀོས་ཀོ་ལ་ཛ་ལ་པ་ཡ་ལ་སོགས་པ་བྲིའོ། བགེགས་མངོན་པར་རྡུལ་དུ་བརླག་པའི་ཕྱིར། མིག་ལ་སོགས་པའི་དབང་པོ་ལ་ཏ་ཐུ་ཡ་ལ་སོགས་པ་བྲིའོ། །བགེགས་དེ་བཞིན་གཤེགས་པའི་ཞལ་དུ་བསྟབ་པའི་ཕྱིར། སྤོ་ལ་སྟི་ད་ཡ་ལ་སོགས་པ་བྲི་ཞིང་བཟླས་སོ། །སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་དེ་ལྟར་ལགས་ན། བཅའ་བའི་དུས་གང་ལགས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག དུས་ནི་ཀར་ཏི་ཀའི་དུས་ཀྱི་ཉི་མ་བཙྭ་ལྔའི་དུས་སོ། །སེམས་དཔའ་ཆེན་པོ་འཁོར་ལོ་བཅའ་དུས་སུ། སྣུ་གུ་དང་སྣ་ཚ་གང་ལགས། ལས་ཀྱི་སེམས་དཔའ་ཉོན་གཅིག །སྒྱུ་གུ་ནི་ཀང་ཀའི་སྒྲོ་རྩས་སོ། །སྣག་ཚྭ་ནི་ནིསྤ་ཀའི་ཁུ་བས་སོ། །ལས་ཀྱི་སེམས་དཔའ་འཁོར་ལོ་བྲི་བའི་དུས་སུ་ཁྲོས་པའི་སེམས་དང་ལྡན་པས་བྲི་བར་བྱའོ། །སེམས་དཔའ་ཆེན་པོ།འཁོར་ལོ་བཅའ་བ་དང་སྣག་ཚ་དེ་ལྟར་ལགས་ན། །གཟུགས་བརྙན་གྱི་ཚུལ་དུ་བྲི་བའི་དཀྱིལ་འཁོར་དུ་ཞིག་མཆིས། །ལས་ཀྱི་སེམས་དཔའ་ཉོན་ཅིག གཟུགས་བརྙན་གྱི་དཀྱིལ་འཁོར་གཅིག་སྟེ། བའི་རྣམ་ལྔ་དང་།ཁྲག་ཆེན་ལས་བསྲེས་པ་འཕང་དུ་སོར་བཞི། དབྱིབས་ཟུར་གསུམ། །ཉིས་བརྩེགས་སུ་བྱའོ། །དབུས་ཀྱི་ཟུར་རྣམས་ལ་མདའ་ཡིས་བརྒྱན་པའོ། །ཟུར་དྲུག་རྣམས་ལ་ཡང་རྩང་ཆེན་པོ་དྲུག་གིས་རྣམ་པར་སྤྲས་པའོ། །སེམས་དཔའ་ཆེན་པོ་དཀྱིལ་འཁོར་དེ་ལྟར་ལགས་ན། དཀྱིལ་འཁོར་གྱི་ཆ་རྐྱེན་དུ་གསུངས་པའི་རྫས་དྲུག་པོ་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག དབྲལ་མ་འདྲེ་གསོད་ཤིས་པར་བཤད། དབབ་པ་ལ་ནི་ཉུང་དཀར་རྒྱལ། །བཅིངས་ལ་ཚོན་སྣ་ལྔ་ཡིས་སོ། །སྨྲ་ལ་དུག་ཉིད་ཤིས་པར་བཤད། །རྡུལ་དུ་བརླག་ན་ཕྱག་མཚན་ནོ། །བསྟབ་ལ་ཧོམ་གཟར་ཤིས་པར་བཤད། །སེམས་དཔའ་ཆེན་པོ་རྫས་དྲུག་པོ་དེ་ལྟར་ལགས་ན། གསང་བའི་ཚིག་རྣམས་ཅི་ལྟར་ལགས། །ལས་ཀྱི་སེམས་དཔའ་ཉོན་ཅིག །ཕྲོལ་ཅིག་པ་དང་། ཕོབ་ཅིག་པ་དང་། ཆིངས་ཤིག་པ་དང་། སྨྲ་རུ་ཆུག་ཅིག་པ་དང་། གཏོགས་ཤིག་པ་དང་།རོལ་ཅིག་ལ་སོགས་པའི་ཚིག་རྣམས་སོ། །ལས་ཀྱི་སེམས་དཔའ་གང་བགེགས་ཀྱི་དཔུང་རྣམས་གཞོམ་པར་འདོད་པ་དེ། འཁོར་ལོ་ལ་གཟུངས་ཐག་ནག་པོ་བཏགས་ལ་དུར་ཁྲོད་ཀྱི་གཡམ་པ་ལ། རྡོ་རྗེ་རྒྱ་གྲམ་དུ་བྲིས་པའི་ལྟེ་བ་ནས་བརྟོལ་ནས། གང་བགེགས་ཀྱིས་ཟིན་པའི་རྐང་པ་ནས་བཏགས་ལ། ལྕགས་ཕྱེ་ལ་བསྔགས་ཤིང་། བྱེ་བ་བདུན་འབུམ་དུ་བཟླས་པ་བྱས་ནས། ཚེར་མ་ཅན་གྱི་ཤིང་རྣམས་ལ་མེ་བཏང་ནས།སྔགས་དྲུག་པོས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ནས་སོ། །བགེགས་ཀྱི་དཔུང་རྣམས་འཇོམས་པར་འགྱུར་རོ། །གབ་པའི་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ།། །།སེམས་དཔའ་ཆེན་པོ་དངོས་གྲུབ་ལ་བར་ཆད་བྱེད་པའི་བགེགས་ཞི་བར་བྱེད་པའི་འཁོར་ལོ་བཤད་དུ་གསོལ། །ཨེ་མ་ཧོ། །ལས་ཀྱི་སེམས་དཔའ་ཉོན་ཅིག བགེགས་ཞི་བར་བྱེད་པའི་འཁོར་ལོ་ནི། ཀུ་ཀུ་རྭ་ཙའི་ཐོད་པ་ལ་ཀར་ཏི་ཀས་བྱུགས་ལ་དཀར་པོར་བྱས་ལ།བསྒྲུབ་བྱ་བགེགས་དང་བྲལ་བར་བྱ་བའི་ཕྱིར། མཚུལ་བ་ར་ཧ་ས་ཡ་ར་བྲི་བར་བྱའོ། །བགེགས་མངོན་པར་དབབ་པའི་ཕྱིར། སྨིན་མཚམས་སུ་ཨུ་བེ་ཤ་ཡ་བྲི་བར་བྱའོ། །བགེགས་མངོན་དུ་བཅིང་བའི་ཕྱིར། མིག་ལ་སོགས་པའི་དབང་པོ་རྣམས་ལ་ཤི་སྒྲིན་བྲི་བར་བྱའོ། །བགེགས་དེ་ཆེར་འགྱོད་པ་མཐོལ་དུ་གཞུག་པའི་ཕྱིར། ལྕེ་ལ་ཛ་ལ་པ་ཡ་བྲི་བར་བྱའོ། །བགེགས་དེ་རྡུལ་ཕྲ་རབ་ཏུ་གདུལ་བའི་ཕྱིར། ལྟག་པར་ཏ་ཐུ་ཡ་བྲི་བར་བྱའོ། །བགེགས་དེ་ཕུང་པོ་བཤིགས་ཤིང་བརླག་པར་བྱ་བའི་ཕྱིར། །མ་མཁས་ལ་སྟིན་དྷ་ཡ་བྲི་བར་བྱའོ། །བགེགས་དེ་བཞིག་ཅིང་སྟོངས་པར་བྱ་བའི་ཕྱིར། མཆེ་བ་རྣམས་ལ་ཁྲོ་བོ་བཅུའི་སྙིང་པོ་བྲི་བར་བྱའོ། །འཁོར་ལོ་འདིའི་སྙུ་གུ་འདི་ཉི་མས་འཇིགས་པའི་སྒྲོ་རྩས་བྲི་བར་བྱའོ། །སྣག་ཚ་ནི་པདྨའི་རཀྟས་སོ། །བྲི་བའི་ཚེ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་སོ། །སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་དེ་ལྟར་ལགས་ན། ལས་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །ལས་ཀྱི་སེམས་དཔའ་ཉོན་ཅིག །འདིའི་ལས་ཀྱི་དཀྱིལ་འཁོར་ནི། །རྒྱར་གྲུ་གང་ཟབས་སུ་གྲུ་པྱེད་ལ་དབྱིབས་སྟག་གི་མཆེ་བ་ལྟར་བྱས་པའོ། །མཆེ་བ་རྣམས་ལ་གནོད་པར་བྱེད་པའི་སྙིང་པོ་བྲིའོ། །འཁོར་ལོ་དེ་ལྟར་ལགས་ན། དེ་དབྱེ་བའི་རྫས་རྣམས་ཅི་ལྟར་ལགས། དབྲལ་ལ་རྒྱ་ཚིལ་ཤིས་པར་བཤད། །དབབ་ལ་ཁྲེ་ཡིས་བྱ་བའོ། །འཆིངལརྒྱུསཆེནགྱིསྐུདཔས་སོ། །སྨྲ་ལ་པདྨའི་རཀྟས་སོ། །བརྡུང་ལ་ལྕགས་ཕྱེ་ནག་པོས་སོ། །གསོ་བ་ལས་ཀྱི་འཁོར་ལོ་བཤད། སེམས་དཔའ་ཆེན་པོ་ལས་ཀྱི་འཁོར་ལོ་དེ་ལྷར་ལགས་ན། དེའི་གསང་བའི་ཚིག་དྲུག་པོ་བཤད་དུ་གསོལ། ཞེས་ཞུས་པས། ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། གསང་བའི་ཚིག་ནི་འདི་ཡིན་ཏེ། ཕོབ་ཅིག་པ་དང་། ཁུག་ཅིག་པ་དང་། ཟུང་ཞིག་པ་དང་། ཆིངས་ཤིག་པ་དང་། རྡུངས་ཤིག་པ་དང་།གཏོགས་ཤིག་པ་དང་། རེངས་པར་སྨྲ་རུ་ཆུག་ཅིག་པ་དང་། མངོན་པར་གྱིས་ཤིག་པ་དང་། དེའི་ཚེ་མངར་བ་དང་ལྡན་པའི་ཤིང་བུ་དང་། ཀུ་ཀུ་རྭ་ཙའི་ཐོད་པའི་ཁར་ཧོམ་གྱི་ཤིང་བུ་བརྩིགས་ལ། རཀྟ་ཆེན་པོ་དང་བཅས་པས་གང་ལ་བར་ཆོད་བྱེད་པའི་ལུས་བསྐོར་ཞིང་སྤྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན་བགེགས་དེ་དག་གིས་གཏོང་བར་འགྱུར་རོ། །གབ་པའི་འཁོར་ལོའི་རྒྱུད་ལས། །དབྱེ་བ་དང་མནན་པའི་འཁོར་ལོའི་ལེའུ་སྟེ་དགུ་པའོ།། །།སེམས་དཔའ་ཆེན་པོ་གཏན་འཕོ་བར་བྱེད་པའི་འཁོར་ལོ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག འཁོར་ལོས་དབྱེ་བ་དང་མནན་པ་གཉིས་ཏེ། དེ་ལ་དབྱེ་བའི་འཁོ་ལོ་ནི། གྲོ་གའམ་ཤིང་ཤུན་ལ། འུག་པའམ་ཕོ་རོག་གི་གཟུགས་བྲིས་ལ། ཕོ་རོག་གི་སྙིང་གར་འཁོར་ལོ་རྩིབས་བཞི་པ་གཅིག་བྲིས་ལ། དེའི་ལྟེ་བར་འདོད་པའི་མིང་དང་རུས་བྲིས་ལ། འུག་པའི་སྙིང་གར་འཁོར་ལོ་རྩིབས་བཅུ་གཉིས་པབྲིས་ལ། སྔགས་དྲུག་གཡོན་སྐོར་དུ་བྲིས་ལ། ཡུངས་དཀར་རྒྱལ་པོས་བྱེ་བ་བདུན་འབུམ་དུ་བཟླས་ཤིང་འུག་པ་དང་ཕོ་རོག་ལ་གཏོར་ན་གང་དབྱེ་བར་འདོད་པ་དེ་དབྲལ་བར་འགྱུར་རོ། །འདི་ནི་དབྱེ་བར་བྱེད་པ་འཁོར་ལེའི་རིམཔའོ། །མནན་པའི་འཁོར་ལེའི་རིམ་པ་ནི། །ཆུ་སྲིན་གྱི་པགས་པ་ལ། ཤིང་ཀ་བི་རའི་ཁུ་བས་སེར་པོ་བྱུགས་ལ། རི་རབ་ཀྱི་དབྱིབས་སུ་བྱས་ལ། རི་རབ་ཀྱི་ལྟེ་བར་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ལ། དེའི་ལྟེ་བར་གནནཔརབྱ་བའི་མིང་རུས་བྲིས། འཁོར་ལོའི་རྩིབས་རྣམས་ལ་ཨོ་ལ༷་ལ་སོགས་པའི་སྙིང་པོ་བྲི། རི་རབ་ཀྱི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ཁ་གདེངས་འབྲི་ལ། འཇིམ་པ་ལས་བྱས་པའི་སྲིན་པོའི་གཟུགས། །མདོགམིསྡུགཔའིལྟོབརགོབོརལོབཅུགལ། བགེགས་ཀྱི་རྒྱལ་པོ་ཁྱོད་ལ་གཏད་དོ་ཞེས་བརྗོད་ལ། གཟུགས་དེ་སྤྱིའི་གཙུག་ཏུ་བཞག་ལ། བགེགས་ཀྱི་བཤང་བའི་ལམ་ལ་ཕུར་བུ་ཟུར་དྲུག་པ་གཅིག་བཏང་ལ་བཞག་གོ །དེའི་སྟེང་དུ་ཨོ་ལ༷་ཧུ༷་ཞེས་བརྗོད་པས། ཡེ་ཤེས་ཀྱི་རི་རབ་རྩེ་མོ་བརྒྱད་པ་གཅིག་ཏུ་གྱུར། སྟུ༷་བྷ་ནན་ཞེས་པས་གཟིར། མོ་ཧ་བྷ་ཡ་ཞེས་པས་མིང་དང་རུས་སུ་བཅས་པ། བྷ་ག་བཱན་ཅེས་པ་ནི་ཧེ་རུ་ཀའོ། །སྣྲི༷༷྅༷༷བི་ཀྲི་ནི་ཐབས་དང་ཤེས་རབ་ཏུ་བཅས་པའོ། །ཡེ་ཤེས་ཀྱི་རི་རབ་རྩེ་མོ་བརྒྱད་པ་དང་བཅས་པ། དཔལ་ཧེ་རུ་ཀས་འཁོར་བ་མ་སྟོངས་ཀྱི་བར་དུ་མནན་པར་འགྱུར་རོ། གབ་པའི་འཁོར་ལོ་ལས་དབྱེ་བ་དང་བགེགས་མནན་པའི་ལེའུ་སྟེ་བཅུ་པའོ།། །།སེམས་དཔའ་ཆེན་པོ་ཕན་པའི་ལེའུ་བཅུ་གཅིག་པ་བཤད་དུ་གསོལ། །ལས་ཀྱི་སེམས་དཔའ་ཉོན་ཅིག ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔགས་འདི་བྱིན་གྱིས་བརླབས་ནས་གསུངས། ཨོ་སྟུརྐུ༷་མ་ཧྭ་པྲ་ཎའ་ཡ་སྣུརྩི་སྣུརྐི་བི་མྱ་ན་སེ་ཨུ་ཙུཛི་མ་ཧྭ་ཀྲོདྷ་ཧུ༷་ཕཊ། ཨོ་ཤི་མ་གོ་ཁུང་ལིང་ཧུ༷་ཧུ༷་ཕཊ་ཕཊ་སྭ་ཧྭ། ཨོ་སྣུ་ཁུང་ཧོ་ར་ཏེ་ནི་ཧོ་ཡ་སྙོ།རརྣ་ཁུ་ཧི་སྟི་སྟི་མོ་ན་ཡེ་མོ། ཤི་མོ་ཀུ་ཀུ་ལུ་ཧུ༷་ཧུ༷་ཕཊ་ཕཊ་གྲྭ་ཧྭ། ཨོ་མ་ཧྭ་པྲ་ཎའ་སྟུ་རྩི་རྒྱུཁོ༷་བི་མྱ་ན་སེ་ཨུ་ཙུཛི་ཀྲོ་དྷ་ཧུ༷་ཕཊ། །དེ་བཞིན་གཤེགས་པ་རྣམས་ཀྱིས་སྙིང་པོ་འདི་གསུངས་ནས་མི་སྣང་བར་གྱུར་ཏོ། །སེམས་དཔའ་ཆེན་པོ་རྐྱེན་བཟློག་པའི་རྫས་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག རྫས་འདི་རྣམས་ལགས་ཏེ། གལ་ཏེ་གསོ་བར་འདོད་ན། གུ་གུལ་ལ་སྔགས་ཀྱིས་བཏབ་སྟེ། བསྲེགས་ནས་བརྒྱ་རྩ་བརྒྱད་བཏབ་ན་སོས་པར་འགྱུར་རོ། །སེར་བ་འོང་ན། སྡིགས་འཛུབ་ཀྱི་ཕྱག་རྒྱ་བསྟན་ན་སེར་བ་ཆད་འབྲུག་བྲོས། ཐོག་ཆད་དོ། །རིམས་ནད་ན་བ་ལ་བྱ་མོ་ནག་མོའི་དང་རུ་ཆུར་བཏག་གོ །ཀླུའི་རྟེན་ཡོད་ན་ཐལ་བ་གཙང་མ་ལ་སྔགས་བཏབ་ན། མི་དེའི་སེམས་མྱ་ངན་མེད་པར་འགྱུར་རོ། །མཆེ་བ་ཅན་ཟ་བ་ཡོད་ན། ཁམ་ཟན་ལ་སྔགས་བཏབ་ལ་སྦྱིན་ནོ། །ཀླད་པ་གཟེར་ན་གང་ན་བ་ལ་ཞུར་བ་ལ་སྔགས་བཏབ་པའམ། ཡང་ན་གུ་རྒུམ་མམ་ཙསྡོན་ལ་སྔགས་བཏབ་ནས་བྱའོ། །བལ་ནད་ན་བ་ལ་ཕབས་ཟན་ལ་བསྔགས་ཏེ་ཁུ་བ་བ་ཙིར་ལ་བླུད་དོ། །མིག་ལོང་ནད་ཀྱིས་ན་བ་ལ། ནད་པའི་མིང་ཤོག་བུ་ལ་བྲིས་ལ། ནད་པའི་ཁྲི་འོག་ཏུ་བཅུག་ལ་སྔགས་གདབ་བོ། །སྐྲངས་པ་ལ་ཉིན་མཚན་དུ་གདབ་བོ། །ཕ་རོལ་སྨྲ་མི་ཤེས་པར་བྱ་ན། ཁོའི་མིང་རུས་ཁར་གཞུག་གོ །ར་ལུག་ལ་སྤྱང་ཀི་འོང་ན། དོན་ཕོ་དོན་མོའི་སྐྱེ་རུ་སྔགས་བྲིས་ལ་གདགས་སོ། །སྔགས་འདི་འབྲས་དང་། ལྷོག་པ་དེ་རྣམས་ལ། གུ་གུལ་བསྲེག་ཅིང་བདུག་གོ །ལིང་ཏོག་ལ་སྔགས་འདིས་ཕུས་གདབ་བོ། །ཆུ་འགགས་ན་གླ་བ་དང་། བ་མར་ལ་གདབ། སྦོས་ནས་ན་ན། ཆང་དང་ཁྱེའུའི་དྲི་ཆུ་ལ་བསྲེས་ལ་གདབ་བོ། །དེ་ཉིད་ལ་བསྔགས་ཏེ་བཏང་ངོ་། །འདྲེ་གནོད་ཆེ་ན་ཆུ་དང་ཉུང་དཀར་ལ་སྔགས་ལ་བླུད་དོ། །ནད་པ་སྲུང་བར་བྱེད་ན། སྔགས་བར་མ་ཆད་པར་བཟླས་པས། གདོན་མི་འོང་བར་འགྱུར་རོ། །སོག་ཀ་དག་གི་དུས་སུ་ཉུང་དཀར་ལ་སྔགས་བཏབ་ན་ཆང་ཐུབ་པར་འགྱུར་རོ། །དེས་ཞོ་ཡང་ཐུབ་པར་འགྱུར་རོ། །ལྷ་ཉེ་བར་བྱས་ན། སྤོས་བསྲེག་ཅིང་སྔགས་བཟླས་སོ། །བ་ལང་ཁོང་ལོག་ན་ཉུང་དཀར་ལ་སྔགས་ཤིང་བཟླས་སོ། །ཞིང་ལ་འབུ་སྲིན་ཟ་ན་ཉུང་དཀར་དང་ཆན་བསྲེས་ཏེ་ཞིང་མཐའ་བསྐོར་ཞིང་བཏབ་ན་ངོས་གཅིག་ཏུ་འགྲོའོ། །སོ་ལ་སྲིན་ཟ་ན་བཅར་ཏེ་ཐད་ཀར་གདབ་བོ། །མིག་ལ་སྲིན་ཟ་ན་ཕུ་ཞིང་གདབ་བོ། །བང་མཛོད་ལ་གནོད་པ་བྱེད་ན། ཙནན་ནམ་ཤུག་པའི་ཕུར་པ་སོར་བཅུ་གཉིས་པ་ལ་སྔགས་ལ། ཐོད་པ་མཚན་ངན་གྱི་ནང་དུ་འབྲུ་ནག་པོས་བཀང་ལ་དར་ནག་པོའི་ཅོད་པན་དང་བཅས་པས། ཧུ༷་ཀྭ་རའམ་རྣམ་པར་རྒྱལ་བར་མངའ་གསོལ་ནས། དབུས་སུ་བཞག་པར་བྱའོ། །ཕན་བྱའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་བྱུརྐུ༷་གྱི་སྔགས་ཀྱི་ཕན་ཡོན་བཅུ་གཅིག་པ་གསུངས་སོ། །ཡང་དག་སྔགས་ཀྱི་རྒྱལ་པོའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྱུརྐུ༷་གྱི་སྔགས་འདི་གསུངས་ནས་མི་སྣང་བར་གྱུར་ཏོ། །སེམས་དཔའ་ཆེན་པོ་རྒྱུད་འདི་གང་དུ་སྣང་བར་འགྱུར། ལས་ཀྱི་སེམས་དཔའ་ཉོན་ཅིག །རྒྱུད་འདི་ས་ལེ་གསེར་གྱི་གླིང་ཀང་ཀང་བ་རུ་སྣང་བར་འགྱུར་རོ། །ལས་ཀྱི་སེམས་དཔའ། རྒྱུད་འདི་ཁྱོད་ཀྱིས་ཀློགས་ཤིག་ཉོན་ཅིག ཁྱོད་ཉིད་ལ་གཏད་དོ། ཁུད་འདི་ལ་སྨོད་པ་དེས་ནི།ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྨད་པར་འགྱུར་རོ། །ལས་ཀྱི་སེམས་དཔའ་ཁང་བུ་བརྩེགས་པའི་པ་ཊར་བཅུག་ལ་ཉིན་མཚན་དུ་ཉིན་ལན་གསུམ། མཚན་ལན་གསུམ་དུ་བསྐོར་བ་གྱིས་ཤིག འདི་ལ་བསྐོར་ཞིང་མཆོད་པས་ནི། ཕྱོགས་བཅུ་དུས་བཞིའིདེབཞིནགཤེགསཔལམཆོད་པར་འགྱུར་རོ། །དེ་ལ་རྒྱུད་འདི་ནི་མི་ནུབ་པའི་རྒྱ་མཚན་ཞེས། ཕྱོགས་བཅུ་དུས་གསུམ་གྱིདེབཞིནགཤེགསཔསདབང་བསྐུར་རོ། །གབ་པ་གསང་བའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྡོ་རྗེ་ཕུར་པའི་ཕྲིན་ལས་འཁོར་ལོ་གབ་པ་གསང་བ་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།གབ་པ་འཁོར་ལེའི་རྒྱུད་ཨུ་རྒྱན་གྱི་མཁན་པོ་རྡོ་རྗེ་ཐོད་ཕྲེང་དང་བོད་ཀྱི་ལོ་སྣྲོ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་རྭ་ཛ་དང་བྲང་ཏི་ཛ་ཡ་རསྤྱི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། བཛྲ་ཛ་ལ་གུ་